CLOSE WINDOW

N2243: 'phags pa 'jam dpal gyi mtshan yang dag par brjod pa'i dkyil 'khor gyi cho ga
Wyliee-texts based on the ACIP/ALL Input

པཎྜི་ཏ་མ་ཧཱ་ཛྙཱ་ན་དང། བོད་ཀྱི་ལོཙྪ་བ་དགེ་སློང་གཞོན་ནུ་འོད་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱ་རྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་མཎྜལ་ལོ་པི་ཀ་།བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ ་འཁོར་གྱི་ཆོ་ག་།བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ། །རང་འབྱུང་རྣམ་པར་དག་པ་དང། །ཐམས་ཅད་མཁྱེན་པའི་གསུང་དབང་ཕྱུག་།རྨད་དུ་བྱུང་དང་བརྩོན་འགྲུས་འཛིན། །སྣ་ཚོགས་བདག་ཉིད་ཕྱག་འཚལ་ལོ། །སྤངས་དང ་ཡེ་ཤེས་ཕུན་ཚོགས་པའི། །གང་གི་དྲིན་གྱིས་རྙེད་བླ་བའི། །དབྱངས་ཀྱི་རྗེས་འཇུག་བདག་ཉིད་ཀྱི། །དེའི་རྒྱུ་ལ་ཕྱག་འཚལ་ལོ། །ཕྱག་བརྒྱན་བཞིན་དུ་དངོས་གྲུབ་ནི། །གང་གི་དྲིན་གྱིས་རྙེད་སླ་བའི། །ཐུགས་རྗེ་ཁྱབ་པའི་བདག་ཉིད་ཀྱིས། །བླ་མའི་ཞབ ་དག་རྒྱལ་གྱུར་ཅིག་།སྲིད་པའི་བཅིངས་པས་ཁྱབ་པ་ཡི། །འཁོར་བའི་འཁོར་ལོ་རྣམས་འཇོམས་པའི། །གང་དེ་འཇམ་དཔལ་དཀྱིལ་འཁོར་ནི། །ཡང་དག་ལྟ་བས་འཇུག་པ་བཤད། །དེ་ལ་རྣལ་འབྱོར་ཚངས་གནས་ལ། །གནས ་དང་གསུམ་ལ་སྐྱབས་གནས་དང། །སེམས་བསྐྱེད་པ་ཡི་སྟོབས་ཀྱིས་ནི། །ངང་གི་སྡོམ་པ་ལ་གནས་དང། །རྨི་ལམ་ལྟ་བུར་རྟོགས་པ་ལས། །སེམས་གཉིས་དགེ་བ་མི་རྟོགས་ནོར། །ཤིན་ཏུ་བདེ་བའང་རྟོགས་པ་དང། །ཐེ་ཚོམ་མེད་དང་ཆགས ་མེད་དང། །དངོས་པོ་ལྔ་ལ་མཁས་པ་དང། །ཕ་རོལ་ཕྱིན་ཚོལ་མངོན་དགའ་བ་དང། །དེ་ལས་གཞན་པའི་ངོ་བོ་ནི། །ཡོན་ཏན་ལྡན?་པ་མཁས་པ་ཡིན། །ཡིད་ཆེས་པ་ཡི་ཁྱད་པར་གྱིས། །བྱང་ཆུབ་སེམས་ནི་ཕུལ་བྱུང་དང། །ཐབས ་དང་ཤེས་རབ་གཉིས་མེད་དང། །མོས་པ་ཡང་དག་ལྡན་པ་དང། །ཇི་བཞིན་དབང་ནི་ཐོབ་པ་དང། །བླ་མ་སེམས་ཅན་མཉེན་པ་དང། །ལྟུང་བ་སྣ་ཚོགས་སྤང་བའི་ཕྱིར། །གུས་པའི་བློ་ཡིས་བསྐལ་བར་ལྡན། །དེ་ཉིད་རྣམ་བཅུ་རྟག་ཏུ་ནི། ། ་ཡིད་ལ་བྱེད་པ་མངོན་བཞོག་བ། །སྔགས་དང་རྒྱུད་དང་དེ་ཉིད་ཤེས། །སྒྲུབ་བྱེད་ཐུབ་པའི་དབང་པོར་བརྗོད། །དཀྱིལ་འཁོར་ལས་ལ་འཇུག་འདོད་པས། །འབད་པས་བསྙེན་པ་ལ་གནས་བྱ། །དང་པོར་བསྙེན་པ་མ་བྱས་པར། །ལྷ་རྣམས་བྱིན་གྱིས ་རློབ་མི་འགྱུར། །ཡིད་མཐུན་པའི་གནས་རྣམས་སུ། །སྙིང་ཁའི་པདྨའི་ཟླ་བ་ལ། །འོད་ཟེར་འབར་བའི་མ་ཡིག་དགོད། །རང་སེམས་དག་པའི་ནམ་མཁའ་ལ། །རྫོགས་སངས་རྒྱས་དང་བླ་མར་བཅས། །ཡང་དག་བལྟས་ལ་ཕྱག་འཚལ་དང། ། ་དང་པ་རྒྱས་པོའི་ཡིད་ཀྱིས་ཀྱང། །འཁོར་ལོ་མཆོད་པས་དང་པོར་མཆོད། །དེ་ལ་སྔགས་བརྗོད་སྔོན་སོང་བའི། །དང་པོའི་མགོན་ལ་ཕྱག་བཞི་བྱ། །ཆུ་གཙང་པའི་རྣམ་པ་དང། །སྣོད་རྒྱས་པ་ཡང་དབུལ་བར་བྱ། །མེ་ཏོག་དང་ནི་བདུག་པ་དང། །མར་མེ་དྲི ་ཡིས་མཆོད་པར་བྱ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །མེ་ཏོག་སྤོས་དང་དང་མར་མེ་དྲི། །རྒྱན་གྱི་རང་བཞིན་མཆོད་པ་ནི། །རིན་ཆེན་བཞི་ནི་དབུལ་བར་བྱ། །གཞན་དང་སྒེག་དང་དགའ་བ་དང། །རྩེ་འཇོའི་བྱེ་བྲག་བདེ་བ་དང། །དཔག་བསམ་ཤིང་དང ་གོས་གྱི་ཤིང། །ཤིང་དང་བཅས་པ་དེ་རྣམས་དབུལ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་དེ་བཞིན་དུ། །ཇི་ལྟར་རང་སངས་བཟླས་པ་དང། །ཕྱག་རྒྱ་ཡིས་ནི་དབུལ་བར་བྱ། །ངན་པར་བྱས་པ་སུན་ཕྱུང་ནས། །དེ་རྣམས་མདུན ་དུ་བཤགས་པར་བྱ། །གཡོ་མེད་པ་ཡི་སེམས་ཀྱིས་ཀྱང། །གཞན་གྱི་བསོད་ནམས་རྗེས་ཡི་རང། །དཀོན་མཆོག་གསུམ་ལ་བརྟེན་ཚོབས་ཀྱིས། །གནས་པ་གང་ལས་འཇིགས་པ་འབྱུང། །དེ་ནས་རང་གཞན་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད ་པར་བགྱི། །སེམས་བསྐྱེད་པ་དང་མཐུན་པར་ནི། །བློ་ལྡན་ལམ་ལ་གནས་པར་བགྱི། །དགེ་བརྒྱུན་མི་འཆད་པའི་ཕྱིར། །སྨོན་ལམ་དག་ཀྱང་གདོན་པར་བྱ། །སེམས་ཅན་ཀུན་ལ་བརྟེན་ནས་ནི། །ཚང་བའི་གནས་ནི་ཡོངས་སུ་བསྒོམ། །རང་བཞིན་མེད ་དང་དགེ་ལ་སོགས། །བྲལ་ཕྱིར་མཚན་མ་མེད་པ་དང། །ཡིད་མི་འཇུག་ཅེས་བྱ་བ་དང། །ཤེས་རབ་ཏིང་འཛིན་གསུམ་ལ་འཇུག་།ཇི་ལྟར་རང་སྔགས་བཟླས་པ་ཡིས། །བྱིན་གྱིས་བརླབས་པའི་བྱ་བར་ལྡན། །མཐོང་བའི་ལམ་བྱིན་རྫོགས་སངས ་ཀྱིས། །བུ་ལ་སོགས་པ་བསྟན་པ་ཡིན། །རྫོགས་སངས་རྒྱས་བདག་གིས་བསྟན་པས། །ཕྱག་འཚལ་གསོལ་བ་འདེབས་པ་ནི། །སྐྱོབ་པ་ཇི་ལྟར་བདག་ལ་ནི། །བསྟན་པ་ཡང་དག་བཤད་དུ་གསོལ། །རང་བཞིན་གྲུབ་པ་བཟླས་པ་ཡིས། །རང་གི་སེམས ་ནི་སྒོམ་པར་བགྱིས། །སླ་གསོལ་ཟླ་བའི་གཟུགས་ལྟ་བུ། །མཐོང་ངོ་ཞེས་ནི་གསོལ་བ་དང། །སེམས་བསྐྱེད་ཅེས་ནི་བྱ་བ་ཡི། །དང་པོར་ཕྱག་འཚལ་ལྡན་པ་དང། །དབུས་སུ་བྱང་ཆུབ་ཡང་དག་ལྡན། །སེམས་བསྐྱེད་པ་ནི་བསྟན་པ་ལས། །བདབ? ་བསྐྱེད་པའི་རྗེས་ལ་ནི། །ཟླ་བའི་གཟུགས་ནི་མཐོང་ངོ་ཞེས། །གསོལ་བས་བརྟན་པར་གྱིས་ཤིག་ཅེས། །གསུངས་པ་དེ་ནི་བརྟན་པ་ཡིན། །ོཾ་ཛྙ་ན་རཥྨི་བི་སྲི་ཛ་ཧཱུཾ། རྣམ་པ་སྣ་ཚོགས་འོད་ཟེར་གྱིས། །སེམས་ཅན་བྱང་ཆུབ་ལ་བཀོད ་ནས། །དེ་དག་གཅིག་བུར་གྱུར་པ་ལས། །རྡོ་རྗེ་རྟོགས་པར་མངོན་པར་འདོད། །ོཾ་ཏིཥྛ་བཛྲ། ཨོཾ་ཤ་ར་ཎ་བཛྲ། ཨོཾ་སཾ་ཧ་ར་ན་བཛྲ། ཨོཾ་ཛྙཱ་ན་བཛྲ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ། །རྡོ་རྗེ་དབྱིངས་ཤེས་ཡང་དང་ཡང། །ཞེས་ནི་བདག་ཉིད་དབང ་བསྐུར་རོ། །ོཾ་བཛྲཱཏྨ་ཀོཉརཾ་ཧ། །བརྩེར་ལྡན་འགྲོ་ལ་ཕན་པ་དག་།གྱུར་ཕྱིར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ནི་གསོལ་བཏབ་སྐད་ཅིག་ལ། །དེ་དག་རབ་ཏུ་ཞུགས་ནས་ནི། །དེ་ཡི་བདག་ཉིད་རང་ཉིད་གྱུར། །ོཾ་སརྦ་ཏ་ཐཱ་ག་ཏ་ཏ་སྟ་ཨ་ཧཾ། རྡོ ་རྗེ་རིན་ཆེན་སོགས་མཉམ་ཉིད། །རྣམ་པ་ཀུན་ཏུ་འོད་གསལ་བ། །ཆོས་ཀྱི་རྒྱལ་པོ་དཔལ་འབྱུང་བའི། །དང་པོའི་སངས་རྒྱས་ཞེས་བསྟོད་དོ། །དེ་ནས་གཞན་དོན་བྱེད་པའི་ཕྱིར། །སླར་ཡང་འདི་ལྟར་བསྒོམ་པར་བྱ། །ཁྲོ་བོའི་གཟུགས་ནི་འཆས ་པ་ཡིས། །སྙིང་ཀར་པདྨ་ཉི་ཧཱུཾ་ལས། །ཁྲོ་བོ་བཅུ་པོ་བགེགས་ཀྱི་གཙོ། །ལུས་ངག་ཡིད་གསུམ་ཕུར་བུས་གདབ། །ཕྱི་རོལ་རྡོ་རྗེ་དྲ་བ་དང། །དྲ་བ་ལ་སོགས་རྣམ་བསྒོམ་ནས། །ཡི་གེ་ཧཱུཾ་གཉིས་དབུས་གནས་པའི། །འོག་ཏུ་ཡི་པཾ་རཾ་དག་ལས། ། ་རླུང་ཆུ་མེ་ཡི་དཀྱིལ་འཁོར་རྣམས། །དེ་ཉིད་རིག་པས་དེ་ལྟར་བྱ། །མཁའ་ལ་བྲུཾ་ཡིག་ལས་བྱུང་བ། །རྟག་པའི་ཡན་ལག་ལས་བྱུང་བའི། །བདུད་རྩིའི་རྒྱུན་ནི་ཡོངས་གང་བས། །སྣོད་ནི་དེ་ཡི་བདག་ཉིད་འགྱུར། །ཧཱུཾ་ཡིག་གཉིས་སུ་བཾ་ལས་ནི། །སྐུ་ཡི་རྡོ་རྗེ ་ཡང་དག་འབྱུང། །གནས་པ་འཁྲད་བས་གྱུར་བ་ལས། །གསེར་གྱི་དཀྱིལ་འཁོར་ཉིད་དུ་འགྱུར། །ཧཱུཾ་ཡིག་ངོས་གཉིས་ལྡན་པ་ཡི། །དབུས་སུ་སུཾ་ལས་ལྷུན་པོ་སྟེ། །དེ་རུ་ཧཱུཾ་ལས་བྱུང་བ་ཡི། །དཔལ་ལྡན་གཞལ་ཡས་ཁང་བརྩེགས་སམ། །ཕྱིར?་ནས ་ནང་དུ་སྒོ་བཞི་དང། །གྲུ་བཞི་སྟེགས་བུར་ཡང་དག་ལྡན། །དྲ་བ་དྲ་ཕྱེད་ཕྲེང་བ་དང། །དྲིལ་བུ་མེ་ལོང་གིས་གསལ་བའོ། །ཀ་བ་བརྒྱད་དང་ལྡན་པ་དང། །ནམ་མཁའ་བླ་རེས་སྣང་བ་ཡིན། །འོག་གི་ས་གཞི་མཐོ་བ་དང། །ཡངས་ལ་རྣམ་པར་མཛེས་པ་ཡིན། །དེ་དབུས ་ཧྲཱི(རྒྱུད་འགྲེལ་དང་པོའི་སངས་རྒྱས་མིག་སྨན་མདོག་།ཞལ་ལྔ་ཕྱག་ནི་བརྒྱད་དང་ལྡན། གཡས་བརྩམས་སེར་པོ་དམར་པོ་དང། །ལྗང་གུ་དཀར་པོ་པདྨའི་ཞལ། །ནམ་མཁའ་འདྲ་བའི་རལ་གྲི་དང། །ཤེས་རབ་པོ་ཏི་བཞི་བཞིན། །གཡས་དག་གཡོན་གྱི་ཕྱག་རྣམས་ཀྱིས། །སྒེག་དང། ་བཅས་པས་བསྣམས་པ་ཡིན། །ོཾ་སརྦ་དྷརྨཱ་བྷ་བ། །ནང་གི་མུ་ཁྱུད་དག་ལ་དགོད། །ཕྱི་རོལ་ཀ་ལ་སོགས་བཀོད་པ། །སྒེག་དང་མཛེས་པར་སྣང་བ་ཡིན། །སྙིང་ཁར་སྲིད་བའི་འཁོར་ལོ་ནི། །རྟེན་འབྲེལ་བཅུ་གཉིས་སྟོན་པའོ། །དེའི་ལྟེ་བའི་འཁོར་ལོ་ནི། །རྩིབས ་བཅུ་པ་ཡིས་བརྒྱན་པ་ཡིན། །ོཾ་པྲ་ཛྙཱ་ལ་སོགས་པ་ཡི། །གཏི་མུག་སེལ་བར་བྱེད་པ་ཡིས། །ལྷག་མཉེ་སྙིང་སྔགས་ཕྱེད་ཀྱིས། །ནང་གི་མུ་ཁྱུད་རྣམ་པར་བསྐོར། །མུ་ཁྱུད་ཨཱ་ལི་བཅུ་གཉིས་ཀྱིས། །འཁོར་ལོ་འདི་ཡང་རྣམ་པར་གསལ། །ཟླ་བ་གཞོན་ནུ་ལྟར་བསམ་པ ་གཞོན་ནུ་སྒེག་པའི་ཆ་བྱད་ཅན། །སྣ་ཚོགས་ཀྱིས་ནི་རྩེ་བྲན?་དང། །གདོང་ལྔ་ཟུར་ཕུང་ལྔ་དང་ལྡན། །དཔུང་རྒྱན་དོ་ཤལ་ཡན་ལག་མཛེས། །དཔལ་འཕྲོ་བ་ཡི་ཞབས་གདུབ་སྤྲས། །འཁོར་བའི་སྡུག་བསྔལ་གྱིས་གདུངས་པ། །ཤིན་ཏུ་དབུགས་འབྱིན་བྱེད་པ་ཡིན ་གང་ཞིག་ཤེས་རབ་ཡེ་ཤེས་སྐུ། །ཟླ་བའི་དཀྱིལ་འཁོར་གདན་ལ་བཞུགས། །དང་པོའི་དབྱངས་ལས་བྱུང་བ་ཡི། །དཔལ་ལྡན་འཇམ་དབྱངས་ཞེས་དྲན་བྱ། །སེངྒེའི་གདན་ལ་གསེར་གྱི་མདོག། ཕྱི་རོལ་ཤར་སོགས་ཕྱོགས་དགོད་པ། །ཉི་མར་རྡོ་རྗེ་སྐྱིལ ་ཀྲུང་བཞུགས། །རིན་ཆེན་ཅོད་པན་གྱིས་མཛེས་པ། །གཡས་ཀྱི་འོད་ཟེར་བཅས་འཁོར་ལོ། །གཡོན་པ་གདན་ལ་བརྟེན་པའོ། །རྡོ་རྗེ་སེམས་དཔའ་སོགས་མིང་ཅན། །འཁོར་ལོས་སྒྱུར་བ་བརྒྱད་ཤེས་བྱ། །དེ་ལ་རིག་པའི་ལྷ་མོ་བཞི། །དེ་ཡི ་མཚམས་བཞི་ཤེས་བྱ་སྟེ། །རྡོ་རྗེ་སེམས་མ་སྐུ་མདོག་སྔོ། །ཕྱག་གིས་པདྨ་རྡོར་དྲིལ་བསྣམས། །རིན་ཆེན་སེམས་མ་གསེར་གྱི་མདོག་།རིན་ཆེན་དྲིལ་བུ་ཉེ་བར་མཛེས། །ཆོས་ཀྱི་སེམས་མ་གུར་གུམ་མདོག་།པདྨ་དྲིལ་བུས་མཚན་པ་ཡིན། །ལས་ཀྱི་སེམས ་མ་ལྗང་གུ་སྟེ། །སྣ་ཚོགས་རྡོ་རྗེ་བསྣམས་མཛེས་དང། །འགྲོ་བ་སྡུད་པར་བྱེད་པ་ཡི། །གཡོན་པ་སྣང་བ་ཆེན་པོ་ཡིན། །ཤར་དུ་རྡོ་རྗེ་ཧཱུཾ་མཛད་ནི། །མདོག་ནག་རྣམ་རྒྱལ་ཕྱག་རྒྱ་དང། །རྡོ་རྗེ་དྲིལ་བུ་ཕྱག་རྒྱར་ལྡན། །འཇིགས་རུང་ས་བོན་ཧཱུཾ་ལས་གྱུར ་གླང་པོའི་གདན་ལ་གནས་པ་དང། །ཁྲོ་དང་སྒེག་པའི་ཉམས་དང་ལྡན། །ལྷོ་རུ་རྡོ་རྗེ་ཉི་མ་ནི། །ཏྲཾ་བྱུང་རྨད་བྱུང་རྟ་ཡི་གདན། །ཡིད་བཞིན་ནོར་བུ་མ་ལུས་པའི། དབུལ་བ་སེལ་བར་བྱེད་པ་དང། །དྲིལ་བུ་སྒྲ་ཡིས་སེམས་ཅན་ལ། །དཔལ་རྣམས་འགུགས་པར ་བྱེད་པ་ཡིན། །པདྨ་གར་དབང་སྐུ་མདོག་དམར། །ནུབ་ཏུ་རྨ་བྱའི་གདན་ལ་བཞུགས། །ཆུ་སྐྱེས་དྲིལ་བུ་བསྣམས་པ་དང། །ཏཾ་ཡིག་བཾ་ལ་སྔོན་ཕྱོགས་བྱེད། །བྱང་དུ་རྟ་མཆོག་སྐུ་མདོག་ལྗང། །ནམ་མཁའ་ལྡིང་གི་གདན་ལ་བཞུགས། ། བྱུང་སྣ་ཚོགས ་རྡོ་རྗེ་དང། དྲིལ་བུའི་སྒྲ་ཡིས་ཕྱོགས་ཀུན་ཁྱབ། །སཾ་གཾ་བཾ་མཾ་གྷཾ་ས་བོན་རྣམས་སུ། །ོཾ་ཧཱུཾ་ཏྲཾ་ཧྲཱི(རྒྱུད་འགྲེལ་རྒྱས་གོང་མ་བཞིན། །སྲིད་པའི་འཁོར་ལོ་ཚངས་པ་སྟེ། །སྔ་མ་ལས་ཁྱད་མེད་ཕྱིར་རོ། །ཞི་བའི་འཁོར་ལོ་རྩིབས་བརྒྱད་པ། །མི་བསྐྱོད་སོགས་རིགས་རིམ་བཞིན་དུ། །ོཾ་དུ(རྒྱུད་འགྲེལ་ལ། །མཁས་པས་ཀུན་ལ་ཤེས་པར་བྱ། །སྡུག་བསྔལ་གཅོད་པ་རྡོ་རྗེ་དང། །རིན་པོ་ཆེ་ནི་གསུང་དབང་ཕྱུག་།རྡོ་རྗེ་རྣོན་པོ་པདྨ་དང། །ཡེ་ཤེས་སྐུ་ཅན་ཞེས་བྱ་བ། །སྣ་ཚོགས་རྡོ་རྗེ་གཡོན་པ་ལ། །གཡས་པ་རལ་གྲི་ཁྱད་པར་མེད། །ཀུན་ཀྱང་ཟླ་བའི་གདན་ལ ་བཞུགས། ཟླ་བ་ལྟར་འཇམ་ཆ་བྱད་ཅན། །དང་པོའི་དབྱངས་བྱུང་བཟླས་པ་ཡང། །སྙིང་པོ་ཉེ་སྙིང་རིམ་པ་བཞིན། །དེ་ལ་ལྔ་པོ་རིམ་བཞིན་དུ། །སྙིང་པོ་དང་ནི་ཉེ་སྙིང་པོ། །ོཾ་བཛྲ་ཛྙཱ་མ་མུརྟ་ཡེ་ན་མ། ཨོཾ་དུ(རྒྱུད་འགྲེལ་བཛྲ་ཏིཀྵྞ་ཡ་ཏེ་ན་མ། ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མ། ཉེ་བའི་སྙིང་པོ་ཐུན་མོང་སྟེ། །ོཾ་སརྦ་དྷརྨཱ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་པ་ཏ་ཡེ་ཏི་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་དཔའ་སོགས་དབྱེ་བས། །བྱང་ཆུབ་སེམས་དཔའ་རྣམ་བཅུ་དྲུག་།རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །རྡོ་རྗེ་དྲིལ་བུ་བསྣམས་པར་འདོད། །རྡོ་རྗེ་རྒྱལ་པོ་གསེར་གྱི་མདོག་།ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས། །ཆགས་པ་པདྨ་རཱ་གའི་མདོག་།མདའ ་དང་གཞུ་ནི་བསྣམས་པ་ཡིན། །རྡོ་རྗེ་ལེགས་པ་སྐུ་མདོག་ལྗང། །ཕྱག་གཉིས་ལེགས་སྦྱིན་པའོ། །རིན་པོ་ཆེ་དང་དྲིལ་བུ་བསྣམས། །རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་།གཡས་པ་ཉི་མའི་གཟུགས་འཛིན་པ། །རྡོ་རྗེ་དཔལ་ནི་མར་གང་མདོག་། ་གཡས་ནི་རྒྱལ་མཚན་བསྣམས་པ་ཡིན། །བཞད་པ་ཀུན་ད་ཟླ་བའི་མདོག་།གཡས་པ་སོ་ཡི་ཕྲེང་བ་བསྣམས། །འདི་གསུམ་པོ་ཡི་གཡོན་པ་ནི། །སྐྱིལ་ཀྲུང་གདན་ལ་བརྟེན་ནས་སོ། །ཆོས་ནི་པདྨ་རཱ་གའི་མདོག་།གཡོན་པ་པདྨ་དམར་པོ་བསྣམས ་གཡས་པས་རྣམ་པར་འབྱེད་པ་ཡིན། །དེ་ནི་རྒྱས་པར་བྱེད་པ་ཡིན། །རྣོན་པོ་བདུད་རྩི་འོད་ཟེར་མདོག་།རལ་གྲི་ནི་པོ་ཏི་བསྣམས། །རྒྱུ་དང་སྨྲ་བ་གཡས་པ་ན། །འཁོར་ལོ་ནི་ལྕེ་བསྣམས་པ། །བདག་ཉིད་མཛེས་པ་གཡོན་པ་ཡི། ་ཕྱག་གིས་པདྨ་གདན་ལ་བརྟེན། །ལས་ནི་སྔོ་ལྗང་སྣ་ཚོགས་པའི། །རྡོ་རྗེ་དང་ནི་དྲིལ་བུ་བསྣམས། །བསྲུང་བ་གསེར་གྱི་མདོག་འདྲ་བ། །ཕྱག་གཉིས་གོ་ཆ་འབར་བའོ། །གནོད་སྦྱིན་མིག་སྨན་ནག་པོའི་མདོག་།ཕྱག་གཉིས་མཆེ་བ་བསྣམས་པ་མཛེས།། ་ཁུ་ཚུར་རྨད་བྱུང་མཛེས་པའི་མདོག་།ཕན་ཚུན་ཁུ་ཚུར་རྡོ་རྗེ་འཛིན། །བདག་པོ་རྣམ་པ་བཞི་ཡི་ཕྱིར། །བཞི་བཞི་རུ་ནི་དྲན་པར་བྱ། །ལྷ་མོ་བཅུ་བཅུ་འདི་རྣམས་ཀྱིས། །འཁོར་དུ་ཡང་དག་དྲན་པར་བྱ། །སྐྱིལ་ཀྲུང་ཕྱེད་མར་ལྡན་པ་ཡི། །རང ་རང་བདག་པོའི་མདོག་བཞིན་ནོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དེ་བཞིན་ཤེས་རབ་དང། །སྨོན་ལམ་ཡེ་ཤེས་ཤེས་བྱ་བ། །འབྲས་བུ་གནས་ཀྱི་ཕ་རོལ་ཕྱིན། །རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །འདོག་དཀར་རྡོ་རྗེ་སེམས ་དཔའ་ཡི། །འཁོར་དུ་དེ་དག་གནས་པ་ཡིན། །དེ་ཉིད་ལམ་གྱི་ངོ་བོར་ནི། །བདུད་ལ་ལྕགས་ཀྱུ་འདེབས་པ་གཞན། །སེར་པོ་རྡོ་རྗེ་རྒྱལ་པོ་ཡི། །འཁོར་དུ་དེ་དག་གནས་པ་ཡིན། །དེ་ཉིད་རྣམ་པར་དག་ངོ་བོར། །མདའ་དང་གཞུ་ཡིས་རྣམ་བརྒྱན ་པ། །མདོག་དམར་རྡོ་རྗེ་ཆགས་པ་ནི། །ཐམས་ཅད་དཀྱིལ་འཁོར་ཡོངས་སུ་བསྐོར། །གཞན་དོན་ངོ་བོར་གནས་དེ་ཉིད། །ཕྱག་གཉིས་ལེགས་པ་བྱིན་པ་དང། །སྐུ་མདོག་ལྗང་གུའི་འཁོར་རྣམས་ཀྱིས། །རྡོ་རྗེ་ལེགས་པ་བསྐོར་བའོ། །རབ་ཏུ་དགའ་ ་དང་དྲི་མ་མེད། །གསུམ་པ་དེ་བཞིན་འོད་བྱེད་དང། །འོད་འཕྲོ་སྦྱང་དཀའ་དེ་བཞིན་དུ། །མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །སྐུ་མདོག་སེར་པོར་འབྲས་བདག་ཉིད། །དར་དཔྱངས་བཅིང་བའི་ཚུལ་གནས་པ།། ་རྡོ་རྗེ་རིན་ཆེན་འཁོར་དུ་གནས། །དེ་ཉིད་ལམ་གྱིས་གྲངས་ཀྱི་ནི། །ཉི་མའི་མདོག་ཅན་ཉི་མ་བསྣམས། །རྡོ་རྗེ་ཉི་མ་ཉིད་བཞིན་དུ། །རྗེས་སུ་བྱེད་པར་གནས་པ་ཡིན། །སྡུག་བསྔལ་དང་ནི་ཀུན་འབྱུང་དང། །འགོག་པ་ལམ་དང་དེ་བཞིན་དུ། །ཆོས་ཤེས་རྗེས་སུ ་ཤེས་པ་དང། །ཀུན་རྫོབ་ཤེས་དང་དེ་བཞིན་དུ། །དོན་དམ་དེ་བཞིན་མི་སྐྱེ་བ། །ཟད་པ་ཤེས་པའི་ཡེ་ཤེས་ནི། །རང་བཞིན་ཕུན་སུམ་ཚོགས་དགེ་བའི། །རིན་ཆེན་རྒྱལ་མཚན་བསྣམས་པ་དང། །མདོག་ལྗང་རྡོ་རྗེ་རྒྱལ་མཚན་གྱི། །ཕུན་སུམ ་ཚོགས་པ་བསྒོམ་པར་བྱ། །གཞན་དོན་ཕུན་སུམ་བདག་ཉིད་ཀྱི། །དེ་བཞིན་ཟླ་བའི་འོད་ཟེར་མདོག་།རྡོ་རྗེ་བཞད་པ་ལ་བརྟེན་པ། །སོ་ཡི་ཕྲེང་བས་རྣམ་པར་བརྒྱན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང། །བདེན་པ་རྟེན་འབྲེལ་ཐུབ་པ་ཡི། །གནས ་དང་གནས་མིན་བདག་པོ་དང། །དུས་གསུམ་བདེན་པ་རྣམ་པ་བཞི། །འདུས་བྱས་འདུས་མ་བྱས་དགེ་བ། །རྡོ་རྗེ་ཆོས་ཀྱི་འཁོར་དུ་བསྒོམ། །དོན་དང་ཕྱག་གཡོན་པདྨ་ནི། །བསྣམས་ནས་གཡས་པས་འབྱེད་པར་མཛད། །གཅིག་དང་རྒྱུ་དང ་ཟ་བ་དང། །བྱེད་པ་དང་ནི་དབང་སྒྱུར་དང། །བདག་པོའི་དོན་དང་བརྟག་པ་དང། །ཉོན་མོངས་པ་དང་དག་པའི་གནས། །རྣལ་འབྱོར་ཅན་དང་མ་གྲོལ་བཀྲོལ། །བདག་ཏུ་འཛིན་པ་སྐྱེ་བ་ཉིད། །དེ་དག་གཅོད་པའི་སྐུ་མདོག་ནག་།ཕྱག་ན་པོ ་ཏི་བསྣམས་པ་དང། །ཉོན་མོངས་གཅོད་པའི་རལ་གྲི་བསྣམས། །རྡོ་རྗེ་རྣོན་པོའི་འཁོར་དུ་བརྗོད། །དད་དང་བརྩོན་འགྲུས་དྲན་བསམ་གཏན། །ཤེས་རབ་དེ་བཞིན་ཤ་ཡི་སྤྱན། །ལྷ་དང་ཤེས་རབ་ཆོས་དང་ནི། །སངས་རྒྱས་སྤྱན་དྲང་དང་པོ་ཡི། །རྡོ་རྗེ་འཁོར ་ལོ་སྐུ་མདོག་སེར། །ལྷ་མོ་འཁོར་ལོ་བསྣམས་པར་བསྐོར། །གནས་དང་གནས་མིན་རྣམ་སྨིན་དང། །མོས་པ་དང་ནི་སྣ་ཚོགས་ཁམས། །དབང་པོ་ཀུན་འགྲོ་ལམ་དག་དང། །ཉོན་མོངས་རྣམ་པར་སྦྱང་བ་དང། །སྔོན་གནས་རྗེས་དྲན་སྐྱེ་འཆི་དང། །ཟག་པ་ཟད ་པ་ཉིད་ཀྱང་དེ། །རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་།ཕྱག་གིས་ལྕེ་བསྣམས་འཁོར་གྱིས་བསྐོར། །ནམ་མཁའ་རྣམ་ཤེས་མཛའ་ཡས་དག་།དེ་ལས་གཞན་པའི་ཟིལ་གནོན་བརྒྱད། །རྡོ་རྗེ་ལ་ནི་སྐུ་མདོག་ལྗང། །སྣ་ཚོགས་རྡོར་དྲིལ ་ཐོགས་པས་བསྐོར། །འབྱུང་པ་རྣམ་པ་བཞི་པོ་དང། །སྔོན་པོ་སེར་པོ་དཀར་དམར་དང། །ནམ་མཁའ་དེ་བཞིན་སེམས་དང་ནི། །ཟད་པར་རྣམ་དག་ལྡན་པ་ཡིན། །བསྲུང་བ་སེར་པོ་གོ་ཆ་བསྣམས། །རྩ་བའི་མཚན་ཉིད་དེ་ཁོ་ན། །ཕྱིན་ཅི་མ་ལོག་མཚན ་ཉིད་དང། །འབྲས་བུ་རྒྱུའི་དེ་ཁོ་ན། །ཕྲ་བ་དང་ནི་རགས་པ་དང། །གྲགས་དང་རྣམ་པར་དག་ཡུལ་དང། །སྡུད་དང་དབྱེ་བའི་མཚན་ཉིད་དང། །མཁས་དེ་ཁོ་ན་རྣམ་བཅུ་ནི། །རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་།ཕྱག་གཉིས་མཆེ་བ་བསྣམས་པའོ། །ཚེ་དང? ་སེམས་དང་ཡོ་བྱད་དང། །ལས་དང་སྐྱེ་བ་མོས་པ་དང། །སྨོན་ལམ་དང་ནི་རྫུ་འཕྲུལ་དང། །ཡེ་ཤེས་དང་ནི་དབང་བ་དང། །རྡོ་རྗེ་ཁུ་ཚུར་སྐུ་མདོག་དཀར། །ཕྱག་གཉིས་ཁུ་ཚུར་བསྣམས་པའོ། །སོ་སོར་གཙོ་བོའི་སྔགས་ཀྱིས་བསྐྱེད། །རང་རང་སྔགས ་ཀྱིས་མཆོད་པ་དང། །རྡོ་རྗེ་སྐྱིལ་ཀྲུང་ཕྱེད་ཀྱིས་ནི། །འདི་དག་རིམ་བཞིན་གནས་པ་ཡིན། །འདི་ལྟར་བསྒོམས་པའི་རྣལ་འབྱོར་པ། །ཡོན་ཏན་ཕུན་སུམ་ཚོགས་པ་ནི། །ཇི་སྐད་གསུངས་པ་བཞིན་དུ་ཐོབ། །དངོས་གྲུབ་གཞན་ནི་སྨོས་ཅི་དགོས། །འདི ་རྣམས་ཀྱི་ནི་གྲཝ་བཞི་རུ། །མཁས་པས་སྒེག་མོའི་ལ་སོགས་བསྒོམ། །སྒེག་མོ་མདོག་དཀར་རྡོ་རྗེ་བསྣམས། །ཕྲེང་བ་མ་ནི་གསེར་གྱི་མདོག་།རིན་ཆེན་ཕྲེང་བ་བསྣམས་པ་ཡིན། །གླུ་མ་སྐུ་མདོག་དམར་པོ་སྟེ། །པི་ཝང་རྡེབ་པའི་མཆོག་ཡིན་ནོ། །གར་མ ་རྡོ་རྗེ་ལྗང་གུ་ནི། །རྩེ་གཅིག་བསྣམས་ནས་གར་མཛད་དོ། །སྤོས་དང་མེ་ཏོག་མར་མེ་དྲི། །དེ་རྣམས་རྗེས་ལ་དྲན་པར་བགྱི། །སྤོས་ཁང་མེ་ཏོག་སྣོད་དང་ནི། །མར་མེ་ཡི་ནི་མཆོད་སྡོང་དང། །དྲི་ཡི་དུང་ཆོས་རིམ་བཞིན་ནོ། །འདི་རྣམས་ཁ་དོག་སྒེག ་སོགས་བཞིན། །ལྕགས་ཀྱུ་དང་ནི་ཞགས་པ་དང། །ལྕགས་སྒྲོག་དྲིལ་བུ་ཞེས་གྲགས་པ། །དཀར་པོ་སེར་པོ་དམར་པོ་ལྗང། །ཤར་ལ་སོགས་པའི་སྒོ་ལ་རྟེན། །མིང་དང་མཐུན་པའི་ཕྱག་མཚན་གནས། །ཕྱི་རོལ་སྐལ་པ་བཟང་པོ་ནི། །ཤར་ལ་སོགས་པ་བསྒོམ་པར་བྱ། ་རྣམ་པ་བཞི་ཡི་དབྱེ་བ་ཡི། །དེ་དག་བཅུ་དྲུག་ཡང་དག་འདོད། །རང་གི་བདག་པོའི་རྗེས་མཐུན་པར། །སྐུ་མདོག་ཕྱག་མཚན་མཛེས་པ་ཡིན། །ཡང་ན་གཞན་དུ་ཕྱག་མཚན་རྣམས། །རིམ་པ་བཞིན་དུ་བསམ་པར་བྱ། །དེ་ལ་མགོན་པོ་བྱམས་པ་ནི། །ཕྱག་ན་ཀླུ ་ཤིང་བསྣམས་པ་ཡིན། །འཇམ་དཔལ་རལ་གྲི་པོ་ཏི་དག་།ཇི་ལྟར་རིམ་བཞིན་མཚན་མ་ཡིན། །སྤོས་ཀྱི་གླང་པོ་སྤོས་ཆུ་ཡི། །དྲི་ཡི་དུང་ཆོས་ཆར་འབེབས་པའི། །ཐོད་དང་བཅས་པའི་ཅོད་པན་ནི། །ཡེ་ཤེས་རྟོག་ནི་བསྒྲེང་ནས་བསྣམས། །བཟང་སྐྱོང་བ་ནི་ནམ་མཁའ་ཨི ་མཛོད། །བསླང་ན་མཚན་པར་བྱེད་པའོ། །བློ་གྲོས་རྒྱ་མཚོ་ཡིད་བཞིན་ནོར། །ཕྱག་གི་པདྨ་མཛེས་པ་ཡིན། །དཔག་བསམ་ཤིང་དང་བུམ་པ་བཟང། །བློ་གྲོས་མི་བཟད་ཕྱག་གཡོན་ན། །པོ་ཏིས་མཚན་པའི་པདྨ་ནི། །སྤོབས་པ་བརྩེགས་པ་དེ་བཞིན་དུ། ། ་ཕྱག་ན་རལ་གྲི་བསྣམས་པ་ཡིན། །མཐུ་ཆེན་ཐོབ་པ་རལ་གྲི་བསྣམས། །ངན་སོང་ཀུན་འདྲེན་རྒྱལ་མཚན་ནོ། །མྱ་ངན་མུན་པ་ངེས་འཇོམས་ནི། །དཔལ་པ་གཡུ་དྲུང་འཁྱིལ་པ་ནི། །དྲ་བ་ཅན་གྱི་འོད་རྣམས་སོ། །ཟླ་འོད་གཞོན་ནུ་ཞེས་བྱ་བ། །ཟླ་ཚེས་གཡར་ཀ་རྒྱལ ་མཚན་འཛིན། །འོད་དཔག་མེད་པ་པོ་ཏི་དང། །རལ་གྲི་རིན་ཆེན་མཛོད་འཛིན་པ། །ནམ་མཁའ་ཨི་སྙིང་པོར་ཤེས་པར་བྱའོ། །སྣ་ཚོགས་རྡོ་རྗེ་རལ་གྲི་ནི། །བསྣམས་པ་སྒྲིབ་པ་རྣམ་པར་སེལ། །བྱང་ཆུབ་སེམས་དཔའ་ཞེས་འདོད་དོ། །འདི་རྣམས་ཕྱིའི?་སྒོ་སྐྱོད?་དག་།སྔར ་ནི་ཇི་སྐད་སྨོས་པ་བཞིན། །དེ་ལྟར་བསྒོམས་པའི་རྗེས་ལ་ནི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །དེ་ཉིད་གསུམ་གྱི་ཡི་གེ་ཡི། །རྣལ་འབྱོར་རིག་པས་བྱིན་བརློབས་བྱ། །དེ་ལ་རིམ་པ་འདི་ཡིན་ཏེ། །སྤྱན་དྲང་སྔོན་འགྲོ་ཕྱག་འཚལ་ཏེ། །ོཾ་སརྦ་ཏ་ཐཱ་ག་ཏ་པ ་ད་བནདྷ་ན་ཀ་རོ་མི། །ེ་མ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མཆོག་།དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། དེ་ནས་འཁོར་ལོའི་དབང་ཕྱུག་ལ། །དེ་བཞིན་གཤེགས ་པ་ཀུན་ཞུགས་ནས། །བྱུང་ན་རང་རང་རིག་པ་ནི། །བྱིན་གྱིས་བརླབས་པ་མཛད་པ་ཡིན། །ེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་བྲལ་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་ཐམས་ཅད་གཅིག་ཏུ་གྱུར། །དེ་ཉིད་གསུམ་གྱི་བྱིན་བརླབས ་དང། །འཁོར་ལོའི་བདག་ཉིད་དབང་བསྐུར་ནས། །རང་བཞིན་དག་པར་བསྒོམ་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ལྟར་ཏིང་འཛིན་གསུམ་དང་ནི། །མཁས་པས་ཆོ་ག་བྱས་ནས་ནི། །དེ་ནས་རང་ལྷའི་རྣལ་འབྱོར་གྱིས། །མཆོད ་པ་ཡང་དག་བརྩམ་པར་བྱ། །པདྨའི་ཕྱག་རྒྱ་ལྡན་གཡོ་བས། །རྒའི་སྣོད་ནི་བཟང་བ་ཡིས། །གཡས་པ་བ་དན་གསུམ་དང་ནི། །དེ་ཉིད་གསུམ་གྱིས་བསམ་པར་བྱ། །དེ་ནས་མཁས་པས་མེ་ཏོག་སོགས། །དེ་ཡི་ཆུ་ཡིས་བསང་བར་བྱ། །ོཾ་བཛྲ་བུ ་པུཥཔེ་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནདྷེ་ཧཱུཾ། ཨོཾ་བཛྲ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ། ཨཱདྱ་ནུཏཔནྣ་ཏྭཏ། ཨོཾ་ཨཱ(རྒྱུད་འགྲེལ་ཨརྒ་དབུལ། །ོཾ་བཛྲ་ཨ་ཀུ་ཤ་ཛ:། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སཕོ་ཊ་པཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨ། ཞུགས་ནས་ཡི་གེ་གསུམ་གྱིས་ནི། །བྱིན་གྱིས་བརླབ་ལ་དབང་བསྐུར་རོ། །དེ་ནས་སྔར་བཤད་རིམ་པ་ཡིས། །མཆོད་པ་རྣམས་ཀྱིས་མཆོད ་པ་དང། །དེ་ལས་གཞན་པའི་རིགས་མ་ནི། །བཅུ་དྲུག་གིས་ནི་མཆོད་བསྟོད་བྱ། །དཀྱིལ་འཁོར་རྣམ་གསུམ་ཕྱག་མཚན་དང། །ཇི་སྲིད་ཐིག་ལེའི་རིམ་པ་དང། །སྣང་བ་ལ་སོགས་རིམ་པ་ཡི། །སྤྲོས་པ་ཐམས་ཅད་ཞི་བ་དང། །སྟོང་ཉིད ་སོགས་རིམ་ཐོབ་པ་ཡི། །རྣལ་འབྱོར་ལྷན་སྐྱེས་མཛེས་པ་ཡིས། །དེ་ལྟར་གོམ་པ་འཇུག་པ་རྣམས། །མི་ཤེས་ཆུ་བོ་མ་ལུས་པ། །བསྐམས་ཤིང་སེམས་ཀྱི་ཟླ་བ་ནི། །ཤར་བསྐལ་པ་བཟང་པོ་ཡིན། །སྤྲོས་དང་བསྡུ་བའི་རིམ་པ་ཡིས། །ཇི་སྲིད་སྒྲུབ་པ་མི ་སྐྱོའི་བར། །དེ་ལྟར་ཡང་དང་ཡང་དུ་བྱ། །ལངས་ནས་སངས་རྒྱས་སྤྱན་དྲངས་ནས། །དེ་ནས་གཏོར་མ་སྦྱིན་པར་བྱ། །དེ་ལ་རྡོ་རྗེ་དཔའ་ནི། །འཁོར་ལོས་སྒྱུར་བར་འདོད་པ་ལས། ། ལས་བྱུང་ཞིང་སྐུ་མདོག་དཀར། །རྡོ་རྗེ་དང་ནི་དྲིལ་བུ་བསྣམས། །ཐུགས་ཀར ་དང་པོ་སངས་རྒྱས་ནི། །སྔར་ནི་ཇི་སྐད་བཤད་པ་བཞིན། །དེ་ལ་མྱ་ངན་འདས་འཁོར་ལོ། ། ར་ལ་སོགས་ཡི་གེར་ལྡན། །དེ་སྟེང་ཨ་ར་པ་ཙ་ན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །འདི་ཡི་ཉེ་བའི་སྙིང་པོ་ནི། །སྔར་ནི་བསྟན་ཟིན་གང་ཡིན་པའོ། །ོཾ་ཨ་ར ་པ་ཙ་ན་ཡ་ཏེ་ན་མ། །སྔགས་ཀུན་རིགས་ཀྱི་བདག་ཉིད་ཀྱི། །རྣམ་པར་སྣང་མཛད་ཆེན་པོ་ཡང། །ཞལ་བཞི་སྐུ་མདོག་དུང་འདྲ་ཞིང། །བསམ་གཏན་ཕྱག་རྒྱར་ལྡན་པའོ། །དང་པོར་སངས་རྒྱས་ཐུགས་ཀ་རུ། །ཞི་བའི་འཁོར་ལོ་འདི་རྣམས་ཀྱང། ་རྩིབས་དྲུག་པ་ལ་རིས་དྲུག་གིས། །ཡོངས་སུ་བསྐོར་བར་ལྡན་པའོ། །དེ་ལ་གཉིས་མེད་འཇམ་པའི་དཔལ། །མདོག་དཀར་ཞལ་དྲུག་ཨ་ལས་བྱུང། །ཕྱག་གཉིས་རལ་གྲི་པོ་ཏི་བསྣམས། །གཉིས་ཀྱིས་ཨུཏཔལ་བསྣམས་པ་དང། །གཉིས་ནི་ཏིང་འཛིན ་ཕྱག་རྒྱ་ནི། །ཡང་དག་སྣང་བ་སྣང་བ་ཆེ། །འདི་དག་སོ་སོའི་སྙིང་པོ་ནི། །སྒྲུབ་པའི་ཐབས་ལས་གསལ་བར་བསྟན། །བཤད་པའི་འཁོར་ལོ་བདག་ཉིད་ནི། །ལྷ་རྣམས་ཉི་ཤུར་མཉམ་པ་ལ། །གཅིག་གི་བདག་ཉིད་ཆེན་པོ་ནི། །བློ་ཆེན་རྣམས་ཀྱིས་མཆོད་པར ་བྱ། །རྡོ་རྗེ་ཧཱུཾ་མཛད་གཙོ་བོ་ཡིས། །འཁོར་ལོ་བསྒྱུར་བར་འདོད་པ་ལ། །འདི་རྣམས་རང་གི་ངོ་བོ་ནི། །ཁོ་བོས་སྔར་ནི་བསྟན་ཟིན་ཏོ། །འོན་ཀྱང་འདི་ཡི་ཁྱད་པར་ནི། །ད་ནི་རབ་ཏུ་བཤད་པར་བྱ། །མདའ་དང་གཞུ་ནི་འགེངས་པ་དང། །རྣམ་རྒྱལ་ཕྱག་རྒྱ་རྡོར་དྲིལ་ ་དང། །རལ་གྲི་རྡོ་རྗེ་ཞགས་པ་དང། །ལྕགས་ཀྱུ་དང་ནི་ལྕགས་སྒྲོགས་བསྣམས། །ལྷ་ཆེན་སུམ་མནན་པ་ནི། །རྡོ་རྗེ་ཧཱུཾ་མཛད་ཅེས་བརྗོད་དོ། །འདི་ཡི་རིན་ཆེན་ཧཱུཾ་མཛད་ནི། །ཕྱག་དྲུག་རྣམ་རྒྱལ་ཕྱག་རྒྱ་མེད། །ཞལ་དྲུག་ཞལ་ནི་རེ་རེ་ལ ་སྤྱན་ནི་གསུམ་གསུམ་ལྡན་པའོ། །འདི་ནི་པདྨའི་ཧཱུཾ་མཛད་ནི། །མཆེ་གཙིགས་ཧ་ལ་ཧ་ལར་ལྡན། །འདི་ཡི་ལས་ཀྱི་ཧཱུཾ་མཛད་ནི། །རྣལ་རྒྱལ་རང་གི་ཕྱག་རྒྱར་ལྡན། །ལྕགས་ཀྱུ་ཞགས་པ་རལ་གྲི་དང། །གཏུན་ཤིང་ལྷག་མ་ཕྱག་ན་བསྣམས། །གང་ཡང ་རྡོ་རྗེ་རིན་ཆེན་ནི། །འཁོར་ལོས་སྒྱུར་བར་འདོད་པ་ལ། །སེར་པོ་རིན་ཆེན་གྱིས་མཚན་པ། །ཀུན་ཀྱང་རིན་ཆེན་ཅོད་པན་ཅན། །དེ་ལ་རྣམ་སྣང་སྔར་བཤད་བཞིན། །དོན་ཀུན་གྲུབ་པ་མི་བསྐྱོད་པ། །རྡོ་རྗེ་བསྣམས་ནས་ས་གནོན་ནོ། །རིན་ཆེན་གཙུག་ཕུད ་སྔ་མ་བཞིན། །རིན་ཆེན་པདྨ་ཀུ་མདོག་སེར། །པདྨའི་ཕྱག་རྒྱས་ལྡན་པ་དང། །ལཾ་ལས་བྱུང་པའི་ས་བོན་ནི། །དཀྱིལ་འཁོར་གྲུ་བཞི་པདྨ་ལ། །གཡས་པ་བཀོད་ནས་གཡོན་པ་ལ། །བསམ་གཏན་དང་པོའི་བར་དུ་གནོན། །རིན་ཆེན་དོན། ་ཡོད་དོན་ཡོད་དོ། །རྡོ་རྗེའི་ཚིག་ནི་ཐམས་ཅད་ལ། །རང་མིང་རིན་ཆེན་སྒྲ་དང་ནི། །ཡང་དག་ལྡན་པའི་སྐུ་ཡིན་ནོ། །རིན་ཆེན་རྡོ་རྗེའི་རྡོར་ཚིག་ལ། །ཁྲོ་གཉེར་ལྡན་པར་ཤེས་པར་བྱ། །གཡོན་པས་རྡོ་རྗེ་གནོན་པ་དང། །གཡས་པས་འདོད་པ་གནོན ་པའོ། །རྡོ་རྗེ་རིན་ཆེན་ཉི་མ་འོད། །རིན་ཆེན་དཔལ་ནི་རྒྱལ་མཚན་བརྗོད། །གང་ཡང་པདྨ་གར་དབང་ཕྱུག་།འཁོར་ལོས་སྒྱུར་བར་འདོད་པ་ལ། །རྡོ་རྗེའི་གནས་སུ་པདྨའི་ཚིག་།ལྷ་གཞན་ཀུན་ལ་ཤེས་པར་བྱ། །དེ་བཞིན་གཤེགས་པ་པདྨའི ་ཚིག་།སྔོན་སོད་རྣམ་པར་སྣང་མཛད་བརྗོད། །རིན་ཆེན་རིན་ཆེན་གཙུག་ཕུད་དང། །པདྨ་གར་གྱི་དབང་ལ་ཡང། །ཏིང་འཛིན་སྒྲ་ཡི་སྔོན་དུ་ནི། །པདྨ་ཞེས་ནི་བརྗོད་པ་ཡིན། །པདྨ་ངེས་པའི་དབང་ཕྱུག་ནི། །པདྨའི་དོན་ཡོད་གྲུབ་པ་ཡིན། ་གཞན་གྱི་ཁྱད་པར་འདི་དག་ཀྱང། །ནོར་བུས་བྱས་པའི་རིན་པོ་ཆེ། །ཉི་མ་ཉི་མའི་གཟུགས་འཛིན་པ། །དཔལ་ནི་ཟླ་བའི་དང་པ་ལས། །གནས་པ་ཀུ་མུ་ཏ་ལ་ནི། །ཟླ་བས་མཚན་པའི་གདུགས་བསྣམས་པའོ། །བཞད་པ་ལ་ནི་ཞལ་བཅུ་གཅིག་།པདྨའི ་སྒྲོལ་མ་བརྒྱ་བྱིན་མདོག་།པདྨའི་འཁོར་ལོ་ཁྱབ་འཇུག་འདྲ། །སྨྲ་བ་ཚངས་པའི་རྗེས་སུ་བྱེད། །ལས་ནི་གཞོན་ནུ་ལྟ་བུ་སྟེ། །དེ་ལས་གཞན་པ་ཁྱད་པར་མེད། །རྟ་མཆོག་གསུམ་གྱི་བདག་ཉིད་དམ། །རྣམ་པ་ལྔ་འམ་རྣམ་པ་གཅིག་།སྔོན་པོ་གསུམ་གྱི ་བདག་ཉིད་ནི། །རལ་གྲི་མདའ་གཞུ་ཨུཏཔལ་བསྣམས། །འདི་ཡི་ལྷ་མོ་གཉིས་པོ་ནི། །གཡས་པ་སྣ་ཚོགས་རྡོ་རྗེ་བསྣམས། །དེ་ལ་གཙང་མ་སྐུ་མདོག་དཀར། །པདྨ་སྔོན་པོས་རྣམ་པར་མཛེས། །དག་མ་པདྨ་རང་གི་མདོག་།པདྨ་དམར་པོས་རྣམ་པར ་མཛེས། །འདི་ཡི་ནང་གི་སྐྱེ་མཆེད་རྣམས། །ས་སྙིང་ལ་སོགས་བྱིན་གྱིས་བརླབས། །ཕྱི་ཡི་སྐྱེ་མཆེད་རྣམས་ལ་ནི། །གཟུགས་རྡོ་རྗེ་སོགས་བྱིན་གྱིས་བརླབས་པའོ། །གཡོན་པས་འདོད་པའི་འཇིག་རྟེན་གནོན། །གཡས་པས་མནན་པ་བསམ་གཏན ་ཡིན། །རྟ་སྐད་འཚེར་བ་ཕྱོགས་ཀྱི་ཞལ། །བསམ་གཏན་དང་པོའི་བར་དུ་རེག་།ལྔ་ཡི་བདག་ཉིད་སྔ་མ་བཞིན། །ཡང་ན་འོད་དཔག་མེད་པ་བཞིན། །པོ་ཏི་དང་ནི་རལ་གྲི་དང། །མདའ་གཞུ་བསྣམས་པ་ཡིད་འཕྲོག་པའོ། །ཚངས་པ་བརྒྱ་བྱིན་ཁྱབ ་འཇུག་ནི། །པ་བ་སངས་དང་སྐར་མའི་དགྲ་།ཞབས་ཀྱི་པདྨ་བསྐོར་བ་ཡིས། །གྲོང་ཁྱེར་སུམ་རྩེགས་པ་གནོན་པ། །འཕྲོག་མའི་ལྷ་མོ་རྣམས་ཀྱང་ནི། །འདི་དག་འཁྱུད་ནས་བཞུགས་པའོ། །རྟ་ཡི་གདོང་ཅན་ཐམས་ཅད་ཀྱང། །འཁོར་ཀུན་ཡོངས་སུ་ཤེས ་པར་བྱ། །དེ་ལྟར་ཟླ་གཅིག་ཟླ་དྲུག་གམ། །ལོ་གཅིག་མཚན་མ་ཐོབ་བར་དུ། །དེ་སྲིད་བསྙེན་པ་བྱས་ནས་ནི། །དཀྱིལ་འཁོར་ལས་ལ་འཇུག་པར་བྱ། །གཙུག་ལག་ཁང་ལ་སོགས་པ་ཡི། །ཡིད་དུ་འོང་བའི་ས་ཕྱོགས་སུ། །ཚད་ལྡན་ཚ་རྒོད་མེད་པར་ནི། ། ་དཀྱིལ་འཁོར་དམ་པ་བྲི་བར་བྱ། །རྒྱལ་པོས་ཁྲུ་ནི་ལྔ་བརྒྱ་བཅུ། །བློན་པོ་ཆེན་པོས་ཉི་ཤུ་ལྔ། །ཚོང་དཔོན་དེད་དཔོན་ཉི་ཤུ་འཕྱེད། །སྒྲུབ་པོས་བཅུ་གཉིས་སམ་དེའི་ཕྱེད། །དེར་ནི་མངོན་སྤྱོད་སྦྱིན་སྲེག་དང། །ཞི་བ་ཡི་ནི་སྦྱིན་སྲེག ་དག་།བྱས་ནས་ས་ནི་སྦྱང་བར་བྱ། །ཡོངས་སུ་བཟུང་བར་བྱ་བ་ཡིན། །དེར་ནི་དཀྱིལ་འཁོར་ཡོངས་སྤྲུལ་ནས། །གོང་དུ་ཇི་སྐད་བཤད་པ་བཞི། །ཕྱག་འཚལ་ལ་སོགས་སྔོན་སོང་ནས། །མཆོད་པ་ཡོངས་སུ་རྒྱས་པར་བྱ། །དེ་ནས་སྒྲུབ་པའི་གྲོགས ་མཆོག་གིས། །མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། །ས་ཡི་ལྷ་མོ་སྤྱན་དྲངས་ལ། །སྣ་ཚོགས་མཆོད་པས་མཆོད་ནས་ནི། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་དང། །ལྷ་མོ་ཁྱོད ་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱའི་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གི་ས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །མིག་གཉིས་ཉི་ཟླ་རྐང་མཐིལ་ནི། །རྡོ་རྗེ་རྒྱ་གྲམ་བྱིན་བརླབས་ནས། །ཞལ་ནས་ཧཱུཾ་གི? ་སྒྲ་སྒྲོགས་ཤིང། །ཡོངས་སུ་བསྐྱོད་པའི་ཚུལ་གྱིས་ནི། །ཕྱོགས་རྣམས་རྡོ་རྗེའི་ས་གཞི་དང། །རྡོ་རྗེ་དྲ་བ་ར་བ་བསམ། །ལག་གཉིས་རྡོ་རྗེ་དྲིལ་ལྡན་དག་།གཡས་པ་རྡོ་རྗེ་བསྣུན་པ་ཡིས། ཚུལ་གྱིས་བགེགས་ལ་བཀའ་བསྒོ་དང། །ཕུར ་བུས་བཏབ་པ་ལ་སོགས་བྱ། །དེ་ནས་དེ་ཉིད་དྲིས་བྱུགས་ལ། །ལྷ་ཡི་གནས་སུ་ཙན་དན་ལས། །སོགས་པའི་དྲི་ཡི་ཐིག་ལེ་དང། །མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །དེ་རྗེས་ནམ་མཁའ་ལ་གནས་པ། །དཀྱིལ་འཁོར་ལྷ་རྣམས་བཀུག་ནས་ནི། ་མཆོད་པ་ལྔ་དང་བརྒྱད་རྣམས་ཀྱང། །མཆོད་ནས་འདི་ལྟར་བརྗོད་པར་བྱ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིགས་ལྔ་རྒྱལ་ལ་ཕྱག་འཚལ་ལོ། བདག་ལ་བརྩེ་བར་གྱུར་ནས་ནི། སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས ་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་འདས་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང། །གསང་སྔགས་ལྷ་གཞན་གང་བཞུགས་དང། །འཇིག་རྟེན ་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཆེན་དང། །གང་དུ་ལྷའི་སྤྱན་མངའ་བ། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སད་ནི་དཀྱིལ་འཁོར་བཟང་པོའི་མིང། ་འདིས་ཞེས་བྱ་བ་ཅི་ནུས་ཀྱི། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་སུ་གསོལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ནི་ལན་གསུམ ་བརྗོད་པ་ཡིས། །ལྷ་རྣམས་ལྷག་པར་གནས་པའོ། །དེ་ནས་འོག་ནས་འཆད་པ་ཡི། །བུམ་པ་མཚན་ཉིད་ལྡན་པ་དང། །འབྲུ་ལ་སོགས་པ་ཐམས་ཅད་དང། །བཅས་པ་ལྷག་པར་གནས་པར་བྱ། །གཞན་ཡང་སྦྱིན་སྲེག་ཆོ་ག་དང། །གཏོར ་མ་ཤིན་ཏུ་རྒྱ་ཆེན་པོ། །སློབ་མ་ལྷག་པར་གནས་པ་དང། །རིམ་པ་བཞིན་དུ་ཤེས་པར་བྱ། །དེ་ལ་ཁྲུས་བྱས་གཙང་མ་ཡི། །གོས་གོན་ནས་ནི་སློབ་མ་ཡིན། །ཐལ་མོ་མེ་ཏོག་བཅས་པ་དང། །ཕྱག་བྱས་ནས་ནི་འདི་སྐད་བརྗོད། །དགའ་ཆེན ་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པས། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གནས་དག་ཀྱང་བདག ་ལ་སྩལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས ་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བཞུགས་པའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག་།དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་རྙེས། །གསང་སྔགས་སྤྱོད་པ་མཉམ་མེད་པ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར ་བུ་ཡིས་བློ་གྲོས་འདི་གྱིས་ཤིག་།དེ་ནས་ཆོ་གའི་ཡན་ལག་ཀུན། །བྱས་ལ་བྱིན་གྱིས་བརླབ་པ་དང། །མཆོད་ནས་ཨ་ཤྭཏྠ་སོགས་པའི། །སོ་ཤིང་ཀུ་ཤ་སྲུང་སྐུད་བྱིན། །རིག་སྔགས་ལྡན་པའི་སྲད་བུ་ནི། །ཚད་དང་ལྡན་པར་སྐལ་པ་དང ་ཕན་ཚུན་ལེགས་པར་སྒྲིལ་བ་ཡིས། །མཁས་པས་དཀྱིལ་འཁོར་ཐིག་གདབ་པོ། །ོཾ་ཨ་ནྱོ?