| Wylie | e-texts based on the ACIP/ALL Input |
པ་ལས་རྡོ་རྗེ་གླུར་བླངས་པའི་ལེའུ་ཡི་སྒྲུབས་ཐབས་མདོ་དང་བསྲེས་བ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ ་མ་སཾ་གཱི་ཏི་ཙཀྵུ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྤྱན་དབྱེ་བའི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོ་རྒལ་དཀའ་ནས། །མྱ་ངན་འདས་པའི་སྐམ་སར་བྱོན། །སངས་རྒྱས ་སྐུ་ལྔའི་བདག་ཉིད་ཅན། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གཞན་ལ་ཕན་པའི་བློ་མཆོག་གིས། །དཀོན་མཆོག་གསུམ་གྱི་གཟུགས་བརྙན་རྣམས། །རབ་ཏུ་གནས་པའི་ཆོ་ག་ནི། །བཟང་ཞིང་དགེ་བ་བཤད་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་བློ་གྲོས་དང་ལྡན་པས། །གཙུག་ལག ་ཁང་ངམ་སྐུ་གཟུགས་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་པའི་གཟུགས་བརྙན་ནི་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་རབ་ཏུ་གནས་པར་བྱ་བར་འདོད་པས། རི་བོ་འམ་ནགས་ཚལ་ལ་སོགས་པའི་གནས་སུ་བསྙེན་པ་རྒྱས་པར་བྱས་ལ། འབད་པ་ཐམས་ཅད ་གྱིས་བསྒོམ་བཟླས་བྱའོ། །དེ་ལ་འདིར་གང་རབ་ཏུ་གནས་པ་བྱ་བར་འདོད་པ་དེ་རྣམས་སྟ་གོན་དུ་བྱ་སྟེ། བདག་ཏུ་བཟུང་བའི་བགེགས་ཐམས་ཅད་བསྐྲད་དོ། །གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད་པའི་ཆོ་ག་ཤས་ཆེར་བྱའོ། །བདེ་བར་གཤེགས་པ་རྣམས་ལ་འདི་སྐད་ཅེས་སྙན ་གསན་དབབ་པར་བྱ་སྟེ། ཇི་ལྟར་དགའ་ལྡན་གནས་མཆོག་ན། །བདེ་བར་གཤེགས་པ་བཞུགས་པ་དེ། །སྒྱུ་འཕྲུལ་ལྷ་མོའི་ལྷུམས་ཞུགས་ལྟར། །དེར་ནུབ་བདེ་གཤེགས་ཐམས་ཅད་ནི། །དེ་བཞིན་གཟུགས་བརྙན་འདི་ལ་ནི། །འཇུག་པ་ཤིན་ཏུ་མཛད་དུ་གསོལ། །འདི་ལ་སངས་རྒྱས ་རྟག་ཏུ་བཞུགས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང། །ཡོན་བདག་རྣམས་ཀྱི་དོན་བྱའི་ཕྱིར། །བདག་གི་སྦྱོར་བ་འདི་བགྱིས་ན། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་པ་བཞེས་སུ་གསོལ། །བདག་དང་ཡོན་བདག་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