| Wylie | e-texts based on the ACIP/ALL Input |
བྱང་ཆུབ་པ་རྣམ་པར་སྒྲུབ་པའི་བྱིན་གྱིས་བརླབས་ཀྱི་རྒྱུད་ཆེན་པོ། སློབ་དཔོན་སངས་རྒྱས་གསང་བས་ཕྱིན་ཅི་མ་ལོག་པར་བཤད་པ་རྫོགས་སོ།། །།*། །།རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པར་གཏོགས་པའི་རྒྱུད་ཀྱི་ཚད་ག་བཅུགས་སོ། །རྒྱ་གར་སྐད་དུ། ་མ་ཧཱ་བི་རོ་ཙནཱ་བི་སོམདི་དྷ་ཏནྟཝ་སམ་བདྡྷ་བུ་ཛད་བི་དྷི། བོད་སྐད་དུ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པར་གཏོགས་པའི་མཆོད་པའི་ཆོ་ག། པདྨ་རྒྱས་འདྲའི་སྤྱན་མངའ་རྫོགས་སངས་རྒྱས། །རྣམ་པར་སྣང་མཛད་ཅེས་བྱ་ལ་བཏུད་དེ། །རྣམ་སྣང ་མཛད་ཀྱི་ལས་ཀྱི་མཆོད་པ་ཡི། །ཐབས་ཀྱི་ཆོ་ག་བཏུས་ཏེ་བཤད་པར་བྱ། ཇི་ལྟར་སྔགས་ཀྱི་ཆོ་གའི་གོ་རིམས་གྱུར། །ཇི་ལྟར་རང་སེམས་དྲི་མ་མེད་འགྱུར་བ། །དེ་ལྟར་མདོར་བསྔས་པ་ནི་འདི་བྱའོ། །དེ་ལ་དང་པོར་བདག་གཞན་དོན་གྲུབ་པའི། །བླ་མེད་ ་དངོས་གྲུབ་མཆོག་གི་ཐབས་དང་ནི། །དེ་ཐོབ་བྱ་བའི་ཐབས་ནི་རྣམ་མངའ་ལའང། །དངོས་གྲུབ་ཐོབ་པར་འདོད་པ་བསྐྱེད་བར་བྱ། །དོན་ཀུན་གྲུབ་པའི་མཆོག་ནི་སྩོལ་མཛད་པ། །སངས་རྒྱས་རྣམས་དང་སངས་རྒྱས་མཆོག་ཉིད། །དེ་ཡི་བདག་ཉིད ་གྱུར་བའི་སྔགས་ཚུལ་དང། །སྣ་ཚོགས་ཚུལ་དུ་གནས་པའི་ཕྱག་རྒྱ་དང། །ལྷག་པར་གསང་སྔགས་ཚུལ་གྱི་གཙོ་བོ་ནི། །རྒྱ་ཆེན་ཐེག་པ་ལ་ནི་མོས་བསྐྱེད་དེ། །སེམས་ཅན་མོས་པ་ཆེ་འབྲིང་ཆུང་དུ་ལ། །དེ་ཐོབ་ཆོ ་གའང་འབད་དེ་ངེས་པར་བསྟན། །རྒྱལ་བས་འདི་དག་བསྐྱབ་པའི་དོན་དགོངས་པས། །འགྲོ་དྲུག་འཁོར་ལོ་ཅན་ལའང་ཅི་རིགས་པར། །གུས་པ་སྔོན་དུ་འགྲོ་བར་ངེས་བྱ་སྟེ། འདི་ལ་སེམས་ནི་དང་བ་རྣམ་པར་བསྐྱེད། །དེ་ནས་གཞན་ཡང ་ཐེག་པ་མཆོག་ལ་ནི། །སྔགས་མཆོ་ག་སྤྱོད་པའི་འདུལ་བའི་ཆོ་ག་ཤེས། །བདེ་གཤེགས་སྲས་ཀྱི་སྤྱོད་པའི་རྗེས་འཇུག་ཅིང། །བླ་མེད་སྔགས་ཀྱི་ཚུལ་ལ་འཇུག་པར་བྱ། །སྦྱོར་བ་ཕུན་ཚོགས་བསྒྲུབ་པར་གྱུར་བ་དང། །དབང་བསྐུར ་ཐོབ་ཅིང་རྗེས་སུ་ཤེས་པ་དང། །གཞན་དོན་བསྒྲུབ་ལ་གཅིག་ཏུ་གཞོལ་གྱུར་པས། །བླ་མ་མཐོང་ན་གུས་པས་ཕྱག་བྱའོ། །སྟོན་པ་བཞིན་དུ་རབ་དང་གུས་བསྐྱེད་ཅིང། །དགེ་བའི་ཤེས་དང་མཛའ་བོ་མཆོག་བཞིན་བལྟ། ་ལྷག་པར་མོས་པའི་ཁྱད་པར་བསྐྱེད་ནས་ནི། །དེ་མཉེས་བྱས་ཏེ་དེ་ནས་དེ་རྗེས་སྤྱད། །རྗེས་སུ་བརྩེ་ཕྱིར་དེ་ལ་མངོན་ཕྱོགས་ཤིང། །བསྙེན་བཀུར་དག་གིས་ཡིད་ནི་མགུ་བར་བྱ། །བཏུད་དེ་མགོན་པོ་དེ་དབང་བྱས་བདག་ལ། །སྩོལ་ཞེས ་བདེ་བཤེགས་སྤྱོད་མཆོག་གསོལ་བ་གདབ། །ཐུགས་རྗེ་འབྱུང་སོགས་དཀྱིལ་འཁོར་བཟང་པོར་ནི། །ཆོ་གས་དཀྱིལ་འཁོར་མཆོག་དེར་ཞུགས་ནས་སུ། །དམ་ཚིག་དམ་པ་ཅི་རིགས་བླངས་ནས་སུ། །རང་སྔགས་ཕྱག་རྒྱ་དག་ཏུ་བཅས་པ་ནི། ། ་བླ་མ་མངོན་དུ་གྱུར་ལས་ཡང་དག་མནོད། །དམ་ཚིག་མཆོག་ཏུ་སྒྲུབ་ཅིང་བསྲུང་བ་དང། །འཕེལ་བར་བྱ་བ་ལ་ཡང་རྗེས་དཔག་བྱ། །དེ་ལ་ཚུལ་འདི་ལས་ནི་སྟོན་པ་ཡི། །གསང་སྔགས་སྤྱོད་མཆོག་དམ་ཚིག་ཡང་དག་གཟུང། །བློ་ཆུང ་རྣམས་ལ་བརྩེ་ཕྱིར་བཤད་པ་ནི། །ཆོ་ག་ཇི་བཞིན་རིམ་བཞིན་རྣམ་པར་དབྱེ། །བཅོམ་ལྡན་ཀུན་ལ་ཕན་དོན་མཆོག་མཛད་པའི། །སངས་རྒྱས་རྣམས་དང་སངས་རྒྱས་སྲས་མཆོག་དང། །དེའི་སྔགས་དང་ཕྱག་རྒྱ་ལྷ་རྣམས་དང། །ཐེག་མཆོག་སྔགས་ཀྱི ་ཚུལ་ལ་ཁྱད་པར་དུའོ། །སྔགས་ཀྱི་དོན་ལ་འཇུག་བྱེད་བླ་མ་ལའང། །གུས་མིན་མི་བྱ་བརྙས་པའང་བྱ་བ་མིན། །གཞན་དོན་ཕུན་ཚོགས་འབྱུང་བའི་རྒྱུར་གྱུར་པ། །སངས་རྒྱས་ལ་སོགས་ཡོངས་སུ་སྤང་མི་བྱ། །བདག་ཉིད་ཆེ་བའི་ཡོན་ཏན་སྔོན་འགྲོ་བས ་རྗེས་སུ་དྲན་པའང་རྒྱུན་དུ་བསྟན་པར་བྱ། །མཉེས་པར་བྱ་ཞིང་དད་པས་མཆོད་པ་ལ། །ཅི་རིགས་པར་ནི་རྗེས་སུ་སྤྱད་པར་བྱ། །རང་སངས་རྒྱས་དང་དེ་བཞིན་ཉན་ཐོས་དང། །དེ་ཡི་ཚུལ་དུ་བསྟན་པའི་ཆོས་རྣམས་དང། །བསླབ་པ་རབ་སྟེར་སློབ་དཔོན་བླ་མ ་གཞན། །ཚངས་པར་སྤྱོད་པར་བཅས་ལའང་བསྙས་མི་བྱ། །དེ་རྣམས་ལ་ནི་རིམ་འགྲོ་ཅི་རིགས་པར། །དུས་དང་དུས་རྟག་ཏུ་ནི་བྱ་བ་ཡིན། །གང་ཡང་བྱིས་པའི་ཆོས་ཀྱི་སྤྱོད་པ་དང། ཁོང་ཁྲོའང་སངས་རྒྱས་ལ་སོགས་བྱ་བ་མིན། །གང་ཕྱིར་འཇིག ་རྟེན་དོན་མཛད་སྤྱོད་མཛད་པས། །མདོ་ལས་ཁོང་ཁྲོ་དོན་ཆེན་འཇོམས་གསུངས་ཏེ། །སེམས་བསྐྱེད་གཅིག་གིས་བསྐལ་པ་བྱེ་བར་ནི། །བྱས་པ་མ་ལུས་འཇོམས་པ་བྱེད་པར་གསུངས། །དེ་བས་ཕུང་ཁྲོལ་གནས་དང་རྩད་གྱུར་པ། །ཁྲོ་བ་འབད ་དེ་རྣམ་པར་སྤང་བར་བྱ། །བྱང་ཆུབ་སེམས་ནི་རིན་ཆེན་མཆོག་གྱུར་པ། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་དང། །རང་དོན་གཞན་དོན་ཕུན་ཚོགས་རྒྱུར་གྱུར་ཅིང། །ཐེ་ཚོམ་ངེས་པར་འཇིག་པའི་མཛའ་གཅིག་བུ། །དེ་ནི་སྲོག ་པས་ལྷག་པར་བསྲུང་བྱ་ཞིང། །བདག་ཉིད་ཆེ་བའི་ཡོན་ཏན་གང་ཡིན་བསྒོམ། །ལུས་དང་ངག་དང་ཡིད་ཀྱིས་སེམས་ཅན་ལ། །གནོད་པར་འགྱུར་བ་ཆུང་དཱུང་རྣམ་པར་སྤང། །གཞན་དུ་དེ་ལ་ཕན་པའི་དོན་འགྱུར་ཕྱིར། །སྙིང་རྗེ་བསྐྱེད་དེ་ཁྲོ ་པ་བསྟན་པར་བྱ། །གནོད་ཆེན་བྱེད་ལའང་སེམས་ཅན་ལ་འཆོ་བ། །རྣམ་སྤང་བཟོད་ལའང་རྟག་ཏུ་དགའ་བར་བྱ། །སྙིང་རྗེ་བྱམས་དང་དགའ་བའི་སེམས་དང་ནི། །བཏང་སྙོམས་དང་ཡང་ལྡན་པར་བསྒོམ་པར་བྱ། །ཆོས ་དང་ཟང་ཟིང་མི་འཇིགས་སྦྱིན་པ་ནི། །ཅི་རིགས་འགྲོ་དོན་བསྒྲུབ་པ་ཉིད་དུ་བྱ། །དོན་ཆེན་བསྒྲུབ་དང་ལྡན་པའི་སེམས་ཀྱིས་ནི། །དུས་གཞན་དག་ཏུ་བཏང་སྙོམས་ཉིད་དུ་བྱ། །འགྲོ་ལ་ཕན་པའི་དོན་ནི་མི་ནུས་ན། །བྱང་ཆུབ་སེམས་ནི་ཆོ་ག་བཞིན་དུ ་བསྒོམ། །དེར་ནི་ཆོས་རྣམས་ཐམས་ཅད་འདུས་འགྱུར་ཅིང། །རྟག་ཏུ་དཀར་ཞིང་རྣམ་པར་དག་པར་བཤད། །སྦྱིན་སོགས་སྡུ་བའི་དངོས་པོ་རྣམས་ཀྱིས་ཀྱང། །སེམས་ཅན་ཡང་དག་བསྡུས་ཏེ་ཐེག་མཆོག་ལ། །ངེས་སྦྱར་འཛིན་དང་ཀླས ་བར་བྱ་བ་དང། །དེ་དོན་སྒོམ་ཞིང་བསམ་པར་བྱ་བ་ཡིན། །མཁས་པས་མིག་སོགས་དྲུག་པོ་དེས་གཟུང་ཞིང། །མཉམ་གཞག་ཡིད་ནི་ཞི་ཞིང་སྦས་པར་བྱ། །གང་ཕྱིར་ཆང་ནི་དོན་ཀུན་འཇིག་བྱེད་ཅིང། །མི་དགེ་ཀུན་གྱི་རྩ་བར་གྱུར་པས་སྤང། ་དག་དང་མཚོན་དང་ལྕེ་འབབ་ལྟ་བུའི་སེམས། །དེ་ནི་ཤིན་ཏུ་རིང་བ་འང་སྤང་བར་བྱ། །མདོར་ན་བདག་དང་གཞན་དོན་འཇིག་པ་གང། །དེ་ནི་རབ་ཏུ་རྒྱང་བསྲིངས་སྤང་བར་བྱ། །མལ་ཁྲི་མཆོག་ལྔ་རྣམ་པར་སྤང་བྱ་སྟེ། །རྒྱལ་བས་དེ་ནི ་དྲེགས་གནས་ཡིན་པར་གསུངས། །ཚུལ་མཆོག་ཡང་དག་དམ་པ་རིམ་བཞིན་དུ། །མདོར་བསྡུས་ནས་ནི་བསྟན་པ་འདི་ཡིན་ཏེ། །འདི་ནི་རྣམ་དཔྱེ་རབ་རྒྱས་ངེས་པ་ཡི། །གཙོ་བོས་མདོ་སྡེ་ལ་སོགས་གསུངས་པ་ཡིན། །དེ་ལྟར་ཡང ་དག་དམ་ཚིག་ལ་གནས་པའི། །དེ་ཉམས་འགྱུར་རྒྱུ་རྣམ་པར་སྤང་བྱ་སྟེ། །སེམས་ངན་ལེ་ལོ་དྲན་པ་བརྗེད་པ་དང། །སྐྱེ་བོ་ངན་པ་འདྲེས་པ་རྟག་ཏུ་སྤང། །དེ་ལྟར་ཡང་དག་དམ་ཚིག་གནས་པ་ཡི། །སྔགས་མཆོག་སྤྱོད་སྒེམ་བྱང་ཆུབ ་སྤྱོད་པ་ཡི། །རྒྱུན་དུ་སྒྲིབ་པ་རྣམས་ནི་ཟད་ཕྱིར་དང། །བསོད་ནམས་ལ་སོགས་ཚོགས་རྣམས་རྣམ་འཕེལ་ཕྱིར། །ཚེ་འདི་ཉིད་དུ་གསང་སྔགས་གྲུབ་པར་ནི། །ཇི་ལྟར་འགྱུར་ཞེས་རྣམ་པར་བསམ་བྱས་ལ། །དེ་བསྒྲུབ་དོན་དུ་རུང་བར་བདག་མཐོང་ནས། །བླ་མ ་ལས་ནི་རིམ་པ་ཡང་དག་མནོད། །ཇི་སྐད་བཤད་རིག་ཆོ་གའི་རིམ་གྱིས་ནི། །དེ་ནས་གསང་སྔགས་ལ་སོགས་སྤྱོད་ལ་སྦྱར། །བླ་མ་ཕྱག་བྱས་བདག་ཉིད་དབང་བསྐུར་ནས། །སྔགས་དོན་ལེགས་པར་བསྒྲུབ་ཕྱིར་གསོལ་བ་གདབ་།བློ་ལྡན་བླ་མས་གནང ་ཐར་བྱས་ནས་ནི། །རྗེས་སུ་མཐུན་པའི་ཡུལ་དུ་གནས་པར་བྱ། །སྣ་ཚོགས་རི་དང་རི་སུལ་དག་དང་ནི། །ཕུག་དང་ནགས་ཚལ་རྣམ་པ་སྣ་ཚོགས་དང། །བདེ་བ་ཐམས་ཅད་འབྱུང་བའི་གནས་རྣམས་དང། །པདྨ་ཨུཏཔལ་ཁ་བྱེས་བརྒྱན་པ་དང། །ཆུ་བོ་ཆུ་བྲན་ཆུ ་མིག་མང་བ་དང། །སྐྱེ་བོ་ལ་སོགས་འདུས་པ་རྣམ་སྤངས་ཤིང། །ཡིད་འོང་ཤིང་གི་ཡལ་གར་ལྡན་པ་དང། །གང་ན་ཡམ་ཤིང་ཀུ་ཤ་ལ་སོགས་མང། །སྦྲང་མ་ཚ་གྲང་ལ་སོགས་རྣམས་དང་བྲལ། །གང་ན་སྟག་དང་སེངྒེ་མེད་པ་དང། །གང་ཞིག་སངས ་རྒྱས་སངས་རྒྱས་སྲས་མཆོག་གི་།གནས་གྱུར་སྔོན་ནི་བསྟེན་པར་མཛད་པ་དང། །གཙུག་ལག་ཁང་དང་མཆོད་རྟེན་གནས་གྱུར་པ། །ཡིད་ནི་དགའ་བར་ལེགས་པར་གནས་པར་བྱ། །འབད་དེ་འདོད་ལས་སེམས་པ་རྣམས་བཟློག་ཅིང། །ཁྱིམ་པ་རབ་བྱུང ་འདྲེ་བ་རྣམ་སྤངས་ཏེ། །ཆོས་ལ་ཤིན་ཏུ་དགའ་བ་བསྐྱེད་ནས་ནི། །སེམས་ནི་དངོས་གྲུབ་ལ་འདོད་སྤྲོ་བ་བསྐྱེད། །བློ་ནི་ཤིན་ཏུ་སྤྲོ་བར་ལྡན་པ་དང། །བཀྲེས་སྐོམ་ངལ་ལ་སོགས་པས་མི་ཞུམ་པར། །འཚོ་བ་རྣམ་དག་གྲོགས་བཟང་གྲོགས་མེད་པར། །དམ ་ཆོས་གླེགས་བམ་གཉིས་པ་ཉིད་ལ་བརྟག་།སངས་རྒྱས་སྲས་ཀྱི་སྤྱོད་ལ་རྗེས་འཇུག་ཅིང། །སྔགས་མཆོག་ཐེག་ལའང་མོས་པ་བརྟན་པ་དང། །སྤྲོ་བ་དང་ནི་བློ་མཆོག་སྟོབས་ལྡན་ཞིང། །བརྟན་ལྡན་དགོས་པ་ལ་ནི་བལྟོས་མེད་སེམས། །སྙིང་སྟོབས ་ལྡན་ཞིང་རབ་བརྩེའི་རྗེས་སུ་འཇུག་།མཐོང་བའི་ཆོས་ལ་རང་གཞན་དོན་བསྒྲུབ་ལ། །ལྷ་གཞན་བརྟེན་པར་མི་བྱེད་འཇིག་མེད་པ། །དེ་ནི་གྲོག་པོ་ཡིན་པར་ཡོངས་སུ་བསྒྲགས། །སྔགས་ཀྱི་སྤྱོད་པའི་བསླབ་པའི་གནས་བསྟན་པ ་སྟེ་ལེའུ་དང་པོའོ།། །།གནས་བྱས་དེར་ནི་སྒྲུབ་པ་པོ་དེ་ཡིས། །དབང་པོ་བརྟན་པས་ད་ནི་ཉིན་རེ་ཞིང། །ཐོག་མར་རམ་སྔར་གནས་མ་ལ་ལས་ལངས་ནས། །དེས་ནི་བགེགས་ཀྱི་དཀྱིལ་འཁོར་མ་ལུས་བསལ། །མཚན་མོ་བག་མེད་ཉེས ་བྱས་ནད་བར་ནི། །འབང་དེ་ཆོག་དེ་བཞིན་བཤེགས་ལ་འཇུག་།དཔང་པོ་ཞི་ཞིང་ཕན་སེམས་སྙིང་རྗེ་ཅན། །འགྲོ་བ་མ་ལུས་གདོན་པའི་ཡིང་གཅིག་ལྡན། །ཁྲུས་ཀྱི་ཆོ་ག་བཞིན་དུ་ཁྲུས་བྱས་པའམ། །རང་གི་ལུས་དང་ངག་སེམས་རྣམ་དག་པས། ། ་གཙང་ཞིང་དབེན་པའི་ས་ཡི་ཕྱོགས་སུ་ནི། །མེ་ཏོག་ལ་སོགས་ཆལ་པར་ལེགས་བཀྲམ་པར། །རས་རིས་ལ་སོགས་དམ་ཆོས་གླེགས་བམ་བདུན། །ཡང་ན་ཕྱོགས་བཅུར་བཞུགས་པའི་མགོན་པོ་བསམ། །དེ་ནས་མཁས་པས་ཤར་ལ་སོགས་བལྟས ་ཏེ། །ཡིད་ཀྱིས་མངོན་སུམ་བཞིན་དུ་བསམས་ནས་ནི། །དད་པར་གཅིག་ཏུ་གཞོལ་བའི་སེམས་ཀྱིས་ནི། །འདུད་པའི་སྦྱོར་བས་ཡན་ལག་ལྔས་ཕྱག་བྱ། །ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་ནི། །དུས་གསུམ་འཁྲུངས་ཤིང་སྐུ་མཆོག ་གསུམ་མངའ་བ། །ཚུལ་གྱི་རབ་མཆོག་ཐེག་ཆེན་ཆོས་དར་ནི། །དེ་བཞིན་བྱང་ཆུབ་ཐུགས་ལྡན་དགེ་འདུན་མཆོག་།རིག་པའི་ཚོགས་དང་གསང་སྔགས་ཚོགས་རྣམས་དང། །ཕྱག་རྒྱའི་ཚོགས་རྣམས་འདུས་ཚོགས་མཐར་ཕྱིན་ལ། །བརྗོད་ཀྱིས ་མི་ལར་སྡུད་པའི་སྦྱོར་བ་ཡིས། །རང་ལུས་ངག་སེམས་དག་པས་ཕྱག་འཚལ་ལོ། །ོཾ་ན་མ(རྒྱུད་འགྲེལ་པའི་ལྷ་ང་སར་གཅུགས་ནས། །སྡིག་པའི་ཚོགས་རྣམས་བསགས་པ་བཤགས་བགྱི་སྟེ། །འདོད་ཆགས་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །ལུས་དང་ངག་དང་ཡིད་ཀྱིས་གང་བྱས་དང། །སངས་རྒྱས་ཆོས་དང་ཚོགས་བཅས་ལ་གང་བྱས། །སྲོག ་ཆགས་ཚོགས་གཏོགས་གཞན་ལའང་གང་བྱས་དང། །གང་ཡང་ཕ་མ་སློབ་དཔོན་སྟོན་པ་ལ། །ཐོག་མེད་འཁོར་བའི་འགྲོ་བར་གཏོགས་པ་ཡི། །བྱས་པའི་ཉེས་བྱས་མི་བཟད་མ་ལུས་འདི། །གང་ཞིག་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས ་ན། །བཞུགས་པའི་རྒྱལ་བའི་སྤྱན་སྔར་བཤགས་པར་བགྱི། །ོཾ་སརྦ་པཱ་པཾ་སཕོ་ཊ་ད་ཧ་ན་བཛྲི་ཎ་སྭཱཧཱ། །སྡིག་བསལ་བའི་སྦྱོར་བའོ། །སྐུ་གསུམ་མངའ་བའི་དུས་གསུམ་སངས་རྒྱས་དང། །ཆོས་རྣམས་ཀུན་དང་བྱང་ཆུབ་སེམས་མཆོག་དང། ། ་གང་ཡང་ཕྱོགས་བཅུར་བཞུགས་པའི་སྟོན་པ་ལ། །དེ་ལ་ཐལ་མོ་སྦྱར་ཏེ་སྐྱབས་སུ་མཆི། །ོཾ་སརྦ་བུདྡྷ་བོ་དྷི་ས་ཏྭཾ། ཤ་ར་ཎཾ་གཙྪཱ་མི་བཛྲ་དྷ་རྨ་ཧྲཱི:། སྐྱབས་སུ་འགྲོ་བའི་སྦྱོར་བའོ། །དུས་གསུམ་འབྱུང་བའི་ལུས་དང་ངག་དང་ཡིད། །ཞིང་ལས ་ལྷག་པའི་ལུས་ཀྱི་རྒྱ་མཚོའི་ཚོགས། །སྐྱོན་མེད་བདག་ཉིད་རྣམ་པར་དག་པ་ཡི། །བདག་ཉིད་བདེ་གཤེགས་ཀུན་ལ་དབུལ་བར་བགྱི། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྟ་ནཾ། ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ཐ་ཏ་ཤཱུ་ཨ་དྷི་ཏི་ཥྛ་ན་ཏཾ། སརྦ་ཏ་ཧཱ་ག་ཏ་ཛྙཱ ་ན་མ་མེ། ཨཱ་བི་ཤ་ཏུ། བདག་དབུལ་བའི་སྦྱོར་བའོ། །སྐྱེ་སོགས་སྡུག་བསྔལ་རྣམས་ཀྱིས་ཉེ་གཅེས་ཤིང། །མི་ཤེལ་ལོག་པས་ཉེར་བཅོམ་བདག་ཉིད་ཅན། །སྲོག་ཆགས་རྣམས་ལ་ཕྱག་ཕྱིར་བྱང་ཆུབ་སེམས། །རིན་ཆེན་མཆོག་གྱུར་བདག་གིས་བསྐྱེད ་བར་བགྱི། །རྟག་ཏུ་སྲོག་ཆགས་རྣམས་ཀྱི་སྐྱབས་དང་ནི། །གནས་དང་དབུང་གཉེན་སྐྱོབ་བ་ཉིད་གྱུར་ཅིག་།ོཾ་བོ་དབྷི་ཙི་ཏ་ཏཾ་ཨུདྭཱ་ཏ་ཡ་མི། སརྦ་བྷ་བ་བི་ག་སྐ་ནདྷ་དྷཱ་ཏྭཱ་ཡ་ཏ་ན་གྲཱ་ཧཡ། གྲཱ་ཧ་ཀེ་ཤཙ་བི་བརྗི་ཏཾ། དྷ་རྨ་ནེ་རཱཏྨཱཾ་ས་མ་ཏ། ཡཱ་སྭ་ཙི། མཱ་དྱ?་ནུ་རུ་ཏ་ཧཱུཾ ་ཤུ་ནྱ་ཏཱ་སྭ་བྷྲཱ་བཾ་ཡ་ཐཱ་ཏེ། བུདྡྷ་བྷ་ག་བདབྷི:། པོ་དྷི་ས་ཏྭཻ:། ཡཱ་བདཱ་དྷི་མ་ཎྜ་ནད་བོ་དྷི་ཙི་ཏྟ་མུཏཔ་ཏི་ཏཾ་ཏ་ཐཱ་ཧཾ་ས་ཨ་བི་བོ་དྷི་ཙི་ཏྟ་ཨུ་ཏཔད་ཡ་མི། བྱང་ཆུབ་སེམས་ཀྱི་སྦྱོར་བའོ། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ ་ནི། སྣ་ཚོགས་ཐབས་མཁས་པ་ཡིས་བན་མཛད་དང། ཕྱོགས་བཅུའི་འཇིག་རྟེན་དག་ན་གང་དག་གཞན། །བསོད་ནམས་བྱེད་པ་དེ་ལ་ཡི་རང་ངོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཎྱ་ཛྙཱ་ན། ཨ་ནུ་མོ་ད་ན་པཱུ་ད་མེ་གཏ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྗེས་སུ ་ཡི་རང་བའི་སྦྱོར་བའོ། །སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ནི། །འགྲོ་བའི་སྐྱབས་གྱུར་པ་ལ་གསོལ་བ་ནི། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཐམས་ཅད་ལ། །ཆོས་ཀྱི་སྤྲ་ནི་ལས་ཆར་ཆེན་དབབ་ཏུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ ་དཏ་ཐཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བསྐུལ་བའི་སྦྱོར་བའོ། །སོ་སོ་སྐྱེ་བོའི་སེ་དང་ཉེས་བྱས་རྣམས། །མ་ལུས་པར་ནི་མྱུར་དུ་སྤངས་ནས་ནི། །སྐྱོན་མེད་ཆོས་ཀྱི་སྐུ་ནི་རྣམ་དག་པར། །བཤད་པ་མྱུར་དུ་རྟོགས་པ་ཉིད་མཛོད་ཅིག་།ོཾ ་སརྦ་ཏ་ཐཱ་ག་ཏ་ན། ཨ་དེ་ཤ་ཡེ་མེ། སརྦ་སཏྭ་ཧེ་ཏྭར་ཐཱ་ཡ། དྷ་རྨ་དྷ་ཏོ། སྠཱི་ཏིར་བཏ་བ་ཏུ། གསོལ་བ་གདབ་པའི་སྦྱོར་བའོ། །སེམས་ཅན་ཐམས་ཅད་ལ་ནི་ཕན་པའི་ཕྱིར། །བདག་གིས་དགེ་བ་གང་དག་ཅི་བསགས་པ། །སྐྱེ་བ་ལ་སོགས་སྡུག་བསྔལ ་ཐམས་ཅད་ནི། །ཉེ་བར་ཞི་ཕྱིར་བདག་གིས་བསྔོ་བར་བགྱི། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཎྱ་ནི་རྱ་ཏ་ཡ་མོ། པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ས་མ་ཡེ་ཧཱུཾ། བསྔོ་པའི་སྦྱོར་བའོ། །ནུས་པ་ལ་བལྟོས་གང་ཅུང་ཟད། །ཕྱག་ལ་སོགས་པ་གང་བྱས་པ། །བྱ་བ་དེ་ནི་དག་ཕྱིར ་དང། །རང་གཞན་རྗེས་སུ་གཟུང་ཕྱིར་རོ། །དེ་ལྟར་སེམས་ཀྱི་འཇུག་པ་རྣམ་དག་པས། །ཇི་ལྟར་རིགས་པར་སྐྱིལ་ཀྲུང་བཅས་ནས་ནི། །དམ་ཚིག་གསུམ་ཞེས་བྱ་བའི་རྒྱ་བཅིངས་ནས། །ལུས་དང་ངག་དང་ཡིད་ནི་རྣམ་པར་སྦྱང། །དེ་ལ་འདིའི ་མཚན་ཉིད་ནི། །ཀུན་གྱིས་གསུངས་པ་ལས་ཤེས་བྱ། །ཐལ་མོ་སྦྱར་བ་བྱས་ནས་ནི། །མཐེ་བོང་གཉིས་ནི་བསྒྲེང་བར་བྱ། །ཡན་ལག་ཀུན་ལ་མཉམ་སྦྱར་ཏེ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ན་མ(རྒྱུད་འགྲེལ་ས་མེ་ས་མ་ཡེ་སྭཱ་ཧཱ། །འདིའི་ཆོ་ག་ནི་ལན་གསུམ་དུ་བརྗོད་དོ། །རྒྱད་གསུངས་ཕྱག་རྒྱ་གཞན་གྱི་ཡང། །མཚན་ཉིད་རིམ་པ་གང་ཡིན་པ། །གསང་སྔགས་བསྒྲུབ་ལ་བརྩོན་པ་ཡི། །སྔགས་སྤྱོད་པ་ཡི་ཤེས་པར་བྱ། །ཕྱག་རྒྱ་འདི་ནི་བཅིངས་ཙམ་གྱིས ་སངས་རྒྱས་རྣམས་ནི་སྤྱོང་བྱེད་ཡིན། །ས་དང་ཕ་རོལ་ཕྱིན་བསྐོང་ཞིང། །ཆོས་གསུམ་ལམ་གྱི་མཚམས་འཛིན་པའོ། །ཆོས་ཀྱི་དབྱིངས་ལས་ཡང་དག་དབྱུང། །དེ་བས་ཕྱག་རྒྱ་ངེས་པར་བཅིང། །ལུས་དང་ངག་ཡིད་རྣམ་པར་དག་།རང་གི་ལུས་ནི ་ཡོངས་བསྒྱུར་ཕྱིར། །ལག་པ་དག་ནི་གཉི་ག་ཡང། །ཁུ་ཚུར་བཅངས་ལ་མཐེ་བོང་སྦ། །མཛུབ་གཉིས་བསྒྲེང་བར་བྱས་པ་འདི། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་དབྱིངས་རྣམ་སྦྱོང་ཕྱག་རྒྱའོ། །དེ་ཡི་སྔགས་ནི་འདི་ཡིན་ཏེ། །ན་མ(རྒྱུད་འགྲེལ་དྷ་རྨ་དྷཱ་ཏུ་སྭ་བྷ་བ་ཨཱཏྨ་ཀོ་ཉ་ཧཾ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང། །རང་གི་ལུས་ནི་མཉམ་བསམས་ཏེ། །མཐར་ནི་ཚིག་ནི་འདི་དག་ཀྱང། །ལན་གསུམ་བརྗོད་དེ་སྦྱར་བར་བྱ། །དཔེར་ན་རྡུལ་མེད་ནམ་མཁའ་བཞིན། །ཆོས་ཀྱི་སྐུ་ལ་གནས་པར་མཐོང ་འདི་ཡིས་བྱིན་བརླབས་སྔགས་པ་ནི། །ཕྱག་རྒྱ་སྔགས་ཀྱི་མཐུ་ཉིད་ཡིན། །བརྟན་པར་བྱ་བའི་རྒྱུ་རུ་ནི། །རྡོ་རྗེའི་ངོ་བོར་རྣམ་པར་བསམ། །རྡོ་རྗེའི་ཕྱག་རྒྱ་འདི་བཅིངས་ནས། །གསང་སྔགས་འདི་ཡང་བརྗོད་པར་བྱ། །དེ་བཞིན་དུ་ལག་པ་གཉིས་ཀྱི་རྒྱབ་སྤྲད་དེ ་སོར་མོ་ཐམས་ཅད་ཀུན་བསྣོད་ལ་མཐེ་བོང་གཉིས་བཟློག་སྟེ་སྤྲད་པར་བྱའོ། །རྒྱལ་མཆོག་དཔལ་དང་ལྡན་པ་འདི། །ཆོས་ཀྱི་འཁོར་ལོ་ཞེས་སུ་བསྒྲགས། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །འཁོར་ལོ་རབ་ཏུ་འདི་བསྐོར་རོ། །སྔགས་དང་ཕྱག་རྒྱའི ་མཐུན་དག་ཀྱང། །དེ་ལྟར་སྒྲུབ་པ་པོས་མངོན་ན། །རྟག་ཏུ་འཁོར་ལོ་སྒྱུར་འདྲ་ཞིང། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བྱེད། །དེ་ལ་ཕྱག་རྒྱ་དེའི་གསང་སྔགས་ནི་འདི་ཡིན་ཏེ། ན་མ(རྒྱུད་འགྲེལ་བདག་འདྲ་ཞེས། །ཤིན་ཏུ་མཉམ་གཞག་བསྒོམས་ན་ནི། །རྡོ་རྗེ་སེམས་དཔའ་བདུང་ཚོགས་ཀྱིས། །མཐོང་བར་འགྱུར་བར་ཐེ་ཚོམ་མེད། །དེ་ནས་སྔགས་དང་ཕྱག་རྒྱ་ཡིས། །ཆོ་ག་བཞིན་དུ་གོ་བགོས་ཏེ། །རང་ལུས་འོད་ཟེར་འབར་བ་ཡི། །རྡོ་རྗེ་གོ་ཆ ་བསྒོམ་པར་བྱ། །བགེགས་དང་ལོག་འདྲེན་མི་ཟད་དང། གང་གཞན་སྡིག་པའི་སེམས་ལྡན་པས། །རྡོ་རྗེ་ལྟ་བུར་དེ་མཐོང་ནས། །བདུག་པའི་བདག་ཉིད་ཅན་རྣམས་འབྱེར། །དེ་ལ་འདིའི་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། །ཐལ་མོ་སྦྱར་ནས་མཛུབ ་མོ་གཉིས་ཀྱིས་ཕྱིར་རོལ་ནས་དཀྲིས་ལ། །མཐེ་བོང་གཉིས་གཞར་བ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །ན་མ(རྒྱུད་འགྲེལ་ནི་རང་གི་སྤྱི་བོར་བསམ། །ན་མ(རྒྱུད་འགྲེལ་སྡིག་པ་ཐམས་ཅད་ཟད་བྱེད་པ། །མི་ལྡོག་པ་ཡི་ས་དག་ཀྱང། །འདི་ཡིས་མྱུར་དུ་ཐོབ་པར་བྱེད། །ཁ་དོག་དམར་ཤིང་ཤས་ཆེར་འབར། །འོད་ཟེར་འབར་འབར་འཁྲིགས་པའི་འོད། །སྨོས་པའི་བྱ་བ་ཐམས་ཅད་ལ། །འདི་ཉིད་ངེས་པར་སྦྱར ་བར་བྱ། །དེ་ནས་བགེགས་ནི་གཞིག་པའི་ཕྱིར། །བསྲུང་ཆེན་འདི་ནི་དྲན་བྱས་ཏེ། །མི་བཟད་ཅེས་པའི་བསྲུང་བ་འདི། །བགེགས་ཆེན་ཟློག་པར་བྱེད་པ་ཡིན། །ན་མ(རྒྱུད་འགྲེལ་སཀཱ?་མ་ཧཱ་ག་ལེ། སརྦ་ཏ་ཐཱ་ག་ཏ་པུ་ཎྱ་ནི་རྫཱ་ཏེ། ཧཱུཾ་ཧཱུཾ་ཏྲ་ཊ་ཧྲ་ཊ། ཨ་པྲ་ཏི་ཧ་ཏེ་སྭཱཧཱ། བགེགས་དང་ལོག་འདྲེན་ཐམས་ཅད་དང། །སྲིན་པོ་མི་བཟད་གཟུགས་ཅན་རྣམས། །འདི་ནི་དྲན་པ་ཙམ་གྱིས་སུ། །དེ་དག་ཐམས་ཅད་འབྱེར་བར་འགྱུར། །སྤྱོད་པ་དག ་ང་སྤེལ་པ་དང། །བསྲུང་བ་བསྟན་པ་སྟེ་ལེའུ་གཉིས་པའོ།། །།དེ་ལྟར་བདག་ཉིད་ལེགས་པར་སྦྱངས་ནས་ནི། །རང་གི་སྔགས་ཀྱི་བདག་པོའི་མདུན་བསམས་ལ། །སྔགས་ཀྱི་སྦྱོར་བས་ཆོ་ག་བཞིན་སྤྱན་དྲང། །དེ་ལ་དང་པོར་དམ་ཚིག ་བསྟན་པར་བྱ། །སྔགས་ཀྱི་སྦྱོར་བ་འཕགས་པ་མི་གཡོ་བའི། །རལ་གྲིའི་ཕྱག་རྒྱ་བཅས་པས་བགེགས་རྣམས་བསལ། །ཕྱག་བྱས་ཆོ་ག་བཞིན་དུ་མཆོད་ཡོན་དབུལ། །གསང་སྔགས་མཆོག་གི་གདན་ཡང་བསྟབ་པར་བྱ། །དེ་ནས་སངས་རྒྱས ་བྱང་ཆུབ་སེམས་དཔའ་མཆོག་།བྲངས?་འདས་རྣམས་ཀྱིས་ཡོངས་སུ་བསྐོར་བ་བསམ། །འཕགས་པ་མི་གཡོ་མགོན་གྱིས་སྔར་བསངས་ཤིང། །སྔགས་ཀྱི་སྦྱོར་བས་བསྐྲད་དང་སྦྱང་བ་དང། །རང་རང་སྔགས་ཀྱིས་རྣམ་པར་བྱིན་བརླབས་པའི། །མེ་ཏོག ་ལ་སོགས་མཆོད་པས་དེ་འོག་མཆོད། །དེ་ལ་གོ་རིམ་འདི་ཡིན་ཏེ། །འོད་ཟེར་འབར་བས་ཁྱབ་པའི་མཆོག་།ཉི་མ་འཆར་ཀ་ལྟ་བུའི་མདོག་།ཡི་གེ་ར་ནི་ཐིག་ལེར་བཅས། །རྒྱས་པར་མདུན་དུ་བསམ་པར་བྱ། །རྡུལ་དང་བྲལ་ཞེས་འདི་ཡིན་ནི། །སྒྲ་ཡི་དེ ་ཉིད་རྣམ་བསམ་ལ། །ཆོས་ཀུན་འདོད་ཆགས་ལ་སོགས་པའི། །རྡུལ་བྲལ་ཡིན་ཞེས་བརྗོད་པར་བྱ། །སེམས་ཀྱི་ས་ནི་དག་པའི་བདག་།དེ་འོག་ས་ལ་འཇུག་པར་བྱ། །ཟུག་རྔུའི་ཉེས་པ་རྣམས་སྦྱངས་འདི། །ནམ་མཁའ་འདྲ་བར་སྦྱར་བར་བྱ། །མཉམ་པར ་གྱུར་པའི་ས་དེ་ནི། །རྡོ་རྗེ་ལྟ་བུར་ཡང་དག་གནས། །ས་ཡི་འོག་གཞིར་ལེགས་གནས་པའི། །རླུང་གི་དཀྱིལ་འཁོར་བསམ་པ་ནི། །འོད་ཟེར་ནག་པོ་འཕྲོ་བཅས་པའི། །ཡི་གེ་ཧས་ནི་ལེགས་མནན་པའོ། །ན་མ(རྒྱུད་འགྲེལ་དཀྱིལ་འཁོར། །ཤེལ་དང་འདྲ་བའི་འོད་འདྲ་བའི། །ཡི་གེ་བས་ནི་ལེགས་མནན་པའོ། །ན་མ(རྒྱུད་འགྲེལ་ཡི་གེས་ལེགས་མནན་པའོ། །ན་མ(རྒྱུད་འགྲེལ་བཞུགས་གནས་དེ་ལྟར་བསམས་ནས་ནི། །ཛེ་ནས་པདྨ་བསམ་བྱས་ཏེ། །ཡུ་བ་རྡོ་རྗེ་ཡིས་ལས་བྱུང། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྦྲས། །འདབ་མ་བརྒྱད་པ་གེ་སར་བཅས། །ཁ་བྱེ་འོད་ཟེར་མང་པོར་ལྡན། །པདྨ་བྱེ་བས་ཡོངས་བསྐོར་བའོ། །དེ ་ནས་དེ་སྟེང་གང་ན་ཆེན་པོ། །སེངྒེས་གཏེག་པར་བསམ་པར་བྱ། །དེ་ནས་གཞལ་ཡས་ཁང་ཆེན་ཏེ། །རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས། །བརྒྱན་པའི་ཀ་བས་བཏེག་པ་དང། །གདུགས་དང་རྒྱལ་མཚན་རྣམས་ཀྱིས་ཁྱབ། །མུ་ཏིག་དྲ་བ་སོགས ་ཀྱིས་བརྒྱན། །རིན་ཆེན་ཚུན་འཕྱང་རྣམས་ཀྱིས་སྤུད། །མེ་ཏོག་སྦྱིན་ནི་བཟང་པོས་གཡོགས། །དྲི་དང་སྤོས་ཀྱིས་ཕན་ཚུན་ཁྱབ། །མེ་ཏོག་ལ་སོགས་ཚོགས་རྣམས་ནི། །ཉེ་འཁོར་ཀུན་ཏུ་བབ་པར་གྱུར། །དེར་ནི་གླུ་བར་རོལ་མོ་རྣམས། །མོང་ན ་པར་དགའ་བའི་ཡོན་ཏན་འབར། །རིན་ཆེན་བུམ་པ་མཆོད་ཡོན་སྣད། །གཞལ་ཡས་ཁང་བཟང་དེ་རུ་བསམ། །རིན་ཆེན་ཤིང་ལ་སོགས་བས་བརྒྱན། །ནོར་བུའི་འོད་ཀྱིས་རྣམ་པར་གསལ། །ཏིང་འཛིན་གཟུངས་དང་ས་དང་ནི། །དབང་སོགས ་ལྷ་མོ་རྣམས་ཀྱིས་བསྟན། །སངས་རྒྱས་ཕ་རོལ་ཕྱིན་སོགས་དང། །བྱང་ཆུབ་ཡན་ལག་མེ་ཏོག་འབར། །གར་བྱེད་རོལ་མོ་བརྡུང་པ་དང། །ཡིད་ཕྲོག་སྙན་པའི་གླུ་དང་ལྡན། །མགོན་ངོ་བདག་གི་བསོད་སྟོབས་དང། །སངས་རྒྱས་བྱིན་བརླབས ་གཟི་ཅན་དང། །དེ་བཞིན་ཆོས་དབྱིངས་སྟོབས་ཀྱིས་ནི། །མཆོད་པ་ཡང་དག་གནས་གྱུར་ཅིག་།ན་མ(རྒྱུད་འགྲེལ་གྱིས་བརླབས་ན་ཀུན། །སླར་ཡང་ལོག་པར་འགྱུར་མ་ཡིན། །ཕྱག་འཚལ་ཐལ་མོ་ལས་སོར་བར། །ཕན་ཚུན་བཅར་འདི་བྱིན་རློང་རྒྱ། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང། །གཟོད་ནས་ཞི་བའི་ངོ་བོ་ཉིད། །དེ་ཉིད་འདི་ནི་བསམ་ནས་སུ། །ཡི་གེ ་ཨ་ནི་དེ་རུ་དགོད། །ཡི་གེ་ཨ་དེ་གྱུར་པ་ལས། །ཐུབ་ཆེན་རྣམ་པར་སྣང་མཛད་ནི། །འཇིག་རྟེན་ཁམས་ནི་མ་ལུས་པར། །འོད་ཀྱི་ཕྲེང་བ་རྣམ་པར་འགྱེད། །སེམས་ཅན་ཁམས་ནི་དཔག་མེད་པ། །བསམ་པ་ཇི་བཞིན་བསྐུལ་མཛད་པ། །འཇིག་རྟེན ་ཁམས་ནི་སྟོང་ཕྲག་བཅུ། །དཀྱིལ་འཁོར་རྒྱ་ཆེར་ཁྱབ་པར་མཛད། །སྐུ་གསུང་ཐུགས་ནི་ཐམས་ཅད་དུ། །རྟག་པར་གནས་པའི་ཐུགས་དང་ལྡན། །དཔའ་བོ་འཛམྦུའི་གསེར་འདྲ་ཞིང། །ཀུན་ཏུ་སྣང་བར་མཛད་པ་པོ། །དཔའ་བོའི་སྐྱིལ་ཀྲུང་བཅས་ནས་ནི། ། ་ཏིང་ངེ་འཛིན་བཞུགས་ཉེས་པ་བཅོམ། །སྟོད་གཡོག་དང་དཀར་ལ་མན་བས་ཤིང། །རལ་པ་ཐོང་ཚུགས་དག་གིས་བརྒྱན། །ཡང་ན་འདིར་ནི་ར་བཀོད་ལ། །སྐྱེས་མཆོག་ཤཱཀྱ་ཐུབ་པ་བསམ། །དཔའ་བོ་ཆོས་གོས་མན་བས་པ་དང། །མཚན་མཆོག་སུམ ་ཅུ་གཉིས་མངའ་བའོ། །ན་མ(རྒྱུད་འགྲེལ་བར་བྱ། །བཅོམ་ལྡན་འདས་གཡས་ཀྱི་པདྨ་ལ། །རང་རིག་ལྷ་མོ་བགོད་པར་བྱ། །གཡོན་དུ་རྡོ་རྗེ་འཛིན་ལ་སོགས། །བཞུགས་པར་ཡང་ནི་བསམ་པར་བྱ། །ཉེ་འཁོར་པདྨ་གཞན་དག་ལ། །བྱང་ཆུབ་སེམས་དཔའ་ཨི་ཚོཊ་ཆེན་པོ། གཞན་གྱི་དོན་ནི་མཛད་པར ་བརྩོན། །མི་ལྡོག་ཚོགས་ནི་བློ་ཡིས་བསམ། །དེ་ནས་གཡས་ཀྱི་འོག་ལོགས་སུ། །ཟློས་པ་དེ་ནི་རྣམ་པར་དག་།ཡང་ན་དེ་དབུས་འཇམ་དབྱངས་སོགས། །ཡི་གེ་ཡོངས་སུ་གྱུར་པ་ཡི། །གནས་ལ་དེ་ནི་རིམ་བཞིན་དུ། །རྣམ་པར ་བསམ་པར་བྱ་བ་ཡིན། །དེ་ལ་འདིའི་ཡི་གེའི་ཆོ་ག་ནི་འདི་ཡིན་ཏེ། ན་མ(རྒྱུད་འགྲེལ་ཅན་ཉིད་དང། །མཱ་མ་ཀཱི་དང་ལུ་གུ་རྒྱད། །འཁོར་ལོས་སྤྱར་དང་རྟ་མགྲིན་དང། །གནོད་མཛེས་དྲན་ཕོ་དྲན་མོ་དང། །ཁྲོ་བོ་ཕོ་ཉ་ཕོ་ཉ་མོ། །ཚོགས་དང་རྒྱལ་པོ་རྒྱལ་མོ་དང། །ཡོངས་སུ་གྱུར་པའི་ཆོ་ག་ཡིས། །ཅི་འདོད་པར་ནི་བསམ་པར་བྱ། །དེ་ནས་དང ་སེམས་དགའ་བའི་ཕྱིར། །ཕྱི་མ་ལམ?