CLOSE WINDOW

N2189: mtshan yang dag par brjod pa'i sgo nas rten cing 'brel bar 'byung pa'i yang lag bcu gnyis bsgom pa'i man ngag
Wyliee-texts based on the ACIP/ALL Input

བཤེས་གཉེན་གྱིས་མཛད་པའི་མཚན་ཡང་དག་པར་བརྗོད་པའི་རྗེས་སུ་དྲན་པ་དྲུག་བསྒོམ་པའི་མན་ངག་རྫོགས་སོ།། །།འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་སྒོ་ནས་དབང་པོ་འབྲིང་གིས་བརྟེན་འབྲེལ་བཅུ་གཉིས་བསྒོམ་པ་ནི། ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྟེན་འབྲེལ་བཅུ་གཉིས་གསུངས་ཏེ། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ས་བོན་སྐྱ་བོ་ནད་མེད་པས་འབྲས་བུའི་བར་དུ་ཡན་ལག་བརྒྱད་ཀྱི་ཚུལ་དུ་འབྱུང་བ་འབྲས་བུ་ལྗང་བུ་ལ་གཟིགས་ནས། ནང་རྟེན་ཅིང་འབྲེལ་པར་འབྱུང་བས་མ་རིག་པ ་ནས་རྒ་ཤིའི་བར་དུ་ཡན་ལག་བཅུ་གཉིས་གསུངས་ཏེ། ནང་གི་ཆོས་རྣམས་ཇི་ལྟར་སྐྱེ་བའི་རྒྱུ་དང་འབྲས་བུ་རྣམས་བསྟན་པའོ། །དེ་ལ་མ་རིག་པ་ནི་ཤེས་པ་ལས་བྱུང་སྟེ། དེ་ཁོ་ན་ཉིད་ལ་གཏི་མུག་པ་དང། ལས་རྒྱུ་དང་འབྲས་བུ་ལ་གཏི་མུག་པའོ། དེའི་རྐྱེན་གྱིས་མ་རིག་པ་འབྱུང་སྟེ། ་???་ཕྱིར་མ་རིག་པ་ཞེས་བྱ་ཞེ་ན། མུན་པ་ཆེན་པོའི་ཕྱིར་ན་མ་རིག་པ་སྟེ། དཔེར་ན་མུན་པས་བསྒྲིབས་ནས་རྫས་ཀྱི་དངོས་པོ་མི་མཐོང་བ་དང་འདྲ་བར་མ་རིག་པས་ཀྱང་ལས་དང་ལས་ཀྱི་འབྲས་བུ་ཡོད་པ་དང། བདེན་པ་དང་དཀོན་མཆོག་ཡོན་ཏན་ཅན་དང། ཆོས་ཀྱི་ཆོས ་ཉིད་སྟོང་པ་ཉིད་དུ་མཐོང་བར་བྱ་བ་བསྒྲིབས་ཏེ་མ་མཐོང་བས་མུན་པ་ཞེས་བྱ་སྟེ། ཁ་ཅིག་གིས་དགེ་སྡིག་ངོ་མ་ཤེས། ཁ་ཅིག་གིས་དགེ་སྡིག་ཡོད་པར་ཡིད་ཆེས་ཀྱང་དོན་ལ་རྨོངས་པས་མ་རིག་པ་ཞེས་བྱའོ། །དེའི་རྐྱེན་གྱིས་འདུ་བྱེད་འབྱུང་སྟེ། བསོད་ནམས་དང། བསོད་ནམས་མ་ཡིན་པ་དང ་མི་གཡོ་བ་གསུམ་གྱིས་འདུ་བྱེད་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་ན་འདུ་བྱེད་རྣམས་ཞེས་བྱ་སྟེ། ལ་སུ་མ་བསྟན་པ་རྣམ་པ་སྣ་ཚོགས་པ་འདུ་བྱེད་དོ། །དེས་བྱས་པས་ཀུན་གཞི་ལ་བག་ཆགས་སོགས་ཏེ། རྒྱུ་དེས་རྣམ་པར་ཤེས་པ་འབྱུང་ངོ། །དེས་ཁམས་གསུམ་དུ་ལས་དགེ་བ་དང ་མི་དགེ་བ་དང། ལུང་དུ་མ་བསྟན་པའི་ལས་ཀྱི་འདུ་བྱེད་དོ། །མ་རིག་པ་དང་འདུ་བྱེད་གཉིས་ནི་ཚེ་སྔ་མ་དང་སྦྱར་རོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། ཅིའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱ་ཞེན། ཕྱི་ནང་གི་ཆོས་གཟུགས་དང་སྒྲ་དང་དྲི་ལ་སོགས་པ་ཡུལ་ཐ་དད་པ་རྣམས་ལ ་མིག་ལ་སོགས་པའི་རྣམ་པར་ཤེས་པས་སོ་སོར་རིག་ཅིང་ཤེས་པས་ན་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཀུན་གཞི་ལ་བག་ཆགས་བཞག་པའི་བག་ཆགས་ཀྱི་རྒྱུད་དེས་འཕངས་ནས་ཕ་རོལ་ཏུ་སྐད་ཅིག་མའི་ཚུལ་གྱིས་མའི་མངལ་དུ་ཆགས་པ་ལས་མིང་དང་གཟུགས་སུ་གྱུར་པའོ། །རྣམ་པར ་ཤེས་པ་མཆོད་ད་ལྟའི་ཚེ་སྟེ། དེ་ཡན་ཆད་གསུམ་ནི་འཕེན་པའི་ཡན་ལག་གོ་།དེའི་རྐྱེན་གྱིས་མིང་དང་གཟུགས་དེ་ཅིའི་ཕྱིར་ན། བརྟེན་པས་ན་མིང་དང་གཟུགས་ཞེས་བྱ་སྟེ། དཔེར་ན་ཤིང་གསུམ་རྩེ་སྦྲང་ནས་དུད་ཁྱིམ་དུ་རུང་བ་དང་འདྲ་བར་མིང་བཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ ་གཉིས་གཅིག་ལ་གཅིག་རྟེན་པས་ན་མིང་དང་གཟུགས་ཞེས་བྱ་སྟེ། རྣམ་པར་ཤེས་པ་མའི་མངལ་དུ་འོང་ནས་མིང་བཞིའི་ཕུང་པོ་དང་གཟུགས་ཀྱི་རུང་པོ་མེར་མེར་པོ་དང། ནུར་ནུར་པོ་དང། གོར་གོར་པོ་དང། ཡན་ལག་ཏུ་གྱུར། འཕྲད་འགྱུར་ལ་སོགས་པ་མངལ་གྱི་ཆོས་དྲུག་དང་ལྡན་ནོ། །དེའི ་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་སྟེ། སེམས་ལ?་སེམས་ལ་འབྱུང་བ་རྣམས་པ་འམ་འབྱུང་བའི་སྒོ་བྱེད་པས་སྒོ་ཞེས་བྱ་སྟེ། དངོས་སུ་ན་མིང་རྣམས་ཞུགས?་མེར་མེར་པོ་ལ་སོགས་པ་རྟས་ནས་དེའི་རྐྱེན་གྱིས་རང་གི་དབང་པོ་དྲུག་དོད་པ་ལས་ཡུལ་དྲུག་པ་རྣམ་ཤེས ་སྐྱ་ཤིང་མཆེད་པས་སོ། །རྣམ་པར་ཤེས་པའི་རྐྱེན་གྱིས་རེག་པ་ཞེས་བྱ་སྟེ། ཡུལ་དང?་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པས་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་དང། གཉི་ག་མ་ཡིན་པ་དང་གང་དང་གང་ལ་རེག་པའི་རྒྱུ་ཚོར་བ་ཞེས་བྱ་སྟེ། རེག་པ་འབྱུང་བའི་རྒྱུ་ཚེར་བ་སྟེ་ཉམས་སུ ་མྱོང་བའོ། །འདི་མན་ཆད་བཞི་ནི་འཕངས་པའི་ལམ་གྱི་ཡན་ལག་གོ་།ཚོར་བའི་རྐྱེན་གྱིས་སྲིད་པ་འབྱུང་སྟེ། ཅིའི་ཕྱིར་ན་སྒོམ་པའི་ཕྱིར་ན་སྲེད་པ་ཞེས་བྱ་སྟེ། སྒོམ་གྱིས་གདུངས་པ་དང་འདྲ་བར་ཚོར་བ་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ཕྲད་པར་འདོད་པས་སྲེད་པའོ། །བདེ་བ་ཚོར ་བའི་རྐྱེན་གྱིས་སྲེད་པ་འཆང་འཐུང་སྟེ། ཡང་དང་ཡང་དུ་འདོད་པའི་ཕྱིར་སྲེད་པའོ། །འདི་ཀུན་གྱི་རྩ་བ་ནི་མ་རིག་པ་ལས་བྱུང་བའོ། །སྲིད་པ་སྲེད་པ་ལེན་པ་གསུམ་ད་ལྟར་གྱི་ཚེ་དང་སྦྱར་རོ། །སྲེད་པའི་རྐྱེན་གྱི་ལེན་པ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པའི་ཕྱིར་ལེན་པ་ཞེས་བྱ་སྟེ། ་ལེན་པ་ལ་བཞི་སྟེ་འདོད་པའི་ལེན་པ་དང། ལྟ་བའི་ལེན་པ་ངང་ཚུལ་ཁྲིམས་དང། བརྟུལ་ཞུགས་བསྙེམས་པའི་ལེན་པ་དང། བདག་དུ་སྨྲ་བའི་ལེན་པའོ། །སྲིད་པའི་རྒྱུ་ཡང་དང་ཡང་དུ་ལེན་པར་བྱེད་དེ། འདི་ཡང་རྩ་བ་མ་རིག་པའོ། །ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། ་སྲིད་པར་སྐྱེ་བའི་ཕྱིར་སྲིད་པ་ཞེས་བྱ་སྟེ། ཁམས་གསུམ་དུ་སྐྱེ་བའི་ཕྱིར་རོ། །དེར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པའི་བག་ཆགས་རྟས་ནས་ཚེ་ཕྱི་མར་སྐྱེ་བ་ནི་སྲིད་པ་ཞེས་བྱ་སྟེ། ལེན་པའི་རྒྱུ་ལས་དགེ་བ་དང། མི་དགེ་བ་བསགས་པས་ཚེ་ཕྱི་མ་ལེན་པས་སྲིད་པའོ། །འདི་མན་ཆད་གསུམ ་ནི་གྲུབ་པའི་ཡན་ལག་གོ་།སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ། ཅིའི་ཕྱིར་ཞེ་ན། ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བ་ཞེས་བྱ་སྟེ། ལམ་རྒྱུད་ལྔ་ཉིད་དུ་ལྷ་དང་མི་ལ་སོགས་པའི་ལུས་ཀྱི་ཕུང་པོ་སྔོན་མེད་པ་གདོད་འབྱུང་བས་ན་སྐྱེ་བའོ། །དེ་ཡང་སྲིད་པར་སྐྱེ་བའི་ལས་བྱས་པའི་རྒྱུས་སྐྱེ་བའོ། །སྐྱེ་བའི་རྐྱེན་གྱིས ་རྒ་ཤི་འབྱུང་སྟེ་ཅིའི་ཕྱིར་རྒས་པ་ཞེ་ན། ཕུང་པོ་སྨིན་པའི་ཕྱིར་རྒས་པ་ཞེས་བྱ་སྟེ། དཔེར་ན་ཤིང་ཏོག་སྨིན་པ་དེ་རྒས་པ་དང་འདྲ་བར་སྐྲ་དཀར་དང་གཉེར་མ་ཅན་དུ་གྱུར་ཏེ། ལུས་ནི་གཤོག་ཁུང་བཞིན་སོང། ཁ་བྲག་ཕུག་སྟོང་པ་དང་འདྲ། སྐྲ་སྒྲ་བའི་མེ་ཏོག་དང་འདྲ། །དཔྲལ་བགྲས་སྟན་རིང་བ་དང་འདྲ་བར་སོང་བ་ནི་རྒས་པའོ། །རྒས་པའི་རྐྱེན་གྱིས་འཆི་བ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། འཇིག་པའི་ཕྱིར་འཆི་བ་ཞེས་བྱ་སྟེ། ལུས་ཀྱི་ཕུང་པོ་གནས་པའི་དུས་ཟད་དེ་དྲོད་དང་རྣམ་པར་ཤེས་པས་བཏང་བའི་ཕྱིར་ཤི་བའོ། །སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ངོ། །སྐྱེ་བ་དང་རྒ་ཤི་གཉིས་ཏེ་གསུམ་ནི་ཚེ ་ཕྱི་མ་དང་སྦྱར་རོ། །རྒས་པ་དང་ཤི་བ་གཉིས་ནི་ཉེས་དམིགས་ཀྱི་ཡན་ལག་གོ་།རྟེན་འབྲེལ་བཅུ་གཉིས་དུམ་བུ་ལྔས་འཆད་དེ། ཚེ་སྔ་མའི་རྒྱུའི་སྒོ་ནས་གཞག་གོ་།དེ་ལྟར་ཅིའི་ཕྱིར་བསྟན་ཅེ་ན། དེ་ཡང་ཚེ་སྔ་མའི་རྒྱུས་འདི་བསྐྱེད། འདིའི་རྒྱུས་ཕྱི་མ་བསྐྱེད་པའོ། །དེ་ལྟར་ཡན་ལག་བཅུ་གཉིས་ལུགས་སུ ་བྱུང་བ་ནི་འཇུག་རྒ་ཤི་འབྱུང། ད་ནས་ཁང་གྱིས་གཅིག་གི་རྐྱེན་གྱིས་གཅིག་བསྐྱེད་དེ། མཇུག་མ་རིག་པ་ལ་རྩ་བ་ཐུག་པ་དང། མ་རིག་པ་དེ་ཡང་མེད་པར་འགགས་པ་མ་ཡིན་ཏེ། མ་ཡིན་པ་འམ་མི་དམིགས་པར་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་དུ་འགག་སྟེ། ལུགས་ལས་བཟློག་པར་ཤེས ་པར་བསྒོམ་པར་བྱའོ། །དེ་ལྟར་བདག་གིས་འདི་བྱས་པ་རང་བཟོ་ལྟ་བུ་མ་ཡིན་ཏེ། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆད། །ཞེས་གསུངས་པ་ལ་བརྟེན་ནས་བྱས་པའོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། མཚན་ཡང་དག་པར་བརྗོད་པའི་སྒོ་ནས ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་བསྒོམ་པའི་མན་ངག་རྫོགས་སོ།། །།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་སྒོ་ནས་དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་བསྒོམ་པ་ནི། ལྟར་བསྐྱེད་པ་སྟོང་པ་ཉིད་བཅུག་ནས་སེམས ་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བ་རྒྱུ་གང་གིས་ཀྱང་མ་བསྐྱེད་པས། རྐྱེན་གང་གིས་ཀྱང་མི་འཇིག་།ཞེས་འདོད་ཐམས་ཅད་དང་བྲལ་བའི་སྟོང་པའི་རྒྱས་ཐེབས་པའི་ཤེས་པ་དེ་ཁོ་ན་ལ་གནས་པ་ནི་ཆོས་ཀྱི་སྐུའོ། །ཤེས་པའི་ངོ་བོ་མ་གྲུབ་ཅིང་རིག་པ་རང་གསལ་གྱི་ཉམས་མྱོང་དང་བྲལ ་