| Wylie | e-texts based on the ACIP/ALL Input |
བར་གྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །རྫོགས་སོ།། །།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ངན་སོང་སྦྱོར་བ་འགྲོ་བ་རིགས་དྲུག་གི་ཆོ་ག་།ངན་སོང་ཐམས་ཅད་རྣམ་སྦྱོར་བ། །ཚེ་འདས་ལས་བྱ་བ་ནི། །འགྲོ་དྲུག་སོ་སོའི་མཎྜལ་? ་དྲི་མ་?་སྟེང་དུ་བཞག་།ལན་ཆགས་གཏོར་མ་ཆ་གཅིག་བཤམ། །དཀྱིལ་འཁོར་ཆོ་ག་ཀུན་ཟིན་ནས། །གཏོར་མ་ཆ་གསུམ་བཏང་བར་བྱ། །དེ་ནས་ཚེ་ལས་འདས་པ་ཡང། །འགྲོ་བ་རིགས་དྲུག་དག་ནས་དབུག་།དྲི་མ་དག་ལ་བསྟིམ་པར་བྱ། །ཧཱུཾ་ལྟོས་ཤིག་ལྟོས ་ཤིག་རིགས་ཀྱི་བུ། །ལས་ཀྱི་དབང་གིས་ཚེ་འདས་ཏེ། །འགྲོ་དྲུག་ཀུན་ཏུ་ལ་བྱམས་པ་ལ། །ལས་དང་ཐུགས་རྗེའི་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲང་ཞིང་དགུག་། ནརེ་སུ་དུ་པྲེ་ཛ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་རིགས་དྲུག་གང་ན་?་ལྕགས་ཀྱུའི་ཕྱག་རྒྱས་རབ་ཏུ་བཞུག་ལ་དྲི་མ་དང་མཚན་ལ་བསྟིམས་ལ་དངོས་སུ་གནས་པར་བསམ་མོ། །དེ་ནས་སྡིག་སྒྲིབ་ཐམས་ཅད་དྲལ་ཏེ། ཧཱུཾ་སྟོང་གསུམ་མུན་གནག་འཁྱམས་པ་ལ། །འཇམ་དཔལ་ཤེས་རབ་རྣོན་པོ་ཡིས། །ལོག་རྟོག་རྒྱུན ་གཅོད་རལ་གྲི་འདིས། །ཏིང་འཛིན་ཤུགས་ལྡན་ཕྱག་རྒྱ་དྲལ། །ོཾ་མཉྫུ་ཤྲཱི་མུ་ཀ་ཐ་ཏ་ཀ་ཏྲ་ཐ་ཕཊ་ཅེས་པས་སྡིག་པ་ཐམས་ཅད་བཅད་པར་བསམ་མོ། །དེ་ནས་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་བཀྲུ་སྟེ། ཧཱུཾ་གསུམ་རིག་གཙང ་མ་དག་པ་སྟེ། འཇམ་དཔལ་ཡེ་ཤེས་ཆུ་རྒྱུན་གྱིས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །ཉོན་མོངས་བག་ཆགས་དག་གྱུར་ཅིག་།ཅེས་ཕྲེང་སྔགས་ཀྱིས་ཁྲུས་བྱའོ། །དེ་ནས་བར་འདིར་བཅུ་གཅིག་རྣམ་པར་དག་པས་ཚོགས་བསག་པར་བྱའོ། །དེ་ནས་མེ་ཏོག་དོར་བ་ནི ་འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །འཇམ་དཔལ་རྡོ་རྗེ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཉིད་དུ་འབབ་པར་ཤོག་།ོཾ་བཛྲ་པྲ་ཏཱིཙྪ་ཧོ། །ཞེས་མེ་ཏོག་དོར་བར་བྱའོ། །དེ་ནས་མིག་དབྱེ་བ་ནི། །འཇམ་དཔལ་རྡོ་རྗེ་དེང་ཁྱོད་ཀྱིས། །མིག་དབྱེ་བར་ནི་བརྩོན་པར་མཛོད། ་རྡོ་རྗེའི་མིག་ནི་བླ་ན་མེད། །ད་ལྟ་ཉིད་དུ་ཕྱེད་པར་ཤོག་།ཧེ་བཛྲ་པ་ཤྱ་ཧཱུཾ་ཞེས་དབྱེའོ། །དེ་ནས་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ། ཕྱག་འཚལ་ལོ། །དེ་ནས་རིག་པའི་དབང་ལྔ་བསྐུར་ཏེ། ཧཱུཾ་རྣམ་ཤེས་ཕུང་པོ་རྣམ་དག་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །ཞེ་སྡང ་རྣམ་དག་མི་བསྐྱོད་པའི། །བུམ་པའི་ཆུ་ཡིས་དབང་བསྐུར་རོ། །ོཾ་བཛྲ་ཨ་བྷི་ཥཉྩ་ཧཱུཾ། ཚོར་བའི་ཕུང་པོ་རྣམ་དག་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱིས། །དབུ་རྒྱན་ཅོད་པན་དབང་བསྐུར་རོ། །ོཾ་བཛྲ་མུ་ཀུ་ཊ་རཏན་ཏྲཾ། འདུ་བྱེད ་ཕུང་པོ་རྣམ་དག་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །ཕྲག་དོག་དོན་ཡོད་གྲུབ་པ་ཡི། །རྡོ་རྗེ་ཡི་ནི་དབང་བསྐུར་རོ། །ོཾ་བཛྲ་ཀརྨམ་པོ་ཚ་ན་བཛྲ་བཛྲ་ཧཱུཾ། འདུ་ཤེས་ཕུང་པོ་རྣམ་དག་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་སྣང་བ་མཛའ་ཡས་ཀྱི། །ཤེས ་རབ་དྲིལ་བུས་དབང་བསྐུར་རོ། །ོཾ་བཛྲ་ཨ་ཧཱུཾ་ཨ། གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །གཏི་མུག་རྣམ་པར་སྣང་མཛད་ཀྱི། །དཔལ་ལྡན་མིག་གི་དབང་བསྐུར་རོ། །ོཾ་བཛྲ་ཨ་བྷི་ཥེ་ཀ་ཧཱུཾ། དེ་ནས་ལན་ཆགས་ཀྱི་གཏོར་མ་བཏང་ལ་ལམ ་བསྟན་ཅིང་སྨོན་ལམ་གདབ་པ་ནི། ཧེ་རིགས་ཀྱི་བུ་རྡོ་རྗེ་ཆེ་གེ་མོ་ཁྱོད། །སྐྱེ་བ་གར་སྐྱེས་གར་གནས་ཀྱང། །ཅིས་ཀྱང་?་མེད་པ་ཡིས། །འདོད་པའི་ཡོན་ཏན་རྣམ་ལྔ་ལ། །ལོངས་སྤྱོད་པ་ཡི་སྐལ་ལྡན་ནས། །རྡོ་རྗེ་འཆང་གྲལ་འཁོར་གྱུར་ཅིག་།སྐྱེ་གནས་གཞན ་གྱིས་བར་དུ་མཆོད་པར། །གསང་སྔགས་རྡོ་རྗེའི་ཐེག་པ་སྟོན་པ་ཡིས། །དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་ནས། །དེས་བསྟན་པ་ཡི་གསང་སྔགས་མ་ནོར་བར། །རྟོགས་ནས་ཡང་དག་པར་ནི་སངས་རྒྱས་ཏེ། །སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས།། ་སྒྲོལ་བའི་དེད་དཔོན་ཆེན་པོ་བྱེད་གྱུར་ཅིག་ཅེས་བརྗོད་ལ། ལམ་བསྟན་ཅིང་སྨོན་ལམ་གདབ་པར་བྱའོ། །ཚེ་ལས་འདས་པའི་སྒྲིབ་པ་སྦྱོང་བའི་ཆོ་ག་འགྲོ་བ་རིགས་དྲུག་ནས་གདོན་པ་དང། དཀྱིལ་འཁོར་དྲུག་དུ་གཞུག་ཅིང་དབང་བསྐུར་བ་དང། ལམ་བསྟན་ཅིང་སྨིན་ལས ་གདབ་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨུ་བཛྲ་དང། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། (།།བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན ་