| Wylie | e-texts based on the ACIP/ALL Input |
ཀྱི་རིགས་ཀྱི་དཀྱིལ་འཁོར་ཆོ་ག་བཤད། །དེ་ལ་སྤྱིར་ཕྲག་དོག་གི་གཉེན་པོར་སངས་རྒྱས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པ་ལ་?པས། ཇི་ལྟར་འགྲོ་བའི་དོན་བྱེད་པའི་རྡོ་རྗེ་སློབ་དཔོན་གྱིས་སྲིད་པའི་གྲོང་ཁྱེར་ལས་བརྒལ་བའི་དགོན ་པའི་གནས་སུ་རྫས་དང་མཁོ་བའི་ཡོ་བྱད་ལས། སྟན་བདེ་བ་ལ་བྱམས་པའི་གོ་བགོས་ལ་འདུག་སྟེ། མཎྜལ་དང་མཆོད་པ་བཤམས་ནས་སྙིང་རྗེའི་ཡན་ལག་བསྒོམས་ཏེ། བདུད་བཞིའི་འཇིགས་པ་བསལ་ནས་བདུད་ཀྱི་དཔུང་རྣམས་ཕམ་པར་བྱས་ནས། རྫོགས་པའི ་སངས་རྒྱས་འགྲོ་དོན་དུ་སྤྱན་དྲངས་ལ། ཕྱག་བྱ་བ་དང། མཆོད་པ་དང། ལུས་འདུལ་བ་དང། བསྟོད་པ་བྱས་ལ་རྣམ་པ་ཐམས་ཅད་དང་ལྡན་པའི་རྒྱུ་བ་ཐམས་ཅད་སྣང་བ་མེད་པར་མོས་པ་ལས། ནམ་མཁའ་ཨི་ཁམས་སུ་ཡི་གེ་སྤྲོ་ཞིང་འདུས་པ་ལས་བྱུང་བའི་ཁང་པ་བརྩེགས ་པའི་ནང་དུ། རྫོགས་པའི་སངས་རྒྱས་གདོན་མི་ཟ་བ་གྲུབ་པའི་ཡེ་ཤེས་སེམས་དཔའ་དང། རྫོགས་པར་བྱུང་བའི་དང་པོའི་སྦྱོར་བ་དང། དེ་དང་ཆ་མཐུན་པའི་དཀྱིལ་འཁོར་བསྐྱེད་པའི་དཀྱིལ་འཁོར་རྒྱལ་མཆོག་དང། མཚན་གྱི་བྱིན་རླབས་ལས་བྱུང་བའི་ཕྱོགས ་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའི་ལས་རྒྱལ་མཆོག་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྱེད་པར་འདོད་པས། རྩིག་པ་འམ་བྲིས་ཏེ། ལྷ་དགོད་པ་ནི་དབུས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ་དེ་ལ་སེམས་དཔའ་རིགས་དང་མཐུན་པ་བཞིས་བསྐོར་བ། ་སྒེག་མོ་ལ་སོགས་པ་བརྒྱད་དང། བསྐལ་པ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང། སྒོ་བ་རྣམས་མཛེས་པར་བྲིས་ལ། དེ་རྣམས་ལ་ཡང་དག་པར་མཆོད་དེ། ལྷའི་སྣང་བ་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྐལ་པ་དང་ལྡན་པ་བཅུག ་སྟེ་དབང་བསྐུར་ཏེ། ཡོན་གྱི་མཆོག་བླངས་ནས་ཚུལ་དང་མཐུན་པའི་གནང་བ་སྦྱིན་ཏེ། དཀྱིལ་འཁོར་ལྷ་ལ་ཡང་དག་པར་མཆོད་ནས་གཤེགས་སུ་གསོལ་ཏེ། དཀྱིལ་འཁོར་བསྡུའོ། །ཕྲག་དོག་དོན་ཡོད་གྲུབ་པ་ཡི། །དཀྱིལ་འཁོར་ཆོ་ག་བྲིས་པ་ལས། བསགས་ ་པའི་དགེ་དེས་འགྲོ་བ་ཀུན། །དོན་ཡོད་གྲུབ་པ་ཉིད་འགྲུབ་ཤོག་།དོན་ཡོད་གྲུབ་པ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་།སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བཛྲ་དང། བོད་ཀྱི ་ལོ་ཙ་པ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། །།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག་ནི་དང་པོར་བུམ་པ་པྲུཾ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བསམས་ལ། དེའི་ནང་དུ་པཾ་ལས་འོས་ཅན་གྱི་རྒྱ ་མཚོ་བསམས་ཏེ། དེའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་གཡས་ན་ཨུཏཔ་ལ་སྔོན་པོ་རལ་གྲིས་མཚན་པ། གཡོན་ན་ཨུཏཔ་ལ་སྔོན་པོ་པོ་ཏིས་མཚན་པ་བསྒོམ། དེའི་སྙིང་ཁར་ཟླ་བ་ལས་མུཾ་བསམ། དེའི་འོད་ཟེར་གྱིས་དེ་དང་འདྲ་བ་སྤྱན་དྲངས་ལ་བསྟིམ། སྔགས་འདི་བརྗོད་པས་ཡེ་ཤེས་ཀྱི་ཆུར་ཞུ་བར་བསམ། ཨོཾ་སརྦ ་དྷརྨཱ་ཨ་བྷཱ་བ་སྭཱ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་ཆུ་སྦྱིན་བྱ་བར་འདོད་པས། ཁྲུས་ཆུའི་ལྷག་མ་དེ་ལ་རང་གི་སྙིང་ཁའི་འོད་ཟེར་གྱི་སྣང་བ་དག་པར་བྱས་ཏེ། མོས་པ་བསྒྱུར་ལ་ཡེ་ཤེས་སེམས ་དཔའ་ཨི་སྐུའི་ཕྲེང་སྔགས་བརྗོད་ལ། དེའི་རྗེས་ལ་འདི་སྐད་དུ་ཆུ་སྦྱིན་ནོ། །ོཾ་ཛ་ལ་མི་ཧཾ་སརྦ་པྲེ་ཏ་བྷཡ(རྒྱུད་འགྲེལ་