CLOSE WINDOW

N2216: gsang ldan gyi dka' 'grel don bsdus sgron ma
Wyliee-texts based on the ACIP/ALL Input

དཔལ་བཤེས་གཉེན་གྱིས་མཛད་པ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་ལས། རྡོ་རྗེ་གླུ་གར་བླངས་པའི་ལེའུའི་སྒྲུབ་ཐབས་མདོ་དང་བསྲེས་པ་རྫོགས་སོ།། (།། *། །གསང་ལྡན་གྱི་བཀའ་འགྲེལ་དོན་བསྡུས་སྒྲོན་མ་པཎྜི་ཏ་དེ་བཱ་ཀ་ར་ཙནད་ས་མཛད་པ།།)་བཅོམ ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དང་ནི་ཤེས་རབ་གཉིས། །སངས་རྒྱས་ཀུན་ལྟར་གཉིས་མེད་པ། །དམ་པ་ལམ་སྟོན་ལྟ་བུ་ཡི། །སྐུ་ཡི་རྣམ་པར་འཆར་མཛད་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སློབ་མས་ལེགས་པར ་ཕྱིར་དང། །བདག་ཉིད་ཀྱིས་ཀྱང་དྲན་བྱའི་ཕྱིར། །གསང་ལྡན་བཀའ་འགྲེལ་འདིར་བརྩམ་བྱ། །དེ་ནས་དཀྱུས་ཉིད་ལ་འཇུག་པར་བྱ་སྟེ། །གང་འདི་ལ་སོགས་པའི་ཚིག་རྐང་པ་བཞིས་མཆོད་པར་བརྗོད་པ་སྟོན་ཏེ། འཕགས་པ་འཇམ་དཔལ་ཉིད་སངས་རྒྱས་ཐམས ་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་ཡིན་ལ། དེ་ལ་སློབ་དཔོན་ཉིད་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བ་བསྟན་པའོ། །ཟབ་ཅིང་ལ་སོགས་པ་རྐང་པ་བཞིས་བཤད་པར་དམ་བཅའ་སྟོན་པ་ཏེ། འཕགས་པ་འཇམ་དཔལ་གྱི་མཚན་ཟབ་ཅིང་རྒྱས་བའི་མཚན། རྣལ ་འབྱོར་ཅིའི་རྒྱུད་ལ་བརྟེན་ནས། གཞན་དང་བདག་གི་དོན་དུ་ལ་གྱུར་བའི་ཕྱིར་བཤད་པའོ། །ཐིག་ལེ་བཅུ་དྲུག་མི་ཤིགས་དབུས་ལ་སོགས་པ་རྐང་པ་བཅུ་དྲུག་གིས་གང་ལ་ཞུས་པ་དང་གང་གིས་ཞུས་པ་དང། གང་གི ་དོན་དུ་ཞུས་པ་སྟོན་པ་ལས། གང་ལ་ཞུས་ན་སྐུ་གསུམ་ལ་ཞུས་པ་སྟོན་ཏེ། ཐིག་ལེ་ལ་སོགས་པ་རྐང་པ་བདུན་གྱིས་ཆོས་སྐུ་བརྟན། །གསང་སྔགས་ལ་སོགས་པ་རྐང་པ་གཉིས་ཀྱིས་ལོངས་སྐུ་བསྟན་ལ། སངས་རྒྱས་ལ་སོགས་པ་རྐང་པ་གཉིས་ཀྱིས་སྤྲུལ་སྐུ་བསྟན། ་བྱང་ཆུབ་ལ་སོགས་པ་རྐང་པ་བཞིས་གང་གིས་ཞུས་པ་བསྟོན་ཅིང་བློ་ཞན་དོན་ཕྱིར་རིམ་པ་གསུངས། ཞེས་པ་རྐང་པ་གཅིག་གིས་གང་གི་དོན་དུ་ཞུས་པ་བསྟན་པའོ། །དེ་ལྟར་སླད་ཀྱི་དོན་བསྟན་ནས་གཞུང་ལ་འཇུག་པར་བྱ་སྟེ། གང་གིས་གང་དུ་ཐབས་ཇི་ལྟར་བྱ་བ་དང ་གསུམ་དུ་གནས་པ་ལས། དེ་ལ་དང་པོར་རྡོ་རྗེ་འཆང་ཆེན་པོར། །སློབ་དཔོན་ཆ་ལུགས་གནས་བྱས་ཏེ། ཞེས་པ་རྐང་པ་གཉིས་ཀྱིས་གང་ཟག་གང་གིས་བྱ་བ་སྟོན་ཏེ། སློབ་དཔོན་རིག་པའི་གནས་ལྔ་ལ་སྦྱངས་པ། དེ་ཉིད་བཅུ་ཤེས་ཤིང་འཇིགས་པ་མེད་པས་ཆ་རྐྱེན ་ལྔ་དང་ལྡན་པར་བྱ་སྟེ། ཕྱི་ནང་གི་ཁྲུས་དང། ཕྱི་ནང་གི་བསྲུང་བ་དང། ཕྱི་ནང་གི་གོས་བགོ་བ་དང། ཕྱི་ནང་གི་བྱུག་པ་དང། གནས་དང་སྟན་སྔགས་ཆུས་བསངས་ལ་འདུག་པའོ། །བསམ་གཏན་དང་ནི་རྗེས་འཐུན་པར་ལ་སོགས་པའི་རྐང་པ་དྲུག་གིས་གནས་དང། ་བསྙེན་པ་སྟོན་པ་ལ། གནས་ནི་རྐང་པ་ལྔ་ཡིས་སྟོན་ཏེ། ཟླ་ཡིས་ཕྱེ་བ་གཉིས་ཏེ། བསྙེན་པ་དང་སྒྲུབ་པའི་གནས་སོ། །སོགས་པའི་སྒྲས་ནི་སྒྲུབ་པའི་གནས་བསྡུའོ། །དེར་ཆག་ཆག་སྐྱང་ནུལ་བྱ་ཞིང་མེ་ཏོག་གིས་ཉམས་དགའ་བར་བྱའོ། །གྲོགས་བཟང་བཙལ་ལ་སྙེན་པ ་བརྩམ་ཞེས་པ་རྐང་པ་གཅིག་གིས་བསྙེན་པ་བྱ་བར་དམ་བཅའ་བ་བསྟན་པའོ། །བདག་དང་ས་གཞི་ཡོངས་སྲུང་ཞིང་ལ་སོགས་པ་རྐང་པ་བཞིས་ཚོགས་གསོག་པའི་བར་ཆོད་བསྲུང་བ་བསྟན་ཏེ། རྡོ་རྗེ་འཆང་ཧཱུཾ་མཛད་དུ་བསྒྱུར་ལ། །གཡས་དང་གཡོན་གསེར་གྱི་རྡོ་རྗེ ་དང་དྲིལ་བུ་བསྣམས་པ་ཁྲོ་ཞིང་རྔམ་པའི་ཐུགས་ཁར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་བསམས་ལ་དེ་ལས་འོད་བྱུང་བས་རྡོ་རྗེའི་ས་གཞི་དང་ར་བ་དང་གུར་དང་བླ་རེས་དང་དྲ་བར་གྱུར་པར་བསམ་མོ། །རྒྱས་པ་ལ་དགའ་བ་རྣམས་ཀྱིས་ནི། སྒྱུ་འཕྲུལ་དྲ་བའི་རྗེས་སུ་འབྲང་བ་འམ། རྡོ ་རྗེ་རྩེ་མོ་དག་གི་རྗེས་སུ་འབྲང་བ་ལས་ཤེས་པར་བྱའོ། །འདིར་ནི་བླ་མའི་མན་ངག་བསྡུས་པའོ། །དེ་ནས་ཤིན་ཏུ་རྩེར་ལྡན་པས། སྦྱིན་སྲེག་གིས་ནི་མཉེས་པར་བྱ་ཞེས་པ་རྐང་པ་གཉིས་ཀྱིས་ཚོགས་གསོག་པའི་ཡོ་བྱད་སྤྲུལ་པ་སྟོན་ཏེ། དེ་ལ་སྤྱིར་སྦྱང་ཞིང་བསྲེག་པ་དང། སོ་སོའི་སྔགས ་དང་ཕྱག་རྒྱ་བྱིན་གྱིས་བརླབ་བོ། །སྤྱིར་སྦྱང་ཞིང་བསྲེག་པ་ནི་རྡོ་རྗེ་གནོད་སྦྱིན་ནམ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྤྲོས་ཆུས་བསང་གཏོར་བྱ་བ་ནི་སྤྱིར་སྦྱང་བའོ། །རྡོ་རྗེ་མེའི་སྔགས་དང་ཕྱག་རྒྱ་མི་གཙང་བ་ལ་སོགས་པ་བསྲེགས་པ་ནི་སྲེག་པའོ། །སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་ནི། ཏིལ་དང ་ནས་དང་ཀུ་ཤ་དང། འབྲས་ཡོས་དང་དྲི་བཟང་པོ་དང། མེ་ཏོག་དཀར་པོ་དང་ལྡན་པའི་མཆོད་ཡོན་ལ་སྔོན་དུ་རྡོ་རྗེའི་གར་བྱས་ལ་རྡོ་རྗེའི་ཐལ་མོ་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་རྒྱ་བཅས་པ་ལ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མ་འམ། ཨོཾ་བཛྲ་སཏྭ་ཧཱུཾ། ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གིས ་བྱིན་གྱིས་བརླབ་བོ། དེ་བཞིན་དུ་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་བྱུག་པ་དང་ལྷ་བཤོས་དང་གཏོར་མ་ལ་སོགས་པ་རྣམས་མིའི་ལས་འདས་ནས། ལྷའི་མཆོད་རྫས་ཁྱད་པར་ཅན་དུ་བསམ་མོ། །དེ་བཞིན་དུ་སྦྱིན་སྲེག་ལ་ཡང་བཟའ་བ་ཟས་ཀྱི་མཆོད་པ་ཞེས་བྱ་སྟེ། གཞུང་བཞིན་དུ་བཤམ ་ཞིང་བྱིན་གྱིས་བརླབ། །སྔོན་དུ་བསྙེན་པར་བ་འབད་དེ། ཞེས་བྱ་བ་ལ་སོགས་པ་རྐང་པ་བཅོ་ལྔས་རྟེན་གྱི་ཞིང་སྤྲུལ་པར་སྟོན་ཏེ། དེ་ཡང་སྔོན་དུ་བསྙེན་པ་ཞེས་པ་རྐང་པ་བཞི་རྟེན་གྱི་ཞིང་ནམ་མཁའ་ལ་སྤྲུལ་པར་ངམ་བཅའ་བར་སྟོན་ལ། ལག་པའི་འདུ་བྱེད་ཅེས་པ་རྐང་པ་བཅུ་གཅིག ་གིས་རྣལ་འབྱོར་པ་བདག་ཉིད་ཀྱི་ལུས་ངག་ཡིད་ཀྱི་སྦྱོར་བས་ཞིང་སྤྱན་དྲངས་པ་སྟོན་ཏེ། དེ་ཡང་བདག་གིས་གཡས་དང་གཡོན་གྱི་སོར་མོ་ལ་ཨོཾ་ཨཱ(རྒྱུད་འགྲེལ་པར་བསམས་མོ། །གང་བྱོན་ཞེ་ན་རིགས་ལྔ་འམ་གཅིག་གམ་དྲུག་གམ་རིགས་གསུམ་མདུན་གྱི་ནམ་མཁའ་ལ་བྱོན་པའོ། །གང་གིས་བྱོན་ཞེ་ན། ལུས་ངག་ཡིད་ཀྱི་སྦྱོར་བས་སོ། །དེ་ལྟར་མཁའ་ལ་ཞེས་པ་རྐང་པ་གཉིས་ཀྱིས་བདག་དང་ཞིང་དུ ་འབྲེལ་པར་བྱ་བ་སྟོན་ཏེ། མདུན་གྱི་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཡང་བེམ་པོ་ལྟ་བུ་མ་ཡིན་ཏེ། རིག་པ་ཅན་སྤྱན་རྩ་རིག་རིག་པ་སྙན་ཆ་ཁྲོལ་ཁྲོལ་པར་བསམ་པའོ། །དགའ་བའི་མཆོད་པ་གླུ་ཡིས་བསྟོད་ཅེས་པ་ཚིགས་བཅད་སུམ་ཅུ་རྩ་ལྔས་ཆོ་ག་དག་པ་ཡན་ལག་བཅུའི ་སྒོ་ནས་བསོད་ནམས་ཀྱི་ཚོགས་གསག་པར་བྱ་བ་སྟོན་ཏེ། དེ་ཡང་དག་པས་མཆོད་ཅེས་པ་རྐང་པ་ལྔས་ཕྱག་འཚལ་བ་དང། མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། བདག་དབུལ་བ་དང། དངོས་གྲུབ་བླང་བ་དང། དགེ་བའི་རྩ་བ་བསྔོ་བ་དང་དགུ་སྟེ། དེ་ཡང་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲེང་བ་དང་སྒྱུ་འཕྲུལ་དྲ་བའི་རྗེས་སུ་འབྲེང་བ་ལས་ཤེས་པར་བྱ་སྟེ། ཚིགས་བཅད་སྔགས་དང་ཕྱག་རྒྱ་ཡིས་མེ་ཏོག་ལ ་སོགས་པ་རྣམ་པ་ལྔ་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏཱི་ཧྲཱི། ཨོཾ་བཛྲ་ནིརྟཱི་ཨ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཾ། བཛྲ་རཏན་མ་ནུཏྟཱ་རཾ། བཛྲ་དྷརྨཱ་ཀ་ཡ་ནེ། བཛྲ་ཀརྨཱ་ཀ་རོདབྷ་བེ། ཨོཾ་བཛྲ་དྷུ་བེ་ཧཱུཾ། ཨོཾ་བཛྲ་པུཥཔེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི:། ་ཨོཾ་བཛྲ་གནདྷེ་ཨ། སྒེག་མོ་ལ་སོགས་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ན་པཱུ་ཛ་སཕ་ར་ཎ་ཀརྨ་བཛྲི་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨཱ་ནཱཾ་ནཱིརྱཱ་ཏ་ན་པཱུ་ཛ་སཕ་ར་ཎ་ཀརྨཱ་གྲི་ཛ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨཱ་ནཱི་ནིརྱཱ་ཏཱ་ནུ་རཱ་ག་ཎ་པཱུ་ཛ་སཕ་ར ་ཎ་ཀརྨ་པཱ་ནེ་ཧཱུཾ་ཧོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ན་སཱ་དྷུ་ཀ་ར་པཱུ་ཛ་སཕ་ར་ཎ་ཀརྨ་དུཥྚི་ཨ། ཨོཾ་ན་མ(རྒྱུད་འགྲེལ་ཛཱ་གྲེ་བྷཡོ་བཛྲ་དྷཝ་ཛཱ་གྲི་ཏྲཾ། ཨོཾ་ནམ(རྒྱུད་འགྲེལ་ཏྲནྟ་ན་ཡེ་སྟུ་ནོ་མི་སརྦ་མཎྜ་ལེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སནབྷ་བྷ་ཥ་བུདྡྷ་སཾ་གྷི་ཧི། བྷི་ཡཾ་སྟུ་ནོ་མི་བཛྲེ་བཛྲེ་པཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་མེ་གྷ་སཕ་ར་ཎ་པཱུ་ཛ་ཀརྨ་ཀ་ར་ཀ་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥཔ་པྲ་ས་སཕ་ར་ཎ་པཱུ་ཛྙཱ་ཀཱརྨེ་ཀི་རི་ཀི་རི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་ཛཝ་ལ ་སཕ་ར་ཎ་པཱུ་ཛ་ཀརྨ་པ་ར་པ་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་དྷ་ས་མུ་ཏྲ་སཕ་ར་ཎ་པཱུ་ཛ་ཀརྨེ་ཀུ་རུ་ཀུ་རུ། ཞེས་བྱ་བ་སེམས་དཔའ་བཅུ་དྲུག་དང་འདྲ་བའི་རིག་མ་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་རྣམས་ཀྱིས་མཆོད་པར་བྱའོ། །དེའི་ཕྱག་རྒྱ་ནི་འདི་རྣམས་ཏེ། རྡོ་རྗེ་བསྡམས་པ་བསྐུར་བཞག་སྟེ་བཅིངས ་ལ། གཉིས་སུ་བྱས་པའི་ཁུ་ཚུར་གཉིས། །བསྒྱིངས་བཅས་གསོར་ལ་གཉི་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང། །མངའ་འཕང་བ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་ཁར་བཞག་།དབང་བསྐུར་བ་ནི་རྡོ་རྗེ་གཉིས། །སྙིང་ཁར་ཉི་མ་བསྟན་པར་བྱ། ། ་གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པ་དབྱེ། །སྙིང་ཁར་གཡོན་པ་རལ་གྲི་མདུད། །མགལ་མེའི་འཁོར་ལོ་བསྐོར་བ་དང། །རྡོ་རྗེ་གཉི་ཀ་ཁ་ནས་དབྱུང། །རྡོ་རྗེ་གར་བསྐོར་བགྲོལ་བ་ཡི། །ཐལ་མོ་འགྲམ་བ་སྤྱི་བོར་བཞག ་གོ་ཆ་མཐེ་ཆུང་མཆེ་བ་དང། ཁུ་ཚུར་གཉིས་ནི་མནན་པའོ། །དེ་ནས་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལ་ཡན་ལག་ལྔས་ཕྱག་བཙལ་བར་བསམ་ཞིང་འདིས་ཕྱག་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀྩིཏྟ་པྲ་ན་མེ་ན་བཛྲ་བནདྷ་ནཾ་ཀ་རོ་མི། །དེ་ནས་ཕྱག་བཞི་བྱ་སྟེ། ་འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་རྐྱང་བ་ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་ཕ་སྙཱ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭཱ་དྷི་ཏིཥྛ་སྭཱ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང ་ཁར་སྦྱར་ཏེ། །དཔྲལ་བས་ལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བི་ཥེ་ཀ་ཡ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏཎཱ་བྷི་ཥཉྩ་མཾ། ཞེས་པ་འདིས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་ཇི་སྐད་བཤད་པ་བཞིན་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་ཁ་ས་ལ ་རེག་པ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། 1་སྙིང་ཁར་སྦྱར་ལ་སྤྱི་བོ་ས་ལ་རེག་པར ་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བ་འམ། ཆུ་ལས་སྐྱེས་པ་འམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་དག་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་པའི་ཕྱིར ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུཥཔ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ ་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་པ་འམ། ཡང་དག་པར་སྦྱར་བ་འམ། །ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས ་དང་རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས ་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྱུང་བ་འམ། རིན་པོ་ཆེའི་འོད་དམ་མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་ད་སཕ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས ་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པ་འམ། ཡང་དག་པར་སྦྱོར་བ་འམ་ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང ་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར ་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་གནདྷཡ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཞད་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས ་ཀྱི་རྒོད་པ་དང་སྒེག་པ་དང་དགའ་བ་དང་རྩེ་འཇོའི་བདེ་བའི་བྱེ་བྲག་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར ་བཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱོ་ལཱ་སྱེ་ར་ཏི་ཀྲི་ཊ་སཽ་ཁྱཱ་ནུརྟྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ ་ཉིད་ཐལ་མོ་བསྐོར་བ་འདི་སྤྱི་བོ་བཞག་ལ། ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་ངམ་གོས་ཀྱི་ཤིང་གར ་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས ་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟར་བོ་དྷཡ་ལཾ་ཀ་ར་བསྟཝ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱི་ཡང ་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་བཛྲོ་དབྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས ་ཅད་ཀྱི་མི་དགེ་བའི་ལུས་དང། ངག་དང་ཡིད་ཀྱི་ལས་ཀྱི་མཛའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག་།དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཛའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་མཧཱ་བོ་དྷི་ཧ་ར་ཤཱི་ལ ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ལུས་ལ་ཡང་དག་པར་བརྒྱན་པར་བྱས་པ་དང། རྟག་ཏུ་ཕན་ཚུན་འཇིགས་པ་མེད ་པ་དང། ཞེ་འབྲས་པ་མེད་པར་བཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་རམ་ཧཱ་དྷརྨཱ་ཝ་བོ་དྷི་ཀྵཱནྟི་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་བཅིངས་ལ། འདི་སྐད ་ཅེས་བརྗོད་པར་བྱའོ། །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་དང། སངས་རྒྱས་ཉིད་དུ་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་སཾ་ས་རཱ་པ་རི་ཏྱ་ཀཱ་ནུཏཔ་?