| Wylie | e-texts based on the ACIP/ALL Input |
བསྐུར་བར་བསམ་མོ། །ཡི་གེ་བརྒྱ་པའི་ཆོ་ག་རྫོགས་སོ།། །།བཟླས་པའི་ཕྲེང་བའི་མཚན་ཉིད་བཞུགས་སོ།། #། །རྒྱ་གར་སྐད་དུ། ཨཀྵ་པུ་ཏྲ་ལཀྵ་ཎ། བོད་སྐད་དུ། བཟླས་པའི་ཕྲེང་བའི་མཆན་? ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ལ་ལྷ་མོ་སངས་རྒྱས་སྦྱིན་མས་སྩལ?་པ། བཟླས་པའི་ཕྲེང་བའི་དོན་ཅི་མགས། །མཆོག་གི་དབང་ཕྱུག་གིས་གསུང་དུ་གསོལ། །རྡོ་རྗེ་སེམས་དཔའ་གསུམ་པ། ལྷ་མོ་ཉོན་ཅིག་རབ་ཏུ་བཤད ་དོ། །ཁྱོད་ཀྱིས་ཞུས་པ་དེ་བརྗོད་པར་བྱའོ། །དེ་ཐམས་ཅད་ཀྱི་གཏམ་བཤད་དེ། །སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུའོ། །མི་སྤོང་བའི་སེམས་ཀྱི་སྡོམ་པ་དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་མི་སྤོང་བ་ཐོབ་པའི་རྣལ་འབྱོར་པའི་བཟླས ་པའི་ཕྲེང་བ་འདིའོ། །གང་ལ་བཟླས་པའི་ཕྲེང་བ་ལ་དད་པ་མོས་པས་གུས་པS་བཟུང་ངོ། །སྡིག་པ་ཐམས་ཅད་སྤོང་ཏོ། །སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། །གང་དུ་གཟུང་ན་མགྲིན་པ་དང་ལག་པར་རྩ་བར་རོ། །ངེས་ནི་བྱ་བ་ཐམས་ཅད ་འགྲུབ་པར་ངེས་སོ། །བཟླས་པར་བྱས་པས་ལྷ་མོ་དང་དཔའ་ཨོ་ངེས་པར་གྲུབ་པ་རབ་ཏུ་སྟེར་རོ། །རྣལ་འབྱོར་མཆོག་གི་ས་ཐོབ་པའི་རྡོ་རྗེ་སེམས་དཔའ་དང་མཉམ་པར་འབྱུང་ངོ། །བྱིས་པ་གཞོན་ནུ་རྣམས་ཀྱིས་སྡིག་པ་མང་པོ་བྱས་བ་དང་ཐམས་ཅད ་སྤངས་པ་འགྱུར་པར་འགྱུར་རོ། །རྐང་པ་གཅིག་པའི་བཟླས་པའི་སྐུད་པ་འཛིན་པ་ཡིས། །བཟླས་ན་ལྷའི་སྐྱེ་བ་དྲན་པར་འགྱུར་རོ། །ཕྱེད་ཀྱི་ཚད་ཀྱིས་བཟླས་ན་ངོས་ལྷ་དང་ལྷ་མོའི་སྡེ་མཐོང་ངོ། །གང་པ་ཡིས་བཟླས་ན་བརྫུན་པའི་དག་སྤངས་པའོ།། ་ཕུང་གི་ལ་བཟླས་པས་ཡོན་ཏན་བཅིག་འབྱུང་ངོ། །ལུང་ཏང་ལ་བཟླས་པས་ཡོན་ཏན་གཉིས་འབྱུང་ངོ། །ལྕགས་ལ་བཟླས་པས་ཡོན་ཏན་གསུམ་འབྱུང་ངོ། །ཏེ་ལ་བཟླས་པས་ཡོན་ཏན་བཞིའོ། །ནོར་བུ་མུ་ཏིག་བྱུ་རུའི?་ལ་བཟླས་པས་ཡོན་ཏན ་བཅུ་དྲན་ནོ། །དབང་པོའི་དམིགས་ལ་བཟླས་པས་ཡོན་ཏན་འབྱུང་ངོ། །པདྨ་ལ་བཟླས་པས་ཡོན་ཏན་བྱི་པའོ། །ཡོན་ཏན་བྱེ་བ་ཕྲག་བྱེ་བ་རུ་དྲཀྵ?་ལའོ?། །བོ་དེ་ཅི་ལ་བཟླས་པས་བཅུ་དྲུག་དང་འདྲ་བར་དུས་?་ཡོན ་ཏན་དཔག་ཏུ་མེད་པ་འབྱུང་ངོ། །བཟླས་པས་ཕྲེང་བའི་ཡོན་ཏན་འདི་དག་རྡོ་རྗེ་སེམས་དཔས་གསུངས་པའོ། །མཁས་པས་ལྷག་པ་དང་ཆད་པར་བྱའོ། །ལྷག་པ་ཆད་པ་ལ་འགེགས་ཆེན་པོ་འཇུག་གོ་།དང་ན་མཉམ་པར་བྱའོ། །བཟླས་པའི ་དུས་སོང་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །སྡིག་མཛུབ་སྙིང་གར་བྱས་ཏེ། མཛུབ་མོས་བཟླས་ནས?་བགེགས་བཀུག་ནས་ཚར་གཅོད་པར་འགྱུར་རོ། །གུང་མོས་བགྲངས་པས་ཐེ་ཚོམ་མེད་པར་དངོས་གྲུབ་འབྱུང་ངོ། །སྲིན་ལག་དང་བགྲངས་པས ་གནོད་སྦིན་གྱི་དངོས་གྲུབ་འགྲུབ་བོ། །མི?་ཆུང་དང་བགྲངས་པས་ཤ་ཐ་དགུག་བ་དང་བསྐྲད་པ་འགྲུབ་བོ། །མདོ་འཛིན་ལ་བསྐོར་ཞིང་བྱའོ། །བཟླས་པའི་ཕྲེང་བའི་མཚན་ཉིད་རྫོགས་སོ།། །། ་དེ་ནི་ཌི་ཏ་པ་ར་ཧེ་ཏ་དང་། ལོ་ཙ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། སྣ་ཀྲུ་བི་པོར་བའི་མེ་ཏོག་བདུག་པ་མར་མེ་དྲི་མཆོག་ཞལ་བས་དང་ན་?་ཕྱག ་