| Wylie | e-texts based on the ACIP/ALL Input |
སྦྱས་བསྒྱུད་བའོ།། (།།*། །གསང་ལྡན་གྱི་ཐོ་ཡིག་སྨྲི་ཏིས་ཛྙཱ་ན་ཀིརྟིས་མཛད་པ་བཞུགས་སོ།)་།འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་ཀུན་བདག་པོ་འཇམ་དཔལ་དང། །བླ་མ་དེ་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་སྒྲུབ་འདོད་པ ་གང་ཟག་རྣམས་ལ་ཕན་པའི་ཕྱིར། །བླ་མ་རིམ་པ་བརྒྱུད་པ་ཡིས། །ཆོ་གའི་རིམ་པ་བརྗོད་པར་བྱ། །དཀྱིལ་འཁོར་བདུན་གྱི་ཆོ་ག་ལ། །བསྙེན་པ་ས་དང་སྟ་གོན་དང། །དཀྱིལ་འཁོར་ཞག་གི་ཆོ་གའོ། །བསྙེན་པའི་ལས་སུ་བྱ་བ་ལ། །དང་པོ་ལས་དང་སྦྱོར་བ་གསུམ། །མཆོད ་བསྟོད་བསྙེན་པར་བྱ་བའོ། །དང་པོའི་ལས་སུ་བྱ་བ་ལ། །ཉེ་རེག་འཐོར་འཐུང་སྟོང་པར་བསྒོམ། །སྐུར་གྱུར་ལྕེ་དང་ལག་པ་བརླབ། །བསྲུང་དང་ཚོགས་བསག་ཕྱག་ལྔ་བྱ། །སྡོམ་བཟུང་ལུས་བསྲེག་སྐུར་ལྡང་ངོ། །སྲུང་ལ་བདག་དང་གནས་སྲུང་སྟེ། །བདག་ཉིད་སྲུང་བ་བྱ་བ ་ཡང། །བསྐྱེད་བརླབ་དབང་དང་གོ་པ་བསྒོའོ། །གནས་སྲུང་བ་ཡི་རིམ་པ་ལ། །བསྣུན་དང་བསྲེག་དང་བཅིང་བ་བྱ། །ཁྲོ་བོ་རྡོ་རྗེའི་ར་བ་བསྒོམ། །ཚོགས་བསག་པ་ཡི་རིམ་པ་ཡང། །སྦྱིན་སྲེག་བྱ་ཞིང་མཆོད་པ་བརླབ། །རྟེན་སྤྲུལ་བསྟོད་དེ་གསལ་པོར་བསྒོམ། །དགའ་བར ་གྱུར་པས་བསྟོད་པ་བྱ། །ཕྱག་མཆོད་སྡིག་བཤགས་ཡི་རང་བྱ། །བསྐུལ་དང་གསོལ་གདབ་དགེ་བ་སྔོ། །སྐྱབས་འགྲོ་ལམ་བསྟེན་སེམས་སྐྱེད་དོ། །བསྟོད་བྱ་གནད་སྦྱིན་བསླར་བསྟོད་བྱ། །སྦྱོར་བ་གསུམ་ལ་དང་པོ་དང། །རྒྱལ་མཆོག་དང་ནི་ལས་དག་གོ་།དང་པོའི་སྦྱོར་བ ་བྱ་བ་ལ། །ཡེ་ཤེས་བཞི་དང་གཙོ་བོ་བསྐྱེད། །ཡེ་ཤེས་མེ་ལོང་མཉམ་ཉིད་དང། །སོ་སོ་ཆོས་དབྱིངས་ནན་ཏན་ནོ། །གཞི་ལ་རྡོ་རྗེ་མཆོད་རྟེན་དང། །ཆོས་འབྱུང་རྒྱ་གྲམ་བསྒོམ་པ་དང། །གཞལ་ཡས་གདན་དང་བཅས་པའོ། །གཙོ་བོ་བསྐྱེད་པ་དག་ལ་ཡང། །ཆོ་ག ་རྣམ་པ་གསུམ་ལས་སུ། །གཞི་ཡི་སངས་རྒྱས་བསྐྱེད་བ་དང། །དང་པོའི་སངས་རྒྱས་འཁོར་ལོ་དང། །ཡེ་ཤེས་སེམས་དང་ཟླ་བ་ཨའོ། །དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་ཡང། །དང་པོར་ཡིག་འབྲུ་བསྐྱེད་པ་དང། །དེ་ལས་ཕྱག་མཚན་སྐུ་ཕྲ་མོ། །ཐིག་ལེར་གྱུར ་ཏེ་སྐུ་རྣམས་བསྐྱེད། །ལས་ཀྱི་རྒྱལ་པོ་མཆོག་ལ་ནི། །སྒོ་དབྱེ་བསྡུ་བསྐྲད་ཡོན་དབུལ་བསྟོད། །བསྟིམ་ལ་བསྐྲད་དེ་སྒོ་ཡང་བཅང། །རྒྱས་གདབ་དབང་བསྐུར་ལས་ལ་སྦྱད། །མཆོད་ཅིང་བསྟོད་པ་བྱ་བ་ཡང། །དང་པོའི་སངས་རྒྱས་བྱ་བྱས་ལ། །མཆོད་བརླབ་སྒོ་དབྱེ་སྙན ་གསན་དབབ། །སྤྱན་དྲངས་བསྐྲད་ལ་ཡོན་དབུལ་བསྟོད། །ནང་དུ་དགུག་གཞུག་བྱ་བ་དང། །བསྐྲད་ཅིང་སྒོ་བཅང་གོ་ཡང་སྒོ། །རྒྱས་གདབ་དབང་དང་ལྡན་བར་བྱས། །མཆོད་དང་བསྟོད་པ་རྒྱས་པར་བྱའོ། །བསྙེན་པ་བྱ་བའི་རིམ་པ་ཡང། ། ་ཕྱག་བྱས་ཐུགས་བཞུགས་ལས་སྔགས་བརྗོད། །སྔགས་དགོད་བརྟན་བྱས་ཟླ་བ་བྱ། །ཐུན་མཚམས་ངག་ཏུ་རང་བྱ་ལ། མཆོད་བསྟོད་ཕྱག་རྒྱ་དགེ་བ་བསྔོ། །བཟོད་གསོལ་ལྷ་བསྡུས་སྤྱོད་ལམ་བྱ། །ཐུན་ལ་བབས་ན་ནང་ཞུགས་སྐྲད། །སྒོ་བཅད་ལྷ་དགོད ་མཆོད་པ་བརླབ། །མཆོད་བསྟོད་ཕྱག་བྱ་ཡོན་ཆབ་དབུལ། །ཐུགས་ཀར་ཞུགས་ཏེ་གོང་ལྟར་བྱ། །ཐུན་གསུམ་དག་ལ་དེ་དང་འབར། །ཐུན་བཞི་པ་ཡི་ཐ་མ་རུ། །གོང་ལྟར་བྱས་ལ་དོན་གསོལ་གདབ། །སྨོན་ལམ་གདབ་ལ་ཡེ་ཤེས་གཤེགས། །དཀྱིལ་འཁོར་བསྡུས ་ཏེ་རང་ལ་བསྲུང། །བརྒྱ་པ་བཟླས་ཏེ་སྤྱོད་ལམ་བྱའོ། །དེ་ནི་བསྙེན་པ་རྒྱས་པའོ། །བསྙེན་པ་བསྡུས་པ་བྱ་བ་ཡང། །གཙོ་བོ་ཡན་ཆད་སྒོམ་བྱས་ལ། །སྦྱོར་བ་རྣམ་གཉིས་བཞག་པ་སྟེ། །ཕྱི་མ་གོང་ལྟར་བྱ་བ་ཡིན། །གྲངས་དང་མཚན་མའི་བསྙེན་པ་ཡང ་བཟླས་དང་བསྒོམ་པའི་ཁྱད་པར་རོ། །དེ་ལྟར་བྱ་བའི་ཅེས་དག་ལ། །ཕྲན་ཚེགས་པ་ནི་ཅི་རིགས་གདགས། དེ་རྣམས་སྔོན་དུ་བསྙེན་པའོ། །དེ་ནས་སའི་ཆོ་ག་སྟེ། །བརྟག་དང་བསླང་དང་སྦྱང་བ་དང། །གཟུང་དང་རྡོ་རྗེའི་སྒྲུབ་པའོ། །བརྟག་པ་ཕྱོགས་དང་མཚན ་ཉིད་དང། །གནས་དང་ལྟོ་འཕྱེའི་བརྟག་པའོ། །སླང་བ་སྣང་དང་མི་སྣང་སྟེ། །མི་སྣང་བ་ལ་བསླང་བ་ཡང། །མཎྜལ་བྱས་ལ་དྲི་ཚོམ་དགོད། །བདག་ཉིད་ལྷར་བསྐྱེད་ལྷ་ཚོགས་སྤྲུལ། །དེ་ལ་མཆོད་སྟོད་གཏོར་མ་སྦྱིན། །ལྷ་མོ་བསྐྱེད་ལ་སྤྱན་དྲངས ་ཏེ། །བསྐྲད་བསྟིམ་རྒྱས་གདབ་དབང་བསྐུར་བྱ། །མཆོད་དང་གཏོར་འབུལ་ས་སླང་བྱ། །ཡེ་ཤེས་གཤེགས་ལ་དམ་ཚིག་བསྟིམ། །སྦྱང་བ་ལས་དང་བྱ་བ་དང། །སྔགས་དང་ཕྱག་རྒྱས་སྦྱང་བྱས་ཏེ། །པྲ་བརྟག་བུམ་ཞུགས་འཐས་པར་བཅག། ་རྡོ་རྗེ་སྒྲུབ་བར་བྱ་བ་ནི། །སློབ་དཔོན་རྒྱན་གྱིས་བརྒྱན་བྱས་ལ། །སྟེགས་བུའི་དབུས་སུ་གནས་བྱས་ཏེ། །དང་པོར་ཉེ་རེག་བྱ་བ་ནས། །བཟླས་ལ་ཐུག་པ་ཡན་ཆོད་བྱ། །མཆོད་ཅིང་བསྟོད་ལ་གསོལ་བ་གདབ། །དཀྱིལ་འཁོར་བཏེག་ལ་རང་ཡང་བབས། །གནས ་གསུམ་བརླབས་ལ་སྤྲོ་བ་བསྐྱེད། །ཕྱག་བྱས་སྤོས་ཐོག་སྤྱན་ཡང་དྲང། །བཀའ་བསྒོ་བསྐོར་ཏེ་བསྲུང་བ་བྱ། །བྷྲུཾ་མམ་ཁཾ་ལས་དཀྱིལ་འཁོར་བསྐྱེད། །ཁྲོ་བོ་གསང་བ་བསྟིམ་བྱས་ལ། །ཕུར་བུས་གདབ་པའི་ལས་བྱའོ། །སྟ་གོན་བྱ་བའི་རིམ་པ་ནི། །ལྷ་དང་བུམ ་པ་སྦྱིན་སྲེག་དང། །ལྷ་མོ་དང་ནི་སློབ་མའོ། །ལྷ་ཡི་སྟ་གོན་བྱ་བ་ལ། །གནས་སུ་དྲི་དང་མེ་ཏོག་དགོད། །དེ་ལས་ལྷར་སྐྱེད་བསྟིམ་ལ་མཆོད། །བུམ་པ་མཚན་ཉིད་ལྡན་བྱ་ལ། །མཚན་བྱ་མགུལ་བཅིངས་ཁ་རྒྱན་ཏེ། །བསྐྲད་བདུག་བསངས་ལ་བཅུད་བླུག་གོ་། ་བུམ་པ་བཾ་ལས་བསྐྱེད་བྱས་ལ། །ནང་དུ་ལྷ་བསྐྱེད་སྤྱན་ཡང་དྲང། །བསྟིམ་ལ་རྒྱས་གདབ་དབང་ལྡན་བྱ། །མཆོད་ཅིང་བསྟོད་ལ་བཟླས་པར་བྱའོ། །སྦྱིན་སྲེག་ཤར་དུ་ཐབ་བྱས་ལ། །ཤིང་གཅེར་མེ་སྤར་མེ་ལྷ་བསྐྱེད། །དེ་ལ་མཆོད་ལ་ཐུགས་ཁར་ནི ་བུམ?