CLOSE WINDOW

N2227: 'jam dpal ye shes sems dpa' dang po'i sangs rgyas zhes bya ba'i sgrub thabs
Wyliee-texts based on the ACIP/ALL Input

དཔལ་གྱི་སྦྱིན་སྲེག་སློབ་དཔོན་མྱ་ངན་མེད་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་ཨ་དྭ་བུདྡྷ་སཱ་དྷ་ནཱ་མ། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའི་སངས་རྒྱས་ཞེས་བྱ་བའི་གྲུབ་ཐབས། འཕགས ་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མ་བར་དང་ཐར་སངས་རྒྱས། །སྲིད་པའི་དྲི་མ་དང་བྲལ་བའི། །རང་བཞིན་གྱིས་ནི་དག་པའི་སྐུ། །དང་པོའི་སངས་རྒྱས་ལ་གཏུང་ནས། །སྙིང་པོ་བསྡུས་པའི་མཚན་རྒྱུད་ལས། །ཡེ་ཤེས ་ལྔའི་སྒྲུབ་ཐབས་འདི། །མ་རིག་འཕྲུལ་པ་སྤངས་པའི་ཕྱིར། །གསུང་གི་སྒྲུབ་ཐབས་གསལ་ཕྱིར་བྲི། །གནས་ཁང་ཡིད་དུ་འོང་བར་ནི། །བདེ་བའི་སྟོན་ལ་ཉེར་འདུག་སྟེ། །ཚད་མེད་བཞི་པ་བསྒོམས་བྱས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ ་ཨ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཙཀྲ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་བསྐྱེད་པར་བྱ། །དང་པོ་ཡི་ནི་དབྱངས་ཡིག་ལས། །ཐབས་དང་ཤེས་རབ་རང་བཞིན་གྱི། །ཡེ་ཤེས་མིག་ཅིག་ཨེ་ཡི་ནང། །ཉོན་མོངས་དྲི་མེད་པདྨའོ། །དང་པོའི་དབྱངས་ཡིག་ལས་བྱུང་བའི། །པཾ་ལས་བྱུང་བའི་པདྨའི་ནང། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས ་སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྡོ་རྗེ་གནོན་པོ་རང་བཞིན་ཞལ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །རྣམ་དག་ཤེས་རབ་ཡེ་ཤེས་ཞལ། །སྨྲ་བའི་སྐྱབས་མཆོག་དམ ་པ་ཡི། །བཅོམ་ལྡན་འདས་སྡུག་བསྔལ་གཅོད་པའི་ཞལ། །སྟོབས་དང་ལྡན་པ་སྨྲ་བའི་རྒྱལ། །གསུང་དབྱངས་རྡོ་རྗེ་ཆོས་ཀྱི་ཞལ། །སྨྲ་བའི་དམ་པ་མཆོག་གི་གནས། །རྡོ་རྗེ་ཟབ་མོ་སྐུའི་ཞལ། །སྨྲ་བའི་སེང་གེ་ཉོན་མོངས་སེལ། །ཁ་དོག་སོ་སོ་མཚུངས ་མེད་ཞལ། །ཀུན་ཏུ་བལྟས་པ་མཆོག་ཏུ་དགའ་། །སྐུ་ནི་གཟི་བརྗོད་ཕུང་པོ་ཡིས། །མཚན་དང་དཔེ་བྱང་ལྟ་ན་སྡུག་།འོད་བཟང་རིན་ཆེན་འབར་བ་སྟེ། །གཡོན་པའི་ཕྱག་བཞི་པོ་ཏི་འཛིན། །གཡས་པ་ཡི་ནི་ཕྱག་བཞི་ཡིས། །འོང་དང་བཅས་པའི ་རལ་གྲི་འཕྱར། །སྨན་པ་ཆེ་མཆོག་གཞོན་ནུའི་སྐུ། །ལྗོན་པའི་ཤིང་དང་བཅས་པའོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སངས་རྒྱས་ཀུན་གྱི་གསུང་ཆེ་བ། །རྩིབས་པ་ཞི་མུ་ཁྱུད་གསུང་ཡང་ཡིན། །ོཾ་བཛྲ་ཏིཀྵྞ་ནུབ ་ཏུའོ། །དུ(རྒྱུད་འགྲེལ་གསལ་བྱེད་དང་ནི་དབྱངས་ཡིག་ནི། །མུ་ཁྱུད་བཞི་ལ་བསམ་པ་སྟེ། །དེ་ལྟར་ཤེས་རབ་འཁོར་ལོའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །རྡོ་རྗེ་ཉི་མ་ཤེས་རབ་ཆེ། །རྡོ་རྗེ་ཟླ་བ་ཐབས་ཀྱི་བདག་།ཆགས་དང ་ཆགས་བྲལ་ཡིག་འབྲུ་མཆོག་།ཁ་དོག་སྣ་ཚོགས་འབར་བའི་འོད། །ོཾ་པྲ་ཀྲི་ཏ་པ་རི་ཤུདྡྷ། སརྦ་དྷརྨཱ་ཡ་ཏུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་མུ་པ་ཏ་ཡེ་ཏི་ཨ། ཨ་ཨཱ་ཨ་ཨའི་ཨུ་ཨའུ་ཨེ་ཨི་ཨོ་ཨོ་ཨཾ ་ཨ(རྒྱུད་འགྲེལ་བྷ་ག་ཝཾ་ཛྙཱ་ན་མུརྟི་ཝཱ་གི་ཤྭ་ར། མཧཱ་པ་ཙ། ཨ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ག་ཡ་ན། ཨ་མཱ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦབ་ཨ། དེ་ལྟར་བསྐྱེད་ནས་བསྒོམ་པར་བྱའོ། །དེ་ནས་གསང་སྔགས་བཟླས་པར་བྱ། །ོཾ་བཛྲ་ཏིཀྵ་དུ: ་ཁཙྪེ་ད། པྲཛྙཱ་ཛྙཱ་ན་མུརྟ་ཡེ། ཛྙཱ་ན་ཀཱ་ཡ། ཀཱ་གི་ཤྭ་ར། ཨ་ར་པ་ཙ་ན་ཡ་ཏེ་ན་མ། ད་ནི་མཚན་ནས་བརྗོད་པ་ནི། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའ་ཨི་མཐས་གཏུགས་པར། །ཆོས་ཀྱི ་འཁོར་ལོ་ལེགས་པར་བསྐོར། །འགྲོ་དང་འདུག་པ་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དེ་ལྟར་བསྒོམས་ནས་མཚན་བརྗོད་དོ། །གཏོར་མ་ཕུལ་ནས་གཤེགས་སུ་གསོལ། །བདག་ཉིད་སྤྱོད་ལམ་གནས་པར་བྱའོ། །མདོ ་རྒྱུན་སྙིང་པོའི་དོན་ལས་ནི། །མན་ངག་ལ་བརྟེན་གཞུང་འདི་བརྩམས། །དེ་ཡི་བསོད་ནམས་གང་བསགས་པ། །འགྲོ་རྣམས་འཇམ་དབྱངས་ཐོབ་པར་ཤོག་།སློབ་དཔོན་ཨ་ཥ་དྷུ་ཏིས་མཛད་པའི་དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་རྫོགས་སོ།། ་དྷརྨཱ་ཤྲཱི་མི་ཏྲ་དང། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། *། (།མཆོད་རྟེན་བསྒྲུབ་པའི་ཆོག་མདོར་བསྡུ་བའི་ཨ་བ་དྷུ་ཏིས་མཛད་པ་བཞུགས་སོ།)་།རྒྱ་གར་སྐད་དུ། ཙ་དོ་སཱ་དྷ་པཉྩི་ཏྲི་ཏ། བོད་སྐད་དུ། མཆོད་རྟེན་གྱི་སྒྲུབ་པས ་