་ཧཱ ་པཨཱརྱི་བཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་ཟབ་མོ་ཁོང་སྟོང་སྦྱོར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རིན་པོ་ཆེའི་རི་བོ་འམ། རྒྱ་མཚོའི་རིན་པོ་ཆེའི་ཚིགས? ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་ཞུགས་པ་ཐམས ་ཅད་དང་སྙིང་པོ་དང་ཕྱག་རྒྱ་དང། གསང་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷཡཾ་ག་རཏནཱ་ལོ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་པས་རྣམ་པར་བཀྲམ ་པ། བརྒྱ་སྟོང་ལ་སོགས་པའི་གྲངས་སྙིང་དམ། འབྱོར་པ་ཅི་ཡོད་པ་ལྟར་དབུལ་བར་བྱ་བ་དང། རོ་བརྒྱ་པའི་ལྷག་བའི་ཞལ་ཟས་དང། སྭསྟི་ཀ་ལ་སོགས་པའི་བཟའ་བ་རྣམ་པ་སྣ་ཚོགས་འབུམ་མམ་བརྒྱ་སྟོང་སྙེད་དབུལ་བར་བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཏཱཾ། ་ཨཱ་བ་ནུཏཔནྣ་ཏྭཱ་ཏ་ཞེས་བརྗོད་པ་དབུལ་བར་བྱའོ། །རོལ་མོ་བཅུ་ཕྲག་སྟོང་ངམ་རོལ་མོ་བརྒྱ་ཕྲག་སྟོང་ངམ་རོལ་མོ་སུ། ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་མྲི་ཏཾ་ག་དང། རྔ་རིང་དང། རྔ་སྐད་ཉེར་དང། ཏ་མི་ལ་ཞེས་བྱའོ། །ཤིན་ཏུ་བརྟགས་པའི་རྟ་དང། གླང་པོ་ཆེ་དང་བ་ལང་གི་ཁྱུ་རྣམས་ཀྱང། ཨོཾ་བཛྲ་སཕ་ར་ཎ་ཁམ་ཞེས་བྱ་བས་མངོན་པར་བཟླས་ལ་དབུལ་བར་བགྱིའོ། །ཆོས་ཐམས་ཅད་ནི་དངོས་པོ ་མེད་པའི་ངོ་བོ་ཉིད་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧཡ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །དེ་ནས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ། རྡོ་རྗེ ་ཐལ་མོ་སྙིང་ཁར་སྦྱར་ནས་སྡིག་པ་ཐམས་ཅད་བཤགས་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་དང་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང། སྙིང་པོ་དང ་ཕྱག་རྒྱ་དང་གསང་སྔགས་དང། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་རྡོ་རྗེ་འདི་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང་རིན་པོ་ཆེ་དང། པདྨ་དང་ལས ་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང། གསང་སྔགས་དང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པར་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང་མ་འོངས་པ་དང་ད་ལྟར ་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང། ཡང་དག་པར་ཞུགས་པ་རྣམས་དང། སེམས་ཅན་ཐམས་ཅད་ཀྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད ་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་འཚལ་ལོ། །དེ་ནས་བདག་ཉིད་དབུལ་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དག་ཉིད་དབུལ་གྱིས། བདག་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ ་གསོལ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག་།འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད ་ཅིང། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲོལ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། དེ་ནས་བསྟོད་པ་ནི་འཁྲུགས་སྡེབ་པར་བྱ་སྟེ་།ཚིགས་བཅད་གླུ་ཡིས་བསྟོད་པར་བྱ། །བྱང་ཆུབ་སེམས་ནི་རལ་འབྱུང ་པའི། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་སུམ་ཅུ་རྩ་གཉིས་དང་རྐང་པ་གཅིག་གིས་བསྟོད་པ་སྟོན་པ་ནི། ཚིགས་བཅད་གླུ་ཡིས་བསྟོད་པར་བྱ། །བྱང་ཆུབ་སེམས་ནི་རང་འབྱུང་བའི། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །དོན་ཆེན་ཡི་གེར་མ ་དམ་པ་ཡིན། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མགོན་པོས་བཅུའི་དབང་ཕྱུག་སྟེ། །རྡོ་རྗེ་ཆགས་པ་ཁྱོད་ལ་འདུད། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །གདོང་དྲུག་མིག་དྲུག ་ལག་དྲུག་པོ། །མཆེ་གཙིགས་གདོང་བརྒྱ་ཀུན་འདུལ་བ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཡང་དག་བདག་མེད་དེ་བཞིན་ཉིད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །འདོད་པའི་དོན ་གྲུབ་ངན་སོང་སྦྱོང། །མགོན་པོ་ཉོན་མོངས་དྲ་བ་འཇོམས། །ས་གཞི་ཚངས་གནས་རྐང་བས་གནོན། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་རྟོག་བྱ་བ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སངས་རྒྱས་རོལ་སྟོན་ཁྱོད ་ལ་འདུད། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། ། ནི་ཡིག་འབྲུ་ཀུན་གྱི་མཆོག་།ཁོང་ནས་བྱུང་བ་སྐྱེ་བ་མེད། །སེམས་མ་རྡོ་རྗེ་མཆོག་ཁྱོད་འདུད། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། ། ནི་འབྱུང་བ་འགོག་པ་སྟེ། །ཚིག་ཏུ་བརྗོད་པ་རྣམ་སྤངས་པ ་རིན་ཆེན་འབྱུང་བ་ཁྱོད་ལ་འདུད། །སོ་སོར་ཀུན་རྟོག་ངོ་བོ་ཉིད། །མ་ནི་བརྗོད་པའི་རྒྱུ་ཡིན་ཏེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་།ཆོས་ཀྱི་རྡོ་རྗེ་འཛུམ་ཁྱོད་འདུད། །བྱ་བ་ནན་ཏན་ངོ་བོ་ཉིད། ། ནི་ཚིག་འབྲུ་གསལ་བར་བྱེད། །ཚིག་ཀུན་གསལ་བར་བྱེད་པ་ཡིན།། ་རྡོ་རྗེ་དྲ་བ་ཁྱོད་ལ་འདུད། །སྟོང་པ་རང་བཞིན་འདོད་ཆགས་ཆེ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཕྱི་ཉིད་མ་གྲུབ་བདེ་བ་ཆེ། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །གཉིག་མེད་པར་དགའ་བ་ཆེ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད།། ་སྟོང་པའི་དོན་ལྡན་མགུ་བ་ཆེ། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །ཁ་དོག་ཆེ་ལ་གཟིགས་བརྗིད་ལྡན། །མེད་པ་ལས་བྱུང་ཁྱོད་ལ་འདུད། །མིང་ཆེ་མཚན་བཟང་རྒྱ་ཆེ་བ། །སངས ་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །བཞད་ཅིང་དཀྱིལ་འཁོར་ཡངས་ཁྱབ་པ། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །ཆོས་ཀྱི་ཤེས་རབ་མཚོན་བྱང་བ། །སངས་རྒྱས་གསུང་བ་ཁྱོད་ལ་འདུད། །ཉོན་མོངས་དྲ་བ་གཅོད་པའི་མཆོག་།སངས་རྒྱས་འབྱུང ་བ་ཁྱོད་ལ་འདུད། །གྲགས་པ་རྡོ་རྗེ་རྒྱུ་ཡི་བདག་།ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །སྣང་བ་ཆེན་པོ་གསལ་བ་ཆེ། །ཡེ་ཤེས་ལས་བྱུང་ཁྱོད་འདུད། །མཁས་ཤིང་འཕྲུལ་འཆང་རྡོ་རྗེ་ལས། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཆེན་པོ་གོ་ཆ་སྲ། ། ་སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །སྒྱུ་འཕྲུལ་བདག་ཉིད་གནོད་སྦྱིན་གཙོ། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཁུ་ཚུར་བསྟན་ཞིང་སྡུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །སྦྱིན་བདག་ཆེན་པོའི་གཙོ་བོ་སྟེ། །རྡོ་རྗེ་སྒེག་མོ་ཁྱོད་ལ་འདུད ་ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་།རྡོ་རྗེ་དཔལ་འཕྲེང་ཁྱོད་ལ་འདུད། །བཟོད་ཆེན་འཆང་བ་སྟོན་པ་པོ། །རྡོ་རྗེ་དབྱངས་མཁན་ཁྱོད་ལ་འདུད། །བརྩོན་འགྲུས་ཆེན་པོ་བརྟུལ་པ་ཡི། །རྡོ་རྗེ་གར་མཁན་ཁྱོད་ལ་འདུད། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །རྡོ་རྗེ་མེ་ཏོག ་ཀྱང་ལ་འདུད། །ཤེས་རབ་ཆེན་པོ་ལུས་འཆང་བ། །རྡོ་རྗེ་བདུག་པ་ཁྱོད་ལ་འདུད། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །རྡོ་རྗེ་མར་མེ་གསལ་ལ་འདུད། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །རྡོ་རྗེ་དག་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་ཀྱུ་འདྲེན་པ་ཆེ། །རྡོ་རྗེ་འགུགས་བྱེད་ཁྱོད་ལ ་འདུད། །རྡོ་རྗེ་ཞགས་པ་རྣམ་པར་རྒྱལ། །རྡོ་རྗེ་འདྲེན་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་སྒྲོག་འཛིན་པ་ཆེ། །རྡོ་རྗེ་སྡོམ་བྱེད་ཁྱོད་ལ་འདུད། །རྡོ་རྗེ་འབེབས་པ་རྣམ་རྒྱལ་ཞགས། །རྡོ་རྗེ་འབེབས་པ་ཁྱོད་ལ་འདུད། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ ་ཡི་མཆོག། ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཡེ་ཤེས་ཆ་གྲུབ་སེམས་དཔའ་ཨི་ཚོགས། །སྟོང་པ་ཉིད་ཀྱི་སྒོར་གནས་པ། །བག་ལ་ཉལ་ལ་བྱམས་སེམས་ཅན། །ཤེས་རབ་སྙིང་རྗེར་ལྡན་ལ་འདུད། །རྫུ་འཕྲུལ་ཆེན་པོ་སྟོབས་དང ་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པའོ། །སྟོབས་ཆེན་རྫུ་འཕྲུལ་བཞིར་ལྡན་པའི། །གོམས་ཤུགས་ཡེ་ཤེས་བཞིར་ལྡན་པ། །རྫུ་འཕྲུལ་ལྡན་ཞིང་སྟོབས་ཀྱིས་གནོན། །ཚོགས ་གཉིས་རྫོགས་པ་ཁྱོད་ལ་འདུད། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཛིན། །དྲག་པོ་ཆེན་པོ་མུན་པ་འཇོམས། །འཇིགས་ཆེན་འཇིགས་པར་བྱེད་པའོ། །ཕུང་པོ་ལྔ་དག་ལྷ་ཆེན་འདུལ། །མི་ཤེས་རི་འཇོམས་སྲ་བ་པོ། །མྱ་ངན ་ཀུན་སེལ་དྲག་པོ་སྟེ། །ཆེ་བས་ཆེ་བ་ཁྱོད་ལ་འདུད། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག་།ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་།འཁོར་བ་མྱ་ངན་སྐྱོབ་པའི་མཆོག་།ཐེག་པའི་ཚུལ་མཆོག ་ལམ་གནས་པའི། །ཕྱག་རྒྱའི་མཆོག་ཏུ་གྲུབ་བྱེད་པའི། །ཕ་རོལ་ས་བཅུ་གཙོ་ལ་འདུད། །འདུད་ཉི་ཤུ་དང་སྤྱི་བསྟོད་ཀྱིས་ཀྱང་བསྟོད། །དེ་ལྟར་བསྟོད་པ་བྱེད་པ་དེ། །འཁོར་ལོ་འདུད་པའི་གཙོ་མཆོ་འགྲུབ། །ཞེས་པ་རྐང་པ་གཉིས་ཀྱིས ་བསྟོད་པ་བྱས་པའི་ཕན་ཡོན་སྟོན་ཏེ། དེ་ལྟར་བསྟོད་པས་རིགས་ཐམས་ཅད་ཀྱི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་གྲུབ་འགྲུབ་པར་འབྱུང་ངོ། །དགྱེས་ནས་བདག་ལ་ལྷ་རྣམས་ཀྱིས། །སྙན་པའི་ཚིག་གིས་བསྟོད་པར་བསམ། །ཞེས ་བྱ་བ་རྐང་པ་གཉིས་ཀྱིས། །ལྷ་རྣམས་ཀྱིས་བདག་ལ་བསྟོད་པར་སྟོན་ཏོ། །ལྷ་རྣམས་ཐམས་ཅད་ཀྱི་ཞལ་ནས་རིགས་ཀྱི་བུ་བདག་གཞན་གྱི་དོན་དུ་ལྷ་རྣམས་ལ་བསྟོད་པ་ལེགས་སོ། །ལེགས་སོ་ཞེས་གསུངས་པར་བསམ་མོ། །དྲིན་གྱི་ཚུལ ་གྱིས་སླར་བསྟོད་པ། །ཞེས་པ་རྐང་པ་གཅིག་གིས་སླར་ལྷ་རྣམས་ལ་བདག་གིས་དྲིན་ལ་ལན་གྱི་ཚུལ་གྱིས་བསྟོད་པ་ཐམས་ཅད་དམ། འདུད་ཉི་ཤུས་བསྟོད་པའོ། །དེ་དག་ནི་མཆོག་གི་རྒྱལ་པོ་སྦྱོར་བ་དང་པོའི་འཁོར་ལོའི་ཏིང་ངེ་འཛིན་ཏོ། །ཞེས་རྐང ་པ་གཅིག་གིས་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བསྟན་པའོ། །དེ་ནས་རིམ་པ་འདི་ལྡན་པས་ཞེས་བྱ་བ་ལ་སོགས་པ་ཚིག་བཅད་ཉི་ཤུ་རྩ་བརྒྱད་རྐང་པ་གསུམ་གྱིས་ཡོངས་སུ་དག་པའི་ཏིང་ངེ་འཛིན་སྟོན་ཏེ། ཕྱག་བྱ་ཞིང་སྨོན་པ་བྱང་ཆུབ ་མཆོག་གི་སེམས་བསྐྱེད་སྡོམ་པ་བཟུང་བ་དང། འཇུག་པ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ། ཡེ་ཤེས་ལྔ་བསྒོམ་སྟོན་ཏེ། གོ་སླ་བའི་ཕྱིར་འདིར་མ་སྤྲོས་སོ། །དེ་ནས་ད་ལ་མངོན་འབྱུང་གཟུགས། ཞེས་པ་ནས། དེ་དག་ནི་གཞིའི་ཏིང་ངེ་འཛིན་ཏེ། ། ་ཞེས་བྱ་བའི་བར་གྱིས་གཞིའི་ཏིང་ངེ་འཛིན་སྟོན་ཏེ། རྡོ་རྗེ་དང་མཆོད་རྟེན་དང་ཆོས་འབྱུང་དང་རྒྱ་གྲམ་དང། གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་པ་སྟོན་པའོ། །དེ་ཡང་དེ་ནི་ཡི་གེ་རྫོགས་པ་ལས་ཞེས་བྱ་བས་ཆོས་འབྱུང་ནང་དུ་ཡི་གེ་ཨ་ཁ་དོག་སྣ ་ཚོགས་པ་འམ་ཁ་དོག་དཀར་པོས་སྣ་ཚོགས་རྡོ་རྗེ་བསྒོམ་པར་འབྲེལ་ཏོ། །དེ་ཡང་སློབ་དཔོན་ལ་ལ་དག་རྒྱ་གྲམ་ཁོང་དུ་འདོད་ལ། འདིར་ས་གཞིའི་ཚུལ་དུ་བརྟག་པར་བྱའོ། །དེ་ནས་རྐྱེན་གྱིས་སློང་བ་ནི། ཞེས་པ་ནས་དང་པོའི་སངས་རྒྱས་སྒོམ་པའི་ཏིང་ངེ་འཛིན་ཏོ ་ཞེས་པའི་བར་གྱིས་གཞིའི་སངས་རྒྱས་དང། དང་པོའི་སངས་རྒྱས་བསྐྱེད་པ་བསྟན་པའོ། །དེ་ཡང་དང་པོའི་སངས་རྒྱས་ཞལ་ལྔ་པ་ཞེས་པ་ནི། ཤར་ལ་སོགས་པའི་ཞལ་བཞི་ནི་སྔོན་པོ་དང། སེར་པོ་དང་དམར་པོ་དང། ལྗང་གུ་རྣམས་སོ། །སྟེང་གི་ཞལ ་རྣམས་ནི་ལྷ་ཞལ་དཀར་པོ་འམ། རྟ་ཞལ་དཀར་པོ་ལ་རྡོག་མ་སྔོན་པོ་ཅན་ནོ། །དང་པོའི་སངས་རྒྱས་ཐུགས་ཀ་རུ། །ཞེས་པ་ནས་དེ་དག་ནི་རིགས་ཀྱི་དབང་གིས་འཁོར་ལོའི་རིམ་པ་བསྟན་པ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་འཁོར་ལོའི་རིམ་པ་རྣམས ་སྟོན་ཏེ། རིགས་ཀྱི་དབང་གིས་འཁོར་ལོ་བདུན་འགྱུར་དུ་ཤེས་པར་བྱའོ། །ད་ནི་དཀྱིལ་འཁོར་གྱི་ལྷའི་ངོ་བོ་གསང་སྔགས་ཀྱི་སྒོ་ནས་དེ་དག་གི་རིམ་པ་བསྐྱེད་པར་བྱ་སྟེ། ཞེས་པ་ནས་དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏེ། །ཞེས ་པའི་བར་གྱིས་ལྷ་བསྒོམ་ཞིང་དབྱུང་བ་དང། དཀྱིལ་འཁོར་རྒྱལ་མཆོག་སྐྱེད་པ་བསྟན་པ་སྟེ། དཀྱུས་མ་ཉིད་གསལ་བའི་ཕྱིར་འདིར་མ་དཀྲོལ་ལོ། །འོན་ཀྱང་སྔགས་དོན་རྣམ་པར་གཟིགས་པ་ལས་དཀྱིལ་འཁོར་དྲུག་ཏུ་གསུངས་པ་དང། གསང་ལྡན་འདི ་ཉིད་ལས་སྔོན་དུ་ཤེས་རབ་ཀྱི་འཁོར་ལོ་བདུན་འགྱུར་དུ་གསུངས་པས། དཀྱིལ་འཁོར་གྱི་ལྷག་མ་གཞན་ཡང་བཤད་པར་བྱ་སྟེ། མཚན་བརྗོད་པའི་གསུང་རབ་ཀྱི་མཚན་བརྗོད་པས། དཀྱིལ་འཁོར་པ་རྣམས་རྫོགས་པར་བསྐྱེད་པ་འམ། ཡང་ན་རྡོ་རྗེ ་འཁོར་ལོའི་སྔགས་དང་ཕྱག་རྒྱ་ཅིག་ཅར་དུ་སྤྲུལ་པའོ། །དེ་ཡང་ཐབས་ཐུན་མོང་བའི་དཀྱིལ་འཁོར་གཉིས་དང། ཐབས་ཁྱད་པར་གྱི་དཀྱིལ་འཁོར་ལྔ་དང་བདུན་དུ་ཤེས་པར་བྱའོ། །གསང་སྔགས་འདིའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཆེན་པོའི ་ཁོངས་སུ་བསྡུའོ། །ཁྱད་པར་ནི་གཞལ་ཡས་ཁང་སྒོ་གཉིས་པའོ། །དེ་ནས་ལས་ཀྱི་ཁྱད་པར་ཡང་བསྐྱེད་པའི་ཞར་ལས་བྱུང་བ་སྟེ། སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས། །འདི་རུ་བདག་གིས་མ་བཤད་དོ། །ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ་ཞེས་ལས ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྟན་པ་སྟེ། དེ་ནས་ལས་ཀྱི་ཁྱད་པར་ཡང། །བསྐྱེད་པའི་ཞར་ལས་ཁྱུང་བ་སྟེ། །ཞེས་བྱ་བས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྒོམ་པར་དམ་བཅས་པའོ། །སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས། །འདི་?