་ཏོག་ལ་སོགས་ཚོགས། །མཆོད་ཡོན་ཞབས་བསིལ་ལ་སོགས་པ། །ཆོས་ག་བཞིན་དུ་ཡོངས་སུ་བརྟག་།མི་གཡོ་བས་ནི་ཡོངས་སྤྱང་ཞིང། བསད་དང་བསྐྲད་དང་སྦར་བ་དང། །ཡོངས་སུ་བཟླས་ཏེ་ཕྱིན་བརླབས་ལ། ། ་བདག་ཉིད་ཀྱང་ནི་བསྲུང་བར་བྱ། །ཁམས་གསུམ་རྣམ་རྒྱལ་ལ་སོགས་པས། །མཚམས་དང་ཕྱོགས་དང་ནམ་མཁའ་བཅིང། །དེ་ནས་རང་རང་ཕྱག་རྒྱ་དང། །སྔགས་ཀྱིས་སྤྱན་ནི་དྲང་བར་བྱ། །ཡང་ན་སྤྱི་ཡི་གསང་སྔགས་ཀྱི། །སྦྱོར་བ་འདི་དང་ལྡན་པར ་བྱ། །དེ་ལ་འདི་ནི་འཕགས་པ་མི་གཡོ་བའི་སྔགས་དང་ཕྱག་རྒྱ་ཡིན་ཏེ། ན་མ(རྒྱུད་འགྲེལ་མོ་བརྐྱང་ལ། སྲིན་ལག་དང་མཐེའུ་ཆུང་གི་རྩེ་མོ་མཐེ་བོས་མནན་ལ་ལག་པ་གཡས་པ་དེ་བཞིན་དུ་རལ་གྲི་ལྟ་བུར་བྱས་ལ། ལག་པ་གཡོན་པའི་ལག་ཐིལ་དུ་བཅུག་སྟེ། རལ་གྲི་ཤུབས་སུ་བཅུག་པ་ལས་དྲངས་པ་ལྟ་བུ་ནི་མི་གཡོ་མགོན་གྱི་ཕྱག་རྒྱ ་ཡིན་ཏེ། དེ་ཀུན་ཏུ་བ་སྐོར་ལ་མེ་ཏོག་ལ་སོགས་པ་ཡང་དེ་ཉིད་ཀྱིས་རེག་པར་བྱས་ན། བསྐད་པ་ལ་སོགས་པ་བྱས་པར་འགྱུར་རོ། །རལ་གྲི་ཤུར་ས་ནས་དྲངས་ལ་བསྐྲད་བ་ལ་གཡོན་ཕྱོགས་ཞས་བསྐོར་ཏེ་ཕྱི་རོལ་ཏུ་ཚ་དམ་བྱ་བ་བསྟན་པར་བྱའོ། །ཕྱོགས་དང ་མཚམས་བཅེངས་པ་ནི་གཡས་ནས་བསྐོར་བར་བྱའོ། །བྱ་བ་གཞན་དང་གཞན་དག་དང། །མི་ཟད་འཇིགས་པ་སྣ་ཚོགས་དང། །བགགས་ལ་སོགས་པ་བཟློག་པའི་ཕྱིར། །འདི་དག་ཉིད་ནི་ངེས་པར་སྦྱར། །དེ་ནས་སྤྱན་དྲང་པའི་སྔགས་དང་ཕྱག་རྒྱའི ་སྦྱོར་བ་བྱ་སྟེ། །སྲས་བཅས་སངས་རྒྱས་ཐམས་ཅད་ནི། །རང་གི་དམ་ཚིག་ཉིད་ཀྱིས་སྤྱོན། །དེ་ལ་འདིའི་ཆོ་ག་ནི། །ན་མ(རྒྱུད་འགྲེལ་འདིའི་ཕྱག་རྒྱ་ནི་དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ། ཁུ་ཚུར་བྱས་ཉེ་ལག་པ་གཡས་པའི་མཛུབ་མོ་བརྐྱང་སྟེ། ཚིགས་གསུམ་བཀུག་ལ་ལྷག་མ་གདུ་བུའི་ཚུལ་དུ་བཞག་པའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །འདི་ནི་ལྕགས་ཀྱུ་ཡིན ་པར་བཤད། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །གང་གཞན་གདུག་པའི་སེམས་ལྡན་པའི། །ཐམས་ཅད་འདིས་ནི་འགུགས་པར་བྱེད། །དེ་ནས་སྡུགས་དང་ཕྱག་རྒྱ་དང། །ལྡན་པར་དམ་ཚིག་བསྟན་བྱས་ཏེ། །སྟོན་པ ་ཀུན་གྱི་དམ་ཚིག་གི། ཕྱག་རྒྱ་ཇི་སྐད་བཤད་པ་བཅིང། །ན་མཐུས་མནྟ་བུདྡྷ་ནཱ། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱཧཱ། འདིའི་ཆོ་ག་ནི་ལན་གསུམ་རབ་ཏུ་བརྗོད་པ་ཡིན་ནོ། །དེ་ལྟར་དམ་ཚིག་ཡང་དག་བསྟན་བྱས་པས། །འགྲོ་ལ་ཕན་མཛད་རྣམས་ནི་ཆོམ ་འགྱུར་ཞིང། །སྔགས་དང་རིག་པའི་ལྷ་མཆོག་དགྱེས་པའི་ཕྱིར། །དགོངས་པ་མཛད་ཅིང་དམ་པ་སྩོལ་བར་འགྱུར། །དེ་ནས་མཆོད་ཡོན་སྔར་གྱི་ཆོ་ག་དང། །རང་སྔགས་ཕྱག་རྒྱའི་ཆོ་གར་ཡང་དག་ལྡན། །རྣམ་དག་བདེ་བདག་གཤེགས་པར་གཏོགས ་པ་དང། །རྒྱལ་སྲས་རྣམས་ལ་དག་ཕྱིར་དབུལ་བར་བྱ། །ན་མ(རྒྱུད་འགྲེལ་བས་གདན་གྱི་ནི། །སྔགས་དང་ཕྱག་རྒྱར་ལྡན་བྱས་ཏེ། །པདྨའི་ཕྱག་རྒྱ་བཅིངས་པ་ནི། །ཐམས་ཅད་ཉིད་ལ་སྦྱར་བར་བྱ། །བྱང་ཆུབ་མཆོག་དང་རྒྱལ་བའི་སྲས། །གང་དུ་བཞུགས་པར་ཤེས་པ་དང། །དེ་ཚེ་ཟློས་པས་གདན་ཐོབ་ཕྱིར། །དེ་ཕྱིར ་དེ་ཉིད་དབུལ་བར་བྱ། །དེ་ལ་འདི་ཡི་ཆོ་ག་ནི། །ན་མ(རྒྱུད་འགྲེལ་གཉིས་གུང་མོ་གཉིས་དང་ལྷན་ཅིག་སྦྱར་བར་བྱའ། །འདི་ནི་པར་མཆོག་དཔལ་དང་ལྡན། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །གང་ན་བཞུགས་པར་ཤེས་གྱུར་པ། །རྡོ་རྗེ་མི་ཕྱེད་གང་ན་ཆེན་ཡིན། །དེ་ནས་བདུན་པའི་བློ་ཅན་ཟློག་བྱེད་པ། །མི ་གཡོ་གསང་སྔགས་རལ་གྲིའི་རྒྱང་བཅས་བསྐུལ། །རྟ་ཡི་མཆོག་ལྟར་མི་ཟད་འདི་མཐོང་ནས། །ལུས་ཚིག་བ་ལྟར་རྣམ་པར་འབྱེར་བར་འགྱུར། །ན་མ(རྒྱུད་འགྲེལ་ནི། །རྣམ་སྦྱང་རང་ཉིད་རྡོ་རྗེ་སེམས་དཔའ་རུ། །ཆོ་ག་བཞིན་བསམས་དེ་ཡི་གསང་སྔགས་དང། །ཕྱག་རྒྱའི་ཆོ་གས་ཡང་དག་སྦྱར་བར་བྱ། །ན་མ(རྒྱུད་འགྲེལ་བའོ་ཞེས། །དེ་ཉིད་རྣམ་པར་བསམ་བྱ་ཞིང། །ཕྱག་རྒྱར་ཡང་དག་ལྡན་པས་ནི། །རྡོ་རྗེ་སེམས་དཔའ་ལྟ་བུར་འགྱུར། །དེ་ལ་འདི་ནི་འདིའི་ཕྱག་རྒྱ་ཡིན་ཏེ། ལག་པ་གཉིས་འབུ་ཚུར་བཅངས་ལ་གུང་མོ་གཉིས་བརྐྱང་སྟེ་སྦྱར་ལ། །མཛུབ་མོ་གཉིས ་བཀུག་སྟེ་ངོམ་ལ་སྦྱང་ནས་རྡོ་རྗེ་ལྟ་བུར་བྱའོ། །མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ནི་གྱེན་དུ་བསྒྲེངས་ནས་བཞག་ལ། སྲིན་ལག་གཉིས་ནང་དུ་གཞུག་པར་བྱའོ། །སྔགས་ནི། །ན་མ(རྒྱུད་འགྲེལ་ལ། །རྡོ་རྗེ་ཕྱག་རྒྱ་སྦྱར་བར་བྱ་བ་འམ། རྒྱུད་གཞན་ལས་གསུངས་པའི་སྔགས་དང་ཕྱག་རྒྱ་ཡང་སྦྱོར་བ་འདིས་བྱའོ། །ཀུན་ཏུ་རྡོ་རྗེའི་གོ་ཆ་ནི། །མགོ་ནས་རྐང་པའི་བར་དུ་བསམ། །སྔར་བཤད་གོ་ཆའི་སྤྱོར་བ་ནི། །སྔགས་དང་ཕྱག་རྒྱ་དེས་པར་སྦྱར། །ན་མ(རྒྱུད་འགྲེལ་མནྟ་བཛྲ་ཎཱཾ། བཛྲ་ཀ་བ་ཅ་ཧཱུཾ་ཕྱག་རྒྱ་ནི་ཐལ་མོ་ཁོར་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་རྒྱབ་ནས་བཀྲིས་ཏེ། མཐེ་བོང་གཉིས་གུང་མོ་གཉིས་ལ་གཞར་བ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །ཡི་གེ་ཁ་ནི་ཐིག་ལེར་བཅས། །རང་གི་སྤྱི་བོར་ཡང་དག་བསམ། །ཆོས ་ཀུན་མཁའ་དང་མཉམ་པའོ་ཞེས། །དེ་ཉིད་རྣམ་པས་བསམ་པར་བྱ། །ན་མ(རྒྱུད་འགྲེལ་བར་སེམས་དཔའ་ཡི། །མི་བཟང་འཇིགས་པས་ས་གཞི་དེ། །རྡོ་རྗེ་མེ་ནི་འབར་བ་རུང། །མེ་ཐོང་ནས་རྣམ་པར་འབྱེད་པར་འགྱུར། །ན་མ(རྒྱུད་འགྲེལ་བཅངས་ལ། མཛུབ་མོ་བརྐྱང། དབྲལ་བར་ཁྲོ་གཉེར་བསྡུ་བར་བྱའོ། །ཕྱག་རྒྱ་འདི་ནི་རྒྱ་ཆེན་ཏེ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །བདུད་ནི་རྣམ་པར་བསྡིགས་ཤེས་བྱ། །ཕུང་བྱེད་ཐམས་ཅད་འཇིག་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་སུ། ། ་བདུད་སྡེ་ཤིན་ཏུ་མ་ཟད་དང། །བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང། །ཐེ་ཚོམ་མེད་པར་རབ་ཏུ་འབྱེར། །དེས་ནི་མི་བཟད་བཅིངས་ནས་སུ། །མཚམས་བཅིང་པ་ནི་ངེས་པར་སྦྱར། །སྔགས་དང་ཕྱག་རྒྱར་ལྡན་པས་ཀྱང། །ཤིན་ཏུ་བཟོད་བཀའ་སྐྱེ ་བར་འགྱུར། །ན་མ(རྒྱུད་འགྲེལ་བྷ་ག་བ་ཏི་བི་ཀུརྦི་ཀུ་ལེ་ལི་ལ་པུ་རི་སྭཱཧཱ། །ཡང་ན་མ་འདིར་བསྡུས་པའི་སྔགས་འདི་སྦྱར་ཏེ། ན་མ(རྒྱུད་འགྲེལ་མོ་གཉིས་ནང་དུ་གཞུག་།མཐེ་འོད?་གཉིས་དང་མཐེའུ་ཆུང་གཉིས་བསྐུམ་ལ། སྲིན་ལག་ཕྱེ་སྟེ་གྱེན་དུ་བསྒྲེང། །གུང་མོ་གཉིས་དེ་བཞིན་དུ་སྦྱར་བ་ནི་མཚམས་ཆེན་པོ་གཅོད་པ་ཡིན་ནོ། །འདི་ཕྱོགས་བཅུར་བསྐོར་ན་མཚམས་ཆེན་པོ་བཅད་པ ་བྱས་པར་འགྱུར་རོ། །བསྲུང་དང་ཕྱོགས་བཅིངས་ལ་སོགས་པ། །འདི་དག་ལས་ནི་གཅིག་གིས་ཀྱང། །གང་ཕྱིར་འཇིག་རྟེན་གསུམ་དག་ཏུ། །ངེས་པར་བསྲུང་བ་ནུས་པ་ཡིན། །ཡང་ན་མི་གཡོ་དཔའ་བོ་ཡིས། །བདག་བསྲུང་གནས་ནི་སྦྱང་བ་དང། ། ་མཚམས་དང་ཕྱོགས་བཅིང་ལ་སོགས་པའི། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །ན་མ(རྒྱུད་འགྲེལ་བས། །མཁས་པས་ཆོ་ག་བཞིན་དུ་མཆོད་པར་བྱ། །དེ་ནས་འཕགས་པ་མི་གཡོ་བའི། །སྔགས་དང་ཕྱག་རྒྱར་སྦྱར་བ་ཡི། །དྲི་ཡི་ཆུ་ཡིས་ཀུན་ཏུ་ནི། །བསང་བར་བྱ་བ་ཡང་དག་སྦྱར། །མཆོད་པའི་ཡན་ལག་དྲི་སོགས་ལ། །དེའི་སྔགས ་ཀྱིས་ཡང་དང་ཡང། །གསང་སྔགས་ཡོངས་སུ་བཟླ་བ་དང། །དེ་ནས་རང་རང་སྔགས་ཀྱིས་སོ། །དེ་ནས་མཁས་བས་རང་གི་ནི། །རིག་པ་བཟླས་ལ་དབུལ་བྱ་སྟེ། །དྲི་འདི་ཞེས་ནི་བརྗོད་བྱ་ཞིང། །སོ་སོའི་མིང་གིས་དབུལ་བར་བྱ། །ཆོས་དབྱངས ་ཡི་གེ་དགོད་པ་ནི། །ཐམས་ཅད་ལས་ནི་ཆེད་སྟར་བྱ། །དེ་ལ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའོ། །ན་མ(རྒྱུད་འགྲེལ་ནི་ལན་གསུམ་བརྗོད་པའོ། །ན་མ(རྒྱུད་འགྲེལ་ག་གནོ་རཱ་དྱ་སྭཱཧཱ། མར་ལེའི?