་རྩེགས་བསྐྱེད་ལ་སྤྱན་དྲངས་བསྟིམ། །མཆོད་ཅིང་བསྟོད་ལ་སྲེག་རྫས་དབུལ། །སྤྱན་མ་གནོད་སྦྱིན་དག་ལ་ཡང། །སྦྱིན་སྲེག་རིམ་བཞིན་དབུལ་བར་བྱ། །ས་ཡི་ལྷ་མོའི་སྟ་གོན་ནི། །གོང་ལྟར་བྱས་ཏེ་མི་གཤེགས་སོ། །དེ་ནས་སློབ་མའི་སྟ་གོན་ནི། ། ་ཕྱི་རོལ་གཏོར་མ་བྱིན་བྱས་ལ། །ཁྲུས་བྱས་གོས་གོན་མེ་ཏོག་ཐོགས། །ཕྱག་བྱས་གསོལ་གདབ་སྣ་གཏོང་བསྐུལ། །སྡིག་བཤགས་ཡི་རང་སྐྱབས་སུ་འགྲོ་།སེམས་བསྐྱེད་ལམ་གནས་རྡོ་རྗེ་ལྟ་བུ་བྱ། །ལྷར་བསྐྱེད་བྱིན་བརླབས་དེ་ལ་མཆོད། །སོ་ཤིང་ཀུ་ཤ་སྲུང ་སྐུད་གདགས། །གཟེངས་བསྟོད་ཉལ་གཞུག་སྤྲོ་བ་བསྐྱེད། །ལྷ་ལ་མཆོད་ཅིང་བསྟོད་པ་བྱ། །ཕྱག་བྱས་གསོལ་བ་ལན་གསུམ་གདབ། །དགེ་བ་བསྔོ་ཞིང་བཟོད་གསོལ་བྱ། །གསོལ་བ་གདབ་ཅིང་སྨོན་ལམ་གདབ། །སངས་རྒྱས་དང་པོར་མཚན་འདོན ་གནས། །དཀྱིལ་འཁོར་ཞག་གི་ཆོ་ག་ལ། །ཐིག་དང་ཚོན་དང་སྒྲུབ་པ་དང། །འཇུག་ཅིང་དབང་བསྐུར་བྱ་བའོ། །ཐིག་ལེ་ལས་དང་ཡེ་ཤེས་ཏེ། །ཡེ་ཤེས་སྣལ་མ་སར་བ་ལ། །བྱིན་བརླབས་བསྒྲིལ་ཏེ་སྣོད་བཅུག་མཆོད། བཟླས་ཏེ་རིམ ་པས་གདབ་པར་བྱ། །གདབ་པ་དང་པོ་གནམ་ཐིག་སྟེ། །དེ་ནས་ས་ཐིག་གདབ་པའོ། །ཚོན་ནི་བྱིན་བརླབས་བཟླས་ཏེ་དགྱེ། །པན་ཙ་ར་ཀ་ཕྱོགས་ཚོན་དང། །མཚན་མའི་བྱེ་བྲག་བྲི་བར་བྱ། །བསྒྲུབ་བ་བྱ་བའི་རིམ་པ་ཡང། །དཀྱིལ་འཁོར་བརྒྱན་ཏེ་མདོ ་གདོན་བཞག་།ཁྲུས་བྱས་གཞན་ལ་ཤར་སྒོར་གནས། །བསྲུང་དང་གསང་གཏོར་དཀྱིལ་འཁོར་བསླང། །སྒོ་ཕྱེ་བུམ་དགོད་ལྷར་བསྐྱེད་དེ། །ནམ་མཁའ་ཨི་ལྷ་ཚོགས་ཕབ་ལ་བསྲེ། །བདག་ཉིད་དང་པོའི་ལྷར་བསྐྱེད་དེ། །སྔགས་བཟླས་ཕར་སྤྲོ་ཚུད་འདུ་བྱ ་ལྷ་རྣམས་སྟོང་བསྒོམས་སླར་ལ་བསྐྱེད། །དེ་ནས་སྒོ་དབྱེ་ལ་སོགས་པ། །སྔོན་དུ་བསྟན་པ་བཞིན་དུ་བྱ། །ཕྱི་རོལ་དག?