CLOSE WINDOW

N2282: rnam par snang mdzad mngon par rdzogs par byang chub pa'i rgyud kyi bsdus pa'i don
Wyliee-texts based on the ACIP/ALL Input

རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་དོན་བཞུགས། ་#། །རྒྱ་གར་སྐད་དུ། བཻ་རོ་ཙ་ནཱ་བྷི་སམཔོ་དྷི་ཏནྟྲ་པིཎྜཱརྠ། བོད་སྐད་དུ། རྣམ་པར་སྣང་མཛད་མངོན་པར་རྫོགས ་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན། བམ་པོ་དང་པོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས ་པའི་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། །གང་ཞིག་ཉིད་ཀྱི་སྐུ་གསུང་ཐུགས་བཅས་པའི། །ཚོགས་ཟད་མི་ཤེས་རྣམས ་ཀྱིས་འཇིག་རྟེན་གྱི། །སྐྱེ་རྒྱུད་རབ་ཏུ་ཞི་མཛད་བདེ་གཤེགས་ལས། །འབྱུང་བའི་སྐུ་གསུང་སྩོལ་མཛད་བྱང་ཆུབ་ཕྱིར། །རྡོ ་རྗེ་ཅན་དང་རྒྱལ་བའི་སྲས་རྣམས་ཀྱིས། །བསྟེན་བྱ་རྣམ་པར་སྣང་མཛད་དེ་དང་ནི། །དེའི་སྐུ་གསུང་ཉིད་ལའང་ཕྱག ་འཚལ་ནས། །རྣམ་སྣང་མཛད་རྒྱུད་བསྡུས་པའི་དོན་སྡུས་བཤད། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་དང་གཞན་གྱི་དོན ་ཕུན་སུམ་ཚོགས་པ་ཐུགས་སུ་ཆུད་པར་མཛད་ནས། གདུལ་བྱ་རྣམས་དེ་ཁོ་ན་ལ་གཟུད་པའི་ཕྱིར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས ་པ་དེ་དག་ཉིད་གསང་སྔགས་ཀྱི་སྤྱོད་པ་སྟོན་པར་བྱེད་པ་དང། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་བྱེད་པའི་མདོ་སྡེ་རྣམས་ཀྱིས་བསྟན་ཏོ། ། ་དེ་ལྟ་བས་ན་རྒྱུད་འདི་ནི་འདི་ལྟ་སྟེ། བསྡུས་པ་དང་རྒྱས་པ་དང་རྣམ་པ་གཉིས་ཀྱི་སྒོ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་གི་དོན་ཕུན་སུམ་ཚོགས་པའི་དོན་བསྡུ་བར ་བཞེད་དོ། །དེ་ལ་བསྡུས་པའི་སྒོ་ནས་ནི། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་བ་རྣམ་པར་སྤྲུལ་བ་བྱིན་གྱིས་རློབ་པ་ཞེས་བྱ་བའི་མིང་རྒྱུད་ཀྱི་དོན་ཐམས་ཅད ་སྟོན་པར་བྱེད་པ་འདིས་བསྡུས་པར་བཞེད་པ་ཡིན་ནོ། །རྒྱས་པའི་སྒོ་ནས་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་མཛའ་དག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང ་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་དང་ངོ་བོ་ཉིད་དང། འབྲས་བུ་ཕུན་སུམ་ཚོགས་པ་གསུམ་གྱི་མཚན་ཉིད་ཅན་རབ་ཏུ་དབྱེ་བ་དང། དེ་བཞིན་དུ་གཞན་གྱི་དོན་ཕུན་སུམ ་ཚོགས་པའི་ཐབས་ཕྱག་རྒྱ་དང། །ཀྱིལ་འཁོར་དང། གསང་སྔགས་ལ་སོགས་པའི་མཚན་ཉིད་ཅན་བསྟན་པ་དང་གཉིས་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་བསྡུས་པར ་བཞེད་པ་ཡིན་པར་བལྟའོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་འདི་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འགྲུབ་པའི་ལམ་གྱི་རིམ་པ་བསྟན ་པའི་སྒོ་ནས་བརྗོད་པ་ཡིན་ནོ། །ངོ་བོ་ཉིད་ཕུན་དང་པོར་དོན་ཕུན་སུམ་ཚོཊ་པ། རྣམ་སྣང་གི་གོ་འཕང་ཐོབ་པར་འགྱུར་པའི་སུམ་ཚོགས་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་བསྟན ་པའི་སྒོ་ནས་བརྗོད་པ་ཡིན་ནོ། །རྣམ་སྣང་གི་འབྲས་བུ་ཕུན་སུམ་ཚོགས་པ་ནི་སྐུ་ལ་སོགས་པ་བཀོད་པ་མི་ཟད་པའི་རྣམ་པར་སྤྲུལ་པའི་མཚན་ཉིད་བསྟན་པའི་སྒོ་ནས ་བརྗོད་པ་ཡིན་ནོ། །གཞན་གྱི་དོན་ཕུན་སུམ་རྣམ་སྣང་གི་ཚོགས་པ་ནི་སྐུ་ལ་སོགས་པ་མི་ཟད་པར་རྣམ་པར་སྤྲུལ་པ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་ཕྱག་རྒྱ་དང། གསང ་སྔགས་དང། དཀྱིལ་གཉིས་པ་འཁོར་ལ་སོགས་པར་བརྟགས་པའི་སྒོ་ཐབས་དང་བཅས་པར་བརྗོད་པ་ཡིན་ནོ། །དེ་ལྟར་ན་གཞན་དོན་དུ་བརྟག་བ་དེ་ལ་གཉིས་ཏེ། སློབ་དཔོན་གྱི་དང། བསྒྲུབ་པོའི་སྤྱོད་པའོ། ། ་དེ་ཡང་ཇི་ལྟ་བཞེན?། སློབ་དཔོན་གྱི་དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་སྤྱོད་པ་དང་སྒྲུབ་པོས་གསང་སྔགས་དང་བླས?་བརྗོད་སོགས་ཀྱི་སྒོ་ནས་འཇུག་བའི་སྦྱོད་པའོ། །རྣམ་པར་སྤྲུལ་བ་འདི་ཕྱག་རྒྱ་དང། གསང་སྡགས་ལ་སོགས་པར་བྱིན་གྱིས་བརླབས་པའི་སྒོ་ནས་གཞན་གྱི་དོན་དུ ་བརྟགས་པ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། དཀྱིལ་འཁོར་གྱི་སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང། སློབ་མའི་མཚན་ཉིད་རྣམ་པར་དབྱེ་བ་དང། དཀྱིལ་འཁོར་གྱི་སའི ་མཚན་ཉིད་རྣམ་བར་དབྱེ་བ་དང། ཡོངས་སུ་དག་པ་དང། ཡོངས་སུ་གཟུང་བའི་མཚན་ཉིད་དང། དངོས་པོ་གསུམ་བསྟན་པ་དང། སློབ་མ་སྟ་གོན་དུ་གནས་པའི་ཆོ་ག་བརྗོད་པ་དང། དཀྱིལ་འཁོར་གྱི ་ཐིག་བྲི་བ་དང། དེའི་རིམ་པ་དང། དེའི་སྒོ་ཁྱུད་ཀྱི་མཚན་ཉིད་དང། དངོས་པོ་གསུམ་རྣམ་པར་དབྱེ་བ་དང། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལུས་ལ ་བཀོད་པ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་བཀོད་པ་མི་ཟད་པའི་བྱིན་གྱི་རླབས་བརྗོད་པ་དང། ཡི་གེ་འཁོར་ལོ་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱི་གསུང་བཀོད་པ་མི་ཟད་པའི་བྱིན ་གྱིས་བརླབས་སུ་གྱུར་པའི་ས་བོན་གྱི་ཡི་གེ་རྣམས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དགོད་པ་དང། གསང་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་བཀོད་པ་མི་ཟད་པའི་བྱིན ་གྱི་རླབས་སུ་གྱུར་པ་མེ་དང་རླུང་དང། ས་དང། ཆུའི་དཀྱིལ་འཁོར་ལ་གནས་པའི་ཕྱག་རྒྱའི་ཁྱད་པར་དག་གིས་དཀྱིལ་འཁོར་དེའི་ལྷ་རྣམས་དགོད་པའི་བྱེ་བྲག་བསྟན་པ་དང། ་ཚོན་རྩི་དགྱེ་བའི་བྱེ་བྲག་བསྟན་པ་དང། དཀྱིལ་འཁོར་བྲིས་ཟིན་ནས་དཀྱིལ་འཁོར་གྱི་ལྷ་རྣམས་བྱིན་གྱིས་བརླབ་པའི་སྦྱོར་བ་བསྟན་པ་དང། དེ་དག་ཉིད་ལ་ཕྱི་ནང་གི་མཆོད་པ་བྱ་བའི་ཕྱིར ་མཆོད་པའི་ཡན་ལག་བསྟན་པ་དང། སློབ་མ་གཟུང་བའི་ཆོ་ག་རྗོད་པ་དང། །དེ་དག་ཉིད་ལ་དམ་ཚིག་བསྒྲག་པའི་ཆོ་ག་བསྟན་པ་དང། དེ་དག་དབང་བསྐུར་བའི་ཆོ་ག་བསྟན་པ་དང། དེ ་བཞིན་དུ་རིག་སྔགས་འཛིན་དུ་གཞུག་པའི་ཆོ་ག་བརྗོད་པ་དང། རིག་སྔགས་དང། གསང་སྔགས་དང། ཕྱག་རྒྱ་རྣམས་ཀྱི་ཁྱད་པར་རྒྱས་པར་བསྟན་པ་དང། ཕྱི་དང་ནང་གི་བཟླས ་བརྗོད་ཀྱི་ཡན་ལག་བསྟན་པ་དང། རིག་སྔགས་དང་གསང་སྔགས་ལ་སོགས་པའི་སྒྲུབ་པའི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པའི་ཡན་ལག་བསྟན་པ་དང། གྲུབ་པའི་མཚན་མ ་བསྟན་པ་དང། ཕྱི་ནང་གི་གྲུབ་པའི་མཚན་ཉིད་བརྗོད་པ་དང། མེས་བྱ་བའི་ཆོ་ག་བསྟན་པ་དང། སྒྲུབ་པའི་ཡན་ལག་རབ་ཏུ་དབྱེད་བ་བསྟན་པའོ། །དེ་ལྟ་བས་ན་འདི་ལས་ནི་དངོས་པོ ་འདི་རྣམས་ཀྱི་མཚན་ཉིད་རིམ་པ་དང། བཟློག་པར་ལྡན་པ་དང། རྒྱས་པར་བསྟན་པའི་སྒོ་ནས་བསྟན་ཏེ། དེའི་ཕྱིར་བློ་བཟང་པོ་རྣམས་དྲན་བ་བསྐྱེད་པའི་ཕྱིར་འདི་དག་གིས་བསྡུས་པའི་དོན་ཅི་རིགས་པར་མདོར་བསྡུས་ནས་རིམ་པར་བྱའོ། །དེ་ལ་མདོར་ན། རྣམ་པར་སྣང་མཛད་ཆེན་པོ ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་མིང་འདིས་ནི་རྒྱུད་མཛའ་དག་གི་དོན་ཇི་ལྟར་བསྡུས་པ་དེ་བཞིན་དུ་འདིའི་མིང་བྱེ་བྲག་ཏུ་སྟོན་པ་ཡིན་ནོ། །གང་གི་ཕྱིར་གདུལ་བ་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་ཁ་ཅིག་ནི་ཐེག་པ་ཆེན་པོ་ལ་སོགས་པའི་མདོ་སྡེ་ལས་བསྟན་པའི ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་བ་ལ་གོམས་པས་མངོན་པར་མཐོ་བའི་མཚན་ཉིད་ལྟ་དང་མིའི་དཔལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ་ཉམས་སུ་མྱོང་བར་བྱས་ཏེ། རིམ་གྱིས་དཔལ་རྣམ་པར་སྣང་མཛད་ཀྱི་གོ་འཕང་འདོད ་དོ། །གཞན་དག་ནི་རིག་སྔགས་དང། གསང་སྔགས་མཉེས་པར་བྱེད་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། དེའི་འབྲས་བུར་གྱུར་པ་ལྟ་དང་མིའི་དཔལ་ཉམས་སུ་མྱོང་བར་བྱས་ནས་རྣམ་པར་སྣང་མཛད་ཆེན་པོའི་གོ་འཕང་འདོད་དེ། འདི་ལྟར་ཕ ་རོལ་ཏུ་ཕྱིན་པ་ལ་མོས་པ་རྣམས་ལ་དངོས་སུ་ཕན་གདགས་པའི་བྱིར་མདོ་སྡེའི་ཕ་རོལ་ཏུ་ཕྱིན་པའི་སྦྱོད་བ་གཙོ་བོར་མཛད་པ་འཕགས་པ་ས་བཅུ་པ་དང། དཀོན་མཆོག་སྦྲིན་དང། བློ་གྲོས་མི་ཟད་པ་ལ་སོགས་པ་དག་དང། དོན་ཟབ་ཅིང་རྒྱ་ཆེ་བ་གཙོར་མཛད་བ ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང། སྡོང་བོས་བརྒྱན་པ་དང། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་བ་དག་བསྟན་ཏོ། །གསང་སྔགས་ཀྱི་སྦྱོད་པ་རྣམས་ལ་མོས་པ་ནི་ཁ་ཅིག་ལ་ཕན་གདགས་པའི་ཕྱིར་རྣལ་འབྱོར་གྱི་ལུགས་ཕྱག་རྒྱ་ཆེན་པོ་ལ་སོགས་པ ་སྒྲུབ་པའི་ཕྱག་རྒྱ་བཞི་བའི་རྣལ་འབྱོར་ལ་གོམས་པ་གཅོར་མཛད་ཅིང་རང་གི་ལྟག་པའི་ལྟ་མཉེས་པར་བྱ་བ་དང། རྗེས་སུ་མཐུན་པའི་ལུས་ལ་སོགས་པའི་སྦྱོད་པ་དང། མཆོད་པའི་ཡན་ལག་གི་ཁྱད་པར་དག་ཅི་རིགས་པར་བྱེ་བྲག་ཏུ་བསྟན་པ། འཕགས་པ་དེ་ལོ་ན་ཉིད ་བསྡུས་པའི་རྒྱུད་དང། དཔལ་མཆོག་དང་པོ་ལ་སོགས་པ་དག་བསྟན་ཏོ། །དེ་ལས་གཞན་པའི་གདུལ་བ་དག་ལ་ནི་དང་པའི་སྒོ་ནས་བྱ་བའི་ལུགས་ཅན་གྱི་རྒྱུད་ཕྱིའི་བྱ་བའི་ཁྱད་པར་ཡང་དག་པར་བསྟན་པ་ཐབས་དང་ཤེས་རབ་ལ་གོམས ་པ་གཙོར་མཛད་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་དག་བསྟན་ཏེ། འདི་ལྟར། འཕགས་པ་དམ་ཚིག་གསུམ་གྱི་རྒྱལ་པོ་དང། སྐུ་གསུམ་གྱི་གཙུག་ཏོར་དང། གཙང་སྦྲ་སྦྱོད་པ་ལ་སོགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་དག་ཡིན་ནོ། །རྣམ ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་བ་བྱིན་གྱིས་རློབ་པའི་རྒྱུད་དོན་དམ་པའི་ཆུལ་རབ་ཏུ་བསྒྲགས་པ་སྒྲུབ་པའི་སྦྱོར་བ་ཐབས་དང་ཤེས་རབ་ལ་གོམས་པ་སྔོན་དུ་འགྲོ་བ་ཡང་དག་པར་བསྟན་པ་ཕྱའི་གཙང་སྦ་སྤྱོད་པ་ལ་སོགས་པའི་སྒྲུབ ་པ་གཙོ་བོར་བྱེད་པ་རྣམ་པར་དམང་པ་དོན་དམ་པའི་རྣལ་འབྱོར་ལ་གོམས་པའི་རྒྱུར་གྱུར་པ་བསྟན་པ་འདི་ཡང་གདུལ་བའི་སྐྱེ་བོ་བྱ་བའི་རྒྱུར་ཀྱི་ལུགས་གཙང་སྤྲ་གཙོ་པོར་མི་བྱེད་པ་དེ་ལྟ་བུ་ལ་མོས་པ་དག་གཟུང་བའི་ཕྱིར་བྱ་བའི་བྱ་རྒྱུད་སྔ་མ་ལྟར་རྒྱུད་དེ་ཞེས་བསྒྲགས་སོ། །གསང ་སྔགས་ཀྱི་ལུགས་ལ་མོས་པའི་གདུལ་བ་དེ་དག་ཀྱང་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མགོ་སྨོས་པས་གོ་བ་དང། རྣམ་པར་ཕྱེ་བས་གོ་བ་དང། ཚིག་ལྷུར་ལེན་པའོ། །དེ་ལ་ཤེས་རབ་ཤིན་ཏུ་རྣོ་བ་དང། ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཆེར་གོ་བ་དང་ལྡན་པ་དག་ནི ་ཚིག་དང་དག་མདོར་བསྡུས་པས་ཀྱང་མགོ་སྨོས་པའི་དོན་གྱིས་རིགས་ཀུན་ཤེས་པར་ནུས་པས་མགོ་སྨོས་པས་གོ་བ་ཞེས་བྱ་བའོ། །ཤེས་རབ་འབྲིང་དང་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་འབྲིང་དུ་གོ་བ་དང་ལྡན་པ་ངག་ནི་ཚིག་དང་ངག་རྣམ་པར་ཕྱེ་བའི་དོན་འཇིན་པ ་ནུས་པས་རྣམ་པར་ཕྱེ་བས་གོ་བ་ཡིན་ནོ། །ཤེས་རབ་ཕལ་པ་དང། ཆོས་ཕལ་བར་གོ་བ་དང་ལྡན་པ་དག་ནི་ཚིག་རེ་དེ་ནས་རྣམ་པར་བཤད་པས་དོན་འཛིན་ནུས་པའི་ཕྱིར་ཚིག་ལྷུར་ལེན་པ་ཞེས་བསྟན་ཏོ། །དེ་ལ་གདུལ་བ་མགོ་སྨོས་པས་གོ་བ་རྣམས་ཀྱི་དབང་དུ་མཛད ་དོ། །དོན་དང་མཐུན་པའི་མིད་མངོ་སྡེ་དང། རྒྱུད་ཏེ་དེ་འཛིན་དང། རྣམ་པར་ཐར་བའི་སྒོ་དང། བྱང་ཆུ་སེམས་དཔའ་ལ་སོགས་པ་ཁོ་ནས་བསྟན་ཏེ། འདི་ལྟར་དེ་དག་གིས་ནི་མདོར་བསྡུས་པ་ལས་ཀྱང་མགོ་སྨོས་པའི་དོན་རྒྱས་པར་ཁོང་དུ་ཆུད་པར་ནས་སོ་སྙ་མ་རུང་གོངས་པ ་ཡིན་ནོ། །རྣམ་པར་ཕྱེ་བས་གོ་བ་རྣམས་ལ་ཡད་ཕན་གདགས་པའི་ཕྱིར་དེ་དག་ཉིད་ཀྱི་དོན་ནི་རབ་ཏུ་དབྱེ་བ་ཙམ་དུ་བརྗོད་དོ། །ཚིག་ལྷུར་ལེན་པ་རྣམས་ལ་ནི་ཕན་གདགས་པའི་ཕྱིར་རྒྱུད་ལ་སོགས་པའི་ཚིག་དེ་དག་ཉིད་ཀྱི་ཡན་ལག་རྣམ་པར་དབྱེ་བ་བརྟག་པའི་རིམ་གྱིས ་རྒྱས་པར་སྤྲོས་ཏེ་རྣམ་པར་བཤད་པ་མཛད་དོ། །དེ་ལྟ་བས་ན་འདིར། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པར་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མིང་དང་མཐུན་པ་བྱེ་བྲག་ཏུ་སྟོན་པར་མཛད་པ་མགོ་སྨོས་པས་གོ་བ ་རྣམས་ལ་ཕན་གདགས་པར་བསྟན་པ་སྟེ། འདི་ལྟར་དེ་ལྟར་དེ་དག་ནི་ཤེས་རབ་ཤིན་ཏུ་རྣོ་བ་དང་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཆེར་གེ་བ་དང་ལྡན་པས་རྒྱུད་འདིའི་མིང་ཐོས་པས་ཀྱང་དོན་འདི་ཁོང་དུ་ཆུད་པར་བྱེད་དེ། འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་ཕུལ་དུ་བྱུང་བ་ཡིན་ནོ། །མངོན་པར་རྫོགས་པར་བྱང་ཆུབ་བ་ནི་དེས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུང་པ་ཡིན་ཏེ། སྐད་ཅིག་མ་དང་པོ་ལ་རང་གི་ཡེ་ཤེས་ཀྱིས་འགྲོ་བའི་ངོ་བོ་ཉིད་ཉོན་མོངས་པ་དང ་ཤེས་བྱའི་སྒྲིབ་བ་ཉེས་པ་སྤངས་པ་ནམ་མཁའ་བཞིན་དུ་སྤྲོས་པའི་བག་ཆགས་ཀྱི་ངོ་བོ་ཕུན་ཆོགས་གནས་ཐམས་ཅད་བསལ་བ་ཤིན་ཏུ་འོད་གསལ་ཞིང་དང་རིག་པའི་ངོ་བོ་ཡིན་པའི་བྱང་ཆུབ་དེ་བརྙེས་པ་ཁོ་ནའི་ཚེན་ཆོས་ཉིད་ཀྱིས་ཐོབ་པ་སྐུ་ལ་སོགས་པ་བཀོད་པ་སེན་ཡོངས་སུ་དག་པ ་ཡོངས་སུ་?་ལ་སོགས་པ་དང་འདྲ་བ་དང། སངས་རྒྱས་ཀྱི་གསུང་བཀོད་པ་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་གསུང་བར་མཁས་པ་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་དོན་།འབྲས་བུ་ཕུན་ཚོགས་དམ་པ་ཀུན་རྫོབ་ཀྱི་བདེན་པ་ཡུལ་ཅན་འགྲུབ་པས་ནི་རྣམ་པར་སྣང་མཛད་མངོན ་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྦྲུལ་པ་ཡིན་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་ཀྱང། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན ་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། སྙོམས་པར་ཐུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཚོགས་སངས་རྒྱས་གྱི་འགྲོ་བའི་དོན། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཐུགས་ཕྱིར་ཞེས་ས་དབང་སྟེ། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན ་སོང། །ཞེས་སོགས་དང་སྐུ་ཡི་ཇི་སྙེད་ཁྱབ་གྱུར་པ་ཞེས་སོགས་སྐུ་ཀུན་ཏུ་གནས་སོ། །སྐུ་ཅི་སྙེད་པ་དེ་སྙེད་ཀྱི་གསུང་དང། སྐུ་དང་གསུང་ཇི་སྙེད་པ་དེ་སྙེད་ཀྱི་ཐུགས་དག་ཀུན་ཏུ་གནས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང། གསུང ་དང། ཐུགས་རབ་འབྱམ་ཚད་མེད་པ་ཁོ་ནར་རྟོགས་པར་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །ཡང་དོན་འདི་ཉིད་རྒྱུད་འདི་ཁོ་ན་ལས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མི་གཡོ་བའི་སྐུ ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་ཞུགས་པར་མཐོང་ངོ་ཞེས་རྒྱས་པར་འབྱུང་བའི་གཞུང་འདིས་ཡང་དག་པར་བསྟན་ཏེ། རྒྱུད་ལས་བརྟག་པར་བྱའོ། །རྣམ་པར་སྤྲུལ་པའི་རྣམ་པར་རོལ་པ་ལྔ་སྟེ། སྐུ་ལ་སོགས་པ་བཀོད་པ་རྣམ་པར་སྤྲུལ་པ་ཞེས་བྱ་བ་འདི་ནི་སེམས་ཅན་ཐམས་ཅད་ཡང ་དག་པར་དགའ་བར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བར་བཤད་པར་འགྱུར་རོ། །དེ་ལྟ་བས་ན། རྣམ་པར་སྣང་མཟདད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་འདི་ལྷག་པར་གནས་པ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དགོངས་པ་ནི་ཅི་རིགས་པར་སེམས་ཅན་ཐམས་ཅད ་ལ་སོགས་པའི་ལུས་དང་ངག་དང་ཡིད་དང་འདྲ་བ་ཉིད་བཀོད་པ་མི་ཟང་པའི་མཚན་ཉིད་ཀྱིས་རྣམ་པར་སྤྲུལ་པ་དེ་ཕྱག་རྒྱ་དང། དཀྱིལ་འཁོར་དང། གསང་སྔགས་ཀྱི་སྒོ་ནས་མཆོན་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་སྐལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་དགའ་བར་བྱེད་པར་བྱིན ་གྱིས་རློབ་ཅིང་ལྷག་པར་གནས་པ་གང་ཡིན་པ་དེ་བརྗོད་པར་བྱེད་པ་ནི་རྒྱུད་འདི་ཡིན་ནོ། །གདུལ་བྱ་མགེ་སྨོས་པས་གོ་བས་འདིའི་མིང་གི་དོན་ངེས་པར་དཔྱད་པ་ཉིད་ཀྱིས་རྒྱུད་ཀྱི་དོན་མཛའ་དག་མདོ་ཤོ་བར་བྱེད་དོ་སྙམ་པ་འདི་ཡིན་ནོ། །དེའི་གདུལ་བ་མགོ་སྨོས་པས་གོ་བ་རྣམས་ལ་ཕན་གདགས་པའི ་ཕྱིར་མིང་དོན་དང་མཐུན་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་འདིར་བཏགས་སོ། །གཞན་ཡང་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བའི་མིང་དོན་དང་མཐུན་པ ་གང་ཡིན་པ་འདི་ནི་སེམས་ཅན་མགོ་སྨོས་པས་ཀོ་བ་ལ་ཕན་གདགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་རྒྱུད་འདིའི་འབྲེལ་པ་དང། བརྗོད་པར་བྱ་བ་དང། དགོས་པ་ཡང་སྟོན་པར་བྱེད་དེ། འདི་ལྟར་རྒྱུད་འདིས་རྣམ་པར་སྣང་མཛད་ཀྱི་སྐུ་དང། གསུང་དང། ཐུགས་མི་ཟད་པ་རྣམ་པར་སྤྲུལ ་པ་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་མཚོན་པར་བྱེད་པ་དེའི་ཕྱིར་དེའི་སྐུ་ལ་སོགས་པ་བཀོད་པའི་རྒྱུད་འདིའི་རྒྱུ་ཡིན་ལ། རྒྱུད་འདི་ནི་དེའི་འབྲས་བུ་ཡིན་ནོ། །ཞེས་བྱ་བར་རྟོགས་པར་བྱའོ། །བརྗོད་པར་བྱ་བ་ཡང་སྐུ་ལ་སོགས་པ་བཀོད་པ་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པས ་མཚོན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འདིའི་དགོས་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པས་མཚོན་པ་ཡིན་ནོ། །མཚོན་པ་དེའི་དགོས་པ་ནི། དེས་པར་ལེགས་པ་དང། རྒྱུད་འདིའི་དགོས་འབྲེལ་ལ་མངོན་པར་མཐོ་བ་འཐོབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། ། ་གདུལ་བ་རྣམ་པར་སྤྲོས་པས་གེ་བ་རྣམས་ཀྱིས་ནི་མིང་དོན་ནད་མཐུན་པས་ཡང་དག་པར་བསྟན་པའི་དོན་རྒྱས་པར་ཁོང་དུ་ཆུད་པར་མི་ནུས་པས་དེ་དག་ལ་ཕན་གདགས་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་བཤད་པ་འདི་མཛད ་དོ། །རྒྱུད་འདིའི་བརྗོད་བྱ་ལ་བསྡུས་པའི་དོན་བཅུ་བཀིར?་བསྟན་པ་ལས། སྤངས་བ་ཕུན་སོགས་སོགས་དང་པོ་བདུན་ནི། །རྒྱུད་ཉིད་ལས་གོ་རིས་ས་ཇི་ལྟ་བ་བཞིན་གསལ་ལར་འབྱུང་བ་དེ་ཉིད་ལ་བརྟག་པར་བྱའོ། །རྣམ་སྣང་གི་རྒྱུ་གང་ཡིན་པ་སོགས་བདུན་ནི། རྒྱུད་དུ་གོ་རིམ་མ་དེས་པར་གསུངས་པ་དག་བསྡུས་དོན་འདི་ཉིད་དུ་འཆད་པ་ནི། འདིར་དཔལ་བརྩེགས་ཀྱིས། རྣམ་སྣང ་གི་རིང་རྒྱུ་འཇིག་རྟེན་པ་ཡང་ལྟས་དང་སྤྱོད་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང། མདོར། གསང་བའི་བདག་པོ་འཁོར་བ་ཐོབ་མ་མེད་པ་རྣམ་ཞེས་པ་ནས། མངོན་རྟགས་ཡིན་ནོ་ཞེས་པའི་བར་གྱིས་ནི་འཇིག་རྟེན་པའི་ལྟ་བ་བཤད་དོ། །དེ་མན་གྱིས་ནི་འཇིག་རྟེན་པའི་སེམས་བརྒྱན་གྱི་མཚན་ཉིད་བསྟན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཆུངས་པ་ཞེས ་སོགས་ནས། འདི་ནི་སྟོབས་སུ་འགྱུར་བ་སྟེ། སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དེ་ཞེས་པའི་བར་གྱིས་སོ། །འདི་ལྟར་དེ་དག་ལ་རྣམ་པར་སྣང་མཛད་ཀྱི་རྒྱུ་ནི་གང། དེའི་ངོ་བོ་ཉིད་ནི་ཇི་ལྟ་བུ། དེའི་མངོན་བར་རྫོགས་པར་བྱང་ཆུབ་བའི་རྒྱུ་ནི་གང། དེའི་ངོ་བོ་ཉིད་ནི་ཇི་ལྟ་བུ། དེའི་རྣམ་པར་སྤྲུལ་པ་ནི་གང་གི་ཚེ་འབྱུང ་དེའི་ངོ་བོ་ཉིད་ནི་གང། རྣམ་པར་སྤྲུལ་པ་དེ་ནི་ཇི་ལྟར་ན་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་མཚོན་པ་བརྗོད་དགོས་ཏེ། དེའི་ཕྱིར་དེ་དག་ལ་ཕན་གདགས་པར་དེ་དག་ཐམས་ཅད་རྒྱུད་འདི་ལ་སྟོན་ཏོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་ཚིག་བདུན་བོ་སྟོན་པའི ་འདི་རྣམས་སོ་སོར་བསྡུས་པའི་དོན་བསྟན་པ་རྒྱུད་ཀྱི་ཚིག་རྣམས་ཡང་དག་པར་བསྡུ་བར་བྱའོ། །དེ་འདེ་ལྟར་བདུན་ལས་དང་པོ་བཤད་པ་ནི་ལ་རྣམ་པར་སྣང་མཛད་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་རྒྱུ་ནི་འདི་ལྟ་སྟེ། མངོན་སུམ་དང་རྒྱུད་པའི་སྒོ་ནས་ཉེ་བའི་དང་རིང་པའི་རྒྱ་གཉིས་སོ། །དེ་ལ་རྒྱུད་པའི་སྒོ་ནས་ནི་རྣམ་པ ་གཉིས་ཏེ། འཇིག་རྟེན་གྱི་ལམ་གྱི་འཇུག་པ་དང། འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲུབ་པའོ། །དེ་ལ་རྒྱུད་འདི་ལས་འཇིག་རྟེན་པའི་ལམ་གྱིས་འཇུག་པའི་རིམ་པ་འདི་ལྟ་བ་དང་སྤྱོད་པ་གཉིས་ཀྱི་སྒོ་ནས་ཡང་དག་པར་བསྟན་ཏེ། འདི་ལྟ་སྟེ། སེམས་ཅན་འཁོར་བ་པའི་ཁྱད ་བར་ངས་འཛིན་པ་དང་ང་ཡིར་འཛིན་པ་དག་གྲིས་བདག་ཏུ་འཛིན་པས་ཟིན་པ་འགའ་ཥོ་ན་སྡུག་བསྔལ་གསུམ་གྱི་རྐུད་པས་གཟིར་བ་ན་ཆོས་ཀྱི་འདུ་ཤེས་ཀྱི་བསྙུང་པའི་སེམས་ལ་སོགས་པའི་སེམས་བརྒྱད་སྐྱེད་པར་བྱེད་དེ། རྒྱུད་ལྟི?་ལས། བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས ་བ་དག་འབྱ?་ལམ་ན་རེས་འགའ་རེས་འགའ་ཞིག་ཆོས་ཀྱི་འདུ་ཤེས་འབྱུང་བ་འདི་ལྟ་སྟེ། བསྙུད་བར་གནས་པ་ལ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པ། འདི་ནི་སྟོབས་སུ་གྱུར་པ་སྟེ། སེམས་བརྒྱད་པར་རྒྱལ་པ་རྣམས་ཀྱིས་བཤད་པོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། ། ་དེ་ལྟ་བས་ན་དེ་ལྟར་བདག་ལ་སོགས་པར་ང་རྒྱལ་བྱེད་བས་ཟིན་པའི་སྦྱིན་པ་དང་ཚུལ་ཁྲིམས་ལ་གོམས་པར་བྱས་པའི་རིམ་གྱིས་འཇིག་རྟེན་པའི་ལམ་སྟོན་པ་ཁྱབ་འཇུག་དང། ལྷ་ཆེན་པོ་དང་ཚངས་པ་ལ་སོགས་པ་སྟོན་པ་ཉིད་དུ་ཁས་བླངས་པའི་བསྟན་པ་ལ་ཞུགས་པ་རྣམས ་ལ་དེ་དག་གི་བསྟན་ཆོས་ཀྱི་དོན་ཁོར་དུ་ཆུང་བར་བྱ་སྟེ། དེ་དག་གིས་ཉེ་བར་བསྟན་པའི་ལམ་གྱིས་འབའ་ཞིག་པ་ཉིད་བློ་ཉེ་བར་བསྐྱེད་ནས་འདི་སྙམ་དུ་བདག་ལས་དང་ཉོན་མོངས་པ་ལ་སོགས་པའི་ཞགས་པ་ལྷན་ཅིག་སྐྱེས་པ་དང། གློ་བུར་པ་དང་བྲལ་བ་འབའ་ཞིག་པའི ་དངོས་པོ་ནི་འབའ་ཞིག་ཉིད་ཅེས་བྱའོ། །དེའི་ཕྱིར་འབའ་ཞིག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཐར་པ་ལ་ཡང་དག་པ་མ་ཡིན་པའི་གྲོང་ཁྱེར་འདི་དག་ཐམས་ཅད་མེད་པ་ཉིད་དེ་བདག་འབའ་ཞིག་ཉིད་ཆ་ཕྲ་བ་མི་གསལ་བ་སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཞིག་ལུས་སོ་སྙམ་དུ་རྟག་པར་བྱེད་དོ། ། ་རྣམ་སྣང་གི་རིང་རྒྱུ་འཇིག་རྟེན་ལས་འདས་པ་ནི། དཔལ་བརྩེགས་ཀྱིས། འཇིག་རྟེན་པའི་ལམ་དེ་དག་ཐར་པའི་ལམ་མ་ཡིན་པར་རྟོགས་ནས། འཇིག་རྟེན་ལས་འདས་པའི་ལམ་ལ་འཇུག་པ་སྟེ། དེ་ཡང་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་གི་རྣམ་པ་གཉིས་སོ། །དེ་ལ་གསང་བའི་བདག་པོ་གཞན་ཡང་ཞེས་པ་ནས། འཇིག་རྟེན་སྟོང་ཉིད་ཤེས་པར་བྱ་ཞེས་པའི་བར་གྱིས་ནི། འཇིག ་རྟེན་པའི་འམ་སྨད་ཅིང། འདས་པའི་སྟོང་ཉིད་ལ་འཇུག་པ་སྤྱིར་བསྟན་ཏོ། །དེ་ལ་འདས་པ་དབང་རྟུལ་ནི། འཇིག་རྟེན་པ་འབའ་ཞིག་པའི་ལམ་ནི་སྤངས། སེམས་བརྒྱ་དྲུག་ཅུ་ནི་བསྐལ་པ་གསུམ་གྱི་འདས་ནས། གང་ཟག་ལ་བདག་མེད་རྟོགས་པའི་ལམ་ལ་ཞུགས་པ་ཡིན་ཏེ། དེ་ཡང་མདོར། འདོད་ཆགས་ནི་སེམས་དང་ཞེས་པ་ནས། ཉོན་མོངས་པའི་དྲ་བ ་རང་བྲལ་བ་འདི་ནི། རྣལ་འབྱོར་པ་རྩལ་བ་གཅིག་གིས་འདས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་སེམས་བརྒྱ་དྲུག་ཅུ་བསྟན་པ་དང། དེ་ཉིད་བཤད་པ་དང། གང་ཟག་ལ་བདག་མེད་རྟོགས་པ་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བ་གསུམ་གྱིས་བཤད་དོ་གསུང། །དེའི་ཕྱིར་དེ་དག་བདག་ཏུ་འཛིན་པས་ཆོས་ཐམས་ཅད ་སྟོང་པ་ཉིད་ཁོ་ནར་རྟོགས་པར་བྱེད་པས་ལམ་དམ་པ་མ་ཡིན་ནོ་ཞེས་སྟོན་ཅིང་འདི་ཡང་སྤང་བར་བྱ་བའི་ཕྱོགས་ཉིད་ཡིན་པར་སྟོན་པར་མཛད་དེ། གསང་བའི་བདག་པོ་གཞན་ཡང་ཁྱད་པར་རྟོགས་པ་ཇི་སྐད་དུ། ཡོངས་སུ་བསྒྲགས་པའི་ཁྱད་པར་དེ་དང་དེ་དག་ལས་ཁྱད་པར་དུ་བ་ནས ་པ་རྣམ་པ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང་དེ་ལ་ཡང་ཡོད་དོ་ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། ཞེས་བྱ་བ་ལ་སོགས་པ། གང་དག་སྟོང་ཉིད་མི་ཤེས་པ། དེ་དག་མྱ་ངན་འདས་མི་ཤེས། །ཞེས་བྱ་བའི་པར་གསུངས་པ་ཡིན་ནོ། །དེ་ལྟ ་བས་ན་འདིའི་རིམ་པ་འདིས་དགེ་བའི་བཤེས་གཉེན་ལ་ཡང་དག་པར་བསྟན་ཏེ། རིགས་པ་དང། ལུང་དག་གིས་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཇིག་རྟེན་པའི་ལམ་ཡང་ཐར་པར་བྱེད་པའི་ལམ་མ་ཡིན་ནོ་ཞེས་དེས་པར་བརྟགས་ནས་འཇིག་རྟེན་ལས ་འདས་པའི་བམ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་དག་ལ་བརྟེན་ཏེ། དེ་ལས་ཉེ་བར་བསྟན་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐར་པར་བྱ་བའི་ཕྱིར་ཡང་དག་པར་སྩོལ་བ་རྩོམ་པར་བྱེད་དོ། །ལམ་དེ་ཡང་འདིར་རྣམ་པར་སྣང་མཛད་ཆེན་པོའི་གོ་འཕང་ཐོབ ་བར་བྱེད་པའི་མཚན་ཉིད་ཀྱི་ཐར་པའི་ལམ་ཡིན་པར་དགོངས་པ་ཡིན་ནོ། །དེ་ལ་འཇུག་པ་ཡང་འདི་ལས་སེམས་ཅན་དབང་བོ་རྟུལ་པོ་དང། དབང་པོ་རྣོན་པོའི་བྱེ་བྲག་གིས་གང་ཟག་ལ་བདག་མེད་པར་རྟོགས་པ་དང། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས ་བའི་སྐྱོ་ནས་རྣམ་པར་གཉིས་སུ་བསྟན་ཏོ། །དེ་ལ་དབང་པོ་བརྟུལ་པོ་ནི། དང་པོ་ཉིད་དུ་འཇིག་རྟེན་པའི་ལམ་འབའ་ཞིག་པའི་ལམ་སྤངས་ནས་གང་ཟག་ལ་བདག་མེད་པར་རྟོགས་པའི་ལམ་ལ་འཇུག་སྟེ། འོག་ནས་འདོད་ཆགས་ཀྱི་སེམས་ལ་སོགས་པའི་མཚན་ཉིད ་ཅན་པ་འཇིག?་རྟེན་པའི། ཐེམས?་གྱུར?་དྲུག་ཅུ་འབྱུང་བ་དེ་ལྟ་བུ་རྣམས་སུན་ཕྱུང་ནས་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད་དེ། འདོད་ཆགས་ཀྱི་སེམས་དང། འདོད་ཆགས་དང་བྲལ་བའི་སེམས་དང། ཞེས་སྡང་གི་སེམས་དང་བྱམས་པའི་སེམས་དང། གཏི་མུག་གི ་སེམས་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བྱ་སྟེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ། འདི་ལྟ་སྟེ། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །དབང་པོའི་གྲོང ་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཞེས་བྱ་བ་ལ་སོགས་པའི་བར་གང་གསུངས་པ་ཡིན་ནོ། །རྣལ་འབྱོར་པ་དབང་པོ་རྣོན་པོ་ནི་དང་པོ་ཉིད་དུ་བདག་ལ་སོགས་པ་དང། དངོས་པོ་ཐམས་ཅད་དང་བྲལ་པ། ཕུང་པོ་ཁམས་དང་སྐྱེ་མཆེད་དང། །གཟུང་དང ་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །ཞེས་སོགས་ལྟར། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་བསལ་ཏེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལས་འདས་ནས་གང་ཟག་དང་ཆོས་ལབ་དག་མེད་པ་ལ་འཇུག་སྟེ། ་གསང་བའི་བདག་པོ་གཞན་ཡང་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སྒྱུ་མ ་དང་མིག་རྒྱུ་དང་གཟུགས་བརྙན་དང་བྲག་ཆ་དང་མགལ་མེའི་འཁོར་ལོ་དང། དྲི་ཟའི་གྲོང་ཁྱེར་ལྟ་བུའི་འདུ་ཤེས་སྐྱེས་སོ། །གསང་བའི་བརྡག་པོ་དེའི་ཕྱིར་དེ་དག་གི་སེམས་ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གར ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟར་དབང་པོ་རྟུལ་པོ་དང། དབང་པོ་རྣོན་པོར་ངག་ལས་གཅིག་ཤོས་གང་ཟག་ལ་བདག་མེད་པའི་ལམ་ལ་གོམས་པར་བྱེད་པའམ། དབང་པོ་རྣོན་པོ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད་པའི་འམ་ལ་གོམས་པར་ཕྱེད་པ་ན ་རྣལ་འབྱོར་པ་དབང་པོ་ཚུལ་པོ་འདོད་ཆགས་ལ་སོགས་པ་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་སྤངས་པ་སྔོན་དུ་འགྲོ་བ་ཅན་རིམ་གྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ལ་སོགས་པས་དགྲ་བཅོམ་པའི་འབྲས་བུའི་བར་དུ་འབྲས་དུ་བརྒྱད་ཐོབ་ནས་ཕྱིས་ཕྱུང་པོ་ལ་སོགས ་པ་དེ་དག་ཉིད་ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུར་ཞུགས་ཏེ། ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་འདུ་ཤེས་མ་ལུས་པར་བྲལ་བས་དེ་དག་ཉིད་ཞི་བ་སྟོང་པ་ཉིད་ཀྱི་མཚན་ཉིད་ཁོ་ན་རྟོགས་པར་འགྱུར་ཏེ། དེ་སྐད་དུ། གསང་བའི་བདག་པོ་དེ་ལ ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་དག་ལ་ཡོད་དོ་སྙམ་པའི་བློ་ཉེ་བར་སྐྱེའོ། །གང་དེའི་ཚེ་ཕུང་པོ་དག་ལ་འདོད་ཆགས་དང་བྲལ་བ་བསྐྱེད་པ་དེའི་ཚེ། ལྦུ་བ་དང་ཆུའི་ཆུ་བུར་དང་སྨིག་རྒྱུ་དང་མཚུངས་པར ་འཇིག་པས་རྣམ་པར་གྲོལ་བར་འགྱུར་ཏེ། འདི་ལྟ་སྟེ། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། གཟུང་བ་དང་འཛིན་པ་རྣམ་པར་སྤངས་ལ། ཆོས་ཉིད་ཀྱི་རང་གི་ངོ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ། །གསང་བའི་བདག་པོ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན ་ཅི་ལོག་དང། ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་པ་ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི་རྣལ་འབྱོར་པ་དག་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་འདོད་ཆགས་ཀྱི་སེམས་ལ་སོགས་པ་དག་ལས་ཁ་ཅིག ་ལུང་ལས་ཉེ་བར་བསྟན་པའི་ལུགས་བསྡུས་པའི་དོན་གྱི་སྒོ་ཉིད་ནས་གསལ་བར་བྱ་བ་བརྗོད་དོ། །དེ་ལ་འདོད་ཆགས་ཀྱི་སེམས་གང་ཞེ་ན། ཆགས་པ་ཅན་ཆོས་ཀུན་ཏུ་རྟེན་པའོ། །ཞེས་གང་གསུངས་པ་རྒྱུད་ཀྱི་ཚིག་འདི་ནི་མདོར་བསྡུས་ནས་རྣམ་པར་དབྱེ་བ་ཉེ ་བར་བསྟན་པར་བྱ་སྟེ། དེ་ལ་ཅི་རིགས་པར་འདོད་པའི་ཁམས་ན་སྤྱོད་པའི་གཟུགས་དང་སྒྲ་དང། རོ་དང་རེག་བྱའི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཆགས་པ་དང་མངོན་པ་བཞེན་པ་གང་ཡིན་པ་དང། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང། ཟག་པ ་མེད་པ་དང། བསམ་གཏན་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། རྣམ་པར་ཐར་པ་ལ་སོགས་པ་དག་ལ། ཆགས་པ་མངོན་པར་ཞེན་པ་དང། རོ་མྱོང་བ་གང་ཡིན་པ་དེ་ནི་འདིར་འདོད་ཆགས་ཀྱི་སྒྲར་དགོངས་པ་ཡིན་ནོ། །སེམས་ཅན་གང ་འགའ་ཞིག་ལ་འདོད་ཆགས་ཀྱི་མཚན་ཉིད་སེམས་ལས་བྱུང་བ་དེ་དང་ལྡན་པའི་སེམས་ཡོད་པ་དེ་ནི་ཆགས་པ་ཅན་ཡིན་ནོ་ཞེས་བྱ་བར་བཞེད་དོ། །དེ་ལྟ་བུ་དེ་ཇི་སྐད་བཤད་པའི་ཡུལ་མཐོང་པ་ཐོབ་པར་བྱ་བ་དང། ཐོབ་པ་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་ཅི་ཞིག ་བྱེད་ཅེ་ན། ཆོས་ཀུན་ཏུ་རྟེན་ཞེས་བྱ་བ་གསུངས་སོ། །ཆོས་ཞེས་བྱ་བའི་སྒྲ་ནི་ངན་འགྲོ་དམྱལ་བ་དང། ཡི་དགས་དེང། དུང་འགྲོའི་གསང་བར་ལྟུང་བ་ལས་འཛིན་པའི་ཕྱིར་ཆོས་ཏེ། དེ་ཡང་མདོར་ན། སྤྱིན་པ་དང། ཚུལ་ཁྲིམས་ཀྱི་སྡོམ་པ་དང། བསམ་གཏན་ལ་སོགས་པ་ལ ་གོམས་པའི་མཚན་ཉིད་ཡིན་ནོ། །ངེས་ན་དགོངས་པ་ནི་ཇི་སྐད་བཤད་པའི་ཡུལ་དེ་ཐོབ་པར་འདོད་པ་དང། ཐོབ་པ་མངོན་པར་འཕེལ་བར་བྱ་བའི་ཕྱིར་ཡུལ་དེ་ལ་ཆགས་པ་ཅན་དུ་གྱུར་ན། དེ་ཐོབ་པར་བྱ་བ་ཁོ་ནའི་ཕྱིར། སྤྱིན་པ་ལ་སོགས་པའི་ཆོས་རྣམས་ལ་འཇུག་གི་འཁོར་བའི ་བཙོན་ར་ནས་མངོན་པར་འབྱུང་བའི་ལམ་དུ་གྱུར་པ་ཟག་པ་མེད་པའི་བསམ་གཏན་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དག་ལ་རོ་མྱོང་བ་མེད་པར་འཇུག་པ་ནི་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ། །དེ་ལྟར་ན་སེམས་འདི་ཡང་ཐར་པ་འདོད་པས་གང་ཟག་ལ་བདག་མེད ་པའི་ལམ་ལ་གོམས་པ་འམ། ཆོས་དང་གང་ཟག་ལ་བདག་མེད་པ་གོམས་པའི་སྒོ་ནས་སྤང་བར་བྱ་བ་ཡིན་ནོ་ཞེས་འདི་ཉིད་ལས་སེམས་བརྒྱ་དྲུག་ཅུ་བཤད་པའི་མཇུག་ཏུ་རྒྱུད་ལས་བཤད་པའི་ཚིག་ཡང་དག་པར་བསྡུ་བ་བསྟན་པ་བཤད་པར་བྱའོ། །འདི་ལས་གཞན་པ་ཞེ ་སྡུང་ལ་སོགས་པའི་སེམས་དག་ལས་འདའ་བ་དང། རྣམ་པར་དབྱེ་བའི་བྱ་བ་འོག་ནས་འབྱུང་བ་རྣམས་ལ་ཡང་ཕལ་ཆེར་ལུགས་འདི་ཁོ་ན་བསྒྲེ་བར་བྱའོ། །འདི་དག་གི་ཁྱད་པར་གང་ཡིན་པ་འདིར་བརྗོད་པར་བྱ་སྟེ། སྡང་པས་ཆོས་ཀུན་ཏུ་བསྟེན་པའོ། །ཞེས་བྱ་བ་འདིའི ་དོན་ནི་དག་བསད་པའི་བསམ་པས་བཟླས་བརྗོད་དང། སྤྱིན་སྲོག་དང། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་དེ་ཁོ་ན་བྱེད་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །མ་དཔྱད་པར་ཆོས་ཀུན་ཏུ་བསྟན་པའོ་ཞེས་བྱ་བ་འདི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས ་པའི་མཚན་ཉིད་ཀྱི་ཆོས་དེའི་མཐོང་བ་དང། མཐོང་བའི་འབྲས་བུ་འདི་ཡིན་ནོ་ཞེས་མེ་དཔྱད་བར་བ་ལང་གི་ཁྱུའི་ཚུལ་དུ་འཇུག་ཅེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ན། བྱམས་པ་དང་ལྡན་པས་ཆོས་ཀུན་ཏུ་བསྟེན་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྒྱ་མཚོ་ལྟ་བུའི་སེམས་དང། ་ཐུག་པའི་བར་གྱི་སེམས་ཚིག་རྣམས་ཀྱང་ཁོང་དུ་ཆུད་བར་བླ་བའི་ཕྱིར་བདག་གིས་འདིར་རྣམ་པར་ཕྱི་བར་ཁོང་དུ་ཆུད་པར་བྱའོ། །དེ་ལ་སྐྱེ་བར་འགྱུར་བའི་སེམས་གང་ཞེ་ན་གང་གི་སེམས་འདུ་བྱེད་པ་གང་ཁོ་ན་དང་སྐྱེས་པ་དེ་ཁོ་ན་དང་ལྷན་ཅིག་འགྲོ་བ་སྟེ་ཞེས་བྱ ་བ་འདིའི་དོན་ནི་ཡུལ་འགའ་ཞིག་ལ་འདོད་ཆགས་ལ་སོགས་པའི་འདུ་བྱེད་གང་ཁོ་ན་དང་མཚུངས་པ་དང་ལྡན་པཱི་སེམས་སྐྱེས་བ་སེཾས་ལས་བྱུང་བ་དེ་ཁོ་ན་དང་ལྷན་ཅིག་སྐད་ཅིག་མའི་འགའ་པའཾ་རྒྱུན་གྱི་འགཊ་བས་རྣཾས་འཇིག་པར་འགྱུར་གྱི་འདོད་ཆགས་ལ་སོགས་པའི་འདུ་བྱེད་དང་མཚུངས་པར་ལྡན ་པའི་སེམས་ཀྱི་རྒྱུན་དེའི་ཡུལ་བརྒྱུད་པ་གཞན་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་ཀུན་ཏུ་རྩོམ་པ་ནི་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བའི་སེམས་ལ་ཐུག་གི་བར་གྱི་དྲུག་ཅུ་པོ་འདི་དག་བརྒྱ་དྲུག་ཅུར་འགྱུར ་བ་དེ་བསྟན་པའི་ཕྱིར། གཅིག་གཉིས་གསུམ་བཞི་ལྔ་གཉིས་སུ་བསྒྱུར་བ་བྱ?་བས་འཇིག་རྟེན་བའི་སེམས་བརྒྱ་དྲུག་ཅུ་ར་བསྐལ་པ་གསུམ་གྱིས་འདས་ནས་ཞེས་བྱ་བ་གསུངས་སོ། །དེ་བས་ན་ཡན་ལག་གི་དོན་ནི། གཅིག་དེབ་རེ་ཞིག་དང་གཉིས་དང་གསུམ་དང་བཞི་དང་ལྔ ་གཉིས་སུ་བསྒྱུར་བ་ཞེས་བྱ་བ་འདི་དག་ནི་བསྒྱུར་བྱ་གཅིག་གཉིས་གསུམ་བཞི་ལྔ་རྣམས་རིམ་པ་བཞིན་དུ་བསྒྱུར་བྱེད་གཉིས་སུ་བསྒྱུར་བ་དག་གིས་གཉིས་དང་བཞི་དང་དྲུག་དང་བརྒྱད་དང་བཅུར་འགྱུར་བའི་དོན། དེས་ན་གཟུང་བ་ནི་བསྒྱུར་བྱ། གཅིག་གཉིས་གསུམ་བཞི་ལྔ་རྣམས་དང་དེ་རྣམས་གཉིས་སུ་འགྱུར? ་ལས་དྲུག་བརྒྱད་བཅུ་རྣམས་གཟུང་གི་།གཉིས་དང་བཞི་གཟུང་མི་དགོས་ཏེ། བསྒྱུར་བྱན་ཡོད་བ་ཉིད་ཀྱི་ཆོག་བས་སོ། །དེ་དག་གཟུང་བཅི་ཞིག་བྱ་ཞེན་བཤད་པ། མངོན་ན་གཉིས་ནས་བཅུའི་བར་གྱི་དྲུག་ཏུ་ལ་སོགས་པའི་རྙེད་པར་གཟུང་བས། བརྒྱ་དྲུག་ཅུ་བྱའི་དོན་ཏོ། དྲུག་གཉིས་ཀྱིས་བསྒྱུར་བའི་བཅུ་གཉིས་ཞེས་སོགས་ནི་འོག་ཏུ་དྲུག་ཅུ་འགོང་བྱེད་ལ་དགོང ་པ་མེད་པའི་ཕྱིར་རོ། ཡིན་ལ་དེ་དག་བྱ་ལ་ཞེས་པ་ནི། འདོད་ཆགས་ལ་སོགས་པའི་སེམས་གཅིག་གཉིས་གསུམ་ལ་སོགས་པའི་བགྲངས་བས་བརྒྱ་དྲུག་ཅུར་བྱ་བ་ཡིན་ནོ། །འདིར་གཉིས་སུ་བསྒྱུར་བ་བྱས་པ་ཞེས་བྱ་བ་གར་བྱེད་དག་གི་ནང་ནས་གཞན་དྲུག་དང་བརྒྱད་ཅུ་ནམ་གཉིས་སུ་གཉིས ་སུ་བསྒྱུར་བར་བྱ་བའི་སྐབས་མ་ཡིན་པའི་ཕྱིར་བསྒྱུར་བྱ་གཅིག་དང་གཉིས་དང་གསུམ་ལ་སོགས་པའི་སེམས་ལྔ་པོ་འདི་དག་ཉིད་སོ་སོར་གཉིས་སུ་བསྒྱུར་བར་བྱ་བ་ཉིད་དུ་མཛད་པར་མངོན་ནོ། །དེ་ལྟ་བས་ན་དགོངས་པ་ནི་འདི་ཡིན་ཏེ། གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས ་རྒྱུན་ཆོགས་པར་རང་གི་ཡུལ་རེ་རེ་ཁོ་ན་ལ་དམིགས་པ་དེའི་ཚེ་ནི་ཁམས་གསུམ་པའི་འདོད་ཆགས་ལ་སོགས་པའི་སེམས་འདི་དག་དྲུག་ཅུ་ཡིན་ནོ། །གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་གང་ཡང་དེ་དག་བགྲངས་བས་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུང་བྱ་ཞེས་པའི་དགོངས་པ། རུང་བའི ་ཡུལ་གྱི་རྒྱུན་དེ་ཉིད་ལ་ཅི་རིགས་པར་ཞེ་སྡང་ལ་སོགས་པའི་སེམས་གཉིས་པ་གང་ཡང་རུང་བ་ཞིག་གིས་དམིགས་པ་གང་ཡིན་པ་ཡུལ་ཅན་གཉིས་ཡོད་ཀྱང་ཡུལ་གཅིག་པ་འདིར་གཅིག་ཏུ་བགྲང་ཞེས་ཏེ། ?་གཟུགས་ལྟ་བུ་གང་རུང་བཀིར་གཟུགས་ལ་དམིགས་པའི་ཆགས་སྡང་གཉིས་ཡོད་ཀྱང་གཟུགས་ཀྱི་ཉོན ་མོངས་ཞེས་གཅིག་ཏུ་བྱེད་པ་ཤ་དྲུག་ཅུ་སུམ་དུ་ཞེས་བསྡུ་བ་ལ་དྲུག་ཅུ་གཉིས་ཀྱིས་བགོས་པའི་སུམ་ཅུ་གཟུང་ཞེས་སྟེ་དེ། དེའི་ཚེ་སེམས་དྲུག་ཅུ་བོ་འདི་དག་རྒྱན་གྱི་སེམས་སུམ་ཅུར་འགྱུར་ཏེ། དེ་སྐད་དུ། ཆོས་མངོན་པར་དག་ལས་ཀྱང། གང་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་མཚུངས་བར་ལྡན་པ་དེ་ཁོང་ཁྲོ ་བའི་ད=ཀུན་ཏུ་སྦྱོར་བ་དང་ཡང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་བཞིན་དུ་གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བ་གསུམ་ཡུལ་གྱི་རྒྱུན་དེ་ཉིད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་དག་གི་ནང་ནས་སེམས་གསུམ ་པ་གང་མང་དུང་བ་གཅིག་གིས་དམིགས་པ་དེའི་ཚེ་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི་སེམས་ཉི་ཤུར་འགྱུར་རོ། །གང་གི་ཚེ་འདོད་སེམས་བཞིས་དམིགས་ཚེ་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བ་གསུམ་གྱི་ཡུལ་གྱི ་རྒྱུན་དེ་ཉིད་འདོད་ཆགས་ལ་སོགས་སེམས་དྲུག་ཅུ་པོ་འདི་དག་གི་ནང་ནས་སེམས་བཞི་པ་གང་ཡང་རུང་བ་གཅིག་གི་དམིགས་ཨ་དེའི་ཚེ་ནི་འདོད་ཆགས་ལ་སོག་ས་དང་མཚུངས་བར་ལྡན་པའི་སེམས་དྲུག་ཅུ་པོ་འདི་དག་ཉིད་ཀྱི་རྒྱུན་གྱི་སེམས་བཅོ་ལྔར་འགྱུར་རོ། །གང་གྒི་ཚེ ་ཁམས་གསུམ་པའི་ཡུལ་གྱི་རྒྱུན་ཅི་རིགས་པར་འདོད་ཆགས་ལ་སོགས་པའི་སེམས་བཞི་དམིགས་པར་གྱུར་པ་དེ་ཉིད་སེམས་དྲུག་ཅུ་པོ་འདི་དག་གི་ནང་ནས་སེམས་ལྔ་པ་གང་ཡང་རུང་བ་ཞིག་གིས་དམིགས་པ་དེའི་ཚེ་ནི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི ་སེམས་བཅུ་གཉིས་སུ་འགྱུར་རོ། །ད་ནི་གྲངས་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་འདི་ཉིད་ཀྱི་གཅིག་ལ་སོགས་པས་སོ་སོར་གཉིས་སུ་སྦྱར་བ་བྱ་བ་ཉིད་སྦྱར་བར་བྱ་སྟེ། དེ་ལ་གང་གི་ཆོ་ཁམས་གསུམ་པའི་ཡུལ་ལ་ཅི་རིགས་པར་འདོད་ཆགས་ལ་སོགས་པའི ་སེམས་རེ་རེས་དམིགས་པ་དེའི་ཚེ་ནི་སེམས་འདི་དག་དྲུག་ཅུ་ཡིན་ནོ་ཞེས་གོང་དུ་བཤད་ཟིན་པས་གཅིག་གི་འགོས?་བས་དྲུག་ཅུ་ཞེས་ཡང་མི་བགྲང་ངོ་ཡང་བརྩི་མི་དགོས་ཞེས་པའོ། །གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་ཀྱི་ཡལ་དེ་ཉིད་ལ་སེམས་གཉིས་ཀྱིས་དམིགས་པ་དེའི ་ཆེ་ནི། དེ་དག་ཉིད་གོང་མ་བཞིན་དུ་གཉིས་སུ་བསྒྱུར་བའི་གྲངས་ཀྱིས་མགོ?་བྱའི་རེ?་བ་དྲུག་ཅུ། ས་དེ་ཉིད་ཡིན་བརྩིས་ན་སུམ་ཅུ་ཁོ་ནར་གྱུར་པས་ཡང་མི་བགྲང་ངོ། །དེས་ན་གྲངས་གཅིག་གཉིས་སུ་བསྒྱུར་བ་ནི་གོང་དུ་བརྩིས་ཟིན་པ་ཉིད་ཀྱི་ཕྱིར་བགྲང་བར་མི་བྱེ་ལ། དེ་བཞིན་དུ་གྲངས ་གཉིས་གཉིས་སུ་བསྒྱུར་བའི་བཞི་ཡང་རྒྱུན་གྱི་སེམས་གཉིས། དྲུག་ཆུ་ལ་བ་ཤེས?་ཏེ་བརྩིས་ན་བཞིར་འགྱུར་ལ་དེ་ལ་གོང་དུ་བསྒྱུར་བྱའི་ཅིག་གྲངས་གྱུར་བའི་གཉིས་ཀྱི་བགོས་པ་ན་བཞིར་བགྲོང་བ་ཉིད་དུ་བརྩིས་ཟིན་པ་ཡང་མི་བགྲང་གི་གྲངས་གསུམ་གཉིས་སུ་བསྒྱུར་ན་གྲངས་དྲུག་ཏུ་འགྱུར་རོ། ། ་དེས་ན་དགོངས་པ་ནི་འདི་ཡིན་ཏེ་གང་གི་ཚེ་ཡུལ་གྱི་རྒྱུན་ཅིག་ཁོ་ན་ལ་སེམས་དྲུག་གིས་དམིགས་པ་དེའི་ཚེ་ནི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི་སེམས་དྲུག་ཅུར་འགྱུར་བར་ཤེས་པར་བྱའོ། །དེ་བཞིན་དུ་སྔར་བཤད་པའི་གྲངས་བཞི་གཉིས་སུ་བསྒྱུར་ན་གྲངས་བརྒྱད་དུ་འགྱུར ་ཏེ། དེ་ལྟར་འདོད་ཆགས་ལ་སོགས་པའི་སེམས་དྲུག་ཅུ་པོ་གྲངས་བརྒྱད་དང་ལྡན་པའི་འདི་དག་ནི་རྒྱུན་གྱི་སེམས་བདུན་དུ་འགྱུར་རོ་བརྒྱད་བདུན་ལྔ་བཅུ་དྲུག་ཡིན་པས་སོ། །འདིར་གྲངས་སྟག་མ་བཞི་དོར་དགོས་ཏེ་དང་ལྡན་པའི་རྒྱུན་གྱི་སེམས་གཅིག་ཁོ་ནར་འགྱུར་བ་གང་ཡིན་པ་དེ་ནི་གོང ་དུ་རྒྱུན་གྱི་སེམས་གྲངས་བཞིར་བགྲང་བ་བརྩིས་ཟིན་པ་ཉིད་ཀྱི་ཕྱིར་ཡང་མི་བགྲང་ངོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་སེམས་འདི་དག་ཉིད་གོང་དུ་བཤད་པའི་གྲངས་ལྔ་གཉིས་སུ་བསྒྱུར་ན་གྲངས་བཅུར་འགྱུར་ཏེ། དེས་ན་འདོད་ཆགས་ལ་སོགས་པའི་སེམས་འདི་དག་རྒྱུན་གྱི་སེམས ་གྲངས་བཅུར་ཡངས་སུ་ཆད་པ་དྲུག་ཏུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ན་གོང་དུ་བཤད་པའི་སེམས་ནི་དྲུག་ཅུའོ། །དེ་དག་གཉིས་ཀྱིས་དགོས་པས་སུ་བསྒྱུར་བ་ནི་ཐོབ་པ་སུམ་ཅུའོ། །དེ་བཞིན་དུ་གསུཾ་དུ་བསྒྱུར་པ་ནི་ཉི་ཤུའོ། །བཞིར་བསྒྱུར་པ་ནི་བཅོ་ལྔའོ། །ལྔར་བསྒྱུར་པ་ནི་བཅུ་གཉིས་སོ། །ཡང་གསུམ ་གཉིས་སུ་བསྒྱུར་པ་ནི་བཅུའོ། །གྲངས་བཞི་གཉིས་སུ་བསྒྱུར་བ་ནི་བདུན་ནོ། །གྲངས་ལྔ་གཉིས་སུ་བསྒྱུར་པ་ནི་དྲུག་གོ་།རྒྱད་པ། དྲུག་ཅུ་པ། དེ་ལྟ་བས་ན་ཚུལ་འདིས་འདོད་ཆགས་ལ་སོགས་པའི་སེམས་དྲུག་ཐོར་བཅུ་པོ་དག་སེམས་བརྒྱ་ཐོབ་པ་དྲུག་ཅུར་འགྱུར་ཐོས?་ཁར་ཤེས་པར་བྱའོ། །བསྒྱུར་བཞེས་པ་དེ་བཞི་ནི ་བསྡོམ་པའི་དན?་ཏེ། དྲུག་ཅུལ་གཉིས་གཉིས་སུ་བསྡོམས་པ་ནི། x་བརྒྱད་ཁཱི?་ཊོག་དྲུག་ཅུ་ཡོད་ཅེས་སོགས་སོ། བཅུ་གཉིས་ཐོག་མདོར་ན་རྩ་བའི་གྲངས་དྲུག་ཅུ་དང། དེ་བགོད་གཞིར་བཞག་ནས་དེ་གཉིས་ཀྱི་ཐོབ་པའི་སུམ་ཅུ་དང། དེ་གསུམ་གྱི་ཐོབ་པའི་ཉི་ཤུ་དང། དེ་བཞིས་ཐོབ་པའི་བཅོ་ལྔ་དང། དེ་ལྔས་ཐོབ་པའི་བཅུ་གཉིས་དང། དེ་དྲུག་གིས་ཐོབ་པའི་བཅུ་དང། ་དེ་བརྒྱད་ཀྱིས་ཐོབ་པའི་བདུན་དང། དེ་བཅུས་ཐོབ་པའི་དྲུག་གོ། དེ་ལྟར་ཐོབ་པ་རྣམས་བསྡོམས་པས་བརྒྱ་དྲུག་ཅུའོ། འདི་ནི་རྣལ་འབྱོར་པ་གང་ཟག་ལ་བདག་མེད་པར་རྟོགས་པར་བྱ་བ་ལ་ཞུགས་པའམ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པར་བྱ་བ་ལ་རབ་ཏུ་སྦྱོར་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་པས། ་དེའི་ཕྱིར་གང་ཟག་ལ་བདག་མེད་པའི་ལམ་རྟོགས་པས་སྤང་བར་བྱ་བ་དང། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་སྤང་པར་བྱ་སྟེ། རྒྱུད་ལས། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱི་འདས་པ་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བ་ནི་འདི་ལྟ་སྟེ། ་འདི་ནི་ཕུང་པོ་ཙམ་ཉད། །བདག?་ནི་ནམ་ཡང་ཡོད་མ་ཡིན། །དབང་པོ་གོང་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས་ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན། །སེམས་བརྒྱ་དྲུག་ཅུར་སྦྱར་བ་ཞར་ལ་འོངས་པ་འདི་ནི་རྫོགས་སོ།། །།དཀྱུས་མ་བརྗོད་པར? ་བྱ་བ་སྟེ། གོང་དུ་བཤད་པའི་ཚུལ་གྱིས་རྣལ་འབྱོར་བ་དབང་པོ་རྣོན་པོ་དང། དབང་པོ་རྟུལ་པོའི་རིམ་གྱིས་གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་དུ་ཞུགས་ནས་ཆོས་ཐམས་ཅད་དང་སྒྱུ་མ་ལྟ་བུར་སྣང་བ་སེམས་རྨོངས་པར་བྱེད་པ་ལ་ཞུགས་པ་གཉིས་ཀ་ཡང་མོས་པ་སྤྱོད་པའི་ས་རྟོགས་པར ་བྱ་བའི་ཕྱིར་འབད་པོ་རྩོམ་པར་བྱེད་པ་དེའི་རིམ་པ་ནི་འདིའོ། །གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ལམ་ཇི་ལྟར་ཁོང་དུ་ཆུད་པ་དེ་ཉིད་འཇུག་པ་དང་གནས་པ་དང་ལྡང་བའི་སེམས་མངོན་པར་བྱེད་པའི་སྒོམ་པས་གོམས་པར་བྱེད་ཅིང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་སྦྱིན་པས ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་དུང་སྤྱོད་པ་བསྒྲུབ་པ་སྔོན་དུ་འགྲོ་བའི་རྗེས་སུ་འཛིན་བས་ན། ས་བཅུ་པལ་འཇུག་པར་བྱེད་པ་རྣམས་དང་དེ་དག་གི་ངོ་སེམས་དང། འི?་སེམས། རྒྱུ་མཐུན་པའི་ལུས་དང་ངག་དག་ཡིད་ཀྱི་ཡོན་ཏན་རྣམས་མ་ཐོབ་ཀྱང་ཐོས་པ་དང་བསམས་པས་རྟོགས་པའི་ཤེས་རབ་སྟོབས? ་ཀྱིས་དེ་དག་ལ་འཇུག་པའི་ཆོག་ཀྱི་ཚིག་དག་གི་བསྟན་པ་རྣམས་ལ་དེ་ཁོ་ན་ལྟར་ཡིན་ནོ་ཞེས་མོས་པ་ནི་མོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མོས་བ་སྔོན་དུ་འགྲོ་བ་ཅི་རིགས་པར་རང་དང་གཞན་གྱི་དོན་སྒྲུབ་པའི་ངོ་བོ་གང་ཡིན་པ་དེ་ལྟ་བ་བཞིན་ནི་མོས་པས་སྤྱོད་པ་ཡིན་ཏེ། མོས་པས་སྤྱོད་ལ ་ས་བཅུ་ཉིད་གཞིའི་དོན་གྱི་ས་ཡིན་ནོ། །མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་འདའ་བར་འགྱུར་རོ་ཞེས་སྟོན་པར་མཛད། མོས་པའི་ས་ལས་དང་པོ་བ་ནི་སྦྱོར་པའི་ས། སེམས་གསུམ་རྣ་རཾ་བསྒོམ་པ་སྟེ། ཕ་རོལ་ཕྱིན་རྣམས་སྤྱོད་པ་དང། །བསྡུ་བ་དག་ནི་བཞི་པོ་ཡིས། །མོས་བའི་ས? ་ནི་མཆུངས་བ་མེད། །དཔག་ཏུ་མེད་ཅིང་བསམ་དེ་ལྟ་བུའི་དུལ་གྱིས་མི་ཁྱབ། །དཔག་མེད་ཡེ་ཤེས་འགྱུར་བ་ནི། །སེམས་བཅུ་དག་གིས་ཐོབ་དེ་ལ་དགོངས་ནས་འདིར་པར་འགྱུར། །དེ་གང་ཅུང་ཟད་བརྗོད་པ་ནི། དུ?་གནས་སྡང་བའི་ཐམ་ཅད་འདི་ཡིས་ཐོབ་པར་འགྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡིས། །མོས་བཞེས་ནི? ་བྱ་བར་བཤད། །བློ་ལྡན་བསྐལ་པ་གཅིག་གིས་ནི་ས་ལས་ཡང་དག་འདའ་བར་འགྱུར་ཞེས་གང་གསུངས་པ། ས་བཅུ་དང་རྗེས་སུ་མཐུན་པར་མོས་བསྒོམ་པའི་ཡིན་ནོ། །གཞན་ཞར་འདོས?་ཡང་སེམས་གསུམ་རྣམ་པར་བསྒོམ་པ་མོས་པ་སྦྱོང་བའི་སར་བཤད་པ་འདི་ཉིད་དང་ཡེ་ཤེས་ཀྱི་ས་བཅུ་རྫོགས་པར་བྱེད་པའི? ་ཆོས་དག་ལ་མོས་ངའི་སེམས་བཅུ་པོ་འདི་དག་གསལ་བར་བྱེད་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ཉིད་ཀྱི་རྒྱུད་ཕྱི་མ་དང་འབྲེལ་པ་གསང་བའི་རིམ་པ་ཕྱེ་བ་ལས་གཞུང་འདིས་ཡང་དག་པར་བསྟན་ཏེ། དེ་ལ་གསང་བའི་བདག་པོ་མོས་པ་སྤྱོད་པའི་སེམས་གསུམ་ཡོངས་སུ་ཤེས་པ་གང་ཞེ་ན། གསང ་བའི་བདག་པོ་སེམས་ཀྱི་སྐད་ཅིག་མ་དང་པོ་རྟོགས་པའི་ཕྱིར་སེམས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་ནི་རྟོགས་པ་དང་བོ་ཡིན་ནོ། །གཉིས་པ་ནི་རྟོག་པའི་དྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམ་པར་མི་རྟོག་པ་ཡིན་ནོ། །སྒྲིབ་པ་མེད་པར་རྟོགས་ནས་སེམས ་ཅན་རྣམས་ཡང་དག་པའི་ལམ་ལ་དགོང་ཐོས་བ་དང་བཅས་པས་བར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེ་དེ། རྣམ་རྟོག་པ་དང་བཅས་བས་འདི་ནི་འདིའི་སེམས་འཇུག་པའི་སེམས་གནས་པ་གསུམ་གཡོན་ནོ། །གསང་བའི་བདག་པོ་སེམས་གསུམ་བསྒྲུབ་པས་དང་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་རྣམས ་བསྒྲུབ་པར་འགྱུར་རོ། །གསང་བའི་བདག་པོ་དེ་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པའི་སྦྱོར་བ་དག་ནི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་ལྔང་བ་སྤྱོད་ཅིར་ཐབས་དང་ཤེས་རབ་དང་ཡེ་ཤེས་དང་ལྡན་པ་གང་གི་ཚེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི ་དག་གིས་ཡང་དག་པར་ལེན་དུ་བཅུག་སྟེ། ཡིད་རབ་ཏུ་དགའ་བས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་ནོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་སེམས་རྣམ་པར་དག་པ་འདུས་མ་བྱས་པའི་ཚུལ་ཁྲིམས་ལ་གནས་འདི ་ཆོས་དེ་ཉིད་སྦྱིན་ཞིང་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་བཀོད་ལ། བདག་ཉིད་ཀྱང་དེ་པ་གནས་པར་འགྱུར་ཏེ། འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ། །གསང་བའི་བདག་པོ་བྱང་ཆུབ་བདག་མེད་པའི་དེ་ནས་ཡ་དམ་གྱི་ཚུལ་བསླབ་པ་སེམས ་དགའ་ཨོ་འོང་གསལ་སེམས?་ཞིང་སེམས་ཀྱིས་ཕྱོགས་བཅུའི་ཆོས་ལ་ཁྱབ་པ་གང་གི་ཚེ། བདག་ཉིད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལ། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་འདི་ནི་དེའི་སི་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་ནི་སེམས་དེ་ཉིད་ཀྱིས་ཕྱི་ཕྱིར་ཞིང་གོང་ནས་གོང་དུ་རྟོགས་པ་ལ་མཁས་པའི་བློས་བརྩོན་འགྲུས་རྩོམ་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། གསང་བའི་བདག་པོ་འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་དག་བསྒྲུབ་པའི་སྦྱོར ་བ་ཡིན་པར་བལྟའོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྤྱོད་པ་གང་གི་ཚེ་སེམས་དེ་ཉིད་བསམ་གཏན་ཐམས་ཅད་ལ་མི་ལྟ་བར་ཡེ་ཤེས་དང་ལྡན་པའི་བློས་ངེས་པར་སེམས་ཤིང་གཞན་དག་ཀྱང་དེ་ལ་ཡང་དག་པར་ལེན་དུ་འཇུག་པ་དེའི་ཚེ། ་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་འགྲུབ་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་སེམས་འདི་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་ཀྱི་བསམ་གཏན་དང་ཚད་མེད་པ་དག་ལ་མི་ལྟ་བར་བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར ་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་དེའི་ཚེ་འདིའི་ས་དང་ཕ་རོལ་ཕྱིན་པའི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱད་པའི་སྤྱོད་པ་བསམ་གཏན་གྱི་ལྷག་བའི་བསམ་གཏན་གྱི་ལྷག་པའི་བསམ་པ་དེ་ལྟ་བུ་དང་ལྡན ་བ་ནི་སེཾས་དེ་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས་བདག་ཉིད་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་པར་སྤྱོད་པར་བྱེད་པ་ལ་གནས་པར་འགྱུར་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། དེ་ལྟ་བུ་ནི་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ས་མངོན་དུ་འགྱུར་གྱི་ཡན་ལག་འགྲུབ་པ ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཡང་དག་པར་བསྡུ་བ་ལ་མཁས་པ་དག་པའི་བཤེས་གཉེན་གྱིས་ལེགས་པར་བྱིན་གྱིས་བརླབས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་ལམ་བཏབ་ནས་སེམས་དང་པོ་བསྐྱེད་པ་ནས་བཀྲུང?་སྟེ། སེམས་ཅན་རྣམས ་བསྡུ་བའོ་དངོས་པོ་བཞི་དག་གིས་སྡུད་པར་བྱེད་འདི་ནི་འདིའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ས་རིང་དུ་སོང་བའི་སྦྱོང་བ་འགྲུབ་པ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་ཡེ་ཤེས་དང་ལྡན་པའི་བློ་མི་གཡོ་ཞིང་མི་སྦུལ་བ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས་ཀྱང ་ཟིལ་གྱིས་མི་ནོན་ཏེ། འདི་ནི་འདིའི་ས་མི་གཡོ་བ་དང་ཕ་རོལ་ཏུ་ཕྱིན་པའི་སྦྱོར་པ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཟིན་པ་ཆོས་ཐམས་ཅད་ལ་སྒྱུ་མའི་ཆོས་དང་མཉམ་པ་ཉིད་དུ་གྱུར་པ་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན ་བ་ནི་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དག་ཀྱང་ཁྱབ་པར་བྱེད་ཅིང། ལུས་དང་ངག་དང་ཡིད་མཉམ་པ་ཉིད་ཀྱིས་ཡང་དག་པར་མགུ་ནས་ལུས་ཀྱི་སྤུ་ལངས་ཤིང་དགའ་བ་མང་པོས་ཕྱོགས་བཅུར་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་བར ་འགྱུར་རོ། །སེམས་ཅན་གྱི་མཐར་ཐུག་པའི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་ནམ་མཁའ་ཨི་མཐར་ཐུག་པ་དང། སེམས་ཅན་ཀྱི་མཐར་ཐུག་པ་དང། ཡེ་ཤེས་ཀྱི་མཐར་ཐུག་པ་དང། རྣམ་པར་ཤེས་པའི་མཐར་ཐུག་པས་ཁྱབ་པར་བྱེད་དེ་དེ་ལྟར་དད་པ་དང། བརྩོན་འགྲུས་དང། ཤེས་རབ་ཀྱི་སྟོབས ་སྐྱེད་པ་ཐོབ་པ་ན་རྨི་ལམ་མམ་མངོན་སུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་མོས་པའི་དཀྱིལ་འཁོར་ལ་ཞུགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་ཡིན་ཏེ ་རྒྱས་པར་རྒྱུད་ཕྱི་མ་ལས་བཤད་པ་གསང་བའི་རིམ་པར་ཕྱེ་བ་ལས་བརྟག་པར་བྱའོ།། །།ཞར་ལ་འོངས་པ་འདི་རྫོགས་སོ།། །།དཀྱུས་མ་བརྗོད་པར་བྱ་སྟེ། མོས་པས་སྤྱོད་པའི་ས་བསྐལ་བ་གཅིག་གིས་འདའ་བར་འགྱུར་རོ་ཞེས་བཤད་པ་འདིའི་འཇུག་ཐོགས་སུ་ཡང་མོས་པས ་སྤྱོད་པའི་ས་སྡེགས་སུ་གྱུར་པའི་ཡོན་ཏན་ཅན་ཡེ་ཤེས་ཀྱིས་རབ་ཏུ་དགའ་བ་བྱང་ཆུབ་ཀྱི་སེམས་དང་པོའི་མཚན་ཉིད་ལ་འཇུག་པར་འགྱུར་པ་རྣམས་བསྐལ་པ་བཞི་ཆའི་བར་དུ་གོམས་པར་བྱས་ནས་མོས་པས་སྤྱོད་པའི་ས་ལས་འདས་ཏེ། ཡེ་ཤེས་ཀྱི་ས་ལ་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་སྟོན་ཏེ། འདི་ཡི ་ཡང་ནི་བཞི་ཆ་ཡིས། །མོས་པ་ལས་ནི་འདའ་བར་འགྱུར། །ཞེས་བྱ་བ་ཡིན་ནོ། །དེའི་འོག་ཏུ་གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་ཇི་ལྟར་རྟོགས་པའི་ལམ་དེ་ཉིད་འཇུག་པ་དང། གནས་པ་དང། ལྡང་བ་དང་ལྡན་པའི་སྒོ་ནས་མངོན་དུ་བྱེད་པ་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གོམས་པའི ་ཕྱིར་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་པ་ལ་བསྒྲུབ་པ་ལྷུར་ལེན་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས་ས་དང་པོའི་མཚན་ཉིད་ཕུང་པོ་ལ་སོགས་པ་ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་རྣམས་ཀྱི ་ཡང་གཉེན་པོར་གྱུར་པའི་སེམས་ཐོབ་པར་གྱུར་པ་དེ་སྟོན་ཏེ། གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར ་དངོས་ཀྱི་བསགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་རྫས་མེད་པ་མཚན་ཉིད་མེད་པ། མཚན་མ་མེད་པ། སྤྲོས་པ་ཐམས་ཅད་ལས་འདས་བ། ནམ་མཁའ་ལྟ་བུར་དཔག་ཏུ་མེད་པ་ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པ་འདུས་བྱས་དང་འདུས་མ་བྱེས་ཀྱི་ཁམས་དང ་བྲལ་བ་ལས་དང་བྱ་བ་མེད་པ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བྲལ་བར་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་བསྐྱེད་དེ། གསང་བའི་བདག་པོ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་རྒྱལ་པ་རྣམས་ཀྱིས་གསུངས་སོ་ཞེས་བྱ་བའི་བར་ཡིན་ནོ། །དེ་ལྟ་བས་ན། དེ་ལྟར་བཤད་མ་ཐག་པའི ་རིམ་གྱིས་ན་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་ས་བཅུ་ལ་འཇུག་པར་བྱེད་པའི་ཡོན་ཏན་ཅན་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་ས?་འོག་པར་ཐོས་བསམ་གྱི་གཏན་ལ་ཕབ་ནས་བསྒོམ་པ་གོམས་པར་བྱེད་ཅིང། བྱང་ཆུབ་སེམས་དཔའ་ཨི་ས་བཅུའི་བར་དུ་གོངས?་གོ་མ་གོང་མའི་རིམས་ཇི་ལྟ་བ་བཞིན་ཁོ་ནར་སྒྲུ?་པ ་ལ་ཞུགས་པ་ནི་བྱང་ཆུབ་སེམས་དང་བཞེས་བྱ་བའི་མིང་རིམ་གྱིས་འཐོ་བོ་ཞེས་སྟོན་ཏེ། རྒྱུད་དུ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་ཀུན་ཏུ་སངས་རྒྱས་དང་དེ་བཞིན་གཤེགས་པ་རྣམས་བྱེ་བྲག་ཞུས་པ་ཇི་ལྟར་བྱང་ཆུབ་སེམས་དཔའ་ལགས་ཞེས་ལཱི་ལ་བཀའ་སྩལ་པ། རྒྱུད་ཆིག་འདི་ལ། ཚིག་འབྲེལ་དུ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུང་པ། དེ?? ་ཀྱི་ཡེ་ཤེས་བ་གཟུང་བ་དང་འཛིན་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པ། ནམ་མཁའ་ལྟ་བུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སྟེ། བྱང་ཆུབ་དེ་ལྟ་བུར་གང་ཆུད་པ་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་ས་དང་པོ་བཞུགས་པ་ནས་ས་དགུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་པ་བྱའོ?། དེ་ནས་བཅུ་མདོར་པར་བསྒྲུབས་ན་སུ་ས་སངས ་རྒྱས་ཞེས་དབྱི?་བ་ཡིན། །ཞེས་པའི་བར་དུ་ནི་ཇི་ལྟར་སངས་རྒྱས་ཞེས?་དེ་གྱི་ཞེས་ཉུས?་ལན་གེས་བཅུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དབང་བཅུ་ལ་ཡང་དབང་དུ་གྱུར་པའི་ཏིང་ངེ་འཛིན་དུ་གནས་པ། ལངས་པ་གཉིས་ཀའི་ཚེའང་ཕུང་པེ་རྙིང་པ་ལ་སོགས་པའི་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས། །འཇིག་རྟེན་པ་རྣམས་ཀྱི་རྒྱུད། ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་སྟོང་པ་ཉིད་དང ་སྒྱུ་མ་ལྟ་བུར་ཤེས་པར?་ནི་སངས་རྒྱས་ཤེས་བྱ་སྟེ་བྱང་ཆུབ་སེམས་དཔའ་ལ་པ་རྣམས་ཀྱིས་ཀྱང་ཆོས་རྣམས་སྟོང་པ་སྒྱུ་མ་ལྟ་བུར་རྟོགས་པ་དང། འཇིག་རྟེན་ཀུན་གྱི་རྒྱུད་ཤེས་མོང་ཀྱི། མི་མཐུན་པའི་ཕྱོགས་ཐམས་ཅད་དུ་མ་སྤངས་པས་ཆོས་རྣམས་སྟོང་པ་དང་སྒྱུ་མར་རྟོགས་པ་ཡང། མཉམ་པར་བཞག་པ་ལས་ལངས་པའི་ཆེ་མི་མཐུན་པའི་ཕྱོགས་ཀྱིས་སྒྲིབ་པར་འགྱུར་ཏེ། དེ་ལས་ཁྱད ་པར་དུ་སྒྲུབས་པ་ནི་ས་བཅུ་རྫོགས་པར་སངས་རྒྱས་བཞེས་བྱ་སྟེ། སངས་རྒྱས་པ་ཞེས་བྱ་བ་ནི་འོག་པའི་གཉེན་པོ་ལ་སོགས་པ་སྤངས་ནས་ཕྱིན་ཅི་མ་ལོག་པར་ཆུང་བལ་བྱའོ། །ཞེས་སོ། །བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་དེ། །ཀུན་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། ས་གུ་པ་མན་གྱི་བྱང་ཆུབ་སེམས་དཔའ་ ་ཞེས་བྱའོ། །ཞེས་འབྱུང་བ་ཡིན་ནོ། །ངེ་རྟོགས་འདོད་པ་ཞེས་བྱ་བ་ནི། །སོ་སོའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་ལ་དམིགས་པ་གོ་རིམས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་ལ་ཞུགས་པའོ། །ས་ནི་རྟོགས་པར་འདོད་པ་ཞེས་བྱ་ལ། དེས་ན་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ། སྙམ་དུ་དགོངས་པ་ཡིན་ནོ། །དེའི་འོད་རྒྱ་གར? ་གི་ཚེ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་དང། དབང་བཅུ་བསྒྲུབ་པ་མངོན་དུ་འགྲོ་བ་ཆོས་སྒྱུ་མ་ལྟ་བུ་རྣམས་དོན་དམ་པར་རྐྱང་སྡོང་བ་ཉིད་དུ་རྟོགས་པར་བྱེད་ཅིང་དེ་ཡན་ནིས་བཅུའི་མཉམ་གཞག་ནམ་མཁའ་ལྟ་བུ་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཉིད་ཅན་ཏེ་ཀུན་རྫོབ་ཀྱི་ལམ་ལ་ཡང་ཞུགས་ཏེ། སེམས་ཅན་རྣམས་ཀྱི་ལས་བདེ་འགྲོ་དང། དམ ་འགྲོང་འདྲེན་པར་བྱེད་པ་དང། རྒྱུ་དང་འབྲས་བུ་སོ་སོར་ངེས་པ་ལ་ཇི་སྲིད་པ་དེ་སྲིད་དུ་ཡུལ་གྱི་ཡོ་བརྟན་པའི་སྣང་བ་དབེན་པའི་སེམས་མངོན་དུ་བྱས་པའི་དོན་ཤེས་མངོན་དུ་མཛད་པའི་སྒོ་ནས་མཁྱེན་པ་དེའི་ཚེ། ས་བཅུ་ཐོབ་པས་སངས་རྒྱས་ཞེས་བྱ་བར་ཐ་སྙད་གདགས་པ་དེ་སྟོན་ཏེ། རྒྱུད་འདིར་འདི་ལྟ་བུའི་སངས་རྒྱས་བཞག་དགོས ་པའི་སྐབས་ཡོད་པ་ནོ་ཆག་འབྲེལ་བས་ཀྱང་དེ་ལ་སངས་རྒྱས། དང་ཞེས་པ་ནི། བླ་ན་མེད་པར་སངས་རྒྱས་པ་ལ་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུར་ཕྱིན་པ། དབང་བཅུ་ཐོབ་པའི་སངས་རྒྱས་དེ་ལ་བྱའོ་བྱང་ཆུབ་སེམས་དཔའ་ཞེས་པ་ནི། དེ་ལས་གཞན་པའི་སར་གནས་པ་རྣམ་ཐེ་ལ་བྱའོ་ཞེས་གང་གིས་ས་བཅུ་ལུང་གི་སྒྲུབས་ནས་ནི། དབང་བཅུ་ལེཊ་རྟོགས་ཁོང་དུ ་ཆུང། །སྟོང་པ་སྒྱུ་མ་འདྲ་བའི་ཆོས། །རྣམ་པ་ཐམས་ཅད་མཁྱེན་ཅིང་འདིར། །འཇིག་རྟེན་ཀུན་གྱི་ཚུལ་མཁྱེན་པ། །སངས་རྒྱས་ཞེས་ནི་བྱ་བ་ཡིན། །ཞེས་འབྱུང་བ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ནི་གང་གིས་ཆོས་ཐམས ་ཅད་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དུ་ཡང་མེད་པར་རྟོགས་པ་སྟེ། ད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སམ་ཀུན་སངས་རྒྱས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །བང་གི་ཚེ་མ་རྟོགས་པའི་ཆོས་ཐམས་ཅད་དོན་དམ་པའི་ངོ་བོ་ཉིད་ཀྱིས ་མཚན་ཉིད་སྟོང་པ་ཉིད་དུ་ཇི་ལྟར་རྟོགས་པ་བཞིན་ནམ་མཁའ་དང་འདྲ་བར་གཉིས་སུ་མེད་པའི་མཚན་ཉིད་གཅིག་པར་ས་བཅུ་པ་རྟོགས་པར་བྱ་སྟེ། ཀུན་རྫོབ་ཀྱི་ཡེ་ཤེས་ཀྱིས་ཀྱང་སྟོབས་བཅུ་དག་སྒྲུབ་པར་བྱེད་པ་དེའི་ཆེ། རྫོགས་པར་བྱང ་པ་ཞེས་བྱའོ། །ཞེས་བྱ་བར་སྟོན་ཏེ། ཆོས་ནི་ནམ་མཁའ་ཨི་མཚན་ཉིད་དེ། །གཉིས་སུ་མེད་མཚན་ཉིད་དུ་ཅིང་མཚན་ཉིད་གཅིག་།སྟོབས་ཀུན་སངས་རྒྱས་བཅུ་རྫོགས་པར་སངས་རྒྱས་པ། དེ་ནི་རྫོགས་ཀུན་ཏུ་སངས་རྒྱས་ཞེས་བྱ། །རྫོགས་པར་བྱང ་ཆུབ་པ་ཞེས་བྱ་བ་འདི་ལ་ཚིག་འབྲེལ་ལས། ཇི་ལྟར་རྒྱལ་བ་མཆོག་ཅེས་བྱ་ཞེས་ཞུས་པའི་ལན་ཏེ། ས་བཅུའི་བྱང་ཆུབ་སེམས་དཔར་སངས་རྒྱས་ཞེས་བྱ་བ་རྣམས་ཀྱིས་ཆོས་རྣམས་སྟོང་པར་ཆུད་བ་ནི་སོ་སོར་མཚན་ཉིད་དུ་ཆུད་དེ། དེ་ལས་ལྷག་པར་གང་སོ་སོར་མཚན་ཉིད་དུ་སྟོང་པར་ཆུད་པ་དེ་རྣམས་གང་གཟུགས་ཀྱི་སྟོང་པ་དེ་ཚོར་བའི ་སྟོང་པ་སྟེ། གཟུགས་ཀྱི་སྟོང་པ་དང་ཚོར་བའི་སྟོང་པ་ཉིད་གཉིས་གཉིས་སུ་བྱར་མེད་ཅེས་པ་ལ་སོགས་པའི་ཚུལ་དུ་ཆོས་ཐམས་ཅད་ནམ་པའི་མཚན་ཉིད་ལྟར་བདག་ཉིད་མེད་དེ། མཚོན་ཉིད་གཅིག་ཏུ་སྟོབས་དབང་ཡོངས་སུ་རྫོགས་ནས་ཀུན་ཏུ་ཆུད་པ་དེ་ནི་ཀུན་ཏུ་སངས་རྒྱས་ཞེས་བྱ་བ་སྟེ། དེ་ཡང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཀུན་ཏུ ་བཟང་པོའི་ས་ལ་གནས་པ་འམ་བྱང་ཆུབ་སེམས་དཔའ་ལ་བྱའོ། །རྒྱལ་བའི་མཆོག་སེམས་པ་ནི། བདུང་བཞིས་རྒྱས་པའི་ཕྱིར་རོ། །ཞེས་སོ། །དེ་ནས་འདུ་ཤེས་ཙམ་སྤངས་ནས་སུ། རང་བཞིན་བསྟན་དུ་མེད་པ་ནི། །རང་གི་རིག་པ་ཡེ་ཤེས་ཕྱིར། །ཞེས་ཞུན་ཏུ་སངས་རྒྱས་པའི་ཚོ་ཆོས་ཐམས་ཅད་སྟོང་པའི་མཚན་ཉིད་ཏུ་ཐུང་བའི་འདུ་ཤེས་ཙམ་བདེ་ཡང ་སྤངས་ཏེ། རང་གི་རིག་པ་རང་བཞིན་དུ་མེད་བ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་སོ། །ལམ?་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་མཚན་ཉིད་མེད་པའོ་ཞེས་བྱ་བའི་ཚུལ་དུ་མཚན་ཉིད་གཅིག་པར་རྟོགས་པའི་ཕྱིར་ཡང་ཐམས་ཅད་མཁྱེན་པ་མཚན་མེད་བརྙེས་ཞེས་བྱའོ་ཀུན་ཏུ་བྱང་ཆུབ་བའོ་ཞེས་བྱེ ་བྲག་ཏུ་བཤད་པའི་ཕྱིར་ཏེ། དེ་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པར་རྟོགས་པའི་མཚན་ཉིད་ནི་འདི་ལྟ་སྟེ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཚོར་བ་རྣམ་པར་དག་པའོ། །ཚོར་བ་རྣམ་པར་དག་པ ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་ཚོར་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ལ་སོཊ་པ་གསུངས་སོ། །རྫོགས་པར་དོན་འདི་ལ་ཡང་དཔལ་བརྩེགས་ཀྱིས། ། ་མདོར། གསང་བའི་བདག་པོ་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ། །ཞེས་པ་ནས་སེམས་ཁྱི་ཁྱད་པར་རིམ་པར་ཕྱེ་བའོ་ཞེས་པའི་བར། དབང་པོ་རྣོན་བོའི་དབང་དུ་གསུངས་པ། མོས་པ་སྤྱོད་པའི་ས་དང། ས་དང་པོའི་མཚན་ཉིད་བསྟན་པ་དང་གོང་དུ་སྨོས་པའི་དོན་རྣམས་མིང་བརྗེས་ཏེ། དབུགས་འབྱིན་པ ་ཞེས་སྨོས་པ་དང། གསང་སྔགས་ཀྱི་མཚན་ཉིད་སྟོང་པ་ཡིན་ཡང། མྱུ་པ་ལ་སོགས་པ་དང་འདྲ་བར་དོན་བྱེད་པར་ཡང་རུང་ཞེས་བསྟན་པ་ཡིན་ནོ། །དེར་ཡང་མ་ཟད་དེ་རྣམ་པར་སྣང་མཛད་ཀྱི་རང་གི་རྒྱུ་ནི། འོག་ནས་རྫོགས་པར་བྱང་ཆུབ་གནས་སྐབས་དཔའ་པོ་ཆེན་པོའི་ཏིང་ངེ་འཛིན་ལ་སོགས་པ་བཟུང་བ་ཡང་ཡིན་པར་བསྟན་ཏོ། །ཞེས་སོ། །བྱང ་ཆུབ་པའི་ཡེ་ཤེས་རྟོགས་པའི་གནས་སྐབས་འདི་ཡང་འདི་ལས་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་བསྟན་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ཁོ་ནས་སྤྲུལ་པའི་སྦྱོར་བ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད ་པའི་ཁམས་ཉིད་དུ་སྐྱེ་བ་ལེན་པ་དང། མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པ་ལ་སོགས་པ་ཀུན་ཏུ་བསྟན་ཏེ། བྱང་ཆུབ་སྙིང་པོར་ཉེ་བར་གཤེགས་པ་སྔོན་དུ་འགྲོ་བ་ཅན་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ཡན་ལག་ལྔ་པ་རྟོགས་པའི་སྒོ་ནས ་བདུད་བཞི་ལ་རྒྱལ་ནས་བརྙེས་སོ་ཞེས་འབྱུང་ངོ། །དེ་ལ་འདི་ལས་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་བསྟན་པར་གསུངས་པ་འདི་ཡིན་ཏེ། ཇི་སྐད་དུ་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག ་ན་རྡོ་རྗེ་བཀའ་སྩལ་བ། བྱང་ཆུབ་སྙིང་པོར་འདུག་ནས་སུ། །འདུད་ནི་རྣམ་པ་བཞི་བཅོམ་ནས། དེས་ན་དཔའ་ཨོ་བོ་ཆེན་པོ་ཞེས། །ཚངས་པ་ལ་སོགས་ལྷ་ཚོགས་རྣམས། །འཇིགས་པ་ཐམས་ཅད་མེད་པའི་སྒྲ། །དགའ་བ ་བཞིན་དུ་སྒྲོགས་པར་བྱེད། །དེ་ཕྱིན་ཆད་ནི་ང་དཔའ་ཨོ་བོ། །དཔའ་བོ་ཆེན་པོ་ཞེས་སུ་གྲགས། །སྐྱེ་བ་མེད་པར་ངས་རྟོགས་པ། །ཚིག་གི་སྤྱོད་ཡུལ་རྣམ་སྤངས་ཤིང། །ཉེས་པ་ཐམས་ཅད་མེད་པ་སྟེ། །རྒྱུ་དང་རྐྱེན་དང་བྲལ་བ་ཡིན། ། ་སྟོང་པའི་ཡེ་ཤེས་མཁའ་འདྲ་བ། །མུན་པ་ཀུན་དང་བྲལ་གྱུར་ཅིང། །ཤིན་ཏུ་དྲི་མེད་དེ་ཁོ་ན། །ཇི་ལྟར་འབྱུང་བ་ང་ལས་ང་ལས་འབྱུང་ཟེར་འབྱུང། །ཀུན་མཁྱེན་ཙམ་གྱི་ཚུལ་དུ་གནས། །ཀུན་མཁྱེན་སངས་རྒྱས་མཚན་ཉིད་དོ། །ང་ཡི་དེ ་ཉིད་དམ་པ་འདི། །འཇིག་རྟེན་སྣང་བར་བྱེད་པ་སྟེ། བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་སུ། །ཡིག་འབྲུ་རྣམས་སུ་བསྟན་ནས་སུ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་རབ་ཏུ་བཤད། །ཅེས་གསུངས་པ་ལྟ་བུ ་ཡིན་ནོ། །དེ་ལ་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་འདིའི་གཞིར་གྱུར་པ་དཔའ་བོ་ཆེན་པོའི་སྙིང་པོའི་མཚན་ཉིད་ཀྱི་ཡིག་འབྲུ་དག་ནི། །ན་མ(རྒྱུད་འགྲེལ་བ་ནི་བཅོམ་ལྡན་འདས་ཀྱིས་མངོན་བྱང་ཆུབ་པའི་རིམ་པ་ལ། ཕར་ཕྱིན་ཐེག་པར་སྐད་ཅིག་མ་བཞི་དང་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་དང། ཡོ་ག་ཡན་དུ་མངོན་བྱད་ལྔ་ཡོད་པ་ལྟར། འདིར་ཡང། དཔའ་བོ་ཆེན་པོའི་ཡི་གེ་ལྔའི་དོན་གྱི་མངོན་པར་རྫོགས་པར་བྱང་ཆུབ་ཅེས་ཤེས་པར་བྱའོ། །ས་བོན་གྱི་ཡི་གེ་འདི ་ལྔས་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་ཡན་ལག་ལྔ་པའི་གཞིས་བྱས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་སྙིང་པོ་འདིའི་མཐུ་དང་སྒྲུབ་པ་དག་ཀྱང་འདི་ཉིད་ལས་དཔའ་བོ་ཆེན་པོ་རིམ་པར་བྱེ་བ་ལས་རྒྱས ་པར་བསྟན་ཏོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་འདི་ཉིད་འདིར་རྫོགས་པར་བྱང་ཆུབ་སྟོན་པ་སྔོན་དུ་འགྲོ་བའི་གསང་སྔགས་སྤྱོད་པར་མོས་པ་རྣམས་ལ་ཕན་གདོགས་པའི་ཕྱིར་སངས་རྒྱས་ཀྱི་ཟིང་སྟུག་པོར་གཤེགས་ཏེ། དེ་ན་ཡོད་པའི ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པ་དང། སངས་རྒྱས་ཐམས་ཅད་སེམས་ཅན་ཀྱིས་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱི་ལུགས་ཀྱི་བསྐུལ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་ལྔའི་སྦྱོར་བས་སངས་རྒྱས་ཀྱི་སྐུར་བྱིན་གྱིས ་བརླབས་ཏེ། རི་རབ་ཀྱི་སྟེང་དུ་གཤེགས་ནས་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཀུན་བརྟགས་པའི་སྒོ་ནས་འདོད་པ་དང་གཟུགས་ན་སྤྱོད་པའི་ལྟ་རྣམས་ལ་ཕན་གདགས་པ་དང། སྡང་བ་རྣམས་ཚར་བཅད་པ་མཛད་དེ། ཡང་ཛམྦུའི ་གླིང་དུ་གཤེགས་ནས་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ། གསང་སྔགས་ཀྱི་ཚུལ་བཤད་པའི་རིམ་པས་དེ་ལ་སྨོས?་པའི་ལྷ་དང་མི་ལ་ཕན་གདགས་པའི་ཕྱིར་ཡང་རྣལ་འབྱོར་གྱི་ལུགས་ཀྱི་རྒྱུད་ཀྱི་ཚུལ་གྱིས་བྱང་ཆུབ་པ་ཀུན་ཏུ་བསྟན་ཏེ། དོན་འདི ་ཡང་རྒྱས་པར་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བསྟན་ཏོ། །དེ་ལྟ་བས་ན་སྒོ་སྣ་ཚོགས་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་རྟོགས་པའི་མཐུ་བསྟན་པས་གདུལ་བར་བྱ་བ་རྣམས་བཟུད་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར ་བྱང་ཆུབ་པའི་སྒོ་གཞན་དང་གཞན་དག་ཀྱང་གསང་སྔགས་ཀྱི་རྒྱུད་དང་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་རྗེས་སུ་འབྲང་བའི་སྒོ་ནས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ན་སྔར་བཤད་པའི་འཇིག་རྟེན་པའི་སེམས་རྣམ་པ ་བརྒྱད་ནས་བཟུང་སྟེ། རྫོགས་པར་བྱང་ཆུབ་པའི་གནས་སྐབས་དཔའ་བོ་ཆེན་པོ་ལ་སོགས་པའི་བར་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཟེར་དུ་འགྲུབ་པའི་བརྒྱུད་པའི་བསོད་ནམས་དང་ཡེ་ཤེས་ཀྱི ་ཚོགས་ཀྱི་བདག་ཉིད་ཡིན།། །།བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ནི་སྐུ་བཞིའི་མཚན་ཉིད་དེ། འདི་ལྟར་རྒྱུད་འདི་ལས་སྤྲུལ་པའི་སྐུ་རྣམ་པ་གཉིས་སུ་བརྟག་པ་མཛད་ནས་སྐུ་བཞིར་བཞེད་དེ། འདི་ལྟ་སྟེ། རྫོགས་པའི ་དེ་དག་ཀི་ནིེས་ལམ་འགྲོ་??་ཚུལ་གྱི་སྒོ་ནས་རྣམ་པ་སྣང་མཛད་དེའི་རྒྱུ་ནི་གང། །ཞེས་པ་དེ་བཤད་ནས་ངོ་བོ་ཉིད་གསུངས་ལ། དེ་ལ་རྣམ་པར་སྣང་མཛད་ཀྱི་མངོན་སུམ་གྱི་རྒྱུ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཡིན་ཏེ། སྐད་ཅིག་མ་དང་པོ་ལ་ཡེ་ཤེས་བཞི་ལ་མ་གཏོགས་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཤེས ་འབྱུང་བ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་ལ་སོགས་པ་སྐུ་བཞི་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་འགྲུབ་པར་འགྱུར་རོ། དེ་བས་ན། བྱང་ཆུབ་པའི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། ཆོས་ཀྱི་སྐུ་དང། སྤྲུལ་པའི་སྐུ་ཞེས་བྱ་བ་ནི། །དེ་ལ་སྐུ ་འདི་རྣམས་དོན་དམ་པར་མངོན་པར་རྟོགས་པའི་རིམ་པ་ནི་འགའ་ཞིག་སྐད་བཤད་པའི་འཁོར་བས་སྐྱོ་ཞིང་སྨྱུང་བ་དང། བརྟུལ་ཞུགས་དང། ངེས་པ་དེ་ལ་སོགས་པའི་མཚན་ཉིད་ཀྱིས་འཇིག་རྟེན་པའི་ལམ་ལ་ཞུགས་ཏེ། རིགས་དང ་བཤེས་གཉེན་ལ་བརྟེན་པའི་སྒོ་ནས་རིམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་རྟོགས་པ་སྔོན་དུ་འགྲོ་བའི་བར་དུ་བསགས་ཤིང་རྫོགས་པར་བྱང་ཆུབ་པའི་གནས་སྐབས་འདི་ལྟ་བུའི་བར་དུ་རྟོགས ་པར་མཛད་ནས་ཁམས་གསུམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་ཞིང་སྟུག་པོ་ན་གནས་པ་རྣམས་དང་སྐལ་པ་མཉམ་པར་སྐྱེས་པ་དང། ཡེ་ཤེས་ཀྱི་སྤྱན་གྱིས་སེམས་ཅན་གྱི་ཁམས་སྡུག་བསྔལ་གསུམ་གྱི་མེ་འབར ་བས་དཀྲིས་པ་ལ་གཟིགས་ཏེ་ཐུགས་རྗེ་ཆེ་པོའི་ཡུམ་གྱི་ཐུགས་སྤྲོ་བ་བསྐྱེད་ནས་འདི་སྙམ་དུ་སེམས་ཅན་གྱི་ཁམས་འདི་ནི་སྐུ་མི་ཟད་པ་སོགས་པ་རྡོ་རྗེ་བཀོད་པ་ཕུན་སུམ་ཚོགས་པ་མེད་པར་སྡུག་བསྔལ་གསུམ་དང་འབྲེལ་བ་གསལ་བར ་མི་ནུས་ལ། སྐུ་མི་བཟད་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དེ་ཡང་བྱང་ཆུབ་རྟོགས་པ་མེད་པར་མི་འགྱུར་བས་དེའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། ཡེ་ཤེས་ཀྱི་སྣང་བ་རྣམ་པར་རྟོག་པའི་དགྲའི་ཚོགས་ཐམས་ཅད་བྲལ་བ་སྤྲོས་པའི་བག་ཆགས་ཀྱི་རྟེན ་ཐམས་ཅད་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་མངོན་དུ་བྱའོ། །དེ་མངོན་དུ་བྱ་བ་ལས་ཀྱང་སྔོན་གྱི་སྨོན་ལམ་གྱི་འཕེན་པ་ལས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཀོད་པ་སེམས་ཅན་སྐལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར ་མགུ་བར་མཛད་པ་གཅིག་པུ་མཐར་ཐུག་པ་འདི་དག་འབྱུང་བར་འགྱུར་རོ་སྙམ་དུ་དགོངས་སོ། །དེ་ལྟར་དགོངས་ནས་ཇི་ལྟར་དགོངས་པ་པ་སྒྲུབ་པ་ལྷུར་ལེན་པ་གནས་གྱུར་པ་དང། སྐུ་བཞི་བརྙེས་པར་གྱུར་ཏོ། །དེ་ལ་ཡེ་ཤེས་རྣམ་པར་རྟོག་པའི་རྟེན་ཐམས ་ཅད་བསལ་བ་རྣམ་པ་ཐམས་ཅད་ལས་ངེས་པར་གྲོལ་བས་ཤིན་ཏུ་འོད་གསལ་བ་རང་རིག་པ་ཙམ་གྱིས་མཐར་ཐུག་པས་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པའི་སྐད་ཅིག་མའི་རྒྱན་བརྒྱུད་པའི་ཚོགས་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་གནས ་སྐབས་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཆོས་ཀྱི་སྐུ་དེའི་མཚན་ཉིད་ནི་འདི་ལས། འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། རང་གི་ངོ་བོར་བསྟན་དུ་མེད། ཤེས་པ་རག་རིག་བྱ་བ་འདི། །དེ་བཞིན་གཤེགས་པ་ཡིན་ཞེས་བཤད། ཅེས་འབྱུང་བ་ཡིན་ནོ། ། ་དེ་བས་ན་དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་འདིའི་ངོ་བོ་ཉིད་ཀྱང་རིགས་པ་དང་ལུང་དག་གིས་ཀྱང་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྟག་པ་སྔོན་དུ་འགྲོ་བའི་ལམ་དངོས་པོ་ཉིད་མངོན་པར་ཞེན་པ་ཡོངས་སུ་འདོར་བ་ལས་འཇུག་པར་འགྱུར་ཏེ། ་འདི་ལྟར་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་ངོ་ཉིད་དུ་རྣམ་པར་བརྟགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྟགས་པའི་རིགས་པས་བརྟགས་ནས་དངོས་པོ་ཡོད་པར ་ཁོང་དུ་མི་ཆུད་དེ། ཇི་སྐད་དུ། །བློ་ཡིས་རྣམ་པར་གཞིགས་རྣམས་ཀྱིས། །ངོ་བོ་ཉིད་ནི་ངོས་མི་ཟིན། །དེའི་ཕྱིར་དེ་དག་ངོ་བོ་ཉིད། །མེད་ཅིང་སྐྱེ་བ་མེད་པར་བསྟན། ཅེས་གསུངས་པ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་རིགས་པས་སྐྱེ་བ་མེད་པར ་བརྟགས་པ་ཡང་སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱི་ཞལ་ལྔ་ནས་ལ་སོགས་པ་དག་གིས་དབུ་མ་ལ་སོགས་པའི་བསྟན་བཅོས་དུ་མ་ལས་རྒྱས་པར་སྤྱོས་ཏེ། བཤད་ཟིན་པས་ཡང་འདིར་འདིའི་དོན་དུ་འབད་པར་མི་བྱའོ། །དེའི་ཕྱིར་ཆོས་ཀྱི་སྐུ་དེ་བཞིན ་གཤེགས་པའི་གནས་སྐབས་ཀྱི་མཚན་ཉིད་ཡོངས་སུ་དག་པ་འདི་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་དོན་དམ་པར་དངོས་པོ་ཡོད་དོ་སྙམ་དུ་མངོན་པར་ཞེན་པར་མི་བྱ་སྟེ། དེ་སྐད་དུ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡེ་ཤེས་སྣང ་བ་བརྒྱན་གྱི་མདོ་ལས་ཀྱང། འཇམ་དཔལ་སྐྱེ་བ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་ནོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། ཆོས་རྣམས་ཐམས་ཅད་དེ ་བཞིན་གཤེགས་དང་འདྲ། བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལས་སྤྱོད། །དེ་བཞིན་གཤེགས་པ་དགེ་བས་ཟག་མེད་ཀྱི། །གཟུགས་བརྙན་དག་ཏུ་གྱུར་པ་ཡིན་ཏེ་འདིར། དེ་བཞིན་ཉིད་མེད་དེ་བཞིན ་གཤེགས་པ་མེད། །འཇིག་རྟེན་ཀུན་ན་གཟུགས་བརྙན་ཡང་དག་སྣང། །ཞེས་གསུངས་ཏེ། ཚུལ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་ཆོས་ཐམས་ཅད་ལ་དངོས་པོར་མངོན་པར་ཞེན་པ་ཡོངས་སུ་དོར་བའི་རིགས་པ་ལ་ཉེ་བར ་།།བམ་པོ་གཉིས་པ། །དེ་ལྟ་བས་ན་ཆོས་ཀྱི་སྐུ་འདིའི་དབང་གིས་དང་པོ་ཉིད་དུ་འོག་ནས་འབྱུང་བའི་མཚན་ཉིད་ཅན་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་འཇུག་པའི་རིམ་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱུད ་ཡོངས་སུ་དག་པ་རྣམས་ལ་རྣམ་པར་སྣང་མཛད་ཆེན་པོ་བཟང་པོ་དཔེ་མེད་པ་ཇི་ལྟར་སྟོན་པའི་དུས་བཞིན་རྟག་ཏུ་སྣང་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་འདིའི་མངོན་པར་བྱང་ཆུབ་པའི་སྐུ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ཉིད་ནི་དེ་ལྟ་བུས་འདུལ་བ ་རྣམས་ལ་རྟག་ཏུ་སྣང་བར་འགྱུར་བའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཞེས་བཤད་དོ། །དེའི་མཚན་ཉིད་ཀྱང་འདི་ལས། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང ་པོ་མཆོག་དམ་པ་ལ་བཞུགས་པར་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་དེ་ཁོ་ན་བརྙེས་པའི་དུས་ཉིད་དུ་ན། ཆོས་ཉིད་ཀྱིས་འཐོབ་པའི་སྐུ་དང། གསུང་དང། ཐུགས་མི་ཟད་པ་བཀོད་པས་སེམས་ཅན ་མོས་པ་ཇི་ལྟ་བ་བཞིན་ཡང་དག་པར་མགུ་བར་མཛད་པ་འགྲོ་བ་གསུམ་ལ་སྣང་བར་གྱུར་པ་གང་དག་ཡིན་པ་དེ་གི་ནང་ནས་བྱང་ཆུབ་ཀྱི་སྙིང་པོའམ་གཞན་གང་ཡང་རུང་སྟེ། ཡུལ་དང་དུས་ལ་སོགས་པ་མ་ངེས་པ་ཉིད་དག་ན་བྱང་ཆུབ་སེམས ་དཔའ་རྣམ་པར་དག་པ་རྣམས་ཁོ་ན་ལ་སྐུ་བཟང་པོ་དཔེ་མེད་པ་སྣང་བར་འགྱུར་བའི་སྒོ་ནས་ལུང་དང་རྟོག་པའི་བདག་ཉིད་ཀྱི་ཆོས་ཟབ་ཅིན་རྒྱ་ཆེ་བ་རབ་ཏུ་སྟོན་པ་ལྷུར་མཛད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་དམིགས་པ་གང་ཡིན ་པ་དེ་ནི་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཡིན་པར་བསྟན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་འདི་ལས་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར ་སྨིན་པ་བསྐྱེད་པ་རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུའི་བར་གནན་པ་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང། ལས་ཀྱི་ཚེ་བཀག་པ་རྣམས་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ ་འཛིན་པའི་ལུས་འདྲ་བ་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང། ཕྱག་ན་པདམོའི་ལུས་འདྲ་བ་ཕྱོགས་བཅུ་ན་གསང་སྣགས་ཀྱི་ཚུལ་གྱི་ཚིགས་རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་མདོ་ཚིག ་དག་གིས་ཡོངས་སུ་བསྟན་ཏོ། །ལྷག་དང་མིའི་དང། མི་མ་ཡིན་པ་ལ་སྣང་བའི་སྐུ་གང་དག་ལྷ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་ཁོ་ན་ལ་སྐལ་བ་ཇི་ལྟ་བ་བཞིན་ཆོས་སྟོན་པ་ལ་སོགས་པ་སྦྱོར་བར་སྣང་བར་འགྱུར་ཞིང་བྱིས་པ་སོ་སོའི་སྐྱེ་བོ་ལ ་སོགས་པ་དག་ཅི་རིགས་པར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལ་གཟུང་བར་ཞུགས་པ་དེ་ནི་འདིར་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །འདིའི་མཚན་ཉིད་ཀྱང་བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ། ཚུལ་སྣ་ཚོགས་དང་བསམ་པ་སྣ་ཚོགས་དང་ཐབས་སྣ་ཚོགས་དག ་གིས་སྟོན་ཅིང། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་ཅིག་ལ་ནི་ལྷར་སྐྱེ་བར་བྱ་བ་དང། ཁ་ཅིག ་ལ་ནི་མིར་སྐྱེ་བར་བྱ་བ་ནས། ལྟོ་འཕྱེ་བ་ཆེན་པོ་དང། ཀླུ་དང། དྲི་ཟ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་ལགས། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ ་བདག་གིས་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང། ལ་ལས་ནི་ཉན་ཐོས་ཀྱི་གཟུགས་སུ། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་སེམས་དཔའ་ཨི་གཟུགས་སུ། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལས་ནི་ཚངས་པའི ་གཟུགས་སུ། ། ལས་ལ་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་ནས། ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དག་དང། སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་གཅིག་པ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ནོ། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་བཀོད་པ་སྤྲུལ་པ་རྣམ་པར་སྤྲུལ་པ་བཤད་པ་འདི་ཡང་ཡིན ་ཏེ། གསང་བའི་བདག་པོ་ངའི་གསུང་གིས་འཁོར་ལོའི་དཀྱིལ་འཁོར་སྤྲུལ་བརྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་མཛའ་ཡས་པར་ཁྱབ། རྣམ་པར་དག་པའི་སྒོ་སེམས་ཅན་ཐམས་ཅད་རེ་བ་ཇི་ལྟ་བཞིན་མགུ་བར་བྱེད་པ། ཆོས་ཀྱི་དབྱིངས་སོ་སོར་རྣམ་པར་རིག་པར་བྱེད་པའི ་སྒོ་ནི་དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་གྱི་ཁམས་ནམ་མཁའ་ཨི་དབྱིངས་ཀྱིས་ཀླས་པ་མ་ལུས་པར་སངས་རྒྱས་ཀྱི་བྱ་བ་བྱེད་པ་ལ་ཞུགས་ཀྱང་གསང་བའི་བདག་པོ་སེམས་ཅན་རྣམས་ཀྱིས་འདི་ནི་བཅོམ་ལྡན་འདས་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་འབྱུང་བ ་སྟེ། སངས་རྒྱས་ཀྱི་གསུང་རྣམ་པར་བཀོད་པའི་རྒྱན་གྱི་སྙིང་པོ་འབྱུང་བའི་སངས་རྒྱས་ཀྱི་སྐུ་སེམས་ཅན་རེ་རེ་ཇི་ལྟ་བཞིན་དུ་མགུ་བར་མཛད་པ་འབྱུང་བ་བཞིན་ནོ། །ཞེས་བྱ་བར་རབ་ཏུ་མི་ཤེས་པ་ལྟོས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྐུ་བཞི་པོ་འདི ་བྱིན་གྱིས་རློབ་པ་ཡང་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རྣམ་པར་དགོད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་གཟུགས་དང། ཕྱག་རྒྱ་དང། རིགས་སྔགས་དང། གསང་སྔགས་ཀྱི་མཚན་མས་གསལ་བར་ཀུན་ཏུ་བསྟན་ཏེ། འདི་ལྟར་དང་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་བྱིན་གྱིས་རློབ་པ་ནི་གྲུ་གསུམ་པའི་ཕྱག་རྒྱ་རྣམ་པར་དགོད་པར་བསྟན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྱང་ཆུབ་ཀྱི་སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ ་ཅན་དུ་རྣམ་པར་བཞག་གོ། །དེ་བཞིན་དུ་སྙིང་པོའི་རིམ་པ་ཉིད་དུ་འཇིག་རྟེན་དབང་ཕྱུག་དང། རྡོ་རྗེ་འཛིན་པ་ལ་སོགས་པ་རིགས་གསུམ་གྱིས་བསྡུས་པའི་ལྷའི་མཚན་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་བྱིན་གྱིས་རློབ་པའི་གཟུགས་དག་བལྟ་བར་བྱའོ། ། ་དེ་བཞིན་དུ་རིམ་པ་གཉིས་པར་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་འཇིག་རྟེན་པའི་ལྷའི་གཟུགས། དབང་པོ་དང། གཤིན་རྗེ་དང། ཆུ་ལྷ་དང། རླུང་ལྷ་དང། མེ་ལྷ་དང། ཚངས་པ་དང། ཁྱབ་འཇུག་དང། བདེ་བྱེད་ལ་སོགས་པའི་གཟུགས་སུ་སྣང་བ ་སེམས་ཅན་དེ་དག་ལ་མོས་པ་ཡང་དག་པར་མགུ་བར་བྱེད་པ་གཞན་དག་དང་ཐབས་གཅིག་ཏུ་རྣམ་པར་བཞུགས་སོ། །དེ་ལྟར་ན་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་ཆེན་པོའི་རིམ་པ་དང་པོ་དང་གཉིས་པའི་ལྷ་རྣམས་རྣམ་པར་དགོས་པས་ནི་བཅོམ་ལྡན ་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་སྐུ་དང། མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་དང། ལོངས་སྤྱོད་རྫོགས་པ་དང་།སྤྲུལ་པའི་སྐུ་རྣམས་བསྡུས་པར་བལྟའོ། །རིམ་པ་གསུམ་པར་ནི་ཕ་རོལ་ཏུ་པྱིན་པའི་སེམས་དཔའ་བཅོམ་ལྡན་འདས་འཇམ་པའི་དབྱངས ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་བཅུའི་སའི་དབང་ཕྱུག་འཁོར་དང་བཅས་པ་བཅོམ་ལྡན་འདས་རྣམས་པར་སྣང་མཛད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ལ་སོགས་པ་བལྟ་བར་འདོད་པས་ཉེ ་བར་ལྟག་བ་དག་རྣམ་པར་འདོད་དོ། །དེ་ལྟ་ན་འདི་ནི་སྐུའི་བཞིའི་མཚན་ཉིད་བསྟན་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ད་ནི་འདི་བསམ་པར་བྱ་སྟེ། སངས་རྒྱས་བརྒྱུད་པ་ཐོག་མ་མེད་པས་དེ་བཞིན་གཤེགས ་པ་རེ་ཞིབ་ཆོས་ཀྱི་སྐུ་ལ་རྣམ་པར་གནས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ཆེན་པོ་ཁ་ཅིག་ལ་གདུལ་བའི་དུས་ལ་ལར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བར་འགྱུར་རོ་ཞེས་བཤད་པའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་མང་པོ་དག་དེ་ལྟར་སྣང་བར་སྐྱེད་ན ་དུས་གཅིག་ཁ་ནོར་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་སྐུ་ཕལ་མོ་ཆེ་སྣང་བར་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་ཡང་ཡིན་དུ་ཟད་མོས། ཉེས་པ་ཅི་ཞིག་ཡོད། འདི་ལྟར་ཐེག་པ་ཆེན་པོ་ལས་ལོངས་སྤྱོད་རྫོགས་པ་དང། སྤྲུལ ་པའི་སྐུར་སྣང་བའི་རྒྱལ་བ་དག་དུས་གཅིག་ཁོ་ནར་འདུ་བར་འདོད་པ་ཉིད་དེ། ཇི་ལྟར་སངས་རྒྱས་ཡང་དག་པར་བགྲོ་བ་ལ་སོགས་པའི་མདོ་དག་ལས་འབྱུང་བ་ལྟ་བུའོ། །གསང་སྔགས་ཀྱི་མདོ་འཕགས་པའི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ལས་ཀྱང་གདུལ་བའི་སྐྱེ་བ་དེ ་ལྟ་བུའི་ངོར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བ་དེ་ལྟ་བུ་ཡང་འབྱུང་བར་འགྱུར་རོ་ཞེས་འབྱུང་སྟེ། འདི་ལ་ཉེས་པ་ཅི་ཞིག་ཡོད། རྣམ་པ་གཅིག་ཏུ་ན། ཚོགས་དང་ཆོས་ཀྱི་སྐུ་དག་དང། འགྲོ་བའི་དོན་ནི་སྤྱོད་པ་ཡིས། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཅེས ་འབྱུང་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བ་གཅིག་པོ་ཁོ་ན་ཡིན་ལ། གདུལ་བའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་དོན་མཛད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ཡང་ཉེས་པ་མེད་དོ། །དེ་ལྟར་ན་འོ་ན་ནི། དེ་བཞིན་གཤེགས་པའི་སྐུ ་སྣང་བ་གཅིག་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པས་དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ་ཞེས་ན། འདི་ནི་ཉེས་པ་མེད་དེ། འདི་ལྟར་དོན་དམ་པར་ན་འདུལ་བའི་སྐྱེ་བོ་རྣམས་རང་གི་རྒྱུད་ལ་ཡོད་པའི་འཁོར་བའི་སྡུག ་བསྔལ་གསུམ་གྱི་མེ་འབར་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་རིམ་གྱིས་ཡང་དག་པའི་ལམ་ཐབས་དང། ཤེས་རབ་བཟུང་དུ་འབྲེལ་བར་འབྱུང་བ་ལ་ཀུན་ཏུ་བསྟེན་ཅིང་དེ་ལྟར་ཞུགས་པ་རྣམས་ལ་རྫོགས་པའི་བྱང་ཆུབ་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི ་མཚན་ཉིད་མངོན་དུ་འགྱུར་ཏེ། དེའི་ཕྱིར་སེམས་ཅན་གྱི་དོན་ལ་འཇུག་པ་ནི་སྔོན་ཡང་བྱང་ཆུབ་ཐོབ་པའི་ཡན་ལག་ཏུ་གྱུར་པ་ཁོ་ན་ཡིན་ལ། ཕྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་བཀོད་པ་མི་ཟད་པ་ལ་སོགས་པས་སེམས་ཅན་གྱི ་དོན་ལ་མངོན་དུ་འཇུག་པ་ཆོས་ཉིད་ཀྱིས་འཐོབ་པ་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པ་གཅིག་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པས་བདག་གིས་ནི་མི་བྱའོ་ཞེས་བྱ་བར་ཡལ་བར་མི་འདོད་ཏེ་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ་།བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་ངོ་བོ་ཉིད་སྐུ་བཞིའི་མཚན་ཉིད་བཤད་ཟིན་ཏོ། །དེ་ལྟ་བས་ན་སྐུ་བཞི་པོ་འདི་ཐོབ་པའི་རྒྱུ་ནི་མངོན་སུམ་དང་བརྒྱུད་པའི་རྒྱུ་གཉིས་ཀྱི་བྱ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། དེ་ལ་བརྒྱུད་པའི་རྒྱུའི་མཚན་ཉིད་ནི་བཤད་ཟིན་ཏོ། །འདི་ལྟ་སྟེ། འཇིག་རྟེན ་པའི་སྦྱིན་པ་ལ་སོགས་པའི་སེམས་ནས་བཟུང་སྟེ། དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་གནས་སྐབས་ཀྱི་བར་ཡིན་ནོ། །ཉེ་བའི་རྒྱུ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་ལ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ། འཇིག་རྟེན་དང་འདས་པ་གཉིས། འདང་བ་ལ་རྣོ་གཉིས་དེས་པས ་ཉིད་ཀྱི་མཚན་ཉིད་ནི། སངས་རྒྱས་ཀྱི་སའི་མདོ་ལས་གསུངས་ཏེ། འདི་ལྟ་སྟེ། བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མ་བྱེན་པ་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་ཡིན་ནོ། ཞེས་བྱ་བ་ཡིན་ནོ། །འདི་ལྟད་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི ་སྤྱད་པ་སྤྱོད་པས་ཡུན་རིང་པོ་ནས་འགྲོ་བ་སྣ་ཚོགས་སྒྱུ་མ་ལྟ་བུར་གོམས་པ་དང་ཡང་དག་པར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོམས་པ་གཉི་ག་ཡང་མཛད་དེ། དེ་ལྟ་བས་ན་རྒྱུ་རྣམ་པ་འདི་གཉིས་ཀྱི་འབྲས་བུ་ནི་སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི ་ཡེ་ཤེས་དང། རྣམ་པ་གཉིས་ཁོ་ན་ཡིན་ནོ། །མངོན་པར་རྫོགས་པའི་དུས་ན་སྐད་ཅིག་མ་དང་པོ་ལ་མཉམ་པ་ཉིད་དང། སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་ལྔ་པོ་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་རྟོགས་པའི། རིང་ལ་བཞིན། རྣམས་མེད་པ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས ་པ་འབྱུང་བའི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ་དེའི་འོག་ཏུ་ནི་ཆོས་ཀྱི་སྐུའི་མིང་ཐོབ་བོ། །དེ་ཉིད་ཀྱི་ཕྱིར་འདི་ལས་སྙིང་རྗེ་ཆེན་པོ་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར་དུ་ཆོས་ཀྱི་སྐུ་བྱིན་གྱིས་རློབ་པར་འགྱུར་པ་བྲུ་གསུམ་གྱི་ཕྱག་རྒྱ་དཀྱིལ་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཡོད་པ ་ཡིན་པར་བཤད་དོ། །འདི་ལས་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ལྔ་པོ་འདི་ཡང་དེ་བཞིན་ཉིད་ལ་དམིགས་པ་འམ། གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པ་མ་བཟོད་པ་ཉིད་ཀྱི་ཕྱིར་དོན་དམ་པར་ངོ་བོ་ཉིད་གཅིག་པར་བཤད་དེ། བྱང་ཆུབ་དང་ཐམས་ཅད ་མཁྱེན་པ་ཉིད་འདི་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདི་ལས་ཐམས་ཅད་མཁྱེན་པ་དང་བྱང་ཆུབ་འདི་གཉིས་རྟོགས་པར་བྱ་བའི་ཕྱིར་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་དང་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་དང། སྦྱིན་པ་ལ་སོགས ་པའི་ཕ་རོལ་ཏུ་བྱིན་པ་ལ་གོམས་པ་དང་རྒྱུ་གསུམ་དུ་བཤད་དེ། ཇི་སྐད་དུ། འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཅན་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱི་པར་རྩ་བ་རོལ་ཏུ་ཕྱིན་པ་ལ་སོགས་སུ་བཟུང་བ་སྟེ་ཞེས་བྱ་བ་གསུངས་པ་ཐབས་ཡིན་ནོ། ། ་དེ་ལྟ་པས་ན་འདིས་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་པའི་རྒྱུ་གསུམ་བཤད་པ་ཡིན་ཏེ། འདི་ལྟ་སྟེ། རྟོགས་པ་འཇུག་པའི་རྒྱུ་དང་རྟོགས་པ་ཉེ་བར་ལེན་པའི་རྒྱུ་དང། རྟོགས་པ་ལྷན་ཅིག་བྱེད་པའི་རྒྱུའོ། །དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ངོན་དུ་གཉེར་བར་བྱེད་པའི་འཇུག་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ། འདི་ལྟར་དེའི་རྟོག་པ་འབྱུང་བའི་དེར་མཚན་ཉིད་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པ་ཡིན་ནོ། །ཉེ་བར་ལེན་པའི་རྒྱུ་ནི་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། འདི་ལྟར་དེ ་ཉིད་ས་གོང་ནས་གོང་དུ་མི་མཐུན་པ་དང་གཉེན་པོའི་ཚུལ་གྱིས་ཡོངས་སུ་སྦྱངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་འགྱུར་རོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་འནན་རྟན་བྱེད་པའི ་སྒྲུབ་པ་ཡིན་པ་ཉེ་བར་བསྟན་ཏོ། །བྱང་ཆུབ་གྱི་སེམས་ཤེས་པ་ནི་རྟོགས་བྱ་བྱང་ཆུབ་ཤེས་པ་ལ་དག་པས་བྱང་ཆུབ་གང་ཞེ་ན། འདི་ལ་མདོར་བསྟན། རྒྱས་བཤད། དོན་བསྡུས་གསུམ་གྱི། དང་པོ་ནི། བྱང་སེམས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པ། རྒྱས་བཤད་ནི་བྱང་ཆུབ་དང། དེ་རྟོགས་པའི་ཐབས་ཀྱིས་ཤེས་དགོས་སོ། དེ་ལ་རང་གི་སེམས་དང་ཏུ་ཆ ་ཆོས་ཐམས་ཅད་མདོན་པར་རྟོགས་པའི་དུས་ན་སྐད་ཅིག་མ་དང་པོ་ལ་བྱུང་བ་ལ་མ་སྐྱེས་ཤིང་སྐྱེ་བ་མེད་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ནི་བྱང་ཆུབ་ཅེས་བྱ་སྟེ། གང་ཞིག་དེ་རྟོགས་འདོད་ས་དེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་པ་ལ། གཉིས་བ་བྱང་ཆུབ་རྒྱས་བཤད་ནི། མི་མཐུན་ཕྱོགས་རྟོག་པ་གཉིས་ཀྱི་གཉེན་པོའི་སྦོ་ནས ་གསུངས་བ་སྟེ། འདི་ལའང་བསྡུས་ཏེ་བསྟན་པ་དང། ཕྱེ་སྟེ་བཤད་པ་གཉིས་ཀྱི་དང་པོ་ནི། དེ་རྟོགས་པའི་ཐབས་ཀྱང་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། ཞེས་བྱ་བ་ལ་སོགས་པའི་ངོ་བོ་ཉིད་བརྗོད་པས་སྟོན་ཏོ། །དེ་ལའང་བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པའོ། ཞེས ་མི་མཐུན་ཕྱོགས་རྟོགས་པ་སྤངས་སངས་རབ་ཏུ་ཕྱེ་བ་ཡིན་པ་ལས། དེ་ལ་དངོས་པོ་རྣམས་ལ་རྟོག་པའི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ་སེམས་སྣང་བ་ལ་མ་གཏོགས་པ་ཕྱིའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོར་རྟོག་པ་དང། ་དེ་ལས་གཞན་ཏེ་ཕྱིའི་དོན་མེད་པ་ཁོ་ནར་སྔོན་པོ་ཁོ་ནར་སྔོན་པོ་ལ་སོགས་པར་སྣང་བ་ཉིད་ཀྱིས་དེ་ཉིད་གཟུང་བ་དང་འཛིན་པར་རྟོག་པའོ། །དེ་ལྟ་བས་ན་རྟོག་པ་འདི་གཉིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྒྱུ་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་བཞི་འཐོབ ་པའི་མི་མཐུན་པར་གྱུར་པའི་ཕྱིར་སྤང་བར་བྱ་བ་ཡིན་ནོ། །འདི་མི་མཐུན་ཕྱོགས་ཀྱི་རྟོག་པ་སྤོང་པའི་ལམ་སྟེ་གཉེན་པོར་གྱུར་བསྟེན་ལ་དངོས་ཀྱི་འགལ་བསལ?་བྱའི་བར་ཆེད་ཆེད་འམ་ནི་ནོ། །ཡང་བློན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ལ། གཉིས་ལས་གཉིས་ཏེ་སེམས་གཟུང་འཛིན་གྱི་རྟོགས་པའི་གཉེན་པོ་དང་པོས་པུང་??་ཀྱི ་རྟོག་པའི་གཉེན་པོའོ། །དང་པོ་གསུམ་ལས། དང་པོ་སེམས་ཅི་ལྟར་ཤེས་བ་བྱ་བ་ལུང?་དང་སྦྱར་བ་ནི། གཉིས་དེ་ཡང་ཇི་ལྟར་ཡིན་པར་རྒྱས་པར་སྟོན་པ་ལས་ཞིག་དང་པོ། བྱང་ཆུབ་ནི་རང་གི་སེམས་གཟུང་བ་དང་སྤོང་བ་ཆེན་པོ་འཇིན་པའི་རྣམ་པ་ཅན་གྱི་གཉེན་པོར་གྱུར་པ་ཁོ་ན་ཡིན་པར་བསྟན་པའི་ཕྱིར། འདི་ལྟ་སྟེ། བྱང ་ཆུབ་ནི་རང་གི་སེམས་མང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། ཞེས་བྱ་བ་གསུངས་སོ། །དེ་ལ་བྱང་ཆུབ་ཅེས་བྱ་བ་ནི་སྐད་ཀྱི་བྱིངས་ལས་རྟོགས་པ་ཡིན་པར་འབྱུང་བས་བྱང་ཆུབ་ཅེས་བྱ་བའི་སྒྲ་བྱང་ཆུབ་སྤྱིར་སྟོན་པ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་ནི་རང་གི་སེམས་ཡང ་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ་ཞེས་བྱ་བ་ཁྱད་པར་དུ་བྱེད་དོ། །དེ་ལ་རང་གི་སེམས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་སྣང་བའི་སེམས་དབང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན ་ཡོངས་སུ་ཤེས་བ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་སྟོན་པར་བྱད་པའི་རིག་པ་དང་ལུང་དེ་དག་གིས་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་སེམས་དེའི་ངོ་བོ་ཉིད་བརྟག་པའི་སྒོ་ནས་རྣམ་པ་ཐམས་ཅད་མི་དམིགས་པར་རྟོགས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི ་བྱང་ཆུབ་ཡིན་པ་སྟེ། ཡང་དག་པ་ཞེས་བྱ་བའི་སྒྲ་ནི་ཕྱིན་ཅི་མ་ལོག་པའི་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་འདི་ལས་ཀྱང། གསང་བའི་བདག་པོ་ཇི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན། འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུ་འམ། དབྱིབས་སུ་འཆད ་གཟུགས་སུ་འམ། ཆེར་འམ། འདུ་ཤེས་སུ་འམ། འདུ་བྱེད་དུ་འམ། རྣམ་པར་ཤེས་པར་རམ། བདག་ཏུ་འམ། བདག་གིར་དམ། གཟུང་བར་རམ། འཛིན་པར་རམ། དག་པར་རམ། མ་དག་པར་རམ། ཕུང་པོ་འམ། ཁམས་སུ་འམ། སྐྱེ་མཆེད་དུ་འམ། རྣམ་པ་ཐམས ་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཡང་མི་དམིགས་པ་ཡིན་ཏེ་ཞེས་གསུངས་ཏེ། གཉིས་པ་དེ་ལྟར་ཤེས་པ་ནི་བྱང་ཆུབ་ཁྱད་པར་ཅན་དུ་བསྟན་པ་ནི། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་འདི་ཡང། དེ་ནི་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བ་འདིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དག་ལས་ཀྱང་ཁྱད་པར་དུ་བྱེད་དོ། །དེས་ན་དགོངས་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པ་སྣང་བ་ཉིད་ཀྱིས་ཡང་དག་བ་ཀུན་ནས་ཉོན ་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་གིས་གཉེན་པོ་ཉིད་མ་ཡིན་ནོ་སྙམ་པ་འདོ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསང་བའི་བདག་པོ་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བར་ཤེས་པས་གཟུང་འཛིན་དང་བྲལ་བ་དེ་ལ་ནི་ཆོས་ཕུང་པོས་སོགས་པའི་སྣང་བ་རྡུལ་ཙམ་ཡང་མེད་ཅིང་མི ་དམིགས་སོ་ཞེས་བྱ་བ་འདི་ཕུང་པོ་ལ་སོགས་པར་སྣང་བ་དང་བྲལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་ཡིན་པར་བསྟན་ཏེ། འདིའི་དོན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ། ཆོས་རྡུལ་ཙམ་ཕྲ་མོ་ཡང་གཟུང་བའི ་ངོ་བོར་མེད་ཅིང་དེ་བཞིན་དུ་འཛིན་པའི་ངོ་བོར་ཡང་མི་དམིགས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེའི་ཕྱིར། དགོངས་པ་ནི་ཤེས་བྱའི་སྒྲིབ་པའི་ངོ་བོ་ཉིད་གཟུང་བ་ངང་འཛིན་བར་དེ་སྣང་བ་ཐམས་ཅད་ཀྱིས་དཔེན་པ་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བའི་རང་ཉིད་དུ་གནས་པའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ ་པ་ཅན་གྱི་ཆོས་ཕྲ་མོ་ཡང་མེད་ཅིང་མི་དམིགས་སོ་སྙམ་པ་འདི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བྱང་ཆུབ་ནམ། སེར་བ་རྟོགས་པའི་བྱང་ཆུབ་མཁའ་ཨི་མཚན་ཉིད་དེ་ཞེས་བྱ་ཕུང་པོ་ལ་སོགས་པར་བ་གསུངས་ཏེ། བྱང་ཆུབ་ཀྱི་དཔེ་ནམ་མཁའ་ཡང་རྣམ་པ་ཐམས་ཅད་ཀྱིས་དཔེན་དེ་ལ་བློ་བུད་གྱི་དྲི་མ་པ་ཉིད ་ཀྱིས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སྟོན་པར་བྱེད་པ་ཡིན་གྱི་གསུམ་བ་དེ་ལས་བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་མ་སྐྱེས་དངོས་པོའི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་བྱང་ཆུབ་པར་བྱེད་པ་ཡང་མེད་ལ་བྱང་ཆུབ་པར་བྱ་བ་ཡང་འགལ་ཡང་མདོ། ། ་ཞེས་བྱ་བ་གསུངས་ཏེ། དེ་བས་ཞེས་པའི་དཔེ་བརྗོད་པ་ན་དགོངས་པ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་རང་བཞིན་གང་གི་གྱིས་འོད་གསལ་བའི་ངོ་བོ་གང་ཞིག་ཉིད་ཀྱི་བྱང་ཆུབ་ཀུན་ཏུ་རྟོག་པ་?་? ་ནི། དོ?་པ་ཁོ་ན་ཡིན་ལ། འོན་ཀྱང་དེ་བྱང་ཆུབ་པར་བྱེད་པ་དང། བྱང་ཆུབ་པར་བྱ་བའི་སྤྲོས་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་བྲལ་ལོ་སྙ་ཤེས་དང་ཤེས་བྱ་མ་པ་འདི་ཡིན་ནོ། །ཡང་ཅིའི་ཕྱིར་བྱང་ཆུབ་དེ་ལ་བྱང་ཆུབ་པར་བྱེད་པ་དང་བྱང་ཆུབ་པར་བྱ་བའི་རྣམ་པར་རྟོག་པ་མི་སྲིད ་སྙམ་པ་ལ། བྱང་ཆུབ་ལ་མཚན་ཉིད་མེད་པའི་ཕྱིར་ཏེ། ཞེས་བྱ་བ་གསུངས་ཏེ། དེས་ན་དགོངས་པ་ནི་སྔོན་པོ་ལ་སོགས་པའི་སེམས་ཀྱི་རྣམ་བར་རྟོག་པ་གང་གིས་སྔོན་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དངོས་པོ་ཤེས་པར་བྱེད་མཆོན་པར་བྱེད་རྟོགས་པར་བྱེད་པ་དེ་རྣམ་པ ་ནི་མཚན་ཉིད་ཅེས་བྱ་ན། དེ་ཡང་བྱང་ཆུབ་དེ་ལ་རྣམ་པ་མེད་ཅིང་རྣམ་པར་མི་རྟོག་པའི་ཕྱིར་མེད་དེ། དེའི་ཕྱིར་མཚན་སྣང་བ་ཉིད་མེད་པ་ཞེས་བཤད་དོ་སྙམ་གསུང?་པ་འདི་ཡིན་ནོ། །དེ་ལྟར་བྱར་ཆུང་གཟུང་བ་རྗེས་ཀྱི་དང་??་ཨུ་ཏྭ་ལ་སྔོན་པོ་ནི་སོ་ཀྱི་རྣམ་པའི་ལྔོ་ནས། བྲེལ་རྣམས་ན་ནི་ཐ་དད་པས་ལྗོང? ་ཡི་རྟོགས་??་དབྱིང་འཛིན?་བའི་རྣཾ་པ་ཅན་གྱི་སེམས་ཀྱི་གཉེན་པོ་ཉིད་གྲུང་འཛིན་སྣར་བའི་གངུར་ཆིན་དུ་ཡིན་པ་བརྗོད་ནས། པུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་གཉེན་པོ་ཉིད་ཀྱང་ཡིན་པར་བསྟན་པའི་ཕྱིར། གསང་གསུང་བ་དང་འཛིན་པ་རྣམས་སྤངས་ཉེའོ། །བའི་བདག་པོ་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པ ་སྟེ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་ངོ་བོ་ཉིད་དག་པོ། དེ་གཉིས་བ་ནི་ང་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་དག་གི་མཚན་ཉིད་ནི་ཆོས་སྔོན་པ་ལས་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ། །ཆོར་བའི་མཚན་ཉིད་ནི་མྱོང་བའོ། །འདུ་ཤེས་ཇི ་མཚན་མར་འཛིན་པའི་བདག་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལོན?་ཏེ། དེ་དག་གི་མཚན་ཉིད་འདི་ཡང། ཆོས་བདག་མེད་པར་སྟོན་པའི་རིགས་པ་དག་གིས་བརྟགས་ན་ཡོད་པ་མ་ཡིན་པས་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པའོ་ཞེས་བཤད་དོ། །མཚན་འདི་དགག་པ་འདི་ཡང ་ཕུང་པོ་ལ་སོགས་པ་ཀུན་རྫོབ་པའི་ངོ་བོ་ཉིད་མེད་པ་ཁོ་ནར་སྟོན་པ་ཡིན་གྱི་འདི་དག་གི་དོན་དམ་པའི་ངོ་བོ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་མི་འགོག་གོ་ཞེས་འདི་ལྟ་སྟེ། ནམ་མཁའ་ཨི་མཚན་ཉིད་དོ་ཞེས་བྱ་བ་ནམ་པའི་དབེས་བསྟན་ཏོ། །དེ་ནས་འདི་སྐད་དུ་གང་དག་ལ ་ནམ་མཁའ་ལྟ་བུའི་མཚན་ཉིད་ཆོས་རྣམས་ཀྱི་རང་བཞིན་ཁོ་ན་ཡོད་པ་དེ་དག་ནི་ཕྱོགས་ཙར་དུ་ནམ་མཁའ་ཨི་མཚན་ཉིད་དོ་ཞེས་བཤད་པ་ཡིན་ཏེ། ནམ་མཁའ་ཨི་མཚན་ཉིད་ཀྱི་དཔེ་ཡང་སྐབས་འདིར་ཕུང་པོ་ལ་སོགས་པའི་ངོ་བོ་ཀུན་རྫོབ་པ་ཤུ་སྐུང་དོན་དམ་པར་ངོ་བོ་ཉིད་མེད་པར་སྟོན་པར་བྱེད་པ་ཉིད ་དུ་བཤད་དོ་སྙམ་དུ་དགོངས་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ན་བྱང་ཆུབ་ནི་རང་གི་སེམས་དང། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པ་ཡིན་ནོ་ཞེས་བྱང་ཆུབ་ཀྱི་མཚན་ཉིད་བཤད་པ་ཡིན་ནོ། །བྱང་ཆུབ་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད ་གསལ་བའི་སེམས་འདི་ཡང་དེ་བཞིན་གཤེགས་པའི་ས་ལས་འབྱུང་བའི་སྐད་ཅིག་མ་དང་པོ་ལ་ནི་བྱང་ཆུབ་ཅེས་བྱའོ། །དེའི་འོག་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་བྱ་བར་ཁོང་དུ་ཆུད་བར་བྱ་བར་ཆོས ་ཀྱི་སྐུ་འདིའི་དབང་གིས་ཀྱང་གདུལ་བ་རྣམས་ལ་སྐལ་པ་ཇི་ལྟ་བ་བཞིན་ཇི་སྐད་བཤད་པའི་སྐུ་སོ་སོར་སྣང་སྟེ། དེའི་ཕྱིར་འདི་ལས་བཤད་པའི་མཚན་ཉིད་ཅན་གྱི་སྐུ་བཞི་ཆར་ཡང་བྱང་ཆུབ་ཁོ་ནའི་རྒྱུ་ཡིན་ནོ། ཞེས་བསྟན་པ་ཡིན་ནོ། །ཡེ་ཤེས་ཀྱི་རང་བཞིན་ཀྱིས་འོད་གསལ་བ་རྫོགས ་པར་བྱང་ཆུབ་པ་དང་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་འདི་ལ་ཡང་རང་གི་བདག་ཉིད་ལ་འམ། དེ་ལས་གཞན་པ་ལ་དངོས་པོའི་ངོ་བོ་ཉིད་དུ་རྟོག་པ་མི་སྲིད་དེ། འདི་ལྟར་རང་བཞིན་གྱིས་ཤིན་ཏུ་འོད་གསལ་བའི་ཕྱིར་དང། བདག་དང་གཞན་མཉམ་པ་ཉིད་ཀྱི་མཚན ་ཉིད་ཀྱི་སྟོང་པ་ཉིད་འདྲིས་པར་བྱ་བའི་ཕྱིར་རྟག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་གྱི་དང་དུ་གྱུར་པའི་ཕྱིར་རོ། །བཅོམ་ལྡན་འདས་དག་གིས་འདི་དང་གཞན་ལས་གདུལ་བ་རྣམས་ཀྱི་དངོས་པོ་དང་དངོས་པོ་མེད་པར་རྣཾ་པར་རྟོགས་པ་དགག་པའི་ཕྱིར་ཐེག་པ་ཆེན་པོ་ལ ་སོགས་པ་སྟན?་ལུང་གི་བདག་ཉིད་ཀྱི་གཏན་ཚིགས་འབྱུང་པ་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡོངས་སུ་དག་པ་དང། ཡོངས་སུ་མ་དག་པའི་ངོ་བོ་ཉིད་དག་ཀྱང་སྤྱིར་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་བར་སྟོན་པ་ཁོ་ནས་དངོས་པོར་འཇིན་པ་དགག་པར་གསུངས་ཏེ། ་ཇི་སྐད་དུ་བློ་ཡིས?་རྣམ་པར་གཞིགས་རྣམས་ཀྱིས། ངོ་བོ་ཉིད་ནི་ངོས་མ་ཟིན། །དེ་ཕྱིར་དེ་དག་ངོ་བོ་ཉིད། །མེད་ཅིང་སྐྱེ་བ་མེད་པར་བསྟན་ཅེས་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། སྐྱེ་མེད་ཆོས་དི་རྟག་ཏུ་? ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག། འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད་ཅེས་གསུངས་སོ། །དོན་འདི་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས། གང་དག་ང་ལ་གཟུགས་སུ་མཐོང། །གང ་དག་ངལ་སྒྲར་ཤེས་པ། །ལོག་བས་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་བཅོམ་ལྡན་འདས་དོན་དམ་པར་བལྟ་བར་བྱ་བ་དེ་བཞིན་དུ་ཡང་འདི་ཉིད་ལས། ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས ་ཉིད་རིག་པར་མི་རུང་སྟེ། །འདི་ནི་རྣམ་པར་ཤེས་མི་ནུས། ཅེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཇི་ལྟར་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་མི་མཐོང་བ་དང། འདིའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱང་དངོས་པོར་ཡོད་བ་མ་ཡིན་ནོ་ཞེས་བྱ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དག་ཆོས ་ཟག་མེད་ཀྱི་གཟུགས་བརྙན་དག་ཏུ་གྱུར་པ་ཡིན་ཏེ། འདིར་དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཀུན་ན་གཟུགས་བརྙན་ཡང་དག་སྣང། །ཞེས་གསུངས་པ་འདི་ཡིན་ནོ། །འཕགས་པ་ཤེས་རང་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང། འཕགས་པ་རང་འབྱོར ་ཀྱིས་གདུལ་བ་རྣམས་ལས་གཟིགས་ནས་ཡོངས་སུ་དག་པ་དང། ཡོངས་སུ་མ་དག་པའི་ཆོས་རྣམས་ལ་དངོས་པོར་འཛིན་པ་ཡང་དགག་པ་བཤད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ། །ལྷའི་བུས་སྨྲས་པ། འཕགས་པ་རབ་འབྱོར་གྱི་མྱ ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་སྨྲས་ལ། གང་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ ་བཏ་བུ་ཞེས་སྨྲའོ། །ཞེས་གང་སྨྲས་པ་ཡིན་ནོ། །དེ་ལྟ་བས་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཆུས་བརླན་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱེད་པའི་དེད་དཔོན་ཆེན་པོར་གྱུར་པ་དག་གིས་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཡོངས་སུ་དག་པ་དང། ཡོང་སུམ ་དག་པའི་ངོ་བོ་ཉིད་ཀྱིས་དངོས་པོ་རྣམས་ལ་དངོས་པོར་འཛིན་པའི་རྟོག་པས་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ངར་འཛིན་པ་དང་ངའིར?་འཛིན་པ་ལ་སོགས་པ་སྔོན་དུ་འགྲོ་བ་འཇུག་པར་དགོངས་ནས་དེའི་མངོན་པར་ཞེན་པ་ཡོངས་སུ་དོར་བའི་ཕྱིར། ་གདུལ་པའི་སྐྱེ་བོ་འདྲོན་པ་ལ་ཕན་པར་བྱེད་པ་དངོས་པོ་ཐམས་ཅད་གཟོད་མནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བསྟན་བར་མཛད་པར་ཁོང་དུ་ཆུང་བར་བྱ་སྟེ། །འདི་ལྟར་དངོས་པོ་ཀུན་རྫོབ་པ་རྣམས་ནི་བསྐལ་པ་བརྒྱར་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བསྟན་ཀྱང་ཐ་སྙད་ཆད? ་པར་མི་སྣང་ངོ། །དེ་སྐད་དུ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང། བརྟགས་ཞེས་བྱ་བ་བཏགས་པ་ཙམ། །འཁོར་ཁོར་ལ་གསོགས་མི་དམིགས། །ཞེས་གསུངས་སོ། །གཞན་ཡང་ཁ་ཅིག་དངོས་པོ་ཀུན་རྫོབ་པ་དང་དོན་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྗོད་པར་བྱེད་པའི ་ལུང་ངེས་པའི་དོན་ཡང་དྲང་བའི་དོན་ཉིད་དུ་འདྲེན་པར་བྱེད་ལ། དེ་བཞིན་དུ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་དོན་རིགས་པ་དང་ལྡན་པ་ཡང་ཚིག་སྟོན་པ་དག་གིས་རིགས་པ་དང་མི་ལྡན་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་དེ། འདི་ལ་ཁོ་བོ་ཅག་ལྟར་མངོན་པར་ཞེན་པའི་སྤྱད ་ཐག་ལ་འཐུ?་བ་ཡིད་ལ་བྱེད་པས་ཅི་ཞིག་བྱ། །དེའི་ཕྱིར་མཁས་པ་རྣམས་གཟུ་བོ་ལྟ་བུའི་རི་བོ་དམ་པ་ལ་འཛེགས་ཏེ། དམ་པ་མ་ཡིན་པའི་རྣམ་པར་རྟོག་པའི་ཆོམ་རྐུན་བཟླས་བརྗོད་དང་བསམ་གཏན་ལ་སོགས་པའི་མདའ་དག་གིས་བསྡུན་ནས་རྫོགས་བར་བྱང་ཆུབ་པའི་ཕུན ་སུམ་ཚོགས་པ་གླང་བ་ལྷུར་བྱའོ་སྙམ་ན་དེ་ལྟར་ན་ཆོས་རིགས་པར་ཞུགས་པ་ཡིན་ནོ་ཞེས་བརྗོད་དོ། །ཁོ་བོ་ཡང་དམ་པ་རྣམས་ལ་ཕུས་མོ་གཅིག་ས་ལ་བཙུགས་ཏེ་སྤྱི་བོར་ཐལ་མོ་སྦྱར་ནས། དམ་པ་བདེ་གཤེགས་ཇི་སྐད་བཤད་པ་ཡི། །རང་ལྷའི་རྣལ་འབྱོར་ཀུན་དང་བཟླས? ་བརྗོད?་དང། གསལ་སྔགས་མནྫད་ཅིག་དེ་ནས་གྲུབ་པ་དང། །རྒྱལ་པ་གཅིགས་ནས་དེ་ཉིད་རིགས་མཁྱེན་མཛོད། །ཅེས་རྣམ་པ་ཐམས་ཅད་དུ་གསོལ་བ་འདེབས་སོ། །དེ་ལ་རང་གི་ལྷའི་ངོ་བོ་ཉིད་ཀུན་རྫོབ་པ་དང་དོན་དམ་པ་དང་ཀུན་ཏུ་སྦྱོར་ཞིང་ལྡན་པ་ཞེས་བྱ་བ་ནི་རང་གི་ལྷའི་རྣམ ་འབྱོར་གྱི་མཚན་ཉིད་ཡིན་ནོ། །ཀུན་ཏུ་སྦྱོར་བ་རྒྱུད་ལས་གསུངས་པ་འདིའི་གོ་རིམས་ཀྱང་འདི་ཡིན་ནོ། །རྒྱུད་འདི་ལས་འདི་ལྟ་སྟེ། ཇི་ལྟར་མཐོང་བ་དང། ཐོས་པའི་དངོས་པོ་རྣམས་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པས་དོན་དམ་པའི་ངོ་བོ་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ལ ་མོས་པར་བྱས་ནས། དེའི་འོག་ཏུ་ཕུང་པ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་རྟོག་པ་ཀུན་རྫོབ་དུ་ཡོད་པ་ཡང་གཅིག་དང་དུ་མར་དཔྱད་པའི་རིགས་པས་ཆ་ཤས་ནས་བརྟགས་ཏེ། དེ་དག་ཏུ་སྣང་བས་དབེན་པའི་སེམས་མངོན་སུམ་དུ་བྱས་ནས་རང་གི་ལྷའི་རྣལ་འབྱོར་དུ་སྒྲུབ་པ་ཀུན ་རྫོབ་པ་འམ་དེན་དམ་པར་བྱའོ་ཞེས་འབྱུང་ངོ། །དེ་ལ་ལྷའི་མཚན་ཉིད་དོན་དམ་པའི་ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། རང་གི་ལྷ་དང་བདག་གི་དེ་བཞིན་ཉིད་དག་ཐ་མི་དད་པའི་མཚན་ཉིད་དུ་མོས་པའི་སྒོ་ནས་དེ་དང་ལྷན་ཅིག་པ་ཉིད་འདི་ནི་རང་གི་ལྷའི་རྣལ་འབྱོར་དོན་དམ་པ་ཡིན། ་རང་གི་ལྷའི་རྣལ་འབྱོར་ཀུན་རྫོབ་པའི་གོ་རིམས་ཀྱང་འདི་ལས་རྣམ་པ་གཉིས་སུ་བསྟན་ཏེ། དེ་ལ་གཅིག་ནི་རང་གི་སེམས་ཀྱི་རྣམ་པ་སྣང་བ་ཐམས་ཅད་ཀྱིས་དབེན་པ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་བསྒྱུར་བས་བདག་ཉིད་ལྷར་སྣང་བ་བསྒྲུབས་པ་ཡིན་ནོ། །དེ་ལས ་གཞན་པ་ནི་སྣང་བས་དབེན་པའི་སེམས་ལས་ལངས་ཏེ། བདག་དང་རང་གི་ལྷ་སྒྱུ་མ་ལྟ་བུར་མཉམ་པ་ཉིད་དུ་མོས་པ་སྔོན་དུ་འགྲོ་བ་ཆོས་ཉིད་མཉམ་པར་གཅིག་ཏུ་མོས་བས་བདག་ཉིད་ལྷའི་གཟུགས་སུ་མོས་པར་བྱས་ཏེ། བདག་གི་རྣམ་པར་སྨིན་པའི་གཟུགས་ཀྱི་རྣམ་པ་ཁོ་ན ་རང་གི་ལྷ་ཉིད་དུ་ང་རྒྱལ་བྱ་བ་ནི་འདི་ལྟ་སྟེ། རང་གི་ལྷའི་རྣལ་འབྱོར་ཀུན་རྫོབ་པ་གཉིས་ཡིན་ནོ། །དོན་འདི་ཡང་རྒྱུད་འདི་ལས་ལྷའི་དེ་ཁོ་ན་ཉིད་ལ་སོགས་པ་རིམ་པར་ཕྱེ་བ་དག་ལས་།བསྟན་པར་ཁོང་དུ་ཆུད་པར་བྱའོ། །ཞར་ལ་འོངས་པ་རྫོགས་སོ།། །།རྣམ་པར་སྣང་མཛད ་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་བར་དཔྱད་པའི་རིམ་པ་ལ་བབ་པའི་དཀྱུས་ཉིད་བརྗོད་པར་བྱ་སྟེ། འདི་ནི་སྤྱི་དོན་ལྔ་པ་དང་དྲུག་པ་མངོན་བྱང་དེའི་རྣམ་པར་སྤྲུལ་པ་གང་གི་ཚེ་བྱུང་བ་དང། སྤྲུལ་པ་དེའི་ངོ་བོ་ཉིད་གང་ཡིན་པ་ཞེས་པ་ལས། གང་གི་ཆོ་གྱུར་ཞེན། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཁོ་ན ་རྟོགས་པའི་དུས་ཉིད་ན་སྔོན་གྱི་སྨོན་ལམ་གྱི་འཕེན་པས་སྐུ་དང་གསུང་དང་ཐུགས་རབ་འབྱམ་སེམས་དང་སེམས་མ་ཡིན་པ་ཐམས་ཅད་དང་འདྲ་བར་སེམས་ལ་སྐལ་པ་ཇི་ལྟ་བ་བཞིན་དུ་སྣང་བ་དག་གིས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས ་ཅད་དུ་ཁྱབ་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་ཡིན་ནོ་ཞེས་བྱ་བ་ཤེས་པར་བྱའོ། །དེའི་མཚན་ཉིད་ཀྱང་འདི་ལས་གོང་དུ་བསྟན་ཟིན་ཏེ། །འདི་ལྟ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་དང། གསང་བའི་བདག་པོ་ལ་སོགས་པ ་བསྟན་བཅོས་འདའ་ཨི་ཐོག་མར་མངོན་བྱང་གི་འབྲས་བུ་ཕུན་ཚོགས་ཀྱི་སྐབས་སུ། བྱང་ཆུབ་དེ་བརྙེས་པ། དེ་ཁོ་ནའི་ཚེན་ཆོས་ཉིད་ཀྱི་ཐོབ་པ། སྐུ་ལ་སོགས་པ་བཀོད་པ་སེམས་ཅན་ཡོངས་སུ་དག་པ་དང་མ་དག་པ་ལ་སོགས་པ་དང་འདྲ་བ་དང། སངས་རྒྱས་ཀྱི་གསུང་བཀོད་པ་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་གསུང་པར་མཁས་པ་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་དོན ་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་གྲུབ་པ་ནི་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་ཡིན་ཏེ། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བའི་མདོ་དང་སྦྱར་ནས་གསུངས་པ་དེ་དག་ཉིད་དོ། །རྡོ་རྗེ་འཛིན་པ་དེག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་བཞུགས་སོ། །དེ་བཞིན་དུ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྐྱིངས་པ་ལ་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ནོ། །རྣམ་པར་སྤྲུལ་པ་འདི་འགྲུབ་པ་རྫོགས་པར་བྱང་ཆུབ་པའི ་དུས་ཀྱང་གཞན་ལས་ཀྱང་གསུངས་ཏེ། དེ་སྐད་དུ། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་ཀྱང་ཡང་དག་པར་བསྟན་ཏོ། །སྔར་བྲིས་ཟིན་པ་གང་ཡིན་པ་དེ་ཡང་མཚམས་སྦྱར་བའི་ཕྱིར་སྐབས་འདིར་བྲི་བར་བྱ་སྟེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་སོ། །སྐུ་ཇི་སྙེད་པ་དེ་སྙེད ་ཀྱི་གསུང་དང། སྐུ་དང་གསུང་ཇི་སྙེད་པ་དེ་སྙེད་ཀྱི་ཐུགས་ཀུན་ཏུ་གནས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ཡིན་ནོ། །སྐུ་མི་ཟད་པའི་བཀོད་པ་ལ་སོགས་པ་བསྟན་པ་འདིས་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ཡི་རང་གི་ངོ་བོ་རྟོགས་པར་བྱ་བའི་ཕྱིར་ཐབས་ཡང་དག་པར་བསྟན ་བས་སེམས་ཅན་ཡོངས་སུ་དག་པ་ཀུན་ཏུ་བཟང་པོ་ལ་སོགས་པའི་དོན་མཛད་པ་ཡིན་ནོ། །ཡོངས་སུ་སྤྱི་དོན་བདུན་པ་རྣམ་པར་སྤྲུལ་པ་དེ་ཇི་ལྟར་ན། ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་མཚོན་པ་དེ་ཡང་བཤད་པ། མ་དག་པ་ཐུབ་པ་དང་མི་དང་ལྷ་དང། ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པ་གང ་ཡིན་པ་དེ་དག་ནི་དེའི་མི་ཟད་པ་བཀོད་པ་གསུམ་གྱི་ངོ་བོ་རང་གི་ངོ་བོའི་སྒོ་ནས་མཐོང་བའི་ལམ་དུ་མི་འཇུག་སྟེ། དེའི་ཕྱིར་དེ་དག་ལ་ཕན་གདགས་པའི་ཕྱིར་རྒྱུད་འདི་ལས་དེའི་སྐུ་ལ་སོགས་པའི་དཀྱིལ་འཁོར་དང། ཕྱག་རྒྱ་དང། གསང་སྔགས་ཀྱི་མཚན་མར་བྱིན་གྱིས་བརླབས ་ནས་བསྟན་ཏེ། འདི་ལྟར་དེ་དག་གིས་དེའི་སྐུ་ལ་སོགས་པ་བཀོད་པའི་དཀྱིལ་འཁོར་དང་ཕྱག་རྒྱ་དང། གསང་སྔགས་ཀྱི་ངོ་བོར་གྱུར་པ་ཡང་དེ་དག་མཉེས་པར་བྱེད་པའི་སྦྱོར་བས་བཅོམ་ལྡན་འདས་ཀྱིས་ཉ་བར་བསྟན་པ་དག་ཁོ་ནས་མཉེས་པར་བྱ་སྟེ། འབྲས ་བུ་ལེགས་པར་ངེས་པ་དང་མངོན་པར་མཐོ་བ་བསྟེན་པར་འགྱུར་རོ། །དེའི་མཚན་མ་ཡང་རྒྱུ་དང། ངོ་བོ་ཉིད་དང་འབྲས་བུའི་མཚན་མའི་བྱེ་བྲག་གིས་རྣམ་པ་གསུམ་ཡིན་ནོ། །དེ་ལ་འདིའི་རྒྱུ་ནི་མངོན་སུམ་དང་བརྒྱུད་པའི་ངོ་བོ་ཉིད་གཉིས་ཀྱིས་བྱེ་བྲག་གི་རྣམ་པ་གཉིས་ཏེ། ་དེ་ལ་འདིའི་རྒྱུད་པའི་རྒྱུ་ནི་འཇིག་རྟེན་པ་དང། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་དང། རྫོགས་པར་བྱང་ཆུབ་པ་ཏིང་ངེ་འཛིན་དང་བཞིའི་བྱེ་བྲག་གིས་ཤེས་པར་བྱའོ། །མངོན་སུམ་གྱི་རྒྱུ་ནི་རྫོགས་པར་བྱང་ཆུབ་པ་དང་ཆོས་ཀྱི་སྐུའོ། །རྣམ་པར་སྤྲུལ་པ་འདིའི་ངོ་བོ་ཉིད ་ནི་ཇི་སྐད་དུ། མཚན་ཉིད་སྔར་བཤད་པ་ཡིན་ནོ། །འདིའི་འབྲས་བུ་ནི་ཐབས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་འདུལ་བ་ལ་སྦྱོར་བདག་ཡིན་མོ། །དེ་ལྟ་བས་ན་རྒྱུད་འདི་ལས་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་འདི་བྱིན་གྱིས་རློབ་པ་ན་ངོ་བོ་ཉིད་གསུམ་པོ་འདི ་དག་དཀྱིལ་འཁོར་དང། ཕྱག་རྒྱ་དང། གསང་སྔགས་དང། ཏིང་ངེ་འཛིན་གྱི་མཚན་མར་བསྟན་པའི་སྒོ་ནས་ཅི་རིགས་པར་བྱིན་གྱིས་བརླབས་པར་རྗེས་སུ་དཔག་པའོ། །དེ་ལ་སྐུ་བཀོད་པ་བྱིན་གྱིས་རློབ་པ་ནི་འདི་ལས་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ ་འཁོར་གྱི་སྒོ་ནས་དངོས་སུ་བསྟན་ཏེ། དེ་ལས་ནི་དཀྱིལ་འཁོར་གྱི་སྦྱོར་བའི་སྒོ་ནས་ལྷའི་སྐུ་གཟུགས་དག་ཁོ་ནར་དགོད་པར་གསུངས་ཏེ། ཇི་སྐད་དུ། དེའི་སྙིང་པོའི་དབུས་སུ་ནི། །རྒྱལ་མཆོག་གཙོ་བོ་གསེར་གྱི་མདོག་།འབར་བཅས་ཐོར་ཚུགས་དབུ་རྒྱན་ཅན། །ཞེས ་བྱ་བ་ལ་སོགས་པ་དང། མགོན་པོ་ཡི་ནི་བྱང་ཕྱོགས་སུ། །སྤྱན་རས་གཟིགས་ཀྱི་དབང་པོ་ནི། །པདྨ་དཀར་པོའི་སྟན་ལ་འདུག་།དུང་དང་ཀུན་ད་ཟླ་འདྲ་ལ། །མགོ་ལ་འོད་དཔག་མེད་བཞུགས་ཤིང། །བཞིན་ནི་བག་ཙམ་འཛུམ་པར་བྲི། །ཞེས་བྱ་བ་ལ་སོགས་པ་དང། མགོན ་པོ་རྣམ་སྣང་མཛད་ཆེན་གྱི། །ལྷོ་ཡི་ཕྱོགས་སུ་རྡོ་རྗེ་འཛིན། །རེ་བ་ཐམས་ཅད་སྐོང་བྱེད་པ། །མདོག་ནི་པྲི་ཡང་སྐུ་ལྟ་བུར། །ལྗང་སེར་རམ་ནི་མར་གང་ལྟར། །སྡོ་བསངས་མགོན་པོ་དབུ་རྒྱན་ཅན། །སེམས་དཔའ་ཆེན་པོ་རྒྱན་ཀུན་གྱིས། །རྣམ་པར་བརྒྱན་ཅིང་མཛའ་ཡས་པར། །འཇུག་པ ་རྒྱ་ཆེན་རྡོ་རྗེར་བཅས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ལས་རིག་པར་བྱའོ། །གསུང་མི་ཟད་པ་བཀོད་པ་བྱིན་གྱིས་རློབ་པ་ཡང་འདི་ལས་དངོས་སུ་ཡི་གེ་འཁོར་ལོ་བསྐོར་པའི་དཀྱིལ་འཁོར་གྱི་རྣམ་པར ་བསྟན་ཏེ་འདི་ལྟར་དེར་ནི་དཀྱིལ་འཁོར་དུ་ལྷ་རྣམས་ཕྱག་རྒྱ་དག་གམ་ས་བོན་གྱི་ཡི་གེ་དག་ཏུ་དགོད་པར་བཤད་དོ། །འདི་སྐད་དུ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བསྟན་པ་ལས་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཟུགས་དང། ཕྱག ་རྒྱ་དང་ས་བོན་གྱི་ཡི་གེ་རྣམས་ལས་གང་ཡང་རུང་བ་ཞིག་ཏུ་དགོང་པར་ཡང་དག་པར་བརྗོད་ནས། དེ་ལས་གཞན་པ་རྣམས་ཕྱག་རྒྱ་འམ་ས་བོན་གྱི་ཡི་གེ་དག་ཏུ་དགོང་པར་བསྟན་པར་འབྱུང་སྟེ། དེ་སྐད་དུ་ཤར་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཡི་གེ་ཨ་ཞེས་བྱ་བ ་ཀླད་ཀོར་དང་བཅས་པ་སྟེ། ཨཾ་མེའི་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། ཡི་གེ་ཀ་བྲི་སྟེ་ཀ་དེ་བཞིན་དུ་དཀྱིལ་འཁོར་བསྟན་པ་འདི་ལས་ནི་གཞན་དུ་ཡང་ཕལ་ཆེར་ས་བོན་གྱི་ཡི་གེ་དག་ཁོ་ནར་བསྟན་ཏོ། །དེ་བཞིན ་དུ་གསང་བའི་དཀྱིལ་འཁོར་ནི་ཐུགས་མི་ཟད་པ་བཀོད་པ་བསྡུས་པར་བསྟན་ཏེ། འདི་ལྟར་གསང་བའི་དཀྱིལ་འཁོར་དུ་ལྷ་རྣམས་ཕྱག་རྒྱའི་ཁྱད་པར་རང་གི་རྣམ་པར་ཐར་པའི་དོན་གྱི་རྗེས་སུ་བྱེད་པ་པདྨ་དང་རྡོ་རྗེ་ལ་སོགས་པ་དག་དང། དེ་བཞིན་དུ་རང་གི་སེམས་སྣང་བའི་ཁྱད ་པར་མེ་དང་རླུང་དང་ས་དང་ཆུའི་དཀྱིལ་འཁོར་དགོད་པ་དག་གིས་དགོད་པར་འབྱུང་སྟེ། གསང་བའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི། ཟླ་བའི་དཀྱིལ་འཁོར་འདྲ་བ་མདོག་དུང་ལྟ་བུའི་དབུས་སུ་ནི། སངས་རྒྱས་ཀུན་གྱི་གྲུ་གསུམ་པ། ། ་པདྨ་དཀར་པོའི་སྟེང་ན་འདུག་།ཀླད་ཀོར་བཅས་པའི་མཚན་མས་བཏབ། །རྡོ་རྗེའི་མཚན་མ་རྣམས་ཀྱིས་མཚན། །དབྱད་མི་དགོས་པ་ཀུན་ནས་ནི། །འོད་ཟེར་དག་ནི་གཉིས་བྱ་བ། །གསང་སྔགས་མགོན་ལས་བྱུང་ནས་སུ། །དེ་ནི་ཕྱོགས་བཅུ་རྣམས་སུ་སོད། །ཞེས་བྱ་བ ་དང། དེ་བཞིན་འཇིག་རྟེན་མགོན་གྱི་ནི། །སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ནི། །དེས་པས་ནན་ཏན་མཉན་པར་གྱིས། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །དབུས་སུ་དུང་འདྲ་བཞག་པར་བྱ། །དེ་ཡི་སྟེང་དུ་པདྨ་ནི། །ས་བོན་བཅས་བྱས་རྒྱས་པར་བྲི། །དེ་ཡི་སྟེང་དུ་རྡོ ་རྗེ་ཆེ། །རྡོ་རྗེ་ལས་ཀྱང་པདྨ་ཆེ། །ཐམས་ཅད་ས་བོན་རྣམས་ཀྱིས་མཚན། །རང་གི་ས་བོན་ལེགས་པར་སྦྱོར། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རྒྱས་པར་གསང་བའི་དཀྱིལ་འཁོར་བསྟན་པ་ལས་ཁོང་དུ་ཆུད་པར་བྱའོ། །དཀྱིལ་འཁོར་འདི་གསུམ ་ཡང་གྲངས་བཞིན་དུ་སྐུ་གསང་བ་ལ་སོགས་པའི་གསུམ་བསྡུས་པར་གྱུར་པ་ཡིན་པར་བཤད་མོད་ཀྱི། འོན་ཀྱང་སྐུ་མེད་པར་ཡང་གསུང་མེད་ལ། ཐུགས་ཀྱང་ཕལ་ཆེར། སྐུ་མེད་པར་མེད་པས་དཀྱིལ་འཁོར་རེ་རེ་ལ་ཡང་སྐུ་ལ་སོགས་པ་སུམ་ཆར་བྱིན ་གྱིས་རློབ་པར་རིག་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་སུམ་ཆར་ལ་ཡང་ཕལ་ཆེ་བའི་ཕྱིར། ལ་ལར་སྐུ་དང་གསུང་དང་ཐུགས་དག་བྱིན་གྱིས་རློབ་པར་གྱུར་པ་གཟུགས་དང། ཕྱག་རྒྱ་དང་ས་བོན་རྣམས་བཀོད་པ་ཡང་སྣང་ངོ། །དེ་བཞིན་དུ་འདི་ལས ་རིམ་པ་མདོར་བསྡུས་པ་ལ་སོགས་པའི་མཚན་ཉིད་ཀྱི་དཀྱིལ་འཁོར་བསྟན་པ་གཞན་དང་གཞན་དག་ཀྱང་འདིའི་རྒྱུད་ཕྱི་མ་ལས་བཤད་པ་གསང་བའི་རིམ་པར་ཕྱེ་བ་ལ་སོགས་པ་ལས་བལྟ་བར་བྱ་སྟེ། དེ་དག་ཏུ་ཡང་དགོངས་པ་ནི་འདི་ཉིད་ཡིན་པར་ཁོང་དུ་ཆུད་པར ་བྱའོ། །ཡང་སྐུ་ལ་སོགས་པ་བཀོད་པ་འདི་ཉིད་ལས་སྒྲུབ་པ་པོ་རྣམས་ལ་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པ་བསྟན་པར་ལྷ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་གཟུགས་ལ་སོགས་པ་རང་དང་ཕྱི་རོལ་ཏུ་གྱུར་པ་བསམ་གཏན་བྱ་བའི་སྒོ་ནས་བསྟན་ཏོ། ་འདི་ལས་ཇི་སྐད་དུ། ཡི་གེ་དང་ནི་ཡི་གེར་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་བྱ་བ་དང། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང ་གི་ལྷ་གཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐད་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ ་ལེགས་པར་དགོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རི་མོའི་སྐུ་གཟུགས་ཀྱི་རྣམ་པར་བྱིན་གྱིས་རློབ་པའི་སྒོ་ནས་ཀྱང་ཁོང་དུ་ཆུད་པར་བྱའོ། །གསུང་མི་ཟད་པ་བཀོད་པ་ཡང་འདི་ལས། གསང་སྔགས་དང་རིག་སྔགས་ཀྱི་ས་བོན་གྱི་ཡི་གེ ་བྱིན་གྱིས་རློབ་པའི་སྒོ་ནས་བསྟན་པར་སྣང་སྟེ། འདི་ལྟར་གསང་སྔགས་ནི། ན་མ(རྒྱུད་འགྲེལ་ས་བོན་གྱི་ཡི་གེ་དག་ནི་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་ངོ་བོ་ཉིད་དང་འབྲས་བུའི་མཚན་མ་ཡང་འདི་ལས་དེ་ལྟ་བུ་ལ་སོགས་པ་བསྟན་པ་ལས་བལྟ་བར་བྱའོ། །ཞེས་བཤད་པ་ཡིན་ནོ། །རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་བསྡུས་པའི་དོན་ནི་འདི་ལས་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་དཀྱིལ་འཁོར་དང། ་རིག་སྔགས་དང། གསང་སྔགས་དང། ཕྱག་རྒྱ་དང་ས་བོན་ངོ་བོ་མཉེས་པར་བྱེད་པའི་སྒོ་ནས་རང་གཞན་གྱི་དོན་འགྲུབ་པར་བྱ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཅན་ལ་སོགས་པའི་གསང་སྔགས་བསྟན་པ་ཡིན་ནོ། །སྤྱོད་པ་དེ་ཡང་བསྡུ་ན་རྣམ་པ་གཉིས་ཏེ། ་དེ་ལ་གཅིག་ནི་དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་དཀྱིལ་འཁོར་གསུམ་གྱི་ལས་ཀྱི་མཚན་ཉིད་དག་པར་བསྟན་པ་ཡིན་ནོ། །དེ་ལས་གཞན་པ་ནི་རིག་སྔགས་དང། གསང་སྔགས་ལ་སོགས་པ་བསྟན་པའི་མཚན་ཉིད་ཡིན་ཏེ། ཅི་རིགས་གསང་སྔགས་སྤྱོད་པའི་ཚུལ་འབྱུང་བཞེས་པ་དེ་ཉིད་དོ་པར ་སློབ་དཔོན་གྱི་རིམ་པ་རྣམ་པར་གཞག་པས་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ཆོ་ག་སྤྱིས་འཇུག་བསྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ལ་སོགས་པའི་སྒོ་ནས། ལ་ཡང་བཟླས་བརྗོད་དག་པར་བས་འཇུག་བརྟེན་པ་ནི་འདིར་རྣམ་པ་བཅུ་བཞིས་བསྟན་ཏེ། འདི་ལྟ་སྟེ། སློབ་དཔོན་གྱི ་མཚན་ཉིད་བསྟན་པ་དང། དཀྱིལ་འཁོར་གྱི་ས་བསྟན་པ་དང། དེ་ཡོངས་སུ་དག་པའི་མཚན་ཉིད་བསྟན་པ་དང། དེའི་བྱིན་གྱིས་རློབ་པའི་ཆོ་ག་དང། སློབ་མའི་མཚན་ཉིད་བསྟན་པ་དང། སློབ་མ་སྟ་གོན་དུ་གནས་པའི་ཆོ་ག་བསྟན་པ་དང། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག ་བརྗོད་པ་དང། དཀྱིལ་འཁོར་གྱི་རིམ་པ་ལ་བརྟག་པ་སོགས་སྤྱངས་པས་འདི་ལ་སྔོན་དུ་བསླང་དེ་ནས་སྤྱད་པ་རྣམ་པར་ཡོངས་སུ་བཟུང་དབྱེ་བ་དང། དཀྱིལ་འཁོར་གྱི་ཚོན་གྱི་མཚན་ཉིད་དང། དེ་དགྱེ་བ་ལ་སོགས་པའི་ཆོ་ག་བསྟན་པ་དང། དཀྱིལ་འཁོར་གྱི་ལྷ་རྣམས་ཉེ་བར་བྱ་བ་སྦྱོར་བ་དང ་དེ་དག་མཆོད་པའི་ཆོ་གའི་ཡན་ལག་བསྟན་པ་དང། སློབ་མ་གཟུང་བའི་ཆོ་ག་བསྟན་པ་དང། དེ་དབང་བསྐུར་བའི་ཆོ་ག་བརྗོད་པ་དང། མེས་བྱ་བའི་ཆོ་ག་བསྟན་པ་ནི་བཅུ་བཞི་ཡིན་ནོ། །དེ་ལ་སློབ་དཔོན་ཉིད་དུ་འཇུག་པ་དང། མངོན་པར་འདུ་བྱེད་པ ་དང། གྲུབ་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་ལ་སློབ་དཔོན་ཉིད་དུ་འཇུག་པའི་མཚན་ཉིད་ནི་སྙིང་རྗེ་ཅན་སྒྱུ་རྩལ་དག་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པའི་ཚུལ་ལ་རྟག་ཏུ་མཁས་པ་ཐེག་པ་གསུམ་གྱི་ཁྱད་པར་ཤེས་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ ་མཁས་པ་བསམ་པ་ཤེས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་ལ་སོགས་པ་ཡིན་ནོ། །སློབ་དཔོན་ཉིད་དུ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཟབ་པ་དང་མི་ཟབ་པའི་བྱེ་བྲག་གི་སྒོ་ན་སྟེ། གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའི། །སློབ་དཔོན་རྣམ ་པ་གཉིས་ཞེས་བྱ། ཟབ་དང་མི་ཟབ་བྱེ་བྲག་ལས། །དེའི་མཚན་ཉིད་ཤེས་པར་བྱ། །ཟབ་མོ་རྒྱ་ཆེར་ཤེས་པར་བྱ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། །སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ། །མཐོད་བའི་ཆོས་ནི་རྣམ་པར་སྤངས། །གཉིས་པ་མཐོད་བའི་ཆོས་རྣམས་ཀྱིས། །མོས ་པར་གྱུར་པ་དམིགས་པ་ཅན། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །འཇིག་རྟེན་པའི་དཀྱིལ་འཁོར་ཀུན། །དེ་ཡིས་བྲི་བ་བྱ་བའི་ཕྱིར། །རྗེས་སུ་གནང་ཞིང་དབང་ཡང་བསྐུར། །ཅེས་གང་གསུངས་པ་ཡིན་ཏེ། སློབ་དཔོན་དམིགས་པ་ཅན་མངོན་པར་འདུ་བྱས་པ ་འདི་ནི་གཉིས་པ་ཡིན་ནོ། །སློབ་དཔོན་གྱི་ཐབས་སྒྲུབ་པའི་མཚན་ཉིད་ནི། །འདི་ལས་རྣམ་པ་གཉིས་སུ་བསྟན་ཏེ། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་འདྲི་བའི་སློབ་དཔོན་དུ་དབང་བསྐུར་བ་དང། གསང་བའི་དཀྱིལ་འཁོར་འབྲི ་པར་དབང་བསྐུར་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་མདོར་ན་ནི། །དམ་ཚིག་ཅན་རྣམས་ལྔར་བཤད་དེ། །དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང། །སྔགས་ཀྱང་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་གཟུང། །དཀྱིལ་འཁོར་མཐོང་ཞེས་བྱ་བ་ནི། །དམ་ཚིག་ཅན་གཉིས་ཤེས་པར་བྱ། །དཀྱིལ་འཁྲོ་དང་ནི་ཕྱག་རྒྱ་མཐོང། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པ། །དེ་ཡང་དམ་ཚིག་ཤེས་པར་བཤད། །ཕྱག་རྒྱ་དཀྱིལ་འཁོར ་དྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་བསྟན་ན། །གསང་བའི་ཡེ་ཤེས་འབྱུང་བ་ཡི། །དབང་བསྐུར་མེད་པ་སྔགས་པ་ཡིན། །གསང་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཆོ་གས་དབང་བསྐུར་བ། །དམ་ཚིག་ཤེས་པ་ལྔར་ཤེས་པ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་གང་གསུངས་པ་ཡིན་ནོ། ། ་དེ་བས་ན་རིམ་པ་འདིས་ནི་དཀྱིལ་འཁོར་གསུམ་གྱི་སློབ་དཔོན་ཉིད་ཀྱི་ཐབས་ཐོབ་པས་དཀྱིལ་འཁོར་འདྲི་བའི་ཆེ་རིག་པའི་རྒྱལ་པོ་ཡན་ལག་བཅུ་གཉིས་པ་འབྱུང་བས་སྔར་བསྙེན་པ་བྱ་སྟེ། ཇི་སྐད་དུ། དཀྱིལ་འཁོར་གྱི་ནི་སྔོན་རོལ་ཏུ། །བྱ་བ་རྣམས་ནི་ངེས་པས་ཉོན། །སོ་སོའི་ལས་རྣམས ་འདོད་པ་ཡིས། །ཆུལ་ཤེས་པས་ནི་ཅི་རིགས་པར། །རང་གི་ཏིང་འཛིན་ལ་གནས་ཏེ། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཡན་ལག་བཅུ་གཉིས་ཚིག་འབྱུང་བ། །གོ་རིམས་བཞིན་དུ་བཟླས་བརྗོད་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་སློབ་མ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་གོམ་པ་དཀྱིལ ་འཁོར་གྱི་སློབ་དཔོན་ཉིད་དུ་གྱུར་པའང་རུང། བྱང་ཆུབ་ཀྱི་སེམས་མ་གོམས་པ་ཉིད་ཀྱིས་དམིགས་པ་ཅན་ཡང་རུང་སྟེ། དཀྱིལ་འཁོར་འབྲི་བའི་ཚེ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་འབྱུང་བ་སྔར་བསྙེན་པ་བྱའོ། །ཞེས་བསྟན་པར་འགྱུར་རོ། །རང་གི་ཏིང་ངེ་འཛིན་ལ་གནས་ཏེ ་ཞེས་བྱ་བའི་དགོངས་པ་ནི། སློབ་དཔོན་རང་གི་ཏིང་ངེ་འཛིན་ལ་གནས་ཏེ། རིག་པའི་རྒྱལ་པོ་འདི་བཟླས་བརྗོད་བྱའོ་ཞེས་བཤད་པར་འགྱུར་བ་འདི་ཡིན་ནོ། །ན་མ(རྒྱུད་འགྲེལ་རིག་པའི་རྒྱལ་པོ་ཆིག་ཡན་ལག་བཅུ་གཉིས་འབྱུང་བ་ཡིན་ནོ། །སློབ་དཔོན་གྱི་ཏིང་དེ་འཛིན་གྱི་མཚན་ཉིད་བཤད་པ་འདི་ཡིན་ནོ། །བདག་ཉིད་ཨ་ཞེས་བྱ་བས་རྣམ་པར་སྣང་མཇིད་ཀྱི་སྐུར་བྱིན་གྱིས་བརླབས་པ་ལ་ཡེ་གེའི་འཁོར་ལོ་མཛའ་དག་རང་གི་ལུས་ལ་དགོད་དེ། ཀ་ནི་སྐོག?