་བཅས་ནས། ། ་ཀུན་གྱི་འདི་དང་བྱིན་རློབ་ཅིང། །འདི་ཉིད་དུ་ནི་བཞུགས་པར་རིགས། ཞེས་བརྗོད་ལ། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་གང་བྱེད་པ་དེ་གཤིན་རྗེ་གཤེད་ཀྱིས་བསྲུང་ཞིང། ཨཱ(རྒྱུད་འགྲེལ་དཔའ་ཨི་དཀྱིལ་འཁོར་རིགས་བསྡུས་པ་ཞེས་བྱ་བས་བྲིས་ལ། །དེར་བུམ་པ་ཐམས་ཅད་བཅུག་ལ། དཀྱིལ་འཁོར་དེའི་བྱང་ངོས་སུ་ཁྲུས་ཀྱི་ཁང་པ་ཤིན་ཏུ་མཛེས་པ་ཡིད་དུ་འོང་བ། གསེར་གྱི་ཀ་བ་བཞི་དང་མེ་ཏོག་གི་ཆུན་འཕྱད་འཕྱད་བ། དྲི་ཞིམ་པོ་ཅན་ལ་སོགས་པ་སྲོག་ཆགས་ལས་མ་བྱུང་བའི ་དྲིས་ཆག་ཆག་བཏབ་ལ། རིན་པོ་ཆེས་སྤྲས་ཤིང་གཅལ་དུ་བཀྲམ་པ་བྱས་ལ། ཁྲུས་ཀྱི་ཁད་པ་གང་ཡིན་པ་དེ་ཉིད་རབ་ཏུ་གནས་པར་འདོད་པའི་ལྷ་རྣམས་གང་ཡིན་པ་སྤྱན་དྲངས་ལ་ཚུལ་དང་མཐུན་པར་གཞག་ལ་སྐུ་ཁྲུས་གསོལ་བ་ནི་ཚིགས་སུ་བཅད་པ་དང་རོལ་མོའི་སྒྲ་སྣ་ཚོགས ་དང་ལྡན་པས་ཁྲུས་བྱས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་ལྷ་ཡི་ཆུ། །དག་པ་ཡི་ནི་སྐུ་ཁྲུས་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ལུགས་མ་ཡིན་ན་དངོས་སུ་ཁྲུས་བྱ། དེ་ལས་གཞན་པ་གང་ཡིན ་ན་ཡང་མེ་ལོང་གི་ངོས་ལ་སྲན་ཕྱེ་དང། བག་ཕྱེ་དང། འབྲས་ཡོས?་དང། ཡུངས་ཀར་དང་ཏིལ་མར་དང། འོ་མ་དང་ཙན་དན་དང་ག་བུར་བཏབ་ལ་མེ་ཏོག་དང་བཅས་ཏེ་ཀུ་ཤའི་བིར་གྱིས་བཀྲུ་བར་བྱའོ། །དེ་ཡང་འདི་སྐད་དུ། ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས་ལྷ་མཛེས ་ལྷུམས་ཞུགས་བལྟམས་ལ་ཁྲུས་གསོལ་ལྟར། སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བྱས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་སྐུ་ཁྲུས་གསོལ། །ཕྱོགས་བཅུ་བདུད་རྩི་དམ་པའི་ཆར་འབེབས་པ། །རྒྱལ་བ་དམ་ཆོས་རྣམས་ལ་སྐུ་ཁྲུས་གསོལ། །ོཾ་སརྦ་ཏ ་ཐཱ་ག་ཏ་པུརྣ་དུ་པ་ཀྲོ་དྷ་ཡེ་སྭཱཧཱ་ཞེས་བྱ་བ་དང། དེ་ནས་སྔར་བསྙེན་པ་བྱས་པའི་བུམ་པ་ལྷའི་ཆུས་བཀང་ལ་སློབ་དཔོན་གྱིས་བཟུང་ནས་མེ་ལོང་ལ་དྲིའི་ཐིག་ལེ་ལྔ་དང། མེ་ཏོག་གི་ཚམ་བུ་ལྔ་དང་བཅས་པ་ལ་འདི་སྐད་བརྗོད་དེ་སྐུ་ཁྲུས་གསོལ་བ་ནི། གཟུགས་ཀྱི་ཕུང་པོ ་རྣམ་དག་པ། །གཏི་མུག་དྲི་མ་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུའི་སྐུ་ཁྲུས་གསོལ། །ཚོར་བའི་ཕུང་པོའི་རྣམ་དག་པའི། །ང་རྒྱལ་དྲི་མ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་སྐུ་ཁྲུས་གསོལ། །འདུ་ཤེས་ཕུང་པོ་རྣམ ་དག་པའི། །འདོད་ཆགས་དྲི་མ་སྦྱོང་བྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་སྐུ་ཁྲུས་གསོལ། །འདུ་བྱེད་ཕུང་པོ་རྣམ་བདག་པའི། །ཕྲག་དོག་དྲི་མ་སྦྱོང་མཛད་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་སྐུ་ཁྲུས་གསོལ། །རྣམ་ཤེས ་ཕུང་བ་རྣམ་དག་པའི། །ཞེ་སྡང་དྲི་མ་སྦྱོང་མཛད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་སྐུ་ཁྲུས་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཛྲ་རཏན་པདྨ་ཀརྨམ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེའི་རྗེས་ལ་རས་གཙང་མ་བྲིས་བསྐུས་བས་སྐུ་ཕྱིས་ཏེ། རྒྱལ་བའི ་སྐུ་ནི་མཁའ་ལ་ཟླ་བཞིན་གསལ། །སངས་རྒྱས་སྐུ་ལ་དྲི་མ་མི་མངའ་ཡང། །འགྲོ་བའི་བག་ཆགས་མ་ལུས་བསལ་བའི་ཕྱིར། །ཁ་ཚར་མ་ཉམས་རས་ཀྱིས་སྐུ་ཕྱིས་བས། །སེམས་ཅན་བག་ཆགས་མ་ལུས་བྱང་གྱུར་ཅིག་།ནིར་མ་ཀཱ་ཡ་ཤུདྡྷོཉཧཾ་ཞེས་པས་སྐུ་ཕྱིས་ལ། ་རིགས་དང་མཐུན་པའི་ན་བཟའ་རྣམས་ཀྱང་དབུལ་ཞིང་བཀྲ་ཤིས་ཀྱང་བརྗོད་དོ། །ོཾ་དྭི་བན་པ་ཡེ་སྭཱཧཱ། དྲིས་བསྒོའོ། །ོཾ་གནདྷ་ཡ་སྭཱཧཱ་ཞེས་པས་ན་གཟའ་དབུལ། ཨོཾ་ཨ་བྷ་ར་ཎི་བི་བྷུ་ན་ཥཱ་ཡ་སྭཱཧཱ། ཞེས་བྱ་བས་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱན་དབུལ་ཏེ། འགྲོ ་ཀུན་ཡུན་དུ་བསྐྱང་བའི་ཕྱིར། །ལྷ་ཡི་ན་བཟའ་དམ་པ་ནི། །བདེ་བར་གཤེགས་པ་རྣམས་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་པ་དང། བྱང་ཆུབ་ཡན་ལག་རྒྱན་གྱུར་ཅིང། །འགྲོ་བས་བསོད་ནམས་ཐོབ་བྱའི་ཕྱིར། །བདེ་གཤེགས་སྲས་ལ་རྒྱན་མཆོག་དབུལ། །ཅི་བདེ ་བར་ནི་བཞེས་སུ་གསོལ། །ཞེས་པས་རྒྱན་གདགས་སོ། །དེ་ནས་དཀྱིལ་འཁོར་སྤྱན་དྲངས་ལ་བདག་ཉིད་དཀྱིལ་འཁོར་སྒྲུབ་སྟེ། བདག་ཉིད་ཀྱི་འཁོར་ལོ་ལ་མཆོད་པ་རྫོགས་པའི་རྗེས་ལ་རབ་གནས་ཀྱི་ལྷ་ཤིན་ཏུ་གསལ་བར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་བར་སྣང་ལ་བསྡུས་ཏེ། ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམས་ཏེ་དབང་བསྐུར་རྒྱས་བཏབ་ལ། མཆོད་པ་ཤིན་ཏུ་རྒྱས་པར་དབུལ་བ་ནི་དངོས་སུ་འབྱེད་པའི་མཆོད་པ་ལྔ་དང། ཡིད་ཀྱིས་སྤྲུལ་པའི་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །གཞན་ཡང་སྒྲ་དང་རོལ་མོའི་བྱེ་བྲག ་བསམ་གྱིས་མི་ཁྱབ་པས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ལྟར་ལེགས་པར་མཆོད་ཅིང་སྦྱིན་སྲེག་གི་ལས་ཀྱང་བརྩམ་པར་བྱའོ། །དེའི་རྗེས་ལ་གཏོར་མ་རྒྱ་ཆེན་པོ་ཡང་བཤམས་ལ་གཞག་གོ་།དེ་ལྟར་ཡེ་ཤེས་སེམས་དཔའ་བཅུག་ལ་ནད་པར་ཉི་མ་ཤར་ཀར་སྤྱན ་དབྱེ་བར་བྱ་སྟེ། བདག་ཉིད་རྣམ་སྣང་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པས་དེས་གསེར་ལ་བྱས་པའི་ཐུར་མ་ཐོགས་ལ། རྒྱལ་བ་མཁའ་ལ་བྱོན་པའི་ཐུགས་རྗེ་ཅན། སངས་རྒྱས་སྤྱན་ལ་འགག་པ་མི་མངའ་ཡང། །སེམས་ཅན་རྣམས་ཀྱི་བག་ཆགས་སྤྱད་སླད་དུ། །བདེར་གཤེགས ་རྣམས་ཀྱི་སྤྱན་ནི་དབྱེ་བར་གྱིས། །སེམས་ཅན་ལྡོངས་པ་ཐམས་ཅད་གསལ་གྱུར་ཅིག་།ོཾ་ནིར་མ་ཀཱ་ཡ་བཛྲ་ཙཀྵུ་པྲ་བྷེ་ཤ་བི་ཤོ་དྷ་ན་སྭཱཧཱ། གསེར་གྱི་སྙན་བྲུད་པ་ཐོགས་ལ། །རྒྱལ་བའི་སྙན་ལ་འགག་པ་མི་མངའ་ཡང། །སེམས་ཅན་ཐོས་པས་ཡོངས་སུ་ཕོངས་གྱུར་ཏེ། །རྒྱལ ་བ་ཆོས་ཀྱི་རྔ་བརྡུངས་ལྟར། །དེ་བཞིན་སེམས་ཅན་ཀུན་དོན་ཕྱིར། །བདེ་གཤེགས་སྙན་ནི་དབྱེ་བར་བགྱི། །ཆོས་ཀྱི་སྒྲ་རྣམས་ཐོས་གྱུར་ཅིག་།ོཾ་ནིར་མ་ཀཱ་ཡ་རི་བྱ་ཀརྣ་ཡེ་སྭ་བྷཱ་བ་ཤུདྡྷོཉཧཾ། གསེར་གྱི་ཚེར་གཟུངས་ཐོགས་ལ། །རྒྱལ་བའི་ཤངས་ལ་འགག་པ་མི་མངའ་ཡང། །འགྲོ་བའི ་སེམས་ཅན་དོན་གྱི་ཕྱིར། །ཟག་བཅས་ཕུང་པོའི་དྲི་མ་སྤངས་ནས་ནི། །རྣམ་པར་དག་པ་དྲི་མེད་སྐྱེད་བྱེད་ལྟར། །རྒྱལ་བའི་ཤངས་ནི་བདག་གིས་དབྱེ་བར་བགྱི། །ཟག་མེད་དྲི་མེད་དམ་པ་ཚོར་གྱུར་ཅིག་།ོཾ་ནིར་མ་ཀཱ་ཡ་དྷ་བྱ?