་ཏུ་བྱུང་བྱས་ལ། །འཇིག་རྟེན་པ་ལ་གཏོར་མ་བྱིན། །སློབ་ལ་ནང་དུ་ཞུགས་བྱས་ལ། །སྦྱིན་སྲེག་དག་གིས་ཚིམ་པར་བྱ། །དེ་ནས་སློབ ་མ་འཇུག་པར་ཡང། །ལྷ་ལ་གསོལ་གདབ་གནང་བར་བསམ། །སློབ་མས་ཁྲུས་བྱས་མེ་ཏོག་ཐོགས། །ཡོལ་བས་བཅད་ལ་ཕྱི་རོལ་དགུག་།སློབ་མས་ཕྱག་བྱས་གསོལ་བ་གདབ། །གདོང་དང་སྟོད་དང་སྨད་གཡོགས་ཏེ། ནང་བཀུག་ཕྱག་བྱ་སྡིག་པ ་བཤགས། །ཡི་རང་བསྐུལ་དང་གསོལ་བ་གདབ། །སློབ་དཔོན་འདོད་ཕྱིར་ཡང་གསོལ་གདབ། །དེ་ནས་དམ་ཚིག་དག་ནི་དབོག་།དམ་ཚིག་འཛིན་པར་ཁས་ལེན་གཞུག་།སེམས་བསྐྱེད་པ་དང་ལྷར་བསྐྱེད་བརླབ། །དམ་ཚིག་བསྒྲག་ཅིང་དེ་ལ་མཆོད། །ལས་ཀྱི་བུམ ་པས་དབང་ཡང་བསྐུར། །སྒོ་བཞིར་བཅུག་ལ་སླར་ཡང་ནི། །ཤར་སྒེར་བཞག་ལ་མནའ་ཡང་སྒག་།མནའ་ཆུ་བླུད་ལ་ཡེ་ཤེས་དབབ། །མཆོད་ཅིང་སྨྲར་གཞུག་ཕྲེང་བ་དོར། །མགོ་ལ་བཅིངས་ཏེ་སྣང་བ་བརྟག་།མི་དབྱེ་བ་དང་དཀྱིལ་འཁོར་བསྟན། །དབང་བསྐུར ་བ་ཡི་རིམ་པ་དང། །སྒྲུབ་པ་པོ་དང་སློབ་དཔོན་ནི། །སྒྲུབ་པ་པོ་རུ་དབང་བསྐུར་ན། །རང་གི་ལྷར་བསྐྱེད་དེ་ལ་མཆོད། །དང་པོ་རིག་པའི་དབང་བསྐུར་ཏེ། །བཀྲ་ཤིས་བརྗོད་ཅིང་ཆུ་དབང་བསྐུར། །དབུ་རྒྱན་དང་ནི་རྡོ་རྗེ་སྦྱིན། །དྲིལ་བུ་དང་ནི་མིང་ཡང་གདགས། །གསང་བའི ་ཡེ་ཤེས་སྔགས་ཀྱང་སྦྱིན། །ཕྱག་རྒྱ་བཞི་བརླབ་བརྟུལ་ཞུགས་སྦྱིན། །སློབ་དཔོན་དག་ཏུ་དབང་བསྐུར་ན། །ཤར་སྒོ་སྣ་ཚོགས་པདྨ་བྲི། །སློབ་མ་སངས་རྒྱས་དང་པོར་སྐྱེད། །རིག་པའི་དབང་ལྔ་བསྐུར་བར་བྱ། །དམ་ཚིག་གསུམ་དང་གསང་བ་དང། །གསང ་རྒྱལ་དང་ནི་ངེས་པའི་དཔང། །རིམ་པ་བཞིན་དུ་བསྐུར་བར་བྱའོ། །དམ་ཚིག་གསུམ་ལ་རྡོ་རྗེ་དང། །དྲིལ་བུ་དང་ནི་ཕྱག་རྒྱའོ། །གསང་བའི་དབང་ལ་དཀྱིལ་འཁོར་དང། །ལྷ་དང་སློབ་དཔོན་ལས་རྣམས་སོ། །གསང་རྒྱལ་དག་གི་དབང་བསྐུར་བ། །དེ་བཞིན་རིགས་དང ་རྡོ་རྗེ་དང། །རིན་པོ་ཆེ་དང་པདྨ་དང། །ལས་ཀྱི་རིགས་ཀྱི་གསང་བའོ། །ངེས་པའི་དབང་ལ་གཞན་དོན་དང། །རང་དོན་ངེས་པའི་དབང་བསྐུར་རོ། །གཞན་དོན་ངེས་པའི་དབང་བསྐུར་ན། །བྱེ་བྲག་ངག་དང་སྤྱི་ངག་གོ་།བྱེ་བྲག་ལ་ཡང་འདི་ལྟ་སྟེ། །དེ་བཞིན་རིགས་དང ་རྡོ་རྗེ་དང། །རིན་ཆེན་རིགས་དང་པདྨ་དང། །ལས་ཀྱི་རིགས་ཀྱི་ངེས་པའོ། །རང་དོན་ངེས་པའི་དབང་བསྐུར་བ། །གསང་བའི་ཡེ་ཤེས་བརླབ་ཅིང་སྔགས་ཀྱང་སྦྱིན། །ཕྱག་རྒྱ་བཞིན་བརླབ་ལུང་ཡང་བསྟན། །གཟེངས་བསྟོད་པ་དང་དབུགས་དབྱུང་བའོ། །དེ་མཐར་དབང ་བསྟན་བྱ་བའི་ཕྱིར། །བརྟུལ་ཞུགས་དག་གི་དབང་བསྐུར་རོ། །དེ་ལྟར་དབང་བསྐུར་རྫོགས་པ་དང། །དཀྱིལ་འཁོར་ལྷ་ལ་མཆོད་ཅིང་བསྟོད། །དགེ་བ་བསྔོ་ཞིང་བཟོད་གསོལ་བྱ། སྨོན་ལམ་གདབ་ལ་དོན་གསལ་གདབ། །ཡེ་ཤེས་གཤེགས་ལ་དཀྱིལ་འཁོར ་བསྡུ། །བརྒྱ་པ་བཟླས་ཤིང་གཟུགས་བརྙན་བཀྲུ། ལྷག་ཆད་བསྐང་ཕྱིར་སྦྱིན་སྲེག་བྱ། །མཚན་བརྗོད་པ་ཡི་གསུང་རབ་བསྒྲག་།གསང་ལྡན་མ་ཡི་པནདི་ཐ། །དཀྱིལ་འཁོར་བདུན་གྱི་ཐོ་ཡིག་འདི། །བདག་གིས་བསྡེབས་པའི་དགེ་བ་ཡིས། །ཀུན་གྱིས་འཇམ ་མགོན་ཐོབ་པར་ཤོག་།གསང་ལྡན་མའི་ཐོ་ཡིག་།པནྟི་ཐར་བྱས་པ་སྨྲི་ཏི་ཛྙཱ་ན་ཀཱིརྟས་མཛད་པ་རྫོགས་སོ།། །། ཧཱུཾ་བྷྲུཾ་ཧྲཱི:། ཨ་བྲུཾ། སཾ་ཧཾ་ཨཾ་ཡཾ་ཁཾ་ཨ་ཨ། ལྷའི་གཙོ་བོ་བསྐྱེད་དོ། །དཀྱིལ་འཁོར་རྒྱལ་མཆོག ་བསྒོམ་མོ། །ལས་རྒྱལ་མཆོག་བསྒོམ་།། *། (།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་ཤཱནྟ་དྷ་གར་བྷས་མཛད་པ།)་།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་མཎྜལ་བི་དྷི། བོད་སྐད་དུ ་