| Wylie | e-texts based on the ACIP/ALL Input |
གྲགས་དགེ་མས་མཛད་པ། །འཕགས་པ་འཇམ་དཔལ་གྱི། སྒྲུབ་པའི་ཐབས་རྫོགས་སོ།། །། *། (།འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག་བཞུགས་སོ།།)་།།རྒྱ་གར་སྐད་དུ། ཨཱརྱ ་མཉྫུ་ཤྲཱི་རཏན་ནོ་མི་ཀ་།བོད་སྐད་དུ། འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག་།རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེན་པ་དད་ལྡན་འཛིན་བྲལ་བ། །འཇམ་པ་ཡང་དག་ཀུན་མཁྱེན་པ། །དེ་བཞིན་ཉིད་ཀྱི་ངང་གནས་པ། །?་པའི་སེངྒེའི་ཕྱག་འཚལ་ལོ། ། ་དེ་ལ་གུས་པས་འདུད་པ་ཡི། །དུས་ནི་རྟག་ཏུ་བསྒོམ་པ་དང། །མོས་པ་བྱེད་པའི་རྣལ་འབྱོར་པ། །དེ་ཡི་དོན་དུ་བཤད་པར་བྱ། །སྟོང་པ་ལ་དགའ་དབང་ཐོབ་པ། །དམ་ཚིག་ལྡན་ཞིང་བསྒོམ་པ་དགའ་། །རྣལ་འབྱོར་སྲོག་སྟོང་དད་པ་ཆེ། །སེམས་ཅན་དོན་བྱེད་བྱས ་ལ་དྲིན། །རྟག་ཏུ་མཚན་བརྗོད་བཟླས་ལ་བརྩོན། །དེ་ལྟར་ཡོན་ཏན་བཅུ་ལྡན་པས། །ཡིད་དགའ་བ་ཡི་གནས་དག་ཏུ། །བདེ་བའི་སྟེན་ལ་གནས་པར་བྱ། །ཐ་མལ་ཡི་དམ་དྲན་པ་ལ། །སྙིང་གར་ཡི་གེ་མུཾ་སེར་དགོད། །ཁ་དོག་ལྔ་ཡི་འོད་འཕྲོས་ནས། །ཕྱོགས ་བཅུའི་རྒྱལ་སྲས་བླ་མ་ནི། །སྤྱན་དྲངས་མདུན་དུ་བསམས་པ་ལ། ཕྱག་འཚལ་མཆོད་པ་སྡིག་པ་སྦྱང། །ཡི་རང་སྐྱབས་འགྲོ་སེམས་བསྐྱེད་ལ། །དགེ་བསྔོ་འདུད་ལ་སོགས་པས་བསྟོད། །དེ་ནས་སྟོང་ཉིད་བསམ་པ་ནི། །ོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨམ་ཎཱཾ་ཨཱ་དྱ་ནུཏཔན ་ན་ཏྭཱཏ་སྭཱཧཱ། །སྔགས་དོན་དངོས་པོ་མེད་པ་ལ། །ཡུན་རིངས་དང་ལ་བློ་གནས་པས། །དེ་ཉིད་ལ་ནི་གནས་པར་བྱའོ། །དེ་ནས་ནམ་མཁའ་སྟོང་པ་ལ། །དངོས་པོ་ཐམས་ཅད་པཾ་དུ་གནས། །དེ་སྟེང་ཡི་གེ་སཾ་དཀར་ལས། །བྱང་ཆུབ་སེམས ་དཔའ་སེངྒེས་གསལ། །དེ་སྟེང་ཨ་ལས་ཟླ་བར་གསལ། །གདན་སྟེང་ཡི་གེ་མུཾ་སེར་ལས། །ུཏཔལ་སྔོན་པོ་མཛེས་པར་བསྒོམ། །དེ་ལས་འཕྲོ་འདུ་བྱ་བ་སྟེ། །སྨྲ་བའི་སེངྒེ་བསྒོམ་པར་བྱ། །སེར་པོ་གསེར་གཙོ་འདྲ་བ་ལ། །གཡས་ན་ཨུཏཔལ་པོ་ཏི་ས་མཚན། ། ་གཡོན་པ་གཞན་ལ་སྦྱིན་པ་སྟོང། །དགའ་བའི་སེམས་ཀྱིས་འཛུམ་དང་ལྡན། །ཐུགས་རྗེ་ཆེ་བས་ཉོན་མོངས་སྤོང། །རིན་ཆེན་རྣམས་ཀྱིས་ལུས་ལ་བརྒྱན། །དབུ་ལ་ཐོར་ཚུགས་རྣམས་ཀྱིས་མཛེས། །དབུ་སྐྲ་གཙུག་ཕུད་འཁྱིལ་པ་དང། །སྟོད་གཡོགས་སེར ་པོ་རྣམས་ཀྱིས་མཛེས། །སྨད་གཡོགས་དང་དབྱངས་སྦྱངས་པའོ། །རྨུགས་པའི་རྣམ་པ་མ་ཡིན་པས། །གསལ་བ་རྟག་ཏུ་བསྒོམ་པའོ། །དེ་ནས་སྤྱན་དྲངས་མཆོད་པའོ། །ོཾ་བཱ་གཱི་ཤྭ་ར་ཛ(རྒྱུད་འགྲེལ་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱ(རྒྱུད་འགྲེལ་སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས ་བཞད་པ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད ་སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བས་བསྟོད་དོ། །གཉིས་མེད་བདག་ལ་བསྡུ་བའོ། །སྙིང་ཁར་པདྨའི་ཟླ་བ་ལས། །སྟེང་ནི་ཡེ་ཤེས ་སེམས་དཔའ་སྟེ། །མཚོན་གང་དང་འདྲ་གསལ་བར་བསྒོམ། །ཡི་གེ་ཨ་མཆོག་ཟླ་བ་ལ། །ཐུགས་ཀར་བསམ་པར་བྱ་བའོ། །ཡེ་ཤེས་སྔགས་ཕྲེང་བསྐོར་བར་བྱ། །ོཾ་སརྦ་དྷརྨམ་ཨ་བྷ་བ། སྭ་བྷཱ་བ། པི་ཤུདྡྷ། བཛྲ་ཙཀྵུ། ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་སརྦ་དྷརྨམ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི། པ་རི་ཤུདྡྷི་ཏཱ། མུ་པཱ་བཱ་ཡ་ཏི་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་གརྦྷ་ཨཱ:། །གསལ་བར་ཕྲེང་བ་སྔགས་ལ་གཏད། །བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །དེ་ནས་མཚན་རྣམས་བརྗོད་པ་ལ། །ཡེ་ཤེས་སེམས་དཔའ་དག་ལ་ནི། །དམིགས་པ་བརྟན་པ་གཏད་ནས་སུ། །ཡོན་ཏན་དག་ཏུ་བརྗོད་པའོ། །དེ་ཡང་གལ་ཏེ་མ་བརྟན་ན། ་གཡེང་བར་གྱུར་ན་ནུས་པ་ཆུང། །དེ་ལ་བརྟན་པར་གྱུར་པ་ན། །ཡེ་ཤེས་གཉིས་མེད་སྐྱེ་ཡང་སྲིད། །ཡོན་ཏན་དག་ཏུ་བརྗོད་པ་ཡང། །ཐེག་པ་མཛའ་ཆོས་སྟོན་མཛད་པས། །ཐམས་ཅད་ངོ་བོ་ཡིན་ཤེས་ལས། །ཐམས་ཅད་དེ་དང་ལྡན་པར་སྟོན།། ་དེ་ལྟར་ཟླས་ཤིང་བསྟོད་གྱུར་ན། །ཆོས་སྐུ་མཛའ་དག་ཐོབ་པར་འགྱུར། །བསམ་པ་ཅི་འདོད་དེ་ལས་འབྱུང། །ལྷ་སྲིན་སྡེ་བརྒྱད་དགའ་འགྱུར་ནས། །འདོད་པ་ཐམས་ཅད་འབྱུང་བའོ། །དེ་ནས་འབད་པས་མཚན་བརྗོད་གདོན། །སྐྱོ་བར་མི་འགྱུར་གུས ་བར་བྱ། །སྐྱོ་བ་དག་ནི་བྱུང་བ་ན། །རྣལ་འབྱོར་གཉིས་སུ་མེད་པར་བྱ། ། ལས་སྟོང་པ་ཙམ་པ་ལས། །གསལ་བར་རྟོག་མེད་བསྒོམ་པར་བྱ། །དེ་ནས་ཨ་ནི་ཞུ་བ་ལས། །ཐིག་ལེ་དཀར་པོ་ཇེ?་ཆུང་ལས། །ཡེ་ཤེས་སྟོང་པ་ཉིད་གསལ་བ། །བྱིང་རྒོད་མེད ་བར་གསལ་བའོ། །ཡང་དང་ཡང་དུ་གཏད་ལ་བསྒོམ། །སྣང་བ་རང་བཞིན་མེད་མཐོང་འགྱུར། །ཡང་ན་ཤེས་རབ་འཁོར་ལོ་སྟེ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཡན་ལག་མེད་པའི ་རྩིས་ལས་འདས། །ཞེས་གསུངས་པ་ལས། བཞི་ནི་གནས་བཞིའི་འཁོར་ལོ་ཡི། །ལྟེ་བ་ཡེ་ཤེས་འཁོར་ལོ་སྟེ། །བཅུ་གཉིས་རྩིབས་ཅན་འཁོར་ལོ་ལ། །སྔགས་ཀྱིས་རྣམ་པར་བཀོད་པ་ནི། ། ཨཱ་ཨ་ཨཱ་རིམ་པར་དགོད། །དེ་ནས་ཡང་དང་ཡང ་དུ་དགོད། །དབུས་སུ་ཨ་མཆོག་བསམ་པར་བྱ། །དེ་ནས་སྙིང་གར་ཤེས་རབ་འཁོར་ལོ་ནི། །རྩིབས་བཅུ་གཉིས་དང་ལྡན་པ་ལ། །དབྱངས་ཡིག་བཅུ་གཉིས་གཡས་ནས་བསྐོར་ནས་བཀོད་པར་བྱ། །ལྟེ་བ་ལ་ནི་ཨ་མཆོག་གནས། །མགྲིན་པར ་ཤེས་རབ་འཁོར་ལོ་ནི། །བཅུ་གཉིས་རྩིབས་མཚན་གནས་པ་ལ། །ལྟེ་བ་ཨ་བསྒོམ་རྩིབས་རྣམས་ལ། ། རྦ་ཙ་ན། བཱ་གཱི་ཤྭ་ར། པྲ་ཛྙཱ་ན་མར་རིམ་པས་དགོད་པར་བྱའོ། །དེ་ནས་སྤྱི་བོའི་འཁོར་ལོ་ལ། །བཅུ་གཉིས་རྩིབས་ལ་དགོད་པར་བྱ་བ ་རི། སྐུའི་ཕྲེང་སྔགས་ཏེ་ལས་སྔགས་སོ། །དབུས་སུ་ཨ་དཀར་ཆེན་པོ་གནས། །འོག་ནས་ཧཾ་དཀར་བཟློག་ནས་བསམ། །དབུས་ན་ཡི་གེ་ཡོད་པ་སྟེ། །བསམ་གཏན་བཞིའི་རྩེ་མོ་དེ་ལ་བྱ། །འཁོར་ལོ་ནང་སྟོང་འོད་ལྟར་འདུག་།སྟོང་པའི་ནང་ཡི་གེ་རྡུལ ་ཐིག་གང་ཡང་བསམ། །དབུས་ཀྱི་ཐིག་ལེའི་རང་བཞིན་ཡིན། །དགའ་བ་དུ་མ་ཡོད་པས་བལྟ། །འཁོར་ལོ་བཞི་ལ་ཤེས་རབ་སྟེ། །ཐིག་ལེ་ཨ་བ་དྷཱུ་ཏཱི་ཐབས། །ནོར་བུའི་རྩེ་ནས་ཧཱུཾ་ལ་ཐུག་།དཀར་པོ་འོད་དུ་འདུག་པའོ། །དེ་ནས་བྱང་ཆུབ་རྒྱུ་བའོ། །ནོར་གནས་ ་ཙཎྜ་ལི་གནས་པས། །དེ་ལ་གཏད་དེ་བསམ་པའོ། །འཁོར་ལོ་དེ་ལྟར་གནས་པ་ནི། །ཡན་ལག་བྱ་བ་དེ་ཡིན་ནོ། །མེད་པ་རྩིས་ལས་འདས་པ་སྟེ། །ཚད་མེད་བསམ་གཏན་བྱེད་པའོ། །དེ་ཡང་ཙཎྜ་ལི་ལ་གཏད་པས་སོ། །མེ་འབར་དྲོང་ལས་བརྟེན་ནས་བྱུང། ་ཨ་བ་དྷཱུ་ཏཱི་ལམ་ཞུགས་ནས། །ལྟེ་བར་མེ་འབར་ཐམས་ཅད་བསྲེགས། །དེ་ལྟར་འཁོར་ལོ་བཞི་ག་ཡི། །སྤྱི་བོའི་བདེ་བ་ངང་གིས་ཞུ། །འོ་མ་ལྟར་དཀར་ཐམས་ཅད་གང། །ནོར་བུ་ཕེབས་ནས་ལྟེ་གནས་འདྲེན། །རླུང་དང་བསྟུན་ནས་ཡང་ཡང་འདྲེན།། ་དེ་སྟེངས་ལུས་གསོ་བདེ་བ་འབྱུང། །སྣང་བ་དགའ་བ་སྐྱེ་བའོ། །བཅུ་དྲུག་ལོག་པོ་ལྟ་བུ་འབྱུང། །ཐ་མལ་ཟག་མེད་ཡེ་ཤེས་སྐྱེ། །སྐྱོ་འམ་བསམ་གཏན་གཏོད་འདོད་ན། །སྤྱི་བོར་བསྡུ་བར་འདོད་པ་ཡི། །དགའ་བྲལ་སོང་ཡང་ཉེས་མི་འགྱུར། །ཐ་མལ་ཐབས ་ལས་མ་བྱུང་བས། །ཉེས་པ་ཆེན་པོ་འོང་མི་འགྱུར། །དེ་ཡང་རླུང་གི་གཏན་ཐོབ་པ། །བྱ་བར་རུང་གི་གཞན་ནས་མིན། །ཐ་མལ་ཟག་མེད་ཐོབ་པ་ལ། །མེད་པའི་ཚིག་འདས་དེ་ཡིན་ནོ། །ཐ་མལ་གཤེགས་སུ་གསོལ་བ་དང། །ལྷ་ཡི་ང་རྒྱལ་གནས་པར་བྱ། །སྤྱོད ་པ་དགེ་བ་གང་མོས་བྱས། །དད་ཡོད་ཁྲོ་མེད་སྦྱིན་པར་བྱ། །ལུས་ངག་ཡིད་ཀྱིས་བྱ་བ་ཀུན། །བདེ་བ་ཆེ་ལ་དང་གནས་བྱ། །མ་བརྗེད་པ་ཡི་བསམ་གཏན་བསྟེན། །དེ་ལྟར་བྱས་ན་བླ་མེད་འགྱུར། །གཞོན་ནུའི་སྐུ་འཆང་ཐོབ་པར་འགྱུར། །ཚོ་འདི་དག་ལ་ ་བདེ་བར་འགྱུར། །བདག་གིས་བསགས་པའི་ཆོ་ག་ཡིས། །འགལ་བ་མ་མཆིས་ལྷ་ལ་བཤགས། །དགེ་བའི་རྩ་བ་ཡིད་འོང་ཀུན། །ཐམས་ཅད་འཇམ་དཔལ་ཐོབ་པར་ཤོག། །།འཕགས་པ་འཇམ་དཔལ་རིན་པོ་ཆེའི་སྒྲུབ ་ཐབས། དགེ་བསྙེན་མ་གྲགས་སྦྱིན་མས་མཛད་པ། སྨྲི་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བ་རྫོགས་སོ།། (།།འཇམ་དཔལ་ཆོས་དབྱིངས་གསུང་དབང་གི་དཀྱིལ་ཆོ་ག་བཞུགས་སོ།།)་།།དཀྱིལ་འཁོར་ཐམས་ཅད་བསྡུས་པར་གྱུར་པ། བཅོམ ་