| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ་། པྲཛྙཱ་དཱ་པ་མི་ཏཱ་ཧྲི་ད་ཡ་སྦ་དྷ་ནཾ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས་ཞེས་བྱ་བ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །གང་ཞིག་ ་སྔོན་དུ་བྱས་གྱུར་ལས། ར?་གཞི་ཐམས་ཅད་མཁྱེན་མཛད་པའི། །རྒྱལ་ཡུམ་དེ་ལ་རབ་བཏུད་དེ། །སྒྲུབ་ཐབས་ཆོག་དྲན་པར་བྱ། །དབེན་ཞིང་ཉམས་དགའ་ཨི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །སྙིང་གར་པདྨ་ལྟེའི་ཉི་སྟེངས་སུ།། ་སཾ?་ལས་འོད་འཕྲོས་ཕྱོགས་བཅུ་ནས། །རྒྱལ་བསྲས་བཅས་སྤྱན་དྲངས་ཏེ། །ནམ་མཁའ་ཨི་ཕྱོགས་སུ་གནས་པར་བསམ། །མཆོད་དང་ཉེས་པ་བཤགས་པར་བྱ། །རྗེས་སུ་ཡི་རང་གསོལ་བ་གདབ། །སྒྲུབས་འགྲོ་སེམས་བསྐྱེད་བླང་བྱ་ཞིང། །བྱང་ཆུབ ་ཆེན་པོར་བསྔོ་བར་བྱ། །བྱམས་དང་སྙིང་རྗེ་དགའ་བ་དང། །བཏང་སྙོམས་ཚངས་པའི་གནས་པ་བསྒོམ། །གསང་སྔགས་འདི་ནི་རབ་ཏུ་བཟླས། །ོཾ་སྭ་བྷཱ་བ་ཤུདྡྷ་སརྦབ་དྷརྨམ(རྒྱུད་འགྲེལ་རང་བཞིན་སྟོང་བར་ངན། །དེ་རྗེས་སྟོང་བའི་རང་བཞིན་ལས། །ཡཾ་རཾ་པཾ་ལཾ་འབྱུང་བ་བཞི། །སུཾ་ལས་རི་རབ་དེ་སྟེང་དུ། །བྷྲུཾ་ལས་མཛོས་པའི་གཞལ་ཡས་ཁང། །ཡོངས་ཤིང་རྒྱན་ལྡན་བསམ་པར་བྱ། །དབུས་སུ་སེངྒེའི་ཁྲི་སྟེངས་སུ། །པདྨ ་ཉི་མ་ལ་གནས་པའི། །སར་སེར་རྒྱལ་ཡུམ་སྐུ་མདོག་སེར། །ཞལ་བཅིང་ཕྱག་བཞི་སྐུ་ནི་རྒྱས། །གཡས་གཉིས་རྡོ་རྗེ་སྐྱབས་སྦྱིན་ཅན། །གཡོན་གཉིས་པུ་ཏི་ཆོས་འཆད་མཛོད། །ལོངས་སྤྱོད་རྫོགས་པའི་རྒྱན་ལྡན་བསམ། །ཤར་དུ ་སེངྒེའི་ཟླ་སྟེང་སུ། །ས་ལས་རྒྱལ་བ་ཤཱཀྱ་ཐུབ། །གཙོ་མིའི་མདོག་ཅན་སྤྲུལ་བའི་སྐུ། །གཙུག་ཏོར་ལྡན?་པ་སྐྱེད་པར་བྱ། །ནུབ་ཏུ་པདྨ་ཟླ་བ་ལ། །ཧྲི་ལས་འཇིག་རྟེན་དབང་ཕྱུག་ནི། །ཤིན་ཏུ་དཀར་ཞིང་རྒྱན་མཛེས་པ། །སེམས་དཔའ་ཨི་སྒྱིལ་?་བཞུགས ་པར་བསམ། །དྷོའུ?་མེ་ལས་ཤཱ་རིའི་བུ། །དཀའ་ཐུབ་ཆ་བྱང་སྐུ་མདོག་ནི། །དམར་སྐྱ་པུས་བཙུགས་ཐལ་མོ་སྦྱར། །ཤིན་ཏུ་མཛེས་པའི་སྐུ་ཉིར་བསམ། །བྱང་དུ་ཀུན་དགའ་?་ལས་སྐྱེས། །དམར་པོ་རྒྱལ་ལ་གུས་པའི་ཚུལ། །པདམོའི་སྟེང་དུ ་བསྐྱེད་བྱས་ནན་ཁོ་ལྟར་སྐྱེད་པ་རྫོགས་པ་དང། །བདག་ཉིད་ཕུགས?་ཀའི་མེ་ལས་ནི། །འོད་འཕྲོས་ཡེ་ཤེས་བཀུག་བྱས་ཏེ། །མཆོད་དང་ཛ(རྒྱུད་འགྲེལ་མ་བསྐྱེད་རིན་འབྱུང་?། །མཛའ་ཡས་རྒྱལ་བ་ཉིད་ཀྱི་མཚན། །ཡི་གེ་གསུཾ་གྱིས་བྱིན་གྱིས་བརླབ?་གཡུམ?་གྱི་ཐུགས་ཀར་རྒྱལ་བ་ཉིད། །བསྡུས་ཏེ་ཏིང་འཛིན་སྙོམས་ཞུགས་ནས། །དྲིས་དང་ལན་གདབ་སྟོང་པའི་དོན། །འཁོར་རྣམས་ཀུན་ལ ་སྦྱིན་པར་བསམ། །འདི་ལྟར་ཆོས་ཀུན་རབ་ཞི་ལས། །སྤྲོས་པའི་འཁོར་ཀུན་ཡུམ་ལ་བསྡུ། །མཚན་བཅས་ཏིང་འཛིན་ཡི་གེ་ལ། །དམིགས་ཏེ་གསལ་ལ་མི་རྟོག་བྱ། །བཟོད་ནས་ཞི་བའི་ཆོས་ཀུན་ནི། །རྐྱེན་དབང་འཁྲུལ་པར་རབ་སྣང ་ལ། །དེ་ཉིད་ཆེ་ན་ཞི་བ་ཉིད། །ཞི་ཚེ་སྒྱུ་མ་ལྟ་བུར་སྣང། །མཛའ་བཞར?་མི་རྟོག་བྲལ་པར་མིན། །བྱིང་རྒོད་མི་གནས་སེམས་ཉིད་ནི། །འོད་གསལ་ཅིར་ཡང་མ་བསྒོམ་པ། །མཚན་མེད་རྣལ་འབྱོར་ཕ་རོལ་ཕྱིན། །རྒྱལ་བས་ཞི་བར ་རབ་གསུངས་དང། །གཅིག་དང་དུ་?་སོགས་པས། །སྤྲོས་པ་?་པས་མི་རྟོག་ཤེས། །རྣམ་པར་རྟོག་དང་ཡང་དག་རྟོགས། །གལ་ཏེ་སྐྱོན་བཟླས་བྱས་ཏེ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ། པ་རེ་ག་ཏེ། པཱ་ར་ས་པ་ཏེ། པོ་དྷི་སྭཱཧཱ།། ་མ་ལ་རབ་བསྐོར་འོད་ཟེར་ནི། །སྒྲོ་སྡུས?་དོན་བྱས་སྔགས་ཀྱི་འོད། །ལྟེ་བའི་?་ཡི་བར་དུ་བསྐོར། །ཡེ་ཤེས་སེམས་དཔའ་མཆོད་ལ་གཤེགས། །སྟོང་པ་བཅོ་བརྒྱད་བརྗོད་བྱ་སྟེ། །དམ་ཚིག་སེར་ས་དཔའ་ཐམས་ཅད ་དང། །གཞལ་ཡས་ཁང་ནི་མི་དམིགས་བྱ། །རྒྱལ་བའི་བཀའ་དང་ནཱ་གཱརྫུན་ཡིས། །གསུངས་པ་ལ་བརྟེན་མོས་རྣམས་དོན་དང་ནི། །བདབ་ཉིད་སྦྱང་ཕྱིར་ཆོ་ག་ཐབས་མཆོག་བྱས། །མཁས་རྣམས་བློ་ཡི་དྲི་མ་བཟོད་པར་མཛོད།། ་འདི་ལ་ངལ་བའི་དགེ་བའི་རྩ་བ་ངེས། །འགྲོ་རྣམས་རབ་སྦྱང་སྙིང་པོའི་དོན་ཤེས་ནས། །རྒྱལ་པའི་གོ་འཕང་རབ་ཏུ་ཐོབ་གྱུར་ཏེ། །འགྲོ་རྣམས་ཞི་བའི་ལམ་ལ་འགོད་པར་ཤོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒྲུབ་ཐབས། ་སློབ་དཔོན་ཆེན་པོ་ད་རིག་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་བ་དེ་ཤཱནྟཱ་མ(རྒྱུད་འགྲེལ་