་། ་མར་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་གསུངས་པ་གང་ཡིན་པ་རིམ་གྱིས་རང་གི་ལུས་ལ་དགོད་པ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གཅིག་པ་ཡིན་ནོ། །དེ་བཞིན་དུ་དེ་ཁོ་ན་དང་འདྲ་བར་རྣམ་པར་སྣང་མཛད་ཀྱི་སྐུར་བྱས་ལ། རིགས་ཀྱི་བདག་པོ་གསུམ ་གྱི་ས་བོན་གསུམ་དགོད་པ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གཉིས་པ་ཡིན་ནོ། །ཡང་ན་དཔའ་བོ་ཆེན་པོའི་ཡི་གེ་ལྔ་བཀོད་པས་ཤཱཀྱ་ཐུབ་པའི་སྐུར་བྱིན་གྱིས་བརླབས་ཏེ། སློབ་དཔོན་གྱི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ། །ཅི་ཞིག་འཚལ་ནས་སློབ་དཔོན་འགྱུར་ཞེས་གང ་གསུངས་པ་ལ་གླེངས་ཏེ། ཨ་ནི་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །འདི་ལས་འབྱུང་བའི་གསང་སྔགས་ནི། །གྲངས་མེད་རྣམས་ཀྱང་འབྱུང་བར་འགྱུར། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །ཡེ་ཤེས་མཛའ་དག་སྐྱེ་བར་འགྱུར། །ཞེས་བྱ་བ ་དང། རྫོགས་པའི་སངས་རྒྱས་རྐང་གཉིས་གཙོས། ། ནི་འཚོ་བ་ཡིན་པར་གསུངས། །དེ་བས་འདི་ཀུན་ཐམས་ཅད་དེ། །ཡན་ལག་ཀུན་ལ་རྣམ་པར་གནས། །ཡན་ལག་རྣམས་ཀྱང་ཅི་རིགས་པར། །རྟག་པར་ཀུན་ཏུ་རིག་པར་གྱིས། །ཡི་གེ་རྣམས་ཀྱིས་ཐམས་ཅད ་ཁྱབ། །ཡི་གེ་རྣམས་ཀྱང་དེ་ཡིས་ཁྱབ། །ཡི་གེ་རྣམས་ལ་སྒྲ་འབྱུང་བ། །ཆ་དང་ཆ་ལས་བྱུང་བའོ། །དེ་བས་འདི་ཀུན་ཐམས་ཅད་དེ། །ལུས་ནི་སྣ་ཚོགས་ལས་བྱུང་བའོ། །དེའི་དགོད་པ་ཡང་དག་བསྟན། །སྙིང་པོ་དག་ནི་དེས་པས་ཉོན། །ཡན་ལག་རྣམས་ལ་ཡན་ལག ་དགོད། །བློ་ལྡན་རྣལ་འབྱོར་བསྟན་འདུག་སྟེ། །བདག་ལུས་རྫོགས་སངས་རྒྱས་ཀྱི་སྐུར། །བྱས་ནས་དེ་བཞིན་གཤེགས་པ་རྣམས། །དྲན་པར་བྱས་ཏེ་འདི་ཀུན་བྱ། །གང་གིས་ཡེ་ཤེས་རྒྱ་ཆེན་ཏེ། །ཆོ་ག་བཞིན་དུ་ཤེས་གྱུར་ན། །དེ་ཚེ་སངས་རྒྱས་མཐུ་ཆེན་གྱིས། །དེ་ནི་སྤྱོད? ་དཔོན་ཡིན་པར་བཤད། །དེ་བས་དེ་ཉིད་དེ་བཞིན་གཤེགས། །དེ་ཉིད་རྫོགས་སངས་རྒྱས་ཤེས་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །ཞེས་བྱ་བ་ལ་སོགས་པ་ཕན་ཡོན་རྒྱས་པར་རྒྱུད་ལས་བརྟག་པར་བྱའོ། །སློབ ་དཔོན་བྱང་ཆུབ་ཀྱི་སེམས་ལེགས་པར་བསྒོམས་པ་རང་གི་ལུས་ལ་ཡི་གེ་འཁོར་ལོ་དགོད་པ་ནི། དོན་དམ་པར་འཇུག་པའི་ཐབས་ཡིན་པ་ཉིད་ཀྱིས་འབྲས་བུའི་ཕན་ཡོན་ཆེ་བར་བསྟན་པའི་ཕྱིར། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང། །སྒྲ་ཤེས་པས་ནི་ལྷུར་ལེན་གང། །ཆོས ་རྣམས་ཀུན་ལ་མ་ཆགས་པ། །རྣམ་པ་ཀུན་ཏུ་ཀུན་ཞེས་བྱ། །ཡི་གེའི་འཁོར་ལོ་ཐམས་ཅད་ནི། །གང་གི་ལུས་ལ་རྣམ་གནས་པ། །དེ་ནི་སྔགས་པས་གསང་སྔགས་འཆང། །དཔལ་ལྡན་སྔགས་རྒྱལ་རྡོ་རྗེ་འཛིན། །ཞེས་བྱ་བ་གསུངས་སོ། །འདི་ནི་སློབ་དཔོན་གྱི་ཏིང་ངེ ་འཛིན་ཡི་གེའི་འཁོར་ལོ་དགོད་པའི་རིམ་པ་རྒྱས་པ་ཡིན་ཏེ། སློབ་དཔོན་གྱི་རྣལ་འབྱོར་གྱི་ཆོ་ག་འདི་ནི་སློབ་དཔོན་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་བྱང་ཆུབ་ཀྱི་སེམས་བརྟན་པ། སྒྲའི་དེ་ཁོ་ན་ཉིད་ལ་འཁོར་པ་ཁོ་ནའི་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །ད་ནི་སློབ་དཔོན་རྣམ་པ་གཉིས ་ཀའི་ཡང་ཆོ་ག་མདོར་བསྡུས་པ་དང། བར་མའི་རིམ་གྱིས་སོ་སོར་སློབ་དཔོན་གྱི་རྣལ་འབྱོར་གཉིས་སྟོན་ཏེ། སློབ་དཔོན་ཉིད་ལུས་རྣམ་པར་སྨིན་པ་ཁོ་ན་ལ་རིགས་ཀྱི་བདག་པོ་གསུམ་གྱི་ས་པོན་གྱི་ཡི་གེ་གསུམ་བཀོད་པ་ལས། སྒྲའི་དེ་ཁོ་ན་ཉིད་ལ་གཏོད་པའི་སྒོ་མས་དེ ་མདོར་བསྡུས་པ་བསྟན་པའི་ཕྱིར། སྨིན་མཚམས་དབུས་སུ་ཡི་གེ་ཧཱུཾ། །རྡོ་རྗེ་ཅན་གྱི་གཞི་ཡིན་ནོ། །བྲང་དུ་ཡི་གེ་ར་ཞེས་བྱ། །ཕྱག་ན་པདྨའི་གཞི་ཞེས་བྱ། ། ནི་སྙིང་གའི་གནས་བཞག་པ། །ཀུན་གྱི་རྗེ་དེ་དབང་ཕྱུག་ཡིན། །རྒྱ་དང་རྒྱུ་མིན་སྣ་ཚོགས་པ། །མཐར་དག་ངས་ནི ་རབ་ཏུ་ཁྱབ། །ཅེས་བྱ་བ་གསུངས་སོ། །དེ་བཞིན་དུ་གཞན་ཡང་སློབ་དཔོན་གྱི་རྣལ་འབྱོར་བར་མ་ནི་གསང་བའི་དཀྱིལ་འཁོར་འདྲི་བའི་ཚེ་ཉིད་ན་སྔོན་གྱི་རྣམ་པར་སྨིན་པའི་ལུས་ཁོ་ན་ལ་ཡི་གེ་ལྔ་པ་འདི་དག་བཀོད་པ། སྒྲའི་དེ་ཁོ་ན་ཉིད་ལ་གཏོད་པའི་སྒོ་ནས་དངོས་སུ་གསུངས ་ཏེ། དེ་བསྟན་པའི་ཕྱིར། ཨཱ(རྒྱུད་འགྲེལ་དམ་པ་ཡིན། །ཞེས་བྱ་བ་གསུངས་སོ། །ཡི་གེ་ལྔ་པོ་འདི་དག་ནི་དཔའ་བོ་ཆེན་པོའི་སྙིང་དགོན་པའི་རིམ་པར་གོ་རིམས་བཞིན་དུ་ཆུ་སོ་དང། ལྟེ་བ་དང། བྲང་དང། སྨིན་མཚམས་དང། ཀླད་པར་དགོན་པ་ཤེས་པར་བྱའོ། །དེ་ལྟ་བསན་དེ་ལྟར་ཏིང་ངེ་འཛིན་གང ་ཡང་རུང་བ་ལ་གནས་ཏེ། པའི་རྒྱལ་པོ་ཆིག་ཡན་ལག་བཅུ་གཉིས་པ་འབྱུང་བ་བརྗོད་པར་བྱའོ་ཞེས་བཤད་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱིས་ནི་ཕྱི་དང་ནང་གི་བྱེ་བྲག་གི་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་སའི་མཚན་ཉིད་བསྟན་པའི་ཕྱིར། མེ་ཏོག་འབྲས་བུ་ལྡན་པའི་རི། ། ་གཅེར་ཞིང་ཡིད་འོང་ཆུའི་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྒྱས་པར་རྒྱུད་ལས་ཤེས་པར་བྱའོ། །དེ་ནི་སྦྱང་བ་ཡང་ཀུན་རྫོབ་པ་ཁོ་ནར་བཤད་དེ། རྡོ་བ་དང་བོང་བ་དང། གྱོ་མོ་དང་གསེག་མ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །སྦྱང ་བ་ནི་སྡང?་སའི་ལྷ་ལ་སྦྲན་བར་བཤད་དོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །སྤྱོད་བའི་ཚུལ་དང་ཁྱད་བར་དང། ས་དང་ཕ་རོལ་བྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར་།ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དོན་དམ་པའི་ས་ནི་སློབ་དཔོན་ཟབ་མོ་སྤྱོད་བའི ་རས་གི་སེམས་ཁོ་ན་ཡིན་ལ། དེ་ལ་སྦྱང་བ་ཡང་བྱང་ཆུབ་ཀྱི་སེམས་གོམས་པའི་སྒོ་ནས་ཡིན་ནོ། །དེ་གཉིས་ཀ་ཡང་བསྟན་པའི་ཕྱིར། །ས་ནི་དང་པོར་ཤེས་པར་བྱ། །སེམས་ཀྱི་སར་ནི་བཤད་པ་ཡིན། །སྦྱང་བ་སྔར་ནི་བསྟན་པ་ཡིན། །དེ་ཡིས་དེ་ནི་ཡོངས་སུ་སྤྱད་ཞེས་བྱ ་བ་རྒྱས་པར་མངོན་པར་བྱང་ཆུབ་མཐོང་བས་ན། །དེ་ལྟར་དེ་ནི་བརྟན་ཞེས་བྱ། །ཞེས་བྱ་བའི་དུ་གསུངས་པ་ཡིན་ཏེ། །དེ་སྦྱང་བ་དེ་ནི་བྱང་ཆུབ་ཀྱི་སེམས་གོམས་པའི་སྦྱོར་བ་ཡིན་པར་བཤད་དོ། །དེ་ལྟ་བས་ན་དགོངས་པ་ནི། ཕྱི་རོལ་གྱི་ས་སྦྱང་བ་མེད་པར་ཡང་བྱང་ཆུབ ་ཀྱི་སེམས་གོམས་པའི་སྒོ་ནས་སའི་སྐྱོན་དུ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཁེ་ནས་ཡོངས་སུ་དག་པར་འགྱུར་རོ། །སྙམ་པ་འདི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྔགས་པ་རྟོག་པ་གནས་ནས། །གང་ཞིག་སྦྱོང་བར་བྱེད་པ་ནི། བྱང་ཆུབ་སེམས་ནི་རྣམ་སྤངས་པ། །གསང ་བའི་བདག་པོ་དེ་མི་འགག་།དེ་བས་རྟོག་པ་རྣམ་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ང་ཡིས་དཀྱིལ་འཁོར་རྣམས་ཀྱི་ནི། །ཆོ་ག་རྒྱས་པར་གང་བསྟན་པ། །དེ་དག་ཐོག་མར་བསྟན་པ་ནི། །རྨོངས་པ་རྣམས་ཀྱིས་མི་ཤེས་ཏེ། །རྟོག་པ་སྡུག་བསྔལ་རྒྱུར་གྱུར་བ། །ཇི་སྲིད་མ ་སྤངས་བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་བརྗོད་མི་བྱའོ། །ཞེས་བྱ་བ་གསུངས་སོ། །རང་གི་སེམས་ཀྱིས་ཡོངས་སུ་སྦྱང་བའི་དོན་འདི་ཉིད། རྡོ་རྗེ་དམ་ཚིག་མངོན་པར་འབྱུང་བ་ལ་སོགས་པའི་རྒྱུད་ལས་རྒྱས་པར་བསྟན་ཏོ། །དེ་ནས་ཞག ་གསུམ་ན་དཀྱིལ་འཁོར་འདྲི་བར་རྩོམ་པས་ས་ཡོངས་སུ་གཟུང་བར་བྱ་སྟེ། དེའི་མཚན་ཉིད་ནི། ས་བྱིན་རླབ་པ་དང་པོ་ནི། རྫོགས་སངས་རྒྱས་ཀྱིས་བྱ་བར་བཤད། །གཉིས་པ་སེམས་ཀྱིས་དབང་གིས་སྟེ། །འདི་ནི་གཞན་དུ་མི་བྱའོ། །ཞེས་བྱ་བ་གསུངས་སོ། །དེ་ལ་སེམས་ཀྱི ་དབང་གིས་ཞེས་བྱ་བ་ནི། སློབ་དཔོན་གྱི་སེམས་ཀྱི་དབང་ས་ཕྱོགས་འདིར་བདག་གིས་དཀྱིལ་འཁོར་བྲི་བར་བྱའོ། །སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པས་སོ། །རྫོགས་པའི་སངས་རྒྱས་ཀྱིས་ས་ཡོངས་སུ་གཟུང་བའི་ནི་རྣམ་པ་བཅུར་བཤད་དེ། འདི་ལྟ་སྟེ། ཡོངས་སུ་འཛིན ་པའི་ཆེ་བའི་ལྕེ་བ་ས་ལ་མ་ལྟུང་བ་དང་བའི་གཅིན་གྱིས་བྱུག་པ་དང། གསང་སྔགས་ཀྱིས་མངོན་པར་བསྔགས་པས་བགེགས་ཉེ་བར་ཞི་བར་བྱ་བ་དང། བྱུང་སྤོས་ཀྱིས་ལྷ་རྣམས་ཀྱི་དཀྱིལ་འཁོར་བྱ་བ་དང། དཀྱིལ་འཁོར་གྱི་སར་ཅི་རིགས་པར་རྫོགས་པའི་སངས་རྒྱས ་རྣམས། ཉེ་བར་བྱ་བ་དང། དྲི་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱ་བ་དང། ཡོངས་སུ་གཟུང་བའི་བསམ་པས་ལག་པ་ས་ལ་བཞག་སྟེ། འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པ་དང། མི་གཡོ་བའི་སྔགས་དག་ལས་གང་ཡང་རུང་བ་ཞིག་བརྗོད་པ་དང ་དཀྱིལ་འཁོར་གྱི་ལྷ་སྣགས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲང་བ་དང། གསང་སྔགས་ཀྱིས་སའི་ལྷ་ཡང་དག་པར་མགུ་བར་བྱ་བ་དང། དཀྱིལ་འཁོར་གྱི་ས་ཉིད་དུ་ཉལ་བར་བྱ་བ་དང། རྨི་ལམ་བཟང་པོ་བརྟག་པའོ། །རྣམ་པ་བ་བཅུ་པོ་འདི་དག་ནི་ས་ཡོངས་སུ ་གཟུང་བར་བྱ་བ་ལ་བསྟན་པ་སྟེ། དེ་ལ་ཇི་སྐད་དུ་བསྟན་པའི་གནས་ཡང་ཡང་རུང་བར་ས་བཞི་རབ་ཏུ་འཐས་པ་བཅགས་ཏེ་བའི་ལྕི་བས་ལ་མ་ལྷུང་པ་དང་གཅིན་ཏུ་བསྲེས་པས་བྱུག་གོ་།ཞེས་བྱ་བ་ལ་སོགས་པ་རྒྱས་པར། དེ་ནས་སྔགས་པས་རྨི ་ལམ་བལྟ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ནམ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །བདག་ཉིད་ཀུན་ཏུ་རྩོལ་འབད་པའམ། །བདག་ཉིད་ལ་ནི་འདི་སྐད་དུ། །སེམས་དཔའ་ཆེན་པོ་བུ་ཁྱོད་ལེགས། །དཀྱིལ་འཁོར་མྱུར་དུ ་བྲིས་ཤིག་ཅེས། །སྤྲོ་བ་སྨྱེད་པ་མ་ཐོང་ཡང་རུང། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ལྟར་ས་ཡོངས་སུ་གཟུང་བར་བྱས་ནས་སང་ལྟ་བུ་དཀྱིལ་འཁོར་འདྲི་བ་དང། སློབ་མ་དེ་དག་ཡོངས་སུ་བརྟགས་ནས་གཟུང་བར་བྱའོ།། །།།བམ་པོ་གསུམ་པ། ་དེ་ལ་སློབ་མ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཁྱད་པར་གྱི་མཚན་ཉིད་དང། སྤྱིའི་མཚན་ཉིད་དང། རབ་ཏུ་དབྱེ་བའི་མཚན་ཉིད་དོ། །དེ་ལ་ཁྱད་པར་གྱི་མཚན་ཉིད་བསྟན་པའི་ཕྱིར། སློབ་མ་དང་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དང། ། ་ཟབ་མོ་ཡི་ནི་བློ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་མཚན་ཉིད་འདི་ལྟ་བུ་དང་ལྡན་པ་མང་པོ་མི་སྲིད་པས། བཅཱུམ་པ་རྒྱད་དམ་མདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང། །ཞེས་གྲངས་ངེས་པ་ཀུན་ཏུ་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར། ་གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱོད་པའི་ཚུལ་སྒོ་མཛའ་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ་ཞེས་བྱ་བ་གསུངས་སོ། །དེ་ལ་སྤྱིའི་མཚན་ཉིད་ནི་ཡོན ་ཏན་འདི་ལྟ་བུ་མེད་པ་རྣམས་ཀྱིས་དཀྱིལ་འཁོར་དུ་གཟུང་བའི་ཕྱིར་ཡོངས་སུ་གཟུང་བ་གང་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར། འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་གྱི་ཁམས་མ་ལུས་པར་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། ངེས ་བྱང་ཆུབ་ཀྱི་སེམས་རྒྱུར་འགྱུར་བར་བྱ་བའི་ཕྱིར། སེམས་ཅན་ཆོས་མེད་པ་རྣམས་ཡོངས་སུ་བཟུང་བར་བྱའོ་ཞེས་བྱ་བ་གསུངས་སོ། །སློབ་མ་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱི་དབང་དུ་མཛད་ནས། །དུས་དང་དུས་མིན་བྱེ་བྲག་ལས། །སློབ་མ་རྣམ་བཞིར་ཤེས་བྱ་སྟེ། །གཅིག་ནི་དེའི ་མོད་ལ་བསྒྲུབ། །གཉིས་སུ་སྒྲུབ་དང་གཉི་གར་མིན། །མཚན་ཉིད་ཐམས་ཅད་རྫོགས་པ་ཡིན། །སློབ་མ་དེ་ནི་རྒྱལ་བའི་མཆོག་།ཅེས་བྱ་བ་གསུངས་སོ། །དེ་ལ་གཅིག་ནི་དེའི་མོད་ལས་བསྒྲུབ་ཅེས་བྱ་བ་ནི་སློབ་མ་དཀྱིལ་འཁོར་མཐོད་པ། བྱང་ཆུབ་ཀྱི་སེམས་གོམས་པ ་དག་ཏུ་གྱུར་པ། སློབ་དཔོན་ལས་ཕྱག་རྒྱ་དང་གསང་སྔགས་མནོས་པ་རྒྱུད་ཐོས་པ་ལས་གསང་སྔགས་སྤྱད་པའི་བྱ་བའི་ཆོག་ཤེས་པ་ཞི་བ་ལ་སོགས་པའི་ལས་དང། དངོས་གྲུབ་མཆོག་ལ་སོགས་པའི་ལས་ཀྱི་ཆོ་ག་ལ་མཁས་པ་གང་ཡིན་པ་སྟ།ེ་ཡོན་ཏན་དེ་ལྟ ་བུ་དང་ལྡན་པ་ནི་སློབ་དཔོན་གྱི་ཐབས་སུ་སྒྲུབ་པ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དུ་བཅུག་པའི་ཚེ། འཇུག་ཐོགས་ཁོ་ནར་དབང་བསྐུར་བའི་དཀྱིལ་འཁོར་དབང་བསྐུར་ནས་སྒྲུབ་ཅིང་རྫོགས་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།གསང་སྔགས་མནོས་པ་ནི་གསང་སྔགས་རབ་ཏུ ་འབྱིན་པས་བཟླས་བརྗོད་བྱེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལྟ་བས་ན་འདི་ཡང། དེའི་མོང་ལ་སྒྲུབ་པར་བྱ་ཞེས་བྱའོ། །གཉིས་སུ་སྒྲུབ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མ་གོམས་པ་དཀྱིལ་འཁོར་དུ་བཅུག་ནས་ཕྱིས་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་ཏེ། ཕྱག་རྒྱ ་དང་གསང་སྔགས་བྱིན་ནས། དེ་ཡང་བཟླས་བརྗོད་པ་ཉིད་དུ་བསྒྲུབ་པར་བྱ་སྟེ། དེ་ལྟ་བས་ན་འདི་ནི་དུས་གཉིས་སུ་བསྒྲུབ་པར་བྱ་བ་ཡིན་པས་གཉིས་སུ་བསྒྲུབ་ཅེས་བྱའོ། །ཡང་ན་དེ་ཉིད་རྒྱུད་ཉན་དུ་བཅུག་ནས། བྱ་བའི་ལས་ལ་མཁས་པར་བྱ་ལ། སློབ་དཔོན་དུ་དབང ་བསྐུར་ཏེ། སློབ་དཔོན་གྱི་ཐབས་སུ་བསྒྲུབ་པའི་སྒོ་ནས་བསྒྲུབ་པར་བྱ་སྟེ། དེ་ལྟ་བས་ན་འདི་ཡང་དུས་གཉིས་སུ་སྒྲུབ་པ་ཡིན་པ་སྟེ། དང་པོ་དཀྱིལ་འཁོར་དུ་བཅུག་པའི་དུས་ནི་གཅིག་ཡིན་ལ་དེ་ལས་གཞན་པ་ནི་སློབ་དཔོན་དུ་དབང་བསྐུར་བའི་དུས་ཡིན་པས། གཉིས ་པ་ནི་དུས་སུ་བསྒྲུབ་པར་བརྗོད་པ་ཡིན་ནོ། །གང་ཞིག་བྱང་ཆུབ་ཀྱི་སེམས་གོམས་པ་དང་དུ་མ་གྱུར་པ་དེ་ནི་དང་པོ་དཀྱིལ་འཁོར་དུ་འཇུག་པ་ན་ཡང་ཕྱག་རྒྱ་དང་གསང་ཀྱི་འོས་མ་ཡན་ལ་ཕྱིས་ཀྱང་ཆུབ་ཀྱི་སེམས་གོམས་པར་མི་ནུས ་པའི་ཕྱིར་དང། དེ་བཞིན་དུ་རྒྱུད་ལ་སོགས་པ་ཐོས་པར་འཛིན་མིན་ནུས་པའི་ཕྱིར། གཉིས་གར་ཡང་མིན་ཞེས་བྱའོ། །མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །སློབ་མ་དེ་ནི་རྒྱལ་པའི་མཆོག་།ཅེས་བྱ་བ་ནི་གང་ཞིག་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང། ཡི་གེ་འཁོར་ལོ་བསྐོར ་བ་དང། གསང་བའི་དཀྱིལ་འཁོར་གསུམ་ཚར་དུ་དབང་བསྐུར་བ་དེ་ནི་སློབ་དཔོན་གྱི་མཚན་ཉིད་རྣམ་པ་ཐམས་ཅད་དུ་རྫོགས་པར་འགྱུར་བ་ཡིན་པས། མཚན་ཉིད་ཐམས་ཅད་རྫོགས་པ་ཡི། སློབ་མ་དེ་ནི་རྒྱལ་བའི་མཆོག་ཅེས་བྱའོ། །འདི་ལྟར་སློབ་དཔོན ་གྱི་ལམ་ཐབས་ཐོབ་པ་དེ་ལྟ་བུ་ཡང་བསོད་ནམས་མངོན་པར་འཕེལ་པར་བྱ་པའི་ཕྱིར་དང། བགེགས་ཉེ་བར་ཞི་བར་བྱའི་ཕྱིར་དང་སྡིག་པ་རྣམས་ཟད་པར་བྱ་བའི་ཕྱིར་སློབ་དཔོན་གཞན་གྱིས་དཀྱིལ་འཁོར་ལེགས་པར་བྲིས་པ་མཐོང་བར་བྱེད་བས་འདི་ཡང ་སློབ་མའི་གྲངས་སུ་འགྲོའོ། །ཞེས་བྱ་བར་ཁོང་དུ་ཆུང་པར་བྱ་སྟེ། དེ་སྐད་དུ་ཇི་ལྟ་བ་ཇི་ལྟར་རིག་སྔགས་ཚོགས་ཀྱིས་ནི། །བསྟེན་པའི་དཀྱིལ་འཁོར་བསོད་ནམས་ཅན་མཐོང་བ། །དེ་ལྟ་དེ་ལྟར་རྡོ་རྗེ་རིགས་བསྟེན་པའི། །ལུས་ལ་འདིར་ནི་བྱིན་བརླབས་ཀུན་ཏུ་འཇུག ་རྡོ་རྗེའི་ལུང་ནི་རྒྱ་ཆེ་མཐོང་འགྱུར་ན། །བགེགས་རྣམས་མཛའ་དག་འཇིག་པར་རབ་ཏུ་འགྱུར་ཞེས་ཏེ། རྒྱ་ས་པར་ནི་ལག་བཟངས་ཀྱིས་ཞུས་པ་ལས་འབྱུང་ངོ། །གོ་རིམས་འདི་ནི་དམ་ཚིག་ཅན་རྣམ་པ་ལྔའི་མཚན་ཉིད་བསྟན་པ་ལས་ཁོང་དུ་ཆུང་པར ་བྱ་སྟེ། རྒྱུད་འདི་ཉིད་ལས་ཇི་སྐད་དུ། དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང། ་དཀྱིལ་འཁོར་མཐོང་ཞེས་བྱ་བ་འདི། །དམ་ཚིག་ཅན་གཉིས་ཤེས་པར་བྱ། །དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པ། ད།ེ་ཡང་དམ་ཚིག་ཤེས་པར་བཤད། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོག་བཞན་དུ་བསྟན། ། ་གསང་བའི་ཡེ་ཤེས་འབྱུང་བ་ཡི། །དབང་བསྐུར་མེད་པའི་སྔགས་པ་ཡིན། །གསང་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཚུ་ལ་བཞིན་དབང་བསྐུར་བ། །དམ་ཚིག་ཤེས་པ་ལྔར་ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱེ་ཞེས་གསུངས་པ་ལྟ་བུའོ། །རྣམ་པར་སྣང་མར ་བཟོད་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས་ལེའུ་ཉི་ཤུ་རྩ་བརྒྱད་དེ། སེམས་ཀྱི་ཁྱད་པར་རིམ་པར་བྱེ་བ་དང། ཕྱིའི་སྔགས་ཀྱི་བགེགས་ཧེ་བར་ཞི་བར་བྱེད་པའི་རིམ་པར་ཕྱེ་བ་དང། ཕྱིའི་སྔགས་ཀྱི་དེའི་འམ་བར་ཕྱེད་པ་དང། འཇིག་རྟེན་དེ ་འཛིན་གཏན་ལ་དང་པ་པའི་རིམ་པར་ཕྱེ་བ་དང། མཚན་མ་མེད་པའི་ཏིང་འཛིན་རིམ་པར་ཕྱེ་བ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་དང། ཡི་གེ་འཁོར་ལོ་བསྐོར་བའི་རིམ་པར་ཕྱེ་བ་དང། ཕྱག་རྒྱའི་རིམ་པར་ཕྱ་བ་དང། ཐམས་ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་ཡི་གེའི་ཚུལ་རིམ་བར་ཕྱེ་བ་དང། གསང་བའི་དཀྱིལ ་འཁོར་ཞིམ་པར་ཕྱེ་བ་དང། གསང་བའི་ཕྱག་རྒྱའི་རིམ་པར་ཕྱེ་བ་དང། གསང་བའི་ཕྱིར་ཕྱག་རྒྱ་བརྒྱད་རིམ་པར་ཕྱེ་བ་དང། གསང་བའི་དཀྱིལ་འཁོར་གཟུང་བའི་རིམ་པར་ཕྱེ་བ་དང་རིགས་སྔགས་ཀྱི་བརྟུལ་ཞུགས་རིམ་པར་ཕྱེ་བ་རྒྱས་པ་དང། སློབ་དཔོན་གྱི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བ་དང། རི་དགེ་བཀོད་པའི་རིམ་པར་ཕྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ཐམས་ད་རང ་པ་རིམ་པར་ཕྱེ་བ་དང། ཡི་གེ་བརྒྱ་བ་འབྱུང་བ་བསྟན་པའི་རིམ་པར་བྱེ་བ་དང། འབྲས་བུའི་སྦྱོང་བ་བསྟན་པ་རིམ་པར་བྱེ་བ་དང། ཡི་གེ་བརྒྱ་མངོན་པར་དགོང་བསྒྲུབ་པ་སྟེ་རྫོགས་པའོ། །རྒྱུད་ཕྱི་མའི་ལེའུ་བཤད། ཞི་བའི་སྦྱིན་སྲེག་གི་ཆོ་ག་དང་དབང་དུ་བྱ་བའི་ཆོ་ག་དང། དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་གི་ཆོ་ག་དང། བསྒོམ་པའི་ཡི་གེ་དཔོན་པ་དང། དབང་བསྐུར་བ་རྣམ ་མར་དབྱེ་བ་དང། བཟླས་བརྗོད་ཀྱི་ཆོ་ག་རིམ་པར་དབྱེ་བ་དང། དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་རློབ་པ་བསྟན་པ་སྟེ་རྫོགས་སོ།། །།འདིའི་དོན་བཤད་མ་ཐག་པ་ཁོ་ན་ཡིན་པས་རྣམ་པར་མི་བཤད་དོ། །དེ་ལ་སློབ་མ་སྟ་གོན་དུ་གནས་པ་ནི་རྣམ་པ་དགུ་སྟེ། འདི་ལྟ་སྟེ། གསུམ ་ལ་སྐྱབས་སུ་བཏང་བ་དང། སྡིག་པ་རྣམས་བཤེགས་པ་དང། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་པ་དང། སྟ་གོན་དུ་གནས་པར་བྱ་བ་ལ། མེ་ཏོག་དང་དྲི་ལ་སོགས་པ་སྦྱིན་པ་དང། སོ་ཤིག་བཅའ་བའི་མཚན་མ་བརྟགས་པ ་དང། འཕགས་པའི་མི་གཡོ་བ་ལ་སོགས་པས་བཟླས་བརྗོད་བྱས་པའི་སྐུད་པས་བཅིངས་ཏེ་བསྲུང་བའི་སྦྱོར་བ་དང། སློབ་མ་སྟ་གོན་དུ་གནས་པ་ཡང་དག་པར་དགའ་བར་བྱ་བའི་སྦྱོར་བ་དང། སྟ་གོན་དུ་གནས་པ་རྣམས་གཉིས་ལ་ཉལ་བར་རྨི་ལམ་བཟང་ངན་གྱི་ཁྱད་པར་བརྗོད ་ཕ་དང། དེ་དག་གོ་ན་ལ་ཆོས་བཤད་པར་སེམས་བུངས་བསྐྱེད་པའོ། །སྟ་གོན་དུ་གནས་པའི་དུས་ན། དགོས་པའི་ཆོག་རྣམ་པ་འདི་དགུ་ཡང། སུམ་ལ་སྐྱབས་སུ་བཏང་བར་བྱའོ། །སྡིག་པ་མི་བྱ་བ་རྣམས་ཡང་བསྒོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས ་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་ཡོངས་སུ་མ་བཏང་བར་བསླབ་པ་འཛིན་པར་མི་བྱེད་དེ། ཞེས་བྱ་བའི་བར་གྱི་གཞུང་འདིས་བསྟན་ཏོ། །དེ་ལ་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་ལ་སྦྱོར་བ་དྲུག་སྟེ། འདི་ལྟ་སྟེ། སློབ་དཔོན་དང་སྲད་བུ་འཛིན་པ་དག་དཀྱིལ་འཁོར་གྱི་ཐིག་གདབ ་པར་གསུངས་པའི་ལྷ་རྣལ་འབྱོར་མངོན་དུ་བྱ་བ་དང། དཀྱིལ་འཁོར་ཚད་བསྟན་པ་དང། དཀྱིལ་འཁོར་གྱི་ཐིག་གདབ་པའི་རབ་ཏུ་དབྱེ་བ་བསྟན་པ་དང། དེའི་རིམ་པ་རྣམ་པར་དབྱེ་བ་དང། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་དགོད་པ་བརྗོད་པ་དང། སྒོ་དང་རྟ་བབས་དང ་སྒོ་ཁྱུང་རྣམ་པར་དབྱེ་བའོ། །དེ་ལ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་ཐིག་འདེབས་པའི་ཆེ་ནི་དཀྱིལ་འཁོར་གྱི་སློབ་དཔོན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱ་བ་ཁོ་ནར་བསྟན་ཏེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་ཐིག་གདབ་པ་བསྟན ་བ་ལས། ཆོན་སྣ་ལྔ་བའི་སྲད་བུ་ཐོགས་ཏེ་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་ཞེས་བྱ་བ་གང་རྒྱས་པར་གསུངས་པ་ཡིན་ནོ། །ཡི་གེ་འཁོར་ལོ་བསྒྱུར་བའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོས་ཀྱི་སྐུར་མོས་པས་གདབ ་སྟེ། །འདི་ལྟར་བདག་ཉིད་གཟོད་མ་ནས་ཞི་བ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་གཟུགས་དེ་བཞིན་གཤེགས་པའི་གཟུགས་སྟེང་བ་ཉིད་ཀྱི་རང་གི་ངོ་བོར་བྱིན་གྱིས་བརླབས་ལ་ཞེས་གང་གསུངས་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་ནི་བདག་ཉིད་རྫོགས་པར་སངས་རྒྱས་པའི ་སྐུའི་དཀྱིལ་འཁོར་ལ་སོགས་པ་བཞི་དང་ལྡན་པས་བྱིན་གྱིས་བརླབས་ལ་བྲི་བ་དང་ཐིག་གདབ་པར་བྱ་སྟེ། ཇི་སྐད་དུ། དང་པོར་སྔགས་པས་དཀྱིལ་འཁོར་དེ། །རང་གི་ལུས་ལ་དགོད་བྱ་སྟེ། རྐང་པ་ནས་ནི་ཆུས་སོ་ལ། །ཐུག་གི་བར་དུ་ས་ཡི་བསམ། །དེ་ན་སྒོང་དུ་སྙིང་གའི་བར ་སྡོམ་བརྩོན་ཅན་གྱི་ཅུ་ཡི་བསམ། །ཆུ་ཡི་ཡན་ཆད་མེ་ཡི་སྟེ། །མེ་ཡི་ཡན་ཆར་རླུང་གིའོ། །བསམས་ནས་དེ་ནས་མཁས་པ་ཡིས། །ས་ལ་གཟུགས་བརྙན་བཞག་པར་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །སློབ་མ་རྣམས་གཟུང་བའི་ཚེ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་སྔར་བཤད ་པ་ཡི་གེ་བཀོད་པའི་རྣལ་འབྱོར་གྱི་སྒོ་ནས་རྒྱས་པ་དང་བར་མ་དང། མདོར་བསྡུས་པ་ཁོ་ན་བྱ་བར་ཁོང་དུ་ཆུད་པར་བྱའོ། །དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་སློབ་དཔོན་གྱི་ཏིང་ངེ་འཛིན་ཁྱད་པར་དུ་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་གྱི་ཚད་ཀྱི་ཆོ་ག་དཔྱད་པར་བྱ་སྟེ། དེ་ལ ་རྒྱུད་འདི་ལས་དཀྱིལ་འཁོར་འདི་སུམ་ཆར་ཡང་གདན་དང་ར་བའི་རི་མོ་དང་ལྟའི་གཟུགས་དང་ཕྱག་རྒྱ་རྣམས་ཁྲུ་དང་མཐོ་ལ་སོགས་པའི་གྲངས་ངེས་པ་ཉིད་དུ་མ་བསྟན་གྱི་ཁུ་ལ་སོགས་པའི་ཚད་མ་ངེས་པར་ཀུན་ཏུ་བསྟན་ཏོ། །ཇི་ལྟར་དཀྱིལ་འཁོར་ཆེན་པོ་གཞན་དག་ལ་སར ་བའི་རི་མོ་ངེས་པར་བྱ་བའི་ཕྱིར། དཀྱིལ་འཁོར་ཆ་ཁྲུ་བདུན་དང་བརྒྱད་ལ་སོགས་པ་ངེས་པར་སྣང་བ་དང། ཇི་ལྟར་དཀྱིལ་འཁོར་ཆེན་པོ་བཀོད་པ་ལ་སོགས་པའི་རྒྱུད་དག་ལས། ལྷའི་གཟུགས་དང་ཕྱག་རྒྱ་བྲི་བར་བྱ་བ་རྣམས། ཁྲུ་དང་མཐོ་ལ་སོགས་པ་རབ་ཏུ་ཕྱེ་སྟེ་བསྟན ་པ་དེ་ལྟར་ནམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དང་དུ་རྫོགས་པར་བྱང་ཆུབ་པ་རྣམས་ཀྱི་ར་བའི་རིམ་དང། ལྷའི་གཟུགས་དང། ཕྱག་རྒྱ་བྲི་བར་བྱ་བ་རྣམས་དག་གིས་ཚད་ངེས་པར་མ་བསྟོན་ནོ། །ངེས་ན་དཀྱིལ ་འཁོར་འདི་གསུམ་ནི་ཁྲུ་ལ་སོགས་པའི་གྲངས་ཀྱི་ཚད་མ་ངེས་སོ་ཞེས་བྱ་དར་གནས་སོ། །དེ་སྐད་དུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བསྟན་པ་ལས། རྣམ་པར་སྣང་མཛད་ཀྱི་གདན་པདྨའི་མཚན་ཉིད་འདི་བཤད་དེ། དེའི་ཚད་ཀྱང་སོར་བཅུ་དྲུག་།ཡན ་ཆད་དུ་ནི་བཤད་པ་ཡི། །ཞེས་གང་གསུངས་པ་ཡིན་ནོ། །འདིའི་དོན་ནི་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་ཚད་སོར་བཅུ་དྲུག་ཡན་ཆད་སོར་བཅུ་བདུན་དང་བཅོ་བརྒྱད་ལ་སོགས་པར་བྱའོ། སོང་བཅུ་དྲུག་གི་འོག་མ་གྲངས་བཅུ་བཞི་དང་བཅོ་ལྔ་ལ་སོགས་པའི་མཚན་ཉིད ་དུ་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་སུམ་ཆང་ལ་ཡང་རྣམ་པར་སྣང་མཛད་ཀྱི་གདན་པ་པདྨ་འབའ་ཞིག་སོར་བཅུ་དྲུག་ལས་མི་ཆུང་བར་བྱའོ། དཀྱིལ་འཁོར་གྱི་ལྷའི་བྱེ་བྲག་ལྷག་མ་རྣམས་ཀྱི་གདན་པདྨ་ནི་མ་ངེས་པ་ཁོ་ནར་བཤད་པར་བལྟ་བར ་བྱའོ། །དེ་ལྟར་ན་དཀྱིལ་འཁོར་སུམ་ཆང་ལ་ཡང་སྤྱིར་ལྷའི་གཟུགས་དང་གདན་དང་ཕྱག་རྒྱ་རྣམས་ཀྱི་ཆེད་ངེས་པ་མེད་པ་ཁོ་ནང་གཞུང་འདིས་བསྟན་ཏེ། ཡིད་ཀྱི་རྒྱ་ནི་ཇི་ཙམ་པ། །སྟན་དང་ཕྱག་རྒྱ་དག་དང་ནི། །ལྟའི་ཚད་ཀྱང་གོ་རིམས་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། ། ་ཞས་གང་གསུངས་པ་ཡིན་ནོ། །ཚུལ་འདིས་ནི་ཡིད་ཀྱི་ཕྱག་རྒྱ་ཇི་ལྟ་བར་རྣམ་པར་སྣང་མཛད་ཀྱི་གན་པདྨའི་སོང་དག་ཇི་ལྟ་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་ར་བ་ལ་ལྷའི་གཟུགས་དང། ཕྱག་རྒྱ་ཚད་མ་ངེས་པ་རྣམས་ཀྱང་རྣམ་པར་སྣང་མཛད་ཀྱི་གདན་པ་པདྨའི་རྗེས ་སུ་མཐུན་པར་མངོན་པར་བསྐྱེད་པར་བྱའོ། ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་ལ་སོགས་པ་འདི་ནི་སྐུ་མི་ཟད་པ་ལ་སོགས་པ་བཀོད་པ་བསྡུས་པ་ཡིན་ནོ། ཞེས་བྱ་བར་གནས་སོ། །དེ་ལ་དཀྱིལ་འཁོར་གྱི་ཐིག་གདབ་པ་ནི ་ཚན་སྣ་ལྔ་པའི་སྲང་བུ་རྣམ་པ་གཉིས་སུ་བསྟན་ཏེ། འདི་ལྟ་སྟེ། བར་སྣང་ལ་རང་བཞིན་གྱི་དཀྱིལ་འཁོར་གྱི་ཐིག་གདབ་པ་དང། ས་ལ་དའི་གཟུགས་བརྙན་དུ་གྱུར་པ་བྱིན་གྱིས་བརླབས་པོའི་དཀྱིལ་འཁོར་གྱི་ཐེག་གདབ་པ་སྟེ། སྲང་བུ་རྣམ་པ་བཞིར་བཤད་དེ། དཀར་པོ་སེར་པོ ་དམར་པོ་དང། ནག་པོ་ཞས་ནི་བརྗོད་པར་བྱའོ། །ལྔ་པ་ནམ་མཁའ་ལྟ་བུར་བཤད། །བར་སྣང་ལ་ནི་གཟུང་ནས། །དེར་ནི་དཀྱིལ་འཁོར་བརྟག་པར་བྱས་སྲད་བུ་དག་ནི་གཉིས་པ་ཡིས། །ས་ལ་དཀྱིལ་འཁོར་དགོད་པར་བྱ། ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་བར་སྣང་ལ་ནི་བཟུང་ནས ་སུ། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དུ་ཚོན་སྣ་ལྔའི་སྲད་བུ་བསྐོར་ནས་བར་སྣང་ལ་ཚངས་པའི་སྲད་བུའི་སོགས་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ་སྙམ་འདིར་ནམ་མཁར་གདབ་ལ་ཚངས་ཐིག་གཉིས་ལས་ལྟག་པ་མ་བཤད་དོ་དུ་དགོངས་པ་ཡིན་ནོ། ། ་སྲེད་བུ་དག་ནི་གཉིས་པ་ཡིས། །ཞེས་བྱ་བ་ནི་ཚོན་སྣ་ལྔ་པའི་སྲད་བུ་གང་གིས་བར་སྣང་གི་དཀྱིལ་འཁོར་ཐིག་གདབ་པའི་སྲང་བུ་དེ་ཉིད་ཀྱིས་སའི་དཀྱིལ་འཁོར་གྱི་ཐིག་གདབ་པར་མི་བྱ་སྟེ། རྒྱུ་དེ་ནི་དཀྱིལ་འཁོར་གཞན་དུ་སྤྱད་ཟིན་པ་ཉིད་ཀྱིས་སྨན་མ་སྟེ་ལྷག་མ་དང་འདྲ་བའི་ཕྱིར ་གཉིས་པ་ཡི་ཉེས་པས་ཆོན་སྣ་ལྔའི་སྲང་བུ་ཆ་གཉིས་དགོས་པར་བསྟན་ཞེས་འགྲེལ་པ་བྱེད་ཀྱི་དགོངས་པའི་མཛའ་ཨོ། རོ་སྙམ་དུ་དགོངས་པ་ཡིན་ནོ། །གཤེད་ཐིག་ནི་རྒྱུད་འདི་ཁ་དོག་ལ་སོགས་པའི་མཚན་ཉིད་མ་བསྟན་ཀྱང། དེ་པས?་ཆེན་ཡང་གཅིག་།ཁ་དོག་འཚལ་པ་ཡོངས་སུ་སྤང་པའི་ཕྱིར། །དཀར་པོ་ཁོ་ནར་བྱའོ། ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལ་འདི་ཉིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་བཤད་པ་ཡིན་ཏེ། འདི་ལ་ཡང་ཐིག་ནི་རྣམ་པ་གཉིས་སོ། །གཅིག་ནི་བར་སྣང་གི་དཀྱིལ་འཁོར་རྣམ་པར་དབྱེ་བའི་ཐིག་ཡིན་ཏེ། གང་གིས་དབང་དུ་མཛད ་ཚིག་གིས་ནི་བོད་དག་ཚོན་སྣ་ལྔ་པ་གཉིས་པ་འདི་གཤེར་ཐིག་ཏུ་འདོད་པའང་གསལ་བ་ཡིན་ཏེ། གཤེར་ཐིག་ཕི་ཞེས་བྱ་བའི་དེས་གཟུང་ལ་སོ། །དེས་ཚོན་སྣ་ལྔ་པ་གཉིས་ནི་གཤེར་མེད་པའོ་གནས?། ཤངས?་ཆོངས་ཐིག་དང་པོ་ཕྱོགས་སྲང་བུ་བྲེ་བ་ནི། །ལྟེ་བའི་ཐད་ཀར་བཟུང་ནས་སུ། །བར་སྣང་ལ་ནི་བཟུང་བར་བྱའོ། །དེ་ནས་ལྟོ་ཕྱོགས་སེང ་ནས་སུ། །བྱང་ཕྱོགས་སུ་ནི་བྲི་བར་བྱ། །ཞེས་གསུངས་པ་ཡིན་ནོ། །འདིའི་དོན་ནི་དཀྱིལ་འཁོར་ནམ་མཁའ་ཨི་དཀྱིལ་འཁོར་གྱི་ཐིག་གི་ཐོག་མ་སྟེ་སྣ་མོ་གཉིས་སློབ་དཔོན་རང་གི་ལྟེ་བའི་ཐད་ཀ་དང་ཐིག་འཛིན་པར་བྱེད་པའི་ལྟེ་བའི་ཐད་ཀར་བཟུང་ནས་མྱུར་ཞེས་པ་དེ་མ་ཐག་ཁོ་ནང་དུ་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་སྐུ་མི་ཟད་པ་ལ་སོགས་པ་བཀོད་པའི་མཚན་ཉིད་བསམས་ནས་ཕྱིས་དེ་གསལ་བའི་ཕྱིར་ས་ལ་བཞི་ཚོན་ལྔ་བའི་སྲད་བུ་གཉིས་གཞན་གྱིས་དེའི་གཟུགས་བརྙན་དུ་གྱུར་པ་བྱིན་གྱིས་བརླབས་པའི་དཀྱིལ ་འཁོར་གྱི་ཐིག་གདབ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཡ་ནུཾ?་ཟུབ་ད་དང་པོ་ཁོ་ནད་དཀྱིལ་འཁོར་གྱི་སའི་དབུས་གཉིན་ལ་ནམ་མཁར?། ནམ་མཁར་ཚངས་ཐིག་གཉིས་གདབ་པོ། ནམ་པའི་དེའི་ཐད་ཀར་དབབ་པའི་ཕྱིར་ཚངས་པའི་སྲད་བུའི་རང་བཞིན་གྱི་དཀྱིལ་འཁོར། ཆོ་ག་བསྟན་པ་འདི་ལྟ་སྟེ། དེ་ནས་སྲད་བུ ་གཉིས་ཁ་དོག་ལྔ་པ་པ?་ནི། །འདིར་དཀྱིལ་འཁོར་གཉིས་ཏེ། རང་བཞིན་གྱི་དཀྱིལ་འཁོར་དང་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་རོ། དང་པོ་ནམ་མཁའ་ཨི་དཀྱིལ་འཁོར་ཏེ་མཚོན་བྱའོ། །གཉིས་པ་ནི་ས་ལ་བཏབ་པ་དེའི་གཟུགས་བརྙན་གྱི་སྟེ། ནམ་མཁའ་དེ་བྱིན་གྱིས་རློབ་བྱེད་ཡིན་པས་དེ་སྐད་ཅེས་བྱ་ཞིང་བྱིན་གྱིས་རློབ་ཅེས་པའང་མཚོན་པར་བྱེད་པ་པོའི་བར་ཙམ་ཡིན་པ་ལ་བྱའོ། ། ་རང་གིས་བླངས་ནས་དེ་ཉིད་དུ། །དེ་བཞིན་གཤེགས་པ་རྗེས་དྲན་ཤིང། །ཤར་ཕྱོགས་བལྟས་ཏེ་བྲེ་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་ནི། །བྱང་ཕྱོགས་སུ་ནི་བྲེ་བར་བྱ་ཚངས་ཐིག་གཉིས་པ། ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་ཀུན་ཕྱོགས་བཞི་པོ་ནས་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་བ་དེ་སྟོན་ཏོ། ། ་བློ་ཅན་དེ་ནས་གྱུར?་བླངས་མ་ཐག་ལོག་ནས། །བདེན་བྲལ་ཕྱོགས་སུ་གནས་ནས་ནི། །བྱང་ཚངས་ཐིག་དང་པོ་ཤར་ཕྱོགས་སུ་ནི་བྲེ་བར་བྱ། །རྒྱུད་འདི་དང་སྤྱི་རྒྱུད་དགར་ཚངས་ཐིག་ལོག་ཐིག་མ་གཏོང་མ་ཞུར་ཐིག་ལ་བཤད་ཅེས། །སྤྱི་རྒྱུད་དུ་ལོག་ཐིག་སྔོན་དང། ཚངས་ཐིག་ཕྱིས་འདེབས་པར་གསུངས་པ་ནི་འདི་གོ་རིམས་ཀྱི་ཁྱད་པར་རོ། །དེ་ནས ་འདིར་དེ་ནས་སླབ?་སོགས་པས་བདེན་གྲལ་དུ་སོང་བའི་འགྱུར་ལྟར་ན། སྔར་ལྷོ་ཕྱོགས་སུ་སློབ་དུས་ནུབ་ནས་གཡོན་སྐོར་བྱས་པར་ཤེས་དགོས་པས་འདིར་གཡོན་སྐོར་རུང་ཤེས་པ་འམ། ཚིག་འགྲེལ་གྱི་འགྱུར་དུ་བློ་ཅན་དེ་ནས་སྐོར་ནས་སུ། །ཞེས་པ་ལྟར་ན་གཡར་སྐོང་ཡང་རུང་བས་འདིར་ཡང་གཡས་སྐོར་ཉིད་ཅོས་པ་དག་ལས་བརྟགས་ཏེ་བས་བླང་བར་བྱའོ། ། ་གཡས་སུ་བསྒྱུར་བར་བྱ། །བསྒྱུར་ཏེ་དེ་རུ་འདུག་ནས་ནི། །ལྷོ་ཡི་ཕྱོགས་སུ་བྲེ་བར་བྱ། །དེ་ནས་གནས་ཏེ་བཏང་ནས་སུ། །མེ་ཡི་ཕྱོགས་སུ་གནས་ནས་ནི། །སྔགས་པས་གསང་སྔགས་ཆེ་གང་གནས། །ཤར་དུ་སྲད་བུ་བྲེ་བར་བྱ། །དེ་ནས་དེ་བཞིན་དབང་ལྡན་ཕྱོགས། །སོང ་ནས?་ནུབ་དུ་ཁ་བལྟས་ཏེ། །རླུང་གི་ཕྱོགས་ཀྱི་བར་དུ་ནི། ཁྱད་ཕྱོགས་སུ་ནི་བྲེ་བར་བྱ། །སྔགས་པ་ཡིས་ནི་དེ་ལྟ་བུར། །ཀུན་ནས་གྲུ་བཞི་ལྷམ་པ་བྱ། །ཞེས་བྱ་བ་ཡིན་ནོ། །ད་ནི་ཆའི་སྒོ་ནས་དཀྱིལ་འཁོར་གྱི་གནས་གྲུ་བཞིར་བྱིས་ལ་དེའི་ནང་དུ་རིམ་པ་གསུམ་གྱི་ཆར་བརྟག་པར་བྱའོ། ། ་ཞེས་སྟོན་ཏེ། དེ་ནས་དབུས་སུ་ཞུགས་ནས་ནི། དེ་ལ་ཚ་ནི་གསུམ་དུ་བརྟག་ཅེས་བྱ་བ་ཡིན་ནོ། །དེ་ལ་དཀྱིལ་འཁོར་གྱི་སའི་ཆ་གསུམ་དུ་བརྟག་པའི་རིམ་པ་ནི་འདི་བཞི་བདེའི་རིམ་པར་ཕྱེ་བ་བཤད་པ་ཡིན་ནོ་།དཀྱིལ་འཁོར་གྱི་སའི་ཐིག་གིས་ཀུན་ནས་གྲུ་བཞིར་བྱས་པའི་ནང་འཚངས?་པའི་དུ་རོས ་གཉིས་ནས་རི་མོ་བརྒྱད་ཀྱིས་ཡོངས་སུ་བཅད་ལ་རེའུ་མིག་བརྒྱད་ཅུ་རྩ་གཅིག་ཏུ་བྱའོ། །རེའུ་མིག་དེ་དག་ཀྱང་ཆ་གསུམ་བྱས་ནས་ཆ་རེ་རེ་ལ་རེའུ་མིག་ཉི་ཤུ་རྩ་བདུན་ཉི་ཤུ་རྩ་བདུན་དུ་འགྱུར་རོ། །དང་པོར་དེའི་ཕྱིར་དཀྱིལ་འཁོར་གྱི་རིམ་པ་རེ་རེ་བའི་བསྐལ?་ལ་རེའུ་མིག་ཉི་ཤུ་རྩ ་བདུན་ཉི་ཤུ་རྩ་བདུན་དག་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བར་གནས་སོ། །དེ་ལ་རེའུ་སྦྲེངས་པ་རོས་བཞིན་གནས་པ་དང་ཕོས་དཀྱིལ་འཁོར་གྱི་རིམ་པ་དང་པོ་བྱའོ། །རེའུ་མིག་གི་ཕྲེང་བ་དང་པོ་ངོས་བཞི་ན་གནས་པ་དེ་ཡང་འགྲང་ན་རེའུ་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ། དེའི་ཕྱིར་འདི་ལ ་རེའུ་མིག་ལྔ་ལྷག་པར་གྱུར་ཏོ། །སྔར་ནི་རིམ་པ་གསུམ་རེའུ་མིག་ཉི་ཤུ་རྩ་བདུན་དག་ཏུ་ཤེས་པར་བྱའོ་ཞེས་བཤད་དེ། དེའི་ཕྱིར་རེའུ་ལྔ་པོ་འདི་དག་གིས་སའི་ཆ་དང་ནང་རོལ་ཏུ་འབྲེལ་པར་མངོན་ཏེ། འདི་ལྟར་རེའུ་ལྔ་པོ་འདི་དག་མེད་པར་ནད་ངོལ་གྱི་རིམ་པ?་དག་རེའུ་ཉི་ཤུ་རྩ ་བདུན་དུ་མི་འགྱུར་རོ། །དེའི་ཕྱིར་རེའུ་ལྔ་པོ་འདི་དག་རྣམས་ཀྱིས་སའི་ཆ་རིམ་པ་དང་པོའི་རེའུ་དག་གི་ནང་ནས་ཀུན་ནས་དྲངས་ཏེ། ནད་རོལ་གྱི་རིམ་པ་གཉིས་ཀྱི་སར་བསྣན་པར་བྱའོ། །དེའི་རིམ་པ་ཡང་འདི་ཡིན་ཏེ། རེ་ཞིག་དང་པོར་རེའུ་བཞི་ལས་རེའུ་རེ་རེ་ཞིང་ཆ་བརྒྱད་གཉིས་པོ་དུ་བྱས་ན་རེའུ ་བཞི་པོ་འདི་དག་སྤན?་ཆ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །དེའི་ཕྱི་རིམ་པ་དང་པོའི་རེའུ་སྦྲེངས་པ་སུམ་ཅུ་རྩ་གཉིས་དག་ལས་ཆ་རེ་རེ་ཞིག་ཀུན་ནས་དངས་ཏེ། ནད་རོལ་གྱི་རིམ་པ་གཉིས་ཀྱི་རེའུའི་ས་དག་ཏུ་བསྣན་པར་བྱའོ། །དེ་ལྟར་ན་བསན་དོགས་ཏེ། བཞི་པ། བརྒྱད་རིམ་པ་དང་པོའི་རིའུ ་སྤྲེངས་བ་དག་ལས་རེའུ་བཞི་ཀུན་ཏུ་དྲངས་པར་འགྱུར་རོ། །རེའུ་ལྔ་པ་བསྣན་དགོས་པ་པ་གང་ཡིན་པ་གཅིག་པུ་དེ་ལ་ཡང་ཆ་བཞིར་བྱས་ལ། ཆ་རེ་རེ་ལ་ཡང་བརྒྱད་བརྒྱད་དུ་བྱས་ན། ཆ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །དེའི་ཕྱིར་འདིར་ཡང་སྔ་མ་བཞིན ་འདིར་རེ་མིག་བཞི་བསྣན་པར་གསུངས་པ་འདི་ཡང་རགས་རྩིས་ཡིན་ཏེ། དོན་དུ་བརྒྱད་ཆ་སུམ་ཅུ་རྩ་གཉིས་བསྣན་པ་མེད་པའི་ཕྱིར་ཏེ། ཟུར་གྱི་རི་མིག་བཞི་ནས་རེ་མིག་དེའི་བརྒྱད་ཆ་ནང་དུ་ནོན་རྒྱུལ་ནི་བརྒྱད་ཆ་གཅིག་ཆ་བརྒྱད་དུ་བགོས་པའི་ཆ་བདུན་ནང་དུ་སོང་བ་དང། དེ་བཞིན་དུ་རི་མིག་དེའི་སོ་གཉིས་ཆ་ནོན་རྒྱུ་ལ་ཡང། སོ་གཉིས་ཆ་གཅིག་སོ་གཉིས་སུ ་བགོས་པའི་ཆ་སོ་གཅིག་ནང་དུ་མ་སོང་བའི་ཕྱིར་རོ། །དེ་ལྟ་ནའང་འདི་དག་ནང་དུ་བསྣོན་པའི་འབད་པ་མི་བྱ་སྟེ་སློབ་དཔོན་གྱིས་བཏང་སྙོམས་སུ་མཛད་པ་བཞིན་དོན་དཱུང་ལྷག་མེད་དུ་མི་འགྱུར་བའོ། །ཆ་སྙོམས་པར་ཕྱིས་ཀྱི་ཐིག་རོ་དང་བཅས་པས་ཐིག་རོ་མང་བོར་འགྱུར་བས་དེའི་ཕྱིར་མི་རུང་བའོ་དུ་རིམ་པ་དང་པོའི་རེའུ་སྦྲེངས་པ ་ཕྱོགས་བཞིན་གནས་པ་དག་ལ་ཆ་རེ་རེ་ཞིག་ཀུན་ནས་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་ས་དག་ཏུ་ཀུན་ནས་བསྣན་པར་བྱའོ། །དེ་ལྟར་ན་རེའུ་ལྔ་པོ་འདི་ཡང་རིམ་པ་དང་པོའི་རེའུ་སྦྲེངས་པ་དག་ལས་ཀུན་ནས་དྲངས་ཏེ། ནད་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་ས་དག ་ཏུ་ཀུན་ནས་བསྣན་པར་འགྱུར་རོ། །དེ་ལྟར་ན་རིམ་པ་དང་པོའི་རི་མིག་གིས་ཉི་ཤུ་རྩ་བདུན་དག་ཏུ་བྱས་པར་འགྱུར་རོ། །དེ་ལྟར་རིམ་པ་དང་པོ་ལས་དྲངས་པའི་རེའུ་ལྔ་པོ་ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་ས་དག་ཏུ་བསྣན་པ་དག་གིས་རིམ་པ་གཉིས་པོ་དེ་རེའུ་ས་ཉི་ཤུ ་རྩ་བདུན་དག་ཏུ་འདོན་ཐོབ་ལ་མཉམ་པར་འགྱུར་མོད་ཀྱི་འོན་ཀྱང། རེའུ་བགོ་བ་སྔ་མ་དེ?