CLOSE WINDOW

N2232: 'phags pa mi gyo ba'i bsgrub thabs
Wyliee-texts based on the ACIP/ALL Input

བར་བསྒོམ། །ཛ(རྒྱུད་འགྲེལ་མུརྟ་ཡེ་ཡ་མཱནྟ་ཀ་ཧཱུཾ་ཞེས་བརྗོད་ནས། མཚན་བརྗོད་དེ་གཏོར་མ་བཏང་བར་བྱའོ། །དེ་ལྟར་བསྟོད་ནས་གཤེགས་སུ་གསོལ་ལོ། །བདག་གིས་འགྲོ་ལ་ཕན་ཕྱིར་བརྩམས། །དགེ་བས་འབྲས་བུ་ཚད་མེད་ཤོག་།གཤིན་རྗེའི་གཤེད་ཀྱི་སྒྲུབ་ཐབས་སློབ་དཔོན་ཨ་ཤོ་ཀ ་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དྷརྨཱ་ཤྲཱི་མི་ཏྲ་དང་ལོཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱརྱ་ཙ་ལ་སཱ་དྷ་ནཱཾ། བོད་སྐད་དུ། འཕགས་པ་མི་གཡོ་བའི་བསྒྲུབ་ཐབས། རྡོ་རྗེ་རྣོན་པོ་ལ ་ཕྱག་འཚལ་ལོ། །གསུང་སྒྲ་ཟབ་མོའི་སྒྲ་སྒྲོགས་ཤིང། །འཇམ་པའི་མགོན་ལ་ཕྱག་འཚལ་ནས། །མཚན་གྱི་དོན་ལ་རབ་བརྟེན་ཏེ། །བདག་གིས་སྒྲུབ་ཐབས་རབ་ཏུ་བཤད། །མེ་ཏོག་ཁང་པ་མཛེས་པར་ནི། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །རང ་གི་སྙིང་ཁའི་ཨ་ལས་ནི། །དཀོན་མཆོག་ལ་སོགས་སྤྱན་དྲངས་ཏེ། །ཕྱག་འཚལ་མཆོད་པ་སོགས་པ་བྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ོཾ་ཨ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཙཀྲ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་བསྐྱེད་དེ། །སྐུ་མདོག་པདྨ་རལ་གྲི་བསྣམས། །གླང་ཆེན་སྟེང་དུ་རབ་ཏུ་བསམ། །ཉི་སྟེང་རལ་གྲི་འཕྲོ་འདུ་ལས། །མི་གཡོ་བར་ནི་རབ་ཏུ་གྱུར། །རལ་པ་གཅིག་བསྡུས་འགྱིད་བག་ཅན། །སྐུ་མདོག་དམར་ནག་འཇིགས་བྱེད་ཆེ། །གླང་ཆེན་ཀོ་བ་རློན་པས ་བརྒྱན། །ཤུགས་དང་བཅས་པའི་ཀླུ་ཡིས་བརྒྱན། །ཞགས་པ་རལ་གྲི་ཕྱག་ན་བསྣམས། །ཧ་ཧ་ཧི་ཧི་རྡོ་རྗེའི་སྒྲ། །མེའི་ཕུང་པོ་རབ་འཕྲོ་བས། །ཚད་མེད་བཞི་ལྡན་བསྒོམ་པར་བྱ། །ཉི་མ་ཨའི་ས་བོན་ལས། །བདེ་གཤེགས་སྤྱན་དྲངས་རབ་ཏུ་མཆོད། ། ་ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ནས། །དབང་བསྐུར་བྱིན་བརླབས་ལ་སོགས་བྱ། །དེ་ནས་སྐྱོན་བཟླས་པ་བྱ་སྟེ། ཨོཾ་བཛྲ་ཏིཀྵྞ་ཨ་ཙ་ལ་དྷི། དེ་ནས་གཏོར་མ་བཏང་བར་བྱའོ། །ོཾ་བཛྲ་མུ(རྒྱུད་འགྲེལ་བདག་གིས་སྒྲུབ་ཐབས་ལས་བྱུང་བ། །དགེ་བ་ཟླ་ལྟར་གསལ་བ་གང། །དེ་ཡིས་སྐུ་གསུམ་ཐོབ་པར་ཤོག་།མི་གཡོ་བའི་སྒྲུབས་ཐབས། །སློབ་དཔོན་ཨ་ཤོ་ཀ་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དྷརྨཱ་ཤྲཱི་མི་ཏྲ་དང། ལོཙྪ་བ་དགེ ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། བ་ལིཾ་བི་ཏི། བོད་སྐད་དུ། གཏོར་མའི་ཆོ་ག་།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་ཆེན་པོ་འཆད། །དཔག་བསམ་ཤིང ་ཆེན་རྒྱས་འདྲ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག་།སེམས་ཅན་ཀུན་དོན་བྱེད་ལ་འདུད། །གཏོར་མའི་རིམ་པ་བཤད་པར་བྱ། །དང་པོར་ལྷའི་རྣལ་འབྱོར་དང་ལྡན་པར་སྔགས་པས་རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཁ་ཟས་ཀྱི་འབྱོར་བ་དྲི་དང་ཁ་དོག་དང ་ལྡན་པ་སྣ་ཚོགས་བཅུག?་ལ། །གཏོར་མའི་ནང་དུ་ཡི་གེ་ཨ་ལས་ཡིད་བཞིན་གྱི་ནོར་བུ་འབར་བ་ཟླ་བའི་སྟེང་དུ་རྣམ་པར་བསམས་ལ། དེ་ལས་བདུད་རྩི་ཆུ་རྒྱུན་དང། འདོད་པའི་ཡོན་ཏན་གྱི་རྣམ་པར་སྤྲས་པས་སྣོད་དང་བཅུད་ཆོས་ཀྱི་དབྱིངས་ཁྱབ་པར ་བསམ་ཞིང་བསྒོམ་པ་ནི། །ཡིད་བཞིན་ནོར་བུ་ཆེན་པོ་འཆང། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག་ཅེས་བྱའོ། །བདག་ཉིད་ཀྱི་སྙིང་ཁའི་དྷི་ལས། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག་།ཅེས་བྱ་བ་ནི། དཔག་བསམ ་གྱི་ཤིང་ནམ་མཁའ་ཨི་མཛའ་དང་མཉམ་པ། བུམ་པ་བདུད་རྩིས་གང་བའི་འབྲས་བུ་སྨིན་པ་བདུད་རྩི་རྣམ་པར་འཛག་པ་ཡིས་གཏོར་མའི་རྒྱུན་རྒྱས་པར་བསམ་མོ། །ཐུགས་ཁའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་དབབ་ཏེ། གཉིས་སུ་མེད་པར་བསམ་མོ། ། ་