| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།འཇམ་དཔལ་བཤེས་གཉེན་གྱིས་མཛད་དོ།། (།། *། །མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་བཞུགས།།)་།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སོ་གྷི་ཏི། བི་དྷི་སཱུ་ཏྲ་པིནྟྲ་ཏ། བོད་སྐད་དུ། འཕགས ་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྐུ་ཅན་གཙུག་གི་ནོར་བུ་མཚན། །སངས་རྒྱས་གཟུགས་ཀྱི་ཚུལ་གནས་ཀུན་ལ་ཁྱབ། །ལམ་མཆོག་དམ་པ་སྟོན་པ་སྨན་པའི ་མཆོག་།སྡུག་བསྔལ་བདུད་འདུལ་འཇམ་མགོན་ཕྱག་འཚལ་ཏེ། །མཚན་བརྗོད་བདུད་མཛོད་ཤིན་ཏུ་རྟོགས་དགའ་བ། །བདག་བློ་མུན་པས་དགྲོལ་བར་མི་ནུས་ཀྱང། །དད་པས་ཕྱོགས་བཟུང་ཐིགས་པས་ནོར་བུ་གཅིག་།ལུང་དང་མན་ངག་དག་ལ་བརྟེན་པ་བཤད། ། ་ཐེག་བ་རྣམས་ཀྱི་གཞིར་འགྱུར་བ། །དུས་གསུམ་རྣམས་ཀྱི་ལམ་མཆོག་འདི། །དཀྱིལ་འཁོར་ཆེན་པོའི་ཚུལ་དང་ནི། །སློབ་དཔོན་རྣམས་ཀྱི་དགོངས་པ་ཡིས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །དཔག་བསམ་ཤིང་ཆེན་འདིར་ཕྱོགས་ཙམ། །ཡེ་ཤེས་ལུས་ཅན་འཇམ་དཔལ ་གཅིག་བུར་གྲུབ། །མདོ་དང་བསྲེས་པའི་ཆོ་ག་རིམ་པ་སྟེ། །དེ་ལ་དང་པོར་སྒྲུབ་པ་པོ་རིགས་དང་ལྡན་པའི་མཚན་ཉིད་བསྟན་པའི་ཕྱིར་ཡིན། གཞན་ཡང་དམ་ཚིག་ཇི་ལྟ་བ་བཞིན་སྟོན་ཅེས་པ་མཚན་ཉིད་དང་ལྡན་པ་དང། དབང་ཐོབ་པར་སྟོན་ཏོ། །གཞན་ཡང་གསང་སྔགས་རིག་སྔགས ་འཆང་བའི་རིགས་ཞེས་པ་དང། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པས་སྒྲུབ་པའི་སྣོད་དུ་རུང་བར་བསྟན། །ཡོན་ཏན་ལམ་རི་དང་ཆུ་ཀླུང་དང། ནགས་ཚང་ཚིང་ན་འདུག་ཀྱང་རུང། །ཞེས་པ་དང་གནས་རིག་པ་དང་ལྡན་པའི་ཡིད་དགའ་བསྟོན་ཏོ། ། ་བཟང་ངན་ཤེས་ཤིང་དུས་ཤེས་ལ། ཞེས་པས། བསྒྲུབ་དུས་གཟའ་དང་རྒྱུ་སྐར་དང། ཉི་མ་ཤིས་པ་ལ་བྱ་བའི་རིམ་པ་བསྟན་ཏོ། །དཔལ་ལྡན་འབྱོར་བ་ཕུན་སུམ་ཚོགས། །ཞེས་པས་བསྒྲུབ་པའི་རྫས་སུ་དོན་དམ་རབ་ཏུ་གནས་པར་བྱ་བ་དང། མཎྜལ་གསུམ་དང་མེ་ཏོག་དང ་དྲིའི་བྱུག་པ་དང་མཆོད་བྱའི་ཁྱད་པར་མང་པོ་དང། བློ་བརྟན་པ་དང་ཡོ་བྱད་དང། ཚོགས་པར་བྱ་བའི་རིམ་པར་བསྟན་ཏོ། །ཡོན་ཏན་ལས་མ་རུངས་པ་འདུལ་བའི་རྒྱལ་པོ་ཞེས་པ་དང། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ་ཞེས་པས་མཚམས་ཀྱི་རིམ་པ། ཧཱུཾ་མཚན ་མ་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་མདོག་ནག་པ་ཞལ་གཅིག་པ་ཕྱག་གཉིས་པ། ཐོད་དབྱུག་དང་སྡིགས་མཛུབ་བྱེད་པ། སྤྲུལ་དང་ཐོད་པས་བརྒྱན་པ་བསྐྱེད་ལ། ཡ་མཱནྟ་ཀ་ཧཱུཾ་ཞེས་པ་དང། མིག་ཏུ་མ་དང་ཊ་བཀོད་དེ། འོད་ཟེར་གྱི་རྡོ་རྗེའི་ར་བ་དང། དྲ་བ་བྱ་བར་བསྟན་ཏོ། །སྙིང་རྗེ ་ཆེན་པོའི་བློ་ཡི་མཆོག་ཅེས་པ་དང། ཕན་འདོགས་སེམས་ཅན་མཉེས་གཤིན་པ། ཞེས་པས། སེམས་ཅན་གྱི་དོན་དུ་བདག་གིས་འཇམ་དཔལ་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་པར་སྟོན་ཏོ། །གཉིས་མེད་གཉིས་སུ་མེད་པར་སྟོན་ཅེས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་།ཅེས་པས ་ཐོགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཐབས་དང་ཤེས་རབ་ཀྱི་བརྡར་གྱུར་པའི་སྙིང་ཀར་ཡེ་ཤེས་སེམས་དཔའ་བསམ་པར་བྱ་བ་སྟོན་ཏོ། །བླ་མ་གསང་སྔགས་ཆེ་བའི་མཆོག་།ཅེས་པ་དང། མཆོད་འོས་བསྟོད་འོས་ཕྱག་གིས་གནས། །རྟག་ཏུ་རིམ་གྲོ་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ ་བྱ་བའི་མཆོག་།ཕྱག་བྱར་འོས་པ་བླ་མའི་བདག་ཅེས་པ་འདི་སྟོན་ཏོ། །བདག་གི་སྙིང་ཀར་ཨ་དང་ཧཱུཾ་བསམས་ཏེ། དེ་ལས་འོད་འཕྲོས་པས་བླ་མ་དང། དཀོན་མཆོག་གསུམ་དང། རྗེ་བཙུན་འཇམ་དཔལ་དང། དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས། བདག་གིས ་བལྟས་ཏེ། ལུས་ཀྱི་བཀོད་པ་ཡན་ལག་གསུམ་བསྐོར་བ་བྱས་ཏེ་ཕྱག་བྱས་ལ་བསྟོད་དོ། །བུམ་པ་བཟང་པོ་ཆེ་བའི་མཆོག་།ཅེས་པ་དང། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། ཞེས་པས་མཆོད་པའི་ཁྱད་པར་ནམ་མཁའ་ལྟར་མཉམ་པར་བསྒྲུབས་ལ། སྙིང་ཁའི་ལྷ་མོས་དབུལ་ལོ ་ཞེས་སྟོན་ཏོ། །སྤྱིན་བདག་ཆེན་པོའི་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་།བཟོད་ཆེན་འཆང་བ་སྟོན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡི། །ཞེས་པ་འདིས་སྟོན་ཏེ། སྔགས་དང་ཕྱག་རྒྱ་དང་ལྡན་པས། བདག་གི་སྙིང་ཀ་ནས་ལྷ་མོ་བཞི་སྤྲོས་ཏེ། གནས ་པ་རྣམ་པ་གསུམ་དུ་མཆོད་པར་བྱའོ། །དེ་བས་ན་དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་ཞེས་པས་སྟོན་ཏོ། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། ཞེས་བྱ་བ་དང། སྨོན་ལམ་ཡེ་ཤེས་རྒྱ་མཚོ ་སྟེ། ཞེས་བྱ་བ་དང། བྱང་ཆུབ་ཡན་ལག་མེ་ཏོག་སྤོས་ཞེས་བྱ་བས། ཕྱིའི་ལྷ་མོ་བཞི་སྟེ་སྙིང་ཁ་ནས་གོང་གི་ཚུལ་དུ་སྔགས་དང་ཕྱག་རྒྱ་དང་བཅས་པས་གནས་སུ་འབུལ་ལོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། ཞེས་པ་ནས། དགའ་བ་ཆེན་པོ་མགུ་བ་ཆེ་ཞེས་པའི་བར ་གྱིས། །གསང་བ་བཞི་མཆོག་ཏུ་གསང་བ་བཞིས་བསྟན་ཏོ། །ོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པའོ། །ཞེས་བྱ་བ་འདིའི་རྐང་པ་དང། གསང་བའི་མཆོད་པའི་དུས་སུ་སྒེག་མོ ་ལ་སོགས་པ་དང། རིམ་པ་བཞིན་དུ་རྐང་བ་བཞི་དང་གླུ་བླང་བར་བྱའོ། །གཞན་ཡང་མཆོག་ཏུ་གསང་བའི་མཆོད་པ་དང། ཆགས་པ་ལ་སོགས་པས་དབུལ་ལོ། །རྒྱས་པར་མ་བྱེའོ། །ཞེས་བསྟན་ཏོ། །དེ་ནས་འདུད་ཉི་ཤུས་བསྟོད་དེ། ཡང་ན་ནི་ཐམས་ཅད་ཀྱང་བསྟོད་པར་ཤེས ་པར་བྱའོ། །དེ་ནས་སྡོམ་པ་བཟུང་བའི་མཐར་ཡང་དེ་ཉིད་ཀྱིས་ཤེས་པར་བྱའོ། །བྱམས་པ་དང་སྙིང་རྗེ་ནི་ཤིན་ཏུ་གསལ་པར་སྟོན་པས། ཚད་མེད་པ་བཞི་བསྒོམས་ཞེས་སོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཛའ་དེ་ཡི། ། ་གེ་མེད། །ཆོས་དབྱིངས་དམ་པ་ཟད་མིན་བདག་།ཅེས་པས་དེའི་དོན་སྒོམ་པ་ནི། །རང་བཞིན་དག་པའི་སྔགས་བརྗོད་དོ། །ཕྱི་དང་ནང་གི་དངོས་པོ་སྟོང་བར་བསྒོམ་ཞེས་སྟོན་ཏོ། །སྟོང་ཉིད་དམ་པ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སྤངས་པ་སྟེ། །ཞེས་པས་པདྨའི་སྟེང་ན་དངོས ་གཞི་ལས་འདས་ཏེ། དང་པོ་དམ་ཚིག་སེམས་དཔའ་སྒོམ་པ་དང། ཆོས་ཀྱི་འབྱུང་ནས། དེའི་ཐ་མ་འོད་ཟེར་ལྔས་བསྐོར་བའི་ནང་དུ། པདྨ་ཟླ་བའི་སྟེང་ན་མུཾ་དམར་སྐྱའོ། །དེ་བཞིན་གཤེགས་པའི་ཕྲེང་བར་འགྱུར་བ་ལས། སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ ་བའི་འོད། །ཉི་མ་ཤར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤིན་ཏུ་དམར། །ཅོད་པན་བཟང་པོ་ཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན། །ཟུར་ཕུང་ལྔ་པ་མེ་ཏོག་ཐོད། །རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཤེས་རབ་རལ་གྲི ་མདའ་གཞུ་ཐོགས། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །དཔལ་ལྡན་སྒེག་དང་བསྒེགས་པར་ལྡན། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས། །རྗེ་བཙུན་གྱི་སྐུ་སྤྲུལ་པའི་ཆ་ལུགས་བསྟན་པ་ཡིན་ནོ།། ་ཕྱག་རྒྱ་བཞི་ཡི་དོན་བསྟན་པ་ཞེས་བྱ་བས། །ཡུམ་བཞིའི་ཕྱག་རྒྱ་སྐུ་འཕྲོ་འདུ་དང་བཅས་པས་བྱིན་གྱིས་བརླབ་པར་བསྟན་ཏོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཁྲོ་བོ་དང་ལྷ་མོ་རྣམས་ཐུགས་ཀར་སྤྲོས་ཞེས་པའོ། དེ་ནས་མདུན་དུ ་པདྨ་དང་ཟླ་བ་ལ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དབང་བསྐུར་བ་དང་མཆོད་པ་དང། བསྟོད་པ་གོང་བཞིན་དུ་བྱས་ཏེ། ཡེ་ཤེས་སེམས་དཔའ་བལྟས་ལ་དགུག་ཅིང་རང་གི་ལུས་ལ་བསྒོམས་ཞེས་པས་གཉིས་སུ་མེད་པར་བྱའོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །སངས་རྒྱས་ལྔ ་བདག་ཅོད་པན་ཅན། །ཞེས་པས་སྙིང་ཀའི་འོད་ཀྱིས་བསྐུལ་ཏེ། བུམ་པའི་ཆུས་དབང་བསྐུར་བས་རིགས་ལྔའི་དབུ་རྒྱན་དང་ལྡན་ཞེས་བསྟན་ཏོ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང། །ཞེས་པས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ། སྔགས་དང ་བཅས་པས། དཀྱིལ་འཁོར་གྱི་ཚུལ་དུ་སངས་རྒྱས་ཐམས་ཅད་སྤྲུལ་ལ་ཞེས་སྟོན་ཏོ། །དེའི་དོན་ནི་འོག་ནས་འཆད་དོ། །བདག་རིགས་གཞན་རིགས་ཐམས་ཅད་པས། །ཤེས་དང་ཤེས་བྱའི་བདག་པོ་མཆོག་།ཅེས་པ་ཐམས་ཅད་སེམས་ཀྱི་སྤྲུལ་པར་ཤེས་པར་བྱའོ། ། ་དེ་ལྟར་རྫོགས་པ་དང། གསང་སྔགས་ཟློས་པ་དང། མཚན་ཀློག་པར་བྱས་ཏེ། དེ་ལྟར་ཡོན་ཏན་བརྗོད་པ་ལས་ཀྱང། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་གང་ལ་ལ། བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་ཐམས་ཅད་སྐུ་གཉིས་སུ་མེད་པའི་དོན་དམ ་པའི་མིང་ཡང་དག་པར་བརྗོད་པའི་མིང་ནི། གཙུག་གི་ནོར་བུ་འདི་ཐམས་ཅད་ཡོངས་སུ་རྫོགས་པ་དང། མཉམས་ཤིང་ལྷག་ཆད་མེད་པར་ཚིགས་སུ་བཅད་པའི་ཚིག་དང་ཡིག་འབྲུ་འདི་དག་ཉིད་ཀྱི་ཉིན་གཅིག་བཞིན་དུས་གསུམ་དུ་འཆང་བ་འམ། ཀློག་པ་དང། ཀུན་ཆུབ་བར་བྱེད ་པ་དང། གཞན་དག་ལ་ཡང་དམ་ཚིག་ཇི་ལྟ་བ་བཞིན་དུ་སྟོན་པ་དང། མིང་གི་དོན་གང་ཡང་རུང་བ་དེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་སྐུ་ལ་དམིགས་ཏེ་ཞེས་བྱ་བ་དང། སེམས་རྩེ་གཅིག་ཏུ་བསྒོམ་པ་དེ་ལ་ནི་ཞེས་བྱ་བ་ལ་སོགས་པ་དང། གཞན་ཡང་ཡོན་ཏན ་ལས། ཉིན་རེ་བཞིན་དུ་དུས་གསུམ་དུ་མཉམ་པར་ཡི་དམ་དུ་ལན་གསུམ་འདོན་ཏམ། གླེགས་བམ་དུ་བྱས་པ་ལ་ཀློག་ཅིང་བརྗོད་ལ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་གཟུགས་བརྙན་ལ་དམིགས་ཤིང། གཟུགས་དང་གཉིས་སུ་མཐུན་པར་བསམ ་གཏན་དུ་བྱེད་པ་ནི། འདུལ་བའི་དབང་གི་ཕྱིར་རིང་པོ་མི་ཐོགས་པར་དེ་ཉིད་དུ་སྤྲུལ་པའི་གཟུགས་ཀྱི་ལུས་མཐོང་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་ཡིན་ཏེ། མཚན་ཉིད་ཀྱི་ཆོ་ག་རྫོགས་ཤིང། དམིགས་པ་ཡུན་རིང་དུ་གནས་པ་དེས། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ ་མཉྫུ་ཤྲཱི་ཧཱཾ་ཨོཾ་ཝཱ་གི་ཤྭ་རི་མུཾ། མཎྜལ་ཙཀྲ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་རྣམ་པར་སྤྲུལ་ལ། ཕྱག་སྔོན་དུ་འགྲོ་བས་མཆོད་པ་ལ་སོགས་པས་བདག་གི་ལུས་དེ་དང་མཉམ་པར་སྤྲུལ་ཏེ། མཚན་གྱི་དོན་རེ་རེ་ནས་བསྟོད་ན། ཡོན་ཏན་གྱི་རྣམ ་པ་འདི་ལྟར་སྨོས་པས་བདག་གཞན་དཔག་ཏུ་མེད་པར་འབྱུང་བར་འགྱུར་རོ། །མདོར་ན་ཐམས་ཅད་མཁྱེན་པ་ཉིད་རིང་པོར་མི་ཐོགས་པར་དམ་པ་བསྔགས་པ་ཐོབ་པར་འགྱུར་རོ། །དམ་པ་བརྒྱུད་པའི་བླ་མ་བདུད་རྩི་འཐུང། །འགྲོ་བ་སྡུག་བསྔལ་ནད་ཀྱིས་གཟིར་འགྱུར་ལ། །དུས་གསུམ་སངས་རྒྱས ་རྣམས་ཀྱི་བསྟོད་ཆོག་འདི། །སྨན་པའི་རྒྱལ་པོ་བཞིན་དུ་བདག་གིས་བཤད་དོ། །འཕྲོད་པའི་སྨན་བཞིན་ཀུན་ལ་ཕན་འགྱུར་ནས། །མི་རྟོག་ཡེ་ཤེས་འཆི་མེད་ཐོབ་པར་ཤོག་།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མདོའི་དོན་མདོར་བསྡུས་པའི་ཆོ་ག་།སློབ་དཔོན་འཇམ ་དཔལ་བཤེས་གཉེན་གྱིས་མཛད་པ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་ལས། རྡོ་རྗེ་གླུ་གར་བླངས་པའི་ལེའུའི་སྒྲུབ་ཐབས་མདོ་དང་བསྲེས་པ་རྫོགས་སོ།། (།། *། །གསང་ལྡན་གྱི་བཀའ་འགྲེལ་དོན་བསྡུས་སྒྲོན་མ་པཎྜི་ཏ་དེ་བཱ་ཀ་ར་ཙནད་ས་མཛད་པ།།)་བཅོམ ་