་སྔགས་སོ། །ན་མ(རྒྱུད་འགྲེལ་པ་ཉིད་དང་ཆོ་ག་འདི་ཉིད་ཀྱིས་དངུལ་ཐང་བྱའོ། །དེ་ལ་ཐལ་མོ་ཁོང་སྟོང་དུ་སྦྱང་ཏེ། སོར་མོ་བན་ཚུན་དུ་ཅུང་ཟེད་བསྣོལ་བ་ནི་ཐམས་ཅད་དྲི་ལ་སོགས་པ་སྤྱིའི་ཕྱག་རྒྱ་ཡིན་ནོ། །མཁས་པས་སྤོས་སོགས་མེད་ན་ནི། །དད་པས་ཡིད་ཀྱིས་དབུལ་བྱ་སྟེ། རྣམ ་དག་ཡིན་དུ་འོང་བ་ཡི། །ཡིད་ཀྱི་ཆོ་གའང་བྱ་བ་ཡིན། །ཞིང་ཁམས་འདི་འམ་གཞན་དག་ན། །ལྷ་དང་མི་ཡི་གང་ཡིན་པའི། །སྤོས་དང་མེ་ཏོག་ལ་སོགས་པས། །ཆོས་དབྱིངས་མཉམ་དང་མི་མཉམ་དང་།སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བསོད ་ནམས་ཡེ་ཤེས་ལས་བྱུང་བའི། །གདུགས་དང་རྒྱལ་མཚན་བ་དན་དང། །གཞལ་ཡས་ཁང་སོགས་ཆེན་པོ་དང། །ལྷའི་རིན་ཆེན་ཤིང་སོགས་ནི། །ཡོ་བྱད་ཐམས་ཅད་ལྡན་པ་དང། །དེ་བཞིན་དྲི་སོགས་སྤྲིན་གྱིས་ནི། །ནམ་མཁའ་ཨི་གཏོས་ཀུན་ཡང་དག་དགང། ། ་དྲི་སོགས་སྤྲིན་གྱི་ཆར་འབབ་པའི། །མཆོད་པ་ཀུན་ཏུ་ལེགས་བསམས་ཏེ། །སངས་རྒྱས་སྲས་དང་བཅས་རྣམས་ལ། །ཀུན་ནས་ལེགས་པར་མཆོད་བྱ་བ། །བྱིན་རློབ་སྔགས་དང་ཕྱག་རྒྱ་ཡིས། །དེ་ནས་དེ་ནི་དབུལ་བར་བྱ། །ན་མ(རྒྱུད་འགྲེལ་མུ་ཁེ་བྷཡ(རྒྱུད་འགྲེལ་སྟོབས་དང་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དུས་ཐམས་ཅད་དུ་རྙེད་བར་སླ་ཞིང། རྒྱ་ཆེ་ལ་ཡོངས་སུ་དག་པའི་མཆོད་པ་ཆེན་པོའི་བཀོད་པའི་སྤྲིན་འབྱུང་བ་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ། །ཆོ་ག་འདི་ཡི་གང་ཅུང་ཟད། །བསོད་ནམས་ཚོགས་ནི་ལེགས་བསགས་པ། །དེས་ན་བདག་ནི་འགྲོ་ཀུན་གྱི། །དོན་བྱེད་གསང་སྔགས་གྲུབ ་གྱུར་ཅིག་།དེ་སྐད་སྔགས་སྤྱོད་རྣམ་དག་ཕྱིར། །བསམ་པ་ཐག་པས་བརྗོད་པར་བྱ། །གང་ཞིག་སྒྲིབ་པ་དག་ཕྱིར་དང། །ཚོགས་རྣམས་ཡོངས་སུ་བསྐང་པའི་ཕྱིར། །སྔགས་ཀྱི་ཆོ་ག་འདི་སྦྱར་བ། དེ་ལ་དེས་པའང་གང་ན་མེད། །ཆོ་ག་ལ་སོགས ་སྦྱོར་བ་དང། །གནས་དང་དུས་ཀྱི་ཆོ་ག་ཡང། །ཚེ་འདིར་དངོས་གྲུབ་ཐོབ་འདོད་ཕྱིར། །གང་ཞིག་གསང་སྔགས་ལ་བརྩོན་བ། །དེའི་བསྙེན་ཆོག་འང་སྔོན་དུ་ནི། ཡིད་ཀྱི་ཆོ་ག་བྱ་བ་ཡིན། །བསྙེན་པའི་ཆོ་ག་བཞིན་རྫོགས་ནས། །ཟླ་བ་གཅིག་གི་འོག་ཏུ་ནི། ་ཕྱི་ཡི་མཆོད་པའི་ཆོ་ག་ཡིས། །སྔགས་ཀྱི་བསྙེན་པ་བྱ་བ་ཡིན། །དེ་ནས་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་གླུའི་བསྟོད་པའི་མཆོག་འདི་ཡིས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ལ་མཆོད་པར་བྱ་བ་ཡིན་ནོ། །མཉམ་ཉིད་མི ་གཡེ་མཉམ་ཉིད་མཆོག་ཆོས་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ། །ཡོན་ཏན་ཀུན་མཉམ་མཛའ་ཡས་དངོས་གྲུབ་སྩོལ། །དྲི་མེད་མི་གཡོ་མཉམ་ཉིད་མཆོག་རབ་ཆོས། །སེམས་ཅན་ཁམས་ལ་རྟག་མཆོག་དངོས་གྲུབ་སྩོལ། ། ་དངོས་གྲུབ་མཉམ་དང་མཛའ་མེད་དཔེ་བྲལ་བ། །མཉམ་པའི་དཔེ་མེད་ནམ་མཁའ་ལ་མེད་དེ། །ཡོན་ཏན་ཕྲ་བའི་ཆོས་ཀྱང་མཚུངས་མ་ཡིན། །རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལ་བྱུང། །སྨེན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་ལྷུན ་མཛད་མཛའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང། །དཔག་མེད་མི་གོས་གནས་ཉིད་ལེགས་རྫོགས་ཏེ། །བདེ་གནས་གཤེགས་ཀྱང་ཐུགས་རྗེའི་སྤྱོད་མི་གོས། །འཇིག་རྟེན་གསུམ་ལ་མཆོག་གི་གྲུབ་སྩོལ་བ། །འགག་ཉིད་མི་འགྱུར་ཀྱེ ་མའོ་ཆོས་ཉིད་བཟང། །མཆོག་སྩོལ་སྦྱིན་མཆོག་ཉིད་གནས་མཆོག་ཉིད་བརྙེད། །འཇིག་རྟེན་གསུམ་མཆོག་དམ་པ་སྩོལ་མཆོག་སྒྲུབ། །བདེ་གཤེགས་དུས་གསུམ་མཁྱེན་སྒྲིབ་མི་མངའ་བ། །ཀུན་གྱི་དམ་ཚིག་མཆོག་གསུམ་གྲུབ་བདག་སྩོལ། །དེ་ནས ་མཆོག་གྱུར་ཚིག་གི་དམ་པ་རྗོད། །མགོན་པོ་ཁྱོད་ལ་རབ་ཏུ་སྐྱབ་མཆི་ཡིས། །དངོས་གྲུབ་འགྲོ་བ་ཀུན་ལ་ཕན་བྱེད་པ། །ཤིན་ཏུ་འཕགས་ཤིང་མཆོག་གྱུར་སྩལ་དུ་གསོལ། །དེ་ནས་སེམས་ཅན་དོན་བྱེད་ཆོགས་པ་ཡི། །སྤྲུལ་པའི་སྤྲིན་ནི་ཕྱོགས་བཅུར ་བདག་གི་ནི། །བསོད་ནམས་དག་གིས་ཀུན་འང་སངས་རྒྱས་དང། །ཀུན་ཏུ་བཟང་པོ་ལ་སོགས་རྒྱལ་སྲས་རྣམས། །བཞུད་དེ་པདྨ་རྒྱས་པའི་གདན་བཞུགས་ནས། །སེམས་ཅན་བསམ་པ་ཇི་བཞིན་དོན་མཛད་ཤོག་།བདེ་གཤེགས་བསྔགས་པའི་ཕྱིར་ནང ་འབྱོར་བ་རྣམས། །ཕུན་སུམ་ཚོགས་ཀུན་མོས་པ་ཇི་བཞིན་དུ། །བདག་གི་བསོད་ནམས་རྒྱས་པའི་སྟོབས་དག་དང། །དམ་ཆོས་རྒྱུ་ཡི་སྟོབས་ཀྱི། གལ་འབྱོར་ཤོག་།དེ་བཞིན་གཤེགས་པའི་སྟོབས་ཀྱི་མཐུ་ཡིས་ཀྱང། །འགྲོ་དོན་འབྱོར་བ་ཉིད་ནི་ཕུན་ཚོགས ་ཤིང། །ཇི་བཞིན་དོན་གྱི་འབྱོར་བ་བསམ་མི་ཁྱབ། །འགྲོ་ལ་རྟག་ཏུ་འབྱུང་བར་ཤོག་ཅེས་བརྗོད། །ནམ(རྒྱུད་འགྲེལ་དཔའ་རྣམས་ཀྱིས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡིན་པའི་ཕྱིར་མི་བསླུ་བ་ཡིན་ནོ། །ཞེས་མངོན་པར་འདོད་བར་བྱའོ། །མཆོད་པའི་ཆོག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། ་དེ་ལྟར་མཆོད་བཅས་དོན་ལ་ཞུགས་ནས་ནི། །ད་ནི་སེམས་ཅན་མ་ལུས་ཕན་སེམས་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་མཆོག་ཕྱག་བྱས་ལ། །རྣལ་འབྱོར་བསྟན་ནས་ཡིད་ནི་མཉམ་པར་བཞག་།བསམ་གཏན་ཡན་ལག་བཞི་ཡི་ཆོ ་ག་ཡིས། །ཇི་ལྟར་རང་གི་ལྷ་ནི་མཉེས་འགྱུར་བ། །དེ་ལྟར་ཅི་ནུས་པས་ནི་གསང་སྔགས་ཀྱི། །དེ་ཉིད་དོན་གྱི་ཕན་པ་བསྐུལ་བར་བྱ། །གསང་སྔགས་རྗེས་སུ་དྲན་བྱ་བ། །དེ་ཡི་ཆོ་ག་འདི་རྗོད་བྱ། །མཁས་པས་སྔར་བཤད་ཆོ་ག་ཡིས། །མདུན་དུ་རང་ལྷ ་བསམ་པར་བྱ། །སྙིང་གའི་དབུས་སུ་ཟླ་གཟུགས་ལ། །དེར་ནི་ཡི་གེ་རྣམས་བསྒོམས་ཏེ། །ཇི་སྲིད་སེམས་ནི་དག་གྱུར་པ། །དེ་སྲིད་བཟླས་བརྗོད་བརྩམ་པར་བྱ། །གྲངས་དང་དུས་དང་མཚན་མ་ནི། །ལུང་ལས་བཤད་བཞིན་རྫོགས་བྱས་ཏེ། །སྔགས་ཀྱི ་དངོས་གྲུབ་ཅི་གསུངས་པ། །རྣམ་རྟོག་ལས་བྱུང་གསོལ་བ་གདབ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་ཆོ་ག་ནི་འདི་ཡིན་ཏེ། ཡན་ལག་བཞི་པ་ལས་ནི་གཞན་པ་ཡིན་ནོ། །མཁས་པས་མདུན་དུ་རང་གི་ལྟ། །རྣམ་པར་ངེས་པར་བློས་བསམས ་ཏེ། །དེའི་སྔགས་རྒྱང་ལྡན་པ་ལས། །རང་གི་ལྷ་ཡི་སྦྱོར་བར་ལྡན། །དེའི་མདོག་རྟགས་དང་དབྱིབས་རྣམས་དང། །ཉེར་གདགས་བདག་ཉིད་དབྱེར་མེད་པར། །རང་ལྷའི་སྦྱོར་ལྡན་བདག་ཉིད་ཅན། །བསོད་ནམས་དམན་ཡང་འགྲུབ་པར་འགྱུར། ་ཞེས་དོན་དམ་པའི་ཚུལ་ལས་གསུངས་པའི་ཕྱིར་རོ། །ཡི་གེའི་གནས་དེ་གྱུར་པ་ནི། །དེ་ལས་གཟུགས་ནི་རྣམ་པར་བསྒོམ། །རང་གི་ལྷ་ཡི་སྦྱོར་བ་ཡང། །རྒྱུད་ལས་མཚན་ཉིད་གཉིས་སུ་གསུངས། །སྔར་ནི་སངས་རྒྱས་སྦྱོར་ཆོ་ག་།དེ་བཞིན ་བྱང་ཆུབ་སེམས་ཆོ་ག་།ཇི་ལྟར་འཕགས་པ་འཇམ་དབྱངས་སོགས། །ཡོངས་སུ་གྱུར་པའི་ཚུལ་གྱིས་བཞུགས། །དེ་སྔགས་གནས་ནི་གྱུར་བ་དང། །སྔགས་དང་ཕྱག་རྒྱའི་སྦྱོར་བས་སོ། །ན་མ(རྒྱུད་འགྲེལ་གར་འདི་བཀོད་ལ། །བྱང་ཆུབ་སེམས་ནི་རྗེས་དྲན་ནས། །དེ་ཉིད་བདག་ཅེས་བསྒོམ་པར་བྱ། །སྐུ་མདོག་རྟགས་སོགས་གྲགས་པ་ཡིས། །ཉེ་བར་བདག་པས་དབྱེར་མེད་བྱ། །དེ་ཡི་ཆོ་ག་འདི་ཤེས་བྱ། །གུར་གུམ་བཟང་པོའི་མདོག ་འདྲ་ཞིང། །དབུ་ལ་ཟུར་ཕུད་ལྔ་དང་ལྡན། །ཕྱག་གཡོན་ཨུཏཔལ་རྡོར་བཅས་བསྣམས། །གཡས་ཀྱི་ཕྱག་ནི་མཆོག་སྦྱིན་མཆོག་།སྩོལ་བར་མཛད་པ་བསམ་པར་བྱ། །དེ་ལ་འདིའི་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ན་མ(རྒྱུད་འགྲེལ་ཀཱ་བི་སཱུ?