| Wylie | e-texts based on the ACIP/ALL Input |
དུ་མཆིས་པར་མཛོད། །འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་བསག་པའི་ཐབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས ་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ནི། དང་པོ་བདག་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་ཞེས་བསམ། དེ་ནས་ཨ་ཨཱ་ཨི་ཨའི་ཨུ་ཨའུ་ཨེ་ཨི་ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་པའི་འོད་ཟེར་གྱིས་རྟེན་གྱི་དཀྱིལ་འཁོར་མངོན་པར་བསྒྲུབ་པར་བྱའོ། །དེའི་དབུས་སུ་སེངྒེའི་ཁྲི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསམ་པ་ནི། སྠི་ཏོ་ཧྲི་དི་ཛྙཱ་ན་མུརྟི་ར་ཧཾ་བུདྡྷ་བུདྡྷ་ནཱཾ། ཏྱདྷཱ་བརྟཱི་ནཱཾ་ཞེས་བརྗོད་པས་རྣམ་སྣང་ཆེན་པོ་ཀུན་ཏུ་ཞལ་བསམ་མོ། །དེའི་ཐུགས་ཀར་དང་པོའི་སངས་རྒྱས་ ་བསམ། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་བསྒོམས་ཏེ། ཨོཾ་བཛྲ་ཏཱིཀྵྞཱ་ཡ་ཏེ་ན་མ། ཨོཾ་དུ(རྒྱུད་འགྲེལ་ཤེས་རབ་འཁོར་ལོ་རྩིབས་དྲུག་བསྒོམ། དེའི་སྟེང་དུ་ཡེ་ཤེས་སེམས་པ་བཟླ་བ་དང་ཨ་བསྒོམ་པར་བྱའོ། །འི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲུག་བདག་ལ་ཞུགས་པར་བསམ་མོ། །དེ་ལ་མཚན་བརྗོད་པར་བྱའོ། །དེ་ལ་དང་པོར་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར ་གྱི་མཚན་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པའི་བར་དུ་ཚིགས་བཅད་བཅུ་བཞི་བརྗོད་པས། ཡེ་ཤེས་སེམས་དཔའ་ཨི་ཡི་གེ་ཨ་ལས་མཚན་དོན་བྱུང་སྟེ། དེ་དག་གིས་བཅོམ་ལྡན་འདས་བྱང་སེམས ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་ཏེ། སྤྲོས་ནས་འགྲོ་བའི་སེམས་ཀྱི་དོན་བྱས་ནས་སླར་འདུས་ཏེ། རྣམ་སྣང་ཆེན་པོའི་ཕྱི་རིམ་དུ་གནས་བར་བསམ་མོ། །དེ་ནས་སངས་གྱིས་རྣམ་པར་སྣང་མཛད་ཆེ་ཞེས་བ་ནས་ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་བ་གཅིག་གིས་མ ་ཚང་བ་བརྗོད་བས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཨི་ཨ་ལས་མཚན་དོན་གྱི་ཡི་གེ་བརྒྱ་བརྒྱད་ཅུ་རྩ་གཅིག་འཕྲོས་ཏེ། དེ་དག་ཀྱང་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་ཏེ། འགྲོ་བའི་དོན་བྱས་ནས་རྣམ་པར་སྣང་མཛད་ཆེན་པོ་ལ་བསྐོར་བར་བསམ ་མོ། དེ་ནས་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱིས་མཆོག་ཅེས་པའི་བར་དུ་ཚིགས་བཅད་བཅུར་རྐང་པ་གཅིག་གིས་ལྷག་པ་བརྗོད་པས། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཨ་ལས་མཚན་གྱི་ཡི་གེ་རྣམས་སྤྲོས་པས་འཇིག་རྟེན་གྱི་གདུག ་པ་ཅན་རྣམས་བཏུལ་ནས་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ་འཁོར་བར་བཞུགས་པར་བསམ་མོ། །དེ་ནས་ཡང་དག་བདག་མེད་དེ་བཞིན་ཉིད་ནས་ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཞེས་པའི་བར་ཚིགས་བཅད་བཞི་བཅུ་རྩ་གཉིས་བརྗོད་པས། ཡེ་ཤེས་སེམས་དཔའ་ཨི ་ཐུགས་ཀའི་ཡི་གེ་ཨ་ལས་མཚན་གྱི་དོན་ཡི་གེ་ཉིས་བརྒྱ་སུམ་བཅུ་རྩ་ལྔ་བྱུང་སྟེ་སྤྲོས་པས། སངས་རྒྱས་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་འབྱུང་བས་འགྲོ་དོན་བྱས་ནས་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ་བཞུགས་པར་བསམ་མོ། །དེ་ནས་འདོད་པའི་དོན་གྲུབ་དམ་པ་སྟེ ་ཞེས་པ་ནས་ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་བར་གྱི་ཚིགས་སུ་བད་པ་ཉི་ཤུ་རྩ་བཞི་བརྗོད་པས། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཨ་ལས་མཚན་དོན་ཡི་གེ་བརྒྱ་ཉི་ཤུ་རྩ་བཞི་སྤྲོ་སྟེ། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཀྱང་སྤྲུལ་པས་འགྲོ་བའི ་དོན་བྱས་ནས་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་བཞུགས་པར་བསམ་མོ། །དེ་ནས་སངས་རྒྱས་ཀུན་གྱིས་རྟོགས་བྱ་ཞེས་པ་ནས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་བར་དུ་ཚིགས་སུ་བཅད་པ་བཅོ་ལྔ་བརྗོད་པས། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཨ་ལས ་མཚན་དོན་དགུ་བཅུ་རྩ་དགུ་སྤྲོས་ཏེ། སངས་རྒྱས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་སྤྲུལ་པས་སེམས་ཅན་གྱི་བསམ་པ་ཡོངས་སུ་གྲུབ་པར་བྱས་ནས་སླར་འདུས་ཏེ་དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་སུ་བཞུགས་པར་བསྒོམ་མོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་དྲུག་པོ་དེ་ལས་འདི་ལྟར ་སངས་རྒྱས་བཅོམ་ལྡན་འདས་ནས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པ་ལ་སོགས་པས་བསྟོད་ཅིང་མཆོད་པར་བསམས་ལ་གདོན་ཏོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་ལ་འདིར་འདུད་ཉི་ཤུས་ཡང་དག་པར་བསྟོད་དོ། །དེ་ནས་འདོད་པའི་དོན་གསོལ་བ་གདབ་སྟེ ་དགེ་བ་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཏེ། ཨོཾ་སྭཱ་བྷཱ་བའི་སྔགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྤྲོས་པ་དང་བྲལ་བར་འཇམ་པའི་དབྱངས་ཀྱི་ངོ་བོ་ནམ་མཁའ་ལྟར་དྲི་མ་མེད་པར་ཡོངས་སུ་དག་པར་བསྒོམས་ཏེ་སྤྱོད་ལམ་གྱི་བྱ་བ་གཞན་བྱའོ།། ་དེ་ལྟར་རིགས་བསྡུས་པའི་དབང་དུ་བྱས་ནས་མཚན་བརྗོད་ཅིང་བསྡུས་པ་ལ་ཚིགས་བཅད་ཉིས་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་བསྟན་ཏོ། །དེའི་ཡོན་ཏན་གྱི་གཞུང་ཚིགས་བཅད་བརྒྱ་ལྔ་བཅུའོ། །དེ་ལྟར་ན་སངས་རྒྱས་ཀྱི་མཚན་བརྗོད་པ་ཡོན་ཏན་དང་བཅས་པའོ། །འཇམ་དཔལ་གྱི ་མཚན་གདོན་པའི་མན་ངག་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ་དང་མཁས་པས་རང་གི ་