་ནཱ་ས་ཡེ་སྭཱཧཱ། རིན་པོ་ཆེའི་ཐུར ་མར་མངའ་གསོལ་ལ། འགྲོ་བ་ཆོས་ཀྱིས་ཕོངས་པ་ལ། །དམ་ཆོས་བསྒྲག་པར་བྱ་བའི་ཕྱིར། །ཆོས་ཀྱི་རོ་ལྡན་དག་པ་ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས། །དབུལ་ཕྱིར་ཞལ་ནི་དབྱེ་བར་བགྱི། །ོཾ་ནིར་མ་ཀཱ་ཡ་ཨིད་ནི་བྱ་མུ ་ཁ་ཡེ་སྭཱཧཱ། །དེ་ནས་རབ་བྱུང་གི་གཟུགས་ཡིན་ན་སྤུ་གྲི་ཐོགས་ལ། །ཇི་ལྟར་རང་བྱུང་མཆོད་རྟེན་དུ། །སྟོན་པས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བའི་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བགྱི། །རྣམ་སྦྱར་དང་བླ་གོས་གསོལ་ནས། ཇི་ལྟར་སྨན་པའི ་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་སྨན་པའི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་གསོལ་བར་བགྱི། །ོཾ་ནིར་མ་ཀཱ་ཡ་ཏོ་ཕྱོལ་ཏྲ་པྲ་ན་ཡེ་སྭཱཧཱ། ཞེས་པར་བྱ་ཞིང་དབུལ་ལོ། །ོཾ་ཨུ་པ་སུ་ཀཱ་ས་པ་རི་ས་བར་ཎཾ་ཡེ ་སྭཱཧཱ། ཞེས་པས་ཆུ་ཚོགས་དང་ལྷུང་བཟེད་ལ་སོགས་པ་དབུལ་ལོ། །དེ་ནས་ཐུགས་ཀར་རྡོ་རྗེ་དྲིས་བསྒོས་པ་བཟུང་ལ། །མཚན་དང་དཔེ་བྱད་ལ་སོགས་པ་བསྐྱེད་དེ། །དུང་དཔལ་བེའུ་གཡུང་དྲུང་འཁྱིལ་པ་འདི། །བཀྲ་ཤིས་རྫས་བརྒྱད་དག་གི་རྣམ་བརྒྱན་པ། །རྒྱལ་བའི་ཐུགས ་ལ་རྣམ་པར་རྒྱལ་གྱུར་ཅིག་།ོཾ་ནིར་མ་ཀཱ་ཡ་ཧྲི་ད་ཤང་མཧཱ་པུ་རུ་ཥ་ལཀྵ་ཨག་ཤོདྡྷ་ཨ་ནུ་བྱཉྫ་ན(རྒྱུད་འགྲེལ་བེའུ་ལ་སོགས་པས་བརྒྱན་པ་ནི་ཤེས་པར་བྱའོ། །གླེགས་བམ་ལ་རབ་ཏུ་གནས་པ་བྱེད་པ་ཡིན་ནོ། རྡོ་རྗེ་ཆོས་ཀྱི་ངོ་བོ་སངས་རྒྱས་སྣང་བ་མཛའ་ཡས་ངེས་པར་ཨ་ལས་བསྐྱེད་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ་དབང་བསྐུར་རྒྱས་བཏབ་ནས་གླེགས་བམ་དུ་བྱའོ། །དེ་ལ ་ན་བཟའ་དབུལ་བ་ནི། །བྱང་ཆུབ་ཡན་ལག་རྣམ་དག་པའི། །དམ་ཆོས་གསུང་གི་འོད་ཟེར་གྱིས། །ན་བཟའ་དྲི་མ་མེད་པ་འདི། །དམ་པའི་ཆོས་ལ་?དབུལ?་གྱི། །ོཾ་དྷརྨ་བྷེ་བྷཡ་པྲ་ཏ་སྭཱཧཱ། །ཞེས་བྱ་བས་དབུལ། །དེའི་རྗེས་ལ་རྡོ་རྗེ་ཐེག་པ་གང་ཡིན་པ་དེས་བསྡམས་ཏེ། མཚལ ་ལམ་སིན་དྷུ་རའི་རྒྱ་མཚོ་རིམ་པ་བདུན་དུ་བཏབ་ལ། ཨོཾ་བཛྲ་མུ་དྲ་བནདྷ་ཡ་ཨ་དྷི་ཏི་ཏིཥྛ་སྭཱཧཱ། ཞེས་བརྗོད་དོ། །རབ་ཏུ་གནས་པ་དེ་མཆོད་རྟེན་ཡིན་ན་བདེ་བར་གཤེགས་པ?