་ནྱཱ་ནུ་ག་ཏ་སརྦ་དྷརྨཱ། སྤ་ར་སྤ་རཱ་ནུ་ག་ཏ། སརྦ་དྷརྨཱ། ཨཱ་དྱ་ནདཱ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏྲི་ཀྲ་མ་ཧཱུཾ། །ཤར་ནུབ་བྱང་དང་ལྷོ ་ཕྱོགས་དང། །མངོན་པར་བལྟས་ལ་ཚངས་ཐིག་གཉིས། །མེ་དང་གནོད་སྦྱིན་དབང་ལྡན་དང། །གཤིན་རྗེ་མངོན་པར་ཕྱོགས་པ་དང། །རླུང་དང་གཤིན་རྗེ་བདེན་བྲལ་དང། །གནོད་སྦྱིན་ཕྱོགས་སུ་ཁ་བལྟས་ལ། །ཤར་དང་ནུབ་ཏུ་ཐིག ་གདབ་པ། །མེ་དང་བདེན་བྲལ་སྲིན་པོ་དང། །དབང་པོ་རླུང་དང་དབང་ལྡན་དང། །རླུང་གི་ཕྱོགས་སུ་ཁ་བལྟས་ལ། །གོ་རིམས་བཞིན་དུ་ལྷོ་བྱང་གི་།ཐིག་གཉིས་དེ་བཞིན་གདབ་པར་བྱ། །སློབ་དཔོན་སློབ་མ་བསྐོར་ཕྱོགས་སུ། །འགྲོ་ཞིང ་མེ་དང་རླུང་མཚམས་དང། །བདེན་བྲལ་དབང་ལྡན་མཚམས་སུ་ནི། །གནས་ནས་ཐིག་གཉིས་གདབ་པར་བྱ། །གསར་པ་ལས་ནི་སྐལ་ནས་ཀྱང། །ཚད་དང་མཐུན་པར་མཛེས་པ་ཡི། །ཐིག་ནི་མཁས་པས་ཅི་ནུས་ཀྱི། །དཀྱིལ་འཁོར་གྱི་ནི་ཐིག་གདབ ་པོ། །གྲུ་བཞིར་བྱ་ཞིང་བསྒོ་བཞི་དང། །རྟ་བབས་བཞི་ཡིས་མཛེས་བྱས་ལ། །ཐིག་བཞི་དང་ནི་ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲཝ་ཡི་ཕྱོགས་ནི་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ ་ཐིག་གདབ་བོ། །དེ་ཡི་རིམ་པའི་ནང་ཞུགས་ལ། །འཁོར་ལོ་འདྲ་བའི་རྡོ་རྗེ་ཡིས། །ཐིག་གིས་ཡོངས་སུ་བསྐོར་བྱ་ཞིང། །ཀ་བ་བརྒྱད་ཀྱིས་མཛེས་བྱས་ལ། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །ཤར་དང་ནུབ་དང་བྱང་དང་ལྷོར། ་ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །དེ་ལྟར་ལུང་དང་བླ་མ་ཡི། །གདམས་ངག་དག་ལ་བརྟེན་ནས་ནི། །ཆོ་ག་ཇི་ལྟ་བ་བཞིན་དུ། །དཀྱིལ་འཁོར་ཆེན་པོའི་ཐིག་གདབ་བོ། །ོཾ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་ནི་ལན་གསུམ་མངོན་བཟླས་པའི། །སྔགས ་དང་ཕྱག་རྒྱ་བཅས་པ་དང། །བྱིན་གྱིས་བརླབས་ནས་ཚོན་རྩི་ནི། །ཆོ་ག་བཞིན་དུ་བྲི་བར་བྱ། །སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་ནི་མརྒད་འདྲ། །དཀར་པོའི་ནང་དུ་ཤེས ་བྱ་སྟེ། །དེ་ནི་ཚོན་གྱི་རིམ་པར་བཤད། །ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོར་ནི་སེར་པོ་དང་ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་གུར་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཤེལ་ལྟར་དཀར་བ་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཆང ་ཞིང། །རབ?་མཉམ་གཞག་པའི་སློབ་དཔོན་གྱིས། །ལྷ་རྣམས་རང་རང་གནས་སུ་ནི། །གཟུགས་དང་ཕྱག་རྒྱ་སོགས་པ་ཡི། །ཁ་དོག་དབྱིབས་ཀྱི་དཀྱིལ་འཁོར་གྱི། །བྲིས་ནས་སྔོན་གསུངས་མཆོད་པ་རྣམས། །རྒྱ་ཆེན་པོ་ཡིས་མཆོད་བྱ་ཞིང། །གཞན་ཡང ་ཞལ་ཟས་སྣ་ཚོགས་དང། །འདོད་ཡོན་ལྔ་དང་རིན་ཆེན་དང། །གོས་ཀྱི་བྱེ་བྲག་སྣ་ཚོགས་དང། །རྟ་དང་གླང་པོའི་ཚོགས་ཀྱིས་མཆོད། །མཚན་ཉིད་ལྡན་པའི་བུམ་པ་རྣམས། །མགྲིན་པའི་རས་ཀྲིས་ཙུ་ཏ་ལས། །སོགས་པར་ལོ་མར་བཅས་པ་ཡིས། །ཤིང ་གི་ཁ་བརྒྱན་རིན་ཆེན་དང། །འབྲུ་དང་སྨན་ལྔ་དྲི་ཞིམ་པའི། །སྤོས་ཆུ་མེ་ཏོག་ལ་སོགས་པས། །རབ་ཏུ་བཀང་ནས་རང་རིགས་ཀྱིས། །མཚན་མས་མཚན་ནས་བུམ་པ་ལ། །རང་རང་རིགས་ཀྱི་ལྷར་བསྐྱེད་ནས། །ཡེ་ཤེས་སེམས་དཔའ་ ་ཞུགས་པ་དང། །མཆོད་པ་ལ་སོགས་བྱིན་བརླབས་ནས། །ཆོ་ག་བཞིན་དུ་གནས་པར་བྱ། །འབྲས་ཆན་ནས་ཆན་སྣུམ་ཁུར་སོགས། །བཟའ་བ་ཤིན་ཏུ་རྒྱ་ཆེན་པོ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །གཏོར་མ་ཤིན་ཏུ་རྒྱ་ཆེན་བཏང། །ལྷ་དང ་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབས་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་ཅག་པུས་མོས་ལ་བཙུགས་ནས་སུ། །ཐལ་སྦྱར་ཁྱེད་རྣམས་ལ ་ནི་གསོལ་འདེབས་ཀྱིས། །བུ་སྨད་བཅས་ཤིང་གཡོགས་འཁོར་བཅས་པ་རྣམས། །གནས་དང་ཕན་གདགས་སླད་དུ་འདིར་སྦྱོན་ཅིག་།འབྱུང་པོ་གང་དགའ་ཨི་རབ་སྟེ་གནས་དང། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང། །ཤར་ནུབ་རི་དར་ཉི་ཟླའི ་ཁྱིམ་རྣམས་དང། །རི་བོ་ཀུན་ལ་གང་དག་གནས་པ་དང། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང། །རིན་ཆེན་གནས་ན་ལྷག་པར་གང་གནས་དང། །མཚོ་དང་རྫིང་དང་ལྟེར་ཀ་ཆུ་དོགས་དང། །གཡའ་ཆུ་སིལ་མ་དག་ན་གང་དག་གནས་པ་དང། ། ་གྲོང་དང་གྲོང་ཁྱེར་ཕྱུགས་ལྷས་སྟོང་པ་དང། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང། །གཙུག་ལག་ཁང་དང་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང། །ལམ ་སྲད་བཞི་མདོ་དང་ནི་མདུན་ས་དང། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང། །སེང་གེ་དྲེང་དང་གཅན་ཟན་གནས་རྣམས་དང། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང། །གང་དག་གླིང ་?་ཚིག་དག་ན་གནས་པ་དང། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་གོ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང། །གཏོད་དང་གཏོར་མ་མར་མེ་གུས་ཕུལ་ནས། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས? ་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པའི་བདག་།ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང། །དབང་ལྡན་ལྷ ་སྟེ་འབྱུང་པོའི་བདག་པོ་དང། སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ་།རིའི་ལྷ་དང་གསང་བའི་ཚོགས་འདུས་པ། །སོ་སོར་སོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་ཀྱང། །རང་རང་ཕྱོགས་སུ་ལ ་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་བདུན་དང། །ནང་མི?