| Wylie | e-texts based on the ACIP/ALL Input |
ཞེས་བྱ་བ། དཔལ་ཀམྦ་ལའི་ཡུམ་གྱིས་མཛད་པའི་རིམ་བ་རྫོགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་?་གཞེལ་བྱ?་སོ།། །།རྒྱ་གར་སྐད་དུ ་པྲ་ཛྙཱ་པ་ར་མི་ཊཱ་མཎྜ་ལོ་བ་ཡི་ཀ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །སྤྲོས་པའི་མཚན་མ་ལས་འདས་པ། །ཡུམ ་མཆོག་དེ་ལ་ཕྱག་འཚལ་ནས། །བདེ་གཤེགས་ཀུན་འབྱུང་དམ་པ་ཡི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དམ་ཚིག་ལ་སོགས་ཐོབ་པ་ཡིས། །དང་པོར་རེ་ཤིག་བདག་མེད་པར། །མོས་པས་ནང་གི་ཁྲུས་བྱས་ལ། །གཉིས་པ ་ཕྱི་ཡི་ཁྲུས་ཀྱང་བྱས། །མགྲིན་བར་པདྨ་བསམ་པར་བྱ། །མདུན་གྱི་འདབ་མར་ཨས་སྐྱེས་བའི། །ཟླ་བར་རྡོ་རྗེ་རྩེ་ལྔ་བར། །བསྐྱེད་དེ་ལྕེ་དེར་ཐིམ་པར་བྱ། །རྡོ་རྗེ་ལྕེར་ནི་བསམ་བྱས་ནས། །སྔགས་བཟླས་བ་ལ་ནུས་པར་འགྱུར། །ལག ་པ་གཉིས་ལ་ཡི་གེ་ཨས། །ཟླ་བར་རྡོ་རྗེ་རྩེ་ལྔ་པ། །ཡི་གེ་ཧཱུཾ་གིས་བསྐྱེད་བྱས་ཏེ། །ཁ་དོག་དཀར་པོ་བསྒོམ་པར་བྱ། །ལག་པའི་ནང་དུ་ཐིམ་བྱས་ནས། །ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ། །རྡོ་རྗེ་འཇིགས་བྱེད་ནས་བརྩམས ་ནས། །བསྲུང་བའི་འཁོར་ལོ་ཐམས་ཅད་ཀྱང། །རྡོ་རྗེ་རི་བོའི་མཐར་ཐུག་པར། །མཁས་པ་ཡིས་ནི་བསམ་པར་བྱ། །ཤིན་ཏུ་མཉམ་བཞག་སློབ་དཔོན་གྱིས། །ཀུན་ནས་ཡོངས་སུ་བསྐོར་བར་ནི། །རྡོ་རྗེ་རབ་དྲ་བ་སོགས།། ་ཕྱོགས་མཚམས་བཅིང་བར་བྱ་བའོ། །དེ་ནས་དེའི་རྗེས་ཐོགས་ལ། །སེམས་ཅན་ཀུན་ལ་ཕན་དོན་དུ། །གསུང་མཆོག་སྲས་དང་བཅས་པ་རྣམས། །མདུན་གྱི་ནམ་མཁར་བསམ་པར་བྱ། །ཕྱག་བྱས་ན་སྣི་མེ་ཏོག་དང། །བདུག་པ་དྲེ ་ལ་སོགས་པས་མཆོད། །རྩ་བའི་རྒྱུད་ལས་གསུངས་པ་ལྟར། །མཆོད་པ་ཉི་ཤུས་མཆོད་པར་བྱ། །སྡིག་པ་ཐམས་ཅད་བཤགས་བྱ་ཞིང། །རྗེས་སུ་ཡི་རང་བསྐུལ་བ་དང། །དེ་བཞིན་གསོལ་བ་གདབ་པ་དང། །སེམས་ཅན་ཀུན་ཡི?་ཐུན་མོང་བསྔོ ་སྡོམ་པ་གཟུང་དང་སྡིག་པ་བྲལ། །ཡེ་ཤེས་དབབ་དང་ངན་སོང་དགུག་།སྡིག་པ་དྲལ་བར་བྱ་བའོ། །བདག་ཉིད་སེམས་དཔར་བསྐྱེད་ནས་ཀྱང། །བྱིན་གྱིས་བརླབ་བར་བྱ་བའོ། །དེ་ནས་དེ་ཡིས་རྫས་ཉིད་ལ། །སྔགས་པ་གཞན་ལ་ཕན་བརྩོམ་? ་སྟོང་པ་ཉིད་ནི་རབ་བསྒོམས་ནས། །ཡི་གེ་ཧཱུཾ་ལས་བྱུང་བ་ཡིས། །རླུང་གིས་དཀྱིལ་འཁོར་ནས་བརྩམས་ཏེ། །རི་རབ་གླིང་བཞི་རབ་ཏུ་བསྐྱེད། །དེ་ཡི་སྟེང་དུ་མཁས་པ་ཡིས། །རྡོ་རྗེ་རིན་ཆེན་ལས་གྲུབ་པའི། །གཞལ་ཡས་ཁང་ནི་སྒྲུལ་པར་བྱ།། ་དེ་ཡི་གནས་སུ་ཨ་སིཾ་ཨས། །སེངྒེའི་གདན་ནི་བཅུ་གཅིག་བསྐྱེད། །སེངྒེའི་གདན་ནི་དབུས་མ་ལ། །པདྨ་ལ་གནས་ཟླ་བ་ལ། །དེ་སྟེང་བདག་ཉིད་འདུག་ནས་ཀྱང། །སྟོང་པ་ཉིད་དུ་རབ་བསྒོམས་ནས། །དེ་ཡི་རྗེས་ཐོགས་ཉིད་ལ་ནི། །བདག་ཉིད་ཀྱི ་ནི་སྙིང་ག་རུ། །དྷི་ལས་པདྨ་འདབ་བརྒྱད་པ། །དེ་ཡི་དབུས་སུ་ཨ་ལས་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ། །དེ་དཀྱིལ་ཡི་གེ་དྷི་བཀོད་དེ། །དེ་ཡི་འོད་ཀྱིས་བླ་མ་དང། །ཕྱོགས་བཅུའི་བདེ་གཤེགས་རབ་ཏུ་མཆོད། །དེ་ནས་དྷི་དེ་ལས ་བྱུང་བ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །གླེགས་བཾ་དག་གིས་མཚན་པ་འམ། །འདི་དག་ཡོངས་སུ་གྱུར་པ་ལས། །ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི། །བདེ་བར་གཤེགས་པའི་ཡུམ་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ། །རྡོ་རྗེ ་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་མདོག་དུང་ལྟར་དཀར་བ་ལ། །གཡས་པ་མཆོག་རྣམས་སྦྱིན་མཛད་ཅིང། །གཡོན་པའི་ཕྱག་ན་བསྣམས་པ་ནི། །པདྨ་ལ་གནས་གླེགས་བམ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བསམ་གཏན ་དག་ལ་རབ་གཞལ་བ། །དྲི་ཞིམ་མེ་ཏོག་གིས་བརྒྱན་པའི། །རལ་པའི་ཅོད་པན་བརྒྱན་པའོ། །དེ་ལྟ་བུ་ཡི་ཡུམ་མཆོག་ལ་ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །སྙིང་ག་ལྐོག་མ་སྨིན་མཚན་པ་དང། །སྤྱི་བོ་དག ་གི་གནས་སུ་ཡང། །དམ་ཚིག་ཕྱག་རྒྱས་བྱིན་གྱིས་བརླབ། །སྦྱོར་བ་མཆོག་གི་ཏིང་ངེ་འཛིན་ཅེས་བྱའོ།། །།ཕྱོགས་བཅུའི་དཀྱིལ་འཁོར་དག་ཏུ་ནི། །པདྨ་ལ་གནས་ཟླ་དཀྱིལ་དུ། །དྷི་མོ་བཅུ་? ་གསལ་བ་ལས། །རྫོགས་པ་ཡིན་ཚུལ་ཉིད་དུ། །ཕྱོགས་བཅུའི་སངས་རྒྱས་གདོན་པར་བྱ། ཤར་ཕྱོགས་པར་གནས་ཟླ་དཀྱིལ་དུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནོ། །སྐུ་མདོག་དམར་སྐྱར་གནས་པ་ལ། །གཡས ་པ་རིན་ཆེན་མཆོག་སྦྱིན་མཛད། །གཡོན་པ་ལྟེ་བ་ཁུང་དུ་བརྟན། །དེ་ནས་གོ་རིམ་བཞིན་དུ་ནི། །བདེ་གཤེགས་མྱ་ངན་མེད་པ་ནི། །སྐུ་མདོག་ནམ་མཁའ་ལྟ་བུ་ལ། །ཕྱག་གཡས་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེ་བ་ཁུང་དུ ་བརྟེན། །བདེ་བར་གཤེགས་པ་གསུམ་པ་ནི། །རིན་ཆེན་གྱི་ནི་འོད་འཕྲོ་བ། །དུང་ལྟར་དཀར་བའི་སྐུ་མདོག་ལ། །གཡས་པ་མཆེ་བ་གཙིགས་པ་བསྣམས། །གཡོན་པ་ལྟེ་བར་བརྟན་པའི?། །བྱང་ཕྱོགས་ཟླ་བའི་དཀྱིལ་འཁོར་ལ། །རྒྱལ ་བའི་དབང་པོ་ཞེས་བྱ་བ་།སྐུ་མདོག་ལྗང་གུ་འབར་བ་ལ། །གཡས་པའི་ཕྱག་ན་པདྨ་བསྣམས། །གཡོན་པ་ལྟེ་བར་བརྟེན་བའོ། །བདེ་བར་གཤེགས་པ་ལྔ་པ་ནི། །ཏིང་འཛིན་གླང་པོ་དམ་བའི་དཔལ། །བཅོམ་ལྡན་འདས་གསེར་གྱི ་མདོག་འདྲ་བ། །ཕྱག་གཡས་ཆོས་ནི་འཆང་པ་ལ། །གཡོན་པ་ཆོས་གིས་འཛིན་པའོ། །བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་དཀར་བ་ཉིད་ལ་ནི། །གཡས་པའི་ཕྱག་ན་པདྨ་བསྣམས། །གཡོན་པ་ལྟེ་བར་བརྟེན་པའོ།། ་བདེ་པ་གཤེགས་པ་བདུན་པ་ནི། །ཉི་མའི་དཀྱིལ་འཁོར་སྣང་པའི་དཔལ། །ས?་དོག་རིན་ཆེན་མར་གང་ལ། །ཕྱག་གཡས་ཉི་མའི་དཀྱིལ་འཁོར་བསམས། །གཡོན་པ་ལྟེ་བར་བརྟེན་པའོ། །དཀྱིལ་འཁོར་བརྒྱད་པའི་བདེ་གཤེགས་ནི།། ་སངས་རྒྱས་གདུགས་ཆེན་དམ་པའི་དཔལ། །སྐུ་མདོག་ལྗང་གུ་འོད་དུ་འབར། །གཡས་པ་སྣ་ཚོགས་རྡོ་རྗེ་ལ། །གཡོན་པ་ལྟེ་བར་བརྟེན་པའོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་ནི། །དཀའ་བར་བྱེད་པའི་སེམས་ཅན་ལ། །སྐུ་མདོག་ཨུཏཔལ ་སྔོན་པོ་ལ། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པ་དཀུ་རུ་བརྟེན་པའོ། །བདེ་གཤེགས་བཅུ་པ་ཞེས་བྱ་བ། །པདྨ་དམ་བའི་དཔལ་ཞེས་བྱ། །སྐུ་མདོག་གསེར་ལྟར་འབར་བ་ལ། །གཡས་པ་པདྨ་བསྣམས་པ་ལ།། ་གཡོན་གྱིས་ལྟེ་བར་བརྟེན་པའོ། །བདེ་གཤེགས་འཁོར་གྱི་སེམས་དཔའ་ནི། །གཡོན་པ་པདྨ་འཛིན་པ་ལ། །གཡས་པ་རང་གི་མཚར་མ་འཛིན། །རང་གི་རིགས་ཀྱི་མདོག་འཛིན་པའོ། །ཟླ་བ་པདྨ་ལྡན་པ་ལ། ། ཡི་ས་བོན་ལས ་བྱུང་བ། །ཆོས་ཀྱི་རྒྱལ་མཚན་སེམས་དཔའ་ཆེ། །མདོག་དཀར་ཆུ་སྲིན་རྒྱལ་མཚན་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་དབང་ཕྱུག་རྒྱལ་པོ་ནི། །ནམ་མཁའ་ཨི་མདོག་ཅན་ལྕགས་ཀྱུ་བསྣམས། །ཏྲི་ཡི་ས་བོན་ལས ་བྱུང་བ། །བཀོད་པའི་རྒྱན་གྱི་སེམས་དཔའ་ཆེ། །མདོག་དཀར་མེ་ཏོག་ཨུཏཔལ་བསྣམས། །རིན་ཆེན་འོད་འཕྲོ་ལྗང་གུ་མདོག་།རིན་ཆེན་འོང་འབར་བསྣམས་པའོ། ། ཡི་ས་བོན་ལས་བྱུང་བ། །སེམས་དཔའ་སྣང་མཆོག་དཀར་བ་མ། ་ཉི་མའི་དཀྱིལ་འཁོར་བསྣམས་པའོ། །ཧཱུཾ་གི་ས་བོན་ལས་བྱུང་བ། །ཕྱག་རྒྱའི་རྒྱལ་པོ་ཞེས་བྱ་བ། །སྐུ་མདོག་ལྡེ་ལ་མདའ་གཞུ་བསྣམས། །ཏྲཾ་གྱི་ས་བོན་ལས་བྱུང་བ། །སེམས་དཔའ་སྦོས་ཀྱི་རྒྱལ་པོ་ནི། །ཟ་མ་ཏོག་བསྣམས་དམར ་པའི?། །ོ་ཀྱི་ས་བོན་ལས་བྱུང་བ། །སྦོབས་པ་བརྩེགས་པ་ལྗང་གུ་ལ། །གསེར་གཡུ་ཅན་གྱི་ཏོར་བསྣམས་པའོ། །ཧྲི་ཡི་ས་བོན་ལས་བྱུང་བ། །པདྨའི་རྒྱལ་པོ་དཀར་པ་ལ། །?