་? ་གིས་མ་བཤད་དོ། །ཞེས་བྱ་བ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གྱི་རིམ་པ་བླ་མས་ཞེས་བྱ་བའི་དོན་ཏེ། བླ་མའི་མན་ངག་ནི་བཅུའི་སྒོ་ནས་ཤེས་པར་བྱས་ཏེ། སྒོ་བཞིའི་དབྱེ་བ་དང་རང་བཞིན་གྱིས་སངས་རྒྱས་བསྡུ་བ་དང་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་སེམས་དཔའ་བྱོན་ཏེ། དམ་ཚིག་གི ་དཀྱིལ་འཁོར་ལ་ཕྱག་བཙལ་བ་དང། ཆེད་དུ་བརྗོད་པ་དང། སྤྱིའི་གཙོ་བོ་བྱིན་གྱིས་བརླབ་པ་དང། སྒོན་བཀུར་གྱི་གཙོ་བོ་བྱིན་གྱིས་བརླབ་པ་དང། དབང་ནོད་པ་དང། ཡེ་ཤེས་བསྟིམ་པ་དང། ཕྱག་རྒྱས་གདབ་པ་དང། ལྷ་ལས་སྦྱར་བའི་རིམ་པར་ཤེས་པར་བྱའོ། །དེ་ལས་དེ་ཡང་ལས་མཁན་རང ་བྱེད་ལ་སྒོ་བཞི་དབྱེ་བ་ནི། དང་པོའི་སངས་རྒྱས་ཀྱི་ང་རྒྱལ་གྱི་སྡིག་མཛུབ་ཀྱི་སེ་གོལ་གཏོག་ཅིང། །ཕྲེང་སྔགས་བརྗོད་པས་སྒོ་བཞི་དབྱེ་བར་བསམ་མོ། །ཡང་ན་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་བདུག་པར་བསམ་སྟེ། ཁྲོ་བོ་ཧཱུཾ་མཛད་དུ་བསྒོམས་ལ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ ་མཛུབ་མོ་གཉིས་ལྟོ་སྤྲང་ལ་དྲག་ཏུ་བརྡབ་པ་ནི་སྒོ་དབྱེ་བའི་ཕྱག་རྒྱའོ། །ོཾ་བཛྲ་དགྷ་ཏ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་དབྱེ་བར་བསམ་མོ། །དེ་ནི་སྒོ་དབྱེ་བའོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྡུ་བ་ནི། །སྒྲུབ་པ་པོའི་སྙིང་ཁར་ཨ་ལས་སྣ་ཚོགས་རྡོ་རྗེ ་བསམས་ཏེ། མཐེ་བོ་མཛུབ་མོ་ལ་ཟླ་བའི་སྟེང་དུ་ཛ་བསམས་ཏེ། ལག་པར་གཉིས་རྡོ་རྗེ་རྒྱ་བླ་མ་གྱི་ཚུལ་དུ་བསྣོལ་ཏེ། དཔུང་པ་གཉིས་སུ་སེ་གོལ་གཏོག་ཅིང། རྡོ་རྗེ་བསྡུ་བའི་སྙིང་པོ་ཨོཾ་བཛྲ་ས་མཱ་ཛ(རྒྱུད་འགྲེལ་བུར་འཕྲོས་ཏེ། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་པ་དང་འདྲ་བ་བྱོན་པར་བསམ་མོ། །དེ་ཡང་གཞུང་ལས་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བས་བདག། ལག་དར་གཉིས་ནི་རྡོ་རྗེར་བཅིང། །རྡོ་རྗེ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ་ཞེས་འབྱུང་བས་སོ ་བྱོན་ཏེ་ཕྱག་འཚལ་བ་བསྟན་པ་ནི། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས། །དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། དམ་ཚིག་གི་དཀྱིལ་འཁོར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝིཀྩཏྟ། པྲ་ཎ་མེ་ན་བཛྲ་བནད་ནཾ་ཀ་རོ་མི་ཞེས་བརྗོད་ཅིང་དམ་ཚིག་གི་དཀྱིལ་འཁོར་ལ ་ཕྱག་བཙལ་བར་བསམ་མོ། །དེ་ནས་ཆེད་དུ་བརྗོད་པ་ནི། ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་མཆོག་།དེ་བཞིན་གཤེགས་པའི་འཁོར་ལོ་ཡིས། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་ཆེད་དུ་བརྗོད་པར་བསམ་མོ། །དེ་ནས་སྤྱི་གཙོ་བོ་བྱིན་གྱིས ་བརླབ་བ་ནི། །རང་བཞིན་གྱི་དཀྱིལ་འཁོར་ནས་སྤྱན་དྲངས་པའི་ལྷ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད་དམ་ཚིག་གི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཁར་ཞུགས་ནས། སྤྱིའི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པར་བསམ་། ་དེ་ནས་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཁ་ནས་ཡེ་ཤེས་ལྷ་ཚོགས་ཐོན་ཏེ། ནམ་མཁའ་ལ་གནས་སོ། །དེ་ནས་སྔོན་བཀུར་བའི་གཙོ་བོ་བྱིན་གྱིས་བརླབ་པ་ནི། ཨེ་མ་སངས་རྒྱས་ཐམས་ཅད་ནི། །རྒྱ་ཆེན་གདོད་ནས་སྐྱེས་པ་མིན། །རྡུལ་གྲན་ཇི་སྙེད་ཐམས་ཅད་ཀྱིས། །སངས་རྒྱས་རྣམས་ནི ་གཅིག་ཏུ་གྱུར་ཞེས་བརྗོད་ནས། །ཤར་ཕྱོགས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ལྷ་ཚོགས་ནི་མི་བསྐྱོད་པའི་ཐུགས་ཁར་ཞུགས་ཏེ། མི་བསྐྱོད་པ་བྱིན་གྱིས་བརླབས་ནས། མི་བསྐྱོད་པའི་ཐུགས་ཁ་ནས་སླར་ཐོན་ཨཏེ། རང་རང་གི་དམ་ཚིག་གི་ལྷ་བྱིན་གྱིས་བརླབས་པར་བསམ་མོ། །དེ་བཞིན་དུ་ལྷོ ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱང་ཤེས་པར་བྱའོ། །དེ་ནས་དབང་ནོད་པ་ནི་གཉིས་སུ་ཤེས་པར་བྱ་སྟེ། དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་དབང་བསྐུར་བར་བསམ་པ་དང། དཀྱིལ་འཁོར་གྱི་ལྷ་ལ་སྒྲུབ་པ་པོས་དབང་ནོད་པའོ། །དམ་ཚིག་ལ ་ཡེ་ཤེས་ཀྱིས་དབང་བསྐུར་བར་བསམ་པ་ནི། རིགས་ལྔ་ལ་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བའོ། །དེ་ནས་རིགས་ཀྱི་སེམས་དཔའ་བཅུ་དྲུག་མཆོད་པ་བརྒྱད་ཡུམ་བཞི་སྒོ་བ་དང་སུམ་ཅུ་རྩ་གཉིས་ལ་སངས་རྒྱས་ལྔའི་ཅོད་པན་དང ་?་ཀྱིས་དབང་བསྐུར་བསམ། བསྐལ་པ་བཟང་པོའི་སེམས་དཔའ་རྣམས་ལ་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བསམ་མོ། །དེ་ནས་སྒྲུབ་པ་པོས་དབང་ནོད་པ་ནི་ལུགས་གཉིས་ཏེ། ཡེ་ཤེས་པ་རྣམས་དམ་ཚིག་པ་རྣམས་ཀྱི་ཐུགས་ཁ་ནས་སླར་ཐོན་ཏེ། གདན ་རེ་རེ་ལ་སྣང་བ་གཉིས་གཉིས་ཀྱི་ཚུལ་དུ་བཞུགས་པ་ལ། སྒྲུབ་པ་པོས་རིགས་པའི་དབང་ལྔ་འམ་དྲུག་ནོས་ནས། ཛ(རྒྱུད་འགྲེལ་ནས་བཞུགས་པ་ལ་སྒྲུབ་པ་པོས་དབང་ནོས་པར་བསམ་མོ། །ཡེ་ཤེས་པ་སླར་ཐོན་ཏེ་ནམ་མཁའ་ལ་བཞུགས་པར་བསམ་མོ། །དེ་ཡང་དབང་རྟགས་ནི་སྒྲུབ་པ་པོ་དེ་བཞིན་གཤེགས་པའི་ཟློས་པ་པོ་ཡིན་ན་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བསམ། སེམས ་དཔའ་ཨི་ཟློས་པ་པོ་ཡིན་ན་དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བསམ་མོ། །དེ་ནས་སྒྲུབ་པ་པོ་བྱིན་གྱིས་བརླབ་པ་ནི་དེ་བཞིན་གཤེགས་པའི་ཟློས་པ་པོ་ཡིན་ན་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞི་བྱིན་གྱིས་བརླབ་པར་བསམ་མོ། ། ་སེམས་དཔའ་ཨི་ཟློས་པ་པོ་ཡིན་ན་སེམས་མ་རྡོ་རྗེ་མ་ལ་སོགས་པ་ཡུམ་བཞིས་གནས་བཞི་བྱིན་གྱིས་བརླབ་པར་བསམ་མོ། །དེ་ནས་ཡེ་ཤེས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱ་བ་ནི། སྒོ་བཞིའི་སྔགས་དང་ཕྱག་རྒྱས་གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་པ་སྟེ། ་དེ་ཡང་རྡོ་རྗེ་ལྕགས་ཀྱུའི་སྔགས་དང་ཕྱག་རྒྱས་སོ་སོའི་སྒོ་ནས་ནང་དུ་བཀུག་པར་བསམ་མོ། །རྡོ་རྗེ་ཞགས་པའི་སྔགས་དང་ཕྱག་རྒྱ་སོ་སོའི་སྒོ་ནས་བཅུག་པར་བསམ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་དང་ཕྱག་རྒྱས་སོ་སོའི་སྒོ་ནས་བཅིང་བར་བསམ། རྡོ་རྗེ་འབེབས་པའི་སྔགས་དང་ཕྱག ་རྒྱས་སོ་སོའི་སྒོ་སྒོ་ནས་མཉེས་པར་བསམ་མོ། །དེ་ནས་ཕྱག་རྒྱས་རྒྱས་བཏབ་པ་ནི་གཉིས་ཏེ། རྒྱས་པ་དང་བསྡུས་པའོ། །རྒྱས་པ་ནི་སྒྱུ་འཕྲུལ་དྲ་བ་དང་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲེངས་པ་ལས་ཤེས་པར་བྱའོ། །བསྡུས་པ་ནི་དེ་ནས་དམ་ཚིག་གི་ཕྱག་རྒྱས་གདབ། སྒྲུབ་པ་པོའི་སྙིང་ཁར་རྡོ་རྗེ་རྩེ་ལྔ་པ ་བསམས་ལ། གཙོ་བོའི་སྔགས་རིངས་ཀྱི་འཇུག་ལ་དྲི་ཤྱ་ཛ(རྒྱུད་འགྲེལ་ཀྱི་སྟེང་དུ་ཧཱུཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་ཆུ་རྒྱུགས་སུ་ཡོད་པར་བསམ། དེའི་ལྟེ་བ་ལ་ལྷ་རྣམས་རང་རང་གི་སྐུ་བསྐྱེད་པའི་ཡིག་འབྲུ་བཀོད་ལ། ཆོས་ཀྱི་ཕྱག་རྒྱས་རྒྱས་གདབ་པར་བསམ་མོ། །ལས་ཀྱི་ཕྱག་རྒྱས་རྒྱས་གདབ་པ་ནི། །སྒྲུབ་པ་པོའི་སྙིང་ཁར་སྣ་ཚོགས ་རྡོ་རྗེ་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྡོ་རྗེ་གར་དགུ་སྔོན་དུ་འགྲོ་བའི་ཚུལ་གྱིས་ཕྱག་འཚན་མེད་པར་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྱེར་ཐབས་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱས་རྒྱས་གདབ་བོ། །ཕྱག་འཚན་མེད་པར་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྱེར་ཐབས་ཀྱི་ཕྱག ་རྒྱ་བཅིངས་པ་ནི། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིངས་བ་འབྱུང་སྟེ། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཉམ་པར་བཞག་པས་གཉིས་སུ་བྱ། །རྡོ་རྗེའི་ཕྱག་རྒྱས་གཉིས་བཅིངས་ཏེ། །དེ་ནས་བཅིངས་བ་རབ་ཏུ་བཤད། །གཡོན་པའི་རྡོ་རྗེ་འཛུབ་མོ་ནི། །གཡས་པའི་ནང་དུ་སྒྲེང་བར་བྱ། ། ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡིས་རེག་པའོ། །རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་ཀྱི་ཏིང་འཛིན་མཆོག། གདོན་མི་ཟ་བར་མི་འཇིགས་སྦྱིན། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །མདོར་བསྡུས་རབ་ཏུ་བཤད་པར་བྱ ་རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །རྡོ་རྗེ་ལས་རྣམས་བྱེད་པ་སྟེ། །སྒྱིངས་བཅས་གསོར་བ་གཉི་ཀ་ཡིན། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང། །མདའའཕངས་པ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་ཁར་བཞག་དབང་བསྐུར་བ་ནི་རྡོ་རྗེ་གཉིས། །སྙིང་ཁར་ཉི་མ་བསྟན ་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་སྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པར་དབྱེ། །སྙིང་ཁར་གཡོན་པ་རལ་གྲི་མདུད། །མགལ་མེའི་འཁོར་ལོ་བསྐོར་བ་དང། །རྡོ་རྗེ་གཉི་ག་ཁ་ནས་དབྱུང། །རྡོ་རྗེ་གར ་གྱིས་བསྐོར་བ་ཡི། །ཐལ་མོ་འགྲམ་པ་སྤྱི་བོར་བཞག་།གོ་ཆ་མཐེ་ཆུང་མཆེ་བ་དང། །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་སྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་གདུད་པ་བྱ། །ཕྲེང་བ་བཅིངས་པས་ཁ་ནས་དབྱུང། །རྡོ་རྗེ་གར་ནི་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི།། ་བདུག་པ་ལ་སོགས་དེ་བཞིན་སྦྱིན། །སངས་རྒྱས་ཀུན་ལ་མཆོད་པ་ཡིན། །ཕྱག་རྒྱའི་མཆོད་པ་བྱེད་པ་པོ། །མཛུབ་མོས་ལྕགས་ཀྱུ་བཅིངས་པ་ནི། །མཐེ་ཆུང་ལས་དེ་ལྕགས་ཀྱུ་ཆེ། །ཁྲིག་མ་མདུད་པ་མཛུབ་གཉིས་མདུད། །རྒྱབ་གཉིས་རྐྱང་ནི་བསྙམས་ཏེ་མནན། །སྒོ་གཉིས ་པ་དང་གསུམ་པ་ལ་སོགས་པ་ལྔའི་ལས་ཀྱི་ཕྱག་རྒྱ་བཅིངས་པ་ནི། སོ་སོའི་གཙོ་བོ་བཞིན་དུ་ཐབས་རེ་སྒོ་རེ་འམ། །ཕྱོགས་བཞིར་བཅིང་བའོ། །དེ་རྣམས་ནི་འདིར་མང་དུ་སྤྲོ་མི་དགོས་པའི་ཕྱིར་མང་དུ་མ་སྤྲོས་པའོ། །དེ་ནས་ཕྱག་རྒྱ་ཆེན་པོས་རྒྱས་གདབ་པ་ནི། །སྒྲུབ་པ་པོའི་སྙིང་ཁར ་རྡོ་རྗེ་རྩེ་ལྔ་པ་བསམས་ལ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་སྙིང་པོ། །ོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་ཆེན་པོའི་རྒྱས་བཏབ་པར་བསྒོམ་པའོ། །དེ་ནས་ལྷ་ལས་ལ་སྦྱར་བ་ནི། །གཞུང་ལས། དེ་ནས་ལས་ཀྱི་རྒྱལ་མཆོག་ནི། །སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས། །འདིར་ནི་བདག་གིས་མ་བཤད་དོ། །ཞེས་འབྱུང་བས་སྒྲ་ལས་འཕེལ་ཏེ་བཤད་པ་ན། །གསང་ལྡན་ནམ་སྒོ་དང་པོའི ་ལྷ་ལས་ལ་བཞག་པ་ནི། ལྷའི་དག་པ་དང་མཐུན་པར་ལས་ལ་བཞག་སྟེ། སྔགས་དོན་རྣམ་པར་གཟིགས་པའི་ལྷའི་དག་པ་དང་མཐུན་ནོ། །སྒོ་གཉིས་པའི་གཏི་མུག་སེལ་བ་ནི་རྣམ་པར་སྣང་མཛད་དེ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། སེམས་ཅན ་ཐམས་ཅད་ཀྱི་གཏི་མུག་སྦྱོངས་ཤིག་པའོ། །དེ་བཞིན་དུ་ཞེ་སྡང་དང། འདོད་ཆགས་དང་སེར་སྣ་དང། ཕྲག་དོག་སྦྱོངས་ཤིག་པའོ། །ཡང་ན་སྔོན་གྱི་ལྷ་ཐམས་ཅད་ཀྱི་སྤྲོ་བསྡུ་དྲན་བར་བྱས་པ་ནི་ལས་ལ་སྦྱར་བའོ། །ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ་ཞེས་པ་ནི། མཚམས་སྦྱར་བར་བྱའོ། །དེ་ནས ་སྤྲོས་ཀྱི་ཆུ་དག་ལ། །སྔགས་འདས་པ་ཡིས་བསང་བྱས་ཏེ། །ཕུང་པོས་བསྡུ་པའི་མཆོད་པ་ལྔས། །རིམ་བཞིན་བྱིན་བརླབས་མདུན་བཞག་ནས། །འདི་དག་རིམ་པའི་གོ་རིམས་ཀྱིས། །སེ་གོལ་རིམ་པས་བརྡབ་བྱས་པས། །རིམ་བཞིན་བསྡུ་པའི་ཕྱག་རྒྱ་ནི། །ཛ(རྒྱུད་འགྲེལ་མདུན་ན་མངོན་སུམ་བཞིན་མཐོང་ནས། ས་མ་ཡ་ཛ(རྒྱུད་འགྲེལ་མཆོག་གྲུབ། །དེ་ནས་མཆོད་པའི་བྱེ་བྲག་གིས། །མཆོད་ནས་ཕྱག་བཞི་བྱ་བ་ནི། །དང་པོའི་སངས་རྒྱས་ལ་སོགས་པའི། །གནས་སུ་བྱ་བའི་རིམ་པའོ། །དེ་དག་ནི་ཡོངས་སུ་རྫོགས་པའི་ཆོས་ཀྱི་ཏིང་ངེ་འཛིན་ཏོ། །ཞེས་བྱ་བས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་བསྟན་པ་ཏེ། །དེ་དག་ཡང་སྤྱི་དོན་དབུའི ་སྒོ་ནས་ཤེས་པར་བྱ་སྟེ། །དེ་ནས་སྤོས་ཀྱི་ཆུ་དག་ལ། །སྔགས་ཟླས་པ་ཡིས་བསང་བྱ་སྟེ། །ཕུང་པོས་བསྡུས་མའི་མཆོད་པ་ལྔས། །རིམ་བཞིན་བྱིན་བརླབས་མདུན་བཞག་ནས། །ཞེས་བྱ་བས། མཆོད་པ་བྱིན་གྱིས་བརླབས་པ་སྟོན་ཏེ། །སྤྱིར་སྦྱང་ཞིང་བསྲེག་པ་དང། སོ་སོའི་སྔགས་དར ་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། །སྔོན་བཞིན་ནོ། །འདི་དག་རིམ་པའི་གོ་རིམས་ཀྱིས། །སེ་གོལ་རིམ་པ་བརྡབ་བྱས་བས། །རིམ་བཞིན་བསྡུ་བའི་ཕྱག་རྒྱ་ནི། །ཛ(རྒྱུད་འགྲེལ་དཔའ་བསྡུ་བ་སྟོན་ཏེ། དེ་ཡང་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་རང་བཞིན་གྱི་སངས་རྒྱས་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་མོ། །ས་མ་ཡ་ཛ(རྒྱུད་འགྲེལ་སྟོན་ཏོ། །སྔགས་སྔོན་དུ་འགྲོ་བས། དེ་ནས་བསྟོད་པ་ནི་མཉམ་མེད་མི་གཡོ་འམ་འདུད་ཉི་ཤུས་བསྟོད་པ་བྱའོ། །དེ་ནས་དགུག་པ་དང་བཅིང་བ་དང་མཉེས་པར་བྱ་བ་ནི། །སྒོ་བཞིའི་སྔགས་དང་ཕྱག་རྒྱས་གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་པ་ལ་སོགས་པ་སྟེ ་སྔོན་བཞིན་ནོ། །དེ་ནས་གཙོ་བོའི་སྔགས་རིངས་ལ། །དྲི་ཤྱ་ཞེས་ཀྱང་བརྗོད་བྱ་ཞིང། ། ཧཱུཾ་ཞེས་དང་ལྡན་པར་ནི། །བཞི་ཡིས་རྒྱས་གདབ་དོན་མཆོག་སྒྲུབ་ཅེས་བྱ་བས་ལྷ་ཐམས་ཅད་ནི་ཕྱག་རྒྱ་བཞིས་བརྒྱས་གདབ་པ་སྟོན་ཏེ། དེ་ཡང་ཕྱག་རྒྱས་གདབ་པ་ནི། །ལས་མཆོག་གི་སྐབས་བཞིན ་ཤེས་པར་བྱའོ། །དེ་ནས་མཆོད་པའི་བྱེ་བྲག་གིས་མཆོད་ནས་ཞེས་བྱ་བས་མཆོད་པ་དབུལ་བ་སྟོན་ཏེ། དེ་ཡང་མཆོད་པ་དབུལ་བ་ནི་ཐུན་མོང་གི་མཆོད་པ་རྣམ་པ་ལྔ་དང། ཕྱི་ནང་གི་ལྷ་མོ་བརྒྱད་ཀྱི་མཆོད་པ་དང། བསྒྲུབ་མཆོད་བཅུ་དྲུག་དང། མཆོད་པ་གཞན་ཡང་ཅི་འབྱོར་ཚད་དུ་འབུལ་ལོ ་ཕྱག་བཞི་བྱ་བ་ནི་དང་པོ་སངས་རྒྱས་ལ་སོགས་པའི། གནས་སུ་བྱ་བའི་རིམ་པའོ། །ཞེས་བྱ་བས་ཕྱག་བཙལ་བར་སྟོན་ཏེ། དེ་ཡང་ཕྱག་བཞི་བཙལ་བ་ནི། ཤར་ཕྱོགས་ཀྱི་སྒོ་ནས་རྡོ་རྗེ་རིགས་ཀྱི་ཕྱག་བཙལ་བ་དང། ལྷོ་ཕྱོགས་ཀྱི་སྒོ་ནས་རིན་ཆེ་རིགས་ཀྱི་ཕྱག་བཙལ་བ་དང། ནུབ་ཕྱོགས ་ཀྱི་སྒོ་ནས་པདྨ་རིགས་ཀྱི་ཕྱག་བཙལ་བ་དང། བྱང་ཕྱོགས་ཀྱི་སྒོ་ནས་ལས་ཀྱི་རིགས་ཀྱི་ཕྱག་བཙལ་བ་སྟེ། ལུས་ཀྱི་བཅའ་ཐབས་དང་ཏིང་ངེ་འཛིན་གྱི་རིམ་པ་དང་ཕྱག་རྒྱ་དང་སྔགས་དང་ཕྱོགས་དང་ལྔས་ཤེས་པར་བྱ་སྟེ། སྔོན་བཞིན་ནོ། །དེའི་འོག་ཏུ་བླ་མའི་གདམ་ངག་གི་ཉམས་པ་གསུམ་དང ་བསྙེན་པ་ནི་བསྒོམ་པ་དང། མཚན་བརྗོད་པའི་གསུང་རབ་གདོན་པ་དང་སྔགས་བཟླས་པ་རྣམས་སྟོན་པ་ནི། དེ་ཡང་མཉམ་པ་རྣམ་པ་གསུམ་གྱིས་མཉམ་པར་བསྲེས་ལ། བསྒོམ་བཟླས་བྱ་བ་ནི། ཨོཾ་བཛྲ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་བདག་སྐུ ་གསུང་ཐུགས་རྡོ་རྗེ་མཉམ་པས་མཉམ་པ་ཉིད་དུ་བསམ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་ཧཾ་ཞེས་བརྗོད་པས་ལྷ་ཐམས་ཅད་དང་བདག་རང་བཞིན་གྱིས་རྣམ་པར་དག་པར་མཉམ་པས་མཉམ་པ་ཉིད་དུ་བསྒོམ། ཨོཾ་སརྦ་ས་མོ་ཧཾ་ཞེས་བརྗོད་པས་ལྷ་ཐམས་ཅད་དང་བདག་མེད་པར་མཉམ་པས་མཉམ་པ་ཉིད་དུ་སྒོམ་མོ།། ་དེ་ལྟར་མཉམ་པ་ཉིད་གསུམ་གྱིས་མཉམ་པར་བསྲེས་ལ། ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་ནོ་བར་བསམས་ལ་བསྒོམ་པ་དང། མཚན་དང་སྔགས་ཀྱིས་བཟླས་པ་བྱེད་ན་ཡང་ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་ནོ་བར་བསམས་ལ། བདག་གིས་མཚན་དང་སྔགས་ཀྱིས་བཟླས་པ་བྱས་པའི ་དུས་སུ་ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་བཟླས་པའི་སྒྲ་འབྱུང་བར་བསམ། དེ་ལྟར་བྱས་ནས་རྣམ་པ་ལྔར་འགྱུར་ཏེ། བསྒོམ་པའི་བསྙེན་པ་ལ་དུས་ཀྱི་བསྙེན་པ་དང། མཚན་མའི་བསྙེན་པ་གཉིས་སོ། །བཟླས་པའི་བསྙེན་པ་ལ། དུས་ཀྱི་བསྙེན་པ་དང། མཚན་མའི་སྙེན་པ་དང། གྲངས་ཀྱི་བསྙེན ་པ་དང་གསུམ་མོ། །དེ་ལྟར་བསྙེན་པ་རྣམ་པ་ལྔའོ། །དེ་ལ་སྔགས་ནས་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡེ་གི་ཤྭ་ར་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཏན་ཧཱུཾ། ཨོཾ་བཛྲ་དྷརྨ་ཧཱུཾ། ཨོཾ་བཛྲ་ཀརྨ་ཧཱུཾ། ཨོཾ་བཛྲ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་རཏན་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་དྷརྨ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་ཀརྨ་བཛྲི་ནི་ཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ་ཨོཾ་བཛྲ་ནཱ་ལེ་ཧཱུཾ། ཨོཾ་བཛྲ་གཱི་ཏི་ཧཱུཾ། ཨོཾ་བཛྲ་ནིརྟི་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནདྷེ་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཛཱ། ཨོཾ་བཛྲ་རཱ་ག་ཧོ། ཨོཾ་བཛྲ་སཱ་དྷུ་ས། ཨོཾ་བཛྲ་རཏན་ཨོཾ། ཨོཾ་བཛྲ་ཏེ་ཛ་ཨོཾ། ཨོཾ་བཛྲ་ཀེ་ཏུ་ཏྲཱཾ། ཨོཾ་བཛྲ་ཧཱ་སཱ་ཧ། ཨོཾ་བཛྲ་དྷརྨ་ཧྲི། ཨོཾ་བཛྲ ་ཏཱིཀྵྞ་དྷཱཾ། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ཥ་རཾ། ཨོཾ་བཛྲ་ཀརྨ་ཀཾ། ཨོཾ་བཛྲ་རཀྵྞ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སནདྷི་བཾ། ཨོཾ་བཛྲ་ཨི་ཀུ་ཤ་ཛ:། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སཕོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨ། ཁྱད་པར་གྱི་སྙིང་པོའི་སྔགས་སོ། །ོཾ་བཛྲ་པྲཛྙཱ་ཛྙཱ་ན་མུརྟ་ཡེ་ཏེ་ན་མ:། ཨོཾ་དུ(རྒྱུད་འགྲེལ་ཏེ་ན་མ:། ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མ:། ཨོཾ་ཝཱ་གཱི་ཤྭ་ར་ཡ་ཏེ་ན་མ:། ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མ:། ཨོཾ་ཨ་པ་ར་ཙ་ན་ཡ་ཏེ་ན་མ:། ཐུན་མོང་གི་སྔགས་ཏེ། གོ་བཟློག་པར་ཤེས་པར་བྱའོ། །ོཾ་སརྦ་དྷརྨཱ་བྷ་ཝ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷ་ཏི་མུ་བ་ཏ་ཡ་ཏི། ཨ་ཨཱ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི:། བྷ་ག་ཝཱཾ་ཛྙཱ་ན་མུརྟི་ཝཱ་གཱི་ཤྭ་ར། མཧཱ་པ་ཙ། སརྦ་དྷརྨ་ག་ག་ན། ཨ་མ་ལཱ་སུ་པ་རི་ཤུདྷེ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦབ་ཨ(རྒྱུད་འགྲེལ་སྔགས་དང་ཕྲེང་སྔགས་སོ། །བསྙེན་པ་བསྟན་པའོ། །དེ་ནས་བསྒྲུབ་པ་ལ་འཇུག་པ་ནི། །དེ་ནས་རང་དགའ་ཨི་གནས་ཉིད་དུ། །གཟུགས་བརྙན་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བས་བསྒྲུབ་པའི་གནས་བསྒྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བའི་སྤྱིར ་མདོར་བསྟན་ཏེ། དེ་ཡང་གནས་ནི་ཉམས་དགའ་ཞིང་ཡིད་འཇུག་པ་རྒྱལ་པོ་དང་ཐེག་པ་དམན་པ་ལ་སོགས་པས་དབེན་པར་བྱ་བར་གསུངས་སོ། ས་དེ་གཞུང་བཞིན་སྦྱར་བྱ་དང། །གཟུངས་དང་ལྡན་པ་གཞུང་བཞིན་དུ། །བྱ་བའི་བྱེ་བྲག་གཞན་ན་འོ། །ཞེས་བྱ་བས་སའི་ཆོ་ག་རྒྱས ་པར་བསྟོན་ཏེ། དེ་ཡང་བླ་མས་གསང་བ་སྤྱི་དང་རྩ་རྒྱུད་ཆེན་པོ་ལ་སོགས་པར་སའི་ཆོ་ག་སྤྱི་དོན་བརྒྱད་ཀྱི་ཤེས་པར་བྱ་བ་ནི། ཚེས་གཅིག་ནས་བཅོ་ལྔའི་བར་དུ་གཟའ་སྐར་བཟང་པོ་ལ་ཞུགས་ཏེ། སློབ་དཔོན་སློབ་མའི་སྤྱོད་ལམ་བྱ་བ་ནི། །ཟ་གཅིག་གིས་བསྙུང་བ་དང་དཀར་གསུམ་བཟའ་ ་བ་ལ་སོགས་པའི་སྤྱོད་ལམ་བྱའོ། །གྲོང་ཁྱེར་ཆེན་པོ་འམ་གཙུག་ལག་ཁང་ངམ། ལྷ་ཁང་ལ་སོགས་པའི་ཤར་རམ་བྱང་ཕྱོགས་སུ་བྲི་བར་བྱའོ། །དེ་ནས་ཇི་ཙམ་བྱེད་པའི་དཀྱིལ་འཁོར་གྱི་ས་བཅད་ལ་སའི་ལྟོ་འཕྱེ་བརྟག་པར་བྱས་ལ། ལྟོ་ནས་ས་བརྐོས་དེ་སའི་རོ་ལྔ་སྤངས་པ་དང ་ལྡན་པར་བྱའོ། །སའི་རོ་ལྔ་ནི་སའི་རོ་གསེག་མ་དང། མིའི་རོ་རུས་པ་དང་སྐྲ་ཤད་ཀྱི་དུམ་བུ་དང། རྫའི་རོ་གྱོ་དུམ་དང། ཤིང་གི་རོ་མགལ་དུམ་ལ་སོགས་པ་དང། རྩའི་རོ་ཕུབ་མ་ལ་སོགས་པ་མེད་པར་བྱའོ། །རྒྱལ་པོས་ནི་དཀྱིལ་འཁོར་ཁྲུ་བརྒྱ་ལྔ་བཅུ་པ་ལ་བྱའོ། །བློན་པོ་འམ་བློན་པོ ་ཆེན་པོ་ས་ནི་ཁྲུ་ལྔ་བཅུ་འམ་དེའི་ཕྱེད་ལ་བྱའོ། །སྒྲུབ་པ་པོས་ནི་ཁྲུས་བཅུ་གཉིས་སམ་དྲུག་ལ་བྱའོ། །ས་བརྟག་བ་ནི་ཉིས་འགྱུར་ཚུན་དུ་བརྟག་གོ་།དེ་ནས་ཡུལ་གྱི་རྒྱལ་པོ་དང་བློན་པོ་ལ་སོགས་པ་ལ་སླང་བར་བྱའོ། །སའི་ལྷ་མོ་ལ་སླང་བ་དང། དཀོན་མཆོག་གསུམ་ལ་སླང་བ་དང། ས་བདག་ལ་སོགས ་པ་ལ་སླང་བའོ། །དེ་ནས་ཡིད་ཀྱིས་སའི་ལྷ་མོ་གསེར་གྱི་མདོག་ཅན་ལག་ན་གསེར་གྱི་བུམ་པ་ཐོགས་པ་ཞིག་སའི་འོག་ནས་སྐུ་ཕྱེད་ཙམ་འཐོན་པར་བསམས་ལ། སྤོས་ཆུས་བརླན་པར་བྱས་པའི་ལག་པས་ས་ལ་ལན་གསུམ་རྡབས་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ ་དང་ཁྱད་པར་དང། ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་ནས། སའི་ལྷ་མོའི་ཞལ་ནས་ཁྱོད་ཅི་བདེ་བར་བྲིས་ཤིག་ཟེར་ནས ་སའི་ནང་དུ་ཐིམ་པར་བསམ་མོ། །ཡང་ན་དཀྱིལ་འཁོར་གྱི་དབུས་སུ་མཎྜལ་ཁྲུ་གང་གྲུ་བཞི་པ་ཞིག་བྱས་ལ། དེར་མཆོད་པ་རྣམ་པ་ལྔ་དང་གཏོར་མ་ཆ་གཅིག་བཤམས་ལ། དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་ལྔ་ཕུལ་ཏེ། སྤོས་ཀྱི་སྣོད་ཐོགས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས ་ཏེ། དགོངས་ཤིག་བདག་ལ་སངས་རྒྱས་དང་།སངས་རྒྱས་ཐམས་ཅད་མཆོད་པ་དང། །སེམས་ཅན་རྣམས་ལ་སྨན་སླད་དུ། རྣམ་པར་སྣང་མཛད་ཆེན་པོ་ཡི། །དཀྱིལ་འཁོར་དམ་པ་འབྲི་བར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས་།བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྐད་ཅེས་ལན ་གསུམ་བརྗོད་པས། དཀོན་མཆོག་གསུམ་གྱིས་གནང་བ་བྱིན་པར་བསམ་མོ། །ཡང་གཏོར་མ་ཨ་ཀཱ་རོ་ལ་སོགས་པས་བྱིན་གྱིས་བརླབས་ལ། །དཔུང་པ་བཟང་པོའི་རྒྱུད་ལས་བྱུང་བའི་ཚིགས་སུ་བཅད་པས་གཏོར་མ་བྱིན་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་སྤོས་ཐོགས་ཏེ། ཕྱོགས ་བཅུར་བཞུགས་པའི་ལྷ་ཀླུ་དང། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །ཡང་དག་རྫུ་འཕྲུལ་ཆེར་ལྡན་པའི། །འབྱུང་ལ་གནས་པའི་འབྱུང་པོ་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང། སེམས་ཅན་རྣམས་ལ་ཕན་དོན་དུ། །དམ་པའི་དཀྱིལ་འཁོར་ཆེ ་བྱུང་པ། །ཇི་ལྟར་བསམ་པ་བཞིན་བྲི་ནོ། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །ད་ལྟར་བདག་གིས་ཁྱོད་ལ་ནི། །བཟོད་པར་གསོལ་གྱིས་མ་སླུ་པར། །རྨི་ལམ་ལ་སོགས་མཚན་མ་ཡི། ལེགས་ཉེས་བལྟས་རྣམས་བསྟན་དུ་གསོལ། །ལན ་གསུམ་གསོལ་བ་བཏབ་པས། །ས་བདག་ལ་སོགས་པས་དཀྱིལ་འཁོར་གྱིས་ཤིག་པར་གནང་བ་བྱིན་པར་བསམ་མོ། །དེ་ནས་ཆག་ཆག་དང་སྐྱ་ནུལ་ལེགས་པར་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་ཡུངས་ཀར་གཏོར་ཞིང་བགེགས་སྐྲད་ནས། ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་ཧཱུཾ་ཞེས་བྱ་བ་ལན་གསུམ་མམ། བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པར་བྱའོ། །དེ་ནས་ཞི་བའི་སྦྱིན་སྲེག་གིས། བགེགས་ཉེ་བར་ཞི་བར་བྱའོ། །ཡང་ན་དང་པོར་སའི་པྲ་བརྟག་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱི་པུས་མོ་ནུབ་ཙམ་ལྟེ་བ་ནུབ ་ཙམ་བརྐོས་ལ། དེ་ཡང་གོང་གི་སའི་ལྷ་མོ་ནམ་མཁའ་ལ་ཨོཾ་བཛྲོ་པ་ཏ་ཡ་ཞེས་བརྗོད་ལ་བརྡེག་།དེ་ནས་དོང་གི་ནང་དུ་ཆུས་བཀང་སྟེ། མེ་ཏོག་ཡང་བཅུག་ལ། ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་དངོས་གྲུབ་ཡོད་པར་སྟོན། ཆུ་སྐམས་ན་གཞན་དུ་སྤྲོ་བར་བཤད། དེ་ནས་རྫ་སོ་མ་བཏང་བཞིག་ཏུ་རིན་པོ་ཆེ་སྣ་ལྔ་འབྲུ་ལྔ་དང་སྨན་དང་སྙིང་པོ་དང་སྤོས་དང་ལྔ་བླུག་ལ། དོང་གི་ནང་དུ་གཞུག་གོ་།དེ་ནས་རྐོས་པའི་ས་དེ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཏབ་པའི་སྤོས་ཆུས་བྲལ་བྲུལ་དུ་སྤྲུས་ལ་ནད ་དགང་བར་བྱའོ། །ལྷག་པར་གྱུར་ན་དངོས་གྲུབ་མཆོག་ཡོད་པར་བསྟན། །ཆང་ན་གཞན་དུ་སྤོ། །དེ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པའི་སྤོས་ཆུས་ཆག་ཆག་གདག་འཐས་པར་བཅགས་ལ་མེ་ལོང་གི་རྒྱབ་བཞིན་དུ་བྱས་པ་ནི་ས་ལས་དང་བྱ་བས་སྦྱང་བའོ། །རྡོ་རྗེ་གནོད་སྦྱིན་ནམ་རྡོ་རྗེ ་རྩེ་མོས་བཟླས་པའི་སྤོས་ཆུས་གསང་གཏོར་བྱ་བ་དང། ཞི་བའི་སྦྱིན་སྲེག་བྱས་པའི་ཐལ་བ་དང་ཡུངས་ཀར་གྱི་གཏོར་མ་ནི་སྔགས་ཀྱིས་སྦྱང་བའོ། །ཏིང་ངེ་འཛིན་གྱིས་སྦྱང་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་རྡོ་རྗེ་ཆེན་པོ་ནས་གཞལ་ཡས་ཁང་ལ་ཐུག་པའི ་བར་དུ་བསྒོམས་ལ་སྒོ་བཞི་རྟ་བབས་དང་བཅས་པའི་ནང་དུ་ས་ཆུད་པར་སྒོམ་པར་བྱའོ། །ས་སྦྱང་བའོ། །དེ་ནས་སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས་ས་ཕྱོགས་འདི་ཉིད་དུ་བདག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །ཞེས་བསམ་པ་སྔོན་དུ་བཏང་བ་ནི། ་སེམས་ཀྱི་དབང་གིས་གཟུང་བའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོར་བསྒོམས་ནས། ཏིང་འཛིན་གསུམ་དང་ལྡན་པར་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཨོཾ་བཛྲ་ཏིཀྵྞ་དུ:། བཙྪེ་ད་པྲཛྙཱ་ཛྙཱ་ན་མུརྟི། ཛྙཱ་ན་ཀཱ་ཡ། ཝ་གི་ཤྭ་ར། ཨ་ར་པ་ཙ་ན། ཡ་ཏེ་ན་མ། ཞེས་ཟློས ་ཤིང་འདུག་པ་ཡན་ཆད་ནི། སློབ་དཔོན་གྱི་ཏིང་འཛིན་ནོ། །དེ་ནས་བསྒྲུབ་པའི་གྲོགས་མཆོག་རིགས་བཞིའི་ང་རྒྱལ་དང་ལྡན་པ་བཞིས། ཤར་ཕྱོགས་ཀྱི་སྒོ་ནས། འདུད་ཉི་ཤུས་བསྟོད་དེ། མཚན་བརྒྱ་རྩ་བརྒྱད་འདི་དག་གིས། བདག་ཅག་གིས་ནི་བསྟོད་པ་ཡིས། །ཚུལ་ཆེན་ཡང་ནི་རྒྱས་པར་མཛད། །མགོན ་པོ་ཁྱོད་ལ་གསོལ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བ་ནི་བགེགས་ཚར་གཅད་པར་གསོལ་བ་གདབ་པའོ། །དེ་ལ་མིག་བྱིན་གྱིས་བརླབ་པ་ནི། །གཡས་སུ་མ་ལས་ཉི་མ་གཡོན་དུ་ཊ་ལས་ཟླ་བ། དེ་གཉིས་ཀྱི་སྟེང་དུ་ཧཱུཾ་གིས་མིག་འབྲས་ཚུལ་དུ ་བྱས་པ་ནི་མིག་བརླབ་པའོ། །རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསྒོམས་པ་ནི་རྐང་པ་བརླབ་པའོ། །བདག་ཉིད་རང་གི་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །བདག་པོ་རྡོ་རྗེ་ཆེན་པོར་བདག་།བྱིན་གྱིས་བརླབ ་བ་མི་འདོར་རོ། །རྡོ་རྗེ་ལྟ་བས་ཚར་གཅད་པའི། །མིག་གཡོན་གྱི་ཟླ་བའི་དཀྱིལ་འཁོར་གཡོན་ཕྱོགས་སུ་བསྐོར་བས། བགེགས་ཐམས་ཅད་གསལ་གདབ་པར་བསམ། གཡས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་བསྐོར་བས་བགེགས་ཐམས་ཅད་བསྲེག་པར་བསམ་མོ། །དེ་ནི་རྡོ་རྗེ་ལྟ ་བས་ཚར་གཅོད་དོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ནས་བྱང་ཤར་མཚམས་སུ་བྱིས་པ་གཞོན་ནུ་བཞིན་དུ་མཆོངས་ཏེ་ཕྱིན་ལ། ཁ་ལྷོ་ཕྱོགས་སུ་བལྟས་ལ། དྲིལ་བུ་དཀུར་བརྟེན་ལ་རྡོ་རྗེ་ལན་གསུམ་གསོར་ཞིང་ཚིག་འདི་སྐད་ཅེས་བརྗོད་དེ། རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བྱ་བ། སློབ་མ་ཆེ་གེ་མོ་ཞེས་བྱ ་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་ངས་འབྲི་ཡིས། ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ཡི་དགས་དང། ་ཤ་ཟ་དང་འབྱུང་པོ་དང་བརྗེད་བྱེད་དང་མཁའ་འགྲོ་མ་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང། རིག་སྔགས་འཆང་གྲུབ་པ་དང་རྒན་པོ་དང་རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་དེ་དག་དེངས་ཤིག་།འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག ་གང་དག་མི་འགྲོ་བ་དེ་དག་།དེའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་ཚལ་བ་བརྒྱར་འགས་པར་བྱའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་རྐང་པའི་སོར་མོས་རྡོ་རྗེ་རྩེ་གཅིག་པ་ས་ལ་འབྲི་ཞིང། ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་བསྐོར་བ་ནི་རྡོ་རྗེ་འགྲོས་ཀྱིས་ཚར་གཅད་པའོ། །དཀྱིལ ་འཁོར་གྱི་ཕྱོགས་བཞིར་རྐང་སྟབས་མདུན་དང། ལག་སྟབས་བཞི་བཅུ་རྩ་གཉིས་བྱ་བ་ནི་རྡོ་རྗེ་སྟང་སྟབས་ཀྱིས་ཐམས་ཅད་ཐལ་ཀར་གཅིག་པཱུམ། ཡང་ན་དེ་བས་མང་ཡང་རུང། །ཤར་ཕྱོགས་སུ་གཟུག་པར་བྱ། །བོག་པོར་ཁམ་པ་ལས་བྱས་པ། །སོ་མ་བཏང་བ་དཀར་པོ་བཅུག་།བྱས ་ནས་ཕྱོགས་དང་མཚམས་སུ་ནི། །བརྒྱད་པ་དེ་བཞིན་བདུན་དུ་བཀོད། །པོག་པོར་དགང་དུ་མ་འབྱོར་ན། །ཁམ་པའི་ཕོར་བུའི་ནད་ནས་དབུལ། །དེ་དག་ཀྱང་ནི་མ་འབྱོར་ན། །གཅིག་གཅིག་སྒོར་ནི་བཞག་ནས་དབུལ། །མེ་ཏོག་ཕྲེང་བས་བརྒྱན་པ་ཡི། །རྟ་བབས་དག་ཀྱང་ཕྱོགས་བཞིར་བྱ། ། ་ནས་དང་གྲོ་དང་འབྲུ་རྣམས་ཀྱིས། །མྱུ་གུ་ལེགས་པར་སྐྱེ་བར་དགོད། །དྲིལ་བུ་གདུགས་དང་རྔ་ཡབ་དང། །སྲད་བུ་དག་ཀྱང་ཕྱོགས་བཞིར་ནི། །རྟ་བབས་སོགས་ལས་ཕྱི་རོལ་དུ། །མཛེས་པར་བྱ་ཕྱིར་མཁས་པས་གདགས། །འབྲས་ཡོས་འབྲུ་དང་བཅས་པ་ཡི། །མེ་ཏོག་སིལ་མར ་ཏུ་དགྲམ། །དཀྱིལ་འཁོར་དག་གི་ཕྱི་རོལ་དུ། །ཕྱི་མའི་རི་མོ་སྡུག་གུ་བྲི། །འཇིག་རྟེན་འདི་ན་གྲགས་པ་ཡི། །བཀྲ་ཤིས་ལ་སོགས་གང་ཡིན་རྣམས། །དཀྱིལ་འཁོར་དག་གི་ཕྱི་རོལ་དུ། །ཕྱོགས་བཞི་དག་ཏུ་མཁས་པས་དགོད། །ཡི་གེ་བརྒྱ་པ་ཟླས་པའི་ཆུས། །དབང་ལྡན་གྱི ་ཕྱོགས་ནས་བརྩམས་ནས། །ཕྱི་དང་ནང་དུ་བཅས་ལ་བསང་གཏོར་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱའི?་དབུས་སུ་གཞག་ལ། །ོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བཟླས་བརྗོད་བྱའོ། །དེ་ནས་ཕྱི་དྲོའི་དུས་སུ་གླུ་དང་རོལ་མོའི་མཆོད་པ་རྣམས་དང་མེ ་ཏོག་དང། སྤོས་ལ་སོགས་པ་རྣམས་ཀྱིས་དང་པོའི་འཁོར་ལོ་ཇི་སྙེད་པ་དང། ཅི་འདོད་པ་དེ་བཞིན་དུ་མཆོད་ཅིང་བརྟག་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སེམས་དཔའ་ཨི་སྐུ་གཟུགས་ལུགས་མ་ལ་སོགས་པ་དཀར་པོས་མ་ཡ་སྟཝཾ་ཞེས་བརྗོད་ལ། རང་གི་སྙིང ་པོས་བཞུགས་སུ་གསོལ་ཏེ། ཡང་ན་ཕྲེང་སྔགས་སམ། ཡང་ན་སངས་རྒྱས་ཀྱི་སྙིང་པོ་ཨོཾ་ཧཱུཾ་ཧྲི(རྒྱུད་འགྲེལ་འཁོར་བླང་ལ། དེ་ནས་ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་བཞིན་བསྒོམས་ལ། དེ་ནས་ནམ་མཁའ་ཨི་ལྷ་བསྲེ་བར་བྱ་སྟེ། ཡི་གེ་ཕྱིན་ཅི་ལོག་པས་ཁ་སྦྱར་གྱི་སྦྱོར་བ་གསལ་ལོ། །བར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་རང་གི་དམ་ཚིག་གི་ཕྱག་རྒྱས་བཀུག་པ་ལ་སོགས་པའི་ཚུལ་གྱིས་བཀུག་ལ། བཅུག ་སྟེ། བཅིངས་ནས་དབང་དུ་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་བྱས་ལ། བྱིན་གྱིས་རློབ་ཅིང་མཉེས་པར་བྱས་ནས་བཞག་པར་བྱ་སྟེ། དེ་ནས་མཆོད་པ་རྒྱ་ཆེན་པོ་མདོ་ཀློག་པ་ཡན་ཆོད་བྱས་ལ། སྤྱི་འམ་སོ་སོའི་སྔགས་ཀྱི་བསྙེན་པ་བྱས་ལ་ཕྱིས་འབྱུང་བ་བཞིན་དུ་སློབ་དཔོན་རང་ཉིད ་བཞུགས་ཤིང་དབང་ལྷ་ལ་བླང་ངོ། །དེ་ནས་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བར་བྱ་བར་བསྟན་པའི་ཕྱིར་དཀྱུས་མ་ཉིད་འཁྲུགས་སྡེབ་སྟེ། དེ་ཡང་དེ་ནས་འདིར་དབང་དམ་པར་གསུངས་པ། དབང་སྐུར་མེད་ན་འགྲུབ་པ་མེད། །ཡོན་ཏན་ལྡན་པའི་སྔགས་པ་ཡིས། །འདི་ལ་དབང་བྱིན་ཡོན་ཏན ་འགྲུབ། །ཅེས་བྱ་བས་དབང་ནོས་པའི་ཡོན་ཏན་སྟོན་ཏེ། དབང་བསྐུར་ཞིང་དམ་ཚིག་དང་ལྡན་ན། དངོས་གྲུབ་རྣམ་པ་གཉིས་འཐོབ་པར་ལུང་གིས་བསྟན་པའོ། །དང་པོར་ཁྲུས་བྱས་གོས་གྱོན་ཏེ། རྒྱལ་པོའི་ཆ་ལུགས་འདྲ་བ་དང། །བུད་མེད་ལྟ་བུའི་ཚུལ་ལྡན་པས། །སློབ་དཔོན་བླ་མར་གྱུར་པ ་ལ། །དབང་རྣམས་ནོད་པར་རབ་ཏུ་གསུངས་ཞེས་བྱ་བས། དབང་ནོད་པའི་ཕྱིར་དབང་གི་སྔོན་དུ་སྤྱོད་ལམ་དེའི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པ་སྟོན་ཏེ། དེ་ནས་བཟློས་པ་དང་བསྒོམ་པ་ལ་སོགས་པའི་ཆོ་ག་རྣམས་བྱས་ལ། ཕྱིར་བྱུང་ལ་སློབ་མ་གཞུག་པར་བྱ་སྟེ། །སློབ་དཔོན་དུ་འོས་པའི ་སློབ་མ་ལས་ཐམས་ཅད་པའི་ཆུས་བསངས་ལ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དམར་པོས་སྟོད་གཡོགས་དང། སྨད་གཡོགས་བསྐོན་ལ། ཨོཾ་བཛྲ་ཏིཥྛ་ཧཱུཾ་ཕཊ། ཞེས་མངོན་པར་བསྔགས་ལ ་གོས་དམར་པོ་ལས་བྱས་པའི་གཙུག་ཏོར་དང། སྒོ་སྲུང་བཞིའི་སྙིང་པོ་ཡོངས་སུ་བཟླ་བའི་གོས་དམར་པོས་གདོད་བཅིངས་ལ། ཡོན་གྱི་དམ་པ་དག་ཕུལ་བ་ཡོངས་སུ་བཟུང་སྟེ། དེའི་སྙིང་ཀ་དང་དཔྲལ་བ་དང་ལྐོག་མ་དང་སྤྱི་བོ་རྣམས་རྡོ་རྗེ་དང་རིན་པོ་དང། པདྨ་དང་སྣ ་ཚོགས་རྡོ་རྗེ་ཟླ་བ་སྟེང་དུ་དེའི་ས་བོན་གྱིས་རྣམ་པར་དགོད་པ། ཕྱོགས་བཞི་ནས་སྔོན་བཞིན་ཕྱག་འཚལ་དུ་བཅུག་ལ། དེ་དེ་བཞིན་དུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་ལ། ཕྱི་ནང་གསང་བའི་མཆོད་པ་བྱེད་དུ་ནུས་པར་བྱིན་གྱིས་བརླབ་པར་བསམ་མོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་བཞག ་ལ་དེ་བཞིན་དུ་སྡོམ་པ་བྱིན་ནོ། །ོཾ་སརྦ་བུ་དྷི་ཙིཏྟོཏཔ་ཏཱ་ཡ་མི་ཞེས་བརྗོད་དོ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །སྙིང་པོས་རབ་ཏུ་བཞག་པར་བྱ། །དེ་ནས་སུ་ར་ཏེ་ས་མ་ཡསྟཝཾ་ཧོ། །སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བསྐུལ་ལོ། །དེ་ནས་ས་མ་ཡསྟཝཾ་ཞེས་བྱ་བའི་སྔགས ་ཀྱིས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ཕྱག་རྒྱ་འཆིང་དུ་གཞུག་ཅིང། དེ་བཞིན་དུ་ཕྲེང་བ་འཛིན་དུ་གཞུག་གོ་།དེ་ནས་ས་མ་ཡ་ཧཱུཾ་ཞེས་བརྗོད་ལ་སློབ་མ་ནང་དུ་གཞུག་གོ་།དེ་ནས་འདི་སྐད་ཅེས་ཀྱང་བསྒོའོ། །དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས ་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པའང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག་།དམ་ཚིག་ཉམས་པར་གྱུར་ཏ་རེ། དེ ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱིས་རྡོ་རྗེ་དམ་ཚིག་ཡིན་ཏེ། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང། མནའི་ཆུའི་སྙིང་པོས ་ལན་ཅིག་བསྔགས་ལ། སློབ་མ་འཐུང་ངུ་གཞུག་གོ་།དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། སྙིང་ལ་ཡང་དག་ཞུགས་མཛད་ཀྱིས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ོཾ་བཛྲོ་ཏཥཐ?་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན ་སྲེག་པར་བྱེད། །དམ་ཚིག་སྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲ། །སྐྱེ་བོའི་ཚོགས་ན་འདུག་པ་འམ། །དད་པ་མེད་པ་བརྒད་པར་འགྱུར། །དེ་ནས་སློབ་མ་དེ་ལ་འདི་སྐད་བསྒོ་ཞིག་།དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱིས ་ངས་འདི་གྱིས་ཞེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཁྱོད་འཆི་བའི་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། ཞེས་སྨྲས་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདག་ལ ་འབབ་པར་གྱུར་ཅིག་།ཅེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། འདི་སྐད་དུ་བརྗོད་དུ་གཞུག་གོ་།འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་དབབ་པར་ཤོག་།ོཾ་བཛྲ་ཨ་བེ་ཤ་ཨ་ཞེས ་བརྗོད་དོ། །དེ་ནས་ཕྱག་རྒྱ་བཅིངས་པ་ལས་བྱུང་ནས། །དེའི་སྙིང་ཁར་ཞུགས་ཏེ། རྡོ་རྗེ་སེམས་མ་བབས་པར་གྱུར་པར་བསམས་ན་བབས་པར་འགྱུར་རོ། །ཡང་ན་ཧོ་ཨ་ཧོ་ཞེས་བྱ་བ་རང་གི་སྙིང་ཁའི་ཟླ་བ་ལ་བཀོད་དེ། སེའུ་མེ་ཏོག་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་དང་བཅས་པ་རང་གི་སྙིང་པོ་ལས ་ངེས་པར་ཕྱུང་བ། བཛྲ་བནདྷ་ཏྲཊ་ཞེས་བྱ་བས་དེའི་སྙིང་ཁ་ཕྱེ་ལ། དེར་བཅུག་སྟེ། རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་དེ། བཅོམ་ལྡན་འདས་ཀྱིས་གང་ལས་གྱུར་པར་བསམས་ན་ཡང་འབབ་པར་འགྱུར་རོ། །ཁྲོ་བོའི་ཁུ་ཚུར་བཅིངས་ལ་རྡོ་རྗེ་སེམས་དཔའ་ཕྱེ་ན་ཡང་འབབ་པར་འགྱུར་རོ། །ཐེག་པ་ཆེན་པོ་མངོན ་པར་རྟོག་པའི་རྡོ་རྗེ་ཚིག་ལན་བདུན་ནམ་བརྒྱད་བརྗོད་པས་ཀྱང་འབབ་པར་འགྱུར་རོ། །སློབ་མའི་གཙོ་བོའི་སྙིང་ཁར་རྡོ་རྗེ་བྱ། །ཡི་གེ་བརྒྱ་པས་བརྟན་པོར་བྱས་ནས་ནི། །བདག་ལུས་ཀྱི་ཡིན་སྣོད་ཀྱི་སྒོ་དབྱེ་ཞིང། །སྙིང་ལ་གནས་པའི་རྡོ་རྗེ་དབུས་སུ་བལྟ། །སྔགས་ཀྱི་བདག་པོ་ཡི་གེ་ཨ་དམར་གཟུགས ་བརྗོད་པས་ཡང་དག་ཆགས་པར་གཡོ་བར་ལྟ་ཞེས་པས་སོ། །དེ་ནས་ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལ་ལི་ཏ། བི་ས་ལ་ན་མི་ཏེར། ན་མ་མི་བྷ་ག་ཝཾ་ཛ(རྒྱུད་འགྲེལ་མེ་ཏོག་བབས་པ་ལས་བརྟག་པར་བྱ་སྟེ། ལྷ་རྣམས་ཀྱི་ཁྱད་པར་དང། གནས་ཀྱི་ཁྱད་པར་ལས་བརྟག་པར་བྱ་སྟེ། གང་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི། །དབུ་ལ་མེ་ཏོག་བབས་གྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་དག་།འགྲུབ་པར་འགྱུར་བར ་གདོན་མི་ཟ། །ཞལ་དུ་བབས་ན་འགྲུབ་པར་འགྱུར། །སྟོད་དུ་བབས་ན་མཆོག་རྣམས་འགྲུབ། །རྐེད་དུ་བབས་ན་འབྲིང་རྣམས་འགྲུབ། །རོ་སྨད་ཕྱོགས་སུ་བབས་ན་ནི། །དངོས་གྲུབ་ཕལ་རྣམས་འགྲུབ་པར་འགྱུར། །བར་གྱི་སྐུ་ལ་བབས་ན་ནི། །སྙིང་པོ་ལ་སོགས་འགྲུབ ་པར་འགྱུར། །སྨད་དུ་བབས་པར་གྱུར་ན་ནི། །མངག་གཞུག་ལ་སོགས་འགྲུབ་པར་འགྱུར། །རིམ་པ་དེ་དག་ཐམས་ཅད་ནི། །རིགས་བཞི་རྣམས་ལས་ཤེས་པར་བྱ། །དེ་བཞིན་ལྷ་རྣམས་གཞན་ལ་ཡང། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་གཟུགས ་དག་ལས། །མེ་ཏོག་རིང་དུ་ལྟུང་གྱུར་ན། །དེ་ནི་དངོས་གྲུབ་ཡུན་རིང་འགྱུར། །ཉེ་ན་དངོས་གྲུབ་མྱུར་དུ་འགྲུབ། །གསང་སྔགས་རྣམས་ཀྱི་མཆོད་པ་དག་།གང་དུ་འགྲམ་པ་ཚུན་ཆོད་ནི། །དེ་ཡི་ས་ཡི་དེ་ཡིན་ཏེ། །མེ་ཏོག་དེར་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་བར་དག ་ཏུ། །གལ་ཏེ་མེ་ཏོག་བབས་གྱུར་ན། །གང་དུ་ཉེ་བར་གྱུར་པ་ནི། །དེ་ནི་དེ་ཡི་རིགས་སུ་བཤད། །གལ་ཏེ་ལ་ལའི་མེ་ཏོག་ནི། །དཀྱིལ་འཁོར་མང་པོ་འདས་ནས་བབས། །དེ་ལ་དངོས་གྲུབ་ཕལ་འགྲུབ་ཅིང། །དེ་ནི་དད་པ་རབ་ཏུ་ཆུང། །གལ་ཏེ་མེ་ཏོག་བོར་བདག ་ར་བའི་རི་བོ་ལ་བབ་ན། །ཞི་བའི་བྱ་བས་དེ་ནས་སྡོད། །ནན་ཏན་བསྐྱེད་དེ་མདོར་དུ་གཞུག་།དེ་སྟེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་འདེས་ཏེ་འདོར་མི་གཞུག་།དེ་ནི་གང་ཡང་ངེས་མེད་པས། །དེ་ནི་དངོས་གྲུབ་འཐོབ་མི་འགྱུར། །གཉིས་ཀྱི་བར་དུ་མཉམ་པ་དང། །དོན་མེད ་ཕྱི་རོལ་ལྷུང་ན་ནི། །ཞི་བའི་སྦྱིན་སྲེག་བྱས་ནས་སུ། །དེ་ནས་མེ་ཏོག་འདོར་དུ་གཞུག་།སྙིང་པོར་མེ་ཏོག་བབ་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །སྲད་དུ་དག་གི་ཆོ་ག་བཞིན། །དེ་ཡི་ཉེན་འཁོར་ཤེས་པར་བྱ། །དེ་ལ་སོགས་པའི་རྣམ་པ་ཡི། །མེ་ཏོག་རྣམས་ནི་བོར ་པ་ལ?