་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང། །བདག་གི་ལས་ཀྱི་འབྲས ་བུ་མཆིས་པར་མཛོད། །ཞི་དང་རྒྱས་དང་དབང་དང་ནི། །མངོན་སྤྱོད་ཀྱི་ནི་དབྱེ་བ་ཡི། །ཐབས་ཁུང་མཆོད་རྫས་རྣལ་འབྱོར་དང། །འདུག་སྟངས་ཚུལ་བཞིན་ཤེས་པར་བྱ། །དེ་ལ་རེ་ཤིག་ཞི་བ་ནི། །ས་གཞི་དཀར་པོ་ཐབ་ཁུང་ནི། །ཟླུམ་པོའི་ཆུར་ནི་ཁྲུ་གང ་ཟབས། །ཁྲུ?་ནི་ཕྱེད་ཀྱི་ཚད། །སོར་བཞི་དོར་ལ་སྤངས་སུ་ནི། །སོར་བཞི་སྟོང་ལ་སོར་བཞི་སྨད། །ཕྱི་རོལ་ཀུན་ནས་གྲུ་བཞི་མ། །ཆོ་ག་བཞིན་དུ་བྲི་བར་བྱ། །ུ་དུམ་ཝ་ར་པ་ལ་ཤ་། མྲ་བླགས་ཤ་ཀར་སྨྲ་རྒྱ། ། ཤྭད་ཐ་ལ་སོགས་པ་ཡི། །ཡམ་ཤིང ་སོར་ནི་བཅུ་གཉིས་དང། །ནམ་ཞོ་འོ་མ་འབྲས་ཡོས་དང། །ཏིལ་དང་དུར་བ་ཀུ་ཤ་སྔོ། །ས་ལ་འབྲས་ཆེན་མེ་ཏོག་དཀར། །སྤོས་དང་སྦྲང་རྩི་མར་ལ་སོགས། །སྲོག་ཆགས་མེད་པའི་མཆོད་སྦྱིན་ཤིང། །དགོན་པའི་ལྕི་བ་འོ་མ་ཤིང། །གོས་དཀར་གོ་རྣམས་ ་སྙིང་རྗེའི་སེམས། །རྣལ་འབྱོར་པདྨའི་འདུག་སྟངས་སོ། །རང་གི་ས་བོན་ལས་བྱུང་བ། །ལས་དང་རྗེས་མཐུན་བྷ་བ་ཀ་།རྡོ་རྗེ་རྩེ་གསུམ་ཕྲེང་བ་དང། །དབྱུག་པ་འགུན་ཏེ་འཛིན་བསམས་ནས། །ཡེ་ཤེས་མེ་ལྷ་དགུག་པ་དང། །གཞུ ་དང་བཅིང་དང་དབང་བྱས་ནས། །ཕྱག་རྒྱ་བཞིས་གདབ་དབང་བསྐུར་བ། །ོཾ་རཏནཱ་བྷི་ཥཱི་ཉྩ། བྷསྨི་ཀུ་རུ་སརྦ། དེ་ནས་མཆོད་ཡོན་སྔོན་སོང་བའི། །ལས་དང་རྗེས་སུ་མཐུན་པ་ཡི། །མཆོད་པ་ལྔ་དང་སྒེག་མོ་སོགས། །གསང་བའི་མཆོད་པ་རྣམས་ཀྱིས ་མཆོད། །དེ་རྗེས་གསང་སྔགས་འདི་དག་གིས། །མར་གྱི་དགང་བླུགས་གསུམ་ཕུལ་ནས། །བགེགས་ནི་ཡོད་མེད་བརྟག་པར་བྱ། །ོཾ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛཝ་ལ་ཡ་སརྦ་དུཥྚཾ་ཧཱུཾ་ཕཊ། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། ། ་དེ་ནས་འབྲས་ཆན་ལ་སོགས་པའོ། །ཆོ་ག་འདི་ནི་མདོར་བསྡུས་པའོ། །དེ་ནས་མེ་ཡི་དབུས་ཉིད་དུ། །དཀྱིལ་འཁོར་ལྷ་རྣམས་དམིགས་པ་དང། །ཡེ་ཤེས་སེམས་དཔའ་བཅུག་ནས་ནི། །མཆོད་པ་ཡོངས་སུ་རྒྱས་པར་བྱ། །མ་ལ་བསང་གཏོར་འཐོར་འཐུར ་དང། །དགང་བླུགས་དང་ནི་མཆོག་པ་དག་།བྱས་ནས་འདོད་པའི་དངོས་གྲུབ་ཕྱིར། །གསོལ་བ་བཏབ་ལ་གཤེགས་སུ་གསོལ། །དེ་ནས་དགེ་བསྙེན་དགེ་ཚུལ་དང། །དགེ་སློང་སྡོམ་པ་འཛིན་པ་ཡི། །སློབ་མ་དག་ལ་ཆོ་ག་བཞིན། །རིམ་བཞིན་གཞུག ་ཅིང་དབང་བསྐུར་རོ། །སྟོད་གཡོགས་སྨད་གཡོགས་ལྡན་པ་དང། །ལག་ན་མེ་ཏོག་བཅོས་པ་དང། །ཕྱག་འཚལ་གསོལ་བ་གདབ་པ་དང། །བཤགས་པ་ལ་སོགས་བྱས་ནས་ནི། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་མ་ལུས་པ།། ་སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་།གསང་བ་ཆེན་པོར ་འཇུག་པར་བགྱི། །གསང་བའི་རིགས་མཆོག་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་པ་ཆེན་པོ་བདག་ལ་གསོལ། །མཚན་རྣམས་ཀུན་གྱི་རྒྱས་བཏབ་ཅིང། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས ་ཀུན་གྱི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །ཆེ་གེ་ཞེས་བྱ་བ་འདི་ཉིད་ནི། །བྱང་ཆུབ་སེམས ་ནི་ཡོངས་འཛིན་ཅིང། །དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་འདི་ལ་གཞུག་པར་འཚལ། །གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱེད་འདོད་དམ། །འཚལ་ཞེས་བརྗོད་པ་འདི་སྐད་ཅེས། །སངས་རྒྱས ་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །བློ་ཆེན་ཁྱེད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི ་འཇིགས་ཆོས་དང་འབྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པར་གསུམ། །དམ་པའི་ཆོས་ཀྱང་བཟུང་བར་བགྱི། །འདི་ནི་པདྨ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ ་སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས ་བྱང་ཆུབ་ཏུ་ནི་ངས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ལ་སོགས་ཚིག་ནི་བརྗོད་ནས་ནི། །ོཾ་སརྦ་ཡོ་ག་ཙིཏྟོཏཔ་ད་ཡཱ་མི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། ། ་སུ་ཏྲ་ས་མ་ཡསྟཝཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། རྡོ་རྗེ་ལྕགས་ཀྱུ་སོགས་སྔགས་ཀྱིས། །དགུག་གཞུག་བཅིང་དང་དབང་བྱས་ནས། །དེ་ཁྱོད་ཅེས་བྱ་ལ་སོགས་པ་དང། །ཡ་མ་ན་ཡི་སྙིང་པོ་བརྗོད་པར་བྱ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་གཞུག་པར ་འགྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ོཾ་བཛྲོཏཀ་ཐ། །དེ་ནས་ཡེ་ཤེས་དབབ་པ་དང། །མེ་ཏོག་དོར་དང་གདོང་གཡོགས་ནི། །བཀྲོལ་ནས་དཀྱིལ་འཁོར་བསྟན་པར་བྱ། །དེ་ནས་ཆུ་དང་ཅོད་པན་དང། །རྡོ་རྗེའི་བདག་པོ་མིང ་དང་ནི། །བརྟུལ་ཞུགས་རྗེས་གནང་ལ་སོགས་པ། །ཆོ་ག་བཞིན་དུ་སྦྱིན་པར་བྱ། །དེ་ནས་སློབ་དཔོན་ལ་ནི་ཡོན། །རྗེས་སུ་མཐུན་པར་དབུལ་བྱས་ལ། །དཀྱིལ་འཁོར་ལྷ་ཡི་འཁོར་ལོ་རྣམས། །མ་ལུས་པར་ནི་གཤེགས་སུ་གསོལ། །ལུང་དང་བླ་མ་དམ་པ ་རྣམས་ཀྱི་གདམས་ངག་རྗེས་འབྲངས་ནས། །རྒྱུད་རྣམས་ཀུན་གྱི་སྙིང་པོར་གྱུར་པ་འཇམ་དཔལ་མཚན་བརྗོད་ཀྱི། །དཀྱིལ་འཁོར་ཆོ་ག་ཚུལ་བཞིན་བྱས་ལས་བདག་གི་དགེ་བ་ནི། །ཐོབ་པ་གང་དེས་འགྲོ་ཀུན་འཇམ་དཔལ་ཡེ་ཤེས་ཞལ་མཐོང་ཤོག་།འཕགས ་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་སོ་མ་ཤྲིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཧཱ་ཛྙཱ་ན་དང། ལོཙྪ་བ་དགེ་སློང་གཞོན་ནུ་འོད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། ་