་བྱེད་པདྨ་བསྣམས ་བ་ཡི་ས་བོན་ལས་བྱུང་བ། །པདྨ་དམ་བ་མདོག་སྔོན་ལ། །པདྨ་བྱེ་བ་བསྣམས་པའོ། །ཧཱུཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་རྡོ་རྗེ་མི་གཡོ་བ། །མདོག་དམར་པོ་ཏི་བསྣམས་པའོ། ། ཡི་ས་བོན་ལས་བྱུང་བ་ཐོབས་མ་ར་རྒྱལ ་པོ་སེམས་དཔའ་ཡང། ལྗང་གུའི་མདོག་ཅན་ལྕགས་ཀྱུ་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །རིན་ཆེན་དབང་ཕྱུག་སེམས་དཔའ་ནི། །དུང་ལྟར་དཀར་བའི་སྐུ་མདོག་ལ། །རིན་ཆེན་ཟུར་བརྒྱད་བསྣམས་པའོ། །ཏྲཾ་གི་ས་བོན་ལས ་བྱུང་བ། །གྲུབ་པའི་ལས་ནི་སེམས་དཔའ་ཆེ། །ནམ་མཁའ་ཨི་མདོག་ཏུ་གནས་པ་ལ། །སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ི་ཡི་ས་བོན་ལས་བྱུང་བ། །དགའ་བ་སྟོན་པའི་སེམས་དཔའ་མི། །དམར་བའི་མེ་ཏོག་ལ་མེ་ལོང་བསྣམས ་ཨ་ཡི་ས་བོན་ལས་བྱུང་བ། །མི་གཡོའི་སེམས་དཔའ་བསམ་གཏན་ཚུལ། །སྐུ་མདོག་ལྗང་དགུ་དག་ཏུའོ། །བ་ཡི་ས་བོན་ལས་བྱུང་བ། །སེམས་དཔའ་ཕྱག་ན་རྡོ་རྗེ་ཡང། །སྐུ་མདོག་དུད?་ལྟར་དཀར་པ་ལ། །ཕྱག་ན་རྡོ་རྗེ་བསྣམས ་པའོ། །ཧྲི་ཡ་ས་བོན་ལས་བྱུང་བ། །བྱམས་དང་སྙིང་རྗེའི་བདག་ཉིད་ཅན། །སྐུ་མདོག་ནམ་མཁའ་མདོག་ཅན་ལ། །པདྨ་འཛིན་པར་གནས་པའོ། །ཏྲཾ་གི་ས་བོན་ལས་བྱུང་བ། །?་བའི་སྙིང་པོ་སེམས་དཔའ་ནི། །སྐུ་མདོག་མར ་གང་ལྟ་བུ་ལ། །ཟ་མ་ཏོག་གི་ཕྱག་མཚན་བསྣམས། །ཀྵ་ཡི་ས་བོན་ལས་བྱུང་བ། །ག་ལེ་སྙིང་པོའི་སེམས་དཔའ་ནི། །ལྗང་གུའི་མདོག་ཏུ་འདབ་པ། །རིན་ཆེན་མྱུ་གུ་བསྣམས་པའོ། །?་གི་ས་བོན་ལས་བྱུང་བ། །སེམས ་དཔའ་ཀུན་ཏུ་བཟང་པོ་ཡང། །མདོག་དཀར་རིན་ཆེན་ལྟེ་མ་བསྣམས། །མུ་ཡི་ས་བོན་ལས་བྱུང་བ། །སེམས་ཅན་ཀུན་ལ་འཇམ་བའི་དཔལ། །ནམ་མཁའ་ཨི་མདོག་ལྟར་རལ་གྲི་བསྣམས། ། ཡི་ས་བོན་ལས་བྱུང་བ། །སེམས་ཅན་ཀུན་གྱི་སྒྲིབ ་སེལ་ཀྱང། །པདྨ་རཱ་གའི་མདོག་ཅན་ལ། །ུཏཔལ་སྔོན་པོ་བསྣམས་པའོ། །མེ་ཡི་ས་བོན་ལས་བྱུང་བ། །བྱམས་པ་མཆོག་ཏུ་འཛིན་པ་དེ། །ལྗང་གུའི་མདོག་ཅན་འགུན་དྷེ་བསྣམས། །པདྨའི་ས་བོན་ལས་བྱུང་བ། །སེམས་དཔའ་མཐུ་ཆེན ་ཐོབ་པ་ཡང། །པདྨའི་རྩ་བའི་མདོག་ཅན་ལ། །རྡོ་རྗེ་རྩེ་གསུམ་བསྣམས་བའོ། །ཾ་གི་ས་བོན་ལས་བྱུང་བ། །ཉོན་མོངས་ནང་སེལ་སེམས་དཔའ་ནི། །སྨན་པའི་རྒྱལ་པོ་ཞེས་བྱ་བ། །ནམ་མཁའ་ཨི་མདོག་ཏུ་གནས་པ་ལ། །བདུད་རྩི་བུམ ་བ་བསྣམས་པའོ། །ཏྲཾ་གི་ས་བོན་ལས་བྱུང་བ། །ཡོན་ཏན་སྙིང་པོ་སེམས་དཔའ་ནི། །མར་གང་ལྟ་བུའི་མདོག་ཅན་ལ། །རིན་ཆེན་སྙེ་མ་བསམས་པའོ། ། ཡི་ས་བོན་ལས་བྱུང་བ། །མཐོང་ན་དགའ་བའི་སེམས་དཔའ་ནི། །ིནྡྲ ་ནི་ལའི་མདོག་ཅན་ལ། །ཀླུ་ཤིང་ལོ་མ་བསྣམས་བའོ། ། ཡི་ས་བོན་ལས་བྱུང་བ། །སེམས་དཔའ་གཞོན་པའི་རྒྱན་ཆགས་པ། །ཀུ་མུ་ད་ཡི་མེ་ཏོག་བསྣམས། །དུང་ལྟར་དཀར་བའི་མདོག་ཏུའོ། །ཧཱུཾ་གི་ས་བོན་ལས་བྱུང་བའི།། ་སྐྱེས་བུ་དམ་པའི་སེམས་དཔའ་ཆེ། །ནམ་མཁའ་ཨི་མདོག་ཅན་རལ་གྲི་བསྣམས། །ཏྲི་ཡི་ས་བོན་ལས་བྱུང་བ། །སེངྒེ་འདྲ་བས་སེངྒེ་སྒྲ། །དམར་བའི་མདོག་ལ་དུད་བསྣམས་པའོ། །ཧཱུཾ་གི་ས་བོན་ལས་བྱུང་བ་།རྡོ་རྗེ་སྤྱན་གསལ་སེམས་དཔའ་ནི།། ་ལྗང་གུའི་མདོག་ལ་སྦྱན་གཉིས་བསྣམས། །ཧཾ་གི་ས་བོན་ལས་བྱུང་བ། །བྱང་ཆུབ་སེམས་དཔའ་བཟང་སྐྱོང་ནི། །མདོག་དཀར་བུཾ་པ་བསྣམས་པའོ། །ཏྲཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་དཀོན་མཆོག་འབྱུང་གནས་ནི། །ནམ་མཁའ་ཨི ་མདོག་ཅན་སྡོང་བུ་བསྣམས། །ཏྲི་ཡི་ས་བོན་ལས་བྱུང་བ། །སེམས་དཔའ་དཔའ་བར་འགྲོ་བ་ནི། །དམར་བའི་མདོག་ལ་རལ་གྲི་བསྣམས། ། ཡི་ས་བོན་ལས་བྱུང་བ། བྱང་ཆུབ་སེམས་དཔའ་གཞོན་ནུ་རྒྱལ།། ་ལྗང་ཁུའི་མདོག་ཅན་ཟླ་བ་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་།དུང་ལྟར་དཀར་བའི་མདོག་ཅན་ལ། །གསེར་གྱིས་རྒྱན་པའི་ཏོག་བསྣམས་པའོ། །ཱ་ཡི་ས་བོན་ལས་བྱུང་བ། །མྱ་ངན ་ཀུན་འཇོམས་སེམས་དཔའ་ནི། །ནམ་མཁའ་ཨི་མདོག་ཅན་རལ་གྲི་བསྣམས། ཏ་ཡི་ས་བོན་ལས་བྱུང་བ། །སེམས་དཔའ་བློ་གྲོས་མི་བཟང་པ། །དམར་བའི་མདོག་ལ་པུ་ཏི་བསྣམས། །ཱ་ཡི་ས་བོན་ལས་བྱུང་བ། །ཡེ་ཤེས་འོད་ཟེར་སེམས ་དཔའ་ནི། །འོད་དང་བཅས་པའི་རྡོ་རྗེ་བསྣམས། །སྐུ་མདོག་ལྗང་གུར་གནས་པའོ། །ལཱ་སྱེ་ལ་སོགས་ལྷ་མོ་བརྒྱད། །སྐུ་མདོག་ཕྱག་མཚན་གདན་ལ་སོགས། །སྒོ་སྲུངས་བཞི་དང་བཅས་པ་དག། རྩ་བའི་རྒྱུད་ལས་བྱུང་བར་བསམས།། ་འདི་ནི་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།འདི་དག་གི་ཕྲིན་ལས་ནི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་མཛད་པས་ན་ལས་ཀྱི་རྒྱལ་མཆོག ་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ། །དེ་ནས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ་བསྡུ་བར་བྱའོ། །འོད་ཟེར་གྱི་སྒོ་ལས་བྱོན་ཏེ། དེ་རྣམས་ཀྱི་སྙིང་པོ་འདི་ཡིན་ནོ། །ོཾ་བཛྙE་མཧཱ་པྲཛྙེ་ཧཱུཾ། དྷརྨཱ་དྷཱ་ཏུ་ཡེ་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་བ་ཡུ་ར་ག་ཏི་སྭཱཧཱ ་ཨོཾ་དྷརྨ་ཀ་ཏུ་སྭཱཧཱ། །ོཾ་ཀེ་ཏུ་ཤྭ་ར་ཛ་སྭཱཧཱ། །ོཾ་པདྨ་ལ་པདྨ?་དུ་སྭཱཧཱ། །ོཾ་རཏན་པྲ་བརྟ་ཡ་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་རཏན་ཨརྩི་པ་ར་ཎི་སྭཱཧཱ། །ོཾ་ཨ་ཀ་ལ་ཀོ་པྲ་བརྟན་སྭཱཧཱ། །ོཾ་ཨ་ཙ་རི་མུ་ཏ་པྲ་བརྟ་སྭཱཧཱ། །ོཾ་དུ་ཏི་བ་ནི་ར་ཛ་ཎོ ་སྭཱཧཱ། །ོཾ་དུ་པེ་པ་དུ་ན་དུ་པ་ནུ་དེ་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་རཏན་དྲིཥྚི་ཤ་ག་སེ་ཏི་བི་ས་རི་སྭཱཧཱ། །ོཾ་ཀ་མ་ལ་རཱ་ཛ་པདྨ་ལ་དྷ་ར་སྭཱཧཱ། །ོཾ་པདྨ་བ་ལ་པདྨ་རཱ་ཛ་སྭཱཧཱ། །ོཾ་བཛྲ་ཨ་ཀྵོ་དྷཡ(རྒྱུད་འགྲེལ་ཏ་ཐཱ་ག་ཏ་བི?་ཤི་རཏན་སན་ཊཊི་སྭཱཧཱ། །ོཾ་ཤྲ་རཏན་དྷ་ར་སྭཱཧཱ། །ོཾ་ཀརྨཱ་སིདྡྷི་དྷརྨཱ་དྷ་ར་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་བ་ཏེ་སྭཱཧཱ། །ོཾ་བི་ཤ་ཡ་མ་ས་བ་བེ་སྭཱཧཱ། །ོཾ་ཙནྡྲ་མཧཱ་རོ་ཥ་ན་ཧཱུཾ་སྭཱཧཱ། ། ས་རི་ཏི་ག་ན་མ་རཱ་ཛ་སྭཱཧཱ། །ོཾ་ཏྲཾ་ཨཱ་ཀ་ཤ་སརྦ ་སཏྭ་སྭཱཧཱ། །ོཾ་ཀྵཾ་ཏི་གརྦྷ་ད་ན་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་དུ་རུ་མ་ལ་གཏོ་བ་ཡེ་སྭཱཧཱ། །ོཾ་ས་མནྟ་བྷ་དྲ་རཏན་ད་རེ་སྭཱཧཱ། །ོཾ་མཉྫུ་ཤྲཱི་ཀུ་མཱ་ར་མུ་སྭཱཧཱ། །ོཾ་སརྦ་ཨ་པ་ཡ་བི་ཤ་ཏ་ནེ་རཾ་པ་ཡེ་སྭཱཧཱ། །ོཾ་མཻ་ཏྲི་མཻ་ཏྲི་མ་དྲི་སྭཱཧཱ།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་བི་མུག་ཏེ་མརྒད་ཤ་མ་ཏི་སྭཱཧཱ། །ོཾ་རུན་མ་ཡ་ཛ་སྭཱཧཱ། །ོཾ་གུ་ཎ་ཏྲི་ཨ་རཾ་ན་ད་ར་སྭཱཧཱ། །ོཾ་ཨཱ་ལོ་ཀ་ཏི་རི་ཏི་རི་སྭཱཧཱ། །ོཾ་ཨ་མྲི་ཏ་ཙ་ར་ཨ་མྲི་ཏརཥ་ནི་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་སུརྱ་མི་ལ་ཏ་སྭཱཧཱ། ་ཨོཾ་ཀུ་ལ་མ་པདྨ་དར་སྭཱཧཱ། ཨོཾ་སརྦ་ཨརྩེ་ནན་ཏིག་སྣ་དར་སྭཱཧཱ། །ོཾ་བཛྲ་ཙཀྵུར་བྷཡ་དར་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཏི་ར་མི་ཏི་བཛྲ་སྭཱཧཱ། །ོཾ་བཛྲ་གྲ་བ་ལེ་ཏྲ་བ་ཏེ་སྭཱཧཱ། །ོཾ་རཏན་སཾ་བྷ་བ་རཏན་ད་ར་སྭཱཧཱ། །ོཾ་ཤུ་རཾ་གི་མ་ཏི་སྭཱཧཱ། ་ཨོཾ་ཙནདཱ་པྲ་བརྡ་ཤུ་རཾ་ག་མེ་སྭཱཧཱ། །ོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བ་ལ་སྭཱཧཱ། ཨོཾ་ཛྙཱ་ན་ཀེ་ཏུ་བི་ད་ར་ན་སྭཱཧཱ། །ོཾ་སརྦ་ཤི་ག་ཏ་མོ་ནི་ར་ག་ཏི་སྭཱཧཱ། །ོཾ་ཨ་ཀྵོ་ཀ་མོ་ནི་ར་ག་ཏི་སྭཱཧཱ། །ོཾ་ཨ་ཀྵེ་ཡ་སུ་ཕུ་བ་ཤ་ནི་སྭཱཧཱ། །ོཾ་ཛྙཱ་ན་པྲ་བརྟ་ད་ར ་སྭཱཧཱ། །དེ་ནས་བསྡུ་བས་བྱོན་པའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང། སྲས་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་ཐམས་ཅད་ཨོཾ་སརྦ་ཏ་ཐ་ག་ཏེ་བན་ད་ནཾ་ཀ་རོ་ཡཱ་མི་ཞེས་བརྗོད་ཅིང། །ེ་མ་ཧོ་ཀུན་ཏུ་བཟ་ ་པོའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་མཆོག་།དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་བདེ་གཤེགས་ཡུམ་མཛེས་པ་།ཆེད་དུ་བརྗོད་པར་བསམ་པར་བྱ། །དེ་ནས་ཡུམ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་མའི་ཐུགས་ཀར་ཞུགས་ནས་བླར་བྱུང་སྟེ། དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ལ་སོགས་པ་དང་གཅིག་ཏུ་གྱུར་ཏེ། ཡང་ཆེད་དུ་བརྗོད་པ་མཛད་དོ། །ེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཚོམ?་གདོད ་ནས་སྐྱེ་བ་མེད། །རྡུལ་ཕྲན་ཇི་སྙེད་ཐམས་ཅད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་བྱམས་པའི་སྒོ་ནས་གནས་པའི་རྣལ་འབྱོར་པས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། དགུག་པ་དང། གཞུག་པ་དང། བཅིང ་བ་དང། དབང་དུ་བྱ་བ་ནས་ཕྱག་རྒྱ་ཆེན་པོ་བཞིས་རྒྱས་བཏབ་སྟེ། ལག་གཉིས་རྡོ་རྗེ་བསྡམས་པ་ལས། །གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང། །བདེ་བར་གཤེགས་པའི་ཡུམ་གྱུར་པའི། །དམ་ཚིག་ཕྱག་རྒྱ་ཡིན་པར་བཤད ་གུང་མོ་རིན་ཆེན་འདྲ་བ་ནི། །དང་པོའི་སངས་རྒྱས་ཡིན་པར་བཤད། །གུང་མོ་འཁོར་ལོ་འདྲ་བ་ནི། །མྱ་ངན་མེད་པའི་ཕྱག་རྒྱ་ཡིན། །སེར་མོ་ཐམས་ཅད་བསྡམས་བྱས་ནས། །མཛུབ་གཉིས་མཆེ་བ་ལྟར་བྱས་པ། །འོད་ཆེན ་འདྲ་བའི་ཕྱག་རྒྱ་ཡིན། །གུང་མོ་པདྨ་འདྲ་བ་ནི། །སངས་རྒྱས་བཞི་པ་ཡིན་པར་བཤད། །ཏིང་འཛིན་ཚུལ་དུ་བྱས་པ་ནི། །ཏིང་འཛིན་དཔལ་གྱི་ཕྱག་རྒྱའོ། །བསྡམས་ལས་པདྨ་ལྟར་བྱས་པ། །པདྨ་དམ་པའི་ཕྱག་རྒྱའོ། །སོར་མོ་རྩོབ ་བསྣོལ་བ་ནི། །ཉི་མ་དཔལ་གྱི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་མཐེའུ་ཆུང་གཉིས། །འོད་ཟེར་རྩེ་སྒྲང་ཅུང་ཟད་བསྐྱེད། །གདུགས་ཆེན་དམ་པའི་ཕྱག་རྒྱའོ། །བསྡམས་ནས་བུམ་པ་ལྟར་བཞག་པ། །དགའ་བའི་དཔལ་གྱི་ཕྱག ་རྒྱའོ། །གུང་མོ་ལ་སོགས་གསུམ་བྱས་ནས། །མཛུབ་མོ་པདྨ་འདྲ་བ་ནི། །སངས་རྒྱས་བཅུ་པའི་ཕྱག་རྒྱའོ། །བསྡམས་པ་སྲིན་ལག་མཐེ་ཆུང་གཉིས། །འོད་ཟེར་འདྲ་བར་བྱས་པ་ནི། །ཆོས་ཀྱི་རྒྱལ་མཚན་ཕྱག་རྒྱའོ། །བསྡམས་ལས་གཡས ་པའི་མཛུབ་མོ་ནི། །ལྕགས་ཀྱུ་འདྲ་བར་བྱས་པ་ལ། །གཡོན་པ་རྒྱབ་ནས་བསྒྲེང་བ་ནི། །དབང་ཕྱུག་རྒྱལ་པོའི་ཕྱག་རྒྱའོ། །ལག་པ་ཏིང་པ་གཉིས་སྤྲད་ནས། །པདྨ་ཕྱེ་བ་ལྟ་བུ་ནི། །བཀོད་པའི་རྒྱལ་པོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་འམ ་བཅས་ནས། །གུང་མོ་རིན་ཆེན་འདྲ་བ་ནི། །རིན་ཆེན་འོད་འཕྲོའི་ཕྱག་རྒྱའོ། །མཐིལ་སྦྱར་རྩེ་མོ་བསྣོལ་བ་ནི། །སྣང་བའི་མཆོག་གི་ཕྱག་རྒྱའོ། །བསྡམས་པ་གཡོན་པའི་མཛུབ་མོ་ནི། །གཞུ་ཡི་ཚུལ་དུ་བྱས་པ་ལ། །གཡས་པ་པདྨ ་ལྟར་བྱས་པ། །ཕྱག་རྒྱའི་རྒྱལ་པོའི་ཕྱག་རྒྱའོ། །རིན་ཆེན་སྒྲོམ་ལྟར་བྱ་བ་ནི། །སྤོས་ཀྱི་གླང་པོའི་ཕྱག་རྒྱའོ། །མཐེའུ་ཆུང་སྲིན་ལག་གཉིས་བསྡམས་ནས། །གུང་མོ་སེ་གོལ་གཏོགས་པ་ནི། །སྦོབས་པ་བརྩེགས་པའི་ཕྱག ་རྒྱའོ། །རྟིང་སྤྱད་པདྨ་རྒྱས་པ་ལྟར། །སོར་མོ་ཅུང་ཟད་གདེངས་པ་དེ། །པདྨ་རྒྱལ་པོའི་ཕྱག་རྒྱའོ། །གོང་གི་ཕྱག་རྒྱ་དེ་ཉིད་ལས། །སོར་མོ་དེ་བས་གདེངས་པ་ནི། །པདྨ་དམ་པའི་ཕྱག་རྒྱའོ། །ལག་གཉིས་སོར་མོ་རྩེ་བསྣོལ་ནས།། ་ཏིང་འཛིན་ཕྱག་རྒྱར་བྱ་བ་ནི། །མི་གཡོ་བའི་ཕྱག་རྒྱའོ། །བསྡམས་ནས་གུང་མོ་གཉིས་ཕྱུང་ནས། །མཛུབ་གཉིས་དང་པོའི་ཚིགས་ཐོག་སྤྲད། །ཐོགས་མེད་རྒྱལ་པོའི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་མཐེ་བོང་གཉིས།། ་རྩེ་མོར་སྤྲད་པ་བྱས་པ་ནི། །རིན་ཆེན་དབང་ཕྱུག་ཕྱག་རྒྱའོ། །བསྣམས་པའི་གུང་མོ་གཉིས་བྱུང་བ། །མཐེ་བོང་མཐེ་ཆུང་གཞིབས་ཏེ་བསྐྱེད། །གྲུབ་པའི་ལས་ཀྱི་ཕྱག་རྒྱའོ། །སོར་མོ་ནང་དུ་བསྣོལ་ནས་ཀྱང། །མཐེ་བོང་གཉིས་ཀྱི་གུང་མོ ་མནན། །མཛུབ་གཉིས་བསྒྲེང་བར་བྱས་པ་ནི། །དགའ་བ་སྟོན་པའི་ཕྱག་རྒྱའོ། །ཏིང་འཛིན་ཕྱག་རྒྱ་བྱ་བ་ནི། །མི་གཡོ་བའི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། །མཐེབ་མོ་མཐེབ་ཆུང་སོ་སོར ་བསྒྲེང། །ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །བསྡམས་ནས་མཛུབ་གཉིས་རྩེ་སྤྲད་ནས། །པདྨའི་ཚུལ་དུ་བྱས་པ་ནི། །སྤྱན་རས་གཟིགས་པའི་ཕྱག་རྒྱའོ། །རིན་ཆེན་སྒོམ་ལྟར་བྱ་བ་ནི། །ནམ་མཁའ་སྙིང་པོའི་ཕྱག་རྒྱའོ། །མཐེབ་ཆུང་མཛུབ་མོ ་བསྒྲེང་པ་ལ། །ལྷག་མ་རྣམས་ནི་བསྣོལ་བྱས་པ། །ས་ཡི་སྙིང་པོའི་ཕྱག་རྒྱའོ། །བསྡམས་ལས་མཛུབ་གཉིས་གཞིབས་ཏེ་བསྒྲེང། །མཐེ་བོ་གཉིས་ནི་བསྣོལ་བྱས་པ། །ཀུན་ཏུ་བཟང་པོའི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས ་བྱུང་སྟེ། །གུང་མོ་གཉིས་ནི་སྦྱར་བྱས་པ། །མཐུ་ཆེན་ཐོབ་པའི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་གཉིས་བརྐྱང་ནས། མཐེ་བོང་གཉིས་ནི་རྩེ་སྤྲད་པ། །བདུད་རྩི་རྒྱལ་པོའི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་བྱུང་སྟེ ་རིན་པོ་ཆེ་ལྟར་བྱ་བ་ནི། །ཡོན་ཏན་སྙིང་པོའི་ཕྱག་རྒྱའོ། །ལག་གཉིས་ཅུང་ཟད་བསྣོལ་བྱས་ནས། །གུང་མོ་གཞིབས་ཏེ་ཕྱུང་བ་ནི། །མཐོང་ན་དགའ་བའི་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་བསྣམས་བྱས་ཏེ། །གུང་མོ་པདྨར་བྱ་བ། ་ནི། །གཞོན་ནུ་རྒྱན་གྱི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་ནས། །རལ་གྲི་ལྟ་བུར་བྱ་བ་ནི། །སྐྱེས་བུ་དམ་པའི་ཕྱག་རྒྱའོ། །ཐལ་མོ་སྦྱར་བ་བྱས་པ་ལས། །མཛུབ་གཉིས་གུང་མོའི་ཚིགས་སུ་སྦྱར། །མཐེ་བོང ་གཞིབས་ལ་བརྐྱང་བ་ནི། །སེང་གེའི་སྒྲ་ཡི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་མཐེ་བོ་གཉིས། །རྩེ་སྤྲད་ཅུང་ཟད་གནས་པ་ནི། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱའོ། །ཐལ་མོ་ཁོང་སྟོང་སྦྱར་བ་ནི། །སྐྱེས་བུ་དམ་པའི་ཕྱག་རྒྱའོ།། ་བསྡམས་ནས་གུང་མོ་གཉིས་ཕྱུང་ནས། །མཛུབ་མོ་གུང་མོའི་རྒྱབ་ཏྲ?་སྦྱར། །དཀོན་མཆོག་འབྱུང་གནས་ཕྱག་རྒྱ་ཡིན། །རྡོ་རྗེ་བསྡམས་པ་དམ་བྱས་ནས། །གུང་མོ་རལ་གྲི་ལྟར་བྱས་པ། །དཔའ་བར་འགྲོ་བའི་ཕྱག་རྒྱའོ། །བསྡམས་ལུས་མཛུབ ་མོ་མཐེ་བོང་གཉིས། །ཟླ་བ་ཁམས་པ་ལྟར་བྱས་པ། །ཟླ་འོད་གཞིན་ནུ་ཡི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་གཉིས་བསྒྲེང་བ། །གུང་མོ་མཐེ་བོ་སོ་སོར་སྤྲད། །ཡེ་ཤེས་ཏོག་གི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། གཉིས ་གྲི་ལྟ་བུར་བྱས་པ་ནི། །མྱ་ངན་ཀུན་འཇོམས་ཕྱག་རྒྱའོ། །པུ་ཏི་འཛིན་ལྟར་བསྣམས་པ་ནི། །བློ་གྲོས་མི་ཟད་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། །མཛུབ་མོ་རྒྱབ་ནས་སྦྱར་བ་ནི། །ཡེ་ཤེས་འོད་ཟེར་ཕྱག་རྒྱའོ། །བདེ་དག་ནི ་དམ་ཚིག་གི་ཕྱག་རྒྱའོ། །སྙིང་གར་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ། །ས་མ་ཡ་སྟཝཾ་ཞེས་བརྗོད་པར་བྱའོ། དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི་བདེ་བར་གཤེགས་པའི་ཡུམ་གྱི་ལྗགས་ལ། བཛྲ་དྷརྨཱ?་དྷི་ཞེས་བྱ་བ་དགོད་པར་བྱའོ། །ཕྱོགས་བཅུའི་དེ་བཞིན ་གཤེགས་པ་ནི་བཛྲ་ཛྙཱ་ན་ཞེས་བྱ་བ་དགོད་པར་བྱའོ། །སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་བསམ་པར་བྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་སྔར་གྱི་འབྱིན་པའི་ས་བོན་ནི་ཆོས་ཀྱི་ཕྱག ་རྒྱའོ། །བྱུང་ནས་ཇི་ལྟར་ཕྱག་མཚན་མེད་པ་ནི་ལས་ཀྱི་ཕྱག་རྒྱར་ཤེས་པར་བྱའོ། །ལས་ཀྱི་ཕྱག་རྒྱ་ལ་ཡང་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་བཅིང་བར་བྱའོ། །རྒྱལ་པོའི་བཀའ་རྟགས་དང། བཟང་མོའི་དཔུང་བརྒྱན་དང་འདྲ་བའི་ཕྱིར ་དེ་ལ?