| Wylie | e-texts based on the ACIP/ALL Input |
པ་སྔ་མ་དེའི་དབང་གིས་ལས་དགེ་སྡིག་ཡོད་པ་སྡིག་པ་སྤྱད་པའི་དབང་གིས་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཟད་པ་མེད་པར་འབྱུང་ངོ། །ཁོར་བའི་ཆུ་བོ་གང་ཞེ་ན། ལས་དེ་མ་ཟད་པའི་བར་དུ་སྲེད་པ་ཡང་རྒྱུན་མ་ཆད་པར་འབྱུང་བས་སོ། །སྡུག ་བསྔལ་གྱི་ཆུ་བོ་གང་ཞེ་ན། ད་ལྟར་སྲིད་པ་གསུམ་དུ་འཁོར་བས་འབྲས་བུ་སྡུག་བསྔལ་གསུམ་དང་རྒྱུན་མི་ཆད་པར་ཉམས་སུ་མྱོང་བའོ། །དེ་བས་ན་དེ་ལྟར་སྨིན་པ་དཔྱེད་པའི་རྒྱུ་དུག་གསུམ་ལས་བཟློག་ན་ཆུ་བོ་བཞི་ཡང་རང་ལོག་རུ་འགྱུར་རོ། །མཚན་ཡང་དག་པར་བརྗོད་པའི་ཞེས ་པ་དུག་གསུམ་ལས་བཟློག་པའི་མན་ངག་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ལ་སྐྱབས་སུ་འགྲོ་བ་ནི་མཎྜལ་དང་མཆོད་པ་བཤམས་ལ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ལ་སོགས་པ་རང་གི་མདུན་དུ་དམིགས་ལ་འདི་སྐད་བརྗོད། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་བ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དམ་པའི ་ཆོས་དང། རང་སངས་རྒྱས་དང། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་པའི་ལས་བྱ་བའི་ཕྱིར། ཡོན་ཆབ་དང། མེ་ཏོག་དང། བདུག་སྤོས་དང། མར་མེ་དང། དྲི་ཆབ་དང། བཤོས་གཙང་དང། སིལ་སྙན་ལ་སོགས་པ་དངོས་སུ་འབྱོར་བ་དང། ཡིད་ཀྱིས ་སྤྲུལ་ཏེ་དབུལ་བར་བགྱིའོ། །དེ་ནས་འདི་སྐད་བརྗོད་དོ། །བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ཀུན་གྱི་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས ་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ། གཟིགས་པ་སྐྱེས་བུའི་ཁྱུ་མཆོད་སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བ་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ་དེ་བཞིན་གཤེགས་པ་ལ་མངའ་གཞི་བ་ཆོས་ཀྱི་སྐུ་སོ་སོར་ཡང་དག་པར་རིག ་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་འདུས་པའི་གཙོ་བོ་ལ་སྐབས་སུ་མཆིའོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ས་ཆེན་པོར་ཆུད་པའི་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་བརྗོད་དོ། །སྐྱབས་སུ་འགྲོ་བའི་ཆོ་ག་རྫོགས་སོ།། །།འཕགས་པ་འཇམ་དཔལ ་ལ་ཕྱག་འཚལ་ལོ། །དེ་ལྟར་སྐྱབས་འགྲོ་ཁྱད་པར་ཅན་བྱས་ནི་སེམས་བསྐྱེད་པ་ནི། ཐལ་མོ་སྦྱར་ལ་ཕྱག་འཚལ་བ་དང་མཆོད་པའི་ལས་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་བརྗོད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བླ་ན་མེད་པའི་མཆོག་ཏུ་རིན་པོ་ཆེར་བསྐྱེད་པ་ལྟར་བདག་མིང་འདི་ཞེས་བགྱི་བས་བྱང་མཆོག་ཏུ་སེམས་བསྐྱེད་པའི་སྦྱིན་བ་རིན་པོ་ཆེར་གཟུང་དུ་གསོལ་ཞེས ་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་འདི་སྐད་བརྗོད་དོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གོས་ལ། བདག་མིང་འདི་ཞེས་བགྱི་བ་ཐོག་མ་དང། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ལས་བྱུང་བ་དང། ཚུལ་ཁྲིམས་ལས ་བྱུང་བ་དང། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་བ་དང། བགྱིད་དུ་སྩལ་བ་དང། བགྱིད་བ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་ཐུགས་བླ་ན་མེད་པའི་བྱང་ཆུབ་མཆོག་རིན་པོ་ཆེར་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱ་བ་དང། མ་གྲོལ་བ་རྣམས་གྲོལ་བར་བགྱི་བ་དང། དབུགས་མ་བྱུང་བ་རྣམས་དབུགས་དབྱུང་བར་བྱ་བའི ་ཕྱིར་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར། དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་གསོལ་བ་གདབ་བོ། །དེ་ནས་འདི་སྐད་བརྗོད་དེ། བསོད ་