CLOSE WINDOW

N2226: sbyin sreg gi cho ga mdor byas pa
Wyliee-texts based on the ACIP/ALL Input

པཎྚི་ཏ་དྷརྨ་ཤྲཱི་མི་ཏྲ་དང། ལོཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། `་།། *། །རྒྱ་གར་སྐད་དུ། ཧོ་མ་བི་དྷི་པཊ་ཏི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་མདོར་བྱས་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ ་དང་པོ་སྔགས་པ་ནི། རང་ལུས་འཇིགས་ཀྱང་གཞན་ཕན་བརྩོན། །རྙེད་དང་བཀུར་སྟི་མ་ཆགས་སེམས། །སེམས་ཅན་དོན་དགའ་སྦྱིན་སྲེག་བྱ། །དང་པོར་སའི་ཆོ་ག་དང་སྟ་གོན་ཆོ་ག་བྱ་སྟེ། རང་ཡིད་དུ་འོང་བའི་སའི་ཐིག་གདབ་སྟེ། །དཀྱིལ་འཁོར་གྱི་དབུས་སུ་ཐབ ་ཁུང་རྒྱར་ཁྲུ་གང་ཟབ་སུ་དེའི་ཁྲུ་ཕྱེད་པ་ཁ་ཁྱེར་སོར་བཞི་བྱི་དོར་བྱ། །ནང་དུ་པདྨ་རྡོ་རྗེས་མཚན་པ། །བྱུག་པ་དང་དྲི་དང་མེ་ཏོག་དཀར་པོས་བརྒྱན་པ། །མཚམས་སུ་རྡོ་རྗེ་རྩ་གསུམ་པ། །ཁ་ཁྱེར་ལ་ཀུ་ཤ་དགྲམ་པར་བྱའོ། །ཤིན་ཏུ་སར་པའི་རས་ཀྱིས་གཡོག ་པར་བྱ། །དེ་ནས་མཆོད་རྫས་དང་སྲེག་རྫས་དང། །ཡམས་ཤིང་བུད་ཤིང་དང་དགང་གཟང་ལ་སོགས་པ་བཤམས་ཏེ། །མཆོད་རྫས་གཡོན་དུ་གཞག་སྲེག་རྫས་གཡས་སུ་གཞག་།དགང་གཟར་དང་བླུགས་གཟར་མར་ནི་མདུན། །དེ་ནས་བསོད་ནམས ་ཚོགས་བསགས་ལ། །ཚད་མེད་བཞི་ལྡན་སེམས་བསྐྱེད་བྱའོ། །དེ་ནས་སྟོང་པའི་ཏིང་འཛིན་བསྒོམ་།ོཾ་ཨ་བྷ་ཝ་སྭ་བྷ་ཝ་བཛྲ་ཙཀྲ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་གསལ། དེ་ནས་རི་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བ་བསྐྱེད་པར་བྱའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས་དེ་ནས་ཨ་ལས་མེ་ལྷ་ནི། །སྐུ་མདོག་དཀར་པོ་ཚངས་པའི་གཟུགས། །དབྱུག་པ་བགྲང་ཕྲེང་འཛིན་པར་བསྐྱེད། །སྤྱན་དྲངས ་མཆོད་བསྟོད་བྱས་ནས་བསྟིམ། །བུམ་པའི་ཆུ་ཡིས་བགེགས་བསྐྲད་བྱ། །དེ་ནས་མར་ནི་དགང་བླུག་གསུམ། །མེ་ལྷ་ཉིད་ལ་དབུལ་བར་བྱའོ། །མེ་མཚན་ངན་ན་སྤོབས་པ་བྱ། །དེ་ནས་མཆོད་རྫས་དབུལ་བྱ་ཞིང། །སྲེག་རྫས་ཕུལ་ནས་བསྟོད་པ་བྱ། ། ་ནོར་བུ་ཆེན་པོ་འོད་ཆགས་དཔལ་ཞེས་པ་ནི། །དེ་ནས་ཐུགས་ཁར་ཕོ་བྲང་བཙལ། །བགེགས་ལ་སོགས་པ་གོང་བཞིན་བྱ། །སྲེག་རྫས་མཆོད་རྫས་ཐམས་ཅད་དབུལ། །གདགས་པ་ཞི་བ་ཤཱནྟིཾ་ངོ། །།སྤྲིན་དཀར་དག་པ་བཞིན་དུ ་དཀར། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །དེ་ནས་བུམ་པའི་ཆུས་བསངས་ལ། །སྲེག་རྫས་མཆོད་རྫས་ཐམས་ཅད་དབུལ། །དགང་བླུགས་གཉིས་ཀྱང་དབུལ་བར་བྱ། །དེ་ནས་ཕྲིན་ལས་བཅོལ་བྱ་ཞིང། །བསྟོད་པའི་རིམ་པ་གཞུང་བཞིན ་བསྟོད། །རྩ་སྔགས་མུ(རྒྱུད་འགྲེལ་དཔལ་གྱི་སྦྱིན་སྲེག་སློབ་དཔོན་མྱ་ངན་མེད་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་ཨ་དྭ་བུདྡྷ་སཱ་དྷ་ནཱ་མ། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའི་སངས་རྒྱས་ཞེས་བྱ་བའི་གྲུབ་ཐབས། འཕགས ་