་ཉིད་མ་ཕྱེས་ན་དང་སྦྱར་ན་ནང་རོལ་གྱི་རིམ་པ་གཉིས་པོ་འདི་བྱར་མི་རུང་སྟེ། དེ་ལྟར་བས་ན་ནང་རོལ་གྱི་རིམ་པ་གཉིས་རྣམ་པར་དབྱེ་བའི་ཕྱིར། རིམ་པ་དང་པོའི་རེའུ་ས་ཀུན་ནས ་དྲངས་པ་གང་ཡིན་པ་དེ་དག་ཐམས་ཅད་ནང་རོལ་གྱི་རིམ་པ་གཉིས་ནང་འགོས་བྱེད་ན་ཀྱི་རེའུ་མིག་དང་བཅས་ཏེ། དཀྱིལ་འཁོར་གྱི་ཆར་ཕྱིན་ནས་ན་ནས་དབྱི་བར་བྱས་ནང་གི་ཆ་དང་བསིང?་པ་གཅིག་ཏུ་བྱས་ལ། ཡང་རི་མོ་དྲུག་པོ་དག་གིས་ཀུན་ནས་ཡོངས་སུ་བཅད ་དེ། རེའུ་བཞི་བཅུ་རྩ་དགུ་བར་ཐིག་གདབ་པར་བྱའོ། །དེའི་ཕྱིར་རིམ་པ་དང་པོ་དང་ཉེ་བའི་ཕྱོགས་བཞིར་ཡང་རེའུ་སྦྲེངས་པ་དག་གིས་རེའུ་ཉི་ཤུ་རྩ་བཞིར་འགྱུར་ཏེ། དེ་དག་གིས་རིམ་པ་གཉིས་པ་བརྟག་པར་བྱའོ། །དེའི་ནང་རོལ་ན་ལྷག་མ་རེའུ་ཉི་ཤུ་རྩ་ལྔ་ཞིག་ལུས་པ་གང་དག་ཡིན་པ ་དེ་ནས་ཕྱོགས་དེར་རེ་མིག་བདུན་བདུན་ཡིན་བས་ཡོངས་སུ་དེ་དག་གི་ནང་ནས་རེའུ་ཉི་ཤུ་རྩ་པས་དེའི་ཕྱིར་བཞི་ནང་རོལ་ཁོར་ཡུག་ཏུ་གྱི་རིམ་པ་གསུམ་པ་བྱའོ། །ཆ་ཅུང་ཟད་ཆེར་ཡོད་པ་མ་གཏོགས་གྲངས་ནི་མ་ཕྱིས་དུས་དང་མཉམས་པ་ཉིད་ངོ། འདིར་ཡང་རེའུ་ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེའི་ཕྱེད་རིམ་པ་དབུ་མ་ཁོ་ནར་བཞག ་ལ། ཕྱེད་གཞན་གང་ཡིན་པ་དེ་ཆ་བཅུ་དྲུག་ཏུ་བྱ་སྟེ། དེའི་ཆ་རེ་རེའི་ཚད་དུ་ནི་རིམ་པ་དབུ་མ་དང་འབྲེལ་བའི་རེའུ་བཅུ་དྲུག་སྟ་ཆ་ངོས་བཞི་དབུས་མ་ན་གནས་པ་ལས་ཆ་རེ་རེ་ཞིག་ཕྱི་རོལ་ཏུ་ཀུན་ནས་དྲངས་ཏེ། རིམ་པ་གཉིས་ནང་ལྔ་པའི་ཕྱེད་རིམ་པ་གཉིས་པ་ལ་དང་བྱེད་རིམ་བ?་དབུས་ལ་ཕན?་དགོས་སོ་པའི་རེའུ་མིག ་གི་ཕྱོགས་བཞི་ན་གནས་པ་དག་ཏུ་ཡང་བསྣན་བགོ་བར་པར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་ཀྱི། ངོས་རིམ་པ་གཉིས་པ་དང། ཏུ་རྣམ་པར་བྱེ་བ་གསུམ་པ་ནི་སོ་སོར་རེའུ་ས་རེ་མིག་བྱེད?་པའི་བཅུ་དྲུག་ཅ་ཉི་ཤུ་རྩ་ཕྱེད་དང་ལྔ་དག་ཏུ་བྱས་པར་འགྱུར་རོ། །དེ་ལྟ་བ་སྣ་དེ་ལྟར་རིམ་པ་གསུམ་ཆར་ཡང་ཆ་དང་ཞེང་གི ་ཚད་དག་གིས་སོ་སོའི་རེའུའི་ས་ཉི་ཤུ་རྩ་བདུན་ཉི་ཤུ་རྩ་བདུན་མདོར་ན་བར་སྐོར་རེ་མིག་བཅུ་དྲུག་པའི་མཛའ་ནས་སོ་གཉིས་ཆ་དོར་བས་རེ་མིག་ཕྱེད་ཀྱི་དཀྱིལ་འཁོར་བར་མའི་ས་ལ་ཕན་པར་འགྱུར་ཏེ་རེ་མིག་གཅིག་གིས་སོ་གཉིས་ཆ་བཅུ་དྲུག་ནི་རེ་མིག་གཅིག་གིས་བྱེད་ཡིན་པའི་ཕྱིར། དག་ཏུ་ཀུན་ནས་ཆ་མཉམ་པར་ཐིག་གདབ་པར་འགྱུར་ཞེས་བྱ་བར་ཁོང་དུ ་ཆུང་བར་བྱའོ། །དེའི་རྗེས་ལ་ཕྱོགས་བཞི་ཆར་དུ་ཡང་རིམ་པ་རེ་རེ་ཞིང་ཆུ་དང་ཞེང་གི་ཚད་དག་ལས་ཐིག་གིས་ཆ་གསུམ་དུ་བྱ་སྟེ། རིམ་པ་རེ་རེ་ཞིང་ཆ་རེ་རེ་འཁོར་སར་བྱའོ། །ལྷག་མ་རིམ་པ་རེ་རེ་ཞིང་ཆ་གཉིས་ལུས་པ་གང་ཡིན་པ་དེ་ནི་སོ་སོ་རང་རང་གི་ལྷ་རྣམས་ཀྱི་གནས་སུ་བརྟག་པར་བྱ་སྟེ། ་རེ་ཞིག་འདི་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་པ་སུམ་ཆར་ཡང་སོ་སོར་ཆུ་དང་ཞེང་གི་ཚད་དག་གིས་མཉམ་པར་བརྟག་པར་བཤད་པ་ཡིན་ནོ། །གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མ་བཤད་པ་ཐམས་ཅད་བསྡུས་པ་ལས ་ནི། རིམ་པ་དང་པོ་ལྷག་པར་བྱ་བར་གསུངས་ཏེ། འདི་ལྟར་དེ་ལ་བཅོམ་འདིས་ཕྱི་རྒྱུད་སྟོན་པའི་ཕྱག་ན་རྡོ་རྗེ་ཤེས་ལྡན་འདས་རྡོ་རྗེ་འཛིན་གྱིས་འདི་སྐད་དུ་དཀྱིལ་འཁོར་ཡང་དག་པར་བསྡུ་བར་བྱ་བ་ལ་ཡང། རིམ་པ་གཉིས་སམ་གསུམ་མམ་བཞི་ཡང་རུང། རིམ་པ་མང་པོ་ཡང་རུང་སྟེ། ་ཕྱི་རོལ་གྱི་རིམ་པ་གང་ཡིན་པ་པྱི?་ནས་གྲངས་པའི་དེ་ནི་རྒྱ་ཆེ་བ་དང། སྒོ་བཅིག་པར་རབ་ཏུ་བརྟག་པར་བྱའོ་ཞེས་གསུངས་སོ། །དེ་ཡང་ཇི་ལྟར་འགྱུར་ཞ་ན། གོང་དུ་བཤད་པའི་ལུས་སུ་རེའུ་གཅིག་པོ་འདི་པོ་དེ་ནི་གསང་བ་གྱི་རྒྱུང་ལས་དཀྱིལ་འཁོར་གཉིས་པའི་སུམ་རིམ་ཁང་བཞིའམ་ཡང་ན་མང་པོ་ལ་ཕྱི་ཡི་གང་ཡིན་དེ་ལ་ནི་སྒོ་དངས་པ་རྒྱ་ཆེར་བྱ ་ན་རིམ་པ་དང་པོ་ལས་ཀུན་ཏུ་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་སར་མ་བསྣན་ན། དེ་ལྟར་ན་རིམ་པ་དང་པོ་འདི་ནང་རོལ་གྱི་རིམ་པ་གཉིས་པ་རེའུ་ས་གཅིག་གིས་ལྷག་པར་འགྱུར་རོ། །དེ་ལྟར་ན། དེ་ནས་དབུས?་སུ་ཞུགས་ནས་སུ། །དེ་ལ་ཆ་ནི་གསུམ་དུ་བརྟག་།ས་རྣམས་ཐམས་ཅད་ཀུན ་ཏུ་ཡང། །ཆ་གསུམ་དག་ཏུ་བརྟགས་ནས་ནི། །ཆ་རྣམས་ཀྱང་ནི་རེ་རེ་ལ། །ཆ་གསུམ་དག་ཏུ་རབ་ཏུ་བརྟག་།ཞེས་བྱ་བ་གསུངས་པ་གང་ཡིན་པ་དེ་གསལ་བ་ཡིན་ཏེ། འདི་ནི་སྙིང་རྗེ་ཆེན་པོའི་དབྱུང་མའི་དོན་ནི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་ལྔ་བར་ཁྱིལ?་ལོར་བྱ་ལྷ་རྣམས་ཀྱི་གནས་འགོད་པ་བརྗོད་བཞི? ་གྱི་ཐིག་གདབ་པ་དང་རིམ་པར་དབྱེ་བ་སྤྱི་ཡིན་པར་རིག་པར་བྱའོ། །དེ་ལ་གོང་དུ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་སྐུ་དཀོད་པ་མི་ཟད་པའི་རེ་བསྟན་པ་མཛོད་རྣམ་པར་བསྒྱིངས་པ་བྱིན་གྱིས་རློབ་པར་གྱུར་པ་ཡིན་ནོ། །ཡི་གེ་འཁོར་གསུམ་ལོ་སྒྱུར་བའི་དཀྱིལ་འཁོར་ནི་གསུང ་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྦྱིངས་པ་བྱིན་གྱིས་རློབ་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་ནི་ཐུགས་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་བྱིན་གྱིས་རློབ་པར་གྱུར་པ་ཡིན་པར་རིག་པར་བྱའོ། ཞེས་བཤད་དོ། །དེ་ལ་དཀྱིལ་འཁོར་གསུམ་ཆར་ལ་ཡང་ཕྱག་རྒྱའི ་གཟུགས་གྲུ་གསུམ་དྲི་པ་གར་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ལ་རྣམ་པར་ཞུགས་པ་ཐམས་ཅད་ཡིན་ཏེ། སྙིང་པོ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པས་མཚན་པ། རྣམ་པར་ཐར་པ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། གསུམ་སྟོན་པར་བྱེད ་པ། གྲུ་གསུམ་པར་བྱིན་གྱིས་རློབ་པ། གྲུ་གསུམ་དག་ཏུ་རྣམ་པར་རིག་པར་བྱའོ། །དེ་ལ་སྙིང་རྗེ་ཆེན་པོ་ཅན་གྱི་དཀྱིལ་འཁོར་དུ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པའི་བྱང་ཆུབ་རྟོགས་པའི་ཚེ་བརྙེས་པ་གནས་གྱུར་པའི་སྐུ་དང་རང་གི་སྐུའི་ཁྱད ་པར་རིགས་གསུམ་དུ་སྣང་བ་འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དེ་ལྟ་བུ་དག་དང་ཐབས་གཅིག་ནང་གི་དཀྱིལ་འཁོར་མ་རྣམ་པར་བཞུགས་སོ། །འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་སྙིང ་བོའི་དཀྱིལ་འཁོར་ན་གནས་པ་རྣམས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཡིན་པར་ཡང་འདི་ལས་གོང་དུ་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་སེམས་དང་པོ་སྐྱེད་པ་ནས་བཟུང་སྟེ། ས་བཅུ་བའི་བར་ལ་གནས་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ ་དང། ལས་ཀྱི་ཚེ་བཀག་པ་རྣམས་ལ་ཡང་སྲིད་པའི་མྱུ་གུ་མངོན་པར་......་གྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང་བྱང་ཆུབ་ཀུན་ཏུ་བཟང་པོ་དང། ཕྱག་ན་པདྨའི་ལུས་འདྲ་བ་དང་ཕྱོགས་བཅུ་ནི་གསང་སྤང་ཀྱི་ཚུལ་གྱི་ཚིག་རྣམ་པར་དག ་པའི་ཚིག་གི་ཆོས་སྟོན་པ་དག་ཀྱང་མཐོང་པོ་ཞེས་བྱ་བའི་གཞུང་འདིས་ཡོངས་སུ་བསྟན་ཏོ། །རིམ་པ་གཉིས་པ་ན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པའི་སྐུ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་ཡོངས་སུ་དག་པ་དང། ཡོངས་སུ་མ་དག ་པའི་ལྟ་དག་དང་ཐབས་གཅིག་ཏུ་རྣམ་པར་བཞུགས་སོ། །རིམ་པ་གསུམ་པ་ན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྐུ་ལ་སོགས་པ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་སྒྱིངས་པ་རྫོགས་པར་བྱང་ཆུབ་པའི་གནས་སྐབས་ན། བརྙེས་པ་དང་དེ ་བཞིན་དུ་སེམས་ཅན་གྱི་དོན་གྱི་ཐབས་སྒོ་དུ་མ་ལྟ་བ་དང་མཉན་པའི་ཕྱིར་ཡང་དག་པར་ལྷགས་པ་བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དག་སྐུ་སྣ་ཚོགས་སུ་སྣང་བ་ཁོ་ནར་རྣམ་པར་བཞུགས་པར་ཤེས་པར་བྱའོ། །དེ་བཞིན་དུ ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང། གསང་བའི་དཀྱིལ་འཁོར་དུ་ཡང་ལྷ་དགོད་པའི་རིམ་པ་ནི་འདི་ཁོ་ནར་ཟད་དོ། །འོན་ཀྱང་འདི་ལས་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ནི་གསུང་བཀོད་པ་མི་ཟད་པའི་མཛོད་བྱིན་གྱིས་རློབ་པ་ཡིན ་པར་བསྟན་ཏེ། འདི་ལྟར་འདི་ལས་དཀྱིལ་འཁོར་གྱི་ལྷ་དེ་དག་ཉིད་གསུང་བྱིན་གྱིས་རློབ་པར་གྱུར་པ་ས་བོན་གྱི་ཡི་གེ་དེ་དག་གི་ཏིང་ངེ་འཛིན་སྟོན་པར་བྱེད་པ་རྣམས་སུ་དགོད་པར་བསྟན་ཏོ། །འདི་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ས་བོན་དག་གམ། ཕྱག་རྒྱ་དག་ཏུ་དགོད་པར ་བྱའོ་ཞེས་གསུངས་པ་གང་ཡིན་པ་དེར་ཡང་དགོས་པ་ནི་འདི་ཡིན་ཏེ། རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དེ་དག་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་མཚན་མར་གྱུར་པ་ཡིན་ལ་ཡེ་ཤེས་ཀྱི་དབང་གིས་ཀྱང་གདུལ་བ་རྣམས་ལ་ལྷའི་སྐུ་དང་གསུང་དང་ཐུགས་དག ་ཏུ་སྣང་ངོ། །དེའི་ཕྱིར་དངོས་སུ་ན་ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བས། ཡེ་ཤེས་གང་ཡིན་པ་དེ་སྐུ་དང་གསུང་ཡིན་ཏེ། ཡེ་ཤེས་ཀྱི་མཚན་མ་དེས་གསུང་དྲུག་པ་སྒོ་དང་རྟ་ཐབས་དང་སྒོ་ཁྱུད་རྣམ་པར་དབྱེ་བ་ནི་གི་མཚན་མ་ཡང་མཚོན་པར་གྱུར་པས་ཉེས་པ་མེད་དོ། །དེ་བཞིན་དུ ་གསུང་བའི་དཀྱིལ་འཁོར་གྱི་ལྷ་དེ་དག་ཉིད་ཐུགས་བཀོད་པ་མི་ཟད་པའི་མཛོད་བྱིན་གྱིས་རློབ་པར་གྱུར་པ། རལ་གྲི་དང་པདྨ་དང། རྡོ་རྗེ་ལ་སོགས་པ་ཕྱག་རྒྱའི་ཁྱད་པར་མེ་དང་རླུང་དང་ས་དང་ཆུའི་དཀྱིལ་འཁོར་ལ་གནས་པ་དག་ཏུ་བགོད་པར་རིག་པར་བྱའོ། །སྙིང་རྗེ ་ཆེན་པོའི་ཉུང?་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་འདི་དག་གསུམ་ཆར་ལ་ཡང་རིམ་པ་རེ་རེ་ཞིང་སྒོ་རེ་རེ་ཁོ་ནར་བསྟན་ཏེ། དེ་ལ་ནད་ཀྱི་དཀྱིལ་འཁོར་གྱི་སྒོའི་ནང་གི་རྒྱ་ནི་རྣམ་པར་སྣང་མཛད་ཀྱི་པདྨའི་ཚད་དུ་བྱའོ། །དཀྱིལ་འཁྲོ་གྱི་རིམ་པ་གཉིས་པ་དང། །སུམ ་པའི་སྒོ་ནི་དེ་དང་འཚམ་བར་རིམ་གྱིས་ཅུང་ཟད་ལྷག་པར་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། དང་པོའི་རྟག་ཏུ་བྱེ་བའི་སྒོ་ནི་སྙིང་པོ་ཡི། །དཀྱིལ་འཁོར་དང་ནི་མཉམ་ཞེས་བྱ། །འཇིགས་མེད་དག་གིས་རིམས་ཀྱིས་ནི། བསྐྱེ་དེ་དེ་ལས་ལྷག་ཅེས་བྱ། །ཞེས་གང་གསུངས་པ་ཡིན་ནོ? ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཡང་ཕྱོཊ་བཞི་ཆར་དུ་ཡང་རྟ་བབས་བྲི་བའམ་ཤིང་ལ་སོགས་པའི་རྒྱུད་ལས་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཉིད་དུ་རྟ་བབས་དང་འབྲེལ་བའི་སྒོ་ཁྱུད་དག་བྲི་བར་བྱའོ། །དེ་བཞིན་དུ་གཞན་མང། བློ་དང་ལྡན་པས་ཕྱོགས་བཞི་རུ། སཽའི་ཕྱོཊ?་ཆར་སྒོ་བར? ་ནི། །སྔོཾ་བཐོན་ཅན་གྱིས་ནན་ཏན་དུ། །ལྟ་རྣམས་གཙོ་བོའི་གནས་སུ་བྱ། །ཞེས་གང་གསུངས་པ་དང། འདི་སུམ་ཆར་གྱི་ཡང་ཚང་བསྟན་པའི་ཕྱིར་རྟ་བབས་རྣམས་ཀྱི་ཚད་ཀྱང་ནི། །དཀྱིལ་འཁོར་དབུ་མ་དང་མཉམ་མོ། །སྒོ་ཁྱུང་དག་ཀྱང་དེ་དང་མཉམ། །པདྨ་སོར་བཅུ་དྲུག་ཏུ་བཤད། ། ་ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་རྟ་བབས་དང། སྒོ་ཁྱུད་དག་གི་ཚད་རིམ་པ་ཐོག་མར་ཆ་དགུར་བྱེ་བའི་དབུ་མའི་སྣམ་བུ་གཅིག་གི་ཞེང་གི་ཚང་དུ་བྱ་བ་ཡིན་ནོ། །དེ་བཞིན་དུ། པདྨ་སོར་བཅུ་དྲུག་ཏུ་བཤད་ཅེས་བྱ་བ་འདི་ཡི་དོན་ནི། རྣམ་པར་སྣང་མཛད་ཀྱི་པདྨ་ནི་སོར་བཅུ་དྲུག་ཏུ ་བཤད་ལ། སྒོ་ཁྱུད་དག་ནི་ཕྱོགས་བཞིར་པདྨ་སོར་བཅུ་དྲུག་པ་དེ་ཡན་ཆད་ཚད་མ་ངེས་པ་ཁོ་ནར་བྱའོ་ཤམ་དུ་དགོངས་ཨ་ཡིན་ནོ། །གང་ཡང་ཕྱོགས་ཆ་ཕྱོགས་ཆར་ལྷ་གཙོ་བོ་རྣམས་ཀྱི་སྒོ་ཁྱུང་བྱའོ་ཞེས་བཤད་པ་འདིའི་དོན་ནི་ལྟའི་གཙོ་བོ་རྣམས་ཀྱི་སྟན་པདྨ་དེ་དག་གི་ཡང ་སྒོ་ཁྱུང་རྣམས་རང་ངས་པའི་དཀྱིལ་འཁོར་གྱི་ནང་དུ་བྱ་སྟེ། འོན་ཀྱང་བྱིན་གི་དཀྱིལ་འཁོར་རིའི་ངོས་གཅིག་ཁོ་ཚིག་འདི་ནི་དེ་ཡི་ཆད་ཀྱང་སོར་བཅུ་དྲུག་ཡན་ཆང་དུ་ནི་བཤད་པ་ཡིན། ཞེས་བ་རྣམ་སྣང་གི་པདྨའི་མ་མཛའ་གཟུང་ཤིང་ཡ་མཛའ་མ་ངེས་པར་སྟོན་པའི་ནར་སྒོ་ཁྱུད་གཅིག་ཁོ་ན་ཞིག་བྱའོ་སྙམ་དུ་དགོངས་པ་འདི་ཡིན ་ནོ། །དེ་ལ་ཤེ་ཉིད་བཤད་པ་དབུས་ཀྱི་དཀྱིལ་འཁོར་འོ་ན་ཧ་མང་པོ་ཡོང་པས་སྒོ་བྱུང་ལྟ་རེ་རེ་བྱ་ཐམ་ཞེ་ན་དུ་ནི་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་ཚད་ཀྱི་སྒོ་ཁྱུད་དག་ཁོ་ནའི་ནང་དུ་ཕྱོགས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང། འཇིག་རྟེན་དབང་ཕྱུག་དང། རྡོ་རྗེ་འཛིན་ངག ་དགོད་པར་བྱའོ། །རིམ་པ་གཉིས་པར་ནི། །དཀྱིལ་འཁོར་དབུ་མའི་རྒྱབ་ཤོང་མའི་དང་དཀྱིལ་འཁོར་གཉིས་པ་འབྲེལ་བའི་སྒོ་ཁྱུད་དག་བྱ་སྟེ། དེར་ཤར་ཕྱོགས་སུ་སྒོ་ཁྱུང་དུ་ནི་ཤཱཀྱ་ཐུབ་པའི་རྒྱལ་པོ་དགོད་པར་བྱ་སྟེ། དེ་བཞིན་དུ་བྱང་ཕྱོགས་སྒོ་ཁྱུད་དུ་སུ་ནི་ལྷའི་རྒྱལ་པོའོ། །ལྷོ་ཕྱོགས་སུ་ནི ་གཤིན་རྗེ་དགོད་པར་བྱའོ། །དེ་བཞིན་དུ་རིམ་པ་གཉིས་པ་དང་འབྲེལ་བའི་ཤར་ཕྱོགས་ལ་སོགས་པའི་སྒོ་ཁྱུད་དག་ཏུ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་སོགས་པ་དཀྱིལ་འཁོར་གསུམ་པའི་བདག་པོ་ལྷ་གཙོ་བོའི་རང་བཞིན་ཅན ་བཞི་ཕྱོགས་བཞིར་དགོང་པར་བྱའོ།། །།ད་ནི་དཀྱིལ་འཁོར་བརྒྱ་དཀྱིལ་འཁོར་གསུམ་པ་གྱི་ཐིག་བདབ་པའི་འོག་ཏུ་དཀྱིལ་འཁོར་གྱི་ཚོན་དགྱེ་བར་བྱའོ། །དེའི་ཡན་ལག་ནི་ལྔ་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཆོས་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན ་བསྟན་པ་དང། ཚོན་བྱིན་གྱིས་བརླབ་པའི་ཆོ་ག་དང། ཚོན་དགྱེ་བའི་ཏིང་ངེ་འཛིན་དང། དཀྱིལ་འཁོར་གྱི་ཚོན་དཀར་པོ་ལ་སོགས་པའི་ར་བའི་རིམ་པ་བསྟན་པ་དང། ཚོན་དགྱེ་བའི་ཐབས་སོ། །དེ་ལ་ཚོན་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནི། བདག་ཉིད་བཅོམ་ལྡན ་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ཏེ། དེ་ནས་ཡང་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ་ཆོ་ས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །དེ་ལ་ཚོན ་བྱིན་གྱིས་རློབ་པ་ནི་ཚོན་དཀར་པོ་ནི་རི་ཞེས་བྱ་བ་བཀོད་ནས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བྱིན་གྱིས་རློབ་བོ། །ཆོན་དམར་པོ་ནི་ཨཾ་ཞེས་བྱ་བ་བཀོད་ནས་རྫོགས་པའི་སངས་རྒྱས་ཐུབ་དཀར་བའི་ངོ་བོ་ཉིད་དུ་བྱའོ། །ཚོན་སེར་པོ་ནི་ཡི་གེ་ཀ་ཞེས་བྱ་བ་བཀོད་ནས ་གསེར་ཐུབ་ཀྱི་ངོ་བོ་ཉིད་དུའོ། །ཚོན་ལྗང་གུན་བ་ཞེས་བྱ་བ་བཀོང་ནས་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་ངོ་བོ་ཉིད་དུའོ། །ནག་པོ་ལ་ནི་ཧ་ཞེས་བྱ་བ་བཀོད་ནས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་ངོ་བོ་ཉིད་དུའོ་སྙམ་རྣམ་པར་བསམ་པར་བྱ་སྟེ། ཐོག ་མར་ཚོན་རྩི་དཀར་པོ་བླངས་ལ་འདི་ལྟར་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རྣམ་སྦྱོང་བ། །འདི་ནི་བདག་ཉིད་དེ་བཞིན་གཤེགས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནས་རྒྱས་པར། བདུང་སྡེ་སྡང་བ ་ཐམས་ཅད་ལ། །རྣམ་པ་ཀུན་ཏུ་བསྡིགས་པར་བྱེད། །ཞེས་བྱ་བའི་བར་གང་གསུངས་པའོ། །ཆེན་དབྱེ་བའི་ཏིང་ངེ་འཛིན་དེ་ལས་ལངས་དེ་དཀྱིལ་འཁོར་བསྐོར་ལ་ནང་དུ་ཞུགས་ནས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པའི་སྟོབས་ཀྱིས་སྒྲུབ་པ་པོ་ལ་དམིགས་ཏེ། བདག་ཉིད་ཅེས་བྱ ་བས་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། རྡོ་རྗེ་དམ་པ་སྤྱིན་པ་དང་ལྟན་ཅིག་ཏུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །དཀར་པོ་ལ་སོགས་པའི་ར་བའི་རི་མོའི་རིམ་པ་འདི་ནི་འདི་ལྟ་སྟེ། དཀར་པོ་ཐོག་མར་བཏང་བར ་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། དེ་ནས་སེར་མོ་བཏང་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་བཏང། །ཀུན་བྱི་ནང་རོལ་ནག་པོ་སྟེ། །ཚོན་རྩིའི་ཆོ་ག་དེ་ལྟར་བཤད། །ཆེས་བྱ་བ་ཡིན་ནོ། །ང་བ་རྣམས་ཀྱི་ཚོན་དབྱི་བའི་ཐབས་ཀྱི་དབང་དུ་མཛད་ནས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ ་ནས་ནི་ཚོན་མི་དགྱེ། །ཞེས་བྱ་བ་གསུངས་སོ། །དཀྱིལ་འཁོར་བྲིས་ནས་མཆོད་པ་བྱའོ། །དེའི་ཡན་ལག་ནི་བཞི་སྟེ། འདི་ལྟ་སྟེ། མཆོད་པའི་ཏིང་ངེ་འཛིན་མངོན་དུ་བྱ་བ་དང། དཀྱིལ་འཁོར་བསྲུང་བ་དང། དཀྱིལ་འཁོར་གྱི་ལྷ་རྣམས་ཡང་དག་པར་གནས་པར་བསམ་པ་དང། ་མཆོད་པ་རྣམ་པ་བཞི་སྒྲུབ་པའོ། །དེ་ལས་མཆོད་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། ཆོས་ཀྱི་དབྱིངས་ལ་གཞོལ་བ་ཡི། །སྔགས་པ་དེ་ནས་འདུག་ནས་སུ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །བྱང་ཆུ་སེམས་སུ་གྱུར་པ་ཡི། །ཤར་ཕྱོགས་ཁ་བལྟས་གནས་ནས ་ནི། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས། །དེ་ནས་ལས་ནི་རྡོ་རྗེར་འགྱུར། །ནན་ཏན་དུ་ནི་མཆོད་པ་བྱ་ཞེས་བྱ་བ་གསུངས་སོ། །དཀྱིལ་འཁོར་བསྲུང་བ་ནི་ཕྱག་རྒྱ་རིམ་པར་ཕྱེ་བ་ལས་བཤད་པ་མཚམས་བཅད་པ་ལ་སོགས་པའི་ཕྱག་རྒྱ་དག་གིས་བྱའོ། །དེ་ལ་ལྟ་ཡང་དག་པར་གནས ་བར་བསམ་པ་ནི་རྒྱུད་ཐམས་ཅད་ལས་འདི་ལྟ་སྟེ། དཀྱིལ་འཁོར་ལ་སོགས་པར་ལྷ་སྤྱན་དྲངས་པ་རྣམས་དང་སྤྱན་མ་དྲངས་པ་རྣམས་ཀྱང། ཆོས་ཀྱི་དབྱིངས་ལས་བྱུང་བ་དེའི་ངོ་བོར་མོས་པའི་སྒོ་ནས་ཏེ་རྣམ་པར་གཉིས་སོ། །དེ་ལ་རྣལ་འབྱོར་གྱི་ལུགས་འཕགས་པ་དེ ་ཁོ་ན་ཉིད་བསྡུས་པ་ལ་སགས་པ་དང་བྱ་བའི་རྒྱུད་ཐམས་ཅད་ལས་ཀྱང་ལྷ་རྣམས་ཡང་དག་པར་གནས་པར་བསམས་པ་བལ་ཆེར་སྤྱན་འདྲེན་པ་སྔོན་དུ་འགྲོ་བ་ཅན་ཁོ་ནར་མཐོང་སྟེ། འདི་ལྟར་རྒྱུད་དེ་དག་ལས། བཅོམ་ལྡན་འདས་འདུལ ་པའི་སྐྱེ་བོའི་དོར་ཡུལ་དང། དུས་མ་ངེས་པ་ན་ཡང་བཞུགས་པར་བསྟན་ཏོ། །འདི་ལྟར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་སྟུག་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་རི་རབ་ཀྱི་སྟེང་དུ་གཤེགས་ཏེ། ལུང་དང ་རྟོགས་པའི་བདག་ཉིད་ཀྱི་ཆོས་སྟོན་ཏོ། །དེ་ནས་ཀྱང་འཛམྦཱཱིུ་གླིང་ལ་སོགས་པར་གཤེགས་ཏེ་ཕན་གདགས་པར་མཛད་དོ། །ཞེས་འབྱུང་སྟེ། རྣལ་འབྱོར་གྱི་རྒྱུད་དག་ལས་དེ་ལྟ་བུ་ལ་སོགས་པ་བསྟན་པར་སྣང་ངོ། །བྱ་བའི་རྒྱུད་དག་ལས་ཀྱང་རིག་སྔགས ་དངགས་བ་སྔགས་ཀྱི་ལྷ་རྣཾ་གནས་མ་ངོས་པ་ཁོ་ནར་བསྒྲགས་ཏེ། དེའི་ཕྱིར་རྒྱུད་དེ་དག་ལས་ལྷ་རྣམས་མཆོད་པའི་ཕྱིར། སྤྱན་དྲངས་པའི་ཆོག་ཉིད་སྔོན་དུ་འགྲོ་བ་ཉིད་དུ་རུང་བར་འབྱུང་བས་དེ་ཁོ་ན་ལྟར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་ནི། དཀྱིལ་འཁོར་གྱི་ཆོ ་ག་དག་དང་བཟླས་བརྗོད་ལ་སོགས་པའི་ལས་ལ། ལྷ་རྣམས་སྤྱན་མ་དྲངས་པ་ཉིད་དུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བསམས་པ་ཁོ་ནས། ལྷ་རྣམས་ཡང་དག་པ་ཁོ་ནས་གནས་པར་བསམ་པར་བཤད་དེ། འདི་ལྟར་འདི་ལས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ ་ཉིད་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྐུ་བཀོད་པ་མི་ཟད་པ་ལ་སོགས་པ་བྱང་ཆུབ་རྟོགས་པའི་དུས་ན་བརྙེས་པ་རྟག་ཏུ་འགྲོ་བ་གསུམ་ལ་ཁྱབ་པར་མཛད་པས། སེམས་ཅན་ལ་སྐལ་པ་ཇི་ལྟ་བ་བཞིན་འཆམ་མར་སྣད་པ་འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང་གསང་སྔགས་ལ་སོགས་པའི་ངོ་བོ་ཉིད་དག་གིས་སེམས་ཅན་རྣམས་ཀྱི་དོན་མཛད་ཅིད་གང་ནས་ཀྱང་མ་བྱོན། གང་དུ་ཡང་མི་བཞུད་དོ་ཞེས་འབྱུང་སྟེ། འདི་ལས་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་བྱིན་གྱིས་སློབ་བའི་རྡོ་རྗེ་ཆེན་པོ་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྡོ་རྗེ་འཛིན་ཐམས་ཅད་འདུལ་བཞེས་བྱ་བ་ནས་རྒྱས་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང། བྱམས་པ་དང། འཇམ་དཔལ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་དག་གིས་ཀྱང ་སྐོར་ཅིང་མདུན་གྱིས་བལྟས་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉི་མ་དུས་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང། གསང་བའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས། སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་དུ་གསུང ་དང་ཐུགས་མཉམ་པ་ཉིད་བཀོད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐཱུམ་གསུང་དམ་ཐུགས་ལ་ནི་འཇུག་པའམ་ལྡོག་པ་ནི་མི་དམིགས་སོ། །ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི ་ཕྲིན་ལས་ཐམས་ཅད་དང། གསུང་གི་ཕྲིན་ལས་ཐམས་ཅད་དང། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་དང་སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་ཏུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་དག་གིས་ཆོས་སྟོན་པ་དག་མཐོང་ན་ནི་འདི་ལྟ་སྟེ། སེམས་ཅན?་ལས་ཀྱི་རྣཾ་བདས་སྐྱེ་དེབ་རྣམས་སེམས་དང་པོ་བསྐྱེད? ་བ་ནས་བཟུང་སྟེ། ས་བཅུ་པའི་བར་གནོན་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང། ལས་ཀྱི་ཆོ་བཀག་པ་རྣམས་ཡང་སྲིད་པའི་མྱུ་གུ་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང། ཕྱག་ན ་པདྨའི?་ལུས་འདྲ་བ་དང། ཕྱོགས་བཅུ་ནས་གསང་སྔགས་ཀྱི་ཚུལ་གྱི་ཚིག་རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་འདི་དག་ཡིན་ནོ། །འདི་ལས་ཀྱི་ཆོ་བཀག་པ་ནི་ཉན་ཐོས་དང། རང་སངས་རྒྱས་དག? ་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རྣམ་པར་གནས་པ་དག་ཡིན་པར་དགོངས་སོ། །དེ་དག་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེས ་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དོ། སྙམ་དུ་དགོངས་པ་ཡིན་ནོ། །འདི་ལྟར་དེ་དག་ནི་ཟད་པ་དང། མི་སྐྱེ་བ་དང། འགོག་པ་ཤེས་པ་དང་སྙོམས་པར་འཇུག་པའི་སྟོབས་བསྐྱེད་པས ་སོ། །དུས་རེ་ཞིག་གཅིག་ཏིང་ངེ་འཛིན་གྱི་བདེ་བ་ཉམས་སུ་མྱོང་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐུལ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ། དེ་དག་ལས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་དག་ཐོབ ་ནས། དེས་སྒྲུབ་པ་དག་ལྷུར་ལེན་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྒོ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པའི་བར་དུ་འགྱུར་རོ་ཞེས་བཤད་པར་འགྱུར་རོ། །འདི་ལྟར་དོན་དེ་ཉིད་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ཁོ་ནའི་རྒྱུད ་ཕྱི་མ་དང་འབྲེལ་བ་གསང་བའི་རིམ་པར་ཕྱེ་བ་ལས་རྒྱས་པར་ཡང་དག་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་སྤྱོད་པ་གསང་སྔགས་ཀྱི་སྒོའི་ལམ་ཤེས་པ་ཉིད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང། ཉན་ཐོས་དང་རང་སངས་རྒྱས་ལམ་གྱི་རྣམ་པ་ཤེས་པ་དམིགས་པ ་དང་བཅས་པའི་ས་ལ་གནས་པའི་རང་གི་སེམས་ཀྱི་སྤྱོད་ཡུལ་མ་ཐོབ་པའི་སེམས་དང་ལྡན་པ་རྣམས་ཇི་སྐད་དུ། བཤད་པ་རྒྱས་པར་བརྗོད་ནས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་བསྒྲིབས་པ་རྣམས་བདག་ཉིད་ལ་དམིགས་ནས་ཉོན་མོངས་པ་རྣམས་རྣམ་པར་མནན་ཏེ ་མཛའ་གཉིས་ཤིན་ཏུ་མེད་པར་བྱ་བ་ལ། ཡེ་ཤེས་མེད་ཅིང་རྒྱུ་དང་འབྲས་བུ་འགག་པ་དང་མཛའ་གཉིས་མེད་པ་དང། སེམས་འགྲོག་པ་མེད་པའི་ཕྱིར་ཉན་ཐོས་ཀྱི་ཡེ་ཤེས་ཀྱི་མིག་ཡོངས་སུ་མ་དག་པའི་ཏིང་ངེ་འཛིན་ལས་ལྡད་པའི་སྦྱོར་བ་ཅན་རྣམས་གཟུགས་དང་རྣ་བ་དང ་དེ་ལས་སྐྱེས་པའི་རྐྱེན་བག་ཆགས་ཀྱི་མཚམས་སྦྱོར་བ་ལ་འཛིན་པར་བྱེད་ཅིང་ཁམས་གསུམ་ན་ཉོན་མོངས་པའི་སྤྱོད་པ་རྣམ་པར་མནན་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས། ཕུང་པོ་ཡོངས་སུ་བོར་ནས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྐྱེ་བ་འཐོབ་སྟེ། ཡང་སེམས་དང་པོ་བསྐྱེད་པ་ནས ་བཟུང་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་གནོན་པའི་སྒོ་ནས། ཐམས་ཅད་མཁྱེན་པ་ཉིད་དོན་དུ་གཉེར་བར་བྱེད་དོ། །ཟད་པ་དང་མི་སྐྱེ་བ་དང་འགོག་པ་དང་སྙོམས་པར་འཇུག་པའི་སྟོབས་ཀྱིས་འཕན་པས་ལོ་དྲུག་ཁྲིར་པདྨའི་སྙིང་པོ་ལ་མྱོས་ཤིང་གནས་སོ། །དེ་ནས་སྨོན་ལམ་ཇི་ལྟ་བ ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་དག་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ཏེ། རྒྱས་པར་གསང་བའི་རིམ་པར་བྱེ་བ་ལས་བརྟག་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་ལ་སོགས་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའི་གསང་སྔགས་དང་རིག་སྔགས་ལ་སོགས་པའི་ངོ་བོར་རྣམ་པར་གནས་ན། དེ་ལ་སྤྱན་དྲངས་བ་དང་གཤེགས་སུ་གསོལ་བ་ལྟ་ཅི་ཞིག་དགོས། ཡང་དོན་འདི་ཉིད་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་ཏེ། རྒྱུད་འདི་ལས་གཞུང་འདིས་བསྟན་ཏེ། གསང་བའི ་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་དང་རྗེས་སུ་མཐུན་པ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ་སེམས་ཅན་ཐམས་ཅད་ཡང་དག་པར་མགུ་བར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གསང་སྔགས་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་དུ ་གཟུགས་བརྙན་ལྟ་བུར་བཞུགས་སོ། །དེ་བཞིན་གཤེགས་པ་དེ་ནི་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་ཡུལ་ལས་ཡང་དག་པར་འདས་པ་དུས་དང་ཡུལ་དང་དབྱེ་བ་དང། ལས་དང་ཆོས་མ་ཡིན་པ་རྣམ་པར་སྤངས་ཀྱང། གསང་སྔགས་སྤྱོད་པ་ལས་བྱུང་བའི། །ཐམས་ཅད་མཁྱེན ་པའི་གོ་འཕང་སྒྲོལ། །དེ་བས་ཀུན་མཁྱེན་དངོས་གྲུབ་དང། །གོ་འཕང་མཆོག་ཀྱང་སྒྲུབ་པར་བྱ། །ཞེས་གང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་རྣམས་རིམ་པ་གསུམ་པར་བྲི་བར་བྱའོ། །ཞེས་བཤད་པ་མ ་ཡིན་ནམ། དེ་དག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནའི་སྐུ་མི་ཟད་པ་ལ་སོགས་པ་རྣམ་པར་སྤྲུལ་པ་རྟག་ཏུ་འགྲོ་བ་གསུམ་ལ་ཁྱབ་པ་མ་ཡིན་པས་དེའི་ཕྱིར་གདོན་མི་ཟ་བར་དེ་དག་ཡང་དག་པར་གནས་པར་བསམ་པར་བྱ་བའི་ཕྱིར་སྤྱན་དྲང་དགོས ་ན། །དེ་ཅིའི་ཕྱིར་དེ་དག་གི་སྤྱན་དྲང་བའི་རིམ་པ་མ་བརྗོད་ཅེ་ན། འདི་ནི་ཉེས་པ་མེད་དེ། བྱང་ཆུབ་སེམས་དཔའ་དེ་དག་ནི་རྟག་ཏུ་ཡེ་ཤེས་ཀྱི་མིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྡུ?་མི་ཟད་པ་ལ་སོགས་བཀོད་པ་ཅི་འདྲ་བ་དང། དེ་ཇི་ལྟར་སེམས་ཅན་གྱི་དོན ་དུ་འཇུག་པ་དེ་ཁོ་ན་ངེས་པར་རྟག་པ་ལྷུང་ལེན་པ་ཉིད་ཡིན་ཏེ། དེའི་ཕྱིར་གང་དུ་བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་སྒོ་ནས་སྣང་བ་དེ་དག་གི་མངོན་སུམ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་དེ་དག་ཀྱང་དམ་ཚིག ་གི་དབང་གིས་དེ་ན་བྱིན་གྱིས་རློབ་པར་བྱེད་དོ། །རྣམ་པ་གཅིག་ཏུ་ན་དེ་དག་ཀྱང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ཡིན་པས་གནས་གཅིག་ན་འདུག་ཀྱང་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་དུ་དེ་ལྟར་སྣང་སྟེ། པའི་ཕྱིར་ཉེས་པ་མེད་དོ། །གཞན་ཡང་རྣམ་པར་སྣང ་མཛད་ཀྱི་རྒྱུད་འདི་འབའ་ཞིག་ལས། དཀྱིལ་འཁོར་ལ་སོགས་པའི་རིག་སྔགས་དང། གསང་སྔགས་རྣམས་སྤྱན་མ་དྲངས་པ་ཁོ་ནར་བྱིན་གྱིས་རློབ་པར་བཤད་པར་ཡང་མ་ཟད་ཀྱི་རྣལ་འབྱོར་གྱི་རྒྱུད་དང། བྱ་བའི་རྒྱུད་གར་དག་ལས་དཀྱིལ་འཁྲོ་ལ་སོགས་པར ་སྤྱན་དྲངས་པ་ཉིད་ཀྱི་ལས་བསྟན་པ་དེ་དག་ལས་ཀྱང། རིག་སྔགས་དང་གསང་སྔགས་རྣམས་སྤྱན་མ་དྲངས་པ་ཁོ་ནར་ལག་པའི་ཕྱག་རྒྱལ་སོགས་པས་བདག་བསྲུང་བ་དང། གནས་བསྲུང་བ་དང། མེ་ཏོག་ལ་སོགས་པའི་མཆོད་པ་སྔགས་ཀྱིས་གདབ་པ ་དང། བགེགས་ལ་སོགས་པ་བསྡིགས་པ་རྣམ་པ་དུམ་ཡང་སྣང་ན། དེ་ཇི་ལྟར་ལས་ཀྱི་ཕྱག་རྒྱ་དང་སྔགས་དག་ཀྱང་སྤྱན་མ་དྲངས་པར་རང་ཕྱག?་གྱིས་སློབ་པར་མཛད། དེའི་ཕྱིར་རྒྱུད་དེ་དག་ལས་ཀྱང་སྤྱན་དྲང་བ་ངེས་པར་མ་བརྗོད་པ་ཉིད་བས་ཉེས་པ་མེད་དོ། །རྣམ ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་ནི་རྣམ་པ་ཐམས་ཅད་དུ་རིག་སྔགས་དང་གསང་སྔགས་རྣམས་སྤྱན་མ་དྲངས་པ་ཁོ་ནར་ཡང་དག་པར་གནས་པར་བསམ་པར་བྱའོ་ཞེས་བསྟན་ཏོ། །འདིར་དཀྱིལ་འཁོར་ནི་དང་པོར་ནམ་མཁའ་ཨི་ཕྱོགས་སུ་ངས་བར་བསམ་པ་དང། ས་ལ་དཀྱིལ་འཁོར་བྲི ་བ་དང། རྣམ་པ་གཉིས་སུ་བསྟན་ཏོ། །དཀྱིལ་འཁོར་རྣམ་པ་འདི་གཉི་ག་ལ་ཡང་དག་པར་གནས་པར་བསམས་པར་བྱ་བའི་ཕྱིར། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ནས། དམ་ཚིག་གསུམ་གྱི་སྔགས་ཟློས་ཤིང་དང་པོར་ནམ་བའི་ཕྱོགས་སུ་རང་བཞིན་གྱི་དཀྱིལ་འཁོར ་ཐམས་ཅད་དུ་ཁྱབ་པ་ཆོས་ཀྱི་དབྱིངས་ལས་ངེས་བར་སྐྱེས་པ་བསམས་ལ། ཕྱིས་ས་ལ་ཡིད་ཀྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོཊ་པའི་མཚན་ཉིད་བསྒྲུབས་ནས་མཆོད་པ་བྱ་སྟེ། དེ་ནས་ལས་ཀྱི་རྡོ་རྗེར་གྱུར། །ནན་ཏན་དུ་ནི་མཚོན་པར་བྱ། །ཀུན་ཏུ་ཁྱབ་པའི་ཡིད་ཀྱིས་སུ། ། ་སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །དམ་ཚིག་ཅེས་བྱའི་རྒྱ་བསྟན་ནས། །གསང་སྔགས་ལན་གསུམ་བཟླས་པར་བྱ་ཞེས་གང་གསུངས་པ་ཡིན་ནོ། །རྣམ་པ་གང་གིས་དཀྱིལ་འཁོར་ལ་སོགས་པར་ལྷ་རྣམས་སྤྱན་མ་དྲངས་པ་ཉིད་དུ་ཡང་དག་པར་གནས་པར་བསམ་པར ་རུང་བའི་སྦྱོང་བ་བཤད་ཟིན་ཏོ། །མཆོད་པའི་ཆོ་ག་ལེགས་པར་བརྗོད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་འདི་ལས་ནི་ཕྱི་དང་ནང་གི་མཆོད་པའི་བྱེ་བྲག་གིས་མཆོད་པ་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་ཕྱིའི་མཆོད་པ་ནི་འདི་ལྟ་སྟེ། མེ་ཏོག་དང། དྲི་དང། བདུག་བ་དང། ལྷ་བཤོས ་དང། མར་མེ་དང། ན་བཟའ་དང། བུམ་པ་དག་དབུལ་བའི་སྒོ་ནས་རྣམ་པའི་དུན་ཏེ། ནས་སྔགས་པ་དེ་ཡིས་སུ། །མེ་ཏོག་དཀར་པོ་སེར་པོ་དམར། །ཡིད་དུ་འོང་བས་ནན་ཏན་དུ། །ལྷ་རྣམས་ལ་ནི་མཆོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གྱིས་པར་ལྷའི་གཙོ་བོ་རྣམས ་ལ་ནི། །རས་ནི་ཟུང་རེ་དབུལ་བར་བྱ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་དབུལ་བར་རབ་ཏུ་བསྒྲགས། །ཞེས་གང་གསུངས་པ་ཡིན་ནོ། །འདིར་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་གོང་དུ་བཤད་པ་ལྟ་བུས་བར ་སྣང་གི་དཀྱིལ་འཁོར་ལ་གནས་པར་བསམ་པའི་ལྷ་དག་ནི། ཕྱིའི་ཚོན་དགྱེ་བ་ལ་སོགས་པའི་མཚན་མ་ལ་མི་བལྟོས་པའི་ཕྱིར། འཇིག་རྟེན་ལས་འདས་པའོ་ཞེས་བསྟན་ཏོ། །ལྷ་དེ་དག་ཉིད་སྔར་བཤད་པའི་ཆོ་གས་ས་ལ་གནས་པའི་དཀྱིལ ་འཁོར་དུ་བྲིས་པ་རྣམས་ནི། ཕྱིའི་ཚོན་དགྱེ་བ་ལ་སོགས་པ་བྱ་བ་བལྟོས་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱ་སྟེ། འདི་ལྟར་གང་གི་ཚེ་འདི་ལས་བཟླས་བརྗོད་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་པའི་ཕྱིར་བཟླས་བརྗོད་དང་སྦྱིན་སྲེག་དང་མཆོད་པའི་ཡན་ལག་ལ ་བལྟོས་པ་དང་བཅས་པ་ཉིད་དུ་མཛད་པ་དེའི་ཚེ་ནི་རྒྱུད་འདི་ལས་ཕལ་ཆེར་འཇིག་རྟེན་པའོ་ཞེས་ཐ་སྙད་དུ་འདོགས་སོ། །གང་གི་ཚེ་བཟླས་བརྗོད་ལ་སོགས་པ་དེ་དག་ཉིད་ཕྱིའི་མཚན་མ་ལ་མི་བལྟོས་ཤིང་སེམས་ཙམ་གྱི་རྣམ་པར་རྟོག་པས་བསྒྲུབ་པར་བྱེད་པའི་ཚེ་ནི་ཕལ་ཆེར་འཇིག ་རྟེན་ལས་འདས་པ་ཞེས་ཀྱང་བཤད་དོ། །དེའི་ཕྱིར་གང་དག་གི་ངེས་པའི་ཚིག་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཞེས་བྱ་བ་དེ་སྐབས་དང་སྦྱར་ཏེ། སྐབས་ཁ་ཅིག་ཏུ་ནི་འཇིག་རྟེན་བའི་ལྷའི་ཁྱད་པར་ཇི་ལྟར་བསྒྲགས་པ་དག་ཁོ་ན་ཡིན་བར་ཤེས་པར་བྱའོ། །སྐབས་དང ་སྦྱར་ཏེ་ལ་ལར་ནི་འཇིག་རྟེན་ལས་འདས་པ་དགྲ་ཉིད་ཡིན་པར་ཁོར་དུ་ཆུད་པར་བྱའོ། །དེ་ལ་བར་སྣང་གི་དཀྱིལ་འཁོར་དུ་བསམ་བའི་ལྷའི་ཁྱད་པར་འཇིག་རྟེན་ལས་འདས་པར་བསྒྲགས་པ་རྣམས་ལ་མེ་ཏོག་དབུལ་བའི་སྦྱོར་བ་ནི། མཐེ་བོང་སྲིན་ལག་སྦྱོར་བ་ནི། །བཀྲ་ཤིས ་པ་ཞེས་བཤད་པ་སྟེ། །དེ་ཡིས་མེ་ཏོག་བླངས་ནས་སུ། །བདག་གི་སྙིང་ཁའི་ཕྱོགས་ནས་དབུལ། །ཞེས་གསུངས་པ་འདི་ཡིན་ཏེ། དེ་དག་ཉིད་པའི་དཀྱིལ་འཁོར་ལ་བྲིས་ཤིང་འཇིག་རྟེན་པ་ཞེས་བསྒྲུབ་པ་རྣམས་ཨ་མེ་ཏོག་དངུལ་བའི་ཚུལ་བསྟན་པའི་ཕྱིར། འཇིག ་རྟེན་པའི་ལྷ་རྣམས་ལ། །ལྟེ་བའི་ཐད་ཀ་ནས་ཤེས་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པ་རྣམས་ལ། འདུག་པ་དབུལ་བའི་སྦྱོར་བའི་ཁྱད་པར་བཤད་བ། བདུག་སྦོས་རྡོ་རྗེ་ཁུ་ཚུར་རམ། །ཡང་ན་པདྨའི་ཕྲེང་བ་ཡིས། །བར་སྣང་ལ་ནི་གཟུང་ནས ་སུ། འཇིག་རྟེན་མགོན་སྐྱོབ་རྣམས་ལ་དབུལ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་སའི་དཀྱིལ་འཁོར་དུ་བྲིས་པའི་རྣམས་ལ་འབུལ་བའི་ཆོ་ག་ཡང། དེ་ལས་གཞན་པའི་འཇིག་རྟེན་པའི། །ལྷ་རྣམས་ལ་ནི་གོ་རིམས་བཞིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་འདི ་ནི་སྔར་བཤད་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ནམ་མཁའ་ཨི་དཀྱིལ་འཁོར་དུ་བསམས་པ་རྣམས་དང། སའི་དཀྱིལ་འཁོར་ལ་དྲིས་པ་རྣམས་དང། མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པའི་རིམ་པ་བསྟན་པ་ཡིན་ནོ།། །། ་བམ་པོ་བཞི་བ། །འདི་ལ་ནང་གི་མཆོད་པ་ནི་རྣམ་པ་གསུམ་དུ་བཤད་དེ། འདི་ལྟ་སྟེ། ཕྱག་འཚལ་བའི་ཐལ་མོ་སྦྱར་བ་དང། བྱམས་པ་དང་སྙིང་རྗེ་གོམས་པ་དང། དེ་བཞིན་དུ་ཡིད་ཀྱི་མཆོད་པ་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །སྔར་བཤད་པའི་ཕྱིའི་མཆོད་པ་དང་རྣམ་པ ་བཞིར་བཤད་དོ། །དེ་ཉིད་ཀྱི་ཕྱིར། མཆོད་པ་རྣམ་པ་བཞིར་ཤེས་པར་བྱ་སྟེ། ཕྱག་འཚལ་བ་དང་ཐལ་མོ་སྦྱར་བ་དང། དེ་བཞིན་བྱམས་དང་སྙིང་རྗེ་དང། །མེ་ཏོག་འདུག་སྤོས་འཇིག་རྟེན་པའི། །སོར་མོ་ལས་བྱུང་མེ་ཏོག་རྣམས། །སྐྱོབ་བ་ཀུན་ལ་དབུལ་བར་བྱ། །ཡན་ལག ་ཀུན་འབྱུང་ཕྱག་རྒྱ་ནི། །བཅིངས་ནས་བྱང་ཆུབ་སེམས་བསྒོམས་ཏེ། །སོ་སོར་མགྲོན་བོ་ཐམས་ཅད་དང། །དེའི་སྲས་རྣམས་ནན་ཏན་བྱའོ། །འདི་ནི་སྐྱོན་མེད་མེ་ཏོག་སྟེ། །རབ་ཏུ་བསུང་ཞིམ་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་ཀྱི་ལྗོན་ཤིང་རྣམས། །རྒྱལ་བ་མཆོད་པའི་ཕྱིར ་འབྱུང་བ། །ཏིང་འཛིན་དབང་གིས་བསྒྱུར་བ་ཡི། །སྔགས་ཀྱི་དེ་དག་བྱིན་བརླབས་ནས། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིན། །སྤྲིན་མང་རྒྱ་ཆེད་དམ་པ་རྣམས། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །དེ་ཚེ་རྟག་ཏུ་ཆར་བཞིན་དབབ། །ལྷ་རྣམས་བལ་བ་གཞན་ལ་ནི། ། ་མེ་ཏོག་འདི་རྣམས་བསྒྲགས་པ་སྟེ། །རང་གི་སྔགས་རྒྱུད་རྟོགས་ཤེས་པས། །ཇི་ལྟར་རིགས་པས་དབུལ་བར་བྱ། །ཞེས་བྱ་བ་གསུངས་སོ། །དེ་ལ་འདིར་མེ་ཏོག་བདུག་སྤོས་འཇིག་རྟེན་པའི་ཞེས་བྱ་བ་ནི་ཕྱིའི་མཆོད་པ་བསྟན་པར་གསུངས་པ་ཡིན་ཏེ། དེ་ནི་མེ་ཏོག་ལ ་སོགས་པའི་ཕྱིའི་མཆོད་པ་ཡན་ལག་ལ་བལྟོས་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །སོར་མོ་ལས་བྱུང་མེ་ཏོག་རྣམས་ཞེས་བྱ་བ་ལ་སོགས་པས་ནི་ཡིད་ཀྱི་མཆོད་པའི་སྦྱོར་བ་ཀུན་ཏུ་བསྟན་པར་མཛད་དོ། །འདིར་ཡང། ཆོས་ཀྱི ་དབྱིངས་ལས་བྱུང་བ་ཡི། །སྤྲིན་མང་རྒྱ་ཆེན་དམ་པ་རྣམས། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །དེ་ཚེ་རྟག་ཏུ་ཆར་བཞིན་དབབ་ཞེས་བྱ་བ་འདིས་ནི་རང་བཞིན་གྱི་དཀྱིལ་འཁོར་དུ་ཡིད་ཀྱི་མཆོད་པ་བྱ་བའི་མཆོད་པའི་སྦྱོར་བ་དངོས་སུ་བསྟན་ཏེ། དེ་ཉིད་ཀྱི་ཕྱིར། ལྷ ་རྣམས་ཕལ་པ་གཞན་ལ་ནི། །མེ་ཏོག་འདི་དག་བསྒྲགས་པ་སྟེ། ཞེས་བྱ་བ་གསུངས་ཏེ། ཕལ་བ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་ལས་འདས་པའི་ལྷ་དེ་ཉིད་སའི་དཀྱིལ་འཁོར་དུ་བྲི་བ་རྣམས་གཟུང་གི་འཇིག་རྟེན་ལས་འདས་པའི་ལྷ་སའི་དཀྱིལ་འཁོར་དུ་འགྲིས?་པ ་རྣམས་ལ་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་བཀག་པར་འགྱུར་དུ་འོང་བས་ཕལ་པ་ཞེས་བྱའི་སྒྲས་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་འཇིག་རྟེན་པ་ཉིད་ནི་མི་གཟུང་ངོ། །དཀྱིལ་འཁོར་འདིར་ནི་འཇིག་རྟེན་པའི་ལྷ་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ཇི ་ལྟར་གྲགས་པ་བྲི་བ་ཡང་མེད་དོ། །འདིར་དབུས་ཀྱི་དཀྱིལ་འཁོར་དུ་འཇིག་རྟེན་པའི་ལྷའི་ཁྱད་པར་གང་དག་ཡིན་པ་དེ་དག་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པའི་སྐུའི་སེམས་ཅན་དག་ཡིན་པར་ལྟར་བྱ་སྟེ། འདི་སྐད་དུ་འདི་ལས ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་རིམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་མཛད་ནས། གསང་བའི་བདག་པོ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མོས་པ་ལ་བྱུང་བ། བྱང་ཆུབ་ཀྱི་མཚན་མར ་གྱུར་པ་ཕྱག་རྒྱ་རབ་འབྱམ་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །མཆོད་པ་རྣམ་པ་བཞི་དབུལ་བའི་རིམ་པ་ནི་འདི་ལྟ་སྟེ། དང་པོར་བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བསྒོམས་ནས། དྲི་དང་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པའི་ཡན ་ལག་ཆོས་ཀྱི་དབྱིངས་ཀྱི་ཡི་གེས་རྣམ་པར་དག་པ་འཕགས་པ་མི་གཡོ་བའི་སྙིང་པོས་སྔགས་ཀྱིས་བཏབ་པ་དྲི་དང་མེ་ཏོག་ལ་སོགས་པ་མཆོད་པའི་སྔགས་དག་གིས་སྔགས་ཀྱིས་བདབ་པར་བྱའོ། །དེ་ནས་ས་ལ་བྲིས་པའི་དཀྱིལ་འཁོར་དུ་བསྐུང་པར་བྱའོ། །དེ་ནས་དམ ་ཚིག་གི་གསུམ་ཕྱག་རྒྱ་བཅིངས་ནས། དམ་ཚིག་གི་སྔགས་ཟློས་ཤིང་ནམ་མཁའ་ཨི་ཕྱོགས་སུ་རང་བཞིན་གྱི་དཀྱིལ་འཁོར་ཡང་རྣམ་པར་བསམས་ལ། དེའི་གཟུགས་བརྙན་གྱི་དཀྱིལ་འཁོར་ས་ལ་ཇི་ལྟར་བྲིས་པ་ཡང་སྲོག་དང་བཅས་པ་ལྟ་བུ་ཡིད་ཀྱིས་བསམས་ཏེ། དེ་བྲིས ་པའི་ལྷ་རྣམས་ལ་སོ་སོ་རང་གི་ཕྱག་རྒྱ་བཅིངས་ནས་དེའི་སྔགས་ཟློས་ཤིང་མྱུར་དུ་དེའི་བསམ་གཏན་བྱའོ། །དེ་ནས་མཆོད་པ་རྣམ་པ་བཞི་བྱ་སྟེ། དེའི་རིམ་པ་ནི་དང་པོར་པུས་མོ་གཉིས་ས་ལ་བཙུགས་ཏེ། ཕྱག་འཚལ་བའི་ཐལ་མོ་སྦྱར་ནས་ཕྱག་བྱ་སྟེ་འདི་ནི་ཕྱག ་འཚལ་བའི་མཆོད་པ་ཡིན་ཏེ་དང་པོའོ། །དེ་ནས་སྔར་བཤད་པའི་ཚུལ་དུ་དྲི་དང་མེ་ཏོག་ལ་སོགས་པ་ཇི་ལྟར་ཡང་དག་པར་བསྒྲགས་པ་རྣམས་ཀྱིས་མཆོད་པར་བྱ་སྟེ། འདི་ནི་ཕྱིའི་མཆོད་པའི་མཚན་ཉིད་ཡིན་ཏེ་མཆོད་པ་གཉིས་པའོ། །དེ་ནས་གསང་བའི་ཕྱག་རྒྱ་བརྒྱད་རིམ ་པར་ཕྱེ་བ་ལས་བཤད་པ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་བཅིངས་ནས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་འཇིག་རྟེན་གྱི་ཁམས་རབ་འབྱམ་ན་རྣམ་པར་བཞུགས་པ་ཐམས་ཅད་མཆོད་པའི་ཡན་ལག་བཟང་པོ་དཔེ་མེད་པ་བྱང་ཆུབ་སེམས་དང་འགུན? ་ཏུ་བཟང་པོའི་སྤྱོད་པ་ལས་ངེས་པར་འབྱུང་བ་རྣམས་འབྱུང་བར་གྱུར་ཅིག་ཅེས་རྣམ་པར་བསམས་ཏེ། དེ་ནས་བྱང་ཆུབ་ཀྱི་སེམས་སྔོན་དུ་བྱས་ནས་ལངས་ལ། ནམ་མཁའ་མཛོད་ཀྱི་རིག་སྔགས་ལན་གསུམ་བརྗོད་པར་བྱ་སྟེ། འདི་ནི་ཡིད་ཀྱི་མཆོད་པའི་མཚན་ཉིད་ཡིན་ཏེ ་མཆོད་པ་གསུམ་པའོ། །དེ་ནས་བྱམས་པ་དང་སྙིང་རྗེ་གོམས་པའི་མཚན་ཉིད་ཅན་སྒྲུབ་པའི་མཆོད་པ་རྣམ་པ་གཉིས་སུ་བྱ་སྟེ། དེའི་སྦྱོར་བ་ནི་འདི་ཡིན་ནོ། །བདག་གིས་དགེ་བ་ཇི་ལྟར་བྱས་པའི་རྩ་བས་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཨནི་རབ ་ཏུ་ཞི་པར་གྱུར་ཅིག་།འཇིག་རྟེན་དར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དག་ནི་འབྱོར་བར་གྱུར་ཅིག་ཅེས་བསམ་པར་བྱ་སྟེ། འདི་ནི་མཆོང་པ་བཞི་བ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་གོམས་པའི་མཚན་ཉིད་ཅན ་བསྒྲུབ་པའི་མཆོད་པ་ཡིན་པར་བསྟན་ཏོ།། །།ད་ནི་སློབ་མ་གཟུང་བའི་ཆོ་ག་དཔྱད་པར་བྱ་སྟེ། དེ་བ་སློབ་མའི་མཚན་ཉིད་ནི་གོང་དུ་འདི་ལྟ་སྟེ། ཁྱད་པར་གྱི་མཚན་ཉིད་དང། སྤྱིའི་མཚན་ཉིད་དང། རབ་ཏུ་དབྱེ་བ་ཞེས་བྱ་བའི་མཚན་ཉིད་རྣམ་བ་གསུམ ་དུ་བཤད་དོ། །བློ་མ་དེ་དག་ཀྱང་སྔོན་རིག་སྔགས་མནོས་ཀྱང་རུང་རིག་སྔགས་མ་མནོས་ཀྱང་རུང་སྟེ་དཀྱིལ་འཁོར་དུ་འཛུད་དེ་དག་གི་ནད་ནས། སྔོན་གྱི་དཀྱིལ་འཁོར་མ་མཐོང་བ་ཉིད་ཀྱིས་རིག་སྔགས་མ་མནོས་པ་དམ་ཚིག་ནོར་བ་ཁོ་ནའི་ཕྱིར་དཀྱིལ་འཁོར་དུ་ལ་ཤུ? ་པ་ནི་གཅིག་ཡིན་ནོ། །གཡན་ནི་དངོས་གྲུབ་མཆོག་དང་འདིང?