CLOSE WINDOW

N2187: dus gsum gyi sangs rgyas la blta ba
Wyliee-texts based on the ACIP/ALL Input

ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་འགྲོ་རྣམས་ཕམ་བྱས་ཏེ། རྒ་ནང་འཆི་བའི་རྦ་ཀློར་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག་།དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད ་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག་།སའམ་ཆུ་འམ་མེ་འམ་རླུང། །དགོན་པ་ཤིང་གི་སྨན་ལྟ་བུར། །བདག་ཉིད་སེམས་ཅན་ཐམས་ཅད་ཀྱི། །ནད་དོ་ཅོག་གི་གསོས་སུ་ཤོག་།མཐོང་བ་དང་ནི་ཐོས་པ་དང། །དྲན་པ་དང་ནི་རིག་པས་ཀྱང། །བདག་ནི་སེམས་ཅན ་ཐམས་ཅད་ཀྱི། །གྲུ་དང་ཟམ་བ་ལྟ་བུར་ཤོག་།བྱང་ཆུབ་སེམས་དཔའ་སུ་དག་གང་བཞུགས་པའི། །དེ་དག་ཀུན་གྱི་སྨོན་ལམ་གྲུབ་གྱུར་ནས། །སེམས་ཅན་ཐམས་ཅད་གཏན་དུ་བདེ་བ་དང། །ངན་སོང་རྣམས་ནི་རྟག་ཏུ་སྟོངས་པར་ཤོག་།སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ། ་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ཟས་སྦྱིན་སོགས་བགྱི་བ་འདི་དག་གི་།འགྲོ་བ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ཅེས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོའོ། །སེམས་སྐྱེད་པའི་ཆོ་ག་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚོན་པ་བདག་པར་བརྗོད་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་རང་གི་ཡིད་མ་གང་ཡིན་པར་བསམས་ལ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་འཇམ་ཀླས་བཤིག་བསྒོམ། དེའི་ལྟེ་བ་ལ་ཨ་དཀར་པོ་ཞིག་བསམས ་ལ་དེ་ལ་དམིགས་པ་?་སྤྲོས་བྲལ་དུ་?་མོ། །བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་འབྲས་བུ་ཡེ ་ཤེས་ཀྱི་ཚོགས་ཚད་མེད་པ་བཞི་བསྒོམ་པ་ནི་གོང་གི་སྙིང་གའི་ཟླ་བ་དང་རྡོ་རྗེའི་ཨ་དེ་ལས་འཇིག་རྟེན་གྱི་ཁམས་ཡེངས་པར་བྱེད་པའི་འོད་ཟེར་ཁ་དོག་དཀར་པོ་བྱུང་བ་དེས་སེམས་ཅན་ཐམས་ཅད་ལ་རེག་པ་དང་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་དན་པ་དང། བདེ་བ་ལ་ཡུན་རིང་བར་གནས ་པ་དང། ཆོས་མཉམ་པ་ཉིད་ཀྱི་དོན་དུ་ཡུན་རིང་དུ་བསྒོམ་མོ། །འོད་ཟེར་དེའི་ཕུང་པོ་སྨར་སྙིང་ཁར་ཐིམ་པར་བྱའོ། །ཚད་མེད་པ་བཞི་བསྒོམ་པའི། །མན་ངག་རྫོགས་སོ།། །།འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་སྒོ་ནས་དུས་གསུམ་གྱི་སངས ་རྒྱས་ལ་བལྟ་བ་ནི། སྙིང་ཁའི་ཟླ་བའི་རྡོ་རྗེ་ལས་འོད་ཟེར་ཁ་དོག་ལྔ་འཇའ་ཚོན་ལྟ་བུ་ནམ་མཁའ་ཨི་མཐར་ཐུག་པ་ཐམས་ཅད་སྣང་བས་ཁྱབ་པས་གསལ་བར་བྱས་ལ་བལྟ་བ་དང། འཇིག་རྟེན་གྱི་ཁམས་མང་ལ་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཁམས་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད ་པ་མཛད་པ་བཅུ་གཉིས་མཛད་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། མཉམ་པར་བཞག་པ་དང། དེ་ལམ་ལངས་པ་དང། བྱང་ཆུབ་སེམས་དཔས་བསྐོར་བ་དང། འཁོར་རྣམ་བཞིས་བསྐོར་བ་དང། དེ་བཞིན་གཤེགས་པའི་མཛད་སྤྱོད་དང། བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད ་པ་རྣམས་ལ་སེམས་གཏད་ལ་བལྟ་བར་བྱའོ། །དུས་གསུམ་གྱི་སངས་རྒྱས་ལ་བལྟ་བ་རྫོགས་སོ།། །།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དབང་པོ་ཐ་མས་རྗེས་སུ་དྲན་པ་དྲུག་བསྒོམ་པ་ནི། སངས་རྒྱས་རྗེས་སུ་དྲན་པ་དང། ཆོས་རྗེས་སུ་དྲན་པ་དང། དགེ་འདུན ་རྗེས་སུ་དྲན་པ་དང། གཏོང་བ་རྗེས་སུ་དྲན་པ་དང། ཚུལ་ཁྲིམས་རྗེས་སུ་དྲན་པ་དང། ལྷ་རྗེས་སུ་དྲན་པ་དང། །དེ་ཡང་འདི་ལྟ་སྟེ། དེ་རྣམས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་གུས་པ་བསྐྱེད་ཅིང་བདག་གིས་ཀྱང་དེའི་སྒོ་ནས་འཇུག་པར་བྱའོ། །དེ་ཡང་སངས་རྒྱས་རྗེས་སུ་དྲན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ ་པར་??་སུ་ལྡན་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ཡང་དག་པའི་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱའོ། །དེ་ལྟ་བུའི་སྒོ་ནས་སངས་རྒྱས་ཀྱི་ཡོན་ཏན་རྟོགས་ཤིང་དྲན་པ་ཉིད་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པ་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས ་པར་གསུངས་པ་ཡང་དག་བར་མཐོང་བ། དུས་ཚོད་མཁྱེན་པ། ད་ནི་མཐོང་བ་ལ་ཉེ་བར་གཏོད་པ། མཁས་པ་སོ་སོར་ཡང་དག་པར་རིག་པ། དོན་བཟང་པོ་ཚིག་འབྲུ་བཟང་པོ། ཐོག་མར་དགེ་བ། བར་དུ་དགེ་རྦ། ཐ་མར་དགེ་བ། མ་འདྲེས་པ་ཡོངས་སུ་གསལ་བའོ། །དེ་ལྟ་བུ་ལ་དམིགས་?་ཡོན་ཏན་དྲན ་