། །བདག་གི་མདུན་དུ་གང་ལྷུང་ནི། །དེ་ལ་ཞི་བ་བསམ་པར་བྱ། །སྦྱིན་སྲེག་གིས་ནི་ཞི་བྱས་ནས། །དེ་ནི་སླར་ལ་མདོར་དུ་གཞུག་།ལན་གསུམ་སོགས་ཏེ་བོར་ན་ཡང། །གལ་ཏེ་ལེགས་པར་མ་བབས་ན། །རེ་ཐག་ཆད་དེ་སླར་གཏང་ངོ། །དེ་ནས་མེ་ཏོག་བབས་པ་ལས། །ལྷ་ཡང ་ཡང་དག་པར་ཤེས་པར་བྱས་ནས། ཕྲེང་བ་བླངས་ཏེ། ཨོཾ་པྲ་ཏི་གྲིཧྣ་སྭ་མི་མཾ། །སཏྭཾ་མ་ཧཱ་བ་ལ་ཞེས་བརྗོད་ནས། །དེའི་མགོ་ལ་བཅིང་ངོ། །ཡེ་ཤེས་བབས་པའི་མཚན་མ་ལས། །ཉེ་བར་མཚོན་ནས་དེ་ལ་མིག་གིས་ཅི་མཐོང་ཞེས་དྲིས་ཏེ། །དེ་ཇི་ལྟར་མཐོང་བ་བཞིན་དུ་འགྲུབ་པར་འགྱུར་རོ།། ་གལ་ཏེ་དཀར་པོ་སྣང་བ་མཐོང་ན་ནི། །དེ་ལ་དངོས་གྲུབ་མཆོག་སློབ་བོ། །གལ་ཏེ་སེར་བོ་མཐོང་ན་ནི། །དེ་ལ། དོན་འབྱུང་བའི་ཡེ་ཤེས་བསླབ་པར་བྱའོ། །གལ་ཏེ་དམར་པོ་མཐོང་ན་དེ་ལ་རྗེས་སུ་ཆགས་པའི་ཡེ་ཤེས་བསླབ་བོ། །འོན་ཏེ་ནག་པོར་མཐོང་ན་དེ་ལ་མངོན་སྤྱོད་ཀྱི་ཡེ་ཤེས་ཀྱི་སླབ་བོ།། ་གལ་ཏེ་སྣ་ཚོགས་པར་མཐོང་ན། །དེ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་རྒྱ་ཆེར་སྦྱར་རོ། །དེ་ནས་སྙིང་པོ་འདིས་གདོང་གཡོགས་བཀྲོལ་ཏེ། ཨོཾ་བཛྲ་སཏྭ་ཡ་ཡནྟེ་ཏྱ། ཙཀྵུ་གྷ་ཏ་ན་པ་རོདགྷ་ཏ་མ་ཏི། སརྦ་ཀྵོ་བཛྲ་ཙཀྵུ་མ་ནུཏྟ་རཾ། དེ་ནས་ཧེ་བཛྲ་པཱ་ཥྱ་ཞེས་བརྗོད་དོ།། ་དེ་ནས་གདོང་གཡོགས་བཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན་པར་བྱ། །དེ་ནས་བླ་མ་དགར་གྱུར་ནས། །སློབ་མ་དེ་ལ་འདི་སྐད་བསྒོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ ་ཕུན་སུམ་དངོས་གྲུབ་ཀྱང། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། །མི་མཉམ་མེད་པར་ཟུར་བཞི་སྙོམས། །དྲན་དང་དབང་པོ་སྒོ་བཞི་སྟེ།། ་བསམ་གཏན་རྣམས་ཀྱི་རྟ་བབས་བཞི། །ཏིང་འཛིན་ཁྱམས་སུ་ཤེས་པར་བྱ། །ཁྱམས་ལས་བདེན་པའི་རྡོ་རྗེ་དང། །གཟུགས་རྣམས་ལྷ་མོས་མཆོད་པ་ཡིན། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱ་བསྐྱོད་པ་སྣ་ཚོགས་མཆོག་།དར་འཕན ་དྲིལ་བུ་སྒྲོགས་པ་ཡིས། །མེ་ལོང་ཡེ་ཤེས་རྟག་མི་རྟོག་།བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག་།ཉི་མ་ཟླ་བ་ཡང་དག་ལྡན། །ཀུན་འགྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་པའོ། །དེ་ནི་ནང་གི་དཀྱིལ་འཁོར ་གྱི། །ཀ་བ་དཀྱིལ་འཁོར་བརྒྱད་པ་ཡི། །དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །མདོ་སྡེ་འཁོར་ལོ་བསྐོར་བས་ན། །རྡོ་རྗེ་ཐིག་གིས་ཡོངས་གདབ་ཅིང། །ཐམས་ཅད་དུ་ཡང་ཡོངས་སུ་རྫོགས། །གང་དུ ་འཇུག་པ་ཙམ་གྱིས་ནི། །མི་ཚུགས་པ་དང་མི་ལྡོག་དང། །བདེ་བ་ཆེན་པོ་རབ་འགྲུབ་ཕྱིར། །དེ་དག་དག་པར་ཡང་དག་འགྱུར། །དེ་ནས་ཕྱག་རྒྱ་དང་སྙིང་པོ་ཡང་བཤད་པར་བྱའོ། །དེ་ནས་རྡོ་རྗེ་འབེབས་པ་ནས་བརྩམས་ཏེ། མགོན་པོ་རྣམ་སྣང་གི་བར་བསྟན་པར་བྱའོ། །། ་དང་པོ་སྡིག་པ་སྲེག་བྱས་ནས། །དེ་ལ་དབབ་དང་དྲལ་བ་བྱ། །དེ་དག་ཀུན་གྱི་རིམ་པ་ཡང། །རྩ་བའི་རྒྱུད་ལས་གསུངས་པ་ལྟར། །འདིར་ནི་དེ་དག་བྱ་བ་ཡིན་ཞེས་བྱ་བས། དབང་བསྐུར་བའི་སློབ་མ་རྒྱུད་དག་པར་བྱ་བའི་ཕྱིར་སྡིག་པ་སྲེག་པ་ནི་ཏིལ་གྱི་སྲེག་བླུགས ་སྡིག་པ་བསྲེག་པའི་སྔགས་དང་ཆས་པའི་རྒྱ་རྩ་བརྒྱད་ཀྱིས་ཞི་བའི་སྦྱིན་སྲེག་བྱས་ལ། །དེ་ནས་ཐལ་མོ་དམ་དུ་བསྡམས་ལ་སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏེ། རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །བཛྲཱ་ཉྫ་ལི་ཞེས་བྱ་བ་རྡོ་རྗེ་ཐལ་མོའི་སྔགས་སོ། ་བཛྲ་བནདྷ་ཞེས་བརྗོད་ཅིང་སློབ་མའི་སྙིང་ཁར་ལན་གསུམ་དྲལ་བར་བྱའོ། །དེ་ནས་ཡེ་ཤེས་དབབ་པ་ནི། བཛྲ་ཨ་བེ་ཤ་ཨ་ཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལ་ཨ་ཨ་ཞེས་བྱ་ཨ་བརྒྱས་སློབ་མ་ལ་དབབ་པར་བྱའོ། །མཆོད་པའི་ལན་དང་སྦྱིན ་པ་དགེ་ཞེས་བྱ་བས། སློབ་མས་སློབ་དཔོན་ལ་མཆོད་པ་རྣམ་པ་ལྔ་དབུལ་བ་བསྟན་པའོ། །སྦྱིན་པ་དང་ཞེས་བྱ་བས་དབང་བསྐུར་བའི་སྔོན་ཡོན་བཞིན་དུ་སློབ་དཔོན་ལ་དབུལ་བ་བསྟན་པའོ། །རིམ་པ་དང་ལྡན་པས་དབང་བསྐུར་ཏེ། །དེ་ནས་དེ་ལ་ཆུ་དབང་བསྐུར། །གཞན ་ཡང་ཕྱག་རྒྱའི་དབང་དང་ནི། །ཅོད་པན་དར་དཔྱངས་རྡོ་རྗེ་དང། །བདག་པོ་མིང་ལ་སོགས་པ་དང། ཞེས་བྱ་བས་རིག་པའི་དབང་ལྔ་དང། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་དང་དྲུག་བསྐུར་བར་བསྟན་པ་ནི། གང་དུ་མེ་ཏོག་བབ་པར་གྱུར་པ་དེའི་རིགས། དང་གཟུགས་སུ་བསྐྱེད་ལ། དེའི་ཕྱག་རྒྱ་དང ་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། སྙིང་པོ་འདི་དང་རྡོ་རྗེ་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་དབང་བསྐུར་རོ། །ོཾ་བཛྲཱ་བྷི་ཥིཉྩ། དེ་ནས་དེ་དང་རྗེས་སུ་མཐུན་པའི་ཅོད་པན་དང། དར་དཔྱངས་ཀྱིས་དབང་བསྐུར་བ། །རང་གི་མཚན་མའི་དབང་བསྐུར་བ་ལག་ཏུ་བྱིན་ཏེ། མཚན ་མ་དང་རྗེས་སུ་མཐུན་པར་སྔགས་འདིས་བརྗོད་པར་བྱའོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་དབང། །དེ་རིང་ཁྱོད་ལ་བསྐུར་བར་འགྱུར། །སངས་རྒྱས་ཀུན་ཏུ་དབང་བསྐུར་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། །རང་གི་མཚན་མས་བདག་པོའི་དབང་གི་སྙིང་པོ་འདིས་སྦྱིན་པར་བྱ་སྟེ། ་ཨོཾ་བཛྲཱ་དྷི་པ་དྷི་སྟཝཾ་མ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟཝཾ། དེ་ནས་སྙིང་པོ་འདིས་དྲིལ་བུ་སྦྱིན་པར་བྱའོ། ། ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨ་དྱ་ནུཏཔ་ནྣ་ཏྭཱཏ། དེ་ནས་སྙིང་པོ་འདི་རྡོ་རྗེ་མིང་གིས་དབང་བསྐུར། ཨོཾ་བཛྲ་སཏྭ་སྟཝ་མ་བྷི་ཥིཉྩ་མི། བཛྲ་ནཱ་མཱ་བི་ཥེ་ཀ་ཏ། ཀྱེ་རྡོ་རྗེ་ཞེས ་གང་གིས་མིང་གང་བརྗོད་པ་དར་སྐྱེ་ཞེས་བརྗོད་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བས་ལག་ཏུ་རྡོ་རྗེ་བྱིན་ལ། །ོཾ་སརྦ་ཏ་ཐཱ་ག་ཏ་སདྡྷི་བཛྲ ་ས་མ་ཡ། ཏིཥྛཻ་ཥ་ཏྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་སོ། །དེ་ནས་ཕྱག་རྒྱ་ཆེན་པོའི་ཚུལ་དུ་བཞག་ལ། སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། སྔགས་ཀྱིས་བསྐུལ་བའི་ཚིག་བརྒྱ་རྩ་བརྒྱད་བཟླས་པའི་སྔགས་བྱིན་ལ། ཕྱག་རྒྱ་བཞིའི་ཡེ་ཤེས་བཟླས་པར་བྱ་བ་ནི ་རིག་པའི་དབང་བསྐུར་བའོ། །སློབ་མས་ཀྱང་རྡོ་རྗེ་ཐལ་མོ་སྐོར་བ་བྱས་ལ་ཕྱག་བྱ་སྟེ། ཕྲེང་བ་བཅིངས་པ་ལ་སོགས་ཐམས་ཅད་བཟུང་བར་བྱའོ། །རིག་པའི་དབང་བསྐུར་བའི་ཆོ་གའོ།། །།དབང་རྣམས་རྫོགས་ནས་དབང་བྱིན་པ། །གསང་བའི་དབང་དང་ངེས ་པའི་དབང། །རིམ་པ་བཞིན་དུ་རབ་ཏུ་བསྐུར། །དེ་ནས་བཀྲ་ཤིས་བརྗོད་བྱ་ཞིང། །ཞེས་བྱ་བས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་སྟོན་ཏེ། དེ་ཡང་དེ་ནས་སློབ་དཔོན་དུ་འོས་པའི་སློབ་མས་ཡོན་བཟང་པོ་ཕུལ་ལ། །གསོལ་བ་གདབ་པར་བྱ་སྟེ། ། ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོག་ཆེན་གསོལ་མཛད་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དང་བདག་གསོལ། །སློབ་དཔོན་རྣམ་པར་སྣང་མཛད་ཆེན་པོ་ཉིད་དུ་གྱུར་པས། ཤར་ཕྱོགས་ཀྱི་སྒོའི་མཐར་སྣ་ཚོགས་པདྨ་བྲིས་ལ། །སློབ་མ ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ལ། རྡོ་རྗེ་སེམས་མ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། དབང་བསྐུར་བར་བྱའོ། །ཡང་ན་དཀྱིལ་འཁོར་ལས་གྲུ་གསུམ་ཙམ་ཡོངས་སུ་དོར་བར་དབང་བསྐུར་བའི་སྒོ་ལ་མངོན་པར ་ཕྱོགས་པར་བྱས་པར་ནང་གི་དཀྱིལ་འཁོར་གྱི་བྱེད་ཀྱི་ཚད་ཙམ་ལ། ཟུར་བཞི་པ་ལ་སྒོ་ནུབ་ཕྱོགས་སུ་བལྟས་བའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་ལ། །དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས། དེའི་སྟེང་དུ་སེང་གེའི་གདན་ཟླ་བའི་སྟེང་དུ་དཀྱིལ་འཁོར ་རས་ཀྱིས་བཀབ་པ་དང་སེངྒེའི་སྟན་གྱི་སྟེང་དུ་བླ་རེ་བྲེ་ཞིང་གཡས་ལོགས་དར་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་རྩེ་མོ་དཀར་བ་དང། དམར་བ་ལ་གཙུག་ཏོར་གདུགས་དཀར་པོས་ཡོངས་སུ་བཟླས་ལ། གཡོན་དུ་དར་དང། རས་སྣ་ཚོགས་པས་བཀྲ་བའི་ཨེ་རྒྱལ་མཚན་དང་བ་དན་ཨོཾ་ཡོངས་སུ་བཟླས་པའི་ལེགས་པར་བཞག་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། རྔ་བོ་ཆེ་དང་རྔ་རིངས་དང། དུང་ལ་སོགས་པའི་རོལ་མོ་ཕྱག་རྒྱས་བྱིན་གྱིས་བརླབ་པ་དང། ཕྱིའི་གར་དང་གླུ་ལ ་སོགས་པ་དང། སྒེག་མོ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་ཅིང། དྲིལ་བུ་དཀྲོལ་བཞིན་དུ་རྡོ་རྗེ་འབེབས་པ་ལ་སོགས་པའི་ཆུ་རྣམས་ཀྱིས་དེའི་སྔགས་གདོན་པ་སྔོན་དུ་འགྲོ་བ་ཉིད་དང། རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུ་དབང་བསྐུར་བར་བྱ་སྟེ། ཨོཾ ་བཛྲཱ་བྷཱི་ཥིཉྩ་ཞེས་བྱ་བ་དང་ཇི་སྲིད་པར་རྣམ་པར་རྒྱལ་བའི་བུམ་པའི་བར་དང། དབང་བསྐུར་རོ། །དེ་ནས་དེའི་མགོར་ཡང་འཇམ་པའི་རྡོ་རྗེའི་སྐུ་གཟུགས་དེའི་དམ་ཚིག་གིས་ཕྱག་རྒྱས་གཟུངས་ལ། ཨོཾ་མཧཱ་སུ་ཀ་བཛྲ་སཏྭ་ཛཛ(རྒྱུད་འགྲེལ་འཛིན་པ་ཆེན་པོའི་སློབ་དཔོན་དུ་འགྱུར་རོ། །ཤེས་རབ་ཡན་ལག་འདུས་པའི་རྡོ་རྗེ་ལས་བྱུང་བའི། བྱང་ཆུབ་སེམས་ཀྱིས་འཇམ་དབྱངས་བྱང་ཆུབ་བདེ་དབང་བསྐུར། །རྒྱལ་མཆོག་སྲས་བཅས་རྣམས་ཀྱིས་ལགས་གསུང་ངེས་བཀྲ་ཤིས་གང། དེ་ནི་ཁྱོད་ཀྱི་དབང་བསྐུར་མཆོག ་ལ་བཀྲ་ཤིས་ཤོག་།སངས་རྒྱས་ཀུན་གྱི་ནམ་མཁའ་ཨི་ཁམས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །ཕྱི་རོལ་དྲི་སོགས་དམ་ཚིག་གིས། །སྤྲིན་ལྟར་བརྟུལ་ཞུགས་ཅན་གྱིས་བསྒོམ། །ཡང་ན་རྡོ་རྗེ་དབྱིངས་ཀྱི་ནི། །ཏིང་ངེ་འཛིན་གྱི་རྡོ་རྗེ་བསྒོམ། །དམ་ཚིག་མཆོག་གིས ་བུམ་པ་ཡང། །འཛིན་པར་མཁས་པས་བསྒོམ་པར་བྱ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །དེ་ཚེ་དེ་ལ་དབང་བསྐུར་བ། །རྫོགས་སངས་རྡོ་རྗེ་ལྷ་མོ་རྣམས། །རང་ཉིད་གསོལ་བར་མཛད་པར་འགྱུར། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང ་ནས་?་དབང་བསྐུར་བྱ་སྟེ། ཨོཾ་ཛ(རྒྱུད་འགྲེལ་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སྔགས་བརྗོད་པར་བྱའོ། །མེ་ཏོག་མའི་གཟུགས་ཀྱིས། །མེ་ཏོག་གིས་གཏེར་ལ། དེང་ཚུན་ཆད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞེས་པས། མཆོད་ན་ཁྱེད་མཆོད་པ་ཡན་ལག་རྫོགས་ཤིང ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་བྱས་པའི་སྐུར་མཛའ་བར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་བདུག་པ་མའི་གཟུགས་ཀྱིས་བདུག་པས་བདུགས་ལ་འདི་སྐད་ཅེས་བརྗོད་དོ། གང་གིས་སེམས་ཅན་ཐམས་ཅད་ཚིམ་པར་འགྱུར་བའི་དེ་བཞིན་གཤེགས ་པ་ཐམས་ཅད་མཁྱེད་ལ་བདུག་པར་འཚལ་བར་འགྱུར་རོ། །དེ་ནས་མར་མེ་མའི་གཟུགས་སུ་མར་མེ་ཉེ་བར་བསྟན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་རྡོ་རྗེ་ཆོས་དང་འདྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ལ་ཡང་དག ་པར་འབར་བས། མ་རིག་པས་ཁེབས་པའི་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བས་སྣང་བ་བྱེད་པར་འགྱུར་རོ། །དེ་ནས་བྱུག་པ་མའི་གཟུགས་ཅན་གྱི་བྱུག་པས་བྱུགས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཚུན་ཆད་ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་དང། འཇིག་རྟེན་ཐམས་ཅད་དུ་ཡང་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ལ་སོགས་པའི་དྲིའི་རྒྱུན་སྟེར་བར་འགྱུར་རོ། །དེ་ནས་ཧོ་ཞེས་བྱ་བས་གཞུ་བྱིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ། ཕྱོགས་བཞིར་མདའ་བཞི ་འཕེན་དུ་གཞུག་ཅིང་སྟེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ། དེ་ནས་ཤ་དྷ་བྷཉྫ་ག་བྱིན་ལ། འདིས་དངོས་གྲུབ་ཐམས་ཅད་དང་ཉེ་བར་སྤྱོད་པ་ཐམས་ཅད་སྤྲུལ་པ་ཉེ་བར་ལོངས་སྤྱོད་ཅིང། གཞན་དག་ལ་ཡང་བྱིན་ཅིག་།དེ་ནས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་ཀྱི་དབུས ་སུ་བཞག་ཅིང། དུང་ཡང་ལག་པ་གཡས་པར་བྱིན་ཏེ་ཆོས་ཀྱི་འཁོར་ལོ་དང་སྨྲ་བ་གཉིས་ཀྱི་ཆོས་ཀྱི་ཡི་གེ་དང། ལྷན་ཅིག་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་བ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཅིག་།དི་རིང་ཕན་ཆད་འཇིག ་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས་ཀུན་ཏུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོག་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པ་ཚུལ་གྱིས་མཆོག་།འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས ་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཀུན་ཏུ་ཁྱོད་ལ་སྲུང་བར་བྱེད། །དེ་ནས། འཇིག་རྟེན་ཀུན་ལ་ཕན་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེ་འཁོར་ལོ་བསྐོར ་བར་གྱིས། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།རྡོ་རྗེ་རིགས་ཀྱི་བདག་པོའི་རྡོ་རྗེ་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ནོར་བུའི་འཁོར་ལོ་རབ་ཏུ ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།རིན་པོ་ཆེའི་རིགས་ཀྱི་བདག་པོ་རིན་པོ་ཆེའི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། ། ་པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།པདྨའི་རིགས་ཀྱི་བདག་པོ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག་ཅེས་བརྗོད་དོ། །དེ་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །ཇི་ལྟར་འདུལ ་པ་རྣམས་ཚོགས་པའི། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།ལས་ཀྱི་རིགས་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། ། ་ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་སྐྱོར་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་སློབ་མས་རྡོ་རྗེ་སེམས་དཔར་བསྒོམས་ལ་དེ་བཞིན ་དུ་བཞག་སྟེ། གཟེངས་བསྟོད་པས་ནི་དངོས་པོ་ཀུན། །སངས་རྒྱས་ཀུན་གྱི་བདག་ཉིད་དེ། །རྡོ་རྗེ་མིང་དབང་བསྐུར་བས་ཀྱང། །དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །ོཾ་ང་ཡིས་འདི་ལྟར་ཁྱོད་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། ་དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བསྟན་ནོ། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ། །སིདྡྷི་ས་མ་ཡསྟྲཾ་བྷུརྦྷུ་སྭ། གཟེངས་བསྟོད་པས་ནི་འདི་ཡིན་ཏེ། །གཡོན་པའི་ཁུ་ཚུར་སྙིང་ཁར་བཞག་ལ། །གཡས་པ ་མི་འཇིགས་པ་སྦྱིན་ཏེ། འདིས་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་གས་ལུང་བསྟན་པར་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཛིན་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་འཁོར་དང་བཅས་པ་ཐམས་ཅད་རང་གི་དབང་གིས་སློབ ་དཔོན་དང། མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། འདི་ལྟ་སྟེ། འདི་ཉིད་ཀྱང་གཟེངས་བསྟོད་པའི་ཕྱག་རྒྱ་ཆེན་པོས་མཆོག་ཏུ་གསང་བའི་དངོས་གྲུབ་མཆོག་འགྲུབ་པའི་བྱིན་བརླབས་དང། གསང་སྔགས་འདིའི་སྟོབས་ལ་དད ་པར་བྱའོ་ཞེས་བརྗོད་པར་བྱའོ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་ལ། །མཐོང་བ་དང་ནི་བཞུགས་པ་ཡིས། །སྲིད་པ་ཀུན་ལས་རྣམ་གྲོལ་བར། །ཁྱོད་ནི་དི་རིང་གནས་པ་ཡིན། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་གསོད ་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །སློབ་མ་གུས་པས་བླ་མ་ཡི། །རྐང་པ་གཉིས་ལ་ཕྱག་བྱས་ཏེ། །དེ་ནས ་ཇི་སྐད་གསུངས་པ་ཀུན། །རྗེས་སུ་གྲུབ་པར་ཁས་བླང་ངོ། །དེ་ལྟར་དམ་བཅས་བྱས་ནས་ནི། །ཆོ་ག་འདི་ཡིས་རང་ཉིད་ཀྱིས། །རྡོ་རྗེ་རྩེ་མོ་ལྔ་ལ་ནི། །བླངས་ནས་ཀྱང་ནི་དེ་ལ་སྦྱིན། །འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའ་ཨི་ལག་ན་འདུག་།ཁྱོད་ཀྱིས་ཀྱང ་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བསྟན། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛཻ་ཥ་ཏྭཾ་དྷ་ར་ཡ་མི། བཛྲ་སཏྭཾ། ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དོ། །དེ་ནས། འདི་ན་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཡང ་བྱང་ཆུབ་རྡོ་རྗེ་རྒྱལ་བས་གསུངས། །ཞེས་བརྗོད་ལ་དྲིལ་བུ་སྦྱིན་ནོ། །དེ་ལྟར་དབང་བསྐུར་བྱས་ནས་ནི། །དེ་ནས་སར་བའི་གོས་རྣམས་བསྐོན། །མེ་ཏོག་དྲི་ལ་སོགས་པས་མཆོད། །མཆོད་ཕྱིར་གདུབ་བུ་བཅད་བར་བྱ། །དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས ་ཀྱང་གཟུགས། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག་།གདུགས་དང་བཅས་པ་སྒོ་ཕྱོགས། །སྤྱི་བོ་བཏུད་ཕྱག་འཚལ་གཞུག་།སློབ་མ་འདི་ནི་ཕུལ་བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །མཁན་པོས་དེ་སྐད་སྨྲས་ནས་སུ།། ་གདུགས་བཞག་ནས་ནི་སློབ་མ་དེ། །ལག་པར་ལེགས་པར་བླངས་ནས་སུ། །དེ་ནས་འདི་སྐད་བསྒོ་བར་བྱ། །དེ་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀུན་གྱིས་དཀུར་བར་འགྱུར། ། ་སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོག་བཞིན། །ནན་ཏན་སྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཁྱོད་ཀྱིས་ཆོས་ལ་སེར་སྣ་དང། །སེམས་ཅན་རྣམས་ལ་མི་ཕན་པ། །ཉམས་པ་ཆེན་པོར་འགྱུར་ཀྱང་ནི། །བུ་ཁྱོད་ཀྱིས་ནི་མི ་བྱའོ། །དེ་ནས་བཀྲ་ཤིས་བརྗོད་བྱ་ཞིང། །ཞེས་བྱ་བས་དབང་བསྐུར་ཟིན་ནས་བཀྲ་ཤིས་བརྗོད་པར་བྱ་སྟེ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདྲ་བའི་སྤྱན་མངའ་བ ་བཀྲ་ཤིས་དེ་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས ་ལྡན་ཐོབ་པའི་བཀྲ་ཤིས་ཕྱུག་།མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ།། །།རྒྱལ་བ་བཞིན་དུ་གྱིང་བཅས་པས། །གཡོག ་དང་ལྡན་པས་སློབ་དཔོན་ལ། །ལན་གསུམ་བསྐོར་བས་ཚིགས་བཅད་ཀྱིས། །བླ་མ་དེ་ནི་གཟེངས་བསྟོད་བྱ། །ཀྱེ་བདག་ནི་རིམ་པས་དབུགས་བྱུང་སྟེ། །མྱ་ངན་འདས་པའི་ལམ་ལ་དགོད། །ས་ལ་ངེས་པར་དབང་བསྐུར་ཏེ། །ཤིན་ཏུ་གཟི་ལྡན་བཀྲ་ཤིས་མཆོག་།ཅེས་བརྗོད་པས ་གཤེགས་སུ་གསོལ། །དེ་ནས་རང་ཡང་ཁྱིམ་དུ་འགྲོ། ཁྱིམ་དུ་བྱིན་ནས་འཁོར་དག་ལ། །སློབ་དཔོན་འདི་ནི་དམ་ཚིག་པས། །བདག་ཀྱང་དམ་ཚིག་མཆོག་དང་ལྡན། །འདི་ལ་རིམ་གྲོ་ཕུན་སུམ་ཚོགས། །རྟ་དང་གླང་པོ་ནོར་དང་འབྲུ། །རིན་པོ་ཆེ་དང ་ཅི་བཞེད་པ། །ཁྱེད་ཅག་ང་ལ་མ་འདྲི་བར། །སློབ་དཔོན་འདི་ལ་དེ་ཕྱིར་ཕུལ་ཞེས་བྱ་བས། བླ་མ་ལ་ཡོན་དབུལ་བ་དང། །དཀྱིལ་འཁོར་གྱི་ལྷ་གཤེགས་ཤིང། །སྤྲུལ་པ་རང་བསྡུ་བ་དང། །ཚོན་ཕྱག་ཅིང་དཀྱིལ་འཁོར་གྱི་རྫས་ལ་སོགས་པ་ཇི་ལྟར་བྱ་བའི་རིམ་པ ་བསྟན་པ་ནི། དེ་ནས་བླ་མའི་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བ་རྨོ་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང། །རང་སྲོག་གིས་བརྟགས་བརྟེན་བྱ་ན། །ལོངས་སྤྱོད ་གཡོས་པས་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་དང་རྩོད་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་ཁྱོད་ཀྱིས་དམ་ཚིག་སྲུངས། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ ་འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་མཆོག་དག་གིས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །དེང་ཁྱོད་སྐྱེ་འབྲས་བཅས་ཏེ། །གང་འདིར་ལེགས་པར་གནས་པས་ན། །དམ་ཚིག་ལྷ ་རྣམས་ཀུན་དང་མཉམ། །རང་བྱུང་དུ་ཡང་དེ་སྐྱེས་སོ། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེས་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཏེ། དེ་ཉིད་ཐོབ་པར་ཐེ་ཚོ་མེད། །དེ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་ལེགས་པར་བསྟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ཅིང་བཟོད་པར་གསོལ་ལ། ཉི་མ་འཆར་བའི་དུས་སུ ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། གྱེན་དུ་བཀྲོལ་ཏེ་སྙིང་པོ་འདི་བརྗོད་པར་བྱའོ། །ོཾ་ཀྲི་ཏོ་ལ་སཏྭནཝཱ། སིདྡྷ་མ་བྷི་དྭ་མ་ཐཱ་ནུ་ག་ཏ། གཙྪ་ཏྭི་བ?་བི་ཤི་ཡཾ། སུ་ན་ར་བ་མ་ན་ཡ་ཏུ། བཛྲ་སཏྭ་མུ་དེ། མི་བསྐྱོད་པ་ལ་སོགས་པའི་སྤྲུལ་པའི་དཀྱིལ་འཁོར་རྣམས་ནི། ཛ(རྒྱུད་འགྲེལ་ཞེས་བྱ་བས་རང་གི་ལུས་ལ་ཉེ་བར་བསྡུ་བར་བྱའོ། །དེ་ནས་སྙིང་ཁ་ནས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རང་གི་དབང་བསྐུར་བའི་གནས་ན་འདུག་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་བ་བཅིངས་ལ། གོ་ཆ་བཅིང་བ་སྙིང་པོ་འདིས་བྱ་སྟེ། ཨོཾ་བཛྲ་རཏན་བྷི་ཥཾཉྩ། ་སརྦ་མུ་ཊ་མེ་དྲི་ཊཾ་ཀུ་རུ་པ་ར་ཀ་བ་ཅེ་ན་བཾ། གོ་ཆའི་མཐར་ཕྲེང་བ་བཅིང་བ་བགྲོ་བ་ལ་ཐལ་མོ་སྦྱར་ཏེ། བདག་ཉིད་མཉམ་པའི་ཐལ་མོས་དགྱེས་པའི་སྙིང་པོ་འདིས་བྱའོ། །ོཾ་བཛྲ་ཏུ་ཥྱེ་ཧོ། ཡི་གེ་བརྒྱ་པ་བརྗོད་ལ། རྡོ་རྗེ་དགའ་བས་ལགས་སོ་ཞེས་བྱ་བ་བྱིན་དེ། ལེགས་སོ་རྡོ་རྗེ ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །ཐེག་པ་ཆེན་པོ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང། །ཐེག་པ་ཆེན་པོ་མདོར་བསྡུས་པའི། །མདོ་འདི་ཡང་ནི་ལེགས་པར་བཤད། །ོཾ་བཛྲ་ཀཱི་ལི་ཀཱི ་ལཱ་ཡ། སརྦ་བི་གྷཱི་བཛྲ་དྷཱ་རཱ་ཉྫ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཞེས་བྱ་བས་ཕུར་བུ་སྟོན་པ་འོ་མས་བཀྲུའོ། ། ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏཔནྣ་ཏྭཏ་ཞེས་འདིས། ཚོན་རྩི་ལ་རྣམ་པ་བསྡུས་ལ་འབད་བས། །ཆུ་ཀླུང་ཆེན་པོར་དོར་བར་བྱའོ། །དེ་ནས་གནས་ཀྱང་བ་གླང་གི་ལྕི ་བས་ཉེ་བར་བྱུགས་ལ། བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགའ་བར་ནི་སྦྱིན་བར་བྱ། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མ་སྦྱིན་ནོ། །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུས་ནས་ནི། །སློབ་མ་རྣམས་ལ་བགོར་མི་རུང ་དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་བཤད། །གལ་ཏེ་སློབ་མས་སྤྱོད་ན་ནི། །དམ་ཚིག་ལས་ནི་ཉམས་བར་འགྱུར། །གང་ཞིག་སྤྱོད་པར་མི་འདོད་ན། །དེ་ཡི་ཆོ་གའི་གོ་རིམ་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །དེ་དག་ཆོས ་བཞིན་དུ་དབུལ། །གདུགས་དང་རྔ་ཡབ་དྲི་ལ་སོགས། །སང་རྒྱས་ཉིད་ལ་དབུལ་བར་བྱ། །གདན་དང་འདུག་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་སྣོད་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལ་ནི ་སློབ་མ་ཡིས། །ཅུང་ཟད་ཙམ་ཡང་མི་བསྐུར་རོ་དགེ་འདུན་མེད་ན་དགེ་སློང་སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་བསྙེན་དག་ལ་སྦྱིན་པར་བྱ། །དེ་ནས་དེ་ཡི་ཕྱེ་དེ་ཉིན། །ཉེས་བྱས་ལྷག་མ་ཞི་བྱའི་ཕྱིར། །མཁས་པ་ཡི་ནི་ཞི་བ་ཡི ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །སློབ་མས་བདག་ཞི་བྱའི་ཕྱིར། །སྤྱན་ལ་སོགས་པའི་གསང་སྔགས་དང། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱམས་པ་ཆེན་པོའང་བསྒོམ་པར་བྱ། །ཉེས་བྱས་ཐམས་ཅད་ཞི་བྱའི་ཕྱིར། །དེ་ན་ཞི་བ་ཆེན་པོར་བྱ། །དེ་དག་ནི་གཞུ ་ཅིང་དབང་བསྐུར་བའི་རིམ་པའོ།། །།གཞན་ཡང་སྦྱིན་སྲེག་བྱེད་པ་ན། །ལས་བཤད་དེ་དག་བཞག་ལ་མིན། །བདག་གི་ལས་དང་གཞན་དག་སྟེ། །ཤི་དང་གསོན་གྱི་ལས་སུ་བསྟན། །ཞེས་བྱ་བས། །བདག་དོན་དང་གཞན་དོན་དུ ་སྦྱིན་སྲེག་བྱ་ལ་སྤྱིར་མདོར་བསྟན་པའོ། །དེ་ཡང་ཤི་དང་གསོམ་གྱི་ལས་སུ་བསྟན། །ཞེས་བྱ་བས་གཞན་དོན་བྱ་བ་ཁྱད་པར་དུ་མདོར་བསྟན་པའོ། །དེ་ལ་བདག་གི་ལས་བསྟན་པ་ཞེས་བྱ་བ་ནས། དེ་ན་བདག་གི་དོན་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །ཞེས ་བྱ་བའི་བར་གྱིས་བདག་གི་དོན་བྱ་བར་སྦྱིན་སྲེག་བསྟན་པའོ། །དེ་ཡང་དབུ་གསུམ་ལས་ལྷ་རྣམས་སྐྱེད་ཅེས་བྱ་བས་ཡིག་འབྲུ་དང་ཕྱག་མཚན་དང་ལྷ་བསྐྱེད་པ་སྟེ། ཆོ་ག་གསུམ་ལ་བྱའོ། །དེ་ལ་ཨ་ཡིག་བྱིན་བརླབས་ཏེ། ཞེས་བྱ་བས་ལྷའི་བྱིན་གྱིས་བརླབས་པ་སྟེར ་དབུལ་ཨོཾ་མགྲིན་པར་ཨཱ(རྒྱུད་འགྲེལ་པ་གཞན་དང་གཞན་བཞིར་འདིར་བྱ་བར་གསུངས་པའོ། །གཞན་དོ་བྱ་བའི་རིམ་པ་ཡང། །ཤི་དང་ན་བ་གཉིས་ཡིན་ཏེ། ཞེས་བྱ་བས། གཞན་དོན་བྱ་བས་མདོར་བསྟན་པའོ། །དེ་ལ་ན་བའི་ལས་བྱ་བ་ཞེས་བྱ་བ་ནས། ན་བ་ལས་ཐར་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས ་གང་དག་བགེགས་ལ་སོགས་པ་རྣམས་ཀྱིས་ན་བ་ལ། ཞི་བའི་སྦྱིན་སྲེག་གིས་ཞི་བའི་ལས་བྱ་ལ། གང་དག་ཞི་བར་མ་གྱུར་པ་རྣམས་ལ་དྲག་པོའི་སྦྱིན་སྲེག་གིས་ལས་བྱ་ཞེས་པའི་དོན་ཏོ། །དེ་ནས་ཤི་བ་ལ་ཕན་པའི་གདགས་པའི་རིམ་པ་འབྱུང་སྟེ། རོའི་སྔོན་དུ་བྱ་བའི་ཆོ་ག་དང། ་རོ་སྟ་གོན་ལ་གནས་པ་དང། རོའི་སྦྱིན་སྲེག་ཆེན་པོས་སྦྱང་བ་དང། གསུམ་གྱི་རིམ་པ་སྟོན་ཏེ། དཀྱུས་དཀུགས་པའི་ཕྱིར་གསལ་བར་བྱ་བ་ནི། དེ་ནས་ཤི་ལ་ཕན་གདགས་ན། དང་པོར་གནོད་པའི་བགེགས་གསལ་ནས། །རོ་ལ་ཕན་པའི་ཆོ་ག་ནི། །ཕན་པའི་གནོད་སྦྱིན་ཆུས ་བཏབ་ལ། །དང་པོར་བཀྲུ་བའི་ལས་ཡིན་ནོ། །དེ་ནས་རྣམ་རྒྱལ་ཆུས་བཀང་བའི། །བུམ་པས་བཀྲུས་ཏེ་བགེགས་བསྐྲད་ལ། །དེ་ན་དེ་ལ་བསྲུང་བར་བྱའོ། ། ཡིས་ཀུན་ཁྱབ་སྤྱི་སྟེངས་བསམ། །ལྷག་འགྱུར་ལྷ་ནི་སྔོན་བཞིན་བསམ། ། ལ་ཡེ་ཤེས་ལྔ་ཡིས ་གང། །དེ་ནས་ཨ་ཡི་སྤྲོ་བསྡུ་བྱ། །དེ་ན་གང་ཤི་དེ་ཉིད་ལ། །མིག་ལ་ཨ་ཨ་ཞེས་བརྗོད་དེ། །དེ་ནི་སྔོན་གྱི་ཆོ་གའོ། །ཞེས་བྱ་བས། རོའི་སྔོན་དུ་བྱ་བའི་རིམ་པ་ནི། །དང་པོར་གནོད་པའི་བགེགས་བསལ་ཏེ། །གང་ཞེ་ན་སྣང་ལ་བདེན་པ་བདར་བ་ནི། །དཀོན ་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་དང། རིག་སྔག་དང་གསང་སྔས་དང་སྙིང་པོ་དང་ཕྱག་རྒྱ་དང། ཏིང་ངེ་འཛིན་དང། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས ་ཚེ་འདས་པ་འདི་ལ་གསོན་གྱི་དུས་སུ་རྙས་བྱེད་པ། གཤིན་གྱི་དུས་སུ་གཅགས་བྱེད་པའི་བགེགས་དང་ལོག་འདྲེན་གང་དག་ཡོད་པ་དེ་དག་ཐམས་ཅད་སྐད་ཅིག་ཀྱང་མ་གནས་པར་དེངས་ཤིག་ཅེས་བྱས་ལ། ཡུངས་ཀར་བརྡེག་ཅིང། ཧཱུཾ་བཞི་བའི་སྔགས་བཟླས་པར ་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་བཀྲུས་ལ་བགེགས་ཀྱིས་མི་ཚུགས་པར་བསམ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་བཀྲུས། སྒྲིབ་པ་ཐམས་ཅད་དག་པར་བསམ། །དེ་ནས་རོའི་སྤྱི་བོའི་སྟེང་དུ་ཨ་བསམས་ལ། ་དེ་གྱུར་པ་ལས་ཁོ་ན་རང་གི་ལྷག་པའི་ལྷ་རུ་བསྐྱེད། དེ་ནས་ཡང་སྙིང་ཁར་ཨ་བསམས་པ་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་ཕྲོས་པས་རོ་ཡི་ཤེས་ལྔ་དང་ལྡན་པར་གྱུར་པར་བསམ། དེ་ནས་རོའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་བོར་ཟླ་བའི་སྟེང་དུ ་ཨོཾ་དཀར་པོ་བསམ། མགྲིན་པར་ཟླ་བའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་པའི་མིང་འདི་ཞེས་བྱ་བ་ཁྱོད་འདི་ནས་ཤི་པའི་དུས་བྱས་ནས། ངན་སོང་གསུམ་ལ་སོགས་པ་འགྲོ་བ་གང་ན་འདུག་ཀྱང་རུང། སྐད་ཅིག་གིས་འདིར་ཁུགས་བར་གྱུར་ཅིག་།དེ་ནས་སྔགས་བརྗོད་པ་ནི། ཨོཾ་སརྦ་བིཏ་སརྦ་པཱ་པཾ་ཨཱ་ཀཎཱ་ཡ། ཧཱུཾ་ཛ(རྒྱུད་འགྲེལ་ཞེས་བརྗོད་ཅིང་སྙིང་ཁ་ནས་འོད་འཕྲོས་པ་ལས་ཁུགས་པར་བསམ་མོ། །ཛ(རྒྱུད་འགྲེལ་དྲང་བར་ནི། འགྲོ་བ་རིགས་དྲུག་ནི་སྙིང་པོས་འགྲོ་བས་རིས་རུག་ནས་རེའི་ཤེས་པ་དྲང་བ་ནས་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བསམ་མོ། །དེ་ན་གཏང་བར་བྱ་བའི་མཚོན་ཆའི་བྱེ་བྲག་རོ་ལ་དབུལ་བ་དང། མེ་ཏོག་གི་ཆར་དབབ་པའོ། །དེ་དག་ནི་སྔོན ་དུ་བྱ་བའི་རིམ་པའོ།། །།དེ་ནས་གནས་པའི་ཆོ་ག་བཤད། །ཤི་བ་དཀྱིལ་འཁོར་དབུས་བཞག་སྟེ། །ཞག་ལྔ་སློབ་དཔོན་སྙུང་གནས་ཏེ། །བགེགས་བསྐྲད་ལ་སོགས་བྱས་ནས་ནི། །འཁོར་ལོས་ལྷ་རྣམས་མདུན་སམ་སྟེ། །ཕྱག་འཚལ་སྤྲོ་སྐྱེད་ལ ་སོགས་བྱ། །དེ་ནས་ཚིག་འདི་ཆེད་རྗོད་བྱ། །དེང་དུས་བདག་ཚེ་འབྲས་བུ་ཡོད་།བདག་གི་གསོན་པ་འམ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པ་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །མི་ལྡོག་པར་ནི་བདག་གྱུར་ཏེ ་དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུལ་བའི་མཆོག་ཡིན་ནོ། །དེ་ནས་སྦྱོར་བའི་ཏིང་འཛིན་དང། །རྒྱལ་མཆོག་ལ་སོགས་བསྒོམ ་བྱ་སྟེང། །བསྒོ་དབྱེ་ལ་སོགས་གནས་འདིར་བཤད། །དེ་ནས་སྤོས་ཐོགས་ལ། སྤྱན་དྲང་ཚིག་འདི་བརྗོད་པར་བྱ། །ཀྱེ་དབང་བསྐུར་དེས་སྟེ་བླ་ན་མེད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས།། ་འདི་ལ་ཕན་གདགས་དོན་ཆེད་དུ། །གནས་འདིར་སངས་རྒྱས་ཀུན་གཤེགས་ཏེ། །འདི་ལ་དབང་ནི་སྩལ་དུ་གསོལ། །དེ་རྗེས་གསང་སྔགས་འདི་བརྗོད་བྱ། ། ཨ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་མཱ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ(རྒྱུད་འགྲེལ་འབྲས་བུ་འབྱིན་པའི་སངས་རྒྱས་ཀྱིས། །ཤི་ལ་ཕན་གདགས་དོན་ཆེད་དུ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །དེས་ནི་གསོལ་བ་གདབ་བྱས་ནས། །ཕྱོགས་བཅུའི་སངས་རྒྱས་ནམ་མཁའ་ལ། །མངོན་སུམ་འདྲ་བར་གང་བར་བསྒོམ། །དེ་ནས་ཕྱོགས་བཅུའི་རྒྱལ་བ་དང། ་དང་པོར་སངས་རྒྱས་ལ་སོགས་པ། །ནམ་མཁའ་གང་བར་འདི་བཞེས་ལ། །དེང་བདག་འདུས་པའི་མཆོག་ཡིན་ཏེ། །དེ་ན་ཏིལ་གྱིས་དེ་ལ་ནི། །བསྐོར་ཏེ་སྦྱིན་སྲེག་དབུལ་བར་བྱ། །ཤི་བ་སྟ་གོན་ལ་གནས་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བས། རོ་སྟ་གོན་ལ་གནས་པ་བསྟན་ཏེ། ་དེ་ཡང་དེ་ནས་རོ་སྟ་གོན་ལ་གནས་པ་ནི། །ཤིན་ཏུ་དབེན་པའི་གནས་སུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་བྱས་ལ། ལྷ་རྣམས་ཀྱི་གནས་སུ་མེ་ཏོག་གི་ཆོམ་བུ་བཀོད་དེ། །དབུས་སུ་ཁྲི་བྱས་ལ་རས་བཟང་པོ་ལུག་གཅིག་གིས་དཀྲིས ་ཏེ། །དེའི་སྟེང་དུ་རོ་བཞག་ལ་རྡོ་རྗེ་སློབ་དཔོན་གྱིས་དཀར་གསུམ་བཟའ་ཞིང་ཟ་གཅིག་པའི་སྨྱུང་བ་བྱས་ལ། རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གསུམ་དང་ལྡན་པར་བསྒོམས་ནས། །དེ་ནས་ཡང་སྔོན་བཞིན་རོའི་བགེགས་བསྐྲད་ལ། དེའི་འོག་ཏུ་རྡོ ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་ནམ་མཁའ་ལ་སྤྲུལ་ལ། ཕྱག་དང་མཆོད་པ་དང་བསྟོད་པ་ཡན་ཆོད་སྔོན་བཞིན་བྱས་ལ། དེའི་འོག་ཏུ་ཚིག་འདི་བརྗོད་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །དེ་བདག་འདུས་པ་མཆོག་ཡིན་ནོ། ། ་ཞེས་པའི་བར་ཏེ། དེ་ལྟར་ཞག་ལྔའི་བར་དུ་ཉིན་ཞག་རེ་ལ་མཐུན་བཞིའི་སྦྱོར་བས་ལྷ་ལ་མཆོད་པ་དང་རོལ་ཡུངས་ཀར་རམ་བྱེ་མས་བྲབ་ཅིང་སྔགས་རིང་གི་བཟླས་པ་བྱའོ། །དེའི་འོག་ཏུ་ནམ་མཁའ་ལ་བཞུགས་པ་གཤེགས་སུ་གསོལ་ལ། དེ་ནས་ཞག་ངའི་ནང ་བར་སློབ་དཔོན་གྱིས་ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་བཞིན་བསྒོམས་ལ། དེ་ནས་སྤོས་ཐོགས་ལ་སྤྱན་དྲངས་ཚིག་འདི་བརྗོད་པ་བྱ། །ཀྱེ་དབང་བསྐུར་ངེས་ཏེ་བླ་ན་མེད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མ་ལུས་བདག་ལ་དགོངས་སུ ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །འདི་ལ་ཕན་གདགས་དོན་ཆེད་དུ། །གནས་འདིར་སངས་རྒྱས་ཀུན་གཤེགས་ཏེ། །འདི་ལ་དབང་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བསམ་མོ། །དེ་ནས་ཞ ་དྲུག་པ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞི་བའི་ཐབས་བཅས་ཏེ། །ཏིལ་ནག་པོས་སྡིག་པ་སྦྱང་བའི་སྦྱིན་སྲེག་བྱའོ། །དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བའི་ཕྱིར་འདུད་ཉི་ཤུས་བསྟོད་པའོ། །དེ་དག་ནི་རོ་སྟ་གོན་ལ་གནས་པའི་ཆོ་གའོ།། །། ་དེ་ནས་སྔོན་གྱི་སྦྱོར་བ་ཡིས། །ཆོ་ག་རྣམས་ནི་དཔྱད་པར་བྱ། །དང་པོའི་ཆོ་གའི་རིམ་པ་ནས། །འཁོར་ལོ་རིམ་པ་འདིར་གསུངས་ཏེ། །ཕ་རོལ་ཕྱུང་སྟེ་གཏོར་མ་སྦྱིན། །དེ་ནས་ཁྲུས་བྱས་མཆོད་པའི་ཚོགས། །མ་ལུས་པར་ནི་འདིར་བཤད་དོ། །དེ་ནས་ཕྱིའི་རིམ་ལྡན་པས། །སྔགས་པ་? ་གོས་ལྡན་པ་ཡིས། །ཤིན་ཏུ་བསྒྱིངས་པས་བརྒྱན་བྱས་ཏེ། །ཞག་བདུན་ནད་པར་སྦྱིན་སྲེག་བྱ། །མི་ཉིད་ཤི་བའི་གནས་བྱས་ཏེ། །ཤི?་ལ་ཕན་པའི་དཀྱིལ་འཁོར་ལྡན། །གཞལ་ཡས་ཁང་ལ་དེ་འདྲ་བ། །འདི་ལ་གསུངས་ཏེ་གཞན་དུ་མིན། །འདི་ལྟར་གསུངས་པའི་ཆོ ་ག་ནི། །བདག་གིས་རང་གཟོར་མ་བྱས་ཏེ། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་དང། །ཆོ་ག་འདུས་པའི་རྒྱུད་ལས་ཏེ། །དེས་ན་འདིར་ནི་འོས་པ་ཡིན། །འདི་ནི་ཤི་བའི་ཆོ་གའོ། །ཤི་བ་ལ་ཕན་གདགས་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བས། རོ་སྦྱིན་སྲེག་ཆེན་པོས་སྦྱང་བ་སྟེ། དེ་ཡང་དེ ་ནས་ཞག་??་དཀྱིལ་འཁོར་ཆེན་པོར་སྦྱང་བའི་ཕྱིར། སློབ་དཔོན་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། །དང་པོར་གཏོར་མ་གཏད་ལ། །དེ་ནས་སའི་ཆོ་ག་དང་ཐིག་གི་ཆོ་ག་དང། །རྡུལ་ཚོན་བྲི་བ་ལ་གཞུང་བཞིན་དུ་བྱ་ལ། །དཀྱིལ་འཁོར་གྱི་དབུས་སུ་སྲེག་ཁང་གཅིག་པ་དང ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་དགོད་པ་དང། རྒྱན་དགོད་པ་དང། མཆོད་པའི་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཀུག་ལ། །དེ་ནས་རོ་སྲེག་ཁང་དུ་དྲངས་ཏེ། སྲེག་ཁང་ལ་ལན་གསུམ་བསྐོར་ལ་ཤར་ཕྱོགས་ནས་ནང་དུ་གཞུག་།དེ་ནས་སློབ་དཔོན་གྱིས་དང་པོའི ་སྦྱོར་བའི་ཏིང་འཛིན་ནས་གཟུང་སྟེ། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཡན་ཆད་བསྒོམས་ལ། །དཀྱིལ་འཁོར་གྱི་མཆོད་པ་རྫོགས་པར་བྱས་ཏེ། དེ་ནས་རླུང་གཡབ་ཀྱི་མེ་སྦར་ལ་མེའི་སྤྲ་བརྟག་སྟེ། དམ་ཚིག་གི་མེ་ལྷ་བསྐྱེད་བ་དང། མཚན་ཉིད་ཀྱི་མེ་ལྷ་སྤྱན་དྲང་བ་དང། ་མདུན་གྱི་ནམ་མཁའ་ལ་བསྟོད་པ་དང། དགུག་གཞུག་བཅིང་བ་དང་ཕྱག་རྒྱས་གདབ་བ་དང། བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང་མཆོད་པ་དང། སྲེག་རྫས་ཕུལ་བ་ཡན་ཚོད་བྱས་པ་ནི་མེ་ལྷ་ནི་མཆོད་པའོ། །དེ་ན་མེ་ལྷའི་ཐུགས་ཁར་ཡི་གེ་ཧཱུཾ་ལས་ཕོ་བྲང་རིམ ་པ་གསུམ་དང་ལྡན་པའི་གཞལ་ཡས་ཁང་བསྒོམས་ལ་ཐབ་ཏུ་མེ་ཏོག་རེ་དོར་ཞིང། གཟུགས་བརྙན་གྱི་དཀྱིལ་འཁོར་ནས་མེ་ལྷའི་ཐུགས་ཀར། རེ་མོས་སམ་དུས་གཅིག་ཏུ་སྤྱན་དྲངས་ཏེ། །སྲེག་རྫས་རྣམས་དབུལ་བར་བྱའོ། །དེ་ནས་མཇུག ་གི་ཆོ་ག་ནི། བཟོད་པར་གསོལ་བ། དགེ་བའི་རྩ་བ་བསྔོ་བ་དང། ཕྱག་རྒྱ་དགྲོལ་ཞིང་ཡེ་ཤེས་གཤེགས་པ་དང་སྐྱེད་པ་སྙིང་ཁར་བསྡུ་བ་དང་ཕུར་བུ་གདོན་ཞིང་ཕྱོགས་སྐྱོང་གོས་བ་དང། མཆོད་རྫས་ལ་སོགས་པ་བསྡུ་བ་དང། སྨན་མ་དང་རྡུལ་ཚོན་ཕྱགས་ལ ་གདུགས་དང་རྒྱལ་མཚན་ལ་སོགས་པས་སྤྱན་དྲངས་ལ། ཆུ་བོ་ཆེན་པོར་ངོར་བར་བྱའོ། །དེ་ནས་བའི་རྣམ་པ་ལྔས་སྐྱང་ནུལ་བྱས་ལ་ཐིག་ལེ་ལ་སོགས་པ་མི་མཐོང་བར་བྱས་ལ། དཀྱིལ་འཁོར་གྱི་ཐོག་ཏུ་སྤྱན་གཟིགས་དང་སྡེར་བཟང་ལ་སོགས་པ་བཞག་ནས་བཀྲ ་ཤིས་བརྗོད་ལ། །སློབ་མ་མགུ་བར་བྱའོ། །དཀྱིལ་འཁོར་དུ་ཕུལ་བའི་ཡོ་བྱད་རྣམས་ནི་སློབ་དཔོན་བཀྱེར་བར་བྱའོ། དེ་དག་ནི་ངན་སོང་ནས་དྲང་བའི་ཆོ་གའོ། །བྱང་ཆུབ་ཀྱི་ལམ་ལ་དགོད་པ་ནི་གཉིས་སུ་ཤེས་པར་བྱ་སྟེ། དཀྱིལ་འཁོར་དུ་གཞུག་པ་དང། དབང་བསྐུར ་བའོ། དེ་ནས་ཕྱི་དེ་ནང་པར་རམ་ཞག་གསུམ་ན་ཡང་རུང་སྟེ། རུས་པའོ་མས་དཀྲུས་ལ་དཀྱིལ་འཁོར་བཀོད་པའི་རྒྱུད་ཆེན་པོ་འམ་བྱེ་མ་ལ་ཨུཥྞི་ཥའི་གཟུངས་རྒྱུད་ཆེན་པོ་ནས་བྱུང་བ་བཞིན་དུ་ཚ་ཚ་བཏབ་ལ། ཚ་ཚ་དང་པོ་བཏབ་པ་དང་མིང་བྱེད་ལ། ཡིད་ཀྱི་དཀྱིལ་འཁོར ་དུ་གཞུག་པ་དང། དབང་བསྐུར་བར་བྱ་བའམ། ཡང་ན་སློབ་མ་གསོན་པོ་ཇི་ལྟར་འཇུག་པ་ལྟར་དཀྱིལ་འཁོར་དུ་གཞུག་པ་དང། རིག་པའི་དབང་བསྐུར་བ་དང། སློབ་དཔོན་དུ་དབང་བསྐུར་བ་དང། རྗེས་སུ་གནང་བ་དབང་བསྐུར་བའོ། །དེ་ནས་དེ་ལ་ལམ་བསྟན་བྱ། །ཚོགས་བདག ་དགེ་བའི་དོན་ལ་སྦྱར་ཞེས་བྱ་བས་ཤི་བའི་ལམ་བསྟན་བར་བྱ་སྟེ། སློབ་དཔོན་གྱིས་མེ་ཏོག་གཅིག་གྱེན་ཏུ་འདས?་ཏེ། སོད་ཅིག་སང་ཅིག་རིགས་ཀྱི་བུ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ ་མདོར?་ན་ལམ་ནི་དེ་རྣམས་སུ། །ཞུགས་ནས་བྱང་ཆུབ་འཐོབ་གྱུར་ཅིག་།ཅེས་བྱའོ། །དེ་ནས་ཤི་བའི་དོན་དུ་སྦྱིན་གཏོར་རྒྱ་ཆེན་པོ་བྱ་སྟེ། ཆ་ཚ་གཤེགས་སུ་གཞུག་གོ་།རོ་སྦྱིན་སྲེག་ཆེན་པོས་སྤྱད་བའོ། །དེ་ཡང་ལུང་ལས་རྡོ་རྗེ་དྲིལ་བུ་ལག་པར་སྦྱིན། །མགོ་ལ་དབུ་རྒྱན་བསྐོན་བར་བྱ། །རྡོ་རྗེ་སྡོམ་པ་རྣམས ་བྱིན་ཏེ། །བུམ་པའི་དབང་བསྐུར་རྣམས་བྱིན་ལ། །མིག་སོགས་རྡོ་རྗེ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་གྱིས། །འདུ་བྱེད་རབ་ཏུ་བྱ་བར་བསྟན། །ཉི་མ་གསུམ་ནི་ཡོན་པ་ན། །རུས་པའི་ཕྲེང་བ་བསྡུས་བྱས་ལ། །དྲི་དང་འོ་མས་བྲན་ནས་ནི ་དེ་ཡིས་མཆོད་རྟེན་དུ་བྱ་བའོ། །ཞེས་གསུངས་སོ། །དེ་མཐར་དེ་ཉིད་རྟག་བསྒོམ་དང་ཞེས་པ་ནས། རིམ་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱི་གོང་ཐམས་ཅད་ཀྱི་རིམ་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་སྟོན་ཏོ། །སྤྱིར་ཆོ་གའི་རིམ་ཐམས་ཅད་ཟིན་ནས་ཐུན་མཚམས་སམ། ཐུན་ལ་མི་འཇུག་ཀྱང ་རུང་སྟེ་།ཡེ་ཤེས་པ་གཤེགས་ཤིང། དེ་ནས་གཞལ་ཡས་ཁང་ལྷ་ལ་བསྡུ་བ་དང། ལྷ་ཐམས་ཅད་གཙོ་བོ་ལ་བསྡུས་ལ་ཡིག་འབྲུ་བསྒོམ་མོ། །ཡིག་འབྲུ་ནི་ཐམས་ཅད་ཀྱི་ངོ་བོ་ཨ་སྟེ། ཨ་སྟོང་པ་ཉིད་ལས་སྐད་ཅིག་མས་ལྷར་དྲན་པར་བྱས་ནས་དགེ་བའི་ལས་རྣམས ་བྱང་བར་བསྟན་པའོ། །དེ་ནས་འཁོར་ལོ་སྟན་པར་བྱ་ཞེས་བྱ་བ་ནས། ཤེས་རབ་འཁོར་ལོར་གྲགས་པ་ཡིན་ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་འཁོར་ལོ་བསྒོམ་བ་སྟན་པ་སྟེ། དཀྱུས་ཉིད་གསལ་པའི་ཕྱིར་མ་དཀྲོལ་ལོ། །དེ་ཡང་ཤིན་ཏུ་ཟབ་པ་དང། བླ་མ་ལ་རག་ལས་པའི་མན ་ངག་སྟོན་ཏེ་དེ་ཡང་དང་པོར་བདག་ཉིད་ཁམས་དང་ཟས་སྙོམས་བར་འདུ་འཛི་སྤངས་ལ་གནས་བསམ་གཏན་གྱི་ཚེར་མ་མེད་པར་སྐྱིལ་ཀྲུང་བཅས་ལ། ལག་པ་གཡོན་གྱི་སྟེང་དུ་གཡས་བཞག་ལ་ཕང་བར་བཀན་ཏེ། སྒལ་བའི་སྟེང་དུ་སྒལ་བ་བཞག་ལ་མིག་སྣ་གོང་དུ་བར ་ལ་སོ་འབྱར་ལ་མ་རེག་པར་བྱས་ལ་ལྷའི་ང་རྒྱལ་དང་ལྡན་པས་རྩའི་འཁོར་ལོ་བཞི་ཡེ་རང་ཆས་སུ་ལུས་ལ་ཡོད་པ་དཀྱུས་བཞིན་གསལ་བཏབ་ལ། དེ་ནས་དང་པོར་ལྟེ་བའི་འཁོར་ལོ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་སྒོམ། །དེ་གསལ་ནས་དེ་བཞིན་དུ་སྙིང་དང་མགྲིན་པ་དང།། ་མཚོགས་མ་རྣམས་རིམ་གྱིས་གསལ་བར་བསྒོམས་ལ། དེ་ནས་རྐང་པ་དང་མདོམས་མོར་རླུང་དང་མེ་བསམས་ཏེ། རླུང་གི་མེ་སྤར་ཏེ་རྩ་གཡས་ན་མར་ཞུགས། ལྟེ་བའི་འཁོར་ལོ་བདེ་བའི་ཐིག་ལེར་ཞུ། དེ་བཞིན་དུ་མེ་རླུང་གིས་ཕུལ་ཏེ་སྙིང་ཁ་དང ་མགྲིན་པ་དང་མཚོགས་མ་རྣམས་རིམས་ཀྱིས་བཞུ་ནས། ལུས་ཐམས་ཅད་བདེ་བའི་ཐིག་ལེས་གང་བར་བསམ་ཞིང། བློ་བསམ་གཏན་གྱི་བདེ་བ་ལ་གནས་པར་བྱ་སྟེ། མེ་ནི་གནས་དེར་འདས་སོ་ཞེས་བྱའོ། །དེ་ནས་སྤྱི་བོའི་ཧཾ་ལས་མེས་ཞུ་བས་ཐིག་ལེའི་བདེ་བ་རྩ ་གཡོན་ན་མར་བབས་ནས། དང་པོར་མཚོགས་མའི་འཁོར་ལོ་གསོས་དེ། །སྔོན་བཞིན་དུ་འཁོར་ལོ་ཉིད་དུ་གྱུར་པར་བསམ་མོ། །དེ་བཞིན་དུ་མགྲིན་པ་དང་སྙིང་ཁ་དང་ལྟེ་བའི་འཁོར་ལོ་རྣམས་རིམས་ཀྱིས་གསལ་བར་བསམ་མོ། །དེ་ལྟར་ཡང་ནས་ཡང་དུ་རྩེ་གཅིག ་གི་སེམས་ཀྱིས་གོམས་པས་ཞི་གནས་ཀྱི་བདེ་བ་སྐྱེ་བར་འགྱུར་བ་ནི་མན་ངག་གོ་།འདི་ལྟར་རྟག་ཏུ་གང་བསྒོམས་པ་ཞེས་པ་ནས། དེ་དག་ནི་ཤེས་རབ་ཀྱི་འཁོར་ལོའི་བསྒོམ་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས། ཤེས་རབ་ཀྱི་འཁོར་ལོ་བསྒོམ་བའི་ཕན ་ཡོན་བསྟན་ཏེ། དཀྱུས་ཉིད་གསལ་བས་འདིར་མ་དཀྲོལ་ལོ། །སངས་རྒྱས་ཀུན་དང་ཐབས་གཅིག་པའི། ཞེས་པ་ནས། མི་དབྱེ་དང་མཚུངས་སེམས་དང་ལྡན་པར་ཤོག་།ཅེས་བྱ་བའི་བར་གྱིས། སློབ་དཔོན་གྱིས་ཇི་ལྟར་བརྩམས་པ་དང། དགེ་བའི་རྩ་བ་སྔོ་བ་བསྟན ་པ་སྟེ་།སླ་བས་དེ་ཉིད་ཕྱིར་མ་བཀྲོལ་ལོ། །འདི་བསྡུས་དགེ་རྩ་གང་ཡོད་དེས། འཇམ་དཔལ་དབྱངས་ཀྱི་ཞལ་མཐོང་ཤོག་།གསང་བའི་དཀའ་འགྲེལ་བཤད་པ་དོན་བསྡུས་སྒྲོན་མ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཝཱ་ཀ་ར་ཙནྡྲ་དང། ལོ་ཙྪ་བ་གློག ་སྦྱས་བསྒྱུད་བའོ།། (།།*། །གསང་ལྡན་གྱི་ཐོ་ཡིག་སྨྲི་ཏིས་ཛྙཱ་ན་ཀིརྟིས་མཛད་པ་བཞུགས་སོ།)་།འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་ཀུན་བདག་པོ་འཇམ་དཔལ་དང། །བླ་མ་དེ་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་སྒྲུབ་འདོད་པ ་