། །ཉེ?་ཚོང་མཁན་གྱི་ལག་པ་དང་འདྲ་བའི་ཕྱིར་རོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། བཛྲ་སཏྭ་སུ་སཾ་གྲ་ཧ་ད། བཛྲ་རཏན་མ་ནུཏྟ་རཾ། བཛྲ་དྷརྨཱ་ག་ཡ་ནེ། བཛྲ་ཀརྨ་ཀ་རོ་དྷ་བ་ཞེས་བྱ་བའི་རྡོ་རྗེའི་གླུ་བླང་ཞིང་།སྒེག ་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་དོ། །དེ་ལྟར་མཆོད་པ་བརྒྱན་ཀྱིས་མཆོད་ནས་།ལག་པ་གཡོན་པས་རྡོ་རྗེ་དྲིལ་བུ་བླངས་ལ། ལག་པ་གཡས་པས་རྡོ་རྗེ་གསོར་ཞིང། ཊཀྐི་ཧཱ་ཛ(རྒྱུད་འགྲེལ་གར་བསྟོད་པའི་ཚུལ་གྱིས་འཇོག་ཅིང། ཊཀྐི་ཛ་ཧོ(རྒྱུད་འགྲེལ་མཆོག་།སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །དྷརྨ་ཨ་ཞེས་བྱ་བ་ནི་དྲིལ་བུའི་ས་བོན་ནོ། །དེ་ནས་དམ་ཚིག་གསུམ་གྱི་གླུས་མཆོད་པ་ནི་འདི་ཡིན་ཏེ། ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག། ་ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིན། །བདེ་བར་ཤེགས་པ་དེ་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་བའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར?་མཆོག་ཏུ་དག་གྲུབ་མཛོད། །ཉེས་པ་མི ་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོང་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག་།དེ་ནས་ཕྱག་བཞི ་བྱས་ལ། །ོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བ་འདིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུང་དང་ཐུགས་རྡོ་རྗེར་བསྒོམ་མོ། །དེ་ནས་སྭ་བྷཱ་བ་ཤུདྡྷོ་ཉ་ཧཾ་ཞེས་བྱ་བས་རང་བཞིན་གྱིས་དག་པར་མོས་པར་བྱས་ལ། ཨོཾ ་སརྦས་ཨོཾ་ཞེས་བྱ་བས་བདག་མེད་པའི་མཉམ་པ་ཉིད་ཀྱིས། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཆེན་པོའི་ཡི་གེ་བརྒྱ་པ་རྡོ་རྗེ་ཚིག་པ་ཡིད ་ཀྱིས་བཟླས་ལ། ཐམས་ཅད་ཀྱང་བདག་ཡིན་ཞེས་བསྒོམས་ཏེ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་འབྱུང་པར་བསམས་ལ། བཟླས་པ་ལ་བརྩོན་པར་བྱའོ། །དེ་ལྟ་བུ་ནི་ལྷ་ཐམས་ཅད་ཀྱི་བཟླས་པར་འགྱུར་རོ། །ཇི་སྲིད་དུ་སྐྱོ་བར?་གྱུར་པ ་དེ་སྲིད་དུ་བསྒོམས་ལ། སྐྱོ་བར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། མཆོད་ཡོན་ཕུལ་ཏེ་ཕྱག་བཞི་བྱས་ནས། ཕྱག་རྒྱ་གང་ནས་འབྱུང་བ་དེ་ཉིད་ནས་དཀྲོལ་ནས། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར། དགེ་བའི་རྩ་བ ་བསྔོ་སྟེ། བདག་གིས་ཆོ་ག་མ་ཚང་བ་གང་དག་བགྱིས་པ་དེ་བཟོད་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ལ། མཆོད་ཡོན་ཕུལ་ཨོཾ་ཀ་ཏ་བྷ་བ་སརྦ་སྟ་ཙ་སིདྡྷེ་དཏྭ་ཏྲ་ཡ་ཐ་ནུ་ག་ག་ཙ་དཾ་པུ་ཏ་པི་ཤི་ཨཾ། །བུ་ན་ར་ག་ན་ཡ་ཙ་ན་ཞེས ་བྱ་བ་ཐམས་ཅད་གཤེགས་པའི་ཕྱིར་བསྐུལ་བར་བྱ་ཞིང། བཛྲ་སཏྭ་མུ་ཞེས་བྱ་བའི་སྙིང་པོ་འདིས། རྡོ་རྗེ་སེམས་མའི་ཕྱག་རྒྱ་གྱེན་དུ་དགྲོལ་བར་བྱའོ། །དེ་ལྟ་བུས་ཐམས་ཅད་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟར་སྦྲུལ་བའི ་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ནི་དེ་བཞིན་དུ་ཡིད་ཀྱིས་རང་གིས་ལུས་ལ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་སྲུང་བ་ཐམས་ཅད་བྱས་ཏེ། དཀྱིལ་འཁོར་ལས་གླེགས་བམ་བཀླག་པ་ལ་སོགས་པ་བྱའོ། །དེ་ལྟར་དུས ་པ?་རང་ཉིན་རེ་བཞིན་ཟླ་བ་གཅིག་གམ་ཟླ་དྲུག་གི་བར་དུ་བཟླས་པ་བྱའོ། ལྷ་རྣམས་ལ་གནང་བ་ཐོབ་ཀྱི་བར་དུ་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ལྟར་སྔོན་དུ་བསྙེན་བ་བྱས་ནས། གཙུག ་ལག་ཁང་དམ། ཀུན་དགའ་ར་པའམ། །གྲོང་ཁྱེར་གྱི་ཤར་རམ། བྱང་ཕྱོགས་ཀྱི་ཆའམ། གང་ཡིད་དགའ་བར་དཀྱིལ་འཁོར་བྱའོ། །ལྷ་ཁང་གྲོང་ཁྱེར་སྐྱེད་ཚལ་གྱི། །བྱང་ཤར་ཕྱོགས་མཛེ་ལྟ་?། ། ཨའི་ཆ ་ནི་ཡོངས་གཟུང་ལ། །ཆོ་ག་བཞིན་དུ་སྦྱར་བར་བྱའོ། །ཡང་ན་སྔར་ནི་བརྟགས་ཟིན་པའི། །གནས་དེར་སྦྱང་བ་བྱ་མི་དགོས། །པུས་མོ་རྐང་པ་ལྟེ་བ་འམ། །ལྐོག་མ་ནུབ་ཙམས་བརྐོས་ལ། །ལེགས་པར་ཡོངས་སུ་བརྟགས་ནས་ནི།། ་ཐལ་གསོལ་བ་གྱོ་མོ་དང། །གསེག་མ་ཕུབ་མ་རུས་པ་གསལ། །ཡུམ་མཆོག་ཉིད་ཀྱིས་བསྔགས་བཟླས་ཤིང། །དེ་བཞིན་བདུད་རྩི་ཐབ་སྦྱོར་གྱི། །སྔགས་བཟླས་པ་ཡི་ཆུ་ཉིད་ཀྱིས། །ས་ནི་ཀུན་ལ་བསང་གཏོར་བྱ། །དྲི་ཞིམ་པ་ཡིས ་ཡིས་ནི?། །དཀྱིལ་འཁོར་ས་ནི་ཀུན་ཏུ་དགང། །དེ་ལྟ་བུ་ཡི་དབུས་དག་ཏུ། །ཞི་བ་ལ་སོགས་སྦྱིན་སྲེག་བྱ། །ས་ཡི་ལྷ་ལ་གསོལ་བ་གདབ། །དེ་ནས་མེད་དང་ལྡན་པ་རུ། །རྒྱལ་པོའི་ཁྲུ་ནི་བརྒྱད་ཉིད་དམ། །དེ་བཞིན་ཁྲུ་ནི་ལྔ་བཅུ་ཉིས། ་བློན་པོ་ཚོང་དཔོན་སྟེ་དངོས་གྱིས། །ཉི་ཤུ་རྩ་ལྔ་འམ་དེ་ཡི་ཕྱེད། །ཁྲུ་དེ་དག་ནི་མ་ནུས་ན། །ཅི་ནུས་པར་ནི་བྲི་བར་བྱའོ། །དཀྱིལ་འཁོར་དེ་ཡི་ས་གཞི་ནི། །སྤོས་ཆས་གསང་གཏོར་བྱ་བ་དང། །བ་ཡི་རྣམ་ལྡས་སྐྱེད་ནུལ?་བྱ། །ས ་བཞི་ཡོངས་སུ་རྫོགས་པ་དུ། །ཐིག་གདབ་ཆོ་ག་རྫོགས་པར་བྱ། །ས་སྦྱང་བའི་ཆོ་གའོ།། །།ལེགས་པར་ཁྲུས་བྱས་ལུས་དྲིས་ཕྱུག་།ཇི་སྙེད་གོས་དང་རྒྱན་གྱིས་བརྒྱན། །ཤིན་ཏུ་དམར་བའི་གོས ་བྱོན?་ནས། །ཡར་གྱི་ངོ?་ནས་བརྩམས་པར་བྱ། །དཀྱིལ་འཁོར་ས་གཞིའི་དབུས་སོང་སྟེ། །བདག་སྲུང་བགགས་གཞོམ་ལ་སོགས་བྱ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡི། །དཀྱིལ་འཁོར་སྔ་མ་བཞིན་དུ་སྤྲུལ། །ཕྱག་འཚལ་མཆོས ་པ་ལ་སོགས་པ། །སྔོན་དུ་སོང་བས་སྡོམ་པ་བཟུང། །ཁང་པ་གདན་ལ་སོགས་བསྐྱེད་ན། །དབུས་སུ་སྐྱིལ་ཀྲུང་གིས་འདུག་སྟེ། །བདག་ཉིད་སྒྲོ་བ་བསྐྱེད་པར་བྱ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ ་དང་དམ་ཚིག་གིས་མཉམ་བར། །གྱུར་པར་བདག་ཉིད་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དང་བདག་ཉི་མ ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དིང་བདག་འདུས་བའི་མཆོག་ཡིན་ནོ། །ཞེས་བྱའོ། །ཕྱག་བྱས་བདུག་སྦོས་ཐོགས་ནས་སུ། །ཡུམ་མཆོག་སྲས་དང་བཅས་པ་རྣམས། །ཐམས་ཅད་མ ་ལུས་སྤྱན་དྲང་ངོ?། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འདྲི། །དིང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་མཆོག་ནི ་སྩལ་དུ་གསོལ་ཞེས་བརྗོད་དོ། །སྦྱོར་བ་རྣམས་གསུམ་བསྒོམས་ནས་ནི། །སྒོ་རྣམས་དབྱེ་བ་བྱས་ནས་སུ། །བྱམས་བའི་སྒོ་ན་གནས་པ་ཡིས། །ཡུམ་མཆོག་སྔགས་བཟློས་བརྩོན་པ་ཡི། །རྣལ་འབྱོར་ང་རྒྱལ་ཆེར་ལྡན་པས། །དཀྱིལ་འཁོར་བྲི ་བར་བྱ་བའི་ཕྱིར། །བསྡོད་དེ་གསོལ་བ་གདབ་པར་བྱ། །མ་ཞིག་ན་བར་གྱུར་པ་ལ། །བུ་རྣམས་རིམ་གྲོ་བྱེད་པ་ལྟར། །ཡུམ་མཆོག་བསྲུང་བ་བྱ་བའི་ཕྱིར། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡིས། །ནམ་མཁའ་ཨི་ཁམས་ཀུན་གང ་གྱུར་ཏེ། །བདག་གིས་ལུས་དེ་ཕྱག་བྱས་ནས། །བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ཉིད་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །བདག་ནི་རྣལ་འབྱོར་དབང་ཕྱུག་ཆེ། །ཕྱག་ ་ན་རྡོ་རྗེ་བདག་བརྟན་ཉིད། །བདག་པོ་རྡོ་རྗེ་ཆེན་པོ་བདག། བྱིན་གྱི་བརླབས་པ་མི་འདོར་དོ། །དེ་ནས་བཛྲ་ཏིཥྛ་མ་ཊ། །མིག་གཉིས་དག་ཏུ་བཀོད་ནས་ཀྱང། །རྐང་མཐིལ་གཉིས་སུ་ཨ་ལས་ནི། །སྣ་ཚོགས་རྡོ་རྗེ ་བསྐྱེད་བྱས་ཏེ། །དམ་ཚིག་ཕྱག་རྒྱ་རབ་བསྲུངས་ནས། །བཛྲ་སཏྭ་བཛྲ་ཨུཏ་ཏིཥྛ། །དེ་ཡི་ཤེས་དཀྱིལ་འཁོར་བདེག་པར་བྱའོ། །སྔར་བཞིན་བྱིན་གྱིས་རླབས་བྱས་ནས། །ཕྱག་རྒྱ་ཆེན་པོ་དེ་བཅིངས་ནས། །གཡོན་པ་དྲིལ་བུ་ལེགས་བཟུང ་ནས། །གཡོན་བས་རྡོ་རྗེ་གསོར་བར་བྱ། །ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་པས། །ཅུང་ཟད་གར་བྱེད་གོམས་སྟབས་ཀྱིས། །བསྐོར་བའི་ཚུལ་གྱིས་སོང་ནས་ནི། །དེངས་ཤིག་ཅེས་ནི་བརྗོད་བར་བྱ། །སྒྱུ་འཕྲུལ་དྲ་བར་གསུངས་པ་ལྟར།། ་གཡས་བརྐྱང་ལ་སོགས་སྟང་སྟབས་བྱ། །བསྐྱིད་པའི་ཚུལ་གྱིས་སོང་ནས་ནི། །གདུག་པའི་བགེགས་རྣམས་བསྐྲད་པར་བྱ། །དེ་ནས་ཕྱག་རྒྱ་འདི་ཡིས་ནི། །གསང་བའི་དཀྱིལ་འཁོར་དགུག་པར་བྱ། །རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ནས། ། ་མཛུབ་མོ་མཐེ་བོང་རྡོ་རྗེ་བྱས། །དཀྱིལ་འཁོར་དགུག་པའི་ཕྱག་རྒྱའོ། །ོཾ་བཛྲ་མཎྜལ་ལ་ཧཱུཾ། །དེ་ནས་རྡོ་རྗེ་འཁོར་ལོ་ཡི། །ཕྱག་རྒྱ་དང་ནི་སྔགས་འདི་ཡིས། །དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ། །མཧཱ་བཛྲ་ཙཀྲ་ཨ་ཏིཥྛ་སིདྡྷ་ཧཱུཾ།། ་རྡོ་རྗེ་རྒྱ་ཡི་ལས་ཀྱིས་ནི། །ཕྱག་རྒྱ་ཉིད་ནི་བཤད་པ་ཡིན། །དེ་ནས་ཕུར་བུ་བཏབ་ནས་ནི། །འོག་གི་ཕྱོགས་ཀྱི་བགེགས་རྣམས་བཟློག་།ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷཾ་བནདྷ་ཧཱུཾ་ཕཊ། །བརྒྱིན་རྩ་བརྒྱད་བཟླས་ནས་ཀྱང། །དཀྱིལ ་འཁོར་དེ་དབུས་དང་གྲཝ་བཞིན་དུ། །གཡོན་བས་གཟུང་སྟེ་གཡས་བས་བརྡབ། །སེར་ལྡེང་ཕུར་བུ་ལྔ་བསྐྱེད་དོ། །ོཾ་བྷཱ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚ་ན་ཧཱུཾ་ཕཊ། ཀཱི་ལ་ཡ་ཀི་ལ་ལ་སརྦ་པཱ་བཾ་ཕཊ། བཛྲེ?་ཀཱ་ལ་ཡ་བཛྲ་དྷ་རི། །ཱ་ཛྙཱ་པ ་ཡ་ཏི་སྭཱཧཱ། བདུག་པས་བདུགས་ཏེ་དབང་བསྐུར་རོ། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །དཀྱིལ་འཁོར་ཡོངས་སུ་བརྟག་བྱས་ནས། །ཙན་དན་གུར་གུམ་ལ་སོགས་པས། །ཡུམ་ཆེན་གྱི་ནི་གནས་དག་ཏུ། །རིན་ཆེན་ཟུར་བརྒྱད་ཐིག་ལེ་བྱ། །དེ་བཞིན ་གཤེགས་པའི་གནས་དག་དང། །བྱང་ཆུབ་སེམས་དཔའ་ཨི་གནས་སུ་ནི། །གྲཝ་བཞི་ཟླུམ་པོར་བྱ་བའོ། །ཡུམ་མཆོག་ནི་སྔགས་ཀྱིས་ནི། །ལན་གསུམ་དག་ཏུ་བཟླས་པའོ། །དེ་ནས་ནམ་མཁའ་ཨི་ཕྱོགས་ནས་ནི། །ནམ་མཁའ་ཨི་དཀྱིལ་འཁོར་དཀུག་ནས་ནི། ། ་གཞུག་དང་བཅིང་དང་དབང་དུ་བྱ། །མཆོད་པ་ལྔ་པོས་ལེགས་པར་མཆོད། །དེ་ནས་དབང་བསྐུར་བུམ་བ་ལ། །འབྲུ་སོགས་བཅས་པར་ཆུ་བླུགས་ལ། །ཡུམ་མཆོག་སྔགས་ནི་བརྒྱ་བཟླས་བ། །མཆོད་ཡོན་ལེགས་བར་དབུལ་བར་བྱ། །བདུག་བས་བདུག ་ནས་མེ་ཏོག་དོར། །ལྷག་པར་གནས་པར་བྱ་བའོ། །ཐུན་གསུམ་དག་ཏུ་བཟླས་བྱས་ནས། །དེས་ནི་དབང་ང་བསྐུར་བྱ་བའོ། །ལྷག་པར་གནས་པའི་སྦྱིན་སྲེག་བྱ། །དེ་ནས་ཕྱི་རོལ་བྱུང་ནས་ཀྱང། །དམ་ཚིག་ཅན་ལ་གཏོར་མ་སྦྱིན། །ཉེ་རག་དག་ཀྱང་བྱས་ནས ་ནི། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་གཅིག་བར་དུ་བརྗོད་པར་བགྱི། །དེ་ནས་མེ་ཏོག་ལ་སོགས་དང། །སྒེག་མོ་ལ་སོགས་བརྒྱད་ཀྱིས་མཆོད་དོ། །སློབ་མ་ལྷག་བར་གནས་བར་བྱའོ། །རེ་ཞིག་དང་པོར་ཁྲུས་བྱས་ལ། །ཤིན་ཏུ་གཙང་བའི་གོས ་གྱོན་ལ། །མེ་ཏོག་ཐོགས་པའི་སློབ་མ་ཡིས། །སློབ་དཔོན་དག་ལ་ཕྱག་བྱས་ཏེ། །འདི་སྐད་ཅེས་ནི་སྨྲ་བར་བྱ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོང་དུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག ་འཚལ་ལོ། །དམ་ཚིག་དེ་ཉིད་རྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་བ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱིའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད ་དུ་གཞུག་སྟེ། རྟོག་པ་རྣམས་ནི་ཤིན་ཏུ་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗིད་དེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་སློབ?། །དབང་མེད་པ་བདག ་གིས་མི་དགེ་བགྱིས་པ་དང། །རྗེས་སུ་ཡི་རང་ཡང་ན་བགྱིད་རྩལ་གང། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་ནི། །སྔར་བཤད་ད་ལྟར་མ་ལུས་སོ་སོར་བཤགས། །བདེ་བར་གཤེགས་པ་སྲས་ཀྱི་ལྷ་རྣམས་དང། །རྒྱ་ཆེན་འགྲོ་བ་མ་ལུས ་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལའང། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ། །ཐུགས་རྗེས་ཁྱབ་བའི་ཐུགས་དང་ལྡན་གྱུར་ཅིང། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས ་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མི་སྐྱེ་མ་འགགས་ནམ་མཁའ་ཨི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་སྐྱབས་སུ་མཆི། ། ་བློ་མཆོག་རྣམས་ཀྱི་ཀུན་དགའ་རབ་དང། །དམན་བས་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་བའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག་།གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ ་ཞིང། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་བའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས ་རྒྱལ་གྱུར་བའི?། །སྙིང་རྗེའི་རྩ་བ་ཟུག་ཅིག་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་ཡང་དག་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་བར་བྱ་བ་འམ། །རང་གི་སེམས་ནི་དག་པར་བྱ་བའི ་ཕྱིར། །འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་བཏང། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ནི་བསྒོམ་པར་དགྱི།། ་བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་པར་གནས་ལ་བདག་ནི་གནས་པར་བགྱི་ཞེས་ལན་གསུམ་བརྗོད་དོ། །བདག་གིས་དེ་སྐད་བརྗོད་པའི ་དགེ་བའི་རྩ་བ་འདིས། །བདག་གིས་ལུས་ཐམས་ཅད་ཡོངས་སུ་བཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང། །ཐབས་ཀྱི་བྱེ་བྲག ་ཐམས་ཅད་ཀྱིས་བཏུལ་ནས་མི་གནས་པའི་མྱ་ངན་ལས་འདས་བའི་དབྱིངས་ལ་རབ་ཏུ་བཞག་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་ཀྱང་སེམས་ཅན་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད ་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བོ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་བའི་སེམས་དང། །ཐམས་ཅད་མཁྱེན་བའི་ཡེ་ཤེས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་བར་བགྱིའོ། །བདག་གིས་ཏིང་འཛིན ་ཐམས་ཅད་ཀྱི་རྒྱལ་པོ་ཐོབ་པར་བགྱི་སྟེ། །སེམས་ཅན་ཐམས་ཅད་བྱང་ཆུབ་རྣམ་པ་གསུམ་ལ་དགོད་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ ་རྩ་བདུན་ལ་གནས་བ་སོ་སོར་རྟོགས་པར་བྱ་བའི་ཕྱིར་བརླབ་བར་བགྱིའོ། །བདག་གིས་སྟོབས་བཅུ་དང་མི་འཇིགས་པ་དང། །སོ་སོ་ཡང་དར་བར་རིག་པ། སང་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར ་བརྩོན་པར་བགྱིའོ། །དེ་བཞིན་དུ་བདག་གིས་སངས་རྒྱས་གྱི་ཆོས་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེད? ་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་བོ་སྟེ། འདི་ཉིད་བཅོམ ་ལྡན་འདས་ཀུན་ཏུ་བཟང་པོའོ། །དེའི་དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་བར་བྱས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་ཏུ་བཟང་པོའི་སྤྱོད་བ་ཞེས་བྱ་བ་སྒོ་མཛའ་ཡས་བ་ལ་གནས་པ།། ་མཛའ་མེད་པར་འགྱུར་བར་རྫོགས་པར་བྱས་ནས། །གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ། །སྤྱོད་པ་རབ་ཏུ་དབྱེ་བའི་སྒོ་མང་པོ་བསྟན་བས་ཡང་དག་པར་མགུ་པར་བྱ་བ་དང། ཡང་དག་པར་དགའ་བར་བྱ་བ་དང། །ཡང་དག་པར ་གཟེངས?་བསྟོད་པ་ལ་དེས་པར་སྦྱར་བར་བགྱིའོ། །དེ་ནས་ས་མ་ཡ་ཨ་ཞེས་བཟླས་པས། །སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་རྡོ་རྗེ་དེ་བཞག་ལ། སུ་ར་ཏ་ས་མ་ཡ་སྟཝཾ་ཧོ། །བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ་ཞེས་བྱ་བའི ་སྙིང་པོ་ཡང་སྙིང་གར་བརླུས?་ལ། སྤྱི་བོར་སྔོས?་ཆུས་བརླན་པ་འམ་གཤེར་བའི་ལག་པ་བཞག་ལ། །རྡོ་རྗེ་སེམས་དཔའ་བཟླས་ཤིང་རྡོ་རྗེར་བསམ་བར་བྱའོ། །དཔྲལ་བ་དང། །སྐོག་མ་དང། །སྤྱི་བོར་ཏཾ་ཧྲི་དང་ཀཾ་ལས་རྡོ་རྗེ་དང་རིན་པོ ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེར་བསམས་ལ། བཛྲ་སཏྭ། བཛྲ་རཏན། བཛྲ་དྷརྨ། བཛྲ་ཀརྨ། ཞེས་ཟློས་ཤིང་སྙིང་ག་ལ་སོགས་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨ་ཤྭཏྠེ?་ལ་སོགས་པའི་སོ་ཤིང་སོར་བཅུ་གཅི་གཉིས་པའི་ཚད་ལ་རྩེ ་མོར་མེ་ཏོག་བཅིངས་ལ། རྡོ་རྗེ་བཞད་པ་བཟླས་ལ་སྦྱིན་ནོ། །དེ་ནས་ཤར་དམ་བྱང་དུ་བསྩལ་ཏེ། རྩེ་མོ་ཉིད་ནས་བཅའ་བར་བྱའོ། །དེ་ནས་ཀུ་ཤ་སར་པ་ལ་རྡོ་རྗེ་རྣོན་པོ་བཟླས་ཏེ་བྱིན་ལ། །འདི་ནི་སྟན་དུ་གདིང་ཞིང་སྔས་སུ་གྱིས་ལ་ཉོལ་ཅིག་ཅེས་བསྒོའོ ་དེ་ནས་དབུང་བ་གཡོན་བར་ནི། །སྲུང་སྐུད་འདུད་པ་གསུམ་ལྡན་པ། །བདག་ཉིད་ཀྱིས་ནི་ལེགས་པར་བཅིང། །དེ་ནས་ཟབ་མོ་རྒྱ་ཆེ་བའི། །ཆོས་ནི་ཅི་ནུས་ཕར་བསྟན་པས། །ཐམས་ཅད་ལ་གཟེངས་བསྟོད་པར་བྱས་ནས་བཞིན་བཟང་རྣམས་ལོང་ཞིག ་ནང་བར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་ཞེས་སྒོའོ། །ལྷག་པར་གནས་བའི་ཆོ་གའོ། །དེ་ནས་ཉི་མ་འཆར་ཁ་རུ། །དཀྱིལ་འཁོར་ནམ་མཁར་བརྡེག་པར་བྱའོ། །དེ་ནས་ཐིག་གདབ་པར་བྱའོ། །དང་པོར་ཆེན་རྩི་སྔོན་པོ་དང། སེར་པོ་དང་ནི་དམར ་པོ་དང། །ལྗང་གུ་དཀར་པོ་དག་ལ་ནི། །དྲི་ཞི་མཚོན་གྱིས་སོ་སོར་བསྒྱུར། །གོ་རིམ་གྱིས་ནི་བཞག་པ་ལ། །དེ་ལ་ཧྲུཾ་ཛི་ཧྲི་ཨ་ཨོཾ། །རང་གི་ས་བོན་དེར་དགོད་དོ། །?་དྲིཥྚི་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་འབར་བའི་མིག། མིག་གིས་རྗེས་སུ་དྲན་པ་ནི། །འབར་བའི་ལྟ་བས་མི་བསྐྱོད་པ་ལ་སོགས་བསྐུལ་ཞིང། །བཅོམ་ལྡན་འདས་ཡུམ་ཆེན་མོའི་དཀྱིལ་འཁོར་ཆེན་མོའི་ཐིག་གདབ་པར་བྱ་བའི་ཕྱིར་རྡོ་རྗེའི་ཐིག་བདག་ལ་གསོལ་ཅིག་ཅེས་བགྱི་བས་ཀྱང ་བསྐུལ་བར་བྱའོ། །དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་བསྐུལ་བས། །མི་བསྐྱོད་བ་ལ་སོགས་པ་ཡིས་བཏང་བའི་སྲད་བུ་འབར་བའི་ལྕགས་ཀྱུས་བཀུག་སྟེ། རང་གི་ལག་ན་གནས་པ་ལ། །སྲད་བུ་དེས་གང་བར་བྱས་ལ། །ོཾ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ ་དྷརྨཱ་སྤ་ར་སྦ་ར་ཨ་ནུ་དྲ་བིཥྚ་སརྦ་དྷརྨ། ཨ་དྱ་ན་ཊ་ཨ་ནུ་བྲ་བིཥྚ་སརྦ་དྷརྨ། ཨོཾ་བཛྲ་དྷརྨཱ་དྷི་ཞེས་བསྒྲིལ་བར་བྱའོ། །བསྒྲིལ་ནས་མིག་གཡས་དང་གཡོན་དུ། །མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། བཛྲ་དྲིཥྚི་མ་ཊ་ཞེས་བྱ་བྱ་བས ་བསྟན་བར་བྱས་ལ། སྲད་བུ་དེ་དྲིས་བྱུགས་པའི་རིན་པོ་ཆེའི་སྣོད་དུ་བཞག་ལ། དྲི་དང་མ་ཏོག་དང་བདུག་སྔོས་ཀྱིས་མཆོད་དོ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏྲི་ཀྲ་མ་ཧཱུཾ་ཞེས་རྡོ་རྗེ་བསྡམས་པས་བཟང་སྟེ། ལན་བརྒྱ ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་དྲིས་ཉེ་བར་བྱུགས་ལ། །བར་སྣང་ལ་བཞུགས་པའི་རིགས་ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པ་ལྔ་དང། །སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་ཕྱག་བྱས་ལ། དཀྱིལ ་འཁོར་གྱིས་གཞི་བརྟག་པར་བྱའོ། །དེ་ལ་དེ་ཞིག་སྔགས་བཟླས་བའི་བུས་མཛའ་མ་དཀར་པོ་དང་ལྡན་པས་སྤངས་ལ་ཡིད་ཀྱིས་བཛྲ་དྷཱ་ཏུ་ཞེས་བྱ་བས་རྡོ་རྗེའི་ཚིག་གིས་བཟླས་ལ། རྣམ་པར་སྣང་མཛད་དུ་གྱུར་པར་བྱས་ནས། བཛྲ ་ཀརྨ་ཞེས་བརྗོད་བས་བསྒྲུབ་པའི་གྲོགས་མཆོག་རང་གི་སྙིང་གནས་རྡོ་རྗེ་ལས་ཀྱིས་གཟུགས་སུ་སྤྲུལ་བར་བྱའོ། །དེ་ནས་ཕྲང་བུ་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་གཟུང་ལ། ཛཛ(རྒྱུད་འགྲེལ་ཀྱི་གཟུགས་ཅན་གྱི་ལག་ཏུ་སྲང་བུ་བཏང་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་བསྒོམ་ཤིང། ཤང་ཕྱོགས་བལྟས་ཏེ། རྡོ་རྗེ་སྲང་བུ་གདབ་པར་བྱའོ། །ཡང་སློབ་དཔོན་ལྷོར་འདུག་ལ་བྱང་དུ་བལྟས་ཏེ། གཉིས་པ་གདབ་པར་བྱའོ།། ་དེ་ནས་མེའི་ཕྱོགས་ཀྱི་ཆར་གནས་ལ་བྱང་དུ་བལྟས་ཏེ། ཕྱིའི་དཀྱིལ་འཁོར་གྱི་ཤར་དུ་ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་གནས་པ་ལ་ལྷོའི་ཕྱོགས་སུ་བལྟས་ཏེ། ནུབ་ཀྱི་ཐིག་གདབ་པར་བྱའོ། །དེ་ཉིད་དུ་འདུག་ཏེ་བྱང་གི་ཐི་གདབ་བོ།། ་ཡང་མེའི་ཕྱོགས་སུ་འདུག་སྟེ། ལྷོ་ཕྱོགས་སུ་ཐིག་གདབ་པར་བྱའོ། །ཁ་ཁྱེར་གྱི་ཐིག་ཀྱང་གདབ་པར་བྱའོ། །ཡང་མེའི་མཚམས་སུ་གནས་ཏེ། རླུང་གི་ཕྱོགས་ཀྱི་མཚམས་ཀྱི་ཐིག་ཀྱང་གདབ་པ་དང། ཡང་བདེན་བྲལ་གྱི་མཚམས་སུ་གནས་ཏེ། ་དབང་ལྡན་གྱི་མཚམས་ཀྱི་བར་ཀྱི་ཐིག་གདབ་པར་བྱའོ། །སློབ་དཔོན་གྲོགས་མཆོག་གཉིས་ནི་སྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལ་སྒོ་ནི་འཁོར་ལོའི་བརྒྱད་ཆའོ། །སྒོ་ཁྱུད་ནི་སྒོའི་ཚང་ཀྱི་ཕྱེད་དོ། །ཁ་ཁྱེར་ནི་སྒོའི་ཕྱེད་དོ། །ཆོས་སྣ་ལྔའི་ས ་ནི་ཁ་ཁྱེར་གྱི་ཕྱེད་དོ། །རྟ་བབས་ནི་སྒོའི་སུམ་འགྱུར་དུ་བྱའོ། །ད་ནི་ལུད་ལས་འབྱུང་བའི་ཐིག་གདབ་སྟེ། སར་བ་ལས་ནི་བཀལ་ནུས་ཀྱང། །ཚད་མཐུན་བར་ནི་མཛད་པ་ཡི། །ཐིག་ནི་མཁས་པས་མཛེས་པ་ཡི། །ཐིག་ན་མཁས་པས ་ཅི་ནུས་ཀྱིས། །དཀྱིལ་འཁོར་གྱི་ནི་ཐིག་གདབ་བོ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཡུམ་གྱུར་དམ་བའི་དཀྱིལ་འཁོར་ནི། །ཐིག་བཞི་བཏབ་པས་དཀྱིལ་འཁོར་དགུ། །དཀྱིལ་འཁོར་དགུ་ཡི་དཀྱིལ་དུ་ནི། །བདེ་གཤེགས ་ཡུམ་དུ་གྱུར་བ་དགོད། །དུད་ལྟར་སྐུ་མདོག་དཀར་བ་ལ། །གཡས་པ་རིན་ཆེན་མཆོག་སྦྱིན་ཞིང། །གཡོན་པ་གླགས་བམ་འཛིན་པ་སྟེ། །སེང་གེ་ལ་གནས་པདྨའི་གདན། །ཟླ་བའི་དཀྱིལ་འཁོར་དག་ལ་ནི། །སྦྱིན་པ་ཚུལ་ཁྲིམས་བཟོད ་པ་དང། །བསམ་བཏན་ལ་སོགས་འཁོར་གྱིས་བསྐོར། །ཕྱིའི་ལེའུ་ཚེ་བརྒྱད་པོ་ལ། །ཕྱོགས་བཅུའི་བདེ་བར་གཤེགས་པ་བཅུ། །སོ་སོའི་འཁོར་གྱིས་བསྐོར་བ་ནི། །སེང་གེ་ལ་གནས་པདྨའི་གདན། །དེ་སྟེང་ཟླ་བའི་དཀྱིལ་འཁོར ་ལ། །གོ་རིམ་བཞིན་དུ་དགོད་བར་བྱ། །ཕྱོགས་བཞིའི་ཟླ་བ་བཞི་པོ་ལ། །སེམས་དཔའ་ཨི་རྡོ་རྗེ་ལ་སོགས་ནི། །པད་གནས་ཟླ་བའི་དཀྱིལ་འཁོར་ལ། །གོ་རིམ་བཞིན་དུ་དགོད་པར་བྱ། །དེ་ཡི་ཕྱི་རིམ་དག་ཏུ་ནི། །ཐུགས་རྗེ་འོད་ཀྱི ་དཀྱིལ་འཁོར་ནི། །པདྨ་བརྒྱ་འམ་སྟོང་དག་ཏུ། །ཆོ་ག་ཤེས་བས་བྲི་བར་བྱ། །རྡོ་རྗེ་ཉི་མར་ཡང་དག་ལྡན། །གྲཝ་བཞི་ཕྱོགས་བཞི་དག་ཏུ་ནི། །ལཱ་སྱ་ལ་སོགས་ལྷ་མོ་བརྒྱད། །པད་གནས་ཟླ་བའི་དཀྱིལ་འཁོར་ལ། །ལེགས་པ ་དག་ཏུ་བྲི་བར་བྱ། །ལྷ་ཡི་རྣལ་དུ་དགོད་བྱ་བ། །བསྐལ་པ་བཟང་པོ་འདི་ཉིད་ཀྱི། །སངས་རྒྱས་སྟོང་དུ་བཞིས་མ་ཚང། །པད་གནས་ཟ་བའི་དཀྱིལ་འཁོར་ལ། །རང་རང་མཚན་མ་བསྣམས་པའི། །སྒོ་ཁྱད་བཞི་པོ་དག ་ལ་ཡང། །སྒོ་བ་བཞི་པོ་བྲི་བར་བྱ། །རྟ་བབས་བཞིས་ནི་མཛེས་བྱས་ལ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲཝ་བཞི་ཕྱོགས་བཞི་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པད་ནི། །དཀྱིལ་འཁོར་ཕྱི་རིམ་དྲི ་བར་བྱ། །དེ་ལྟར་དཀྱིལ་འཁོར་ལགས་བྲིས་ནས། །དང་པོར་བདག་ཉིད་འདུག་པར་བྱ། །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་འབྱུང། གལ་ཏེ་གེགས་ནི་བྱུང་ན་ནི། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ནས། །དེའི་འོག་ཨ་ལས་རྣམ་པར ་སྣང་མཛད་དུ་གྱུར་ནས། །རྒྱུད་ལས་བཤད་པའི་རྣམ་པར་སྣང་མཛད་ཀྱི་སྐུར་ཡང་ངེས་པར་བྱས་ནས། ཧཾ་ལས་འཕགས་པ་མི་གཡོ་བ་ཐུགས་ཀ་ནས་ཕྱུང་སྟེ། བཛྲ་བན་དྷ་ཞེས་ཡིད་ལ་བརྗོད་ལ། ཕྱིའི་དཀྱིལ་འཁོར་དུ་། རླུང་གི ་ཕྱོགས་དྲིའི་ཐིག་ལེ་བདུན་བྱས་ཏེ། །ཐིག་ལེ་རེ་རེ་ཞིང་པདྨ་རེ་རེའི་ནང་དུ་ཆུད་པར་བྱས་ལ་དབུས་མ་དང་མཛའ་མ་དང་ཐིག་ལེ་བདུན་དང་ལྡན་པར་བྱས་ཏེ། ཐིག་ལེ་བདུན་པོ་དེ་དག་དང། རླུང་ལྷ་བདུན་པ་རི་དགས་ལ་ཞོན་པའོ། །མདོག ་ནག་པོ་འཕགས་པ་མི་གཡོ་བས་ཞགས་པས་ཀུན་ནས་བཅིངས་པར་བསམས་ལ། །དེ་རྣམས་ཀྱི་དབུས་མ་གཅིག་ནི་གཙོ་བོ་ཡིན་ལ། ལྷག་མ་དྲུག་ནི་འཁོར་ཡིན་པས་ཀུན་ནས་བསྐོར་བར་བསམས་བའོ། །དེ་ནས་ཁམས་ལས་རི ་རབ་ཏུ་བསམས་ལ། །དེའི་སྟེང་དུ་ཨ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེས་གཡོགས་ལ། དབུས་རྡོ་རྗེ་རྩེ་ལྔ་བ། ཡི་གེ་ཧཱུཾ་གི་ས་བོན་ལས་བྱུང་བ། མཚམས་རྣམས་སུ་མདུད་རྩེ་རྣམས་བསམས་ལ། དེ ་བཞིན་དུ་བཛྲ་བན་དྷ་ཞེས་བརྗོད་དོ། །དེ་ཁམ་བོར་དེ་ཇི་སྐད་བཤད་པའི་ཐིག་ལེ་བདུན་གདབ་པར་བྱའོ། །དེ་ནས་ཁམ་ཕོར་དང་རི་རབ་ཀྱི་སྟེང་དུ་ཨོཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ཏེ། འཕགས་པ་མི་གཡོ་བ་ཡང ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོན་པ་བརྐྱང་པས་རི་རབ་གཟུང་ནས། རལ་གྲི་དང་ཞགས་པས་རླུང་ལྷ་རྣམས་ལ་སྡིགས་མཛུབ་མཛད་པར་བསམས་ཏེ་།དེ་ལྟ་བུས་ནི་རླུང་ཐམས་ཅད་བཅིང་བར་བྱས་པར་འགྱུར་རོ། །དེ་ནས ་དཀྱིལ་འཁོར་དབུས་ན་གནས་པའི་ཕུར་བུ་ཧྲུཾ་བཞིས་བཏོན་ལ། འོད་ནས་བཤད་པའི་ཚོན་སྣ་ལྔས་བུ་ག་བཀག་ལ་མཉམ་པར་གཞོག་།དེ་ནས་ཧྲི་ཞིས་བྱ་བས་མིག་གཡས་དང་གཡོན་དུ་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས ་ཀུན་བལྟས་ལ་སྒོ་རྣམས་དབྱེའོ། །དེ་ནས་ཆེ་ན་རྩི་བྱིན་གྱིས་བརླབ་པར་བྱ་སྟེ་།ོཾ་བཛྲ་རྩི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་ཚོན་རྩི་ཐམས་ཅད་ལ་ལན་འདུན་གྱི་བར་དུ་བཟླས་ན་རྡོ་རྗེའི་རང་བཞིན་དུ་འགྱུར་རོ། ། ་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །ཕྱག་རྒྱ་གཉིས་ལས་ནི་མཛུབ་མོ་མཉམ་པར་སྦྱར་བར་བྱས་ནས། ཚོན་རྩི་ཐམས་ཅད་ནི་འབར་བའི་ལྟ་བས་དགུག་པར་བྱ། །ཧྲ་ཞེས་བྱ་བ་དང། རྡོ་རྗེ་ཉི་མ ་ཁྲོ་བོ་དམ་ཚིག་ཕྱག་རྒྱ་དང་ལྡན་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཐར་སྤར་བར་བྱའོ། །ོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་ཟློས་ཤིང་དགྱེ་བར་བྱའོ། །ཕྱོགས་བཞིར་ཡང་སྤོས་སྣོད་བཞི་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཀློག་ཏུ་གཞུག་གོ་།དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་བཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱི་སུ་ནི་དབྱེ་བར་བྱ། །ོཾ་བཛྲ་དགྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཧཱུཾ། །རྡོ་རྗེ་མཛུན་མོ་ཡང་དག་པར ་སྤྱད་ལ་བཀན་ཏེ་བསྡམས་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བའི་མཆོག་ཡིན་ནོ། །དེ་ནས་རིན་པོ་ཆེ་ལས་བྱས་པའི་བུམ་པ་རྩ་བ་མི་གནག་ལ། གསུམ་པ་ཆ་བ། མགྲིན་པ་རིང་བ། མཆུ་འཕང་བ། ་བྱུ་རུ་དང། གསེར་དང། དངུལ་དང། མུ་ཏིག་དང། པདྨ་རཱ་ག་སྟེ་། རིན་པོ་ཆེ་ཐམས་ཅད་དང། བྲཾ་ཧ་སྤྱི་དང། ཀཎྱ་ཀ་རི་དང། ཧ་ས་དེ་བ་དང། དཎྜོ་ཏྭ་ལ་དང། ཤྲེ་ཏེ་ཨ་པ་ར་ཙིཏྟ་སྟེ། སྨན་ཐམས་ཅད་དང། འབྲས་འོད། ནས ་དང། ཕྲོ་དང། ཏིལ་དང། མ་ཤ་སྟེ་འབྲུ་ཐམས་ཅད་དང། སྤོས་ཆུ་དྲི་ཞིམ་པ་དང། མེ་ཏོག་དྲི་ཞིམ་བས་ཡོངས་བཀང་ལ། དྲི་ཀུན་ཏུ་བྱུགས་པའི་མེ་ཏོག་གི་ཕྲེང་པས་བཏགས་པའོ། །མགུལ་བ་རས་དཀར་པོ་བཟང་པོས ་བརྒྱན་པ། འདབ་མ་དང་འབྲས་བུ་དྲི་ནམ་པས་བརྒྱན་པ་དང། བཛྲ་དྷཱ་ཏུ་བཛྲཱུ?་ཧཱུཾ་ཞེས་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །བརྒྱ་འམ། སྟོད་ངམ། དཔག་ཏུ་མེད་པ་འམ། བཅུ་ལས་ལུད?་བརྨི་བྱའོ། །རས་ཟུང་བརྒྱ་འམ་སྟོང ་ངམ། ལྟ་བཤོས་དང་མར་མེ་ཡང་བརྒྱ་འམ་སྟོང་དམ། བདུག་སྦལ་བརྒྱ་འམ་སྟོད་ངམ། བཅུ་ལས་ཉིད་བར་མི་བྱའོ། །གླང་པོ་ཆེ་འམ་རྟ་ལ་སོགས་བའི་ཚོགས་ཀྱང་དགོད་དོ། །རོལ་མོའི་ཚོགས་འདི་ལྟ་སྟེ། བི་བང་དང། ་གླིང་བུ་དང། ཅད་ཏེའུ་དང། ཆ་ལང་དང། རྡོ་རིངས་དང། རྔ་བ་ཆེ་དང། ཀུན་ཛ་དང། ཏི་མི་ལ་བརྡུད་བ་སྟེ། དེ་དག་ཀྱང་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་སུམ་ལྟ་བུར་བསམས་ལ། ཕྱག་བཞི་སྔོན་དུ ་འགྲོ་བས་མེ་ཏོག་ལ་སོགས་པས་ཡང་དག་བར་མཆོད་ལ། སྡོམ་པ་གཟུད་བ་ལ་སོགས་པ་བྱས་བའི་རྗེས་ལ་བདག་ཉིད་འཇུག་པར་བྱའོ། །དེ་ནས་དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང། །ཆོས་ཀྱི་དྲིལ་བུ་དཀྲིལ་བར་བྱ། །དམ་ཚིག་གིས ་ནི་ཕྱག་རྒྱ་ཟེར། །བྱིན་གྱིས་བརླབས་ལ་སྙིང་པོ་བཟླ། །ཞེས་བྱ་བའི་སྔར་བཤད་པའི་ཆོག་བྱས་ལ་ཡི་གེ་བརྒྱ་པ་བརྗོད་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱ་སྟེ། དཔག་མེད་ཤེས་རབ་ཕ་རོལ་ཕྱིན། །སྔག?་མེད་རྣམས་མཆོས་སྐུ་གང ་བསྐྱོན་རྣམས་ཐམས་ཅད་མེད་གཟིགས་མངའ་། །རྣམ་རྟོག་མི་མདའ་ཁྱོད་ལ་འདུད། །གང་གིས་ཡང་དག་ཉིད་དུ་ཁྱོད། །ནམ་མཁའ་བཞིན་དུ་གོས་པ་ནི་ད། །སྤྲོས་མེད་ཡི་གེ་མེད་མཐོང་ན། །དེས་ནི་དེ་བཞིན་གཤེགས་པ་མཐོང། །འཕགས་པ་དམ ་པ་རྣམས་དང་ནི། །ཡོན་ཏན་ཕྱུག་མོ་ཁྱོད་དད་ནི། །སངས་རྒྱས་འགྲོ་བའི་བླ་མ་དང། །ཁྱད་པར་མ་མཐོང་ཟླ་འོད་བཞིན། །གུས་བྱས་སྙིང་རྗེའི་བདག་ཉིས་ཅན། །སངས་རྒྱས་རྣམས་ཀྱི་འགྲོ་འདྲེན་མ། །ཁྱོད་ལ་བརྟེན་བགྱིས་ངེས་པར་ནི། །བདག ་ཉིད་ཆེན་པོ་མཉམ་མེད་འཐོབ། །དོན་ཡོད་གཟིགས་མ་གང་ཡིན་ནི། །བསམ་པ་དག་པས་ལན་འགའ་ཡང། །ཚུལ་བཞིན་བྱེད་ལ་བལྟ་བགྱིད་པ། །དེས་ཀྱང་དེས་པར་འགྱུར་པ་འཐོབ། །ཁྱོད་ནི་དཔའ་མོ་གཞན་དོན་ལ། །དགའ་བའི་བདག་ཉིད ་ཐམས་ཅད་ཀྱིས། གསོ་མཛད་སྐྱེད་པར་མཛད་པ་སྟེ། །བྱམས་ཤིང་གཅུགས་བའི་ཡུམ་ལ་གསོ། །དགེ་བ་གང་སང་ཁྱོད་ཀྱི་སྲས། །སངས་རྒྱས་འཇིག་རྟེན་བླ་མ་དང། །ཐུགས་རྗེ་ཅན་ལགས་དེ་སླད་ཁྱོད། །སེམས་ཅན་ཀུན་གྱི་ཕྱོ་མོ་ལགས། ། ་མ་སྨད་སྐར་མ་རྣམས་ཀྱིས་ནི། །ཟླ་བའི་དཀྱིལ་འཁོར་མཛས་བཞིན་དུ། །མི་དམིགས་ཕ་རོལ་ཕྱིན་ཀུན་གྱིས། །ཁྱོད་ནི་རབ་ཏུ་བསྐོར་བ་ལགས། །ཁྱོད་ནི་ཉག་མ་གཅིག་ལགས་ཀྱང། །དེ་བཞིན་གཤེགས་པས་ང་ད་དེར། །སྐྱེ་བོ་འདུལ་བའི ་རྟེན་མཛད་ནས། །སྣ་ཚོགས་མཚན་གྱིས་རྣམ་མར་བསྟོད། །ཉི་མའི་འོད་དང་མཛུལ་གྱུར་ན། །ཟིལ་བའི་ཆུ་ཐིགས་ཇི་བཞིན་དུ། །ཁྱོད་དང་མཇལ་བ་དག་རྣམས་ཀྱིས། །སྐྱོན་དང་ཆིག་རྣམས་རབ་འཇིག་འབྱུང། །ཁྱོད་ཉིད་སྐྲག་བསྐྱེད་པ་སྟེ། །བྱིས ་པ་རྣམས་ལ་འཇིགས་བར་གདན། །ཡང་དག་དབུགས་འབྱིན་སྐྱེད་པ་སྟེ། །མཁས་པ་རྣམས་ལ་ཞེ་བར་གདའ་། །གང་ལ་མགོན་ཁྱོད་དབྱེ་བ་སྟེ། །ཁྱོད་ལ་མངོན་དུ་ཆགས་མི་མདའ། །གཞན་ལ་འདོད་ཆགས་ཞེས ་སྡང་དང། །ཇི་ལྟ་བུར་ནི་འབྱུང་འགྱུར་ཡུམ། །ཁྱོད་ནི་གང་ནས་མི་བྱོན་ཏེ། །གང་དུ་གཞུད་པར་འགྱུར་མ་ལགས། །གང་ཁྱོད་དེ་ལྟར་མི་མཐོབ་ཅིང། །ཡང་དག་ཉིད་དུ་རྟོགས་འགྱུར་བ། །རྟོགས་ནས་ངེས་བར་འགྲུབ་འབྱུང་དེར་འདིར ་ངོ་མཚར་ཤིན་ཏུ་ཆེ། །ཁྱོད་མཐོང་ན་ནི་བཅིངས་འགྱུར་ཏེ། །མ་མཐོང་ན་ཡང་འཆིང་པར་འགྱུར། །ཁྱོད་མཐོང་ན་ནི་གྲོལ་འགྱུར་ཏེ། །མ་མཐོང་ན་ཡང་གྲོལ་བར་འགྱུར། །ཀྱེ་མ་ངོ་མཚར་སྐྱེད་མཛད་མ་ཟབ་མོ་ལགས་སོ་གྲགས་ལྡན་མ།། ་སྣང་ཡང་སྣང་བ་མ་ལགས་མ། །ཤིན་ཏུ་རྟོགས་དཀའ་སྒྱུ་མ་བཞིན། །སངས་རྒྱས་རྣམས་དང་རང་རྒྱལ་དང། །ཉན་ཐོས་རྣམས་ལ་ངེས་བསྟན་པའི། །ཐར་ལམ་གཅིག་ཏུ་ཁྱོད་ལགས་ཏེ། །གཞན་མ་མཆིས་བར་ངེས་པར་ལགས། ། ་འཇིག་རྟེན་མགོན་པོའི་ཐུགས་རྗེ་ཡིས། །ལུས་ཅན་རྣམས་ལ་བསྟན་སླད་དུ། །ཁྱོད་བརྗོད་མཛད་པ་མཛད་མ་ལགས། །མཚན་ཉིད་དང་ནི་མཚན་མ་མོད། །ཚིག་ལམ་ཀུན་ལས་འདས་ཁྱོད་ལ། །སུ་ཞིགས་གིས་ནི་འདིར་བསྟོད་ནུས། །ཁྱོད་ནི ་གང་ལ་གནས་མི་མཁའ་། །ཁྱོད་ཉིད་བསྟོད་བྱ་མ་ལགས་ཏེ། །དེ་ལྟར་ཕུན་སུམ་ཚོགས་མངའ་བ། །དེ་འདྲའི་ཚིག་གི་ལམ་དག་གིས། །བསྟོད་བ་རྣམས་ནི་ཤིན་ཏུ་བདེ། །རྫོགས་པ་གང་ཞིག་རྟོགས་འདོད་པ། །ཉན་ཐོས་ཞི་བ་འདོད་པ་དག ་ཐམས་ཅད་ཤེས་པ་ཉིད་འགྱུར་ཞིང། །གང་ཞིག་ཐུབ་མཆོག་སྲས་དག་ནི། །ལམ་གྱི་རྣམ་པ་ཀུན་ཤེས་འབྱུང་བ་དང། །གང་གིས་མཆོག་རྣམས་རྒྱལ་བའི་ཡོན་ཏན་ཚོགས། །རྣམ་ཀུན་མཁྱེན་པ་མཉེས་བར་འགྱུར་བ་ཡི། །བདེ་བར ་གཤེགས་པའི་ཡུམ་མཆོག་དེ་ལ་ནི། །མཁས་པ་རྣམས་ཀྱིས་རྟག་ཏུ་འཇུག་བར་གྱིས། །སེར་སྣ་ཉོན་མོངས་དག་པ་ཡི། །ཡིད་བཞིན་ནོར་བུ་དམ་པ་ཡིས། །ཁམས་གསུམ་བསམ་པ་རྫོགས་མཛད་པ། །དཀོན་མཆོག་འབྱུང་གནས་ཕྱག ་འཚལ་བསྟོད། །ཉོན་མོངས་མཛའ་དགེ་རབ་བསལ་བས། །དམས་གསུམ་པ་ནི་ཐམས་ཅད་ཀྱི། །སྡུག་བསྔལ་རྣམས་ཀྱིས་མ་གོས་པ། །མྱ་ངན་མེད་ལ་ཕྱག་འཚལ་བསྟོད། །གསང་བ་དེ་ཉིད་བསྒོམ་པ་ཡིས། །འོད་ཅིང་བརྒྱ་ཕག ་རྣམས་འགྱེད་ཅིང། །འོད་ཀྱིས་འགྲོ་བའི་དོན་མཛད་པ། །རིན་ཆེན་འོད་འཕྲོ་ཕྱག་འཚལ་ལོ། །སྟོང་པ་ཉིད་ལ་རབ་གནས་པ། །ཁམ་གསུམ་འཁོར་བའི་སྡུག་བསྔལ་ལས། །རབ་ཏུ་རྒྱལ་བར་མཛད་པ་པོ། །རྒྱལ་བའི་དབང་པོ་ཕྱག་འཚལ ་བསྟོད། །ཁམས་གསུམ་འཁོར་བ་ལ་གནས་པའི། །འགྲོ་བའི་དོན་རྣམས་མཛད་ནས་ཀྱང། །པད་ལྟར་སྐྱོན་གྱིས་མ་གོས་པ། །པདྨ་དམ་པ་ཕྱག་འཚལ་ལོ། །ཁམས་གསུམ་གཏི་མུག་འཁྱམས་པ་ལ། །ཉི་མ་ལྟ་བུའི་འཁོར་ལོ ་ཡིས། །འགྲོ་བའི་དོན་རྣམས་རབ་མཛད་པ། །ཕྱག་འཚལ་ཉི་མའི་དཀྱིལ་ཁྱོད་ལ། །ཉི་མ་དྲོད་ཆེན་འོད་ལྟ་བུར། །ཐབས་ཀྱི་དམ་པ་བརྙེས་འགྱུར་བའི། །འགྲོ་བའི་དོན་ལ་རབ་བརྩོན་པའི། །ཕྱག་འཚལ་གདུགས་ཆེན་དམ་པ་ལའོ། ། ་སྔོན་གྱི་སྨོན་ལམ་དམ་པ་ཡིས། །གླང་ཆེན་ལྟ་བུའི་ཏིང་འཛིན་གྱིས། །ཁམས་གསུམ་འཁོར་བ་ལས་སྒྲོལ་པོ། །ཕྱག་འཚལ་ཏིང་འཛིན་གླང་པོ་ལའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །དགའ་བའི་དམ་བར་འགྱུར་བ་ནི། ་བྱང་ཆུབ་རྣམ་གསུམ་ཐོབ་མཛད་པ། །དགའ་བའི་དཔལ་ལ་ཕྱག་འཚལ་ལོ། །འཁོར་བ་འདབ་ལྟར་སྐུ་མཁྲུངས་ཀྱང། །སྲིད་བའི་ཉེས་པས་མ་གོས་པས། །འགྲོ་བ་འཁོར་བ་ལས་སྒྲོལ་བ། །པདྨའི་མཆོག་ལ་ཕྱག་འཚལ་ལོ། ། ་འཁོར་རྣམས་ཀྱི་ཕྱག་རྒྱ་བཅིང་བ། །བསྟོད་པ་ནི་རྒྱལ་པོ་དང་དམངས་ཀྱི་ཚུལ་ཡིན་བས་མི་དགོས་སོ་ཞེས་སློབ་དཔོན་ཁ་གཅིག་འཆང་ངོ། །དེ་ནས་སྒེག་མོ་ལ་སོགས་པས་ཀྱང་མཆོད་དོ། །དངོས་གྲུབ་ཐམས ་ཅད་བསྒྲུབ་བའི་ཕྱིར། །སེམས་ཅན་ཐམས་ཅད་དོན་མཛད་ཅེས། །དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་གྲོགས་མཆོག་དམ་པ་དཀྱིལ་དུ་བཞག་སྟེ་།ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱའོ། ། ་འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཅན་གཏོར་མ་ཆུ་དང་བཅས། །འབྲས་ཆན་བཅས་ཤིང་ལ་དུ་བ། །སྒྱུ་མ་ཁུར་ལ་སོགས་བཟའ་བ་རྣམས། །ཞེས་བྱ་བའི་གཏོར་མའི་ལས་བྱའོ། །དེ་ནས་ཞི་བའི་སྦྱིན་སྲེག ་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་བཞིན་གཤེགས་པ་རྣམས་ལ་ནི་བདུན་བདུན་དབུལ་ཏེ་མཉེས་པར་བྱའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་བར་བྱ་སྟེ། །དང་པོར་སློབ་དཔོན་བདག་ཉིད་འཇུག་བར་བྱ་སྟེ། །དེ་ནས་སློབ་མ་འཇུག ་པར་བྱ་བ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བྱ། །དེ་ནས་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་པར་མི་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་ཁ་ཅིག་སྡིག་པ་ཆེན་པོ་མཆིས་ཀྱང། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན། །ངན་སོང ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་འོད་ཀྱིས་ཕོག་པ་ཙམ་གྱིས་ཀྱང། །ཡོད་པས་གཟུགས་མཐོང་བ་དང། །འོན་པས་སྒ་ཐོས་པ་ལ་སོགས་པའི་བདེ་བ་རྙེད་ན། །དཀྱིལ་འཁོར་ཆེན་པོར་ཞུགས་པ ་ངག་ལྟ་སྨོས་ཀྱང་ཅི་འཚལ་ལོ། །དེ་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་བརྗོད་བར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་གསོལ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་བསྟན་པ། །མགོན་མོ་ཆེན་པོར་བདག ་འཚལ་ལོ། །དམ་ཚིག་དེ་ཉིད་བསྟན་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་གསོལ། །དེ་ནས་སློབ་མ་ལ་སྟོད་གཡོགས་དང། །སྨད་གཡོགས་དཀོན་ལ་ཕྱག་བཞི་བྱེད་དུ་གཞུག་གོ། །ལག་ཏུ་མེ་ཏོག་བསྐུར་ཏེ། །བཤགས་པ་ནས་གསོལ་བ་གདབ་པའི ་བར་དུ་བྱ་སྟེ། །འདི་སྐད་བརྗོད་བར་བྱའོ། །གཙོ་བོ་བདག་ལ་སྒོམ་བསྩོལ། །ཐུབ་པ་ཉི་མ་མ་ལུས་བ། །སངས་རྒྱས་རྣམས་ཀྱི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས ་བྱུང་བ། །མི་ལྡོག་པའི་འཁོར་ལོས་འབྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེར། །གསང་བ་ཆེན་པར་འཇུག་བར་བགྱི། །གསང་བ་ཐམས་ཅད་བསྡུས་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །བསྐལ་པ་ཆེན ་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀྱི་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དབང་བསྐུར་ཆེན་པོ་སྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་བགྱི་ཕྱིར ་བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དེ་ནས་སློབ་དཔོན་གྱིས། །ཆེ་གེ་མོ་ཞེས་བྱ་བ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག ་བར་འཚལ། །ཡང་སློབ་དཔོན་གྱིས། །གསང་བ་ཆེན་པོ་རིགས་དག་བའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ལོ་ཞེས་བརྗོད་བར་བྱའོ། །དེ་ནས་སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས ་བྱ་བ་ལ་སོགས་པས་སྡོམ་པ་དཔེ?་།སྡོམ་པ་འཛིན་པར་མི་བྱེད་པ་དེ་ལན་དབང་བསྐུར་བ་ཡང་མ་བྱའོ། །འཇུག་པ་ཙམ་ཞིག་བྱེད་དུ་བཞུག་གོ་།དེ་ལྟར་སྡོམ་པ་འཛིན་པ་དེ་ལ་ནི། །དང་པོར་ཆུའི་དབང་བསྐོར་རོ།། ་ཕྱག་རྒྱའི་དབང་དང་། ཅོད་པན་དང། དར་?་སྦྱངས་དང་།རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་ནས་། མེ་ཏོག་ལ་སོགས་པ་དང། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། །སློབ་དཔོན་ལ ་ཡོན་གྱི་མཆོག་ཕུལ་ཏེ། དབང་ཕྱི་མ་ཡང་བསྐུར་བར་བྱའོ། །དེ་ནས་ཞི་པའི་སྦྱིན་སྲེག་གིས་ཞི་བར་བྱའོ། །ཚོན་རྩི་ཆུ་བོ་ཆེན་པོ་དོར་རོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཡུལ་མཆོག་སྔོས?་པ་མེད་པ་ཡི། །སྤྲང? ་ཐུབ་ཅུང་ཞིག་སྦྱར་བ་ལས། །ཀུན་གྱིས་བདེ་གཤེགས་སྐུ་ཐོབ་ཤོག་།ཡུམ་གྱུར་སྒྲུབ་ཐབས་ལེགས་སྦྱར་བ། །བསྒྱུར་བས་བསོད་ནམས་གང་ཐོབ་དེས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །བྱང་ཆུབ་རྣམ་གསུམ་ཐོབ ་པར་ཤོག་།སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་རིན་ཆེན་གྲགས་པས་མཛད་པ་བཞུགས་སོ།། །། ་