་གིས་ལྔའི་སངས་རྒྱས་སུ་རྫོགས་པར་བྱས་ལ་ཡེ་ཤེས་སེམས་དཔའ་ཡང་ངེས་པར་བཅུག་ནས་དབང ་བསྐུར་རྒྱས་བཏབ་ནས་མཆོད་དེ་བཀྲ་ཤིས་བརྗོད་ལ་དེ་རྣམས་འབྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོའི་མཆོད་རྟེན་དུ་དམིགས་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱཧཱ། ཞེས་བས་ས་དཀར་བྱུག་།ོཾ་ཨ་ར་མ་ཡེ་སྭཱཧཱ། ཞེས་པས་བྲེ་གཟུགས། ཨོཾ་ཙཀྲ་བར་ཏ་ན་ཡེ་སྭཱཧཱ། ཞེས ་པས་འཁོར་ལོ་གཟུགས་སོ། །ོཾ་ཙྪ་ཏྲ་ཡེ་སྭཱཧཱ། ཞེས་བས་གདུགས་དབུལ་ལོ། །ོཾ་ཀུཾ་བི་ར་དྷཝ་ཛ་ཡེ་སྭཱཧཱ། ཞེས་པས་རྒྱལ་མཚན་གཟུགས། །ོཾ་པྲ་ཏ་ཀ་ཡེ་སྭཱཧཱ། ཞེས་པས་བ་དན་གདགས། ཨོཾ་པ་ཊུ་པཱ་མ་ལཾ་པ་ཡེ་སྭཱཧཱ། ཞེས་པས་དར་དབྱངས་གདགས། ཨོཾ་པུཥཔ་མཱ་ལ་ཡེ་སྭཱ ་ཧཱ། ཞེས་པས་མེ་ཏོག་གི་ཕྲེང་བ་གདགས་སོ། །བྱང་ཆུབ་སེམས་དཔའ་ཡིན་ན་ཁབ་དང་བསྙུང་གུ་དང་སོ་མངས་དབུལ། །འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེས་པ་བཞིན། །མཁོ་བའི་ཡོ ་བྱད་རྣམས་ཀྱང་དབུལ་བར་བགྱི། །ོཾ་ཨོ་ས་སུ་ཀ་ལ་ས་པ་རི་ཀ་རི་ཡེ་སྭཱཧཱ། དེ་ནས་ཐམས་ཅད་ཐུན་མོང་དུ་ཡང་མཆོད་པ་རྒྱ་ཆེན་པོས་མཆོད་ལ། གདུགས་གསེར་གྱི་ཡུ་བ་ཅན་ལ་སོགས་བས་མཆོད་དེ། འབྱོར་བ་དང་ལྡན་ན་སྦྱིན་སྲེག་ཀྱང་རྒྱས་པར་བྱའོ། །མ་འབྱོར་ན ་ཙཱ?་རུ་དབུལ་བར་བྱའོ། །དེ་ནས་རང་གི་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་ཏེ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །བྱང་ཆུབ་སེམས་དཔའ་ཨི་ཚོགས་རྣམས་ཀུན། །རིགས་བསྡུས་དཀྱིལ་འཁོར་འཁོར་དང་བཅས། །གང་དག་ཆོ་ག་མ་ཚང་བ། །དེ་དག་བཟོད་པར་མཛད་དུ་གསོལ ་ཀུན་ཏུ་ཞི་དང་རྒྱས་པ་ཡི། །ཡོན་དག་ཚེ་ལ་ཟབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་སོལ། །ས་དང་ཆུ་དང་མེ་རླུང་གིས། །ཇི་སྲིད་བསྐལ་པ་འཇིག་པ་རུ། །སངས་རྒྱས་ཀུན་གྱི་སྐུ་གཟུགས ་དང། དེ་སྲིད་བཅོམ་ལྡན་བསྲུང་བར་མཛད། །ཐུགས་བཟང་ཡིད་ལས་བྱུང་བ་ཡི། །སློབ་དཔོན་སློབ་མར་བཅས་པ་ལ། །བུ་དང་ཚ་བོ་བསྲུང་མཛད་ནས། །རབ་གནས་དགེ་བ་གཤེགས་སུ་གསོལ། །ོཾ་བཛྲ་མུ(རྒྱུད་འགྲེལ་ཀྱི་ཡེ་ཤེས་སེམས་དཔའ་བརྟེན་པར་བཞུགས་སུ་གསོལ་བ་ནི། སློབ་དཔོན་དང་ཡོན་བདག་གཉིས་ཀས་གདན་ཁྲི་ལ་འཇུས་ལ་མེ་ཏོག་གི་ཕྲེང་བ་དབུལ་ཏེ། དེ་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་བས་འཇིག་པ་རུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད? ་ནི་བཞུགས་པར་མཛོད་ཅེས་བརྗོད་ལ། ཕྱག་ན་རྡོ་རྗེ་ལ་མཆོད་པ་དབུལ་ཞིང། སྤྲུལ་སྐུ་བསྲུང་བར་མཛད་དུ་གསོལ། །ཞེས་བརྗོད་དོ། དེ་ནས་ཆོས་སྐྱོང་གི་སྲུང་མ་ཕྱོགས་སྐྱོང་ངམ། མཧཱ་ཀཱ་ལ་འམ། ཡང་ན་གང་ཡང་རུང་བ་ལ་གཏོར་མ་རྒྱ་ཆེན་པོ་དབུལ་ཞིང། སེམས་ཅན ་ཀུན་གྱི་དོན་གྱི་ཕྱིར། །སྐུ་གཟུགས་བསྲུང་བའི་ལས་བཅོལ་བར་བྱའོ། །འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་བགྱིད་པར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་སྐུ་གཟུགས་བརྙན་མཐོང་བར་མཛོད། །ཅེས་བརྗོད་དོ། །གཞན་ཡང ་ཡུལ་ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཕོ་མོ་ལ་ཡང་གཏོར་མ་གཏགས་ཆེད་ཆེད་གཏད་དོ། །གནས་བརྟན་དང་ཁྱིམ་པའི་གཙོ་བོ་རྣམས་ལ་ཡང་སྙིགས་མ་ལྔའི་དུས་སུ་སྤྲུལ་པའི་སྐུ་འདི་ཡིན་གྱིས། །ཁྱོད་ཀྱི་མཉམས་པར་སྲུངས་ཤིག་ཅེས་བརྗོད་ལ། སྐུ་འམ་གླེགས ་བམ་མཆོད་རྟེན་གང་ཡིན་པ་དེ་ན་བཟའ་གསོལ་ཏེ་འགྲོ་བ་རྣམས་ལ་བསྟན་ཏོ། །མཐོང་བ་ཙམ་གྱིས་བསྐལ་པ་དཔག་ཏུ་མེད་པའི་སྒྲིབ་པ་མ་ལུས་པར་འབྱད་པར་འགྱུར་རོ། །ཡོན་བདག་གང་ཡིན་པ་དེས་གླུ་གར་བྱ་ཞིང་བཀྲ་ཤིས་བརྗོད་ལ་སྔགས་ཀྱི་བཏབ་པའི་ཞལ་ཟས ་ལྷག་མ་རྣམས་ལ་ལོངས་སྤྱོད་དོ། །རབ་གནས་བཟང་པོ་འདི་བྱས་པས། །བྱས་པ་གང་དེས་འགྲོ་བ་ཀུན། །མཐོང་བ་ཙམ་གྱིས་སྡིག་བྱང་ནས། །སྤྲུལ་པའི་སྐུའི་ཞལ་མཐོབ་ཤོག་།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རབ་ཏུ་གནས་པའི་ཚིག་གི ་ཞེས་བྱ་བ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། ཨརྱ་མཉྫུ་ཤྲཱི་ནཱ་མ་སཾ་བཱི་ཏི་ཙཀྲ་མ་ར་མཱ་ར་ཡ་མནྟྲ། བོད་སྐད་དུ། ་