་དང་ཐ་མ་ལ་སོགས་པ་དོན་དུ་གཉེར་བ་སྟེ། དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་པ་དེ་གོམས་པར་བྱ་སྟེ། །རིག་སྔགས་ནོད་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ལ་བརྩོན་པར་བྱེད་པའོ། ། ་གཞན་དག་ནི་སྔོན་བྱང་ཆུབ་ཀྱི་སེམས་གོམས་པར་བྱས་ཀྱང་རུང། །བྱང་ཆུབ་ཀྱི་སེམས་གོམས་བར་མ་བྱས་ཀྱང་རུང། རིག་སྔགས་དང་གསང་སྔགས་མནོས་པ། རིག་སྔགས་དང་གསང་སྔགས་ཀྱི་རྟོག་པ་དག་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་སེམས་ཤིན ་ཏུན?་ཏན་ལ་བབ་པ་སྟེ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རམ། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བཅུག་ནས། དེ་ལས་བྱུང་བའི་སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བ་ཡིན་ནོ། །དེ་བཞིན་དུ་གཞན་དག་ནི་སྔར་བཤད་པའི་རིམ་པས་སློབ་དཔོན་དུ་དབང་བསྐུར ་བ་ཐོབ་ཀྱང། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་རོན་དུ་གཉེར་བ་སྟེ། གསང་བའི་དཀྱིལ་འཁོར་དུ་འཇུག་པར་བྱས་ནས་དེ་ལས་བྱུང་བའི་དབང་བསྐུར་བ་ནོད་བ་ཡིན་ནོ། །དེ་ལས་གཞན་དག་ནི་དང་པོ་ཉིང་ནས་དམ་ཚིག་ཅན་ཡིན་ལ། རིག་སྔགས་མནོས་ཀྱང་སེམས ་མནོས་ཀྱང་རུང། དེ་བཞིན་དུ་སློབ་དཔོན་གྱི་ཐབས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྟེ། རང་གི་བསོད་ནམས་འཕེལ་བར་བྱ་བ་ཁོ་ནའི་ཕྱིར། དཀྱིལ་འཁོར་གང་སྙུང?་རུང་བ་ལྟེ་བར་བྱེད་པ་ཡིན་ནོ། །གཞན་དག་ནི་བགེགས་ཀྱིས་འཚེ་བ་པ་སོགས་པ་ཉི་པ་ལ་དོན་དུ་གཉེར་བ་འམ ་འབྱོར་པ་འདོད་པས་དཀྱིལ་འཁོར་ལྟ་བར་ཡིད་དགའ་བ་ཡིན་ནོ། །དེ་ལྟ་བས་ན་འདི་དག་ནི་དང་པོ་ནས་ཅི་རིགས་པར་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་དམ་ཚིག་ཅན་ལོ་ན་ཡིན་ནོ། །དེ་ལས་གཞན་པ་ནི་དཀྱིལ་འཁོར་གཅིག་ཀྱང་མ་མཐོང་བའི་ཕྱིར་དམ་ཚིག་ཅན་མ་ཡིན་ནོ། ། ་བའི་བྱིར་རེ་ཞིག་སློབ་མ་འདི་རྣམས་དཀྱིལ་འཁོར་གསུམ་དུ་འཇུག་པའི་སྦྱིའི་ཆོག་པ་ཤང་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོར་སློབ་དཔོན་གྱི་སྔར་བཤད་པའི་རིམ་པས་བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དབར་བྱིན་གྱིས་བརླབས་ལ། ཇི་སྐད་བཤད་པའི་མཆོད་པ་རྣམས་མངོན ་པར་བསྒྲུབ་པར་བྱའོ། །དེ་ནས་སྔར་བཤད་པའི་སློབ་དཔོན་གྱི་རྣལ་འབྱོར་རྣམས་ལས་གང་ཡང་རུང་བ་ཞིག་གིས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ལ། སློབ་མ་རྣམས་ཁོས་ཏེ་དཀྱིལ་འཁོར་གྱི་སྦོའི་ཕྱིར་རོལ་ཏུ་འཇུག་པ་ལ། ཁྲོ་བོ་འཇིག་རྟེན་གསུམ་ལས ་རྣམ་པར་རྒྱལ་བས?་བཟླས་བརྗོད་བྱས་བའི་ཆུས་བསང་གཏོར་བྱས་ནས། སློབ་དཔོན་བདག་ཉིད་ཀྱིས་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ཏེ། རས་ལ་དམ་ཚིག་གསུཾ་གྱིས་ལན་གསུམ་དུ་སྔཊ་གྱིས་གདོག། དེ་ནས་རས་དེས་སློབ་མའི་གདོང་བཀབ་སྟེ། དཀྱིལ་འཁོར་གསུམ་པའི་སྒོར ་སྒོ་ཁྱུང་ཀྱི་ནང་དུ་ལེགས་པར་བཞག་པར་བྱའོ། །དེར་བཞག་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཀྱི་སེམས་ཕྱིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བཅིངས་ལ། དེའི་གསང་སྔགས་བརྗོད་ཅིང་སློབ་མ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སྟོང་པར་བྱིན་གྱིས་བརླབ་པར་བྱའོ། ། ་དེའི་རྗེས་ལ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ནས་དེའི་སྔགས་བརྗོད་ཅིང་སློབ་མ་དེ་ཉིད་རྡོ་རྗེ་སེམས་དཔའ་ཨི་སྐུར་བསམ་པར་བྱའོ། །དེ་ནས་དེ་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་པའི་ལག་པར་མེ་ཏོག་བཞག་ནས་དམ་ཚིག་གསུམ་གྱི་སྔགས་ལན་གསུམ་བརྗོད་སར་བའོ། ། ་དེའི་རྗེས་ལ་དེའི་སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་བསམ་པར་བྱའོ། །དེ་ནས་བདེན་པའི་བྱིན་གྱིས་བརླབས་བྱ་སྟེ། ཕྱག་རྒྱ་ལ་འདུག་པའི་མེ་ཏོག་དཀྱིལ་འཁོར་དུ་འདོར་དུ་བཅུག་ལ། གང་ས་མེ་ཏོག་བབ་པ་དེའི་གསང་སྔགས་དེ་ལ་སྦྱིན་པར་བྱའོ། ། ་སློབ་མ་སྔོན་དེ་ལས་གཞན་པའི་དཀྱིལ་འཁོར་མཐོང་བ་དམ་ཚིག་ཅན་གསང་སྔགས་མནོས་པ་ནི་གདོང་བཀབ་པ་ཕྱེ་སྟེ་ཕྱིས་ཕྱག་རྒྱལ་འདུག་པའི་མེ་ཏོག་རྣམས་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ། སྔོན་དེ་ལས་གཞན་པའི་དཀྱིལ ་འཁོར་དུ་རང་གི་རིག་སྔགས་མནོས་པ་ཡོང་ན་དབུལ་བར་བྱའོ། །གཏན་ཚིགས་ནི་སྔོན་གྱི་དཀྱིལ་འཁོར་མཐོང་བ་གསང་སྔགས་མནོས་པ། དམ་ཚིག་ཅན་རྣམས་ནི་གདོང་མ་བཀབ་པ་ཁོ་ནར་བདེན་པའི་བྱིན་གྱིས་བརླབས་སྔོན་དུ་འགྲོ་བ་ཉིད་ཀྱིས་མེ་ཏོག་པར་བགོད? ་པ་ཉིད་དེ་ལྟར་རིག་སྔགས་ཀྱི་ཆ་མང་པོ་ཉིད་ཀྱིས་སྒྲུབ་པ་པོ་རིག་སྔགས་དུ་མ་བསྒྲུབ་པའི་སྣོད་ཅན། སྔོན་མནོས་པའི་རིག་སྔགས་ལ་མ་གཏོགས་པ་དེ་ལས་གཞན་པའི་རིག་སྔགས་ལ་མེ་ཏོག་བབ་ན། རིག་སྔགས་གཉིས་བཟླས་བརྗོད་བྱེད་པའི་གོ་སྐབས་སུ་འགྱུར་དུ་འོང་བའི ་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རིག་སྔགས་གང་ཡང་རུང་བ་ཞིག་བཟླས་བརྗོད་བྱེད་ཅིང་དེ་ལས་གཞན་པའི་རིག་སྔགས་ཁྱད་དུ་བསང་ན། བུང་བ་འབྱུང་བར་འགྱུར་ཏེ། དེ་སྐད་དུ། གང་ལ་མེ་ཏོག་བབ་པའམ། དེ་ཉིད་བསྒྲུབ་བྱའི་རིག་སྔགས་གཞན། །བཟླས་བརྗོད ་བྱས་ན་བརླག་པར་འགྱུར། །ཞེས་གསུངས་སོ། །དཀྱིལ་འཁོར་གསུམ་དུ་སློབ་མ་གཟུང་བའི་ཆོ་ག་འདི་ཡང། རྒྱུད་འདི་ལས་གཞུང་འདི་ཁོ་ནས་བསྟན་ཏེ། དེ་སྐད་དུ། སློབ་མ་དཀྱིལ་འཁོར་དྲུང་བཀུག་སྟེ། །སྔགས་པ་ཡིས་ནི་གང་གཏོར་བྱ། །དྲི་དང་མེ་ཏོག་སྦྱིན ་པར་བྱ། །དེ་བཞིན་གཤེགས་པ་དྲན་བྱས་ནས། བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག་།དེས་ན་རྒྱལ་བའི་རིགས་དགེ་ལ། །ཐམས་ཅད་དག་ཏུ་སྐྱེས་པར་འགྱུར། །ཆོས་ཀྱི་དབྱིངས་ལས་སྐྱེས་པ་ཡི། །ཕྱག་རྒྱ་དེ་དག་རྣམས་ལ་བཅིང། །ཆོས་ཀྱི་འཁོར་ལོ་བཅིངས་ནས་ནི། ། ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ། །དེ་ནས་སངས་རྒྱས་ཀུན་གྱི་ནི། །དམ་ཚིག་སྡོམ་བརྩོན་བདག་གིས་བཅིང། །དེ་ཚེ་སྔགས་པས་ཆོ་ག་བཞིན། །རས་ལ་ལན་གསུམ་གདབ་པར་བྱ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ། །དེ་དག་གི་ནི་གདོང་ཡང་དགབ། །དམ་ཚིག་ལན ་གསུམ་བཟླས་ནས་ནི། །སྤྱི་བོར་ཡི་གེ་བཞེས་བྱ། །ཀླད་ཀྱི་འཁོར་བཅས་བརྗིད་དང་ལྡན། །འབར་བའི་ཕྲེང་བ་རྣམ་པར་འཕྲོ། །ཟླ་བ་འཆར་ཀ་ལྟ་བུ་ཡི། །ཁ་དོག་དཀར་པོ་བཞག་པར་བྱ། །སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི། །དེ་ནས་མེ་ཏོག་འདོར་དུ་གཞུག་།མེ་ཏོག་གང་ལ་བབ་པ་རེ ་སྔགས་པས་དེ་ལ་སྦྱིན་པར་བྱ། །དཀྱིལ་འཁོར་དང་པོའི་སྒོ་ཡེ་དྲུང། །སྒོ་ཁྱུང་ཀྱི་ནི་དབུས་ཀྱི་ཆ། །དཀྱིལ་འཁོར་གྱི་ནི་སྒོ་གཉིས་ཀྱི། །བར་དུ་སློབ་མ་གཟུང་བར་བྱ། །དེར་གནས་པ་ལ་ཆོ་ག་ཀུན། །རིམ་པ་བཞིན་དུ་ལེགས་པར་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། འདི་ནི ་དཀྱིལ་འཁོར་གསུམ་ཆང་དུ་འཇུག་པའི་སྤྱིའི་ཆོ་ག་ཡིན་ནོ། །གསང་བའི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་ཁྱད་པར་དུ་ཆོ་ག་གཞན་བསྟན་པས་དེ་བརྗོད་པར་བྱ་སྟེ། རེ་ཞིག་དང་པོར་སྙིང་རྗེ་ཆེན་པོ་ཅན་དང། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོང ་བའི་སློབ་མ་སྔར་བཤད་པའི་ཆོ་ག་ཁོ་ནས་གསང་བའི་དཀྱིལ་འཁོར་དུ་བཅུག་ལ། དེའི་ནང་དུ་ལེགས་པར་བཞག་ནས་དེའི་སྙིང་གར་ང་ཞེས་བྱ་བའི་མེའི་དཀྱིལ་འཁོར་ལ་གནས་པ་འབར་བའི་ཕྲེང་བས་འཁྲིགས་པ་རྣམ་པར་བསམ་སྟེ། དེའི་འབར་བས་དེའི་ལུས་ཐམས ་ཅད་ཐལ་བར་བརླག་པར་བསམ་པར་བྱའོ། །ཐལ་བའི་དབུས་སུ་ས་བོན་དུ་གྱུར་པའི་ཡི་གེ་ཨཾ་ཞེས་བྱ་བ་མེ་ཏོག་ཀུན?་དང་ཟླ་བ་ལྟ་བུར་དཀར་བ་རྣམ་པར་བརྟག་པར་བྱ་སྟེ། དེས་ཀྱང་ལུས་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྲུབས་ནས། དེའི་གང་ན ་པདྨ་ལ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་འབྱུང་བར་བསམ་པར་བྱའོ། །སློབ་མ་ལ་ཡང་ཁྱོད་ཉིད་ཀྱིས་ཀྱང་འདི་ལྟར་བསྒོམས་ཤིག་བྱ་པའི་ལུང་འདི་བསྒོ་བར་བྱ་སྟེ། དེ་སྐད་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག ་གསུངས་པ། ཀུན་ཏུ་བསླབས་པའི་སྔགས་པ་ནི། གསང་བའི་དཀྱིལ་འཁོར་ལ་མཁས་པས། །དེ་ཆེ་སློབ་མའི་སྡིག་པ་ཀུན། །ཆོ་ག་བཞིན་དུ་བསྲེག་པར་བྱ། །ཅི་ནས་སླར་ཡང་མི་སྐྱེ་བར། །དེའི་འཚོ་བའང་བསྲེག་པར་བྱའོ། །བསྲེགས་ཏེ་ཐལ་བར ་གྱུར་ནས་ཀྱང། །དེ་ནི་སླར་ཡང་གསོ་བར་བྱ། །ཡི་གེ་ཡིས་ནི་མི་འགྱུར་བསྲེག་།འཚོ་བས་སླར་ཡང་གསོ་བར་བྱ། །འཚོ་བས་ཐམས་ཅད་གསོས་པ་ནི། །ཀུན་ཏུ་དག་ཅིང་དྲི་མ་མེད། །ཡམ་ལག་བཅུ་གཉིས་ཚིག་རྣམས་ནི། །དེ་ཡི་སྣོད་ལ་དགོང་པར་བྱ། །བྱང་ཆུབ་སེམས ་དཔའ་སྐྱོབ་རྣམས་དང། །སངས་རྒྱས་རྣམས་ཀྱི་དམ་ཚིག་ནི། །སངས་རྒྱས་རྣམས་དང་ཉན་ཐོས་དང། །འཇིག་རྟེན་རྣམས་ཀྱིས་བསྐུར་བ་ཡིན། །གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང། །དཀྱིལ་འཁོར ་ཀུན་ལ་དབང་པ་ཡིན། །སྔགས་པ་དེ་ནི་ར་དང་འདྲ། །དམ་ཚིག་ཅེས་ནི་གཞན་མི་བྱ། །ཅེས་གསུངས་པ་ལྟ་བུ་ཡིན་ནོ། །འདིའི་དོན་ནི་ཀུན་ཏུ་བསླབས་པའི་སྔགས་པ་ནི། །གསང་བའི་དཀྱིལ་འཁོར་ལ་གནས་པས། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་སྙིང་པོའི་སྙིང་པོ་ཅན་ལ་སོགས ་དཀྱིལ་འཁོར་བྲི་བའི་ཆོ་ག་དང། །རིག་སྔགས་དང་གསང་སྔགས་ཐམས་ཅད་བསྒྲུབ་པའི་ཡན་ལག་གི་ཆོ་ག་དག་ལས། ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས། ཅི་ནུས་སུ་ནན་ཏན་དུ་བསླབས་པ་ཞེས་བྱ་བར་དགོངས་པ་ཡིན་ནོ། །དེའི ་ཚེ་སློབ་མའི་སྡིག་པ་ཀུན། །ཆོ་ག་བཞིན་དུ་བསྲེག་པར་བྱ། །ཞེས་བྱ་བ་ལ་འདིར་སྡིག་པ་ཞེས་བྱ་བའི་སྒྲ་ནི་འདིར་ནི་མི་འདོད་པའི་ལས་ཀྱི་བག་ཆགས་ངན་སོང་བ་ཡིན་པར་དགོངས་པ་ཡིན་ནོ། །དེ་སྲེག་པ་ནི་སློབ་མའི་རྒྱུད་ལས་བསལ་བ་ཡིན་ནོ། །དེ་ལ་དགོངས་པ་ནི ་སློབ་མའི་སྙིང་གར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་དགོང་པ་དད་དེའི་དོན་སེམས་པའི་སྒོ་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བརྟག་པར་བྱ་ཞིང་སློབ་མ་ཡིས་ཀྱང་དེ་བཞིན་ཉིད་དུ་བདག་ཉིད་ལ་མོས་པར་བྱ་སྟེ། དེའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མོས་པ་ནི་མི་འདོད་པའི་ལས་ཀྱི་བག ་ཆགས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས། སྡིག་པ་ཀུན་ཆོ་ག་བཞིན་བསྲེག་པར་བྱ་ཞེས་བཤད་པ་ཡིན་ནོ། །དེའི་འཚོ་བའང་བསྲེག་པར་བྱ་ཞེས་བྱ་བ་ལ་འཚོ་བ་ནི་རང་གི་ལུས་ལ་བྱ་སྟེ། དེ་བས་ན་དགོངས་པ་ནི་ཆོས་ཀྱི་དབྱིངས་སུ་མོས་པ་སྡིག་པའི་བག་ཆགས་ཀྱི ་གཉེན་པོ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་རང་གི་ལུས་སུ་སྣང་བའི་གཉེན་པོ་ཡང་ཡིན་ནོ་སྙམ་པ་འདི་ཡིན་ནོ། །ཅི་ནས་སླར་ཡང་མི་སྐྱེ་བར་ཞེས་བྱ་བ་ནི་སློབ་དཔོན་དང་སློབ་མ་དག་ཆོས་ཀྱི་དབྱིངས་སུ་ཤིན་ཏུ་མོས་པ་སྟོན་པར་བྱེད་དོ། །བསྲེགས་ཏེ་ཐལ་བར་གྱུར་ནས་ཀྱང། ། ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་སྙིང་གར་དབོང་པ་དེའི་དོན་སེམས་པའི་སྒོ་ནས་སློབ་མ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རཾ་ཞེས་བྱ་བ་སྙིང་གར་བཀོད་པ་འབར་བའི་ཕྲེང་བས་འཁྲིགས་པ་དེ་ཁོ་ནས་སློབ་མ་ཐལ ་བར་རླག་པ་ཡང་རྣམ་པར་བསམ་པར་བྱ་བ་འདི་སྟོན་པར་བྱེད་དོ། །དེ་ནི་སླར་ཡང་གསོ་བར་བྱ་ཞེས་བྱ་བ་ནི་ཡང་རང་གི་ལུས་སུ་སྣང་བར་བྱའོ། །སྙམ་དུ་དགོངས་པ་ཡིན་ནོ། །དེའི་འཚོ་བའང་བསྲེག་པར་བྱ་ཞེས་གང་གསུངས་པ་གང་གིས་བསྲེག་པར་བྱ་བ་མ་གསུངས་པས ་དེའི་ཕྱིར། ཡི་གེ་ཡིས་ནི་མི་འགྱུར་བསྲེར་བྱ་བ་གསུངས་ཏེ། དེ་ལ་ཡི་གེ་ཡིས་ཞེས་བྱ་བ་ནི་རཾ་ཞེས་བྱ་བ་མེའི་དཀྱིལ་འཁོར་ལ་གནས་པས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །མི་འགྱུར་བསྲེག་ཅེས་བྱ་བ་ནི་ངོ་བོ་ཉིད་ལས་མི་འགྱུར་བས་ན་མི་འབྱུང་བའོ། །བསྲེགས་པ་ནི་ལེགས ་པར་བསྲེག་ཅེས་བཤད་པ་ཡིན་ནོ། །ད་ནི་སླར་ཡང་གསོ་བར་བྱ་ཞེས་བཤད་ཀྱི། ཇི་ལྟར་གསོ་བར་བྱ་བ་ནི་མ་བཤད་པས་དེའི་ཕྱིར། འཚོ་བས་སླར་ཡང་གསོ་བར་བྱ་ཞེས་གསུངས་སོ། །དེ་ལ་འཆོ་བ་ཞེས་བྱ་བ་ནི་འདིར་ཨ་ཞེས་བྱ་བ་ཡི་གེ་ཐམས་ཅད་ཀྱི་འཚོ་བ་ཡིན་པར ་བཤད་དེ། ཇི་སྐད་དུ། ཨ་ཞེས་བྱ་བ་འཚོ་བར་བཤད། །ཀུན་ཏུ་གཙོ་བོ་དང་འཕྱུག་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན། དེའི་ཕྱིར་ཨ་ཞེས་བྱེ་བས་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབ་པར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཚོ་བས་ཐམས་ཅད་གསོ་བ་ནི། ་ཀུན་དག་ཅིང་དྲི་མ་མེད། །ཅེས་བྱ་བ་གསུངས་ཏེ། འདི་ནི་གདན་ན་པདྨ་ལ་བཞུགས་པའི་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །པདྨ་དེའི་འདབ་མ་དག་ལ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་འབྱུང་བར་བསམ་པར་བྱ་སྟེ། དེའི་ཕྱིར་ཡན་ལག་བཅུ ་གཉིས་ཚིག་རྣམས་ནི། །དེའི་སྣོང་ལ་དགོང་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྣོང་ནི་འདིར་སྟན་ཡིན་པར་བཤད་དོ། །དེ་ལྟ་བས་ན་རིམ་པ་འདིས་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྲུབ་པ་གང་ཡིན་པ་དེ་ཉིད་འདིར་མི་རུང་བའི་དོན་ཏམ་རྟོགས་པར་བྱ་བའི་དོན་གྱིས་དམ་ཚིག་ཡིན་ནོ། ། ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་སྐུར་མོས་པར་བྱས་བའི་དམ་ཚིག་གང་ཡིན་པ་འདི་ནི་དམ་ཚིག་ཅན་གྱིས་བཀུར་ཞིང་མངོན་པར་འདོད་པ་ལ་འདའ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྐྱོ་བ་རྣམས་དང། ་སངས་རྒྱས་རྣམས་ཀྱི་དམ་ཚིག་འདི། །སངས་རྒྱས་རྣམས་དང་ཉན་ཐོས་དང། །འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ཀྱི་སྐུའི་མཚན་ཉིད་ཀྱི་དམ་ཚིག་འདི་ཡང་གསང་བའི་དཀྱིལ་འཁོར་གྱི་ནང་ཁོ་ནར་བྱིན་གྱིས་བརླབ་པའི ་དམ་ཚིག་ཞེས་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །ཞེས་བྱ་བ་གསུངས་སོ། །གསང་བའི་དཀྱིལ་འཁོར་གྱི་ནང་དུ་བྱས་པའི་དམ་ཚིག་འདིའི་ཕན་ཡོན་བསྟན་པའི་ཕྱིར། ་རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །ཞེས་བྱ་བ་གསུངས་ཏེ་དེ་ལ་རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང། ཞེས་བྱ་བ་འདི་ནི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་དག་ཏུ་དམ་ཚིག་ཅན་དག་ཏུ་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། ། ་དཀྱིལ་འཁོར་ཀུན་ལ་དབང་བ་ཡིན་ཞེས་བྱ་བ་ནི། རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་ཀུན་ལ་དབང་བ་ཡིན་ཞེས་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་རོ་ཞེས་བཤད་པར་འགྱུར་རོ། །གོང་དུ་འཚོ་བས་ཐམས་ཅད་གསོས་པ་ནི། །ཀུན་ཏུ་དག ་ཅིང་དྲི་མ་མེད། །ཅེས་བཤད་པའི་ཚིག་འདི་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བྱའོ་ཞེས་གསལ་བར་ཀུན་ཏུ་མ་བསྟན་པས། སྔགས་པ་དེ་ནི་ར་དང་འདྲ། །དམ་ཚིག་ཅན་ནི་གཞན་མི་བྱ། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་སློབ་མ་དེས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ཀྱི་སྐུར་བསྒེམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། ང?་ནི་དབང་བསྐུར་བའི་རིམ་པ་ཀུན་ནས་བཏུ་བར་བྱ་སྟེ། དེ་ལ་དབང་བསྐུར་བའི་སྒྲའི་དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ལྷ་བྲིས་པ་རྣམས་ཀྱི་མདུན་དུ་ཤེས་པར་བྱ་བའི་ཁྲུས་གང་ཡིན་པ་དེ་ནི་དབང་བསྐུར་བ་ཞེས་བྱ་བའི་ཚིག་གི་དོན་ཡིན་ནོ། ། ་དབང་བསྐུར་བ་དེ་ཡང་སློབ་མ་ཇི་ལྟ་བུ་ཞིག་ལ་བྱ་བ་དང། ཇི་ལྟར་བྱ་བ་དང། ཅིའི་ཕྱིར་བྱ་བཞེས་བྱ་བ་འདི་གསུམ་བརྗོད་པར་བྱ་སྟེ། དེ་ལ་རྒྱུད་འདི་ལས་དབང་བསྐུར་བར་འོས་པའི་སློབ་མ་གཉིས་ཀྱི་མཚན་ཉིད་གསུངས་ཏེ། འདི་ལྟ་སྟེ། དམ་ཚིག་གི་དཀྱིལ་འཁོར་མཐོང་བ་བྱང་ཆུབ ་ཀྱི་སེམས་ལེགས་པར་གོམས་པར་བྱས་བ་ཉིད་ཀྱིས་ཤེས་རབ་ཟབ་མོ་དང་ལྡན་པ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཤིན་ཏུ་རྣམ་པར་ངེས་པས་རིག་སྔགས་དང་གསང་སྔགས་དང། རྒྱུད་དང་རྟོག་པ་ལ་སོགས་པའི་དོན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ ་ཆུད་པ་ཐེག་པ་ཆེན་པོའི་ཚུལ་ཟབ་མོ་ལ་མོས་བ་ལས?་བྱུང་བའི་བློས་མོས་པ་ཤིན་ཏུ་བརྟན་པར་བྱས་པའི་སློབ་མ་འདི་ནི་དབང་བསྐུར་བར་འོས་པ་གཅིག་ཡིན་ནོ། །གཉིས་པ་ནི་དམ་ཚིག་གི་དཀྱིལ་འཁོར་མཐོང་བ་དེ་བཞིན་དུ་རིག་སྔགས་དང་གསང་སྔགས་དང་རྒྱུད་དང་རྟོགས་པ་དག ་ལ་ཐོས་པ་དང་བསམ་པ་གོམས་པས་སེམས་ཀྱི་རྒྱུད་ཤིན་ཏུ་དྲི་མ་མེད་པར་བྱས་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་དུ་མ་གྱུར་པའི་ཕྱིར། དམིགས་པ་ཅན་ཉིད་ཀྱིས་ཕྱིའི་བྱ་བ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་གཉིས་ཀྱི་མཚན་ཉིད་ཀྱང་རྒྱུད་འདི་ལས་སློབ་དཔོན ་རབ་ཏུ་དབྱེ་བ་བསྟན་པ་ཁོ་ན་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལས་ནི་སློབ་མ་ཤེས་རབ་ཟབ་མོ་ལ་མོས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དག་བྲི་བར་བྱ་བའི་སློབ་དཔོན་ཉིད་དུ་དབང་བསྐུར་བར་བྱ་བ་ནི་གཅིག་ཡིན་ནོ། །དེ་ལས་གཞན་པ་ནི་འཇིག་རྟེན ་པའི་དཀྱིལ་འཁོར་གྱི་སློབ་དཔོན་དུ་དབང་བསྐུར་བར་བྱ་བ་ཡིན་ནོ་ཞེས་བཤད་དོ། །ཇི་སྐད་དུ། གསང་སྔགས་ཕྱག་རྒྱ་རྟོག་ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཞེས་བྱ། །ཟབ་དང་མི་ཟབ་བྱེ་བྲག་ལས། །དེ་ཡི་མཚན་ཉིད་ཤེས་པར་བྱ། །ཟབ་མོ་རྒྱ ་ཆེན་ཤེས་པར་བྱ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། །སངས་རྒྱས་རྣམས་ཀྱིས་རས་མཆོག་སྟེ། །མཐོང་བའི་ཆོས་ནི་རྣམ་པར་སྤངས། །གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས། །མོས་པར་གྱུར་པ་དམིགས་པ་ཅན། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །འཇིག་རྟེན་པའི ་དཀྱིལ་འཁོར་ཀུན། །དེ་ཡིས་བྲི་བར་བྱ་བའི་ཕྱིར། །རྗེས་སུ་གནང་ཞིང་དབང་ཡང་བསྐུར། །ཞེས་བསླུངས?་པ་ལྟ་བུ་ཡིན་ནོ། །འདིར་འཇིག་རྟེན་པའི་དཀྱིལ་འཁོར་ཀུན། །དེ་ཡིས་བྲི་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གོང་དུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཚེ་ན་དགྱེ་བ་ལ་སོགས་པའི ་བྱ་བ་ལ་ལྟོས་པ་དང་བཅས་པ་དང་ཁོ་ན་འཇིག་རྟེན་པ་ཞེས་བྱའོ་ཞེས་བྱའོ་ཞེས་བཤད་པ་ཡིན་ནོ། །དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དེ་མ་ཚིག་ཤེས་ལ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱར་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས ་དང་ཕྱག་རྒྱ་ཡོངས་སུ་གཟུང། །ཞེས་བཤད་པ་མ་ཡིན་ནམ། འདི་ལྟར་དམིགས་པ་དང་བཅས་བ་བྱང་ཆུབ་ཀྱི་སེམས་མ་གོམས་པ་ཉིད་ཀྱིས་སློབ་དཔོན་དུ་དབང་བསྐུར་བའི་གོ་སྐབས་སུ་འགྱུར། འདི་ལྟར་གང་ལ་ཕྱག་རྒྱ་དང་སྔགས་ཀྱང་མི་སྦྱིན་པའི་སློབ་མ་དམིགས་པ ་ལ་སྐྱོད་པ་དེ་ལ། ཇི་ལྟར་སློབ་དཔོན་དུ་དབང་སྦྱིན་པར་བྱ་ཞེས་བརྗོད་ཅེ་ན་འདི་ནི་ཉེས་པ་མེད་དེ་འདི་ལྟར་ཚིག་འདི་ནི་སྒྲུབ་པ་པོ་ལ་དགོངས་པས་བཤད་པར་བྱ་བ་ཡིན་ཏེ། །སློབ་མ་གང་ཞིག་སྔགས་ཀྱི་དངོས་སྒྲུབ་སྒྲུབ་པར་འདོད་པ་དེ་ལ་བྱང་ཆུབ་ཀྱི་སེམས་མ་གོམས་པར ་སྔགས་སྦྱིན་པར་མི་བྱའོ། །གང་ཞིག་དཀྱིལ་འཁོར་གྱི་སློབ་དཔོན་ཡིད་ཀྱིས་སེམས་ཅན་གྱི་དོན་བྱེད་པར་འདོད་པ་འམ་གསང་སྔགས་བཟླས་བརྗོད་བྱེད་པ་ལ་སོགས་པས་བསོད་ནམས་སྒྲུབ་པ་དེ་ལ་བྱང་ཆུབ་ཀྱི་སེམས་མ་གོམས་ཀྱང་སྔགས་སྦྱིན་པར་བྱའོ་སྙམ ་དུ་དགོངས་པ་ཡིན་ནོ། །དེ་ལྟ་བས་ན་ཡང་དག་པར་བརྗོད་པའི་ཡོན་ཏན་དང་ལྡན་པའི་སླེབ་མ་དམིགས་པ་ཅན་དང། དམིགས་པ་མེད་པ་གཉིས་ཀ་ལ་ཡང་དཀྱིལ་འཁོར་གྱི་སློབ་དཔོན་གྱི་དབང་བསྐུར་བར་བྱའོ་ཞེས་བྱ་བར་གནས་སོ། །དཀྱིལ་འཁོར་དེ་ཡང་གོང་དུ་འཇིག་རྟེན་པ་དང་འཇིག ་རྟེན་ལས་འདས་པའི་བྱེ་བྲག་གི་རྣམ་པ་གཉིས་སུ་བཤད་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་ཚོན་དགྱེ་པ་ལ་སོགས་པའི་ཕྱིའི་བྱ་བ་ལ་བལྟོས་པ་དང་བཅས་པ་དག་སྒྲུབ་པར་བྱེད་པ་དེའི་ཚེ་ནི་འཇིག་རྟེན་པའོ་ཞེས་ཐ་སྙད་འདོགས་སོ། ། ་འདི་ལྟར་རྒྱུད་འདི་ལས་གསང་སྔགས་མཉེས་པར་བྱ་བའི་ཡན་ལག་ཕྱིའི་བཟླས་བརྗོད་དང། སྦྱིན་སྲེག་དང་མཆོད་པ་ལ་སོགས་པ་སྒྲུབ་པར་གཞན་དག་བཤད་པའི་སྦྱིན་སྲེག་ལ་སོགས་པ་དེ་དག་གི་མཚན་ཉིད་ཀྱི་ཚིག་དག་ལ་ཡང་འཇིག་རྟེན་པའི་ཞེས་བཤད་དོ། །ཕྱིའི་མེ་ཏོག་ལ་སོཊ ་པའི་མཚམས་མ་བལྟོས་པ་དང་བཅས་པའི་ཕྱིར་རོ། །སྙམ་དུ་དགོངས་པ་ཡིན་ནོ། །གང་གི་ཆོ་སློབ?་དཔོན་གྱིས་སློབ་མ་སེམས་ཟབ་ཅིང་རྒྱ་ཆེ་བ་དང་སྐལ་བ་མཉམ་པ་རྣམས་ཁོ་ནའི་ཆེད་དུ། སྙིང་རྗེ་ཆེ་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དེ་ཉིད་དམ་དཀྱིལ་འཁོར་གཞན ་ཡང་རུང་སྟ།ེ་ཡིད་ཀྱི་བཤད་པ་མཚན་ཉིད་ཅན་ཡིད་ཀྱི་བསྒྲུབས་ཏེ་སློབ་མ་དེ་དག་ལ་དམ་ཚིག་སྦྱིན་པ་ལ་སོགས་པའི་བྱ་བ་ལ་འཇུག་པའི་ཚེ་ནི་རྒྱུད་འདི་ལས་དཀྱིལ་འཁོར་དེ་ཕྱིའི་བྱ་བ་ཚོན་དབྱེ་བ་ལ་སོགས་པ་ལྟོས་པ་དང་བཅས་པ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་ཞེས ་བཤད་དེ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་གོམས་པ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་ནི་ཁྱད་པར་མེད་པར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གཉི་ག་དྲི་བར་དབང་བསྐུར་བ་ཁོ་ནར་རྗེས་སུ་དཔག་ལ། སློབ་མའང་དམིགས་པ་ཅན་ནི་འཇིག ་རྟེན་པའི་དཀྱིལ་འཁོར་དག་ཁོ་ན་བྲི་བར་གནང་ངོ། །ཞེས་བྱ་བར་རྗེས་སུ་དཔག་གོ་།དབང་བསྒྱུར་བ་དེ་ཡང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དག་ཏུ་རྣམ་པ་གསུམ་དུ་བསྟན་ཏོ། །ཚུལ་འདི་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་སློབ་མ་དབང་བསྐུར་པ་རྣམ་པ་སུམ ་ཆར་ཡང་རིམ་གྱིས་ཐོབ་ནས་སློབ་དཔོན་གྱི་མཚན་ཉིད་ཡོངས་སུ་རྫོགས་བསྡན་པར་འགྱུར་རོ་སྙམ་པ་ཡིན་པར་མངོན་ནོ། །དེ་ལ་དཀྱིལ་འཁོར་སུམ་ཆར་ཡང་དབང་བསྐུར་བ་ནོང་པའི་རིམ་པ་འདི་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོར་སྙིང་རྗེ་ཆེན་པོ་ཅན་གྱི་དཀྱིལ་འཁོར ་བྲིས་པའི་མདུན་དུ། བྱང་ཆུབ་ཀྱི་སྙིང་པོ་དང་མཐུན་པར་བྱེད་པའི་དབང་བསྐུར་བའི་དཀྱིལ་འཁོར་བྲིས་པར་སློབ་མ་ཇི་ལྟར་རྩ་བའི་དཀྱིལ་འཁོར་དུ་འཇུབ་པའི་ཚེ། རྡོ་རྗེ་སེམས་དཔའ་ཨི་སྐུ་ཁོ་ནར་བྱིན་གྱིས་བརླབ་པ་ལྟ་བུ་ཁོ་ནས་སློབ་དཔོན་ཉིད་ཀྱིས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར ་རོ། །དེ་ནས་དམ་ཚིག་བསྦྲགས་པར་བྱ་སྟེ། འདིའི་སློབ་མ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པར་སྐུ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོར་དབང་བསྐུར་ཏེ། དང་པོ་ཡིན་པར་ཁོང་དུ་ཆུང་པར་བྱའོ། །དབང་བསྐུར་འདིའི་མཚན་ཉིད་ཀྱང། ། ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བསྟན་པ་ལས་གསུངས་ཏེ། གསང་བའི་བདག་པོ་དེ་ལ་སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དེ་བོར་ནས། ཕྱི་རོལ་གྱིས་ལ་དཀྱིལ་འཁོར་གཉིས་པ་གྲུ་བཞི་པ་སྒོ་གཅིག་པ་བྲི་བར་བྱའོ། །གྲཝ་བཞིར་རྡོ་རྗེ་འཛིན་པ་བཞིན ་དགོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྤྲོས་པ་མེད་པ་ལ་གནས་པ་དང། ནམ་མཁའ་དྲི་མ་མེད་པ་དང། དྲི་མ་མེད་པའི་མིག་དང། གོས་སྣ་ཚོགས་གོན་པ་རྣམས་སོ། །དབུས་སུ་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཟེབ་དང་བཅས་པ་བཞག་སྟེ། འདབ་མ་བཞི་ལ་བྱང་ཆུབ་སེམས ་དཔའ་གྲོགས་སུ་གྱུར་པ་སྔོན་གྱི་སྨོན་ལམ་གྱི་མཐུ་ཅན་བྲི་བར་བྱ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང། དྲན་པ་དང་ཤེས་བཞིན་ཅན་དང། ཕན་པའི་ལྷག་པའི་བསམ་བ་ཅན་དང་སྙིང་རྗེ་ཅན་ནོ། །འདབ་མ་གཞན་རྣམས་ལ་ནི་ཕྱག་བརྙན་བཞི་བྲིས་ཏེ། བཞི་གང་ཞེ་ན་འདི་ལྟ་ལེའུ? ་སེམས་ཀྱི་ཁྱད་པར་ལ་སྦྱོད་པ་དང། འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང། མ་ཆགས་པ་དང་རྣམ་པར་གྲོལ་བའོ། །དབུས་སུ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་གཟུགས་བཞག་སོ། །དེ་ནས་རིན་པོ་ཆེའི་བུམ་པ་བཞི་རིན་པོ་ཆེ་དང་སྨན་ཐམས་ཅད་བླུགས་པ ་ཀུན་ཏུ་བཟང་པོ་དང་བྱམས་པ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ངན་སོང་ཐམས་ཅད་སྤོང་པ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །པདྨ་དམ་པ་དེ་ལ་ནི་སྤགས་པས་བདག་གིས་དེ་བཞག་ནས། སྤོས་དང་མེ་ཏོག་གིས་མཆོད་ནས། ། ་མར་མེ་མཆོད་ཡོན་སྦྱིན་པར་བྱ། །གདུགས་དང་རྒྱལ་མཚན་བདན་དང། །རྔ་སྒྲ་ཡིད་དུའོང་བ་དང། །བཀྲ་ཤིས་རྒྱ་ཆེན་སྙན་པ་ཡིས། །ཚིག་གིས་ལེགས་པར་མངོན་དགའ་བྱ། །སྐྱོབ་པ་རྣམས་ཀྱི་སྦྱན་སྔ་རུ། །དེ་ནི་བསྒྲིམས་ཏེ་དབང་བསྐུར་རོ། །སྤོས་དང་མེ་ཏོག་བཟང་པོ་ཡིས། ། ་དེ་ལ་ཡང་ནི་མཆོད་པར་བྱ། །དེ་ནས་གསེར་གྱི་ཐུར་མ་ནི། །ཐོགས་ཉེ་མདུན་དུ་འདུག་ནས་སུ། །བློ་བ་མའི་སྙིང་ལ་འབབ་པའི་ཚིག་།འདི་སྐད་དུ་ནི་སྨྲ་བར་བྱ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །མིང ་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་བཤད་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དངས་ཤིང་དག་ལ་རྙོབ་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་འབྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་པ ་མེད། །དེ་ལྟར་ཆོས་རྣམས་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཏང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་རྐང་བའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་གཞག་པར་བྱ། །དེ་ནས་ལག་བ་གཡས་པར་ཡང། །ཤིན་ཏུ་བཟང་པོའི་དུང་བྱིན་ཏེ། །ཆོས་ཀྱི་དུང་ནི་བླ ་མེད་པ། །ཀུན་ཏུ་རྒྱས་པར་བུས་ནས་ཀྱང། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོང་པ་རྣམས་ཀྱི་འཁོར་ལོ་བསྐོར། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱོད་པ་ཚུལ་གྱི་མཆོག། །འཇིག་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས ་ན་སངས་རྒྱས་ལ། །ཕན་འདོགས་བྱས་པ་གཟོ་ཞེས་བྱའོ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང། །ཁྱོད་ལ་རྣམ་བ་ཀུན་ཏུ་བསྲུང། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་རིན་པོ་ཆེའི་བུམ་པ་བཞི་ཞེས་བྱ་བ་ནི། རིན་པོ་ཆེ་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་སྔོན་པོ་སྣང ་བ་ལས་བྱས་པའམ། དེ་དང་མཐུན་པར་ཁམ་པ་ལ་བྱས་པ་དག་སྙམ་དུ་དགོངས་པ་ཡིན་ནོ། །བུམ་པ་ཀུན་ཏུ་བཟང་པོ་དང། །བྱམས་པ་དང། སྒྲིབ་པ་རྣམ་པར་སེལ་པ་དང། ངན་སོང་ཐམས་ཅད་སྤོང་པ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ཞེས་བྱ་བ་ནི། ་བྱང་ཆུབ་སེམས་དཔའ་སྐལ་ལྡན་དེ་དག་གིས་མིང་དོན་དང་མཐུན་པ་དག་ཁོ་ནས་བུམ་པ་བཞིའི་དབང་བསྐུར་བར་དགོངས་པར་བཤད་པ་ཡིན་ཏེ། འདི་ལྟར་ངན་སོང་བའི་ལས་ཐམས་ཅད་ཟད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ངན་སོང་ཐམས་ཅད་སྤོང་བས་བྱིན་གྱིས ་བརླབས་པའི་བུམ་བས་དབང་བསྐུར་རོ། །དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་རྣམ་པར་གཞོན་པའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་བུམ་པས་དབང་བསྐུར་རོ། །དེའི་ཕྱིར་དབང་བསྐུར་བ་འདི་དག་གཉིས་ནི་འཁོར་བའི་ཉེས་པ་ཐམས་ཅད་རྣམ་པར་བཟློག་པའི ་ཕྱིར། ལས་དང་ཉོན་མོངས་པ་ཐམས་ཅད་འཇོམས་པའི་གཉེན་པོའི་ས་བོན་བཏབ་པ་ཡིན་ནོ། །ཀུན་ཏུ་བཟང་པོའི་ཕྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་བས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་གནས་སྐབས་ཀྱི་ས་བོན་བཏབ་པ ་ཡིན་ནོ། །བྱམས་པས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་བས་ནི་རྒྱལ་ཚབ་ཀྱི་ས་ཐོབ་པའི་ས་བོན་བཏབ་པ་ཡིན་ནོ། །དེའི་ཕྱིར་དབང་བསྐུར་བ་འདི་གཉིས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གོ་འཕང་འཐོབ་པའི་རྒྱུའི་ས་བོན་བཞག་པ་བྱས་པ ་ཡིན་ནོ། ཞེས་བྱ་བར་ལྟ་བར་བྱའོ། །དེའི་ཕྱིར་སློབ་དཔོན་གྱི་རིམ་པའི་ཉིད་ཀྱིས་དུམ་པ་དག་གིས་དབང་བསྐུར་བར་བྱ་ཞིང། དོན་དེ་ལྟ་བུ་དང་ལྡན་པའི་ཚིག་དག་གིས། མངོན་པར་དགའ་བ་སྔོན་དུ་འགོར་བ་བསྡོད་པའི་བུམ་པས་དབང་བསྐུར་བར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ ་དེ་ལྟར་དབང་བསྐུར་བའི་སློབ་མ་ཡང་རྩ་བའི་དཀྱིལ་འཁོར་གྱི་ནང་དུ་བཅུག་སྟེ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དོན་དུ། གོང་དང་མཐུན་པར་བྱས་ན་སྔགས་རྣམས་མཉེས་པར་བྱས་པ་དང། དཀྱིལ་འཁོར་ནམས་བྲི་བར་བྱ་བ་ལ་དབང་བསྐུར་བར་འགྱུར་བ་ལ་ལུས་དང་དག ་དང་ཡིད་ཀྱིས་བསླབ་པ་དགེ་བ་དང། མི་དགེ་བ་ལ་འཇུག་ཅིང་ལྡོག་པའི་ངོ་བོ་དམ་ཚིག་ཅེས་བྱ་བ་ནོད་དུ་གཞུག་གོ་།བསླབ་པ་དེ་ནི་འདིས་དངོས་གྲུབ་ལ་སོགས་པ་ཀུན་ནས་ཐོབ་པར་འགྱུར། རྟོགས་པར་འགྱུར་པས་རྒྱུད་འདི་ལས་དམ་ཚིག་ཅེས་བཤད་དོ། །དེ་ཉིད་འདའ་བར་མི ་རུང་བའི་དོན་གྱིས་ཀྱང་དམ་ཚིག་ཅེས་བྱ་བར་སྟན་ཏོ། །དམ་ཚིག་དེ་ནོད་པའི་ཆོ་ག་ནི། དེ་ནས་སློབ་མ་དེ་བསླང་ལ། །སྔགས་པ་སྙིང་རྗེར་གྱུར་པ་ཡིས། །ཡིད་ཀྱི་ནད་དུ་བཅུག་ནས་ནི། །དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཆད་ཁྱོད་ཀྱིས་ནི། །དམ་པའི་ཆོས་དང་བྱང ་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱི་སེར་སྣ་དང་ནི་གང། །སེམས་ཅན་གནོད་པར་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། ཇི་ལྟར་བདག་སྲོག་བསྲུང་བ། །ད་ལྟར་ཁྱོད་ཀྱིས་འདི་དང། ་བསྲུངས། ཞེས་བྱ་བ་གསུངས་པ་ཡིན?། །སློབ་དཔོན་གྱི་དམ་ཚིག་བསྒོམ་པ་དང། སློབ་མས་ཁས་བླང་བའི་ལུང་ནི། །སློབ་མས་བླ་མའི་རྐང་པ་ལ། །དང་ཅིང་གུས་པས་ཕྱག་བྱས་ནས། །ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི། །དེ་དག་ཐམས་ཅད་ཁས་བླང་ངོ། ཞེས་གསུངས་པ་ཡིན་ནོ། ། ་དེ་ལྟར་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ན་ནོས་པའི་སློབ་མ་དེའི་འོག་ཏུ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བྲིས་པ་དེའི་མདུན་དུ་དབང་བསྐུར་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡི་གེས་ས་བོན་བྱས་པའི་པདྨ་ཅན་གྱི་དཀྱིལ་འཁོར་བྲིས་པར ་འདུག་ཏུ་བཅུག་ལ། སློབ་མ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འོག་ནས་འབྱུང་བའི་རིམ་གྱིས་ཡི་གེ་དགོད་པ་སྔོན་དུ་འགྲོ་བ་ཅན་གྱི་སྐུར་བྱིན་གྱིས་བརླབས་ཏེ། རིན་པོ་ཆེ་སྣ་བཞིའི་བུམ་པ་སྔ ་མ་བཞིན་དུ། བྱང་ཆུབ་སེམས་དཔའ་ཆེན་པོའི་སྔགས་ཀྱིས་བཏབ་པ་དག་གིས་དབང་བསྐུར་བར་བྱའོ། །དེ་ནས་ཡང་འོག་ནས་འབྱུང་བའི་རིམ་གྱིས་ཨཾ་ཞེས་པ་ལ་སོགས་པའི་ཡི་གེ་དགོད་པའི་སྒོ་ནས། རྣམ་པར་སྣང་མཛད་ཀྱི་སྐུ་རྫོགས་པར་མོས་པ་བྱ་སྟེ། ཇི་སྐད་དུ། ་གསང་བའི་བདག་པོ་དེ་ལ་སློབ་དཔོན་གྱིས་བདག་ཉིད་དེ་བཞིན་གཤེགས་པའི་གཟུགས་སུ་དེའི་སྔགས་སམ་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་རྣམས་བོས་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་པདྨའི་རྒྱལ་པོ་ཞེས་བྱ་བ་ལ་བཞག་སྟེ། ་ཡན་ལག་ཀུན་འབྱུང་བའི་ཕྱག་རྒྱ་བཅིངས་ལ་བྱང་ཆུབ་སེམས་དཔའ་བཞིའི་ཕྱག་རྒྱ་བྱིན་གྱིས་བརླབས་པའི་རིན་པོ་ཆེ་སྣ་བཟིའི་བུམ་པའི་རྡུལ་ཆོས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། ། ནི་ཀླད་ཀོར་བཅས་པ་རུ། །མཁས་པས་སྤྱི་བོར་བཞག་ནས་ནི། ། ཞེས་བྱ་བ་སྙིང་ཁར་བཞག། ་བཞེས་བྱ་བ་བྲང་དུ་བཞག་།ཡང་ན་ཨ་ནི་ཀུན་ཏུ་བཞག་།གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དང་ནི་དབུ་རྒྱན་ཅན། །པདྨ་དཀར་པོའི་གདན་ལ་བཞུགས། །རྒྱལ་བའི་མཆོག་ནི་རིང་འཛིན་གནས། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་པདྨ་ལ ་དབང་བསྐུར་བའི་དགོངས་པ་ནི། ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་སྟོང་པ་ཡིན་ནོ། །དེ་བརྗོད་པར་འགྱུར་བའི་ས་བོན་ནི་རྒྱུད་འདི་ལས་ར་ཞེས་བྱ་བར་བཤད་པ་ཡིན་ནོ། །དེས་མཆོན་པའི་པདྨ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པར་བཤད་དོ། །དེ་ལ་འདུག་པའི་སློབ་མལ ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། ཇི་ལྟར་ཆོས་ཀྱི་དབྱིངས་ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དེ་ལྟར་འདིར་དབང་བསྐུར་བའི་སློབ་མ་ལ་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་གཉིས་ཐོབ་པའི་ས་བོན་དང་ལྡན་ལ་ཡང་རིམ་གྱིས་སྐུ་གཉིས་ཐོབ་ནས། སེམས་ཅན་ཕྱི ་དོན་གྱི་རྗེས་སུ་ཆགས་པའི་ཆོས་སྟེན་ཀྱང། ཆོས་ཀྱི་དབྱིངས་ལྟ་བུར་ཉེས་པ་ཐམས་ཅད་ཀྱིས་མ་གོས་པར་འགྱུར་རོ་སྙམ་པ་འདི་ཡིན་ནོ། །དེ་བཞིན་དུ་གསང་བའི་དཀྱིལ་འཁོར་བྲིས་པར་བཤད་པའི་ཆོ་གས་བཅུག་ལ། དེའི་ནང་དུ་བཞག་སྟེ། ཡི་གེ་ཡིས་ནི་མི་འགྱུར ་བསྲེང། །ཅེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྤོམ་པའི་ལུང་གིས། ཆོས་ཀྱི་སྐུའི་དབང་བསྐུར་བས་དབང་བསྐུར་བར་བྱ་བ་འདི་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བའི་དབང་བསུར་བ་སྟེ་གསུམ་པ་ཡན་པར་བལྟའོ། །འདི་ལྟར ་གསང་བའི་དཀྱིལ་འཁོར་ལས་དབང?་བསྐུར་བའི་དཀྱིལ་འཁོར་ཇི་སྐད་བཤད་པ་ལྟ་བུ་བྲིས་པ་ཡང་མ་སྨོས་ལ་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གཞན་ཡང་ཡང་དག་པར་མ་བསྟན་གྱི་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཕན་ཡོན་བསྟན་པའི་སྐབས་སུ། །གསང ་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །ཞེས་བྱ་བ་འདི་གསུངས་སོ། །དཀྱིལ་འཁོར་ཀུན་ཞེས་བྱ་བ་ནི། །འདིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་གཟུང་ངོ། ། ་དེ་དག་ལ་དབང་བ་ནི་བྲི་བ་དང། ལུང་འབོག་པ་ལ་སོགས་ཏེ། དེ་ཡང་ཤུགས་ཀྱིས་སློབ་དཔོན་གྱིས་དབང་བསྐུར་བ་རྣམས་ཐོབ་ནས། འཐོབ་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་གྱི་ནང་དུ་བཅུག་པའི་ཚེ། ཏིང་ངེ་འཛིན་བསྒོམ་པའི་ལུང། ཡི་གེ ་ཡིས་ནི་མི་འགྱུར་བསྲེག་།ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན། སློབ་མ་དང་སློབ་དཔོན་བདག་ཉིད་ཀྱིས་ཡི་གེས་ལུས་བསྲེག་པའི་རིམ་གྱིས། སློབ་མ་ཆོས་ཀྱི་སྐུར་བསམ་པ་གང་ཡིན་པ་འདི་ཉིད་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་པར་རྗེས་སུ་དཔག་གོ། ་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་འདིའི་མཚན་ཉིད་ཀྱང་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་ཁོ་ནར་བསྟན་པར་བྱའོ། །དཀྱིལ་འཁོར་སུམ་ཆར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་བཤད་ཟིན་ཏོ། །ཇི་ལྟར་ན་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང། ཡི་གེ་འཁོར ་ལོ་བསྐོར་བའི་དཀྱིལ་འཁོར་དུ་བྱིའི་དབང་བསྐུར་བ་གཉིས་བཤད་པ་ཡིན་ནོ། །དབང་བསྐུར་བདེ་གཉིས་དབང་བསྐུར་བའི་ཕྱིར། ཡོ་བྱད་རྣམས་འབྱོར་ཀྱང་རུང། མ་འབྱོར་ཀྱང་རུང་སྟེ། ཟབ་ཅིང་རྒྱ་ཆེ་བ་ལ་སྤྱོད་པའི་སློབ་མ་ལ་ཡིད་ཀྱིས་དབང་བསྐུར་བ་འདི་གཉིས་བཤད ་དོ། །དེ་ལ་ཡིད་ཀྱི་དབང་བསྐུར་བའི་ཆོ་ག་ནི། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ནི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བྲིས་པའི་མདུན་དུ་བཞག་ནས་ཅི་རིགས་པར་དཀྱིལ་འཁོར་གཉིས་སུ་དབང་བསྐུར་བའི་ཆོ་ག་ཡིད་ཀྱིས་བསྒོམས་ཏེ། འདི་སྐད་དུ། ངས་ཁྱོད་ཆོ་ག ་ཅི་ནུས་སུ་དབང་བསྐུར་ཟིན་གྱིས་གསང་སྔགས་ཀྱི་ཚུལ་ལ?་འཇུག་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ལྟ་བས་ན་ཡིད་ཀྱིས་དབང་སྐུར་བ་འདི་དང། འོག་ནས་འབྱུང་བའི་ཆོ་གས་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བ་དང། ་གོང་དུ་བཤད་པའི་ཕྱིའི་དབང་བསྐུར་བ་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །རྣམ་པ་འདི་གསུམ་གྱི་མཚན་ཉིད་ཀྱང་རྒྱུད་ལས་བཤད་དེ། དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །དེ་བས་ནན་ཏན་མཉན་པར་གྱིས། །ཕྱག་རྒྱ་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་སྤངས་པ ་སྟེ། །སྐྱོབ་པ་རྣམས་ཀྱིས་དབང་བསྐུར་བ། །དེ་ནི་མཆོག་སྟེ་དང་པོ་ཡིན། །གཉིས་པ་ལས་དང་བྱ་བ་ཡིས། །ཀུན་ནས་བསླང་བར་ཡང་དག་བཤད། །གསུམ་པ་ཡིད་ཀྱིས་ཤེས་བྱ་སྟེ། །ཡུལ་དང་དུས་ནི་སྤང་བའོ། །བླ་མ་ལེགས་པར་མགུ་བྱས་ན། །ཕན་པར་བྱེད་པ་གང ་སྨྲས་པ། །དབང་བསྐུར་འདི་ནི་མཆོག་ཡིན་པར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྒྲགས། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་སློབ་མ་ཕྱག་རྒྱས་གང་ཞིག་དབང་བསྐུར་བ་ཞེས་བྱ་བ་ནི་སློབ་མ་དབང་བསྐུར་བ་སྦྱིན་པར་འོས་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ ་འཁོར་རྣམ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བྲིས་པར་བཅུག་ལ་དཀྱིལ་འཁོར་གྱི་མདུན་དུ་གཞག་སྟེ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །ཁྱད་པར་དུ་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བྲིས་པའི་མདུན་དུ་དབང ་བསྐུར་བའི་ཚེ་ནི་དབང་བསྐུར་བ་སུམ་ཆར་ལ་ཡང་ཅི་རིགས་པར་སློབ་མ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཁོ་ནར་བྱིན་གྱིས་བརླབ་པར་བྱའོ། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་ནི། སློབ་མ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྐུ་ཉིད་དུ་བསྒོམས ་ནས་དབང་བསྐུར་བར་བྱའོ། །གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་ནི། སློབ་མ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཉིད་དུ་བསྒོམས་ནས། དཀྱིལ་འཁོར་དེར་བཅུག་སྟེ། དེ་ལས་བཤད་པའི་མཚན་ཉིད་ཅན་ཆོས་ཀྱི་སྐུའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ལ་སློབ ་མ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་སྐུ་ཐོབ་པར་བྱེད་པ་ཡིན་ནོ། །ཡི་གེ་འཁོར་ལོ་བསྐོར་བར་དབང་བསྐུར་བ་ནི་ཕྱིར། ལོངས་སྤྱོད་རྫོགས་པ་དང་སྦྲུལ་པའི་སྐུ་ཐོབ་པར་བྱེད་པ་ཡིན་ནོ། །གསང་བའི་དཀྱིལ ་འཁོར་དུ་དབང་བསྐུར་བ་གང་ཡིན་པ་དེ་ནི་འདིའི་ཆོས་ཀྱི་སྐུ་ཐོབ་པ་ཡིན་པར་ལྟའོ་ཞེས་སྔར་བཤད་པ་ཡིན་ནོ། །དེ་ལ་འདི་ལ་བྱང་ཆུབ་ཀྱི་སྙིང་པོའི་སྐུ་ལ་སོགས་པ་ལ་འཇུག་པའི་མཚན་ཉིད་བཤད་པ་ནི། ད་ནི་འཇིག་རྟེན་དང་པོ་ཡི། །འཇིག་རྟེན་མགོན་ནོས་བསྒྲགས་པ ་ཡིན། །བླ་མེད་གཟོད་ནས་ཞི་བ་ནི། །མཉམ་པ་མེད་པའི་ཆེས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས། བྱིན་གྱིས་བརླབས་པ་གང་གིས་བྱིན་དུ་བརླབས་ནས། བྱང་ཆུབ་སེམས་དཔའ་དེ་རྣམས་དང། རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ་ནམ་མཁའ་བཞིན་དུ་སྤྲོས་པ་མེད་པ། སྤྱོད་པ་ལ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་མཚན་ཉིད་ལས་ཀྱི་རྣམ་པར་སྨིན་པ་བཞིན་དུ་མཐོང་བར་གྱུར་པ་དེ་ལྟ་བུའི་བྱིན་གྱིས་བརླབས་པ་མཛད་དོ་ཞེས་གང་གསུངས ་པ་ཡིན་ཏེ། དེ་ལ་ང་ནི་འཇིག་རྟེན་དང་པོའི་ཆེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི། བདག་ཉིད་ལོངས་སྤྱོད་རྫོགས་པ་དང། སྤྲུལ་བའི་སྐུ་གཉིས་ཀྱིས་འཇིག་རྟེན་ལ་ཆོས་སྟོན་པར་མཛད་པ་ཉིད་དུ་སྟོན་པར་བྱེད་དོ། །དེ་ལ་དང་པོ་འབྱུང་བའི་འཇིག་རྟེན་ནི་འཇིག་རྟེན ་དང་པོ་སྟེ། མུ་སྟེགས་བྱེད་ཁྱབ་འཇུག་དང། ལྟ་ཆེན་པོ་དང། ཚངས་པ་ལ་སོགས་པའི་ཡིན་ཏེ། འཆགས་པའི་བསྐལ་པ་དང་པོ་ཉིད་དུ་བྱུང་བའི་ཕྱིར་རོ། །འཇིག་རྟེན་དང་པོ་དེ་དག་གི་ནང་ན་ང་ནི་འཇིག་རྟེན་གྱི་མགོན་ཡིན་ནོ། །ཁྱོད་ཇི་ལྟར་འཇིག་རྟེན་མགོན་པོ་ཡིན་ཞེ་ན། ་བཤད་པ་ནི། ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ཆོས་བླ་ན་མེད་པ་གཟོད་མ་ནས་ཞི་བ། མཉམ་པ་མེད་པ་སྟོན་པས་ཞེས་བྱ་བའི་དོན་ཡིན་ནོ། །དེ་བསན་དགོངས་པ་ནི་དེ་དག་གི་ལམ་ཟག་བ་དང་བཅས་ཤིང་དམིགས་པ་དང་བཅས་པ་སྟོན ་བར་བྱེད་བ་ཉིད་ཀྱིས་ཡང་དག་པར་འཇིག་རྟེན་སྐྱོང་བ་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པར་མཐོང་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རྣམས་དང། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ལ་འཇུག་པ་སྟོན་ཏོ། །འདི་ལྟར་དང་པོར་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་ལ་འཇུག་པར། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག ་དང། གསང་བའི་བདག་པོ་ལ་སོགས་པའི་རྡོ་རྗེ་འཛིན་པ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་དུ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི ་ཟད་པའི་མཇོད་རྣམ་པར་བསྒྱིངས་པ་ལ་བཞུགས་ཏེ། ཞེས་བྱ་བའི་གཞུང་འདིས་བསྟན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་བ་ལ་སོགས་པ་མཐོང་བས། ཡོན་ཏན་གྱི་ཁྱད་པར་རྫོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མངོན་པར་རྫོགས ་པར་བྱང་ཆུབ་པའི་སྐུ་མཐོང་བའི་ལམ་དུ་གྱུར་པ་དེ་རྣམས་ཀྱིས་ཤེས་པར་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་ང་ནི་འཇིག་རྟེན་དང་པོ་ཡི། །འཇིག་རྟེན་མགོན་ཞེས་བསྒྲགས་པ་ཡིན། །བླ་མེད་གཟོད་ནས་ཞི་བ་ནི། །མཉམ་པ་མེད་པའི་ཆོང་བཤད་དོ། །ཞེས་བབྱ་བའི་ཚིག ་འདི་རྣམས་ཀྱི་ཚིག་གི་དོན། ཁ་ཅིག་ཆོས་ཀྱི་སྐུའི་དགོངས་པས་གཞན་དུ་ཡང་དཔོག་པར་བྱེད་དེ། འདི་ལྟ་སྟེ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་གསུམ་གྱི་བྱེ་བྲག་གིས་གསུམ ་ཡིན་ནོ། །དེ་ལ་དེ་དག་ཐམས་ཅད་ཀྱི་ཆོས་བྱི་སྐུ་ནི། ངོ་བོ་ཉིད་གཅིག་པ་མི་འགྱུར་བར་ཡོངས་སུ་གྲུབ་པས་རྟག་པར་འགྲོ་བ་སྐྱེ་བ་དང། འཇིག་པ་དང་ལྡན་པ་ཐོག་མ་མེད་པ་ཐམས་ཅད་ཀྱི་དང་པོར་གྱུར་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་དེ་བདག ་ཉིད་ཀྱི་ཐུགས་ལ་བཞག་ནས། ད་ནི་འཇིག་རྟེན་དང་པོའི་ཞེས་བྱ་བ་གསུངས་ཏེ། དེས་ན་དགོངས་པ་ནི་ང་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་འཇིག་རྟེན་སྐྱེ་བ་དང་འཇིག་པ་དང་ལྡན་པ་རྣམས་ཀྱི་དང་པོ་ཡིན་ནོ། །ཕྱོགས་འདི་ལ་ནི་ཚིགས་སུ་བཅད་པ་དང་མཐུན་པར་རྣམ་པར་དབྱེ་བ་དང་པོ ་མི་མངོན་པར་བསྟན་པར་རིག་པར་བྱའོ། །ཆོས་བཤད་དོ་ཞེས་བྱ་བ་འདིའི་དོན་ཡང་ཆོས་ཀྱི་སྐུའི་དབང་གིས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་གསུང་བཀོད་པའི་རྒྱན་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་འགྲུབ་པའི་ཕྱིར་རོ་སྙམ་པ་ཡིན་ནོ། །ཆོས་ཀྱི་སྐུ་ལ ་འཇུག་པ་ཡང་གསང་བའི་དཀྱིལ་འཁོར་བསྟན་པའི་སྐབས་སུ་བསྟན་ཏེ། རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་འབྱུང་བ་བཤད་པའི་སྐབས་དེར་ཇི་སྐད་དུ། དེ་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་ས་ལ ་བཞུགས་ནས་ཆོས་མཉམ་པ་ཉིད་ལ་ལྟས་ཏེ། མ་འོངས་པའི་སྐྱེ་བོ་རྣམས་ལ་བརྟགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་འདི་སྨྲ་སོ་ཞེས་བྱ་བ་ལ་སོགས་པ། དེ་ནས་དབལ་ལྡན་རྡོ་རྗེ་འཛིན། །བསམ་པ་མཆོ་ག་རབ་མགུ་གྱུར་པ། ། ་རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་པས། །འདི་སྐད་ཀྱི་ནི་ཚིག་ཏུ་སྨྲས། །ཆོས་འདི་རྣམས་ནི་མཚོན་ཉིད་མེད། །ངོ་བོ་ཉིད་མེད་གནས་མེད་པ། །ལས་དང་ཚེ་ལས་རྣམ་པར་གྲོལ། །རྫོགས་པའི་སངས་རྒྱས་འདྲ་བར་འདོད། །ཐུག་རྗེ་མངའ་ནི་མཛད་པ་ཡི། །མགོན ་པོ་རྣམས་ཀྱི་ཐུགས་ཀྱིས་ནི། །རྣམ་པར་སྤྲུལ་ནས་ཆོས་རྣམས་ཀྱི། །མཚན་ཉིད་འདི་དག་རྟོགས་པར་འགྱུར། །ཞེས་བྱ་བའི་བར་བསྟན་པ་ལྟ་བུ་ཡིན་ནོ། །དཀྱིལ་འཁོར་དུ་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་རྣམ་པ་སུམ་ཆར་ཡང་བཤད་ཟིན་ཏོ། །། ་མེས་བྱ?་བའི་ཆོ་ག་ནི་འོག་ནས་མཚན་མ་དང་བཅས་པ་དང། མཚན་མ་མེད་པ་ལ་སྦྱོར་བ་ལ་གེམས་པའི་སྒོ་ནས་ཀུན་ནས་བསྡུ་བར་བྱ་སྟེ། འདི་ནི་དཀྱིལ་འཁོར་རྣམ་པ་གསུམ་ཆར་ལས་བཤད་པའི་ཆོ་ག་བསྡུས་པའི་དོན་ཡིན་ནོ།། །།བམ་པོ་ལྔ་བ ་ད་ནི་རིག་སྔགས་དང་གསང་སྔགས་ལ་སོགས་པན་ཉེས་པར་བྱ་བའི་ཕྱིར་སྒྲུབ་པ་པོ་རྣམས་ཀྱི་སྤྱོད་པའི་འབྲས་བུ་དང་བཅས་པ་རྒྱུད་ལས་བཤད་པའི་བསྡུས་པའི་དོན་དཔྱད་པར་བྱའོ། །དེ་ལ་སྒྲུབ་པ་པོའི་སྤྱོད་པ་ནི་རམ་པ་གསུམ་སྟེ། འདི་ལྟ་སྟེ། གསང ་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་དང། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྔར་བསྙེན་པའི་ཆོ་གའི་མཚན་ཉིད་ཅན་གྱི་སྦྱོར་བའི་སྤྱོད་པ་དང། དེ་བཞིན་དུ་སྤྱོད་པ་གསུམ་པ་གསང་སྔགས་བསྒྲུབས་པས་གསང་སྔགས་ཀྱི་འབྲས་བུ་འགྲུབ་པ་སྟེ། འབྲས ་བུ་ནི་གསང་སྔགས་ཀྱི་འབྲས་བུའི་ངོ་བོ་ཉིད་དངོས་གྲུབ་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལ་གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་ནི། ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་ནི་དཀྱིལ་འཁོར་དུ་འཇུག་པ་དང། དབང་བསྐུར་བའི་མཚན ་ཉིད་ཇི་སྐད་དུ་བཤད་པ་དག་ཡིན་ནོ། །དེ་ལས་གཞན་པ་དག་ནི་རིག་སྔགས་དང་གསང་སྔགས་མཉེས་པར་བྱེད་པའི་དམ་ཚག་གི་ངོ་བོ་ཡིན་ཏེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ང་ཕྱིན་ཆད། ཡོངས་སུ་བཏང ་བར་མི་བྱའོ། །ཡང་དང་ཡང་དུ་སྙིང་རྗེ་དང། །བྱམས་པའི་སེམས་ནི་ཉེར་བ་གཞག་སྟེ། །ཁྱོད་ཀྱིས་སེར་སྣ་དང་ནི་གང། །སེམས་ཅན་གནོད་པར་མི་བྱའོ། །སློབ་དཔོན་བརླས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན ་ཏེ། རེ་ཞིག་འདི་ནི་གསང་སྔགས་མཉེས་པར་བྱེད་པ་རྣམས་ཀྱི་འཇུག་པའི་སྤྱོད་པ་ཕལ་ཆེར་ཐུན་མོང་དུ་བྱ་བའི་ངོ་བོ་ཉིད་ཡིན་ནོ། །དེ་ལས་གཞན་པ་དག་ནི་འདི་ལས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་རྣམས་དང། གསང་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས ་ཀྱི་སྤྱོད་པ་ཐུན་མོང་དུ་བཤད་བ་དག་ཡིན་ཏེ། དེ་ཡང་འདི་ལས་བསླབ་པ་གཟུང་བ་རིམ་པ་ཕྱེ་བ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ཐབས་དང་བཅས་པའི་རྗེས་སུ་བྱེད་པའི་ངོ་བོ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ ་པའི་གཞི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེ་ཙོམ་དང་ཡིད་གཉིས་མ་མཆིས་ཤིང་འཁོར་བ་ན་འཁོར་བའི་ཚེ། ཉམས་པར་མི་འགྱུར་བ་བཤད་དུ་གསོལ་ཞེས་བྱ་བ་རྒྱས་པར་གསུངས་པ ་ནས་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་ལས་ཕྱིར་ལྡོག་པར་བྱའོ། བརྫུན་དུ་སྨ་བ་དང། དག་རྩུབ་མོ་སྨྲ་བ་དང་ཕྲ་མ་ཟེར་བ་དང། ཚིག་ཁྱལ་པར་སྨྲ་བ་ལ་ཕྱིར་ལྡོག་པར་བྱའོ། །བརྣབ ་སེམས་དང། གནོད་སེམས་དང་ལོག་པར་ལྟ་བ་ལས་ཀྱང་ཕྱིར་ལྡོག་པར་བྱའོ། །ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། འདི་དག་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ལས། འདའ་བ་དང་མི་འདའ་བ་ནི་རྒྱུད་འདི་ལས་ཡོངས་སུ་དཔྱད་པར་བྱ་སྟེ། འདིར་སྒྲུབ ་པོ་པོ་རྣམས་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་འཇུག་བས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཕྱིའི་ཞེས་བཤད་པ་ཡིན་ནོ། །ནང་གི་ནི་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་མཉམ་པར་འཇོག་པ་དང་མཐུན་པ་ཁོ་ན་ཡིན་ཏེ། དེ་ཡང་འདི་ལས་སེམས་ཀྱི་རྒྱུན ་མཚན་མ་དང་བཅས་པ་དང་མཆེན་མ་མེད་པའི་མཉམ་པར་འཇོག་པ་དང་མཐུན་པ་ཉིད་དུ་རྣམ་པ་གཉིས་སུ་བསྟན་པར་ཤེས་པར་བྱ་སྟེ། སྒྲུབ་པ་བརྣམས་ཀྱི་གོམས་པའི་མཐུ་དང་མཐུན་པར་བསྟན་པ་ཡིན་ནོ། །དེ་ལ་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་མཚན་མ ་མེད་པ་ནི་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་དེ་གང་གི་དབང་དུ་མཛང་ནས། དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། ། ་སྔགས་དང་ཕྱག་རྒྱ་ཡོངས་སུ་གཟུང་ཞེས་གསུངས་པ་ཡིན་ནོ། །རེ་ཞིག་འདི་ནི་གསང་སྔགས་སྒྲུབ་པ་ཐམས་ཅད་ཀྱི་འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་ཅན་སྤྱི་ཡིན་ནོ། །དེ་བཞིན་དུ་ཁྱད་པར་དུ་ཡང་དེ་བཞིན་གཤེགས་པའི་སྙིང་པོ ་རྣམས་བསྒྲུབ་པའི་སྐབས་ནས། འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་ཅན་ཁོ་ནར་བཤད་དེ། གང་གི་དབང་དུ་མཛད་ནས། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་དམ། ཡུག་གམ་ཡིད་གང་དུ་དབེན་པ་དེར་བྱང ་ཆུབ་ཀྱི་སེམས་བསྒོམ་ཞིང་ནམ་མཚན་མ་བྱུང་བའི་བར་དུ་དེ་སྲིད་དུ་འདུག་པར་བྱའོ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་མཚན་མ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་ངེ་འཛིན་ལ་སེམས་དུས་ཟི་སྲིད་འདོད་ཀྱི་བར་དུ་བརྟན ་བར་གྱུར་པ་ཡིན་ཏེ། དེ་སྐད་དུ། འདི་ལས། སློབ་མས་བསྒྲིམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ཏུ་དག་པར་བྱའོ། །གང་ཚེ་དམིགས་པ་རྣམས་ཀྱིས་ནི། །སློབ་མ་ནམ་ཡང་མི་གཡོ་བ། །དེ་ཚེ་ནམ་མཁའ་ལྟ་བུར་ནི། །དྲི་མེད་ཀུན་ཏུ་དག་པ་ཡིན་ཞེས་བཤད་པ་ཡིན་ནོ། ། ་དེ་བཞིན་དུ་གཞན་ལ་ཀྱང་སེམས་ཡོངས་སྦྱོར་བ་མཚན་མ་དང་བཅས་པ་དང་མཚན་མ་མེད་པ་ལ་དམིགས་པའི་ཏིང་ངེ་འཛིན་གོམས་པ་ལས་སེམས་དམིགས་པ་གཅིག་ལ་དུས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གྱུར་པས་བཟླས་བརྗོད་ལ་སོགས་པ་ལ་བཏུབ ་པའི་སེམས་མཉམ་པར་འཇོག་པ་གྲུབ་པ་གང་ཡིན་པ་དེ་ཉིད་དེ་ཡོངས་སུ་སྦྱོར་བའི་མཚན་ཉིད་དུ་གསུངས་ཏེ། སྣའི་རྩེ་མོར་ལྟ་ཞིང་རྣམ་སརྟོག་སྤོང། །གང་ཚེ་རྣམ་པར་སྐྱོད་ཀྱང་མི་གཡོ་བ། །དེ་ཚེ་སེམས་ནི་དམིགས་པ་ལ་གནས་པ། །ཐོབ་པར་འགྲུབ་ཅེས ་བྱ་བ་ཤེས་པར་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ཉིད་ལས་སེམས་དམིགས་པ་གཅིག་ལ། བརྟན་པ་ལུས་དང་སེམས་ཀྱི་ཡོན་ཏན་འབྱུང་བས་བཟླས་བརྗོད་ཀྱི་ལྟ་བསྒོམ་པ་ལ་སོགས་པ་བཏུབ་པ་ཉིད་དུབ་སྟན་པའི་ཕྱིར། སྒྲུབ་པ་པོ་ནི་བསམ་གཏན ་དང་ལྡན་པའི། །མི་ལ་དགའ་བའི་མཆོག་ནི་སྐྱེ་བར་འགྱུར། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པར་འགྱུར། །ཤིན་ཏུ་ལུས་སྦྱངས་པ་ལས་བདེ་སྟེར་འགྱུར། །དགའ་ཞིང་བདེ་ན་དེ་ཚེ་དོགས་མེད་པར། །བཟླས་བརྗོད་དག་ལ་ཡིད་གཅིག་ཏིང་འཛིན་སྐྱེ་ཞེས ་གསུངས་སོ། །དེ་བཞིན་དུ་དེ་ཉིད་ལས་བཟླས་བརྗོད་བྱེད་པ་སེམས་བརྟན་པའི་བཟླས་བརྗོད་བྱེད་པའི་ཕན་ཡོན་བཤད་དེ། བཟླས་བརྗོད་ཀྱིས་ནི་ཚེ་རབ་བརྒྱུད་པར་གང། །སྡིག་པ་བྱས་ཏེ་མ་ལུས་ཟད་པར་འགྱུར། །སྡིག་པ་ངན་པ་ཀུན་ནས་ཟད་གྱུར་ན། །དངོས་གྲུབ་ཡིད་དུ ་འོང་བ་ཐོབ་པར་འགྱུར། །ཞེས་གར་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ལས་སེམས་བརྟན་པར་མ་བྱས་པའི་བཟླས་བརྗོད་ཀྱི་སྦྱོར་བའི་ལུང་ཡང་བསྟན་ཏེ། ལེ་ལོ་དགའ་དང་སྡུག་བསྔལ་མཚུངས་ལྡན་པའི། །སེམས་ནི་གང་དང་གང་དུ་རྒྱུ་གྱུར་པ། །དེ་དང་དེ ་ནས་བསྒྲིམས་ཏེ་དེ་བཟློག་ནས། །གསང་སྔགས་ཡི་གེ་མཆོད་བྱ་དག་ལ་སྦྱར། ཞེས་གང་གསུངས་པ་ཡིན་ནོ། །སེམས་མཉམ་པར་བཞག་པའི་མཚན་མ་འདི་ནི། རང་གི་སེམས་ཡོངས་སུ་སྦྱང་བ་དང། མཚན་མ་དང་བཅས་པ་དང། མཚན་མ་མེད་པ་འོག་ནས ་འབྱུང་བ་དག་ལས་ཀྱང་ཁོང་རུང་ཆུད་པར་བྱའོ། །དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས། འཇུག་པའི་སྤྱོད་པ་མཚན་མ་མེད་པའི་རྣལ་འབྱོར་གོམས་པ་མཚན་ཉིད་ཅན་ཡང་བཤད་དེ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས ་འབྱུང་བ་དག་ལས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས། འཇུག་པའི་སྤྱོད་པ་མཚན་མ་མེད་པའི་རྣལ་འབྱོར་གོམས་པ་མཚན་ཉིད་ཅན་ཡང་བཤད་དེ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས ་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ། །མཚན་མ་རྣམས་གང་ནས་བྱུང། ཅི་བདག་གི་ལུས་སམ་བདག་གི་སེམས་སམ། བདག་གི་ཡིད་ལས་བྱུང། དེ་ལས་ལུས་ནི་ལས ་ལས་སྐྱེས་པ་སྟེ། རྩཝ་དང་ཤིང་དང་པོར་བ་ལྟ་བུ་ངོ་བོ་ཉིད་ཀྱིས་བྱ་བ་མེད་པ། བླུན་པ། ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ། བཟོས་བྱས་པའི་གཟུགས་ལྟ་བུར་བརྟག་པར་བྱའོ། །ཇི་ལྟར་བཟོས་བྱས་པའི་གཟུགས་དེ་ལས་མི་ཞིག་ཁྲོས་ཏེ། མི་འམ་དུག་གམ་མཚོན ་ནམ་ཆུ་འམ། རྔོས་བཤིག་གམ་བསྲེགས་སམ་བཅད་ཀྱང་མི་དགའ་བ་ཅུང་ཟད་ཀྱང་མེད་ལ། གཟའ་བ་འམ་བཏུང་བ་འམ། བཀྲུ་བ་འམ། བྱུག་པའམ་སྤོས་སམ་ཕྲེང་བ་འམ་གོས་སམ་ཙན་དན་ནམ་ག་བུར་ལ་སོགས་པ་ལྷའི་དང་མིའི་ཡོ་བྱད་རྣམ་པ་སྣ་ཚོགས ་ཀྱིས་ཆོས་ཀྱང། །མི་དེ་ལ་དགའ་བར་འགྱུར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ། རང་གི་ང་རྒྱལ་ཀུན་ནས་བསླང་བའི་ཕྱིར་ཕྱིན་ཅིང་ལོག་གི་ཡང་དག་པ་མ་ཡིན་པར་རྟོགས་པ་ལས་བྱུང་བའི ་མཆོད་པ་འམ་གནོད་པར་བྱེད་པའི་མི་གང་ཡིན་པ་དེ་ནི་བྱིས་པའི་རང་བཞིན་ཅན་ཡིན་ནོ། །གསང་བའི་བདག་པོ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པས་ངོ་བོ་ཉིད་ཀྱིས་སྟོང་པར་བསྒྲུབ་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་སེམས་ནི་ངོ་བོ་ཉིད ་མེད་པ་མཚན་མ་ཐམས་ཅད་དང་བྲལ་བ། ངོ་བོ་ཉིད་ཀྱིས་སྟོང་པར་བསམ་པར་བྱའོ། །གསང་བའི་བདག་པོ་སེམས་ལས་ནི་དུས་གསུམ་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་མ་དང་བྲལ་བའོ། །སྙམ་དུ་བསམ་པར ་བྱའོ། །གསང་བའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོགས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དགས་ཡིན་ནོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ། །ཞེས་བྱ་བར་ནི ་རབ་ཏུ་མི་ཤེས་སོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པས་དེ་ལྟར་བསམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གསང་བའི་བདག་པོ་ནམ་མཚན་མ་མེད་པའི ་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ་དེ་ལ་དེ་བཞིན་གཤེགས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ། ཞེས་གང་གསུངས་པ་ཡིན་ནོ། །འདིར་སེམས་ཞེས་བྱ་བའི་སྒྲ་ནི་གཟུགས་ལ་སོགས་པ་ལ་དམིགས་པ། ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གཟུང་སྟེ། སེམས་ཀྱི་དམིགས་པ་གཟུགས་ལ་སོགས་པ་དེ་དག་ནི་གཅིག་དང་དུ་མའི་རིགས་པ་འམ། གཟོད་པ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པས་དཔྱད་ན། ངོ་བོ་ཉིད་མེད་པ་མིག་ལ་སོགས་པའི ་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་སེམས་ཀྱིས་དམིགས་པར་རུང་བ་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པའི་དམིགས་པ་མེད་པའི་ཕྱིར། དེ་ལ་དམིགས་པར་བྱེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མ་སྐྱེས་བ་ཡིན་ནོ། །གང་མ་སྐྱེས ་པ་དེ་ནི་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བར་རྣམ་པར་བཞག་པར་རུང་མ་ཡིན་ནོ། །དེའི་ཕྱིར་སེམས་ལ་དུས་གསུམ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་གཟུགས་ལ་སོགས་པའི་ཕུང་པོ་བཞིའི་ངོ་བོ་ཉིད་ལ་དམིགས་པ་མིག་ལ་སོགས་པའི ་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་ཉིད་ཀྱི་སེམས་མེད་པར་བརྟག་པར་བྱའོ། །དེ་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཀྱི་སེམས་ཀྱང་གཟོད་མ་ནས་མ་སྐྱེས་ཤིང་མ་བྱུང་བ་ཉིད་དུ་བརྟགས་པའི་ལུང་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས ་པར་རྟོག་སྟེ། འདི་ནི་ཡང་དག་པར་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དགས་སོ། །ཡང་དག་པ་མ་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བར་ནི་མི་ཤེས་སོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་འདིར་ཡིད་ཅེས་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པ ་ཅན་གྱི་རྣམ་པར་ཤེས་པ་ཡིན་པར་དགོངས་ཏེ། དེ་སྐད་དུ་འདི་ལས། དཀར་པོ་སེར་པོ་དམར་པོ་གང། །ཡིད་ཀྱིས་སེམས་པར་བྱེད་པ་སྟེ། དེ་ལ་ཡོངས་སུ་གཅོད་པ་གང། །དེ་ནི་སེམས་ཀྱིས་བྱེད་པ་ཡིན། །སེམས་ནི་མགུ་ནས་ངེས་གྱུར་པ། །ཏིང་ངེ་འཛིན་ཅེས ་བསྒྲགས་པ་ཡིན། །རྣལ་འབྱོར་དེར་གནས་རྫོགས་སངས་རྒྱས། །རྐང་གཉིས་དམ་པར་བསམ་པར་བྱ། །ཅེས་གསུངས་སོ། །འདིར་དཀར་པོ་ནི་ཟླ་བའི་དཀྱིལ་འཁོར་རོ། །སེར་པོ་ནི་སའི་དཀྱིལ་འཁོར་རོ། །དམར་པོ་ནི་མའི་དཀྱིལ་འཁོར་ཏེ་ཅི་རིགས་པར་རྒྱུད་འདི་ལས ་རྫོགས་པར་སངས་རྒྱས་པ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་སྟན་ཉིད་དུ་བཤད་དོ། །ཡིད་དེ་ལ་སྔོན་པོ་དང་སེར་པོ་དང་དམར་པ་ལ་སོགས་པར་སྣང་བ་གང་ཡིན་པ་དེ་སྔར་མཛད་པའི་རིགས་པ་ཉིད་ཀྱིས་དཔྱད་ན་རུང་བ་མ་ཡིན ་པས་རྣལ་འབྱོར་པ་རྣམས་དེའི་རྣམ་པ་ཅན་གྱིས་ཡིད་ཀྱང་མེད་པ་ལ་འཇུག་གོ་།དེ་ཉིད་ཀྱི་ཕྱིར་འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དགས་སོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བ་གསུངས་ཏེ། དེ ་སྐད་དུ་གཞན་ལས་ཀྱང། དོན་དང་སེམས་ཅན་བདག་རྣམ་རིག་།སྣང་བའི་རྣམ་པར་ཤེས་པ་ནི། རབ་ཏུ་སྐྱེ་བ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་བཤད་དོ། །དེ་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་དང་པོ་ཉིད་དུ ་ལུས་མ་བསྒོམས་པའི་གཟུགས་ཉིད་རང་བཞིན་གྱིས་བེམས་པོ་ཉིད་ཡིན་པས་སྔོན་པོ་ལ་སོགས་པ་མཚན་མའི་རྣམ་པར་རྟོག་པའི་རྒྱུ་མ་ཡིན་པ་ཉིད་ལ་འཇུག་གོ་།དེའི་འོག་ཏུ་སྔར་བཤད་པའི་ཚུལ་གྱིས། ཕྱིའི་གཟུགས་ལ་སོགས་པའི་ཕུང་པོ་ཡང་མེད་པ་ལ་ཞུགས ་ནས་དེ་ལ་དམིགས་པའི་སེམས་ཀྱང་སྐྱེ་བ་མེད་པར་སེམས་པར་བྱེད་དོ། །དེའི་ཕྱིར་རྣལ་འབྱོར་པས་དོན་དང་སེམས་ཅན་ལ་སོགས་པར་སྣང་བའི་ཡིད་ཀྱང་སྒྱུ་མ་དང། སྨིག་རྒྱུ་དང། རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་དོན་དང་འབྲེལ་བ་ཉིད་ཀྱིས ་མེད་པ་ལ་ཞུགས་ཏེ། ཐོས་པ་དང། བསམ་པ་དང། བསྒོམ་པ་གོམས་པའི་སྒོ་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་དང་དུ་བྱའོ་ཞེས་བྱ་བར་གནས་སོ། །འདི་ཕན་ཡོན་བཤད་པ་ཡང་འདི་ཡིན་ཏེ། གང་ཚེ་མཚན་ཨམ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན ་རེག་པའི། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལ་ཡང་དག་འབྱུང་བ་འཐོབ། །ཅེས་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་མཚན་མ་མེད་པའི་རྣལ་འབྱོར་གྱི་ཕན་ཡོན་བསྟན་པའི་སྐབས་ནས། མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང ་བར་འགྱུར་རོ། །མཚན་བར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཆེན་མ་མེད་ལ་གནས་པ་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང། །དེ་བྱ་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པར་བརྟེན་པར་བྱ་ཞེས་གཞན་འདི་ཡད ་གསུངས་སོ། །སྒྲུབ་པ་པོ་འཇུག་པའི་སྤྱོད་པ་མཚན་མ་དང་བཅས་པ་ནི་ནང་གི་ཞེས་བྱ་སྟེ། དེ་ཡང་གསང་སྔགས་ཐམས་ཅད་ཀྱི་སྤྱིའི་བཟླས་བརྗོད་ཡན་ལག་བཞི་པའི་སྐབས་ནས། བདག་ལྷར་སྒྲུབ་པ་ལ་སོགས་པ་ཡན་ལག་བཞིའི་གོམས་པའི་མཚན་ཉིད་བཤད་པ ་ནི་གཅིག་ཡིན་ཏེ། གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ཞེས་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྣམས་སྒྲུབ་པའི་སྐབས་ནས། བདག་ཉིད་རྫོགས་པར་སངས ་རྒྱས་པའི་སྐུར་བསྒྱུར་བ་གོམས་པའི་སྒོ་ནས་བཤད་པ་ཡིན་ཏེ། དེ་ནས་སྙིང་པོ་དེ་དག་ལས་གང་ཡང་རུང་བ་ཅིག་གཟུང་སྟེ་ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ནི ་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཐམས་ཅད་ཀྱི་སྤྱིའི་མཚན་མ་དང་བཅས་པ་དང། མཚན་མ་མེད་པའི་རྣལ་འབྱོར་གོམས་པའི་སྒོ་ནས། སེམས་སྦྱོར་བའི་མཚན་ཉིད་བཤད་པ་འདི་ཡིན་ཏེ། དེ་ཡང་མིག་གཉིས་སུ་ར་ཞེས་བྱ་བ་བཀོད་པའི་སྣང་བས། རང་གི ་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྫོགས་པར་བྱང་ཆུབ་པའི་སྐུ་སྙིང་པོ་ཨ་ཞེས་བྱ་བས་བསྒྲུབས་པ་པདྨ་ལ་བཞུགས་པར་བསྒོམས་ལ། རང་གི་གླང་པའི་རྒྱས་ཀྱི་ནང་དུ། ཡང་སྙིང་པོ་ཨི་ཞེས་བྱ་བ་དེ་བཞིན་གཤེགས་པའི ་གནས་སྐབས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་བརྗོད་པར་བྱེད་པར་གྱུར་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལས་བཤད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་འབྱུང་བའི་ཕྱག་རྒྱ་ལ་གནས་པའི་རྡོ་རྗེའི་དཀྱིལ་ན་འདུག་པར་ཇི་སྲིད་དུ་མིག་ཏུ་བཀོད་པའི་ར་ཞེས ་བྱ་བའི་སྣང?་བས་ཟླ་བའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྫོགས་པར་བྱང་ཆུབ་པའི་སྐུ་པདྨ་ལ་བཞུགས་པ་གཟུགས་བརྙན་ལྟ་བུར་མཐོང་བའི་བར་ལེགས་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་འོད་ཀྱི་ལམ་གྱིས་རང་གི ་སེམས་གྱེན་དུ་བཏང་ཞིང་གླང་བའི་རྒྱས་སུ་བཀོད་པའི་སྙིང་པོ་ཨཾ་ཞེས་བྱ་བ་དེ་ཤིན་ཏུ་ཆ་ཕྲ་ཞིང་ཟླ་བ་ལྟར་དཀར་ལ་རབ་ཏུ་གསལ་བར་སྣང་བ་ཉིད་དུ་བྱ་སྟེ། དེ་ཡུལ་ཏེ་བོང་རིང་དུ་བསྒོམ་པར་བྱའོ། །དེ་ནས་སྔར་མིག་གཉིས་སུ་ར་ཞེས་བྱ་བཀོད ་བའི་གནས་སུ་ལ་ཞེས་བྱ་བ་ཟླ་བ་ལྟར་དཀར་བ་ཉིད་བཀོད་ནས་དེའི་ཚེ་ན་ཆོས་ཐམས་ཅད་མཚན་ཉིད་དང་བྲལ་བའོ་ཞེས་བྱ་བར་སེམས་ཤིང་ཆོས་ཀྱི་སྐུ་ལ་མོས་པས་རང་གི་ལུས་རི་ལ་དང་འཇིག་རྟེན་གསུམ་གྱི་མཐས་གཏུགས་པར་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པར་བྱའོ། ། ་དེའི་མཇུག་བསྡུ་བ་ནི་རང་གི་ལུས་དེ་བཞིན་གཤེགས་པ་ལ་སོགས་པ་དང་ལྡན་པ་ཇི་ལྟར་བཀོད་པ་མཐོང་བའི་སྒོ་ནས་བྱས་ལ། དེ་བཞིན་གཤེགས་པ་ལ་སོགས་པར་སྣང་མཇུག་བརྟུལ་བ་ཡང་རང་གི་ལུས་འབའ་ཞིག་བལྟ་བའི་སྒོ་ནས་བྱ་སྟེ། དེ་ལྟ་བས་ན་འདི་ནི ་རིམ་གྱིས་མཚན་མ་དང་བཅས་པ་དང། །སེམས་ནི་མགུ་ནས་དེས་གྱུར་པ། །དེ་ནི་སྙིང་ཞེས་བཤད་པ་ཡིན། །གནས་དེར་གནས་པའི་གསང་སྔགས་རྣམས། །འབྲས་བུ་རྒྱ་ཆེར་སྟེར་བར་འགྱུར། །དེ་རུ་བརླ་བསམ་པ་ནི། །འདབ་མ་བརྒྱད་པ་ཟེ་བར་བཅས། ། ་ཞེས་བྱ་བ་འབར་ཕྲེང་བའ་ཕྲུག་།བཟང་པོ་དེ་རུ་གནས་པ་ལ། །ཞི་བ་ཀུན་ཏུ་རྣམ་པར་གཡོ། །གཙོ་བོ་སྣ་ཚོགས་གཟུགས་མངའ་བ། །གློག་སྟོང་དག་ནི་འཁྲུག་པ་བཞི། །སྣ་ཚོགས་ཀུན་ཏུ་སྟོན་པ་ནི། །མེ་ལོང་ཕུག་ན་གནས་པ་བཞིན། །ཆུ་ཡི་ཟླ་བ་རྣམ་པ ་བཞིན། ཐམས་ཅད་ན་ཡང་མདུན་ན་གནས། །སྔགས་པས་གསང་སྔགས་ལ་གནས་པ། །ཡིད་ནི་དེ་ལྟར་ཤེས་ནས་སུ། །དེ་ནས་སྔགས་པས་སྟོང་དུ་ཡང། །ཀླད་པའི་རྒྱས་ཀྱི་དབུས་སུ་ནི། །ཀླད་ཀོར་བཅས་པའི་མཚན་མ་ཅན། །ཾ་ཞེས་བྱ་བ་དེར་བསམས ་ཏེ། །ཤེས་དངས་པ་དང་གངས་འདྲ་བ། །དྲི་མེད་དག་པ་མཐོང་བ་ནི། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐམས་ཅད་ཀྱི་ནི་གཞི་ཞེས་བྱ། །དེ་ལས་གསང་སྔགས་དངོས་གྲུབ་ནི། །སྣ་ཚོགས་གཟུགས་ཅན་འཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་གནས ་མཐོང་ན། །མཐོ་རིས་དང་ནི་བྱ་གྲོལ་ཐོབ། །ར་ཞེས་བྱ་བ་མར་མེ་བཞིན། །འབར་བའི་མིག་ཏུ་གཞག་ནས་ཀྱང། །མགྲིན་པ་ཅུང་ཟད་དགུ་བོར་བྱ། །ལྕེ་ཡང་རྐན་ལ་སྤྱར་ནས་ནི། །སྙིང་གའི་གནས་སུ་རྣམ་ལྟ་ཞིང། །མཉམ་པར་བཞག་སྟེ་ཡིད་ལས་བལྟ། ། ་དྲི་མེད་ཤིན་ཏུ་རྣམ་དག་པར། །རྟག་ཏུ་མེ་ལོང་བཞིན་དུ་གནས། །དེ་ནི་ཡིད་ཀྱིས་ཡང་དག་པར། །སྔོན་གྱི་རྒྱལ་བ་རྣམས་ཀྱི་གསུངས། །ཡིད་ཀྱིས་སྣང་བྱས་ལམ་ལ་ནི། །རྣམ་པར་ཤེས་པར་སྣང་བར་འགྱུར། །དེ་ནས་སྔགས་པས་རྫོགས་སངས་རྒྱས། རྐང ་གཉིས་གཙོ་བོ་མཐོང་བར་འགྱུར། །དེ་མཐོང་སྔགས་པས་དངོས་གྲུབ་ནི། །རབ་ཏུ་རྟག་པ་ཐོབ་པར་འགྱུར། །དེ་ནས་གོང་དུ་བསྒྱུར་ནས་སུ། །ཡི་གེ་ཡོངས་སུ་བསམ་པ་ནི། །ལ་ཞེས་བྱ་བ་ཀླད་ཀོར་བཅས། །མིག་གི་གནས་སུ་བསམ་པར་བྱ། །འདི་ཀུན་སྟོང་པར་མཐོང ་ན་ནི། །གོ་འཕང་མི་ཉམས་ཐོང་བར་འགྱུར། །ཡེ་ཤེས་རླབས་པོ་ཆེ་འམ་ནི། །ཡང་ན་མངོན་ཤེས་ལྔ་པོ་དང། །རིག་སྔགས་འཆང་འགྱུར་དངོས་གྲུབ་དང། །ཚེ་རིང་གཞོན་ནུར་གྱུར་པ་དང། །གལ་ཏེ་མཐོང་བར་འདོད་ན་ནི། །ཇི་སྲིད་འདི་དག་མ་བསྙེན་པར། །དེ་སྲིད ་འཐོབ་པར་མི་འགྱུར་རོ། །གསང་སྔགས་ཡེ་ཤེས་ལས་བྱུང་བའི། འདི་ནི་དེ་ཉིད་ཡེ་ཤེས་མཆོག་།ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན། འདི་ཡང་གསང་སྔགས་ཐམས་ཅད་སྒྲུབ་པར་བྱེད་པ་ཐབས་དང་ཤེས་རབ་བསླབ་པ་སྔགས ་ཐཾ་ཅད་སྒྲུབ་པར་བྱེད་པའི་ཐབས་དང་ཤེས་རབ་བསླབ་པའི་སྔགས་པ་རྣམས་ཀྱི། །སྒྲུབ་པ་པོའི་སྤྱོད་པ་སེམས་དཔའ་ཨི་མཚན་ཉིད་ཅན་མཚན་ཨམ་དང་བཅས་པ་དང། མཚན་མ་མེད་པ་དང། རྣལ་འབྱོར་གྱི་ངོ་བོ་ཉིད་ཁོ་ན་ར་བཤད་པ་ཡིན་ནོ། །དེ་བཞིན་དུ་བྱད ་པར་དུ་བཅོམ་ལྡན་འདས་ཀྱི་དཔའ་བོ་ཆེན་པོའི་སྙིང་པོ་སྒྲུབ་པར་བྱེད་པ་རྣམས་ཀྱི་སྒྲུབ་པའི་སྤྱོད་པ། བྱང་ཆུབ་ཀྱི་སེམས་གོམས་པ་སྔོན་དུ་འགྲོ་བ་ཅན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སའི་དཀྱིལ་འཁོར་ལ་གནས་པ་བདག་གི་དེ ་ཁོ་ན་ཉིད་ཅེས་བྱ་བ། འགྲུབ་པའི་མཚན་ཉིད་ཀྱང་གསུངས་པ་ཉིད་དོ། །ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་བཞིན་བྱ། །སྔགས་པ་སྔ་མ་བཞིན་འདུག་ལ། །དེ་བཞིན་གཤེགས་པ་རྗེས་དྲན་ནས། །བདག་ཉིད་ཨ་ཞེས་བྱ་བ་ནི། །ཀླད་ཀེར་སངས ་རྒྱས་དང་བཅས་བྱས་པ། །ཐམས་ཅད་ཤིན་ཏུ་སེར་ཞིང་བཟང། གྲུ་བཞི་རྡོ་རྗེས་མཚན་བྱས་ཤིང། །སྔགས་པས་དེར་གནས་རྫོགས་པ་ཡི། །སངས་རྒྱས་ཀུན་གྱི་གཙོ་བོར་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བདག་གི་དེ་ཉིད་ཡིན་པར་གསུངས། ། ་ནམ་ཞིག་སྔགས་པས་བདག་གི་ནི། དེ་ཉིད་དོགས་པ་མེད་གྱུར་པ། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པ་ཉིད་དུ་འགྱུར། །ངོ་མཚར་སྣ་ཚོགས་དག་དང་ལྡན། །མིག་འཕྲུལ་ཅན་གྱི་གནས་འདུག་ལ། །སྔགས་བས་ནམ་ཞིག་མཉམ་གཞག་ན། །སྲིད་པ ་རབ་ཏུ་དོག་པར་ནི། །ཐོག་མེད་དུས་ནས་མི་ཤེས་པས། །བསགས་པའི་ལས་དེ་ཀུན་ཟད་འགྱུར། །བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་ནི་ནམ་ཞིག་བསློམ་བྱེད་པ། །དེ་ཚེ་སྔགས་པ་རྣལ་འབྱོར་པ། །ཆུ་ཡིས་པདྨ་ལྟ་བུར་ནི། །དགེ་དང་མི་དགེ་འབྲས་བུར་ནི། ། ་ལས་ཀྱིས་རྟག་པར་མི་གོས་ན། །འདི་བདག་ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས། །ཞེས་གང་གསུངས་པ་ཡིན་ཏེ། །འདི་ནི་གསང་སྔགས་བསྒྲུབ་པར་བྱེད་པའི་འཇུག་པའི་སྤྱོད་པ་མཚན་མ་དང་བཅས་པ་ནང་གིར་བཤད་པ་ཡིན་ནོ། །དེ ་ལྟར་ན་རྣལ་འབྱོར་པ་ཅི་རིགས་པར། ཕྱི་དང་ནང་གི་འཇུག་པའི་སྤྱོད་པ་གང་ཡང་དུང་བ་ལེགས་པར་བྱས་པའི་མཚན་ཉིད་ཅན་གྱིས་གསང་སྔགས་མཉེས་པར་བྱ་བའི་སྦྱོར་བའི་སྤྱོད་པ་སྔོན་དུ་བསྙེན་པའི་བཟླས་བརྗོད་ཀྱི་མཚན་ཉིད་བརྩམ་པར་བྱའོ། །དེ་ཡང ་མཚན་མ་དང་བཅས་པ་མཚན་མ་མེད་པའི་བཟླས་བརྗོད་ཀྱི་སྦྱོར་བ་ནི་གསང་སྔགས་སྒྲུབ་པར་བྱེད་པ་ཐམས་ཅད་ཀྱི་སྤྱིར་བྱིའི་བཟླས་བརྗོད་ཡན་ལག་བཞིའི་མཚན་ཉིད་བཤད་པ་ཁོ་ན་ཡིན་ཏེ། དེའི་ཆོ་ག་ཡང་འདི་ལས། ཡི་གེ་ཡང་འདི་ལས། །ཡི་གེ་དང་ནི་ཡི་གེ ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འདུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་བཞག་ལ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི ་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །ཅེས་བྱ་བ་ལ་སོགས་པ ་གསུངས་པ་འདི་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་བཞིས་བཟླས་བརྗོད་བྱེད་པ་རྣམས་ཀྱི་ནང་གི་བཟླས་བརྗོད་ཡན་ལག་བཞི་པའི་སྦྱོར་བ་ཡང་བཤད་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རྒྱུད་ལས་བསྟན་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཨ་བྱང་ཆུབ ་ཀྱིའོ། །ཱ་སྤྱོད་པའོ། །ི་རྫོགས་པར་སངས་རྒྱས་པའི་གོ་འཕང་ངོ། །(རྒྱུད་འགྲེལ་རྒྱས་པ་དང། མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་གནས་སྐབས་དེ་ལ་བྱང་ཆུབ་ནི། །རང་གི་སེམས་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་ཅིང་ཡེ་ཤེས་སྐྱེ་བ་མེད་པར་རྟོགས་པ་ཡིན་ཏེ། བྱང་ཆུབ་རྟོགས་པའི་གནས་སྐབས་དེ་ཡང་སྙིང་པོ་ཨ་ཞེས་བྱ་བས ་མཚོན་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཉིད་ན། །ཆོས་ཉིད་ཀྱིས་ཐོབ་པ་སྐུ་དང་གསུང་དང་ཐུགས་བཀོད་པ་མི་ཟད་པ་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུའི་མཚན་ཉིད་སྐལ་བ་ཇི་ལྟ་བ་བཞིན་དུ ་སེམས་ཅན་གྱི་དོན་མཛད་པར་བཞུགས་པ་དག་གིས་འགྲོ་བ་སུམ་ཆར་ཁྱབ་ཅིང་སེམས་ཅན་གྱི་དོན་དང། སྒྲོལ་བར་བྱེད་པའི་མཚན་ཉིད་ཅན་གྱི་བདག་ཉིད་གང་ཡིན་པ་འདི་ཉིད་བཅོམ་ལྡན་འདས་ཀྱི་སྤྱོད་པ་ཞེས་བཤད་དོ། ་དེ་ལ་སྙིང་པོ་ཨ་ཞེས་བྱ་བ་རིང་དུ་འདྲེན་པས་མཚོན་པ་ཡིན་ནོ། །གང་གི་ཚེ་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་དེ་བུད་ཤིང་ཟད་ནས་མེ་མི་འབར་བ་བཞིན་དུ་དམིགས་པ་མེད་པས་ཤེས་བྱ་ལ་མི་འཇུག་པ་དེའི་ཚེ། ཤེས་བྱ་སྟོང་པ་ཉིད་དུ་བརྗོད་པའི ་ཀླད་ཀོར་དང་ལྡན་པ་ཡིན་པས་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་སེམས་དང་ཡུལ་རྣམས་སྐྱེ་བ་མེད་པར་རྟོགས་པའི་ཕྱིར་ཀུན་ནས་སངས་རྒྱས་པ་ཞེས་བྱ་སྟེ། ཡེ་ཤེས་རྟོག་པའི་གནས་སྐབས་དེ་ཡང་ཨ་ཞེས་བྱ་བ་འདིས་མཚོན་པ་ཡིན་ནོ། །དེའི་རྗེས་ལ་རྣམ ་པར་སྣང་མཛད་ཀྱི་ཡེ་ཤེས་དང་ཤེས་བྱ་དག་སྟོང་པ་ཉིད་རང་གི་ངོ་བོ་ཡང་དོ་བོ་ཉིད་མེད་དོ། །ཞེས་བྱ་བ་ལ་དེ་ལྟར་རྟོགས་པའི་གནས་སྐབས་དེ་ཉིད་ན། མྱ་ངན་ལས་འདས་པ་དང་འདྲ་བ་མཛའ་ལས་འདས་པ་སྟོང་པ་ཉིད་རྟོགས་པའི་གནས་དེ་ཉིད་ན། མྱ་དན་ལས ་འདས་པ་དང་འདྲ་བ་མཛའ་ལས་འདས་པ་སྟོང་པ་ཉིད་རྟོགས་པའི་གནས་སྐབས་ཡིན་ཏེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་བརྗོད་པར་བྱེད་པའི་སྙིང་པོ་ཨ(རྒྱུད་འགྲེལ་བཟླས་བརྗོད་པ་རྔ་ལག་བཞི་པའི་སྦྱོར་བ་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ཉིད་ཨ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་བཞི་པས། སྙིང་པོ་གང་ཡང་རུང་བ་གཅིག་གིས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུར་བསམས་ལ། སྙིང་པོ་ཡི་གེ་འདི་ཉིད་ཀྱིས་རྫོགས ་བར་སངས་རྒྱས་བདག་དང་གཉིས་སུ་མེད་པར་གྱུར་པ་དེའི་ཐུགས་ཀར་དེར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་བཅོམ་ལྡན་འདས་ཀྱི་གདན་པདྨ་ལ་བཞུགས་པ་བཞན་ཞིག་བསམས་ནས་དེའི་ཐུགས་ཀར་ཡང ་སྙིང་པོ་དེ་ཉིད་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་ཞིང་དེ་བཟླས་བརྗོད་བྱ་བ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ནས་སྙིང་པོ་དེ་དག་གང་ཡང་རུང་པ་གཅིག་བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ། །དེ་ནས་སྙིང་གར་བཞག་སྟེ་ཡིད ་བསྒྲུབ་པར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་དྲི་མ་མེད་པ་བརྟན་པར་རབ་ཏུ་མི་གཡོ་བ་རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུར་ཕྲ་བ་ལ་མངོན་དུ་བལྟ་ཞིང་རྟག་ཏུ་གོམས་པའི་སྦྱོར་བས། རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་གི་བར་དུ་བྱའོ། །དེ་ནས་གཞི་གཉིས་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་དེ་ཉིད་ན། །པདྨའི་རྒྱལ་པོ་ཆེན་པོ་ལ་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཐོར་ཚུགས་དང་དབུ་རྒྱན་ཅན་འོད་ཟེར་མཛའ་ཡས་པས་བསྐོར་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས ་ཅད་དང་བྲལ་བ། ནམ་མཁའ་བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང། མཉམ་པར་བཞག་པས་བཟླས་བརྗོད་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་རང་གི་ལྷ་ཆོས་ཀྱི་སྐུ་སྦྱོར ་བའི་སྒོ་ནས་ཀྱང་སྤྱིར་རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་ཀྱི་བཟླས་བརྗོད་ཀྱི་ཆོ་ག་བཤད་དེ། འདི་ལས་མཚན་མ་དང་བཅས་པ་དང། མཚན་མ་མེད་པ་གཉིས་ཀྱི་གོ་རིམས་བཞིན་དུ་ཡོངས་སུ་མ་དག་པ་དང་ཡོངས་སུ་དག་པའི་སྐུ་གཉིས་ཀྱི་བྱེ་བྲག ་གི་སྒོ་ནས། ལྷའི་སྐུའི་ངོ་བོ་ཉིད་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་ཡང་ཡོངས་སུ་དག་པ་ནི་ཆོས་ཀྱི་སྐུའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡེ་ཤེས་རྣམ་པ་མེད་པའི་རང་བཞིན་གྱི་མཚན་ཉིད་ཡིན་ནོ། །ཡོངས་སུ་མ་དག་པ་ཡང་ཀུན་ཏུ་བརྟོགས ་པའི་གཟུགས་ཀྱི་ངོ་བོ་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུའི་མཚན་ཉིད་གདུལ་བྱའི་སྐྱེ་བོ་ལ་སྣང་བའི་དབང་གིས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་རྣམ་པར་བཞག་པ་ཡིན་ནོ། །ལྷའི་ཁྱད་པར་ཡོངས་སུ་དག་པ་དང ་ཡོངས་སུ་མ་དག་པ་དེ་ལས་གཞན་པ་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཇི་ལྟར་གཟུང་བ་བཞིན་དུ་སྣང་བ་ཡང། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོངས་སུ་མ་དག་པ་ཡིན་ནོ། །འདིར་ཡང་དེ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའི ་སེམས་གོམས་པའི་མཚན་ཉིད་ཇི་ལྟར་རྟོགས་པ་གང་ཡིན་པ་དེ་ནི་དེ་དག་གི་ཡང་ཆོས་ཀྱི་སྐུ་ཡིན་ནོ་ཞེས་པར་རྣམ་པར་གཞག་སྟེ། དེ་སྐད་དུ་གཞན་ལས་ཀྱང། གསང་སྔགས་བྱང་ཆུབ་སེམས་ཡིན་ཏེ། ཞེས་གསང་སྔགས་སྤྱིའི་མཚན་ཉིད་གསུངས་སོ། ་སྐུ་དེ་གཉིས་ཀའི་མཚན་ཉིད་ཀྱང་འདེ་ལས་ཡོངས་སུ་བསྟན་ཏེ། ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་རྟོགས་པའི་ངོ་བོ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ ་ནི། མཚན་མ་དང་བཅས་པའི་གཟུགས་ཏེ། ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང ་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱས་བ་དམ་པ་བཞེང། །མཚན་མ་མེད་པ་གནས་པས་ནི། མཚན་མ་ཅན་ཡང་སྒྲུབ་དུ་རུང། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བརྟེན་པར ་བྱ། །ཞེས་གང་གསུངས་པ་ཡིན་ཏེ། ལྷའི་སྐུ་མཚན་མ་མེད་པ་ལ་འཇུག་པའི་ཐབས་དེ་ཡང་འདི་ལས་སྡང་མཚན་མ་མེད་པའི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་བཤད་པ་འདི་ཉིད་དོ། །དེ་ལ་རང་གི་ལྷ་ལ་སོགས་པ་ཀུན་ཏུ་བརྟགས་པ་ཁ་དོག་དང་དབྱིབས་ཀྱི ་བདག་ཉིད་དུ་སྣང་བའི་མཚན་ཉིད་ཀྱི་སྐུས་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་སྒྲུབ་པ་ནི་སྔར་བཤད་ཟིན་ཏོ།། །།རང་གི་ལྷ་ཆོས་ཀྱི་ལྷའི་མཚན་ཉིད་ཅན་མཚན་མ་མེད་པའི་ཏིང་འཛིན་གོམས་པའི་སྒོ་ནས་བཟླས་བརྗོད་སྒྲུབ་པའི་སྦྱོར་བའི ་གོ་རིམས་འདི་ཡིན་ཏེ། དེ་ལ་རེ་ཞིག་སྔ་མ་བཞིན་དུ་བཟླས་བརྗོད་ཡན་ལག་བཞི་ལ་སོགས་པ་ཐམས་ཅད་མངོན་དུ་བྱས་ལ་རང་གི་ལྷའི་སྐུ་བདག་དང་གཉིས་སུ་མེད་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་ངོ་བོ་ཉིད་ཀུན་བརྟགས་པར་སྣང་བ་ལ་རྡུལ་ཕྲ་རབ་ཏུ ་རྣམ་པར་གཞིག་པར་བརྟགས་པའམ་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པའམ། དེ་བཞིན་དུ་རང་གི་སེམས་ལ་ནང་དུ་བལྟས་པར་བྱ་བའི་སྦྱོར་པའི་སྒོ་ནས་སྲོག་སླར་སྡུད་པའི་རིགས་པ་འམ། དེར་སྣང་བ་ཡིན་ལ་མི་བྱེད་པའི་སྒོ་ནས་ཀྱང་རུང ་སྟེ། ཇི་ལྟར་རྟོགས་པ་བཞིན་སེམས་རང་རིག་པ་ཙམ་རང་གི་ལྟའི་གཟུགས་ཀྱི་སྐུ་དང་བྲལ་བ་སྣང་བ་མེད་པ་མངོན་སུམ་དུ་བྱ་སྟེ། ཅི་རིགས་པར་ཡིད་ལ་རང་གི་རིགས་སྔགས་བཟླས་བརྗོད་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བསྟན་པའི་ཕྱིར། ཡིད་ཀྱི་འཇིག་རྟེན་འདས ་ཞེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སླངས། །ལྷ་དང་གཅིག་ཏུ་སྦྱོར་བ་དང། །ཐ་དད་མ་ཡིན་འཇིག་པའོ། །ཡིད་ཀྱི་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། འདི་ནི་སྒྲུབ་པ་པོ་རྣམས་ཀྱི་སྔོན་དུ་བསྙེན་པའོ། །གསང ་སྔགས་མཉེས་པར་བྱ་བའི་ཕྱིར། །སྦྱོར་བའི་སྤྱོད་པ་བཤད་པ་ཡིན་ནོ། །ད་ནི་སྔར་བསྙེན་པ་བྱས་ཟིན་པའི་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པའི་སྤྱོད་པའི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ཡང་ཕྱི་དང་ནང་གི་ཕྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་ནི ་གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་དཀྱིལ་འཁོར་འདི་ཡིན་ཏེ། འདི་ལྟར་ཇི་སྐད་དུ་གསང་སྔགས་སྒྲུབ་པའི་དཀྱིལ་འཁོར་གྱི་མཚན་ཉིད་ཀུན་ཏུ་གྲུབ་བཞི་ལྷམ་པ་སྟེ། སྒོ་གཅིག་པ་ལ་མུ་རན་ཅན། །ཐམས་ཅད་ཁ་དོག་སར ་པ་ཡིས། །རྡོ་རྗེ་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་ཕན་ཚུན་འབྲེལ་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ཏེ། དཀྱིལ་འཁོར་གྱི་མཚན་ཉིད་རྒྱས་པར་གསུངས་ནས། དེ་ནི་བསྲུང་བྱས་དེར་འདུག་སྟེ། སྦྱངས་པའི་རྫས་ནི་གླངས་ནས་སུ། ། ་ནང་གི་བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་འབྱུང་བཟླས་བརྗོད་བྱ། །དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་གྱུར་པ་ནི། །འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན་ཞེས་བྱ་བ་ལ ་སོགས་པ་རྒྱས་པར་གསུངས་སོ། །དེ་ལྟ་བས་ན་འདི་ནི་ཕྱིའི་དངོས་གྲུབ་རལ་གྲི་ལ་སོགས་པའི་མཚན་ཉིད་རྣམས་སྒྲུབ་པའི་ཕྱིར་སྒྲུབ་པའི་དཀྱིལ་འཁོར་དངོས་སུ་བཤད་པ་ཡིན་ནོ། །ནང་གི་དཀྱིལ་འཁོར་ནི་མེ་དང་རླུང་དང་ཆུ་དང་སའི་མཚན་ཉིད་ཡིན ་ཏེ། དེ་དག་གོམས་པར་བྱས་པས་ནང་གི་དངོས་གྲུབ་སེམས་ཀྱི་དབང་ཙམ་ལ་རག་ལས་པ་མངོན་པར་ཤེས་པ་ལ་སོགས་པའི་མཚན་ཉིད་དག་ཁོ་ན་སྒྲུབ་པར་བྱེད་དོ། །རང་གི་དངོས་གྲུབ་དེ་དག་གི་མཚན་ཉིད་ཀྱང་འདི་ལས་དཔའ་བོ་ཆེན་པོའི་རིམ་པར་ཕྱེ ་བ་དང་ཡི་གེ་བརྒྱ་པ་རིམ་པར་ཕྱེ་བ་བསྟན་པ་ལས་དངོས་སུ་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་འདི་ལས་ནང་གི་དངོས་གྲུབ་རྣམས་འགྲུབ་པར་བྱ་བའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་དབང་ཐོབ་པ་གཞན་ཡང་གསུངས་པ་ཉིད ་དོ། །གང་ཚེ་མཚོན་མ་མེད་པ་ཡིས། །ཏིང་འཛིན་ཇི་ལྟ་བཞིན་རེག་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་ཐོབ། །ཅེས་གསུངས་སོ། །འདིར་དངོས་གྲུབ་ཡིད་ལས་ཡང་དག་པར་འབྱུང་བར་བསྟན་པ་ནི། །དངོས་གྲུབ ་ཐམས་ཅད་རྣམ་པར་དབྱེ་བ་ལས་བརྗོད་པ་ཡིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་ཐོབ་གང་ཡིན་དེས། །དངོས་གྲུབ་དེ་ལས་གཞན་ཅི་དགོས། །དེ་ལས་གཞན་དཱུང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དེ། །སྤྱོད་པའི་རྗེས་སུ་འཇུག་པ་དང། དེ ་བཞིན་ས་ནི་གནོན་པ་དང། །འཇིག་རྟེན་མངོན་ཤེས་ལྔར་འདོད་དང། །སངས་རྒྱས་ཉིད་དང་གང་གཞན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཕྱི་དང་ནང་གི་འཇུག་པའི་དཀྱིལ་འཁོར་དུ་འཇུག་པ་དང། །བྱང་ཆུབ་ཀྱི་སེམས་གོམས་པ་དང། ་སེམས་སྦྱོང་བ་ལ་སོགས་པའི་མཚན་ཉིད་བཤད་པ་འདི་ནི་སྦྱོར་བའི་སྤྱོད་པ་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་མཚན་ཉིད་ལ་འཇུག་པར་འགྱུར་པ་ཡིན་ནོ། །དེ་ལ་སྦྱོར་བའི་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་མཚན་ཉིད་ནི་འདི ་ཡིན་ཏེ། འདི་ལྟ་སྟེ། རེ་ཞིག་དང་པོར་རིམ་པ་གང་ཡང་རུང་བས་བཟླས་བརྗོད་ཀྱི་སྦྱོར་བ་དམིགས་པ་དང་བཅས་པ་དང། དམིགས་པ་མེད་པའི་བདག་ཉིད་ཀྱི་སྒོ་ནས་ཇི་སྲིད་དུ་སྔགས་ཀྱི་སྔོན་དུ་བསྙེན་པ་བཟླས་བརྗོད་ཇི་སྐད་བཤད་པ་ཡོངས་སུ་རྫོགས ་པ་དེ་སྲིད་དུ་བཟླས་བརྗོད་བྱའོ་ཞེས་བྱ་བ་ཡིན་ནོ་གསང་སྔགས་ཀྱི་བསྙེན་པའི་བཟླས་བརྗོད་ཀྱང་རྒྱུད་འདི་ལས་རྣམ་པ་གསུམ་དུ་ངེས་པར་གསུངས་ཏེ། འདི་ལྟ་སྟེ། གྲངས་དང་དུས་ངེས་པ་དང་མཚན་མ་བྱུང་བའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ལེགས་པར ་གོམས་པ་ཅི་རིགས་པར་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ལྷའི་ངོ་བོ་ཉིད་ཀྱི་དང་དུ་བྱས་པ་ལ་ནི་སྤྱིར་གསང་སྔགས་ཐམས་ཅད་དང་ཁྱད་པར་དུ་དེ་བཞིན་གཤེགས་པའི་སྙིང་པོ་བཞི་རྣམས་ལས་གང་ཡང་རུང་བའི་སྔོན་དུ་བསྙན་པ་དུས་སྔ་མ་དང་པོར་གྲངས ་ཀྱི་བསྙེན་པ་བཟླས་བརྗོད་འབུམ་བྱ་བ། །སྔོན་དུ་འགྲོ་བའི་བཟླས་བརྗོད་ཟླ་བ་གཉིས་སུ་དེས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ། །དཔའ་བོ་ཆེན་པོའི་ཡི་གེ་རྣམས་ཀྱི་སྔོན་དུ་བསྙེན་པ་ནི། སྒྲུབ་པ་པོ་བདག་གི་དེ་ཁོ་ན་ཉིད་དང་དུ་བྱས་པའི་རྣམ་རྣལ་འབྱོར་གྱི་གཞི་ཅན ་ལ་བཟླས་བརྗོད་ཀྱི་གྲངས་སོ་སོར་ཡོངས་སུ་ཆད་པ་མེད་པ་ཁོ་ནར་གསུངས་སོ། །དེ་ལ་རེ་ཞིག་བཅོམ་ལྡན་འདས་ཀྱིས་འདི་ལས་གཞུང་འདིས་གསང་སྔགས་ཐམས་ཅད་ཀྱི་སྤྱིའི་བསྙེན་པའི་བཟླས་བརྗོད་དེས་པའི་མཚན་ཉིད་བཤད་དེ། །ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན ་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་བྱ་བ་རྒྱས་པར་གསུངས་ནས་ཡང། །དེ་ནས་སྔགས་པས་ཟླ་གཅིག་ཏུ། །ཤིན་ཏུ་བསྡམས་ཏེ་བཟླས་བརྗོད་བྱ། །གསང་སྔགས་སྔོན་དུ་སྤྱད ་པ་ནི། །གཞི་གཅིག་ནས་ནི་གཅིག་ཏུ་འཇུག་།གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །སྔར་སྦྱང་པ་ཞེས་བཤད་པ་ཡིན། །དེ་ཕྱིན་ཆད་ནི་གང་ཅུང་ཟད། །མེ་ཏོག་སྦོས་ལ་སོགས་པ་འབུལ། །སངས་རྒྱས་ཉིད་དུ ་འགྱུར་བྱའི་ཕྱིར། །དེ་ཚེ་བྱང་ཆུབ་ཏུ་ཡང་བསྔོ། །སྔགས་པས་འཇིགས་མེད་དེ་ལྟ་བུས། །ཟླ་བ་གཉིས་ལ་བཟླས་བརྗོད་བྱའོ། །དེ་ནས་ཟླ་བ་ཉ་བའི་ཚེ། །མི་དེ་སྒྲུབ་པ་ལ་འཇུག་བྱ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཉིད་དོ། །དེ་བཞིན་དུ་ཁྱད ་བར་དུ་ནི་དེ་བཞིན་གཤེགས་པའི་སྙིང་པོ་བཞི་པོ་དག་གིས་སྔོན་དུ་བསྙེན་པ་གཞུག་འདིས་ངེས་པར་བཤད་པ་ཉིད་དེ། །དེ་ནས་སྙིང་པོ་དེ་དག་ཉིད་ལས་གང་ཡང་རུང་བ་གཅིག་བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་སྒྲུབ་པར་བྱའོ། །ཅེས ་བྱ་བ་རྒྱས་པར་གསུངས་ནས། དེ་ལ་སྒྲ་གནས་པར་བསམ་ཞིང། མཉམ་པར་བཞག་པས་བཟླས་བརྗོད་བྱའོ། །དེ་ནས་སྔོན་དུ་བསྙེན་པ་ནི་འབུམ་བྲག་གཅིག་ཏུ་བྱ་བར་བཤད་དེ། དེ་ལས་ཟླ་བ་གཉིས་པ་ལ། །མེ་ཏོག་དྲིལ་སོགས་པ་འབུལ། ། ་སེམས་ཅན་རྣམ་པ་མང་པོ་ཡིས། །ཕན་པ་ཉེ་བར་སྒྲུབ་བྱེད་ཅིང། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །ཟླ་བ་གཞན་ལས་བཟླས་བརྗོད་བྱ། །དེ་ལ་དེ་རུ་སྦྱོར་བ་འདི། །མཉམ་པར་བཞག་པར་བསམ་པར་བྱའོ། །བདག་གི་བསོད་ནམས་མཐུ་ཡིས་སུ། །སེམས ་ཅན་ཐམས་ཅད་བདེ་གྱུར་ཅིག་།ཡང་ན་དེ་བཞིན་གཤེགས་པ་སྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག་།ཅེས་བྱ་བ་ལ་སོགས་རྒྱུད་འདི་ལས། །སེམས་ཅན་ལ་ཕན་པར་བསྔགས་པའི་སྦྱོར་བ་རྒྱས་པར་བསྟན་པའི་བར་ཡིན་ནོ། །དེ་བས་ན? ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་བཞི་སྔོན་དུ་བསྙེན་པ་དེས་པའི་བཟླས་བརྗོད་ཀྱི་སྦྱོར་བས་ཀུན་ནས་བསླང་བ་སྦྱིར་མདོར་ཡང་དག་པར་བསྡུས་པ་ཡིན་ནོ། །རྒྱས་པར་ནི་རྒྱུད་ཉིད་ལས་ངེས་པར་གཟུང་བར་བྱའོ། །དེ་བཞིན་དུ་ནད་གི་རྣལ་འབྱོར ་ཡན་ལག་བཞི་པ་བྱས་པ་ལས། བཟླས་བརྗོད་མེད་ཀྱང་ཁྱད་པར་དུ་སྙིང་པོ་ཨ་ཞེས་བྱ་བའི་ལས་བསམ་པའི་སྦྱོར་བས་ཀུན་ནས་བསླང་བའི་ཚེ་བརྟན་པར་བྱེད་པ་དང། དུག་སེལ་བ་འདི་གསུངས་པ་ཉིད་དེ། འོན་དེ་སྲོག་བཟུང་བར་འདོད་ན་ཨ་ཞེས་བྱ་བ་སྲོག ་དང་ལྷན་ཅིག་ཏུ་བྱས་ལ། དུས་གསུམ་དུ་བསམ་པར་བྱས་ན། ཡུན་རིང་དུ་གནས་པར་འགྱུར་རོ། །དེ་ཉིད་ཀྱི་སྟེང་དུ་ཀླང་ཀོར་བཞག་ན་གནས་པ་དང། འགྲོ་བའི་དུག་ཐམས་ཅད་སེལ་ཏོ་ཅེས་གང་གསུངས་པ་ཡིན་ནོ། །བསམ་པའི་སྦྱོར་བའི་སྒོ་ནས་སྙང ་པོ་ཨ་ཞེས་བྱ་བའི་དབང་དུ་བྱ་བའི་སྦྱོར་བ་འདི་ཡང་གསུངས་ཏེ། དེ་ནས་གཟི་ཅན་དབང་དུ་བྱ་བར་འདོད་ན། ཨ་ཞེས་བྱ་བ་བདག་ཏུ་འདོད། །བ་ལས་དེ་བཞིན་མི་དབང་པོ། །གཅིག་ལ་པདྨ་བཞག་པར་བྱ། །གཞན་ལ་ཡང་ནི་བུང་བཞག་སྟེ། །གཅིག་ལ་གཅིག ་ནི་གདོང་བལྟས་ན། །དེའི་མོད་ལས་དབང་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིའི་དོན་ནི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུ་ཁ་དོག་དམར་པོར་བསྒོམས་ཏེ། དེའི་ལྕེ་ལ་པདྨ་དམར་པོ་ཁོ་ན་བསམས་ལ། སྒྲུབ་པར་བྱ་བ་ཡི་གེ ་བཞེས་བྱ་བས་རྡོ་རྗེ་སེམས་དཔའ་ཨི་སྐུ་ཁ་དོག་དམར་པོར་བསམས་ཏེ། དེའི་ལྕེ་ལ་ཡང་དུ་ཁ་དོག་དམར་པོ་ཁ་ན་བསམ་ནས། ཕན་ཚུན་གདོང་དུ་བལྟས་ན་དབང་གི་སྦྱོར་བ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་སྙིང་པོ་བཞི་པོ ་དག་གི་སྔོན་དུ་བསྙན་པའི་བཟླས་བརྗོད་ཅེས་པ་དང། བསམ་པ་ལ་གོམས་པའི་ལས་ཀྱི་སྦྱོར་བ་དེས་པར་བཤད་པ་ཡིན་ནོ། །འདི་སླས་བཟླས་བརྗོད་ཀྱིས་ཀུན་ནས་བསླངས་པའི་དངོས་གྲུབ་ཀྱི་ཆེད་དུ་དཔའ་བོ་སྙིང་པོ་ཆེན་པོ་ཡི་གེ་སྒྲུབ་པར་བྱེད་པ་རྣམས་ཀྱི་སྔོན ་དུ་བསྙེན་པ་རྣལ་འབྱོར་གྱི་གནས་སྒྲུབ་པ་བསྟོན་དུ་འགྲོ་བ་ཅན་ཨུགྱི་བཟླས་བརྗོད་ཀྱི་གྲངས་དེས་པ་ཡང་བསྟན་ལ། བསམ་པས་ཀུན་ནས་བླང་བའི་ལས་རྣམས་གྲུབ་པར་བྱ་བའི་ཕྱིར་སྙིང་པོ་དེ་དག་ཉིད་ཀྱི་བཟླས་བརྗོད་ཀྱི་སྦྱོར་བ་དང། དེ་བསྒོམས་པས་ཀུན་ནས ་བསླང་བའི་དངོས་གྲུབ་རྣམས་ཀྱི་སྒོམ་པའི་སྦྱོར་བ་ཡང་བསྟན་ཏོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་རྣལ་འབྱོར་གྱི་གནས་ཀྱི་མཚན་ཉིད་ནི། འདི་ལས། ཨ་ནི་མཆོག་ཏུ་ཤེས་བྱ་བ། །དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ། །ཕྱི་རོལ་ངང་ནི་ནང་དུ ་ཡང། ན?་རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ། །དེར་འདུག་ནས་ནི་ཐམས་ཅད་བསམ། །རྣལ་འབྱོར་གནས་ཞེས་བཤད་པ་ཡིན། །ཞེས་གསུངས་པ་འདི་ཡིན་ནོ། །བཅོམ་ལྡན་འདས་དབང་ཆེན་གྱི་སྐུ་འདི་ལས། གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས ་དབུ་རྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས། །དབང་ཆེན་གྱི་ནེ་གཞི་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་གྱི་གནས་བསྒྲུབ་སྟེ། རྣལ་འབྱོར་གྱི་གནས་དེ་ལ་དཔའ་བོ་ཆེན་པོ་སྙིང་པོ་ཡི་གེ་རྣཾས་གང་ཡང་རུང་བཞིག ་བཀོད་ནས། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱ་བའི་ཕྱིར། ཅི་རིགས་པར་འདི་ལྟ་སྟེ། བསམ་པའི་རྒྱུད་ལས་འགྲུབ་པའི་སྦྱོར་བ་དང། ཟླ་བའི་སྔོན་དུ་བསྙེན་པའི་བཟླས་བརྗོད་སྒྲུབ་པའི་དངོས་གྲུབ་ཀྱི་སྦྱོར་བ་དང། ཡི་གེ་དེ་དག ་ཉིད་བསྒོམས་པ་ཤིན་ཏུ་གོམས་པ་ལས་བྱུང་བའི་དངོས་གྲུབ་འགྲུབ་པའི་སྦྱོར་བ་དང། རྣམ་པ་གསུམ་གྱི་རྣལ་འབྱོར་དུ་བྱའོ། །རེ་ཞིག་སྙིང་པོ་ཨ་ཞེས་བྱ་བར་སྔར་བཤད་པ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་ཅན་རྣལ་འབྱོར་གྱི་གནས་དབང་ཆེན་གྱི ་དཀྱིལ་འཁོར་ལ་བསམ་པའི་སེམས་པའི་སྦྱོར་བའི་སྒོ་ནས་སེམས་ཅན་ཐམས་ཅད་འགུགས་པའི་ལས་དང། དུག་དང་རིམས་ནད་འབྱིན་པར་བྱེད་པའི་ལས་སྟོན་ཏེ། ཨ་ནི་མཆོག་ཏུ་ཤེས་བྱ་བ། །དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ། །ཕྱི་རོལ་དང་ནི་ནང ་དུ་ཡང། །རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ། །དེར་འདུག་ནས་ནི་ཐམས་ཅད་བསམ། །རྣལ་འབྱོར་གནས་ཞེས་བཤད་པ་ཡིན། ། ནི་སྲོག་གི་དམ་པ་སྟེ། །འགུགས་པར་བྱེད་པའི་མཆོག་ཏུ་བཤད། །ནམ་ཞིག་ཀླད་ཀོར་གྱིས་མནན་ན། །ལུས་ཅན ་ཀུན་གྱིས་སེལ་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ལ་གནས་པའི་སྙིང་པོ་ཨ་ཞེས་བྱ་བ་ཉིད་གོམས་པས་ཟླ་བར་སྔོན་དུ་བསྙེན་པའི་བཟླས་བརྗོད་སྒྲུབ་པར་དུས་གསུམ་དུ་བྱས་པའི་སྒོ་ནས་རྒྱས་པའི་ལས་དག་དང་པདྨ་དང་རྡོ་རྗེ་ལ་སོགས་པའི ་དངོས་གྲུབ་དག་སྒྲུབ་པར་བྱ་སྟེ། སྔགས་པས་ནམ་ཞིག་ཟླ་གཅིག་ཏུ། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས། །དུས་གསུམ་བཟླས་བརྗོད་བྱས་ནས་ནི། །མི་ཤེས་གྲོང་ཁྱེར་འཇིག་པར་འགྱུར། །ལྷ་དང་ལྷ་མིན་རྣམས་ཀྱིས་ཀྱང། །མི་ཕྱེད་ཤིན་ཏུ་བརྟན་པར ་འགྱུར། །བདག་གི་རྙེད་པ་གྲུབ་བྱའི་ཕྱིར། །རྒྱས་པའི་ལས་ནི་གང་ཅུང་ཟད། །དེ་ཀུན་རྟག་ཏུ་སྔགས་པ་ཡིས། །དཀྱིལ་འཁོར་གྱི་ནི་དབུས་སུ་བྱ། །ཞེས་བྱ་བ་དང། རྡོ་རྗེ་པདྨ་རལ་གྲི་དང། །དེ་བཞིན་དང་པར་བཤད་པ་དང། །གསེར་དག་དང་ནི་ས་དག་དང། ། ་ཡང་ན་ཡིད་བཞིན་ནོར་བཱུང་རུང། །དེ་ལ་སོགས་པའི་རྫས་རྣམས་ནི། །དབང་ཆེན་དུ་ནི་བསྒོམས་ཏེ་བསྒྲུབ། །ཞེས་གང་གསུངས་པ་ཡིན་ཏེ། །དབང་ཆེན་དུ་བསྒོམས་ཏེ་ཞེས་བྱ་བ་ནི། དབང་ཆེན་གྱི་གཞི་ལ་གནས་ཏེ་ཞེས་དགོངས་པ་ཡིན་ནོ། །དེའི་མཚན་ཉིད་ནི ་གོང་དུ་གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དབུ་རྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས། །དབང་ཆེན་གྱི་ནི་གཞི་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་སྔར་བཤད་པའི་ཆོ་གས་སྙིང་པོ་ཨ་ཞེས་བྱ་བ་བཟླ་བར ་བཟླས་བརྗོད་བྱས་པའི་དངོས་གྲུབ་ཡིན་པར་བལྟ་བར་བྱའོ། །རྣལ་འབྱོར་པ་དབང་ཆེན་གཞི་ལ་གནས་པ་ཉིད་བསམས་པ་ཙམ་གྱིས་དམག་ལ་སོགས་པ་སེམས་ཅན་ཐམས་ཅད་གནོན་པར་བསྟན་པའི་ཕྱིར། མནན་པ་དག་ཀྱང་བཤད་པར་བྱས། འདི་ནི་ཁྱེད ་ཀྱིས་མཉམ་གཞག་ཉོན། །སྔགས་བས་མདོར་ན་རི་རབ་ནི། །རྩེ་མོ་བརྒྱད་པ་བསམ་པར་བྱ། །དེ་ཡི་སྟེང་དུ་པདྨ་བཞག་།དེ་སྟེང་རྣལ་འབྱོར་བ་ཡིས་ནི། །ཡི་གེ་དམ་པ་གཙོ་བོ་སྟེ། །དེ་ཡི་སྤྱི་བོར་མནན་ན་ནི། །དེ་ནི་མི་གཡོ་གནས་པར་འགྱུར། །ཞེས་བྱ ་བ་གསུངས་ཏེ། འདིའི་དོན་ནི་མནན་པར་བྱ་བའི་སྟེང་དུ་རི་རབ་བསམས་ལ་དེའི་སྟེང་དུ་པདྨ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པར་བསམ་ཞིང། དེ་ལ་རྡོ་རྗེ་རྩེ་མོ་བརྒྱད་པ་བསམ་སྟེ། དེ་ལ་བཅོམ་ལྡན་འདས་དབང་ཆེན་གྱི་ཁ་དོག ་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཁོ་ནས་ཇི་སྲིད་དེ་ལེགས་པར་སྣང་བ་ཁོ་ནར་གྱུར་པ་དེ་སྲིད་དུ་བསམ་པར་བྱའོ། ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་པ་དབང་ཆེན་གྱི་གཞི་ཅན་དག་གིས་བདག་དང་གཞན་དག་གི་ནད་ཞི་བར་བྱ་བའི་ཕྱིར། ་ནད་ཀྱི་གཉེན་པོ་དང་འཚམ་པའི་སྨན་ལ་ལན་བརྒྱར་བཟླས་བརྗོད་བྱས་ནས་བཏུང་བར་བྱ་སྟེ། སྨན་ལ་ཡང་ནི་ལན་བརྒྱ་རུ། །བཟླས་བརྗོད་བྱས་ཏེ་མིས་འཐུངས་ན། །སྔོན་གྱི་ལས་ལས་བྱུང་པ་ཡི། །དེ་ཡི་ནད་རྣམས་འབྱང་བར་འགྱུར། །ཞེས་གང་གསུངས ་པ་ཡིན་ནོ། །སྙིང་པོ་ཨ་ཞེས་བྱ་བའི་ལས་དང་དངོས་གྲུབ་དག་བཤད་ཟིན་ཏོ།། །།བམ་པོ་དྲུག་པ། །བཞེས་བྱ་བའི་ལས་ཀྱང་བརྗོད་པར་བྱ་སྟེ། དེ་ལ་སྔར་བཤད་པའི་རྣལ་འབྱོར་གྱི་གནས་བདག་དང་གཉིས་སུ་མེད་པར་གྱུར་པའི་ལྡེ ་བའི་དཀྱིལ་འཁོར་དུ་པདྨ་དཀར་པོ་རྡོ་རྗེའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ། དེ་ལ་ཡང་ཆུའི་དཀྱིལ་འཁོར་བསམ་ཞིང་དེའི་སྟེང་དུ་བ་ཞེས་བྱ་བ་ལྟ་བུ་དབྱིབས་བུམ་པ་འདྲ་བ་བསམས་ནས། དེ་ལ་ཆུ་བོ་བདུད་རྩིའི་ཆུར་འབབ་པ་དགུ་མཐོང་སྟེ? ་དེ་དག་གིས་བཞེས་བྱ་བའི་བུམ་མ་བསྐོར་ནས་བུམ་པའི་ངོས་ནས་ཕྱི་རོལ་ཏུ་འབྱུང་བར་བསམ་མོ། །སྨུགས་པའི་ཟིལ་པའི་ཚོགས་ཀྱིས་འཁོར་བར་ཡང་བསམ་ཞིང། སྔ་མ་བཞིན་དུ་སྙིང་པོ་བ་ཞེས་བྱ་བ་བཟླས་བརྗོད་བྱའོ། །དེ་ནས་མར་གསར་དངོའི ་མ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱ་སྟེ། དེ་ནས་གཞན་ཡང་ངེས་པ་ཡིས། །བཞེས་བྱ་བ་དམ་བ་ཉོན། །གངས་དང་འོ་མ་དང་འདྲ་བ། །ལྟེ་བའི་དབུས་ན་བྱུང་བ་སྟེ། །པདྨ་དཀར་པོ་དམ་པ་ནི། །དེ་ཡི་དབུས་ན་རབ་ཏུ་གནས། །མགོན་པོ ་དམ་པ་རབ་ཏུ་ཞི། །སྟོན་ཀའི་ཟླ་བའི་འོད་དང་འདྲ། །དེ་ཡི་དཀྱིལ་འཁོར་ངོ་མཚར་ཅན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཀུན་ཏུ་དཀར་པོ་བསམ་པར་བྱ། །ཁྱུད་ཀོང་རིམ་པ་དགུས་ཀྱང་བསྐོར། །གདུང་བ་ཐམས་ཅད་ཞི་བྱེད་པ། །སྨུགས་ཟིལ་འདུས ་པའི་ནང་ན་གནས། །འོ་མ་མུ་ཏིག་ཕྲེང་དཀར་དང། །ཤེལ་དང་ཟླ་བའི་འོད་འདྲ་བ། །ཆུ་རྒྱུན་རྣམས་ཀྱིས་ཁོར་ཡུག་ཏུ། །ཀུན་ནས་རབ་ཏུ་འབབ་པ་བཞིན། །སྔགས་པས་ཡིད་ལ་བསམས་ན་ནི། །གདུང་བ་ཀུན་ལས་ཐར་པར་འགྱུར། །མཉམ་པར་བཞག ་པས་དངོས་འདི་རྣམས། །དཀྱིལ་འཁོར་འདིར་ནི་བསྒྲུབ་པར་བྱ། །མར་གསར་འོ་མ་མུ་ཏིག་ཕྲེང། །དེ་བཞིན་ཁྱུ་མཆོག་ཤེལ་ཡང་རུང། །ཞ་འམ་ཡང་ན་ཆུ་ཡང་རུང། །དེ་ལ་སོགས་པའི་རྫས་རྣམས་ནི། །དངོས་གྲུབ་སྣ་ཚོགས་གྲུབ་ཕྱིར་བསྒྲུབ། ཅེས ་གང་གསུངས་པ་ཡིན་ནོ། །དངོས་གྲུབ་འདི་དག་གི་འབྲས་བུ་བསྟན་པའི་ཕྱིར། ཚེ་ནི་རིང་བར་གྱུར་པ་དང། །གཟུགས་ནི་ངོ་མཚར་ཆེ་གྱུར་དང། །ནད་རྣམས་ཀུན་ལས་ཐར་བ་དང། །བསྐལ་པ་བཟང་པོའི་མཆོག་གྱུར་དང། །ཡིད་རྣོ་འཛིན་པར་ནུས་པ་དང། ། ་ཤེས་རབ་ཤིན་ཏུ་དྲི་མེད་པ། །བསྒྲུབ་པའི་རྫས་ནི་འདི་རྣམས་ཀྱིས། །དེ་དག་ཐམས་ཅད་མྱུར་དུ་འགྲུབ། །དཀྱིལ་འཁོར་པ་དང་ལྡན་པ་འདི། །ཞི་བར་བྱེད་པ་བཤད་པ་ཡིན། །ཅེས་གསུངས་སོ། །ཅེས་བྱ་བ་འདི་ཉིད་དཀྱིལ་འཁོར་དེ་ལྟ་བུ་ལ་གནས་ཤིང ་ཀླད་ཀོར་དང་ལྡན་པ་བྱ་སྟེ། སྒྲུབ་པར་བྱ་བའི་ལྟེ་བའི་ཐད་ཀར་བསམས་ན་རིམས་ནད་དང། དུག་ལ་སོགས་པ་སེལ་བར་བྱེད། །ཀླད་ཀོར་འཁོར་དང་བཅས་བྱས་ནས། །སེལ་བར་བྱེད་པའི་མཆོག་ཏུ་འགྱུར་ཞེས་གང་གསུངས་པ་ཡིན་ཏེ། འདིར་བ་ཞེས་བྱ་བའི ་ཀླད་ཀོར་ཡང། །ཁ་དོག་སྤྲིན་དཀར་པོ་ལྟ་བུ་ལས་ཆར་འབབ་པར་བསམ་པར་བྱའོ། །བཞེས་བྱ་བའི་ལས་དང་དངོས་གྲུབ་བཤད་ཟིན་ཏོ། །དེ་བཞིན་དུ་ར་ཞེས་བྱ་བའི་རང་གི་དཀྱིལ་འཁོར་ལ་གནས་པ་སྔར་བཤད་པའི་རྣལ་འབྱོར་གྱི་གནས་བདག་དང ་གཉིས་སུ་མེད་པར་གྱུར་པའི་བྲང་གི་ཐད་ཀར་བཀོད་པ་དེའི་སྒྲའི་དེ་ཁོ་ན་ཉིད་སེམས་པ་སྔོན་དུ་འགྲོ་བའི་བཟླས་བརྗོད་འབུམ་བྱས་པའི་དངོས་གྲུབ་དང་ལས་བསྟན་པའི་ཕྱིར་ར་ཞེས་བྱ་བ་ཡང་དག་མཆོག་།འོད་ཅན་རྣམས་ཀྱིས་འོད ་ཅེས་བྱ། འདིར་ནི་ལས་རྣམས་གང་ཅུང་ཟད། །མཚམས་མེད་ལྔ་ལས་བྱུང་བ་ཡང། །རྣལ་འབྱོར་ཤིན་ཏུ་མཉམ་གཞག་ནས། །བསམས་ན་དེ་ཀུན་ཟད་པར་འགྱུར། །ཡིད་འོང་ཐམས་ཅད་རབ་ཏུ་དམར། །གྲུ་གསུམ་པའི་ཚུལ་དུ་གནས། །ཞི་བ་འབར ་བའི་ཕྲེང་བས་འཁྲིགས། །སུམ་མདོ་རིས་དང་སྙིང་གར་བཞག་།རྣལ་འབྱོར་པ་ནི་དེར་འདུག་ནས། །ར་ནི་ཀླད་ཀོར་བཅས་པར་བསམ། །མི་འཇིགས་པས་ནི་ཅི་རིགས་པར། །དངོས་པོ་འདི་རྣམས་དེར་བསྒྲུབ་པོ། །ཉི་མ་དང་ནི་གཟའ་ཀུན་དང། །དེ་བཞིན ་བསྒྲིམས་ཏེ་མེ་དང་ནི། །དབང་དུ་བྱ་བའི་རྫས་རྣམས་དང། །ཡང་ན་འཁོན་པར་འགྱུར་བ་དང། །བསྐམ་པ་དང་ནི་གསང་བ་དང། །དེ་བཞིན་བཀར་དང་གནོད་པ་དག་།མེ་དང་ལྷན་ཅིག་འདིར་སྦྱར་ན། །དེ་དག་ཐམས་ཅད་མེད་པར་འགྱུར་ཞེས་བྱ་བ་གསུངས ་སོ། །དེ་བཞིན་དུ་དེ་ལྟར་རྣལ་འབྱོར་གྱིས་གནས་དང། བདག་དང་གཉིས་སུ་མེད་པར་གྱུར་པའི་སྨིན་མཆེམས་སུ་ཧཱུཾ་ཞེས་བྱ་བ་རླུང་གི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ་དེའི་སྒྲའི་དེ་ཁོ་ན་ཉིད་སྔོན་དུ་འགྲོ་བའི་བཟླས་བརྗོད་ཟླ་བར་རིམ་གྱིས ་དུས་གསུམ་དུ་བྱ་ཞིང། །དེ་ནས་ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་རྣམས་སྒྲུབ་པར་བྱ་སྟེ། ཧ་ཞེས་བྱ་བ་དམ་པ་མཆོག་།རླུང་ནི་ཐམས་ཅད་ཡང་འབྱུང་ཞེས་གང་གསུངས་པ་ཡིན་ཏེ། འདི་ནི་རླུང་གི་ཏིང་ངེ་འཛིན་གྱི་རྒྱའི་མཚན་ཉིད་ཡིན་པར་བསྟན་ཏོ། ། ་རྒྱུ་དང་ལས་དང་འབྲས་བུ་དང། །གང་གིས་ས་བོན་རྣམས་སྐྱེ་བ། །གང་རི་ནི་ཀླད་ཀོར་བཅས་སྦྱར་ན། །དེ་དག་ཐམས་ཅད་འཇིགས་པར་བྱེད། །ཅེས་བྱ་བ་འདིས་ཀྱང། །འདི་ལ་སྒྲའི་དེ་ཁོ་ན་ཉིད་བརྗོད་པར་བྱེད་པར་དོན་དམ་པའི་ཏིང་ངེ་འཛིན་ལ་ཞུགས ་པའི་མཚན་ཉིད་ཅན་ཡིན་པར་བསྟན་ཏོ། །དེ་ཡི་གཟུགས་ཀྱང་བཤད་པ་ནི། །ཁ་དོག་གནག་ལ་འོད་པོ་ཆེ། །མི་ཟད་འབར་བའི་ཕྲེང་བས་འཁྲིགས། ཅེས་བྱ་བ་ནི་འདིའི་གཟུགས་རླུང་གི་ངོ་བོ་ཉིད་དེ། གཞག་པར་བཤད་པ་ཡིན་ནོ། །མཁས་པས་སྨིན་མའི་མཚམས ་སུ་ནི། །དཀྱིལ་འཁོར་ལ་ནི་གནས་པར་བསམ། །ཞེས་བྱ་བའི་རླུང་གི་དཀྱིལ་འཁོར་ལ་གནས་པ་འདི་སྨིན་མའི་མཚམས་སུ་བཞག་པར་བརྗོད་པར་བྱ་བ་ཡིན་ནོ། །རླུང་གི་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ནི་མཐིང་ག་ཟླ་གམ་འདྲ། །ཏོག་དང་བཅས་པ ་བདན་གཡེ། །ཡི་གེ་རབ་ཏུ་མི་འགྱུར་བ། །སྔགས་བས་ངེས་གནས་བསམ་པར་བྱ་ཞེས་གསུངས་སོ། །དེ་ལྟར་བསྒོམས་ཤིང་ཟླ་བར་བཟླས་བརྗོད་བྱས་པའི་དངོས་གྲུབ་མངོན་པར་མཐོ་བ་བསྟན་པའི་ཕྱིར། །གང་ཞིག་མཐོང་བ་ཉིད་ལ་ནི། །སེམས་ཅན་རྣམས་ཀྱི ་དོན་བྱ་བའི། །དངོས་གྲུབ་རྣམས་ནི་དེ་ཚ་སྒྲུབ། །མཁའ་ལ་སོགས?་བ་ཉིད་དང་ནི། །ཡང་ན་རྫུ་འཕྲུལ་རྐང་པ་དང། །ལྷ་ཡི་མིག་དང་རྣ་བ་དང། །སྔགས་པས་དེ་བཞིན་ཐོབ་པ་དང། །མི་སྣང་བ་ལ་སོགས་ཀུན་དང། །དབྱེ་བ་དག་ཀྱང་གང་གསུངས་པ། །སྔགས་པས་མཉམ་པར ་བཞག་པ་ཡིས། །དཀྱིལ་འཁོར་གནས་ན་དེ་ཀུན་བྱེད། །ནས་གསུངས་སོ། །འདིའི་སྒྲའི་ང་ཁོ་ན་ཉིད་རྒྱུ་མི་དམིགས་པའི་མཚན་ཉིད་སེམས་པའི་སྒོ་ནས་བདུད་བཞི་འཇོམས་པའི་རྒྱུ་ཡིན་པས། ངེས་པར་ལེགས་པའི་གོ་འཕང་ཐོབ་པའི་མཚན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུ་ཉིད ་ཡིན་པར་བསྟན་པའི་ཕྱིར། །འདིས་ནི་བྱང་ཆུབ་སྙིང་པོ་འདིར། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །རྒྱུ་ཀུན་དམིགས་སུ་མེད་པས་ན། བདུད་ལས་རྣམ་པར་རྒྱལ་བར་བྱེད་ཅེས་གསུངས་སོ། །དེ་ནི་རལ་གྲིའི་ཕྱག་རྒྱ་བཅིངས་ནས་རྣལ་འབྱོར་གྱི་བདག་དང་གཉིས་སུ ་མེད་པར་གྱུར་པའི་ཇི་ལྟར་དེས་པར་བསམས་པ་ལ་སོགས་པའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་མོས་པའི་སྒོ་ནས། ཁཾ་ཞེས་བྱ་བ་ཟླ་བར་བཟླས་བརྗོད་བྱས་པར་རལ་གྲི་དང་འཁོར་ལོ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པར་བསྟན་ཏེ། རྒྱུ་མེད་པ་ན་འབྲས ་བཱུང་མེད། །ལས་ཀྱང་ཡོད་པ་མ་ཡིན་ཏེ། །དངོས་པོ་དེ་གསུམ་མེད་བས་ན། །སྟོང་པའི་ཡེ་ཤེས་ཐོབ་པར་འགྱུར། །རྫོགས་པའི་སངས་རྒྱས་མཐུ་ཆེན་གྱིས། །དེ་ཡི་གཟུགས་ཡང་བཤད་པ་ཡིན། །ཀླང་ཀོར་བཅས་པར་ལྡན་པ་སྟེ། ། ་ཁཾ་ནི་སྟོང་པའི་མཆོག་ཅེས་བྱ། །ཞེས་གསུངས་པ་ཡིན་ཏེ། འདིས་ནི་ཁཾ་ཞེས་བྱ་བ་ཆོས་ཐམས་ཅད་སྟོང་པའི་ཏིང་ངེ་འཛིན་ཏེ། རྗོད་པར་བྱེད་པ་ཉིད་ཡིན་པ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡང་ཁ་ཞེས་བྱ་བའི་གཟུགས་སུ་བྱིན་གྱིས་རློབ་པ་ཡིན་པར་བསྟན ་པར་རིག་པར་བྱའོ། །རལ་གྲི་ཕྱག་རྒྱར་ལྡན་པ་ཡིས། །སྒྲུབ་པར་བྱ་བ་ངེས་པར་སྒྲུབ། །ཅེས་བྱ་བ་འདིས་ནི། ཟླ་བར་སྔོན་དུ་བསྙེན་པའི་ཆོ་ག་ཀུན་ཏུ་བསྟན་ཏོ། ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཟླ་བར་སྔོན་དུ་བསྙེན་པའི་དངོས་གྲུབ་བསྟན་པའི་ཕྱིར། ་རལ་གྲི་ཞགས་པ་འཁོར་ལོ་དང། །ལྕགས་མདའ་དེ་བཞིན་ཐོ་བ་སྟེ། །རྫས་དེ་རྣམས་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། །ཅེས་གསུངས་པ་ཡིན་ཏེ། འདི་དག་ནི་རྣལ་འབྱོར་གྱི་གནས་ཇི་སྐད་བཤད་པ་ལ་མོས་པ་བརྟན་པ་སྔོན་དུ་འགྲོ་བའི ་ཡི་གེ་རེ་རེ་སེམས་བ་དང། དེ་བཞིན་དུ་བཟླས་བརྗོད་བྱེད་པའི་སྒོ་ནས། དཔའ་བོ་ཆེན་པོའི་སྙིང་པོ་ཡི་གེ་ལྔའི་དངོས་གྲུབ་དག་ཡིན་པར་བཤད་དོ། །ད་ནི་མཉམ་པར་བཞག་པའི་གནས་སྐབས་ཀྱི་རྣལ་འབྱོར་པ་རྣམ་པར་གཡེང་བ་བསལ་བའི་སྒོམ་པ་ཤིན་ཏུ ་གོམས་པས་རྣལ་འབྱོར་གྱི་གནས་བདག་དང་གཉིས་སུ་མེད་པར་གྱུར་པ་ཇི་ལྟར་མོས་པ་བཞིན་སྣང་བ་བསྟན་པའི་ཡི་གེ་འདི་དག་གིས་བསྒོམ་པ་གོམས་པ་འགྲུབ་པ་ལས། རབ་ཏུ་འབྱུང་བ་དང་རྫུ་འཕྲུལ་ལ་སོགས་པའི་དངོས་གྲུབ་དག་བསྟན་པའི་ཕྱིར ་གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྔོ་ནས། བྱང་ཆུབ་སེམས་དཔའ་ཨི་སྦྱང་པ་སྤྱོད་པས། བདག་ཉིད་ཨ་ཞེས་བྱ་བའི་རང་གི་ངོར་བསྐྱུར་ནས། ཕྱི་དང་ནང་དུ་བཅ་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་འགྱུར་ཅིང། བོང་བ་དང་རྡོ་བ ་དང་གསེར་དུ་མཚུངས་ལ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉེས་པ་རྣམས་དང། སྡིག་པའི་ལས་རྣམ་པར་སྤངས་པ། དེ་ཚེ་དེ་ནི་དག་གྱུར་པ། །ཐུབ་པ་རྫོགས་པའི་སངས་རྒྱས་བཞིན། །དེས་ནི་ལས་རྣམས་ཐམས་ཅད་ནུས། །ཉེས་པ་ཐམས་ཅད་རྣམ ་པར་སྤངས། །ཅེས་གསུངས་སོ། །འདིར་ཕྱི་དང་ནང་དུ་བཅས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་གྱུར་ཞེས་བྱ་བའི་དགོངས་པ་ནི། རྣལ་འབྱོར་པས་རྣལ་འབྱོར་གྱི་གནས་ཇི་སྐད་དུ་བཤད་པ་ཇི་སྲིད་དུ་མཉམ་པར་བཞག་པའི་གནས་སྐབས་ན། དེའི་རྣམ་པ་ཡིད་ལ ་སྣང་བ་ཁོ་ནར་གྱུར་པ་དེ་སྲིད་དུ་གོམས་པར་བྱས་ནས་ཕྱི་དང་ནང་གི་བདག་ཉིད་ཀྱི་གཟུགས་ལ་སོགས་པར་སྣང་བ་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པ་ལ་མི་བལྟའོ་སྙམ་པ་འདི་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་པ་མཉམ་པར་བཞག་པའི་གནས་སྐབས ་སུ། །རྣལ་འབྱོར་གྱི་གནས་བདག་ཉིད་ལ་ཡོད་བའི་སྣང་བའི་ཡིད་གྲུབ་པའི་ཕྱིར་ཁྱད་པར་དུ་ཅི་རིགས་པར་ཡང། ། ཞེས་བྱ་བ་ལ་སོགས་པ་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་བྱིན་གྱིས་རློབ་པར་གྱུར་པ་འདི་དག་གིས་ལམ་བསྒོམས་པ་དང། བཟླས་བརྗོད་གོམས ་པ་ལས་བྱུང་བར?་གཞན་དག་ཁྱད་པར་བཤད། །དེ་ནས་གཞན་སྔགས་རྣལ་འབྱོར་ལ། །གཞོལ་ཞིང་ཆོ་ག་ཞེས་པ་ཡིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །པ་ཞེས་བྱ་བའི་ལས་བྱའོ། །སྙིང་རྗེར་གྱུར་པའི་སེམས་ཀྱིས་སུ། །འཇིག་རྟེན་སྡུག་བསྔལ་ལ་དམིགས ་ནས། །མགོན་པོར་ཡི་བདག་ཧིར་ཀྱི། །ལུས་ནི་ཐམས་ཅད་ཉིད་བུ་ཡང། །གང་དང་བའི་འོ་མ་ལྟར། །དཀར་བའི་རྒྱུན་གྱིས་ཡོངས་སུ་དགང། །དེ་ཚེ་ངེས་པར་བསྐྱེད་ནས་སུ། །ཡན་ལག་རྣམས་ནི་ཐམས་ཅད་ཀྱི། །བ་སྤུའི་བུ་ག་ཀུན་ནས་ཀྱང། །ཤིན་ཏུ་དྲི་མེད ་ཆུ་རྒྱུན་འབྱུང། །ཆུ་ཡིས་ས་ནི་མ་ལུས་པ། །འདི་དག་ཡོངས་སུ་དགང་བར་བྱ། །གང་གིས་ཆུ་དེ་འཐུངས་པ་འམ། །ལག་པས་ཀྱང་ནི་རེག་ཀྱང་རུང། །དེ་ཀུན་ངེས་པར་བྱང་ཆུབ་ཏུ། །འགྱུར་ཏེ་འདི་ལ་ཐོགས་པ་མེད། །ཅེས་གང་གསུངས་པ་ཡིན་ནོ། །འདི་ལ ་དགོས་པ་ནི་སྔར་བཤད་པའི་ཆུའི་དཀྱིལ་འཁོར་གྱི་རྣལ་འབྱོར་ཐམས་ཅད་མངོན་དུ་བྱས་ལ། དེ་ལས་བྱུང་བའི་རྒྱུན་གྱིས་རང་གི་ལུས་ཐམས་ཅད་ཡོངས་སུ་གང་བར་བྱས་ནས། བ་སྤུའི་ཁུང་བུ་དག་ནས་ཆུའི་རྒྱུན་ཕྱུང་སྟེ། ་སྤིད?་པའི་རྩེ་མོའི་བར་མཛའ་དག་ཀུན་དག་པར་བྱའོ་སྙམ་པ་འདི་ཡིན་ནོ། །དེ་བཞིན་དུ་ར་ཞེས་བྱ་བའི་ལས་བསྟན་པའི་ཕྱིར། ཡན་ལག་ཀུན་ཏུ་ར་ཞེས་པ། །འབར་བའི་ཕྲེང་བཞི་བས་འཁྲིགས། །ཀུན་ཏུ་རྣམ་པར་འཕྲེ་བ་ནི། །ཤིན་ཏུ་མཉམ་པར ་བླག?་པས་བསམ། །དེ་ཆེ་རྣལ་འབྱོར་པ་ཡིས་ཕྱིར། །འབར་བ་ཀུན་ཏུ་སྣང་བྱེད་པ། །བཏང་ན་ར་ཡི་རྣམ་སྦྲུལ་པས། །སྔགས་པས་འདོད་པ་བཞིན་དུ་བྱེད། །ཅེས་གསུངས་པ་འདིའི་དོན་ནི། །རྣལ་འབྱོར་གྱི་གནས་ཅན་གྱི་གང་གི་གནས་སུ་ར ་ཞེས་བྱས། མེའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ། དེའི་འབར་བཞི་བས་རང་གི་ལུས་ཀྱི་ནང་ཀུན་ཏུ་བཀང་སྟེ། དེ་ནི་དེ་དག་ཕྱི་རོལ་ཏུ་ཕྱུང་སྟེ་སྣང་བར་བྱའོ་སྙམ་པ་འདི་ཡིན་ནོ། །དཔའ་བོ་ཆེན་པོའི་སྙིང་པོ་འདི་དག་གི་ལས་དེ་ལ ་སོགས་པ་བཟླས་བརྗོད་དང་བསྒོམ་པ་ལས་བྱུང་བ། གཞན་དང་གཞན་དག་ཀྱང་དཔའ་བོ་ཆེན་པོའི་རིམ་པར་ཕྱེ་བའི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། །དངོས་གྲུབ་དང་ལས་འདི་དག་ནི། །རྣལ་འབྱོར་པའི་རང་གི་སེམས་ཀྱི་དབང་ལ་སྣང་བའི་དབང ་དང། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་འགྲུབ་པར་རིག་པར་བྱའོ། །དེ་ལ་ལས་དང་དངོས་གྲུབ་ཇི་སྐད་བཤད་པ་འདི་དག་རང་གི་སེམས་ལ་སྣང་བའི་དབང་གིས་འགྲུབ་པའི་དབང་དུ་མཛད་ནས། གསང་བའི་བདག་པོ་དངོས་གྲུབ་ཀྱི ་གོ་འཕང་དེ་ལྟ་བུ་ལ་སོགས་པ་དག་ནི་ཡིད་ལས་འབྱུང་བ་ཡིན་ནོ། །གསང་བའི་བདག་པོ་རྣམ་པར་བསམས་པ་ཙམ་ཁོ་ནས། དངོས་གྲུབ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་འདུ་བྱེད་རྣམ་པ་ཐ་དད་པ་སྣ་ཚོགས་ཐམས་ཅད་པའི་ས་བོན་གྱི་བྱ་བ ་ཚིག་ཏུ་བརྗོད་པ་ཙམ་ལས་བྱུང་བ་ལས་བལྟོས་ཞེས་གསུངས་ཏེ། དེ་ལ་གཟུགས་ཅན་མ་ཡིན་པ་རྣམས་ཀྱིས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིའོ། །འདུ་བྱེད་རྣམ་པ་ཐ་དད་ལ་སྣ་ཚོགས་རྣམས་ཞེས་བྱ་བ་ནི་དབང་ཆེན་དང་ཆུའི ་དཀྱིལ་འཁོར་ལ་སོགས་པར་སྣང་བའི་མཚན་དག་ཡིན་ནོ། །ལས་ཐམས་ཅད་ཀྱི་ས་བོན་གྱི་བྱ་བའི་ཚིག་ཏུ་བརྗོད་པ་ཙམ་ལས་ཞེས་བྱ་བ་དེ་ས་བོན་གྱི་བྱ་བ་ནི་དཔའ་བོ་ཆེན་པོའི་སྙིང་པོ་ནི་ས་བོན་རྣམས་ཀྱི་བྱ་བའི་རང་གི་དཀྱིལ་འཁོར་བསམ་པ་ཡིན་ནོ། ། ་ཚིག་ཏུ་བརྗོད་ཙམ་ལས་ཞེས་བྱ་བ་ནི། སྙིང་པོ་དེ་དག་ཉིད་བཟླས་བརྗོད་ཀྱི་སྤྱོར་བའི་སྒོ་ནས་ཤེས་པར་བྱ་དགོས་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཀྱང་རྣལ་འབྱོར་པ་འདི་དག་གི་ལས་དང་དངོས་གྲུབ་འགྲུབ་པར ་རིག་པར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལྷུན་ཏལ?་གྱིས་གྲུབ་པ་ཁོ་ནར་གསང་སྔགས་ཀྱི་སྤྱད་པ་སྤྱོད་ཅིང་དངོས་གྲུབ་ཀྱི་བྱ་བ་ལ་ཞུགས་པ་རྣམས་ལ། རྟག་ཏུ་རིགས་སྔགས་དང་གསང་སྔགས་དང་ལྷ ་ལ་སོགས་པ་སྣང་ལ། སེམས་ཅན་སྐལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་མཛད་པར་ཉེ་བ་ལོན་ཡིན་ནོ། །དེའི་ཕྱིར་དེའི་བྱིན་གྱིས་བརླབས་དང། དམ་པ་སྩོལ་བའི་དབང་གིས་ཀྱང་དངོས་གྲུབ་དང་ལས་རྣམས་འགྲུབ་པར་ཁོང་དུ་ཆུད་པར་བྱ་སྟེ ་ཇོ་སྐད་དུ། གསང་བའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་དང་རྗེས་སུ་མཐུན་པར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ་དང། སེམས་ཅན་ཐམས་ཅད་ཡང་དག་པར་མགུ་བར་མཛད་པ་སྟེ། བྱང་ཆུབ་སེམས ་དཔའ་ལས་ཐམས་ཅད་དང་གསང་སྔགས་སྦྱང་པ་སྤྱོད་པ་རྣམས་ཀྱི་མདུན་ན་གཟུགས་བརྙེན?་ན་ལྟ་བུར་བཞུགས་སོ། །དེ་བཞིན་གཤེགས་པ་དེ་ནི་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་ལུས་ལས་ཡང་དག་པར་འདས་པ་དུས་དང་ཡུལ་དང་བྱ་བ་དང། ལས་དང ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་སྤངས་ཀྱང། གསང་སྔགས་སྤྱོད་པ་ལས་བྱུང་བའི། །ཐམས་ཅད་མཁྱེན་པའི་གོ་འཕང་སྩོལ། །དེ་བས་ཀུན་མཁྱེན་དངོས་གྲུབ་དང། །གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱ་ཞེས་གང ་གསུངས་པ་ལྟ་བུ་ཡིན་ནོ། །གཞན་ཡང་རྒྱུད་འདི་ལས་རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་སྤྱོད་པའི་སྦྱོར་བ་སྔོན་དུ་བསྙེན་པའི་ཆོ་ག་ཕྱིའི་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་སྦྱོར་བའི་སྒོ་ནས་འབུམ་དང་ཟླ་བ་ལ་སོགས ་པའི་གྲངས་སུ་གསུངས་བ་ནས། དེ་བཞིན་གཤེགས་པའི་སྙིང་པོ་བཞི་སྔོན་དུ་བསྙེན་པ་ནང་གི་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་ཐབས་ཀྱིས་འབུམ་དང་ཟླ་བར་སོ་སོར་ངེས་པར་བསྟན་པའི་བར་དང། དེ་བཞིན་དུ་དཔའ་བོ་ཆེན་པོའི་ཡི་གེ ་རྣམས་ཀྱི་སྔོན་དུ་བསྙེན་པའི་རྣལ་འབྱོར་གྱི་གནས་ཇི་སྐད་བཤད་པ་སྒྲུབ་པ་སྔོན་དུ་འགྲོ་བ་ཅན་ཟླ་བ་ལ་སོགས་པ་སོ་སོར་ངེས་པར་བཤད་པ་གང་ཡིན་པ་འདི་ཐམས་ཅད་སྒྲུབ་པ་པོ་རྒྱུད་ཡོངས་སུ་དག་པའི་དཔང་དུ་མཛོད་པར་མངོན་ཏེ། བཅོམ ་ལྡན་འདས་ཀྱིས་གསང་སྔགས་གྲངས་ནི་སུམ་འབུམ་དུ། །པལ་ཆེར་ངས་ནི་བཤད་པ་དག་།ལུས་ཅན་སྡིག་དང་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལ། །བཟླས་བརྗོད་གྲངས་ནི་བསྟན་པ་ལས། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་གང ་གསུངས་པ་ཡིན་ནོ། །འདིར་སྒྲུབ་པ་པོ་ཡང་འདི་ལྟ་སྟེ། མཐོང་བ་དང་མ་མཐོང་བའི་ཚེ་ལ་ལས་དགེ་བ་དང་མི་དགེ་བ་གསང་སྔགས་ཀྱི་དངོས་གྲུབ་དང་འགལ་བ་བསྐྱེད་པའི་བག་ཆགས་མེད་པ་དང། དེ་བཞིན་དུ་སྒྲུབ་པ་པོའི་རྒྱུད་ལ་ལས་དགེ་བའི ་ས་བོན་གསང་སྔགས་ཀྱི་དངོས་གྲུབ་དང་མཐུན་པ་འདས་པའི་ཚེ་རབས་དང་འདྲ་བ་མ་ཡིན་པ་ལ་བྱས་པ་སྔ་ནས་ཡོད་པ་དང། སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པ་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཇི་སྐད་དུ་བཤད ་པ་དག་བསླབས་པ་ཉིད་ཀྱི་ཡོན་ཏན་དང་ལྡན་པ་དང། རྣམ་པ་གསུམ་གྱིས་དག་པ་ཡིན་པར་མངོན་ནོ། །རྒྱུ་འདི་གསུམ་དང་མི་ལྡན་པའི་སྒྲུབ་པ་པོ་ནི། རྒྱུ་གསུམ་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་འབྱུང་བར་མངོན་ཏེ། འདི་ལྟ་སྟེ། དུས་དཔག་ཏུ་མེད་པའི ་བཟླས་བརྗོད་དང། བསམ་གཏན་ལ་སོགས་པ་ཇི་ལྟར་འདོད་པའི་དངོས་གྲུབ་དང་མཐུན་པའི་མཚན་མ་བྱུང་བ་དང། དེ་བཞིན་དུ་ཇི་ལྟར་འདོད་པའི་དངོས་གྲུབ་དང་འགལ་བའི་ལས་དགེ་བ་དང་མི་དག་པའི་བག་ཆགས་ཀྱི་རྣམ་པར་སྨིན་པ་མྱོང་བ་དང། ་ཆོས་ཐམས་ཅད་གཟོད?་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གོམས་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རེག་པའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་ནི་མཚན་མ ་སོགས་པ་ཡིད་ལས་བྱུང་བའི་དངོས་གྲུབ་རྣམས་འབྱུང་བ་ཁོ་ནར་བཤད་དོ། དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་ཐོབ། །ཅེས་ལས་གང་གསུངས་པ་ཡིན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་ནི་མཚན་མ ་དང་བཅས་པའི་དངོས་གྲུབ་ཀྱང་བསྟན་ཏེ། མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་མཉེས་པར་བྱེད་པའི་ལས་དགེ་བ་ཁ་ཅིག་གི་འབྲས་བུ་ནི་སྲིད་པ ་གཞན་དུ་མངོན་པར་འགྲུབ་པ་ཉིད་དོ། །ཁ་ཅིག་ནི་བསམ་པ་དང་སྦྱོར་བའི་དབང་གིས། ཚེ་འདི་ཉིད་ལ་རྣམ་པར་སྨིན་པར་འགྱུར་ཏེ། དེ་བསྟན་པའི་ཕྱིར་རྒྱུད་ལས་རྒྱུན་ཏུ་གྱུར་པ་ཡི། །ལས་ནི་ཇི་སྲིད་མ་ཉམས་ཤིང། །རྣམ་སྨིན་རྣམ་པར་མ་སྨིན་ཏེ། །དངོས ་གྲུབ་དག་ནི་དུས་སུ་འདོད། །ཅེས་གསུངས་སོ། །འདིར་རྒྱུད་ལས་ཅེས་བྱ་བ་ནི་གསང་སྔགས་མཉེས་པར་བྱེད་པས་དགེ་བ་སྒྲུབ་པའི་སྐྱེས་བུའི་སེམས་ཀྱི་རྒྱུད་ལས་ཞེས་བྱ་བར་དགོངས་པ་ཡིན་ནོ། །རྒྱུད་དུ་གྱུར་པ་ཞེས་བྱ་བ་ནི་རིག་སྔགས་འཆང་བ་ལ ་སོགས་པའི་དངོས་གྲུབ་ཀྱི་ཁྱད་པར་གྱི་རྒྱུར་གྱུར་པའི་རྒྱུད་དོ། །དུས་ཇི་སྲིད་ཅིག་ཅི་ཞིག་དེའི་ཅི་ཞིག་བྱ་མཉམ་པ་ལ་ལས་ནི་ཇི་སྲིད་མ་ཉམས་ཤིང་ཞེས་བྱ་བ་གསུངས་ཏེ། དེ་སྲིད་ཅེས་བྱ་བ་ནི་རུས་ཞོ། །ལས་ཅེས་བྱ་བ་ནི ་གསང་སྔགས་མཉེས་པར་བྱེད་པའི་ལས་དེ་ཞེས་བཤད་པ་ཡིན་ནོ། །མ་ཉམས་ཤིང་ཞེས་བྱ་བ་ནི་གསང་སྔགས་མཉེས་པར་བྱེད་པའི་ལས་བྱས་བ་དེ་ཚེ་རབས་རྒྱུད་པ་དག་ཏུ་ཡང། འབྲས་བུ་རབ་ཏུ་འཕྱིན་པས་ཟད་པར་མ་གྱུར་ནའོ། །ལས་དེའི་འབྲས ་བུ་ཡང་ཉམས་སུ་མྱོང་བར་མ་གྱུར་ན་ཞེས་བྱ་བ་བསྟན་པའི་ཕྱིར། རྣམ་སྨིན་རྣམ་པར་མ་སྨིན་ཞེས་བྱ་བ་གསུངས་སོ། །དུས་འདི་གཉིས་སུ་དངོས་གྲུབ་དག་ཏུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཏེ། དངོས་གྲུབ་དག་ནི་དུས་སུ་འདོད་ཅེས་བྱ་བ་གསུངས་སོ། །དེས་ན ་དགོངས་པ་ནི་གང་གི་ཚེ་གསང་སྔགས་མཉེས་པར་བྱེད་པའི་ལས་དེའི་རྣམ་པར་སྨིན་པའི་ཚེ་རབས་བརྒྱུད་པ་དག་ཏུ་ཡང་ཉམས་སུ་མྱོང་བར་མ་གྱུར་ན། དེའི་ཚེའི་ཚོགས་པ་ཡོད་ན་དེའི་འབྲས་བུ་རབ་ཏུ་འབྱིན་པའི་དུས་སུ་འགྱུར་རོ་སྙམ་པ་འདི་ཡིན་པར ་ཤེས་པར་བྱའོ། །ཚེ་འདི་འམ་ཚེ་རབས་གཞན་དུ་འབྲས་བུ་མྱོང་བ་གང་ཡིན་པ་དེའི་འབྲས་བུ་ནི་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མཐོང་བའི་ཆོས་ལ་མངོན་པར་གྱུར་པའི་ལས་ཀྱི་འབྲས་བུ་རབ་ཏུ་འབྱིན་པར་གྱུར་པའི་དུས་བསྟན་པའི་ཕྱིར། ་མདོར་ན་གང་ཆི་དུས་གཅིག་ཏུ། །ལས་དང་སྐྱེ་བ་འཕངས་གྱུར་པ། །དེ་ཚེ་འང་སྔགས་པས་དངོས་གྲུབ་ནི། །ཡི་དེ་ལས་ཡང་དག་འབྱུང་བ་འཐོབ། །ཅེས་གསུངས་ཏེ། ངེས་ན་དགོངས་པ་ནི། གང་གི་ཚེ་ཚེ་རབས་གང་ཁོ་ན་ལ། གསང་སྔགས་མཉས ་པར་བྱེད་པས་ལས་དགེ་བ་བསགས་པར་གྱུར་པའི་ཚེ་རབས་ཁོ་ན་ལས་ཀྱི་འབྲས་བུ་གསང་སྔགས་ཀྱི་དངོས་གྲུབ་ཀྱི་མཚན་ཉིད་བསྒྲུབ་པ་པོའི?་རྒྱུད་ལས་འབྱུང་བར་འགྱུར་ན། དེའི་ཚེ་དུས་གཅིག་ཁོ་ནར་ལས་དང་སྐྱེ་བ་འཕངས་པར་བྱ་བར་གྱུར་ཏོ་སྙམ ་པ་འདི་ཡིན་ཏེ། འདི་ནི་སྒྲུབ་པ་པོ་རྣམས་སྔོན་དུ་བསྙེན་པ་བྱེད་པའི་ཆོ་གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྦྱོར་བའི་སྤྱོད་པ་ཡིན་ནོ། །ད་ནི་སྔོན་དུ་བསྙེན་པ་བྱས་ཟིན་པའི་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པའི་སྤྱོད་པའི་སྦྱོད་པ་བརྗོད་པར་བྱ་སྟེ། དེ་ཡང་ཕྱི ་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་དཀྱིལ་འཁོར་གང་ཡིན་པ་སྟེ། ཇི་སྐད་དུ་གསང་སྔགས་སྒྲུབ་པའི་དཀྱིལ་འཁོར་གྱི་མཚན་ཉིད་ཀུན་ཏུ་གྲུབ་བཞི་ལྷ་མ་པ་སྟེ། ་སྒོ་གཅིག་པ་ལ་མུ་རན་ཅན། ཐམས་ཅད་ཁ་དོག་སེར་པོ་ཡིས། །རྡོ་རྗེའི་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་སྤྲེལ་བའི་ཚུལ་གྱིས་སུ། །རྡོ་རྗེ་ཕན་ཚུན་འབྲེལ་བར་བྱ། །ཞེས་བྱ་བ་དཀྱིལ་འཁོར་གྱི་མཚན་ཉིད་འདི་རྒྱས་པར་གསུངས་ནས། དེ་ནི ་སྲུང་བྱས་དེར་འདུག་སྟེ། །སྦྱངས་པའི་རྫས་ནི་བླངས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་བྱུང་བཟླས་བརྗོད་བྱ། །དེར་ན་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་གྱུར་པ་ནི། །འབར་ཕྲེང ་ཅན་གྱི་གཟི་བརྗིད་བཞིན། །ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཕྱིའི་སྒྲུབ་པའི་དཀྱིལ་འཁོར་འདི་ནི་ཕྱིའི་དངོས་གྲུབ་རལ་གྲི་ལ་སོགས་པའི་མཚན་ཉིད་དག་བསྒྲུབ་པར་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །ནང་གི་དཀྱིལ་འཁོར་མེ་དང་རླུང་དང་ཆུ་དང་སའི་མཚན་ཉིད་ཡིན་ནོ། །དེ་གོམས་པར་བྱས་པས་ནང་གི་དངོས་གྲུབ་མངོན་པར་ཤེས་པ་ལ་སོགས་པའི་མཚན་ཉིད་སེམས་ཀྱི་དབང་ཙམ་ལ་རག་ལས་བ་དག་སྒྲུབ་པར་བྱེད་པ་ཉིད་དོ། །ནང་གི་དངོས་གྲུབ་དེ་དག་གི་མཚན་ཉིད་ཀྱང་འདི་ལས ་དཔའ་བོ་ཆེན་པོ་རིམ་པར་ཕྱེ་བ་བསྟན་པ་ལས་དངོས་གྲུབ་བསྟན་པ་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་འདི་ལས་ནང་གི་དངོས་གྲུབ་རྣམས་ཀྱི་ཐབས་ཀྱི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པ་གཞན་ཡང་བསྡན་ཏེ། ཇི་སྐད་དུ་གང་ཚེ་མཚན་མ་མེད ་པ་ཡི། །ཏིང་འཛིན་ཇི་བཞིན་རེག་པའོ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་འཐོབ་ཅེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་དངོས་གྲུབ་རྣམས་ཀྱི་རྣམ་པར་དབྱེ་བ་བསྟན་པ་ཡང། འདི་ལས་བརྗོད་དེ་འདི ་ལྟ་སྟེ། །བྱང་ཆུབ་སེམས་འཐོབ་གང་ཡིན་ཏེ། །དངོས་གྲུབ་དེ་ལས་གཞན་ཅི་དགོས། །དེ་ལས་གཞན་དུ་ཡང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དོ། །སྤྱོད་པའི་རྗེས་སུ་འཇུག་པ་དང། །དེ་བཞིན་ས་ན་གནོན་པ་དང། །འཇིག་རྟེན་མངོན ་ཤེས་ལྔར་འདོད་དང། །སངས་རྒྱས་ཉིད་དང་གང་གཞན་ནོ། །ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ། །དེ་ལྟར་ན་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་ཀྱི་མིང་ཁོ་ནས་ཡང་དག་པར ་བསྟན་པའི་དོན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུད་དང་ངོ་བོ་ཉིད་བརྗོད་པར་བྱེད་པ་རྣམས་དང། དེ་བཞིན་དུ་འདི་ཉིད་ལས་བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་དང། རྣམ་པར་སྒྲུབ་པ་བྱིན་གྱིས་རློབ་པའི་ཡང་དག་པར་རྗོད་པར་བྱེད་པའི ་དོན་རྣམ་པར་སྤོང་བ་རྣམས་དང། དེ་བཞིན་དུ་འདི་ཉིད་ལས་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་གསང་སྔགས་དང་རིག་སྔགས་དང། ཕྱག་རྒྱ་ལ་སོགས་པའི་མཚན་མར་བསྟན་པ་དང་དེ་དག་མཉེས་པར་བྱེད་པའི་ཐབས་སུ་གྱུར་པ་དང། འཇུག ་པའི་སྤྱོད་པ་དང། དེ་བཞིན་དུ་སྦྱོར་བ་དང། སྒྲུབ་པ་དང་དངོས་གྲུབ་ཀྱི་སྤྱོད་པ་བཞི་པོ་བདག་གིས་བསྡུས་པའི་དོན་ཀུན་ནས་བསྡུས་ཏེ། རྒྱུད་ཀྱི་ཚིག་ཀུན་ནས་བསྡུས་ནས། སློབ་མ་དོན་རྣམ་པར་སྤྲོ་བས་གོ་བས་ཁོང་དུ་ཆུད་པར་བྱ་བའི་ཐབས ་བསྡུས?་པའི་དོན་མདོར་བསྟན་ཏོ། ཞེས་བྱ་བར་ཤེས་པར་བྱའོ། །གདུལ་བའི་ཚིག་ལྷུང་ལེན་པ་རྣམས་ནི། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་མཛའ་དག་མཉན་པ་དང། བསམ་པའི ་སྒོ་ནས་དོན་ཁོང་དུ་ཆུད་པར་འགྱུར་བས་བསྡུས་པའི་དོན་ཀུན་ནས་བསྡུས་པ། འདིར་དེ་དག་ལ་གདུལ་བའི་ཚིག་ལྷུར་ལེན་པ་དེ་དག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཐབས་རབ་ཏུ་བསྒྲགས་པར་བྱས་པ་ནི་མ་ཡིན་ནོ། ཞེས་བྱ་བར་རིག་པར་བྱའོ། །རྣམ ་བར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན་སློབ་དཔོན་བུདྡྷ་གུ་ཧཡས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲི་ལེནྡྲ་བོ་དྷི་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏ་ས་བསྒྱུར ་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །འདི་ལ་ཤལཽ་ཀ་ནི་ཉིས་སྟོང་སུམ་བརྒྱ་ཡོང་ངོ།། །།མངོན་པར་བྱང་ཆུབ་པའི་སྤྲུལ་པའི་བྱིན་རླབས་ཀྱི་རྒྱུད་ཆེན་པོ་བཞུགས། །*། །ནཱ་མ་སིདྡྷི་རཱ་ཛ། སིདྡྷི་སིདྡྷི། བཅོམ་ལྡན་འདས་ཀྱིས་ཐོག་མ་ཐམས ་