་ཀ་ཏི་པ་ཐ་སྠ་སྨྲ་པར་པར་ཏི་ཐཱཾ་སྭཱཧཱ། ཕྱག་རྒྱ་ནི་ལག་པའི་གཉིས་ཐལ་མོ་སྦྱར་ཏེ། ཕུང་མོ་གཉིས་ཀྱི་སྲིན་ལ་གཉིས་དཀྲིས་ལ། མཛུབ་མོ་གཉིས་མཐེ་བོའི་སྟེང་དུ་བཀུག་ལ་བཞག་ནས་སྔ་མ་བཞིན་དུ་ཡན་ལག་ཐམས་ཅད་ལ་འདི་གཏུགས་ནས་འདིའི་འོག་ཏུ་ལས ་བརྩམ་པར་བྱའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཡང་ཡི་གེ་ཡོངས་སུ་གྱུར་པའི་ཆོ་གའི་སྦྱོར་བ་རྒྱུད་ལས་ཇི་སྐད་གསུངས་པ་ཉིད་ལས་ཤེས་པར་བྱའོ། །ཡང་ན་རྒྱུད་གཞན་ལས་གསུངས་པའི་སྔགས་རང་ཕྱག་རྒྱ་རྣམས་ལ ་ཡང་སྦྱོར་བ་འདི་དང་འགལ་བ་མེད་པ་ཡིན་ནོ། །ཡང་ན་སྤྱིའི་སྔགས་དང་ཕྱག་རྒྱ་འམ། སོ་སོའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཡོངས་སུ་གྱུར་པའི་ཚུལ་དང་སྦྱར་བར་ཤེས་པར་བྱ་སྟེ་སྤྱིའི་ནི་འདི་ཡིན་པར་བཤད་དོ། །ན་མ(རྒྱུད་འགྲེལ་ཐམས་ཅད་བྱ་བ་དང་བྲལ་བའོ་ཞེས་སྟོན་པར་བྱེད་པའི་སྐྲའི་དེ་ཁོ་ན་ཉིད་ངེས་པར་བསམ་པར་བྱའོ། །རྒྱལ་སྲས་ཀུན་ཀྱི་སྤྱི་ཡི་ནི། །ཕྱག་རྒྱ་ཡིད་བཞིན་ནོར་བུར་བཤད། ཡང་ན་རྒྱུད་གསུངས་སོ་སོ་ཡི། །སྔགས་དང་ཕྱག་རྒྱའི་ཆོ་གས་བྱ། །ཡིད་བཞིན་ནོར་བུའི་ཕྱག ་རྒྱ་ནི་ཚིགས་དང་ཚིགས་སུ་སྦྱར་བ་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུ་སྟེ་སྦྱར་བར་བྱའོ། །ན་མ(རྒྱུད་འགྲེལ་སྤྱིའི་འོ། །སྤྱི་པོར་ཐིག་ལེར་བཅས་པ་ཡི། །ཁ་ནི་ཁ་དོག་ཀུན་ལྡན་བསམ། །ཆོས་ཀུན་ནམ་མཁའ་དང་མཉམ་ཞིང། །ཐོབ་པ་མེད་པ་ཉིད་ཅེས་བརྗོད། །ན་མ(རྒྱུད་འགྲེལ་པོས་མཛོས་པར་བྱས་པའི་སྙིང་པོའི་མཆོག་སྔས་བཞིན་དུ་བསམས་ལ། །མིག་གཉིས་སུ་ཡི་གེར་དང་མ་ཐིག་ལེས་མཚན་པ་མར་མེ་ལྟར་འབར་བ་བསམས་ལ། །ཆོ་ག་བཞིན་དུ་རང་གི་ལྟའི་གནས་ལ་གནས་ཏེ། །སྔར་བཞུགས་སུ་གསོལ ་བའི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་བཞིན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་བུ་མངོན་དུ་བྱའོ། །དེ་ཡི་སྙིང་གའི་དབུས་ཆུང་བའི། །ཟླ་བའི་དཀྱིལ་འཁོར་དྲི་མེད་པ། །དེར་ནི་ཡི་གེའི་གནས་དགོད་དེ། ། ་ནི་ཁ་དོག་སེར་པོའོ། །འདི་ཡི་སྒྲ་ཡི་དེ་ཉིད་ནི། །ཆོས་རྣམས་གདོད་ནས་མ་སྐྱེས་བརྗོད། །ཡིད་ལ་སོགས་པ་ཀུན་འབར་བ། །ནང་དུ་ཆུད་པར་ངེས་པར་བསམ། །སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །མེ་ཡི་རྩེ་མོའི་འོད་བཅས་པ། །ཀུན་ཏུ་འོད་བྱེད་རྣམ ་པར་དག་།མི་ཤེས་གྲོང་ཁྱེར་འཇིག་བྱེད་པའོ། །ཡི་གེ་ཀ་ལ་སོགས་པ་རྣམས་ཀྱང་ཇི་སྐད་སྟོན་པའི་སྒྲའི་དེ་ཁོ་ན་ཉིད་ཇི་སྐད་བཤད་པ་བརྗོད་ཅིང་བཀོད་ལ། དེ་ནས་མངོན་པར་འདོད་པའི་སྔགས་ཀྱི་ཕྲེང་དུ་བསམས་ལ། སྲོག་དང་རྩོལ་བ ་ལེགས་པར་བསྡམས་ཏེ། ཡིད་སླར་སྡུད་པའི་སྦྱོར་བས་གནོན་པར་བྱས་ལ། །ཡིད་ཀྱིས་སམ་ཤུ་བུ་ཅིར་ཌི་པ་དང་ཅི་འདོད་པཱི་དངོས་གྲུབ་ལ་དམིགས་པའི་སེམས་ཀྱིས་ཇི་སྲིད་ཡིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །རྣམ་པ ་གཞན་ཡང་གསང་སྔགས་ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ། ཡི་གེ་དེ་དང་མཐུན་པའི་སྒྲའི་དེ་ཁོ་ན་ཉིད་བསམས་ལ་བཟླས་བརྗོད་བྱའོ། །འདིར་ཡང་གང་བསོད་ནམས་ཀྱི་ཚོགས་ཅམ་གྱི་དངོས་གྲུབ་དོན་དུ་གཉེར་བ་དེ་རྣམས་ལ་ཡིད་ཀྱི་ལམ་ཤུབ་བུར་བྱ ་བའི་ཆོ་གའི་ཕྱིར་དུས་ཀྱིས་ངེས་པ་མེད་དོ། །གང་མཐོད་པའི་ཆོས་ཉིད་ལ་དངོས་གྲུབ་རབ་འབྲིང་ཐ་མ་དོན་དུ་གཉེར་པ་དེ་རྣམས་ལ་ནི། སྔོན་དུ་བསྙེན་པའི་དུས་སུ་ཡིད་ཀྱི་བཟླས་པ་ཉིད་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །ཡང་ཅི་ནུས་པ་?? ་ལྟོས་པར་མའོ། །སྔོན་དུ་བསྙེན་པ་ནི་རྣམ་པ་གཉིས་ཏེ། སྔར་གྱི་དུས་སུ་བྱ་བ་དང་མཚན་མ་ཅན་ནོ། །དེ་ལ་སྔར་གྱི་དུས་སུ་བྱ་བ་ནི་བཟླས་པའི་གྲངས་ཡོངས་སུ་རྫོགས་པའི་ངེས་པའི་དུས་ཏེ། ཞག་དང་ཟླ་བ་ལ་སོགས་པའི་དུས་ཀྱི་གྲངས་དང་དུས་ངེས ་པའོ། །མཚན་མ་ཅན་ནི་མཆོད་རྟེན་དང། །བས་རིས་དང་སྐུ་གཟུགས་ལ་སོགས་པ་ལས་འོད་དང་གསུང་འབྱུང་བ་ལ་སོགས་པའི་མཚན་མ་སྟོན་པའི་ངེས་པ་ཡོངས་སུ་ཆད་པའོ། །དེ་ལ་སྔ་མ་ནི་ཡོངས་སུ་མ་དག་པའི་སྔགས་པའི་ཡན་པར་ཤེས་པར ་བྱ་སྟེ་གང་ཞིག་གི་དབང་དུ་མཛད་ནས། ཤིན་ཏུ་བསྔམས་ཏེ་འབུམ་ཕྲག་གཅིག་།ཡིད་ཀྱིས་བཟླས་པ་བྱ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་གོང་དུ་བསྙེན་པ་གཞན་བྱ་སྟེ། དེའི་ནི་ཤུབ་བུའི་བསྡས?་བརྗོད་ཀྱི་སྐབས་སུ་ཡིན ་པར་ཤེས་པར་བྱའོ། །སྒྲིབ་པ་དང་བཅས་པའི་མཚན་མ་ཅན་གྱི་སྔོན་དུ་བསྙེན་པ་དེ་ལ་ཡང་ཡིད་ཀྱི་བཟླས་པ་ཉིད་ནི་ཇི་སྲིད་མཚན་མ་མཐོང་གི་བར་དུ་བྱ་ལ། དེའི་གོང་དུ་ཟླ་བ་གཉིས་ནི་ཤུབ་བུའི་བཟླས?་བརྗོད་བྱ་བ་ཡིན་པར་སྔ་མའི་རྗེས་སུ་འབྲངས་ནས་ཤེས ་པར་བྱའོ། །དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་བཟླས་བརྗོད་བྱ་འདི་ལས་གཞན་།ཟློས་པ་པོ་ལ་ཕན་འདོད་པས། །མདོར་བསྡུས་ནས་ནི་བསྟན་པར་བྱ། །མགོན་པོ་རྣམ་པར་སྣང་མཛད་ཀྱི། །གསང་སྔགས་གང་ཞིག་ཟློས་འདོད་པ། །དེ་ཡི་ཕྱག་རྒྱ་སྔགས ་བཅས་པ། །མཁས་པས་ཡང་དག་སྦྱར་བར་བྱ། །དེ་ལ་ཡི་གེ་ནི་འདི་ཡིན་ཏེ། །ན་མ(རྒྱུད་འགྲེལ་ཚུར་བཅངས་ལ་སྨིན་མའི་མཚམས་སུ་བཞག་པར་བྱའོ། །སྔགས་ནི། ན་མ(རྒྱུད་འགྲེལ་རྣལ་འབྱོར་ལ་གནས་ཤིང། །ཡི་གེ་ལྔ་ཡི་སྦྱོར་བ་ཅན། །ལུས་ཀྱི་མགོ་དང་ལྟེ་བ་དང། །དེ་བཞིན་ལྟེ་བའི་གོང་དག་དང། །སྨིན་མའི་མཚམས་དང་མགོ་ཕྱོགས་སུ། །མཉམ་པར་བཞག་པས་དགོད་པར་བྱ། །ཆོ་ག་དེ་འདི་བྱིན་བརླབས་ཆེ། །ཐུབ ་པའི་མཆོག་གིས་བཀའ་སྩལ་ཏོ། །ན་མ(རྒྱུད་འགྲེལ་ཀྱི་དབུས་ན་གནས་པའི་ཆུའི་དཀྱིལ་འཁོར་ཡིན་པར་བཤད་དོ། །ལྟེ་བའི་སྟེང་ན་ཡི་གེ་ར་སྟེ། ན་མ(རྒྱུད་འགྲེལ་པོའོ། །ན་མ(རྒྱུད་འགྲེལ་ངེས་པར་བཏུལ། །རྡོ་རྗེ་མོ་འབར་ལྟ་བུ་ནི། །གདུག་པའི་སེམས་དང་ལྡན་པ་དང། །བདུད་ཀྱི་ཚོགས་ནི་མི་བཟད་དང། བགེགས་དང་ལོག་འདྲེན་རྣམས་ཀྱིས་མཐོང། །ཐོད་པ་སྦྱོར་བའི་དབུས་ན་ནི། །ཡི་གེ་ཨ་ནི་ཐིག་ལེར་ལྡན། །ཡི་གེར ་ནི་མིག་ཉིད་དུ། །མར་མེ་འབར་བ་ལྟ་བུ་ཡིན། །སྔ་མའི་གནས་ཀྱི་སྦྱོར་བ་དང། །བྱིན་གྱིས་བརླབས་པའང་སྔ་མ་བཞིན། །བློ་ཡིས་རང་ལུས་སྔོན་བཞིན་དུ། །དེ་བཞིན་གཤེགས་དང་བྲལ་བར་བསམ། །སྒྲ་ཞེས་བྱ་བའི་ཕྲེང་བར་སྦྱར། །ཡི་གེ་དང་ནི་ཡི་གེར ་སྦྱར། །དྲིལ་བུའི་སྒྲ་ལྟར་མ་ཆད་པར། །ཡིད་ལ་སོང་བར་བསམ་པར་བྱ། །དེ་བཞིན་གཤེགས་པའི་གསང་སྔགས་གང་མངོན་པར་འདོད་པས་སྔ་མ་བཞིན་དུ་བཀོད་དེ་བཟླས་བརྗོད་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཨི་གསང་སྔགས་ཟློས་པར་བྱེད་པ་རྣམས ་ལ་རྣམ་པ་གཉིས་པ་འདི་ནི་ཤིན་ཏུ་མྱུར་དུ་གྲུབ་པའི་ཐབས་ཡིན་པར་ཤེས་པར་བྱ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ནི་ཡི་གེ་འདི་དགོད་པར་ཤེས་པར་བྱའོ། །ན་མ(རྒྱུད་འགྲེལ་ཀྱི་ཕྱག་རྒྱ་ཡིན་ནོ། །སྔགས་ནི། ན་མ(རྒྱུད་འགྲེལ་བཞིན་དུ་རང་གི་ལྷའི་ཡི་གེ་ཡོངས་སུ་གྱུར་པའི་སྦྱོར་བ་བྱས་ལ། དེའི་ཡི་གེ་དགོད་པ་ལས་ཅི་ལྟར་མངོན་པར་འདོད་པའི་བཟླས་བརྗོད་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་བཟླས་བརྗོད་ཀྱི་ཆོ་ག་ཡིན་ཏེ། ཐུགས་རྗེ་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར ་ཆེན་པོར་དབང་བསྐུར་བའི་སློབ་དཔོན་ཉིད་ལ་འོས་པ་ཡིན་གྱི། རིག་པའི་དབང་བསྐུར་བ་ནི་མ་ཡིན་ནོ། །ཡན་ལག་བཞིའི་བསམས་གཏན་ལ་སོགས་པའི་སྦྱོར་བ་གང་རྒྱུད་གཞན་ལས་བཤད་པའི་ཆོ་ག་མཚང་བ་ལ་སོགས་པའི་ཉེས་པ་དང་འགལ་བར ་འགྱུར་བ་མ་ཡིན་ནོ། །ལྷ་རྣམས་ཀྱང་ཤིན་ཏུ་ཚིམ་ཞིང་ཐུགས་མཉེས་པར་འགྱུར་བ་ཡིན་ནོ། །ཇི་ལྟར་བྱས་པའི་བཟླས་བརྗོད་དང་བསྲུང་བ་དང་དགོད་པའི་སྦྱོར་བ་ནི་ཤིན་དུ་མྱུར་དུ་གྲུབ་པའི་ཕྱིར་སྒྲུབ་པ་པོས་རྒྱུད་གཞན་དག་ལས་བཤད་པ་དེ་ཡང་བྱའོ། །དེ་ལས ་ཀྱང་ཤིན་ཏུ་མྱུར་དུ་གྲུབ་པར་འདོད་པར་བྱ་སྟེ། ངེ་བས་ན་འདི་དང་ཆོ་ག་གཞན་བསྒྲེ་བར་བྱའོ། །རང་གི་ལྷའི་གནས་ཀྱི་ཆོ་གའི་སྦྱོར་བ་ལས་རང་རང་གི་དཀྱིལ་འཁོར་གྱི་གནས་ཀྱི་བྱ་བ་ལ་རབ་ཏུ་སྦྱར་བར་བྱའོ། །གང་གི་ཁ་དོག་གར ་བཤད་པ། །དེ་ཡི་དཀྱིལ་འཁོར་དེ་འགྱུར་སྟེ?། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །འདི་ནི་དངོས་གྲུབ་རྣམ་གསུམ་དབྱེ་ཤེས་ནས། །རྟག་ཏུ་ཞི་ལ་སོགས་པའི་པས་གསུམ་གྱི། །ཁ་དོག་དཀྱིལ་འཁྲོ་དག་ནི་སོ་ས་ཡི། ། ་དབྱེ་བ་རྣམ་བཞི་ཆོ་ག་བཞིན་དུ་བྱ། །དཀར་པོ་སེར་པོ་དེ་བཞི་ནེ་དམར་དང་གཞན། །ཞི་ལ་སོགས་པའི་དབྱེ་བར་རྟག་ཏུ་བཤད། །ཟླུམ་པོ་དང་ནི་གྲུབ་བཞིར་བཅས་པ་དང། །གྲུབ་གསུམ་དེ་བཞིན་པདྨའི་དབྱིབས་ཅན་ཡིན། །ཞི་པའི་སྦྱོར་བས་ཁ་ནི་བྱང་དུ་བལྟ ་རྟག་ཏུ་ཞི་ཞིང་པདྨའི་འདུག་ཐབས་བྱ། །ཤར་དུ་ཁ་བལྟས་བཀྲ་ཤིས་ཐབས་ཀྱིས་འདུག་།དགའ་བཅས་སེམས་ཀྱིས་རྒྱས་པར་བྱ་བ་ཡིན། །ནུབ་ཏུ་ཁ་ལྟས་བཟང་བའི་ཐབས་ཀྱིས་འདུག་།ཁྲོ་བོ་དགའ་བཅས་སེམས་ངར་དབང་དུ་བྱ། །ལྷོ་ཕྱོགས་ཁ ་ལྟས་སྟན་ནི་མེད་པ་འམ། །གཅིག་བུས་ཁྲོས་པའི་ཡིད་ཀྱི་མངོན་སྤྱོད་བྱ། །རང་ལྷའི་ཁ་དོག་ལ་སོགས་ཆོ་གའི་རིམ། །དཀར་པོ་ལ་སོགས་ཞི་ལ་རྟག་ཏུ་སྦྱར། །དྲིས་སོགས་ལས་དང་རྗེས་མཐུན་ཆོ་ག་བཞིན། །ཁ་དོག་ལ་སོགས་དབྱེ་བའི་ཇི་བཞིན ་སྦྱར། །ཞི་དང་སྟོབས་བསྐྱེད་ལུས་ནི་བརྟན་པ་དང། །བསྐྲད་དང་དགོད་དང་བསད་པར་བྱ་ལ་བའང། །སྔགས་ཀྱང་ཨོཾ་དང་ཕྱག་འཚལ་སྦྱོར་བར་ལྡན། །ཧཱུཾ་དང་ཕཊ་དག་མངོན་སྦྱོང་བྱ་བ་ལ། །ོཾ་དང་སྭཱཧཱ་ཞེས་པས་ཞི་བ་བྱ། །ཐག་མ་ཨོཾ་དང ་བཅས་པ་རྒྱས་པ་ལ། །ཧཱུཾ་དང་ཕཊ་གཉིས་དག་གི་སྦྱོར་བ་ལས། །བར་དུ་མིང་བཅུག་བསྐུལ་བ་བྱ་བ་ཡིན། །དེ་ལྟར་གསང་སྔགས་ཀྱི་དབྱེ་བས་ཞིབ་དང། རྒྱས་པ་དང། མངོན་སྦྱོར་ལ་སོགས་པའི་ལས་ཀྱི་དབྱེ་བས་གསུངས་པ་ཡིན་པར ་ཤེས་པར་བྱའོ། །བཟླས་བརྗོད་ཀྱི་ཆོ་ག་བསྟན་པ་སྟེ་ལེའུ་བཞི་པའོ།། །།དེ་ལྟར་ཅི་རིགས་པ་དང་ཅི་འདོད་པས་བཟླས་བརྗོད་ཀྱི་ཆོ་གའི་རྗེས་སུ་སྤྱད་པ་སྒྲུབ་པ་ཉིད་ལས་སྔ་མ་བཞིན་དུ་བདག་ལས་ཀྱི་རྡོ་རྗེ་སེམས་དཔར་བྱས་ནས། བཅོམ ་ལྡན་འདས་ཡོན་ཏན་མཛའ་ཡས་པ་མངའ་བ་དང། སེམས་ཅན་མ་ལུས་པ་བསྐྱབ་པ་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་བསམ་ལ་ཅི་འབྱོར་བའི་མཆོང་པ་བྱའོ། །དེ་ནས་ཐལ་མོ་སྦྱར་བ་དང་བཅས་པ་སྔ་མ་བཞིན་དུ་འམ། དེ་ནས་གཞན་པའི ་ཡང་དག་པའི་ཡོན་ཏན་ཡོངས་སུ་གྲོགས་པ་ལས་འབྱུང་བའི་བསྟོང་པས་བསྟོང་ཅིང་མཆོད་པས་དེ་རྣམས་ཀྱི་ཡོན་ཏན་ཡོངས་སུ་བསྒྲགས་པར་བྱའོ། །དེ་ནས་ཇི་ལྟར་བྱས་པའི་དགེ་བའི་རྩེ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །དེའི་སྦྱོར་བ་ཡང་འདི་ཡིན་ཏེ། ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་མ་མེད་པའི་ཡོངས་སུ་བསྔོ་བ་མཁྱེན་ཅིང་ཐུགས་ཆུང་པ་དེ་བཞིན་དུ། བདག་གི་བསོད་ནམས་མ་ལུས་པས་སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བགྱི་ཞིང། ། ་དེ་བཞིན་གཤེགས་པ་ཉིད་དང། གཞན་གྱི་ཕུན་སུམ་ཚོགས་པ་བླ་ན་མེད་པའི་གནས་ཆེན་པོ་ལ་རབ་ཏུ་བཞག་པར་བྱའོ། །ཇི་སྲིད་འགྲོ་བ་མ་ལུས་པའི་དོན་བྱེད་པའི་སངས་རྒྱས་ཉིད་ལ་ཡང་དག་པར་འགྲུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ། ཚེ་རབས་དེ ་དང་དེ་དག་ཏུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་གཞན་མི་བྱེད་བར་རྒྱུན་དུ་བདེ་བ་དང་ཡིང་དགེ་བའི་རྗེས་སུ་འགྲོ་བས་དེ་དག་གིས་ཡོངས་སུ་རྫོགས་པར་བགྱིའོ། །དེ་བསྒྲུབ་པ་དང་རྗེས་སུ་མཐུན ་པའི་བདག་ཉིད་ཀྱིས་དངོས་པོ་དང་ཕྱི་ནང་གི་འབྱོར་པ་རྣམས་ཀྱང་ཁ་ན་མ་ཐོབ་མེད་ཅིང་ཡོན་ཏན་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་བརྒྱད་པ་དང། མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱུན་མི་འཆད་པར་རྣམ་པར་འཕེལ་བར ་གྱུར་ཅིག་།དེ་ལྟ་བུའི་སྨོན་ལམ་བདེར་བསྡུས་པ་ཡིན་ཏེ། རྒྱ་ཆེར་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྨོན་ལམ་འམ། ཐེག་པ་ཆེན་པོའི་མདོ་སྡེ་ལས་གསུངས་པའི་སྨོན་ལམ་གཞན་དག་ལ་ཉིད་དང ་མཚན་དུ་བཟླ་བར་བྱའོ། །ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་བདག་ཀྱང་སྨོན་ལམ་འདེབས་པར་བྱའོ་ཞེས་སྨོན་པར་བྱའོ། །དེ་ནས་ཨརྒ་བླངས་ལ་ཕྱི་བོར་ཐལ་མོ་སྦྱར་བ་བཞག་སྟེ། ་སངས་རྒྱས་དང་བྱང་ཆུབ་དང་དཔའ་རྣམས་ལ་ཡང་དག་པའི་ཡོན་ཏན་ལས་བྱུང་བའི་ཕྱག་འཚལ་བར་བྱ་སྟེ། ཉེས་པ་ཐམས་ཅད་བྲལ་བ་གང། །ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ཅིང། །གཅིག་ཏུ་འགྲོ་བའི་མཛད་པ། །སྲས་བཅས་མགོན་ལ་ཕྱག ་འཚལ་ལོ། །དེའི་འོག་ཏུ་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། །མགོན་དང་བྱང་ཆུབ་སེམས་དཔའ་རྣམས། །ཐུགས་རྗེ་ཅན་གྱིས་བདག་བྱིན་བརླབས། །ཐེག་པ་ཆེན་ལས་མི་ཉམས་ཤིང། །ཁྱད་པར་དུ་ཡང་འགྲོ་བ་དང། །སླར་ཡང་བདག་ལ་ཕན་མཛད ་པར། །རྗེས་སུ་གཟུང་བར་དགོངས་ནས་ནི། །མགོན་རིག་དང་སྔགས་པར། ཅི་བདེ་བར་ནི་གཤེགས་སུ་གསོལ། །ཡང་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཅིངས་ལ། གྱེན་དུ་བསྟོད་པ་དང་བཅས་དགྲོལ་བར་བྱའོ། །དེ་ལྟར་ན་སྔར་བཤད་པའི ་དམ་ཚིག་གི་དབང་གིས་བཞུགས་པ་ཐམས་ཅད་ཤིན་ཏུ་སྦྱངས་པ་བྱས་པར་འགྱུར་རོ། །ཇི་ལྟར་རྣམ་པར་བཞག་པའི་བསྲུང་བའི་ཕྱག་རྒྱ་རྣམས་ཀྱང་ཡང་ཀྱིས་དགྲོལ་བར་བྱའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བདག་ཉིད་དེའི་ངོ་བོ་ཉིད་ཡིན ་པར་བྱིན་གྱིས་བརླབས་ལ། བྱང་ཆུབ་སེམས་དང་ལྡན་པའི་ཕན་པའི་བློས། །རྗེ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་དུ་དེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །ཡང་ན་བཟླས་བརྗོད་ཀྱི་མཐར་ཕྱག་རྒྱ་གསུམ་དང་བྱིན་གྱིས་བརླབ་པ་ཉིད་ཀྱི ་བཟླས་བརྗོད་ཉེ་བར་བསྡུ་བའི་ཆོག་འདི་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བས་དེ་འབའ་ཞིག་བྱའོ། །སྤྱི་བོར་ཡང་སྔ་མ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རྣམ་པར་དགོད་པ་དང་རྡོ་རྗེ་བགོ་བར་བྱའོ། །དེ་ལྟར་སྦྱོར་བ་བྱས་པས་རྡོ་རྗེ་སེམས་དཔའ་ ་ཉིད་ལས་གང་དུ་ཡང་ཉམས་པ་མེད་པར་འགྱུར་རོ། །དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་དག་ནི་གང་ཞིག་འདི་མཐོང་བ་ནང་རེག་པ་དང་དེ་དང་ལྷན་ཅིག་སྨྲ་བ་དེ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར ་འགྱུར་བ་ཡིན་ནོ་ཞེས་བཅོམ་ལྡན་འདས་དེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ནས་དགེ་བའི་རྒྱ་བ་ཁྱད་པར་ཅན་གྱི་བྱ་བ་འདོད་པའི་སེམས་ཀྱིས་ལངས་ལ་ཤིན་ཏུ་དབེན་པའི་ས་ཕྱོགས་སུ་མེ་ཏོག་གི་ཚལ་བ་བཀམ་པར་བདག ་ཉིད་འཇིག་རྟེན་དབང་ཕྱུག་བཽ་ཏིང་ངོའི་ཡི་གེའི་དེའི?་ཕྱག་རྒྱས་བྱིན་གྱིས་བརླབ་པ་འམ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པར་བྱིན་གྱིས་བརླབ་པ་བྱས་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཟབ་ཅིང་རྒྱ་ཆེན་པོ་ལ་འཇུག་པར་བྱེད་པའི་མདོ་སྡེ་རྣམས་ཆོས་ཀྱི་སྦྱིན་པ ་བྱ་བ་ལ་དགའ་བའི་བསམ་པ་ས་ཉན་པ་པོ་རྣམས་སྤྱན་དྲངས་ཀླག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་གཟུགས་ཅན་ནི་འཇིག་རྟེན་དབང་ཕྱག་ཡིན་ནོ་ཞེས་དོན་དམ་པའི་ཚུལ་དག་ལ་གསུངས་པ་དང། གང་ཕྱིར་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཡང་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པས་དེ་གཉིས་གང་ཡང་རུང་བའི་ངོ་བོ་ཉིད་དུ་བྱིན་གྱིས་བརླབ་པ་ནི་ཆོས་ཀྱི་སྦྱིན་པ་བྱེད་པའི་དུས་སུ་བྱ་བ་ཡིན་པར་ཤེས་པར་བྱའོ། །དེ་ལ་འདི་ནི་འཇིག་རྟེན་དབང་ཕྱུག་གི་ཡི་གེ་ཡིན་ཏེ། ན་མ: ་ས་མནྟ་བུདབྷཱ་ནཱ། ས། འདིའི་སྒྲེའི་ངེ་ཁོ་ན་ཉིད་ནི་ཆོས་ཐམས་ཅད་འདུ་བ་དང་དམིགས་སུ་མེད་པའོ་ཞེས་མངོན་པར་སྒྲ་སྒྲོགས་པའོ། །འདིའི་ཕྱག་རྒྱ་ནི་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། དྲིལ་བུ་ལྟ་བུར་བྱས་ནས་བརྐྱང་ལ་མཐེ་པོང། ་གཉིས་དང་མཐེ་ཆུང་གཉིས་གཅིག་ཏུ་སྦྱར་བ་ནི་པདྨའི་ཕྱག་རྒྱའོ། །འདིའི་སྔགས་ནི། ན་མ(རྒྱུད་འགྲེལ་པར་བྱའོ། །སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེའི་སྙིང་པོ་དགོད་པར་བྱས་ལ། དམ་པའི་ཆོས་ཀྱང་ཅི་ནས་པར་གླགས་ནས་གཞན་ཡང་མཆོད་རྟེན་གྱི་ལས་དང་དཀྱིལ་འཁོར་གྱི་ལས་ལ་སོགས་པ་བྱས་ཟིན་པ་དང། དེ་ནས་ལངས་ལ་བྱ་བ་ཅུང་ཟད་གང་ཅི ་ཡང་རུང་བ་རྫོགས་པར་བྱས་ནས། སློང་བས་བསླང་སྟེ་ཐོབ་པ་འམ་སྦྱིན་བདག་གཾ་དགེ་འདུན་ལས་ཇི་ལྟ་བ་བཞིན་རྙེད་པའི་ཁ་ཟས་ཉ་དང་ཤ་དང་སྒོག་པ་དང། རི་སྒོག་དང། སྒོག་བཙོང་དང། ལ་ཕུག་དང། ལྷ་ལ་སོགས་པ་ལ་ཕུལ་བའི་ཟས་དང། དེ་བཞིན ་གཤེགས་པ་ལ་ཕུལ་བའི་ལྟ་བཤོས་དང། གང་གཞན་དག་ཀྱང་ལྷག་མར་གྱུར་པ་དང། རྙིང་པ་དང། ཁ་དྲི་མི་ཞིམ་པའི་རྒྱུར་འགྱུར་བ་ཆང་ལ་སོགས་པའི་བཟའ་བ་དང་བཏུང་བའི་བྱ་བ་སྤངས་ལ་རང་གི་ལྟ་ལ་ཟས་ཀྱི་ཕུད་ཅི་རིགས་སར་སྔོན ་དུ་ཕུལ་ལ་འབྱོར་བ་ཅི་ཡོད་པ་ལས་བློ་བུར་དུ་ལྟགས་པ་རྣམས་ལ་ཅི་རིག་སྤར་འགོ་བཤད་བྱ་སྟེ། ཤིང་རྟའི་མིག་བསྐུ་བ་དང་འདྲ་བར་ཕན་ཚུན་རྒྱུ་རྐྱེན་ལས་བྱུང་བའི་རང་གི་ལུས་གནས་པར་བྱ་བའི་ཕྱིར་དགའ་བའི་སེམས་དང་ཆོས་ཀྱི་དབྱིངས ་ཀྱི་ལི་གེས་ཡང་དག་པར་སྦྱངས་ལ། བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་ཟས་ལ་སྤྱད་པར་བྱའོ། །ན་མ(རྒྱུད་འགྲེལ་བཟླ་བར་བྱའོ། །ན་མ(རྒྱུད་འགྲེལ་དོན་དུ་གཉེར་བ་རྣམས་ལ་བྱིན་ལ་ལྡང་བར་བྱའོ། །ཁ་ཟས་ཀྱི་ལྷག་མའི་ཆང་ཟན་ལ་ཡང་ལས་ཐམས་ཅད་བའི་སྙིང་པོའི་དོན་ཡོད་པའི་གཏུམ་བོས་མངོན་པར་བསྔགས་པའི་འཕགས་པ་མི་གཡོ་བ་ལ་དབུལ་བར་བྱ་སྟེ། དེ་ལྟར་བྱས་པས་ཡོངས་སུ་མཉེས་ཤིང ་རྗེས་སུ་འབྲང་བར་བྱའོ། །ན་མ(རྒྱུད་འགྲེལ་པ་ལ་སོགས་པ་སེམས་རྣམ་པར་དག་པར་བྱེད་པའི་རྒྱུ་རྣམས་ཀྱང་དེ་བཞིན་དུ་ལེགས་པར་བྱས་ནས། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཀུན་དགའ་ར་བར་གནས་པར་བྱའོ། །དེ་ནས་ཕྱི་དྲོའི་དུས་སུ་སྔ་མ་བཞིན་དུ་བཟླས་བརྗོད་བྱས་ལ། མཚན་སྟོད་སྨད་ལ་ནི ་ཐེག་པ་ཆེན་པོ་སེམས་པ་ལ་སོགས་དང་མངོན་པར་ལྡན་པ་ཉིད་དུ་བྱའོ། །དེའི་བར་གྱི་དུས་ལ་ནི་ལས་ཀྱི་རྡོ་རྗེ་རྡོ་རྗེ་ཆེན་པོའི་གོ་བགོས་པར་གྱུར་པར་བྱས་ལ། ཁྲི་མེད་པའི་མལ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག ་ཐམས་ཅད་བཏུད་བས་ཕྱག་བྱས་ལ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སྨོན་པ་མངོན་སུམ་དུ་བྱས་ཏེ། རང་གི་ལུས་དེ་བཞིན་གཤེགས་པའི་གཞིར་གྱུར་པའི་འོས་སུ་བྱ་བའི་ཕྱིར ་ཁམས་མཉམ་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེས་ཡིད་ལ་བྱས་ལ་ཉལ་བར་བྱའི། གཉིད་ཀྱི་བདེ་བ་ལ་ཆགས་པར་བྱ་བའི་ཕྱིར་མ་ཡིན་ཏེ། དེ་ལྟ་བུས་དང་པོར་གློ་གཡས་པ་ཕབ་ནས་ཉལ་བར་བྱ་སྟེ་ཕྱིས་ནི་ཅིབ་དབང་བྱེའོ། །ཉལ་ནས་ཀྱང་མྱུར་དུ་སད་པར་བྱ ་བའི་ཕྱིར་སྣང་བའི་འདུ་ཤེས་ཡིད་ལ་བྱ་བ་ལ་སྔོན་དུ་འགྲོ་བའི་ཡིད་དུ་བྱའོ། །དེ་ཕྱི་དེ་ཉིད་གསང་སྔགས་ཀྱི་སྒོའི་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་སྤྱོད་པ་དེ་ཉིད་ཀྱི་ཆོ་གའི་རྒྱུན་མི་འཆད་པས་གསང་སྔགས་མཉེས་པར་བྱ་བ་དང་རབ ་ཏུ་ལྡན་པ་ཡིན་པར་ཤེས་པར་བྱའོ། །གྲངས་དང་དུས་དང་མཚན་མ་ལ་སོགས་པ་ཇི་ལྟར་སྔོན་དུ་སྤྱད་པའི་ཁྱད་པར་རྣམས་ལ་ཆོ་ག་ཇི་བཞིན་གསུངས་པ་བཞིན་མ་ལུས་པར་རྫོགས་པར་བྱ་བར་བདག་གིས་མི་ནུས་སོ་ཞེས ་སྦྱིན་ཞན་ཅིང་འཁུམ་པར་མི་བྱའི། སྟོབས་ཅི་ཡོད་པས་མངོན་པར་བརྩོན་པར་བྱ་སྟེ། ཆོ་ག་བླ་མེད་པ་འདི་ནི་དོན་ཡོད་པ་ཡིན་པས་སེམས་ཅན་ལ་ཕན་པའི་སེམས་དང་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཅི་ནས ་ཀྱང་མཉེས་པར་བྱས་ནས་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བའི་རྒྱུར་འགྱུར་བ་ཉིད་ཡིན་པར་ཁོང་དུ་ཆུལ་པར་དབྱའོ། །གཉིས་པོ་འདི་ནི་ཡོངས་སུ་སྤང་པར་མི་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་པོར་ལྟ་ཞིང་ཉེ་བར་ཞི ་བའི་སེམས་དང། འགྲོ་བ་མ་ལུས་པ་ཡོངས་སུ་བསྐྱར་བར་བྱ་བའི་ཕྱིར་ཡང་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོན་པ་ཉིད་དུ་རྒྱུན་དུ་ལྡན་པས་ངེས་པར་རྗེས་སུ་མཐུན་པའི་དངོས་གྲུབ་ཐོབ་པར་འགྱུར་བར་ཤེས་པར ་བྱའོ། །ཆོ་ག་འདི་ལ་ནི་ནང་གི་བདག་ཉིད་ཀྱི་གཙང་སྦྲ་གཙོ་བོར་གྱུར་བ་ཡིན་པས་ཕྱིའི་གཙང་སྦྲུ་ལ་མངོན་པར་ཞེན་པར་མི་བྱའོ། །བཟའ་བ་མ་ཡིན་པ་ཟོས་པ་དང། ཕྱག་དང་དང་ལྷག་མ་དང་འདྲེས་པ་ལ་སོགས་པའི་རྟོག་པ་ཡང་མི་བྱའོ། ། ་ལས་བདེ་བར་གནས་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་ཁྲུས་དང་གཙང་སྒྲ་ལ་སོགས་པའི་རིམ་པ་ཅི་རིགས་པར་རྗེས་སུ་སྤྱད་པར་བྱའོ། །ཁྲུས་ཀྱི་ཆོ་ག་ཆུ་བོ་སྩོགས་པར་བྱེད། །ཕྱག་རྒྱ་སྔགས་ཀྱི་གོ་རིམས་ལྡན་པར་བྱ། །དང་པོར་དམ་ཚིག་ཅེས ་བྱའི་ཕྱག་རྒྱ་དང། །ཕྱག་རྒྱ་གསུམ་པོ་སྔགས་བཅས་གང་ཡིན་ཅིང། །ར་ཡི་སྦྱོར་བས་ཆུ་ཡི་གནས་སྦྱང་ཞིང། །མི་གཡོ་མངོན་དང་འཇིག་རྟེན་གསུམ་འདུལ་པའི། །དེའི་སྔགས་ཕྱག་རྒྱས་ཕྱོགས་སོགས་བཅིང་བ་ནི། །དེ་ཉིད་རང་བཞིན་བསྒོམ ་པའི་སྔགས་པས་བྱ། །ལན་གསུམ་བཟླས་པའི་ས་དང་ཁྲུས་བྱས་པ། །རྟག་ཏུ་རྗེས་འཇུག་སེམས་ནི་ཡིད་ལ་བྱ། །ཡང་ན་མི་གཡོའི་སྔགས་རྒྱལ་རྗེས་དྲན་ལ། །མཁས་པས་མི་སྨྲ་བར་ནི་ཁྲུས་བྱས་ཏེ། ན་མ(རྒྱུད་འགྲེལ་རྒྱ་ནི་རལ་གྲི་ཉིད་དོ། །ན་མ(རྒྱུད་འགྲེལ་རྒྱ་སྔར་བཤད་པའི་རྡོ་རྗེ་རྩེ་ལྔ་པའོ། །འདིའི་སྔགས་ནི། ན་མ་ས་མནྟ་བཛྲཱ་ཏཱཾ། ཧ་ཧ་ཧ། བིསྨ་ཡེ་སརྦ་ཏ་ཐཱ་ག་ཏ་བི་ཥ་ཡ་སམྦྷ་བ་ཏྲཻ་ལོ་ཀྱ་བི་ཛ་ཡ་སྭཱཧཱ། །ཁྲུས་བྱས་ཉེ་རེག་བྱས་ནས་སླར་ཡང་དམ་ཚིག་སྩོགས། །རྒྱ་བཅིངས་སྔགས་ཀྱི་སྦྱོར་བས་མགོ་ལ ་སོགས་པར་བཞག་།སངས་རྒྱས་སྲས་དང་དགེ་འདུན་ལ་ལུས་མཐར་ཐུག་པ། །བསམ་ལ་ཆུའི་སྦྱོར་བ་གསུམ་ནི་དབུལ་བར་བྱ། །འགྲོ་ལ་ཕན་པའི་སྔགས་པ་མཆོག་གཞོལ་སངས་རྒྱས་དང། །བྱང་ཆུབ་སྲས་རྣམས་རྣམ་དག་ཡིད་ཀྱིས་ཕྱག་བྱས་ལ། ། ་འདོད་ཆགས་ལ་སོགས་རྟོག་དང་བྲལ་བའི་ཡིད་ཀྱིས་ནི། །དུལ་བར་ལྡན་པས་གནས་དེ་ཉིད་དུ་འགྲོ་བར་བྱ། །གནས་ཏེ་ཉིད་དུ་བརྗོད་པ་ཇི་བཞིན་རབ་བྱ་ཞིང། །སྔར་བཤད་ཆོ་ག་དེ་ཡིས་སེམས་ནི་འདུལ་བར་བྱ། ལྐོག་མ་བྲང་དང་ལྟེ་བ་རྐེད་པ་ཙམ་བསྟེན ་པ། །མཆོག་དང་འབྲིང་དང་ཐ་མའི་གནས་ནི་ཐོབ་པར་འགྱུར། །གང་ཚེ་དེ་ལྟའི་ཚིགས་རབ་ཏུ་ཞུགས་གྱུར་པ། །སྡིག་པའི་ཚོགས་ཀུན་རྣམ་པར་འཇིག་པར་བྱས་ནས་ནི། །ཐམས་ཅད་མཁྱེན་ཉིད་གནས་ཐེབ་ཆོ་གས་ནི་ལེགས་བསགས་ཕྱིར། །བགོགས་རྣམས་དེས ་བཅོམ་སྔགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ། །དེ་ནས་འཇིག་རྟེན་པའི་སྒྲུབ་པ་རྒྱུད་གཞན་ལས་བསྟན་པ་ཡང་དག་པར་བླངས་ལ། སྒྲུབ་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཉེ་བར་གཟུང་ནས་དེ་བརྩམ་པར་བྱའོ། །འཇིག་རྟེན་པ་ཉིད་ནི་འདིར་མཚན་མ་དང་བཅས་པའི་ཆོ་ག ་སྟེ། གང་མཚན་མ་དང་བཅས་པ་དེ་ནི་འཇིག་རྟེན་པའོ། །ཞེས་རྒྱུད་གཞན་ལས་གསུངས་པའི་ཕྱིར་རོ། འདི་ནི་འདིར་གཙོ་ཆེ་མཚན་མ་ཅན་གྱི་ཆོས་ལ་ལྷག་པར་མོས་པའི་འགྲོ་བ་ལ་བལྟོས་ནས་གསུངས་པ་ཡིན་ནོ། །གང་ཡང ་ཏིང་ངེ་འཛིན་འདིར་གཏོགས་པའི་མོས་པའི་ཁྱད་པར་དེ་རྣམས་ལ་ནི། དེ་ལ་ལྷག་པར་མོས་པའི་ཡིད་ལ་བྱེད་པ་བསྒོམ་པ་སྔོན་དུ་འགྲོ་བའི་སྔོན་དུ་བསྙེན་པའི་ཆོ་ག་དང། སྒྲུབ་པའི་ཆོ་ག་ནི་དངོས་གྲུབ་ཀྱི་ལེའུ་དང། འཇིག་རྟེན་ལས་འདས་པའི ་ལེའུ་ལས་ཅི་རིགས་པར་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལས་ཀྱང་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་ཡིད་ལ་བྱེད་པས་ཀྱང། བཟླས་བརྗོད་ཀྱི་བྱ་བའི་ཡན་ལག་མི་དམིགས་པའི་ཕྱིར་འཇིག་རྟེན་ལས་འདས་པའི་བཟླས་པ་ཡིན་པར ་འདོད་དེ། དེའི་ཉེ་བར་གདགས་པས་དེ་རྟོགས་པར་བྱེད་པའི་ཐིབས་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་དང་འབྲེལ་བའི་མཆོད་པའི་ཆོ་ག་།སློབ་དཔོན་དཔལ་བཟང་རབས་དགས་མཛད་པ་རྫོགས་སྟོ།། །། ་རྒྱ་གར་གྱི་མཁན་པོ་པདམཱ་ཀ་ར་བརྦ་དང། ཞུ་ཆེན་གྱི་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་བདུགས།། *། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ ་