| Wylie | e-texts based on the ACIP/ALL Input |
མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ནམ་མཁའ་དྲི་མ་མེད་པ་བཞུགས། ། ་རྒྱ་གར་སྐད་དུ། ནཱ་མ་སངྒའི་ཏི་མཎྜ་ལ་བི་དྷི་ཨཱ་ཀཱ་ཤ་བ་མ་ལ་ནཱ་མ། བོད་སྐད་དུ། མཚན་ཡང་དག ་པར་བརྗོད་པའི་དཀྱིལ་འཁོར་ཆོ་ག་ནམ་མཁའ་དྲི་མེད་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། ་དུས་གསུམ་བདེ་གཤེགས་ཤེས་རབ་ངོ་བོ་ཅན། །མ་རིག་མུན་ནང་སེམས་ཅན་ཉམ་ཐག་ལ། །ཡེ་ཤེས་ཉི་ཟེར་སྦྱིན་མཛད་ཐུགས ་རྗེའི་བདག་།འཇམ་དཔལ་དེ་ལ་བཏུད་དེ་ཕྱག་འཚལ་ནས། །སྒྱུ་འཕྲུལ་རྒྱ་ཆེན་ནམ་མཁའ་ལྟ་བུ་ནས། །དབུགས་དབྱུང་དྲུག་བསྡུས ་ཟབ་པ་ཡང་དག་ནི། །དཀྱིལ་འཁོར་ཆོ་ག་དགེ་བ་འདི་ཕྱོགས་ཙམ། །བསྡུས་ལ་མོས་པའི་དོན་དུ་བཤད་པར ་བྱ། །དེ་ལ་འདིར་རྡོ་རྗེ་སློབ་དཔོན་སྡོམ་པ་དང་ལྡན་ཞིང་དབང་ཐོབ་པ་གཞན་ལ་ཕན་པའི་བློ་ཅན་ཞིག་གིས། །ཉོན་མོངས་པ་རགས ་པའི་གང་ཟག་ལ་མ་སྨིན་པ་སྨིན་པར་བྱ་བ་འམ། སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་པར་བྱ་བའི་ཕྱིར། སངས་རྒྱས་ཐམས ་ཅད་མཉེས་པར་བྱ་སྟེ། གཟའ་དང་ཉི་མ་དང་སྐར་མ་བཟང་པོ་ལ། མཁོ་བའི་ཡོ་བྱད་ཅི་འབྱོར་པ་བསོགས་ལ། ནགས་ཚལ ་ལམ། རི་བོ་འམ། ཆུ་ཀླུང་ངམ། ཚང་ཚིང་ལ་སོགས་པ་ཉམས་དགའ་བའི་གནས་སུ་གནས་པར་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྒོ་དག ་པར་བྱས་ནས་མོས་པའི་སློབ་མ་མ་རུངས་པ་འདུལ་བའི་རྒྱལ་པོར་གནས་པར་བྱ་སྟེ། ཧཱུཾ་གི་མཚན་མ་ལས་བྱུང་བའི་ཁྲོ་བོའི་གཤིན་རྗེ་གཤེད་དུ་སྐད ་ཅིག་གིས་བདག་ཉིད་གྱུར་ཏེ། སྐུ་མདོག་མཐིང་ནག་ཧ་ལ་པ། ཞལ་བརྒྱ་ལྗགས་འདྲིལ་ཞིང་ཧ་ཧ་ཧི་ཧིའི་གད་རྒྱངས་ཕྱོགས་བཅུར་སྒྲོག་པ། སྤྱན་མིག ་དམར་པོ་རྡོ་རྗེའི་མིག་ཅན། ལག་པ་བརྒྱ་པོ་ཀུན་བསྐྱོད་མཚོན་ཆ་སྣ་ཚོགས་བསྣམས་པ། གོམ་པའི་སྟབས་ཀྱིས་གདུག་པ་མནན་པ། ཐོད་པ་དང ་སྤྲུལ་དང་སྟག་ལྤགས་ཀྱིས་བརྒྱན་པ། །ཞིང་ཆེན་དང་གླང་ཆེན་གྱི་ཀོ་རློན་གྱོན་པ། གཤིན་རྗེ་གཤེད་པོ་བགེགས་ཐམས་ཅད་ཀྱི་རྒྱལ་པོར་བསྐྱེད་ལ། ་མིག་ཏུ་མ་དང་ཊ་བཀོད་དེ། ཉི་མ་དང་ཟླ་བའི་དཀྱིལ་གྱི་རྡོ་རྗེ་སྔོན་པོ་མིག་འབྲས་སུ་བསམས་ལ། ཁྲོ་བོའི་སྡང་མིག་གཡོན་ནས་བསྐོར་བས ་བགེགས་ཐམས་ཅད་སྐྲག་པར་བྱའོ། །གཡས་ནས་བསྐོར་བས་རྡོ་རྗེ་ར་བའོ། །འོག་ཏུ་བལྟས་པས་རྡོ་རྗེའི་ས་གཞིའོ། །སྟེང་དུ་བལྟས་པས་རྡོ་རྗེའི་གུར་དུ་བྱའོ། ། ་དེའི་རྗེས་ལ་གནས་དེར་ཕྱག་དར་དང་སྐྱང་ནུལ་བྱ་ཞིང། ཨ་ཀ་རུ་ནག་པོས་ཀྱང་ཕྱོགས་བཅུར་བདུག་ས་ལ་ས་གཞི་ཙན་དན་ལ་སོགས་པའི་དྲིས་བྱུགས་ཏེ། དེའི ་དབུས་སུ་མཎྜལ་ཁྲུ་གང་པ་གསུམ་བྱ་སྟེ། ས་དེ་ལ་རིན་པོ་ཆེ་བརྡར་ཞིང་འཐས་པར་བྱས་ལ། རྡོ་རྒྱུས་ཀྱིས་དཀར་པོར་བྱ་ཞིང་འོ་མ་དང་ཙན་དན་དང་གུར་ཀུམ་ལ ་སོགས་པ་སྲོག་ཆགས་ལ་གནོད་པ་མ་བྱས་པ་ལས་བྱུང་བའི་དྲིས་བྱུགས་ལ། ཡི་གེ་སྭཱ་ལས་བྱུང་བའི་རིན་པོ་ཆེ་བཀྲམ་པ་ནི། བླ་མའི་མཎྜལ་རི་རབ་གླིང་བཞེས ་བརྒྱན་པ་བཀོད་ལ། རང་ཉིད་དཀོན་མཆོག་གསུམ་ལ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་ཚོམ་བུ་དགོད་པ་དང། ཡི་དམ་ལྷའི་མཎྜལ་གྱི་དཀྱིལ་འཁོར་ལ་གྲངས་དང་མཉམ་པའི་མེ་ཏོག་གི ་ཚོམ་བུ་བཀོད་ལ། རང་ཉིད་ཡི་དམ་ལྷའི་ང་རྒྱལ་གྱི་སྙིང་ཁ་ནས་ས་བོན་གྱི་འོད་ཟེར་གྱིས་གཙུག་ཏོར་འཁོར་ལོས་བསྒྱུར་བ་བཀུག་ལ་མཎྜལ་ལ་བཅུག་སྟེ། བཞུགས་པའི་རྟེན་དང། ་མཁོ་བའི་ཡོན་དུ་བྱིན་གྱིས་བརླབ་བོ། །དེའི་རྗེས་ལ་མཆོད་པ་ལྔ་དང། ཡན་ལག་གིས་མཆོད་པ་གཡས་དང་གཡོན་དུ་བཀྲམ་ལ། གཙང་ཞིང་དག་པར་བཤམས་ཏེ། ཚུལ་བཞིན ་དུ་བྱིན་གྱིས་བརླབས་ལ་གཞག་པར་བྱའོ། །དེ་ནས་ཚོགས་བསག་པའི་ཡུལ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་མངོན་པར་སྤྲུལ་ཏེ་མཎྜལ་ཕུལ་ལ་མཆོད་པར་བྱའོ། །འཇམ ་དཔལ་རྡོ་རྗེ་ལ་སོགས་པ། རྒྱལ་བ་སྲས་དང་བཅས་པ་ལ། །ལུས་དང་ངག་ཡིད་གུས་ལྡན་ནས། །ཀུན་ནས་བཏུད་དེ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་གང་བསྔགས་དང། །འཇིག ་རྟེན་དག་པ་མཆོག་གྱུར་པའི། །རིན་ཆེན་མེ་ཏོག་བདུག་སྤོས་སོགས། །ཀུན་ནས་སྤྲུལ་ཏེ་མཆོད་པར་བགྱི། །བདག་གིས་སྔོན་ཆད་བྱས་པའི་སྡིག་།ཀུན་ནས་བསགས་པར་གང་གྱུར་ལ།། ་རང་བཞིན་མེད་དང་ཡོད་ཚུལ་གྱིས། །རྒྱལ་བ་ཀུན་གྱི་སྤྱན་སྔར་བཤགས། །འགྲོ་བ་གང་གིས་བསོད་ནམས་གང། །དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པའི་ལྷག་སེམས་ཀྱིས། །དད་པས་རྗེས་སུ་ཡི་རང་ངོ།། ་བདེ་གཤེགས་བྱང་ཆུབ་མཆོག་བསྐྱེད་ནས། །འགྲོ་བ་ཐུགས་རྗེས་གདུལ་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །ཡོངས་སུ་མྱ་ངན་འདའ་བཞེད་ལ། །འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད ་འཚོ་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་འཁོར་བ་གནས་བར་དུ། །བདག་གི་དགེ་བ་དེ་བཞིན་དུ། །ཀུན་ནས་ཟད་པར་མ་གྱུར་བར། །སེམས་ཅན་ཡོངས་སུ་སྨིན་པར་ཤོག་།དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་བྱང ་ཆུབ་ཡིད་ཀྱིས་བཟུང། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག་།ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས ་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས ་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེད་ནས་བརྩམ་སྟེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང། །རྡོ་རྗེ་སློབ་དཔོན་དམ་པ་དག་།ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། ། ་དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་དུ། །སྦྱིན་པ་རྣམས་ནི་རབ་ཏུ་སྦྱིན། །པདྨའི་རིགས་མཆོག་ཆེན་པོ་ལ། །སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་ཅི་ནུས་བཟུང། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། ། ་མཆོད་པའི་ལས་རྣམས་བྱ་བ་དང། །སྡོམ་པ་རྒྱ་མཚོ་མ་ལུས་པ། །ཤིན་ཏུ་དམ་པ་བདག་གིས་གཟུང། །དེ་ལྟར་སྡོམ་པ་མ་ལུས་པ། །དམ་པ་བདག་གིས་གཟུང་བགྱིས་ནས། །བྱང་ཆུབ་མཆོག་སེམས་བསྐྱེད་བགྱིས་ནས། །སེམས་ཅན་མ་རིག་ལྡོངས་པ་རྣམས། །བདག་གིས ་ཡང་དག་དགེ་ལ་གཟུང། །སེམས་ཅན་ཉོན་མོངས་བཅིངས་པ་ཡི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །སྡུག་བསྔལ་ཆེན་པོའི་ནང་སེམས་ཅན། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང། །འཁོར ་བ་དག་ན་གནས་པ་ཡི། །སེམས་ཅན་མྱ་ངན་འདས་ལ་འགོད། །དུས་འདི་ནས་ནི་བཟུང་ནས། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །འཇམ་མགོན་འབངས་སུ་བདག་འབུལ་ལགས། །ཐུགས་རྗེས་ཡོངས་སུ་བཟུང་བར་མཛོད། །དུས་ནི་ནས་ནི་བཟུང་ནས་སུ། །བདེར་གཤེགས་ཁྱེད་ཀྱི ་བཀའ་བཞིན་དུ། །སེམས་ཅན་དོན་དུ་བསྒྲུབ་ལགས་ཀྱིས། །བྱིན་གྱིས་བརླབ་པ་མང་དུ་གསོལ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པས། བྱམས་པ་ཆེན་པོ་དང། སྙིང་རྗེ་དང་དགའ་བ་དང། བཏངས་སྙོམས་ཚད་མེད་པ་བཞི་རྗེས་སུ་དྲན་ནས། སེམས་བསྐྱེད་ཅིང་སྡོམ ་པ་བཟུང་ནས། ད་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་ཏིང་ངེ་འཛིན་བསྒོམ་པ་སྟོང་པ་ཉིད་ལ་སློ་གཏད་ལ། དེ་བསྒྲུབ་པར་བྱེད་པའི་ཚིག་བརྗོད་དེ་སྒྲའི་དོན་ལ་མོས་པར་བྱའོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཛའ་མ་ཡི་གེ་མེད ་ཆོས་དབྱིངས་དམ་པ་ཟད་མི་ཤེས། །ོཾ་མཧཱ་ཤཱུ་ནྱ་ཏྲ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་པས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར་ཏེ་ཡེ་ཤེས་ཀྱིས་ས་སྦྱངས་ནས། ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་ལྟ་བུ་རང་གི་སེམས་ཀྱི་སྣང་བ་ ་ཤར་བ་ལས་ཨཱ་ལི་དང། ཀཱ་ལིའི་ཕྲེང་བ་བསམས་ལ། ཨཱ་ལི་ལས་ནི་པདྨ་དཀར་པོའི་སྟེང། ཀཱ་ལི་ལས་ཆོས་ཀྱི་འབྱུང་གནས་ནམ་མཁའ་ཨི་མཛའ་དང་མཉམ་པ། དེའི་ཐ་མ་འོད་ཟེར་གྱི་ཕྲེང་བ་ལྔས་བསྐོར་བའི་ནང་དུ། འོད་ཟེར་གྱི་ཕྲེང་བ་ལྔ་འཕྲོས ་ཤིང་འདུས་པ་ལས། འོད་ལྗང་གུ་ལས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། འོད་དམར་པོ་ལས་མེའི་དཀྱིལ་འཁོར་པདྨ་དམར་པོས་མཚན་པ། འོད་དཀར་པོ་ལས་ཆུའི་དཀྱིལ་འཁོར་རིན་པོ་ཆེས་མཚན་པ། འོད་སེར་པོ་ལས་གསེར་གྱིས་བཞི་འཁོར་ལོས ་མཚན་པ། འོད་སྔོན་པོ་ལས་རི་རབ་རྡོ་རྗེས་མཚན་པ། དེ་ཡང་ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག་།བྱང་གསེར་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་འོད་ཟེར་གྱི་ཕྲེང་བ་ལྔ་བ། རིལ་གྱིས་འདུས་པ་ལས། ལྷའི་གཞལ་ཡས་ཁང་གྲུ་བཞི་པ་ལ་སྒོ་བཞི་པ་སྒོ་ཁྱུད་རིན་པོ་ཆེའི་པ་ཊས ་མཛེས་པར་བརྒྱན་པ། ཕྱི་རོལ་ན་མུ་ཏིག་གི་ཟ་ར་ཚགས་དང་དྲིལ་བུ་གཡེར་ཁ་གྲཝ་བཞི་ནས་འཕྱང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆུན་འཕྱང་ཀྱང་ཏྭ་བབས་ཀྱི་ཀ་བ་ལ་འཕྱང་བ། རྟ་བབས་ཀྱང་ཏྭ་ར་ཎ་ལ་སོགས་པས་བརྒྱན་ཅིང། རི་དགས་དང་ཆོས་ཀྱི་འཁོར་ལོ་དང། འཕན་དང་རྒྱལ ་མཚན་དང། གདུགས་དང་རིན་པོ་ཆེ་འོད་དུ་འབར་བའི་ཏོག་གིས་མཛེས་བར་བྱས་ཏེ། གཞལ་ཡས་ཁང་གི་ནང་དུ། སེང་གེ་དང་གླང་པོ་ཆེ་དང། ?་ཆོག་དང། རྨ་བྱ་དང། ནམ་མཁའ་ལྡིང་གི་སྟེང་དུ་པདྨ་དང། ཉི་མའི་གདན་མཛེས་པར་བཀྲམ་པ་དང། འཁོར་རྣམས་ཀྱང་གོ་རིམས་སུ ་པདྨ་དང། ཟླ་བའི་གདན་བཀྲམ་པར་བསམས་ལ་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ཐོག་དུ་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་ཨཱ་ལི་ཀཱ་ལིའི་ཕྲེང་བ་བྱུང་བ་ལས། དེའི་སྤྲོ་བསྡུའི་བྱིན་རླབས་ལས་ཟླ་བ་དང་ཉི་མ་ལ་དེ་དང་དེས་མཚན་པར་གྱུར། དེའི་ནང་དུ་ཨ་ལས་བྱུང་བའི་རྡོ་རྗེ ་དཀར་པོ་ཨས་མཚན་བར་གྱུར། དེ་རྣམས་སྤྲོ་ཞིང་བསྡུས་ནས་འོད་འབར་བ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཞལ་བཞི་བ་ཞལ་དང་པོ་ཤར་དུ་གཟིགས་པ། གཉིས་པ་ལྷོ། གསུམ་པ་ནུབ། བཞི་པ་བྱང་ངོ། །ཕྱོགས་བཞི་ག་ན་ཕྱག་གཉིས་གཉིས་པ། ་བྱང་ཆུབ་མཆོག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སྐྱེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཡི་གེ་དྷཱི(རྒྱུད་འགྲེལ་ཡོད་པ། ཞལ་བཞི་ཕྱོགས་དང་མཐུན་པ། དབུས་དམར་སེར་རོ། །དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་དྲུག་པ་ལ། གསང་སྔགས་རྒྱལ་པོ་དྲུག་གིས་མཚན་པ། དེའི་དཀྱིལ་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་དྲུག་ཕྱག་གཉིས་པ། གཡས་རལ ་གྲི་གཡོན་པོ་ཏི་འཛིན་པ། དེའི་སྟེང་དུ་ཟླ་བ་དང། ཨ་བསྒོམ་པར་བྱའོ། །དེ་ལྟར་ན་དེའི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནོ།། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དྲུག་བསྐྱེད་པར་འདོད་པས། དེ་བཞིན་གཤེགས་པ་ཐམས་ཅད་སྒྲུབ་པར་བྱེད་པའི་སྔགས་ཀྱི ་ཕྲེང་བ་འདི་ཨ་ལས་སྤྲོ་བར་བྱའོ། ། ཨཱ་ཨི་ཨའི་ཨུ་ཨའུ་ཨེ་ཨི་ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་མ:། ཨོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མ། ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏ་ན་མ(རྒྱུད་འགྲེལ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་ནས་ཕར་འཕྲོས་པས། རབ་ཏུ་དགའ་བ་ལ་སོགས་པའི་ཞིང་ཁམས་སུ་སངས་རྒྱས་མཆོད་ནས། སླར་འོད་ཟེར་དུ་འདུས་ཏེ་དཀྱིལ་འཁོར་གྱི་སྒོ་ན་ཚུར་འདུས་པ་ལས། གདན་རྣམས་ཀྱི་སྟེང་དུ་ཡི་གེ་ཨ་འབའ་ཞིག་ཏུ་གྱུར་པ་དེ་གནས་པ་ལས། དེ་རྣམས་བྱུང་བའི་སངས་རྒྱས ་འདི་ལྟ་སྟེ། ཤར་ཕྱོགས་ཀྱི་གླིང་གི་ཉི་མ་ལས་སངས་རྒྱས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ས་གནོན་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས ་ཀར་?་པ། གཡོན་དྲིལ་བུ་དགུ་ལ་གཏད་པའོ། །གཡས་ངོས་སུ་རྡོ་རྗེ་རྒྱལ་པོ་མདོག་སེར་པོ། ཐོ་བ་ཐོགས་པའོ། །རྒྱབ་ཏུ་རྡོ་རྗེ་ཆགས་པ་དམར་པོ་མདའའགེངས་པའོ། །གཡོན་དུ་རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་འཛིན་པས་གོལ་གྱི་ལེགས་པར་སྟེར་བའོ། །ལྷོ་ཕྱོགས་ཀྱི་གླི ་གི་ཉི་མ་ལ། སངས་རྒྱས་རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་གཉིས་པ། མཆོད་སྦྱིན་རིན་པོ་ཆེ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་རྡོ་རྗེ་དཔྲལ་བར་བསྟོད་པ་གཡོན་དྲིལ་བུ་བཀུར་བརྟེན་པའོ། །གཡས་སུ ་རྡོ་རྗེ་ཉི་མ་སྔོན་པོ་ཉི་མ་འཛིན་པའོ། །རྒྱབ་ཏུ་རྡོ་རྗེ་དབང་པོ་དམར་པོ་རྒྱལ་མཚན་བསྣམས་པའོ། །གཡོན་དུ་རྡོ་རྗེ་བཤད་པ་དཀར་པོ་སོ་ཤིང་གི་ཕྲེང་བ་ཐོགས་པའོ། །ནུབ་ཕྱོགས་ཀྱི་གླིང་གི་ཉི་མ་ལ་སངས་རྒྱས་སྣང་བ་མཛའ་ཡས་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ ་གཞག་གི་ཐོག་ན་པདྨ་དམར་པོ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་ཆོས་དམར་པོ་པདྨའི་རྫོང་བུ་སྙིང་གར་ཁ་ཕྱེ་བ་འཛིན་པའོ། །གཡས་སུ་རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་ཐོགས་པའོ། །རྒྱབ་ཏུ་རྡོ་རྗེ་རྒྱུ་སེར་པོ་འཁོར་ལོ་ཅན་ནོ། །གཡོན་དུ་རྡོ་རྗེ་སྨྲ་བ་སྔོན་པོ ་ལྕེ་ཐོགས་པའོ། །བྱང་ཕྱོགས་ཀྱི་གླིང་གི་ཉི་མ་ལ་སངས་རྒྱས་དོན་ཡོད་གྲུབ་པ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་སྐྱབས་སྦྱིན་མཛད་ཅིང་རྒྱ་གྲམ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་ལས་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་ཐོགས་པའོ། །གཡས་སུ་རྡོ་རྗེ་སྲུང ་བ་སེར་པོ་རྡོ་རྗེ་ཁྲབ་ཐོགས་པའོ། །རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་ན་??་མཆེ་བ་ཐོགས་པའོ། །གཡོན་དུ་རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་ཐོགས་པའོ། །དེ་ནས་གཙོ་བོའི་དཀྱིལ་འཁོར་གྱི་མཚམས་བཞི་ནས་རྡོ་རྗེ་སེམས་དཔའ་དང། རིན་ཆེན་སེམས་དཔའ་དང། པདྨ་སེམས་དཔའ་དང། ལས ་ཀྱི་སེམས་དཔའ་དང། རིགས་བཞིའི་སེམས་དཔའ་བསྒོམ། །དེའི་ཕྱི་རོལ་མཚམས་བཞི་ནི་སྒེག་མོ་དཀར་མོ་རྡོ་རྗེ་ཉི་མ་འཛིན་པ་དང། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང། གླུ་མ་སྔོན་མོ་པི་བང་འཛིན་པ་དང། གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་འཛིན ་པ་དང། དེ་རྣམས་ཤར་ལྷོ་ནས་བརྩམས་ཏེ་བསྒོམ་མོ། གྲུ་ཆད་བཞི་ལ་སྤོས་མེ་མ་དཀར་མོ་སྤོས་པོར་ཐོགས་པ་དང། མེ་ཏོག་མ་མཐིང་ག་མེ་ཏོག་འཛིན་པ་དང། མར་མེ་མ་དམར་མོ་མར་མེ་ཐོགས་པ་དང། དྲི་ཆབ་མ་ལྗང་གུ་དྲིའི་ལྡེ་གུ་ཐོགས་པ་དང། དེ་རྣམས ་ཀྱང་ཤར་ལྷོ་མཚམས་ནས་རིམ་བཞིན་ནོ། །དེའི་ཕྱི་རོལ་གྱི་ཁྱམས་རྣམས་སུ་བྱམས་པ་དང། མཐོང་བ་དོན་ཡོད་དང། ངན་སོང་ཀུན་འདྲེན་དང། མྱ་ངན་ཀུན་འཇོམས་རྣམས་ནི་མདོག་དཀར་པོ་རྡོ་རྗེ་ཐོགས་པ་རྣམས་ནི་ཤར་དུའོ། སྤོས་ཀྱི་བློ་གྲོས་དང། དཔའ་བར ་འགྲོ་བ་དང། ནམ་མཁའ་མཛོད་དང། ཡེ་ཤེས་རྟོག་དང། དེ་རྣམས་ནི་མདོག་སེར་པོ་རིན་པོ་ཆེའི་སྙེ་མ་ཐོགས་པ་རྣམས་ནི་ལྷོ་རུའོ། །འོད་དཔག་མེད་དང་ཟླ་བའི་འོད་དང་བཟད་སྐྱོང་དང། དྲ་བ་ཅན་གྱི་འོད་རྣམས་ནི་མདོག་དམར་པོ་པདྨའི་སྡོང་བུ་ཐོགས ་པ་རྣམས་ནི་ནུབ་དུའོ། །རྡོ་རྗེ་སྙིང་པོ་དང་བློ་གྲོས་མི་ཟད་པ་དང། སྤོབས་པ་བརྩེགས་པ་དང། ཀུན་ཏུ་བཟང་པོ་རྣམས་ནི་མདོག་ལྗང་གུ་རྒྱ་གྲམ་ཐོགས་པ་བྱད་དུའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པ་བརྒྱན་ཐམས་ཅད་ཀྱིས ་བརྒྱན་པའོ། །ཤར་གྱི་སྒོར་ནི་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ལྕགས་ཀྱུ་ཐོགས་པའོ། །ལྷོའི་སྒོར་ནི་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་ཐོགས་པའོ། །ནུབ་ཀྱི་སྒོར་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་ཐོགས་པའོ། །བྱང་གི་སྒོར་རྡོ་རྗེའི་བེབས་པ་ལྗང་ནག་དྲིལ་བུ་ཐོགས ་པའོ། །སྒོ་བ་དེ་རྣམས་ཀྱང་ཅུང་ཟད་ཁྲོ་བ། ཞལ་མཆེ་བ་ལྷག་གེ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ལྟར་དཀྱིལ་འཁོར་དྲུག་པར་ཀུན་ཏུ་བསྒོམས་པ་ལ་མཆོད་པའི་ལྷ་མོ་དང་བསྐལ་བཟང་ཆེ་མཐུན་པའི་འཁོར་ལོ་དབུས་ཀྱི་རྣམ་སྣང་ཆེན་པོའི ་དཀྱིལ་འཁོར་ལ་རྣམ་སྣང་དང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཞེས་པ་གནས་པའི་ཚུལ་ལོ། །དེ་ལྟར་དཀྱིལ་འཁོར་བསྐྱེད་ལ་ཡེ་ཤེས་ཀྱི་འཁོར་གྱི་ལྷ་ཚོགས་བར་སྣང་ལ་བསྡུས་པ་སྤྱན་དྲང་བྱ་བ་སྟེ། ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད ་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་ཤྱ་ཞེས་བྱ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལེགས་པར་བལྟ་བར་བྱའོ། །དེའི་རྗེས་ལ་ཕྱག་བཙལ་ཏེ། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་དེ། ཡིད་ཀྱིས་སྒོ་ཕྱེ་ལ་ཛ(རྒྱུད་འགྲེལ་བསྐྲད་ལ་ཡིད་ཀྱིས་སྒོ་བཅད་ལ། རྡོ་རྗེའི་གོ་ཆས་གསུངས་ལ་ལྷ་སོ་སོ་ལ་བསྟིམ་ལ་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར། རིགས་ཀྱི་ཡུམ་བཞིན་ནམ་མཁའ་ལ་བསྡུ་བར་བྱའོ། །ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་ཏེ་དབང་རྟགས་སྤྱི་བོར་མཚན ་པ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པ་ནི་ཤར་དུ་བསྟན་པར་བསྒོམས་ལ་བདག་ཉིད་ལུས་གཉིས་ཀྱི་ཚུལ་དུ་གཟུང་སྟེ། ལྷ་སྣམ་ལ་གནས་ཏེ་རྗེས་ཀྱིས་མཆོད་པ་ལྔ་ཕུལ་ལ་སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་དེ། ་རྡོ་རྗེ་སེམས་དཔས་བསྡུས་པས་ན། རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པ། །རྡོ་རྗེ་ལས་ཀུན་མཛད་པའོ། །ོཾ་བཛྲ་སཏྭ་སུ་ས་གྲ་ཧ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་གར་དང་གླུ་དང་བཅས་པས་དབུལ། །བྱང་ཆུབ་ཡན ་ལག་མེ་ཏོག་སྤོས། །མར་མ་སྣང་བ་བྱུག་པ་དྲི། །བདེ་བར་གཤེགས་པ་རྣམས་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་བཛྲ་དྷུ་པེ་དྷཱ། ཨོཾ་བཛྲ་པུཥཔེ་པུ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱི(རྒྱུད་འགྲེལ་ཡང་གསང་བའི་ཡུམ་བཞིས་མཆོད་དེ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །སཏྭ་བཛྲ་ཧཱུཾ། རཏན་བཛྲ་ཧཱུཾ། དྷརྨམཱ་བཛྲ་ཧཱུཾ། ཞེས་མཆོད་ལ་བསྟོད་དེ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་ནས། ་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་གྱིས་བསྟོད་པའི་རྒྱལ་པོ་དེས་བསྟོད་ལ། ཤེས་རབ་ཀྱི་འཁོར་ལོ་ལ་སེམས་གཏད་པའི་ཡིད་ཀྱིས་གསང་སྔགས་རྒྱལ་པོ་འདི་དྲུག་བཟླས་པར་བྱའོ། །ོཾ་བཛྲ་ཏཱིཀྵྞ་དུ(རྒྱུད་འགྲེལ་ཡེ། ཛྙཱ་ན་ཀཱ་ཡ། བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མ(རྒྱུད་འགྲེལ་པ་ཐམས་ཅད་ཀྱི་མཚན་ཡང་དག་པར་བརྗོད་པ་གདོན་པར་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་ལ་འགྲོ་བའི་དོན་དུ་ཕྲིན་ལས་ལ་སྦྱར་ཏེ། དཀྱིལ་འཁོར་ཆེན་པོ་དྲུག་འཇིག་རྟེན་དུ་སྤྲོ་སྟེ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་སྐྱེ་ནས་ཉོན་མོངས་པ་དྲུག་སྦྱངས ་འགྲོ་བ་དྲུག་ཁུགས་ཕྱུང་དཀྱིལ་འཁོར་དྲུག་གིས་འགྲོ་བའི་དོན་མཛད་ནས་སླར་སྔ་མ་ཉིད་ལ་བསྡུ་ཞིང་སྤྲོས་ནས་འགྲོ་བའི་དོན་བྱའོ། །དེ་ཙམ་གྱིས་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བ་ལ་ཏིང་འཛིན་ཏོ། །དེ་ལྟ་བུའི་ཚིག་རྫོགས་ནས་མཆོད་ཅིང་བསྟོད་དེ་ལྷག་པ་དང ་མ་ཆད་པ་བཤགས་ནས་དམ་ཚིག་གི་འཁོར་ལོ་བསྡུ་ཤིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་གདབ་ཅིང་བདེ་བའི་སྤྱོད་པ་བྱའོ། །དེ་ལྟ་བུའི་སྦྱོར་བས་མཚན་མ་བརྟན་པོ་བྱུང་བ་དེ་སྲིད་ཀྱི་བར་དུ་བྱ་སྟེ། དེ་ཡང་སེམས་རྩེ་གཅིག་ཏུ་བསྒོམ་ཞིང་ཟློས་པ་དེ་ལ་ནི ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད་དེ་སྐུ་ཡང་སྟོན་ཏོ་ཞེས་གསུང་པས། ཞལ་མཐོང་བ་འམ་རྨི་ལམ་དུ་ལུང་བསྟན་པ་ལ་སོགས་པ་མ ་བྱུང་གི་བར་དུ་བདེ་བར་གཤེགས་པ་རྣམས་བསྙེན་པ་ནི་བསྙེན་པའི་ཆོ་གའོ། །དེ་ལྟར་བསྙེན་པའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ལ་གནང་བ་ཐོབ་ནས་གཞན་གྱི་དོན་དུ་དཀྱིལ་འཁོར་ཆེན་པོའི་ཆོ་ག་བྱེད་པར་འདོད་པས། རི་དང་ཆུ་ཀླུང་དང་ནགས་ཚལ་ལ་སོགས ་པའི་གནས་སུ་སློབ་དཔོན་ལ་སློབ་མས་དཀྱིལ་འཁོར་འདྲི་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྱ་བའི་གོ་སྐབས་ཕྱེ་སྟེ། དང་པོ་སའི་ཆོ་གར་ཡང་དེ་བཞིན་དུ་མཉམ་པ་ཡིན་ན་དབུས་ཐོ་བྱང་ཤར་གཞོལ་ཏེ་དམའ་བ། ས་གཞི་འཇམ་པ ་ཉམས་དགའ་བའི་གནས་སུ་ངམ་གྲོག་དང་བྱ་སྐྱིབས་དང། བོང་བུ་ལ་སོགས་པ་སྡེ་བ་འཇམ་ཞིང་ལྷུན་སྡུག་པ་དེར་དཀྱིལ་འཁོར་བརྩིགས་པའམ་བྲི་བའི་དོན་དུ་སའི་བདག་པོ་ལ་གནང་བ་ཐོབ་པར་བྱས་ལ། སའི་ལྷ་མོ་ལ་གཏོར་མ་ཕུལ་ལ། དངོས་གྲུབ་རབ་འབྲིང་ཐོབ ་པས་བརྐོས་ནས་ལྟས་རྟགས་ལ་མི་ཤིས་པ་ཡིན་ན་བར་ཆད་འབྱུང་བས་དོར་བར་བྱའོ། །ཤིས་པ་ཡིན་ན་དེའི་ཕྱོགས་ཐམས་ཅད་བྱི་དོར་བྱ་སྟེ་སྤོས་ཆུས་ཆག་ཆག་བཏབ་ལ་ཤིན་ཏུ་བ་ལང་གི་ལྕི་བས་བྱུགས་ལ་འཐས་པར་བཅགས་ཏེ་མཉམ་པ་མེ་ལོང ་གི་ངོས་ལྟར་བྱས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ས་ལ་གཏུགས་ཏེ། ཨོཾ་བཛྲ་མེ་དི་ནི་བཛྲཱི་བྷི་བ་མཧཱ་བཛྲ་ཧཱུཾ། ཞེས་པས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་པོ། །དེའི་ཕྱོགས་ཀུན་ཀྱང་ཨ་ཀ་རུ་ནག་པོས་གཏུལ་ཞིང་དུ་བས་བདུག་གོ་།དེ་ལྟར་ན་ལྷག་པར་གནས་པའི ་ཡན་ལག་སའི་ཆོ་ག་བསྟན་ཏོ། །དེ་ནས་དཀྱིལ་འཁོར་བརྩིགས་ལ། དྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་ཚོགས་བསགས་ལ། ཏིང་ངེ་འཛིན་གྱིས་རྣམ་པར་བསྒོམ་སྟེ། མཆོད་པ་རྒྱས་པར་ཕུལ་ནས་བཟླས་པ་བྱ་སྟེ། མཆོད་པའམ་བསྟོད་པའི་རྒྱལ་པོས་བསྟོད ་ལ། དེ་ནས་མདུན་དུ་མཎྜལ་བྱ་སྟེ། མེ་ཏོག་བཀྲམ་རས་སའི་ལྷ་མོ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་བཤམས་ཏེ་གཏོར་མ་ཡང་བཤམས་ནས་དམ་ཚིགས་གི་ཕྱག་རྒྱ་བསྟན་ཏེ། འདི་སྐད་བསྒོའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང ་ཁྱད་པར་བགྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཇི་ལྟར་ཤཱཀྱ་སེངྒེ་ཡིས། །བདུད་ཀྱི་སྡེ་རྣམས་བཅོམ་པ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་འབྲི་ཅེས་བརྗོད་དེ། །མཆོད་ཡོན་སྔོན་དུ་འགྲོ་བའི ་མཆོད་པ་ལྔ་དང་གཏོར་མ་ཕུལ་ལ་ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །དེ་ནས་སྒྲུབ་པའི་གྲོགས་པོས་བསྟོད་པའི་རྒྱལ་པོས་བསྟོད་ལ། སློབ་དཔོན་གྱི་ཕུར་བུ་བཅུ་གཤིན་རྗེ་གཤེད་དུ་བསྐྱེད་ལ། དར་གྱི་ཅོད་པན་དབང་བསྐུར་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ ་ཅེས་གཟི་བརྗིད་བསྐྱེད་ལ་བཞག་གོ་།དེའི་རྗེས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་སྙིང་གར་བཅུག་ལ་ལངས་ཏེ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། འདི་སྐད་ཅེས་བསྒོའོ། །ཧཱུཾ་ཡེ་ཤེས་ཞི་བའི་དང་ལས་མ་གཡོས་ཀྱང། །སྐུའི་ཆ་བྱད་ཟ་བྱེད་རྔམ་པའི་སྟབས ་གསུང་གི་ང་རོ་འབྲུག་སྟོང་ལྡིར་བ་ཡིས། །བགེགས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ཧཱུཾ་བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྡང་མིག་གིས། །བགེགས་ཀུན་བསྲེག་པར་མཛད ་ལ་ཕྱག་འཚལ་བསྟོད། །ཧཱུཾ་རང་བཞིན་རྣམ་དག་དབྱིངས་ལས་ཐུགས་རྗེ་ཆེན་པོར་སྤྲུལ། །སྐྱེ་མེད་དང་ལས་འཇིགས་བྱེད་ཆེན་པོའི་སྐུ་བསྟན་ཏེ། །གདུག་པ་འདུལ་ཕྱིར་ཐུགས་དམ་མི་འགྱུར་ཞིང། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །ཧཱུཾ་དཀྱིལ ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་གཅིག་།གནས་འདིར་བདེ་གཤེགས་དཀྱིལ་འཁོར་ཕོ་བྲང་འབྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། །གལ་ཏེ་ངའི་བསྒོ་བ་ལས་འདས་ནས། །ཡེ་ཤེས་ཅན་གྱི ་རྡོ་རྗེ་རབ་འབར་བས། །མགོ་བོ་ཚལ་བ་བརྒྱར་ནི་འགས་འགྱུར་ཞིང། །རྣམ་པར་འཇིག་པར་འགྱུར་བར་གདོན་མི་ཟ། །ཧེ་ས་ཕྱོགས་བགེགས་གནས་ཆེ་གེ་མོ་འདི་རུ། །བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བས། སློབ་མ་ཆེ་གེ་མོ་ཞེས ་བྱ་བས་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་བྱ་བའི་ཕྱིར་ནམ་མཁའ་དྲི་མ་མེད་པའི་དཀྱིལ་འཁོར་ཆེན་པོའི་རིགས་ཐམས་ཅད་བསྡུས་པ་ཞིག་འདྲི་བས། དུས་དི་རིང་བགེགས་ཀྱི་ཚོགས་སུ་གྱུར་པ་ལྷའི ་གདོན་དང་ཀླུའི་གདོན་དང། ལྷ་མ་ཡིན་གྱི་གདོན་དང། གནོད་སྦྱིན་དང། ནམ་མཁའ་ལྡིང་རྒན་པོ་དང་རྒན་མོ་ལ་སོགས་པ་ཐམས་ཅད་དེངས་ཤིག་།བྱེད་ཞིག་སོང་ཞིག་།གང་མི་འགྲོ་བ་དེ་ནི་རྡོ་རྗེ་ཡེ་ཤེས་རབ་ཏུ་འབར་བ་འདིས། མགོ་བོ་ཚལ་བ་བརྒྱར ་འགས་པར་གྱུར་ཏ་རེ། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་དང། ཧྲཱི(རྒྱུད་འགྲེལ་སྟབས་ཀྱིས་གར་བྱེད་པས་ཀྱང་བགེགས་བསྐྲད་པར་བྱའོ། །དེ་བཞིན་རྡོ་རྗེ་འགྲོས་ཀྱི་དཀྱིལ་འཁོར་གྱི་ཐ་མ་ལན་གསུམ་བསྐོར་བར་བྱའོ། །དེ་ནས་རྡོ་རྗེའི་ས་བཞི་དང། རབ་དང་གུར་དང། དྲ་བ་རྣམས་བྱས་ལ་ཕུར་བུས་བཏབ་ལ་བཞག་གོ་།དེ་ནས་ཙནདན་དང ་བའི་རྣམ་ལྔས་དཀྱིལ་འཁོར་བྱུགས་ལ། ལྷ་རྣམས་ཀྱི་རྟེན་དྲིའི་ཐིག་ལེ་དང། མེ་ཏོག་གི་ཚོམ་བུ་རྣམས་བཀོད་ལ། རྣམ་སྣང་གི་ང་རྒྱལ་དང་ལྡན་པའི་སྙིང་ག་ནས་དཀྱིལ་འཁོར་བཏོན་ལ་མདུན་དུ་དགོད་པར་བྱའོ། །དེ་རྣམས་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས ་ལ་མཆོད་པ་དང། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་གཞུག་པར་བྱའོ། །དེ་ནས་དབང་བསྐུར་བའི་ཕྱིར་ལྷ་མོ་བཞིས་བསྡུས་ལ་དབང་བསྐུར་ཏེ། རྒྱས་བཏབ་ལ་མཆོད་པ་བྱས་ཏེ། བསྒོམ་བཟླས་བརྩམ་མོ། །དེ་ལྟར་རྫོགས་པ་དང་མཆོད་པ་དང ་བསྟོད་པ་རྒྱས་པར་བྱས་ལ། སྙན་གསན་དབབ་པ་ནི། རྣམ་པར་སྣང་མཛད་བཅོམ་ལྡན་འདས། རིག་སྔགས་རྒྱལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པས། །ནད་པར་དཀྱིལ་འཁོར་བཟང ་པོའི་མཚན། །འདི་ཞེས་བྱ་བ་འབྲི་ལགས་ན། །རྗེས་སུ་བརྩེ་བ་ཉེར་དགོངས་ནས། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་བཟང་པོ་ནག་ནོག་མེད་པའི་ཚུལ་དང་མཐུན་པ་ལྷ་གྲངས་དང་མཉམ་པ་འམ། ཡང་ན་བུམ་པ་བདུན་གུ་གུལ་གྱི ་བདུག་ཅིང། བགེགས་བསྐྲད་ཅིང་བསངས་ཏེ། དྲིའི་ཐིག་ལེ་དང་མཚན་མ་བཀོད་ལ། རིན་པོ་ཆེ་ལྔ་དང། སྨན་ལྔ་དང། འབྲུ་ལྔ་དང། སྙིང་པོ་ལྔ་དང། སྤོས་ལྔ་དང། བ་དམར་སེར་གྱི་འོ་མ་དང། སྲོག་ཆགས་མེད་པའི་ཆུས་བཀད་ལ། རས་ཁ་ཚར་མ་ཉམས ་པས་མགུལ་བཅིངས་ཏེ། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་ལ་བཞག་སྟེ། ནང་དུ་ལྷ་ཐམས་ཅད་བསྐྱེད་པ་དང། ལས་ཐམས་ཅད་པང་གཤིན་རྗེ་གཤེད་པོ་བསྐྱེད་ཅིང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་ཅིང་དབང་བསྐུར་ལ་ཕྲེང་སྔགས་དང་གསང ་སྔགས་རྒྱལ་པོ་དྲུག་བཟླས་ལ་བཞག་གོ་།བུམ་པ་ལྷག་པར་གནས་པའོ། །དེ་ནས་སྒྲུབ་པ་པོའི་གཡས་ངོས་སུ་གཞུང་དང་མཐུན་པའི་ཐབ་ཁུང་བྱས་ལ། ལས་དང་མཐུན་པའི་ཤིང་དང་རྫས་བསགས་ཏེ། མེ་ལྷ་སྔོན་དུ་མཆོད་ལ་དེའི་སྙིང་གར་དཀྱིལ་འཁོར་གྱི ་ལྷ་རྣམས་སྤྱན་དྲངས་མཆེད་རྫས་ཕུལ་ལ། ཐུན་མོང་དུ་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་སྔར་གྱི་གནས་སུ་གཤེགས་ཏེ། བརྟན་པར་བྱས་ལ། སྔར་མེ་ལྷ་ལ་རྫས་ལྷག་མས་མཆོད། འདོད་པའི་དོན་གསོལ་བ་བཏབ་ནས་མེ་ལྷ་གཤེགས་སུ་གསོལ ་བར་བྱའོ། །དེ་ནས་ཅི་འབྱོར་བའི་གཏོར་མས་ཆོས་སྐྱོང་རྣམས་ལ་ཚིས་པར་བྱས་ལ། འདོད་པའི་དོན་ལ་ཕྲིན་ལས་བཅོལ་ལ་སླར་གནས་སུ་གཏང་ངོ། །གཏོར་མ་དང་སྦྱིན་སྲེག་ལྷག་པར་གནས་པའོ། །དེ་ནས་སྣོད་དུ་རུང་བའི་སློབ་མས་མཎྜལ་བྱས་ལ། མེ་ཏོག་བཀྲམ ་ནས་མེ་ཏོག་གིས་སྙིམ་པ་བཀང་ནས། སློབ་དཔོན་ལ་གསོལ་བ་གདབ་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ།། ་དམ་ཚིག་དེ་ཅི་སྩལ་དུ་གསོལ། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འཚལ་ཞེས་བརྗོད་དོ། །སློབ་དཔོན ་གྱིས་དེ་ལ་འདི་སྐད་ཅེས་བསྒོ་སྟེ། འདས་པའི་སངས་རྒྱས་དང། དེ་བཞིན་གང་དུ་མ་བྱོན་དང། །ད་ལྟར་བཞུགས་པའི་བདེ་གཤེགས་ཀྱིས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས ་ཅད་མཁྱེན་པ་ཚད་མེད་ཉིད། །གསང་སྔགས་སྤྱོད་པ་བླ་མེད་དེ། །སྐྱོབ་པ་རྣམ་པར་སྣང་མཛད་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུའི་བློ་གྲོས་འདི་ཀྱིས་ཤིག་ཅེས་བརྗོད་དོ།། ་དེ་ནས་ཕྱག་འཚལ་བ་དང། སྡིག་པ་བཤགས་པ་ཀུན་བྱ་བ་དང། སེམས་བསྐྱེད་ཅིང་སྡོམ་པ་བསྲུང་དུ་བཅུག་ལ། ཡི་དམ་གང་འདོད་ལྟར་བསྐྱེད་ལ་བྱིན་གྱིས་བརླབ་སྟེ། མཆོད་པ་ལྔས་མཆོད་ལ། སོ་ཤིང་དོར་བ་དང། སྲུང་སྐུད་བཅིང་བ་དང། ་བྱམས་པའི་གོ་ཆ་བསྐོན་ལ། དབུའི་གཙུག་ཏོར་བསྐྱེད་དེ། རྨི་ལམ་བརྟག་པའི་ཕྱིར་ཀུན་བྱིན་ལ། ཟབ་ཅིང་རྒྱ་ཆེའི་ཆོས་བཤད་ལ། །སློབ་དཔོན་གྱི་ལས་རྣམས་རྫོགས་པར་བྱའོ། །སློབ་མ་ལྷག་པར་གནས་པའོ། །དེ་ནས་དཀྱིལ་འཁོར་བསྡུས་ཏེ། ་གོ་བསྐོན་ཏེ་བསྲུངས་ཏེ་ཅི་བདེར་གནས་པར་བྱའོ། །དེ་ནས་ནང་པར་ཉི་མ་འཆར་ཁར་རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་པར་འདོད་པས། པའི་རྣམ་ལྔས་དཀྱིལ་འཁོར་བྱུགས་ཏེ། ཙན་དན་གྱི་ལྡེ་གུ་དྲི་དང་ལྡན་པར་བྱས་ལ། ཐིག་སྐུད་སར་པ་ཉིས་ ་འགྱུར་ཚད་སྒོའི་ཉི་ཤུ་ཆ་ཁ་དོག་ལྔ་པ་རིན་པོ་ཆེའི་སྣོད་དུ་བཅུག་ལ། བྱིན་གྱིས་རླབས་ལ་མཆོད་ལ། །སྣ་སློབ་མའི་ལག་ཏུ་གཏད་ལ་བསྒྲིལ་ནས། འཇིག་རྟེན་ཁམས་འདི་མ་ལུས་པའི། །སངས་རྒྱས་ལ་སོགས་འགྲོ་མགོན་གྱི། །ཁྱེད་ཀྱི་དུས་ནི་འདི། ་ལགས་ཀྱིས། །བཅོམ་ལྡན་རྡོ་རྗེའི་ཐིག་གདབ་གསོལ་ཞེས་བརྗོད་ལ། བདག་དང་སློབ་མ་གཡས་ནས་སྐོར་བས་ཐིག་གདབ་པར་བྱའོ། །ཚངས་ཐིག་དང་པོ་ཤར་ནས་ནུབ་དུ་གདབ། །གཉིས་པ་བྱང་ནས་ལྷོ་རུ་གདབ། །སློབ་དཔོན་མེ་ལྷར་གནས་སློབ་མ་དབང ་ལྡན་དུ་གནས་ཏེ། ཤར་གྱི་ཐིག་དང་དེ་བཞིན་དུ་ལོགས་གསུམ་དུ་གདང་བ་དེ་རྗེས་ཚངས་ཐིག་དང། ཟུར་ཐིག་དང་ཐིག་ཆེན་དང། ཐིག་ཕྲན་གྱི་བྱེ་བྲག་གིས་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་གླིང་དམ་ལྔར་ཐིག་གདབ་བོ། །དེ་ཡང་སྟེང་དུ ་ཡེ་ཤེས་ཀྱི་ཐིག་དང། འོག་ཏུ་དམ་ཚིག་གི་ཐིག་སྟེ། ས་ཐིག་རླན་གྱིས་སྤངས་ལ་ཚུལ་ཇི་ལྟ་བ་བཞིན་དུ་མཁས་པས་དཔྱད་ལ་གདབ་པར་བྱའོ། །དེའི་རྗེས་ལ་གསེར་ལས་བྱས་པའི་རིན་པོ་ཆེ་ལྔའི་ཕྱེ་མ་ཇི་ལྟར་བྱིན་གྱིས་བརླབས་ལ། མཆོད་པ ་ཕུལ་ལ་སྟིམས་ཏེ། ཚོན་དགྱི་བ་ནི་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྔོན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད། །སོར་པོ་སོ་སོར་རྟོག་པའི་ཡེ་ཤེས་ལ། །དམར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད། །ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ ་ཤེས་ལྔ་ལྡན་དཀྱིལ་འཁོར་འགྲུབ་ཅེས་བརྗོད་ལ། སྔོན་ལ་སློབ་དཔོན་གྱིས་བྱང་ཤར་མཚམས་ཀྱི་རྩིག་པ་བརྩིགས་ལ། ཕྱི་ནས་སློབ་མས་སྐོར་ཕྱོགས་མ་ལོག་པའི་ཅི་བདེ་བར་ཚོན་དགྱེ་བར་བྱའོ། །དེ་ལ་དང་པོ་གཙོ་བོའི་གནས་རྣམས་ནི། ཉི་མའི ་འོད་ལ་ཟླ་བས་བརྒྱན་པའོ། །གཞན་དག་ནི་ཕྱོགས་ཀྱི་ཁ་དོག་གོ་།འདོད་ཡོན་པདྨ་ར་གའི་ས་གཞི། རིན་ཆེན་ཕ་གུ་གསར་ལས་བྱས་པ་ལ། རིན་པོ་ཆེའི་ཕྲེང་བ་དགྱེ་བ་ལ། དྲ་བ་དྲ་ཕྱེད་ནམ་མཁའ་ཨི་མདོག་ཅན་མུ་ཏིག་གི་ཧར་འཕྱང་བ་དེའི་ཕྱི་རོལ་དུ་ནམ་མཁའ་ཨི ་མདོག་ལ་ཀ་བ་དང་རྟ་བབས་དང་རི་དགས་དང། ཆོས་ཀྱི་འཁོར་ལོ་དང། གདུགས་དང། རྒྱན་རྣམས་ཅི་མཛེས་པར་བྲི་བར་བྱའོ། །དེ་དག་གི་རྒྱབ་ཏུ་རྡོ་རྗེ་དང། མེ་འོད་ཀྱི་ཕྲེང་བ་བྲི་བར་བྱའོ། །དཀྱིལ་འཁོར་ལྔའི་བར་བར་ནི། གསེར ་གྱིས་གཞི་ལ་རིན་པོ་ཆེ་གཅལ་དུ་བཀྲམ་པར་བྱའོ། །དེའི་ཕྱི་རོལ་གྲུ་བཞིར་བྱས་ལ་གྲཝ་བཞི་ལ་དཔག་བསམ་གྱི་ཤིང་དང། བུམ་པ་བཟང་པོ་མཛེས་པ་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བྲིས་ཟིན་ནས། ལྷག་པ་དང་ཆད་པ་བསྐང་བའི་ཕྱིར་དྲིལ་བུ་དཀྲོལ ་ཞིང་ཡི་གེ་བརྒྱ་བ་བཟླས་ལ། ཐ་མ་ལན་གསུམ་བསྐོར་བར་བྱའོ། །དེ་ནས་དཔལ་དང་འབྱོར་བ་ཕུན་སུམ་ཚོགས་པར་བྱས་ལ། མཆོད་པའི་བྱེ་བྲག་མེ་ཏོག་གི་སྣོད་དང། སྤོས་ཕོར་དང་དྲིའི་སྣོད་དང་མར་མེའི་ཕྲེང་བ་དང། ཞལ་ཟས་ཀྱི་སྣོད་སྟོང་དམ ་བརྒྱའམ་བཅུ་ལ་སོགས་པ་ཅི་འབྱོར་བ་དང། ན་བཟའ་དང། གདུགས་དང་རྒྱལ་མཚན་ལ་སོགས་པ་ཅི་འབྱོར་པ་བསགས་ནས། སློབ་དཔོན་དཀྱིལ་འཁོར་གྱི་ཤར་དུ་སྟན་པ་དེ་ལ་གནས་ཏེ། ཅོད་པན་ལ་སོགས་པའི་རྒྱན་ཐམས་ཅད་བསོགས་ཏེ། ་མཆོད་པ་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པའི་སྐུའི་ཕྲེང་བའི་སྔགས་ཀྱིས་ལྷག་པར་གནས་པའི་དཀྱིལ་འཁོར་སྙིང་ག་ནས་སྤྲུལ་ནས། རྡུལ་ཚོན་གྱིས་དཀྱིལ་འཁོར་དང་བསྲེས་ནས་ཚོགས་བསགས་པ་སྔོན་དུ་འགྲོ་བས་སྲུང་བའི་འཁོར ་ལོའི་སྐབས་སུ་ཕུར་པ་དང། མདའ་དང་རལ་གྲིལ་སོགས་པའི་ར་བས་བསྐོར་ཏེ། སྔོན་དུ་གསུངས་པའི་ཚུལ་དུ་རྒྱས་དང་བསྒམས་ནས་མཆོད་དེ། བུམ་པ་ཡང་བཀོད་ལ་དབང་བསྐུར་ཞིང་བརྒྱས་བཏབ་ལ། རྫས་ཀྱི་མཆོད་པ་ལྔ་དང། ཕྱི་ནང་གི་མཆོད ་པ་ལྔ་དང། གསང་བའི་ཡུམ་བཞིས་ཀྱང་ལེགས་པར་མཆོད་ལ། གཞན་ཡང་བསམ་གྱིས་མི་ཁྱབ་པའི་རོལ་མའི་བྱེ་བྲག་ཐམས་ཅད་ཀྱང་དབུལ་བར་བྱ་སྟེ། དབུགས་འབྱིན་ཆེན་པོར་གང་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན ་སུམ་ཚོགས། །མཆོག་དུ་དགའ་བ་གྲགས་པའི་དཔལ། །བདེ་བར་གཤེགས་པ་རྣམས་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །དེ་བཞིན་གཤེགས་པའི་སྐུའི་ཕྲེང་སྔགས་དང། ཨོཾ་དང་ཧཱུཾ་བཟླས་པ་འམ། ལྷ་རེ་རེ་ཞིང་རེ་རེ་དབུལ་བར་བྱའོ། །བསམ ་གཏན་ཆེན་པོའི་ཏིང་ངེ་འཛིན་གནས། ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་འདི། །བདེ་བར་གཤེགས་པ་རྣམས་ལ་དབུལ། །བདུག་པའི་སྣོད་དུ་མ་དང། མེ་ཏོག་གི་སྣོད་དུ་མ་དང། བྱུག་པའི ་སྣོད་དུ་མ་དང། མར་མེའི་ཕྲེང་བ་བསམ་གྱིས་མི་ཁྱབ་པས་སོ་སོའི་སྔགས་དང། གར་དང་བཅས་པ་དབུལ་ལོ། །ཡིད་བཞིན་ནོར་བུ་ཆེན་པོ་དང། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག་།དཔག་བསམ་ཤིང་ཆེན་རྒྱས་པ་དང། །བུམ་པ་བཟང་པོ་ཆེ ་པའི་མཆོག་།བདེ་བར་གཤེགས་པ་རྣམས་ལ་འབུལ་ལོ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་དང་ཧཱུཾ་བཟླས་ཏེ། སོ་སོའི་མིང་སྤེལ་ཏེ། ཨོཾ་དང་སྣ་ཡེ་ཧཱུཾ་སྭཱཧཱ། ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེ་དང་ནོར་བུའི་བྱེ་བྲག་མང་པོ་དང། དཔག ་བསམ་གྱི་ཤིང་ལ་སོགས་པ་མང་པོ་དང། བུམ་པ་བཟང་པོ་འབྲས་བུ་ཅན་གྱི་ཤིང་གིས་རྒྱན་པ་ལ་སོགས་པ་རིན་པོ་ཆེའི་བྱེ་བྲག་ཐམས་ཅད་ཀྱང་ལྷ་རེ་རེ་ཞིང་དབུལ་ལོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང། །ནད་དོ་ཅིག་གི་དགྲ་ཆེ་བ། ། ་འགྲོ་བའི་སྡུག་བསྔལ་གཟིགས་པ་ཡི། །ཟུག་རྔུ་འབྱིན་པ་བླ་ན་མེད། །བདེ་བར་གཤེགས་པ་རྣམས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ོཾ་ཧཱུཾ་ཞེས་ཟློས་ཤིང་འབྲས་བུ་གསུམ་དང། ཙན་དན་དང། གུར་ཀུམ་དང། ག་བུར་དང། ཛྲཱ་ཏི་ལ་སོགས ་པ་སྲོག?་ཆགས་ལས་མ་བྱུང་བའི་སྨན་ཇི་སྙེད་ཡོད་པ་དེ་རྣམས་ལྷ་རེ་རེ་ཞིང་སོ་སོའི་མིང་དང་སྤེལ་ལ་དབུལ་བར་བྱའོ། །ཕྱོགས་བཅུ་ནམ་མཁའ་ཨི་མཛའ་ཐུག་པའི། །ཆོས་ཀྱི་རྒྱལ་མཚན་བཙུགས་པ་དང། །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན ་གྱི་གཟི་བརྗིད་འདི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཞེས་བརྗོད་ཅིང། རྒྱལ་མཚན་དང་བ་དན་དང། འཕན་དང་གདུགས་ལ་སོགས་པ་རས་སམ་འཕན་གྱི་ལྔ་ལྡི་བསམ་གྱིས་མི ་ཁྱབ་པར་ལྷ་རེ་རེ་ཞིང་དབུལ་ལོ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །བདེ་བར་གཤེགས་པ་རྣམས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། ། ་ཞེས་བརྗོད་ཅིང། གར་གྱི་རྣམ་པ་གློག་ལྟར་བསྒྱུར་ཅིང་གཟུགས་བརྒྱ་སྟོང་དུ་མ་སྙེད་དུ་སྤྲུལ་ལ། གར་བྱེད་ཅིང་དཀྱིལ་འཁོར་ལ་དབུལ་ལོ། །དེའི་རྗེས་ལ་སྦྱིན་སྲེག་གི་ཆོ་གས་མཆོད་ཞིང། མཆོད་པས་ཀྱང་ལྷ་ཚོགས་མཉེས་པར་བྱ་བར་གསུངས་སོ། །དེ་ནས་དཀྱིལ་འཁོར ་ལ་གནང་བ་ཐོབ་པའི་སློབ་དཔོན་གྱིས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། སྔར་སྡོམ་པ་བླངས་པའི་སློབ་མ་དེས་སློབ་དཔོན་ལ་གསོལ་བ་བཏབ་ནས། དེ་ནས་སློབ་མ་དེ་ལ་བགེགས་བསྐྲད་ནས། ཨ་ཀ་རུ་ནག་པོས་གདུགས་ལ། །ོཾ་བཛྲ་རཀྵ་ཧཱུཾ། ཞེས ་བའི་དོན་བཟླས་པའི་སྟོང་གཡོགས་དང། ཨོཾ་བཛྲ་ལཀྵ་ཧཱུཾ་ཞེས་བཟླས་པས་གདོང་བ་བཀད་ལ། སྒོ་བཞིའི་ཕྱོགས་ནས་རིགས་ལྔ་ལ་ཕྱག་འཚལ་དུ་གཞུག་གོ་།དེའི་རྗེས་ལ་ལག་ན་མེ་ཏོག་ཐོགས་པའི་སློབ་མས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྒྱུན་བཤགས ་བྱའོ། དེ་ནས་སློབ་དཔོན་ལ་གསོལ་བ་འདི་སྐད་གདབ་པར་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་གྲོང་ཁྱེར་མཆོག་།འཇམ་དཔལ་དཀྱིལ་འཁོར་འདི་རུ་ནི། །སློབ་དཔོན་བདག་ནི ་འཇུག་པར་འཚལ། །ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་འདི་སྐད་ཅེས་བྱའོ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། གསང་བ་ཆེན་པོའི་རིགས་དག་པས། །གསང་བ་ཡོངས་སུ་འཛིན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ ་ལོ་ཞེས་བརྗོད་པར་བྱའོ། །དེ་ལ་སློབ་དཔོན་གྱིས་རིགས་ལྔའི་སྡོམ་པ་རིག་པའི་དབང་ལྔའི་རྟེན་དུ་རུང་བར་བྱ་བའི་ཕྱིར་ཕོག་ལ། གཞན་ཡང་མི་དགེ་བ་བཅུ་དང། ཉེ་བའི་ལས་ཀྱང་སྤང་བའི་སྡོམ་པ་སྦྱིན་ནོ། །དེས་ཀྱང་སློབ་དཔོན་གྱིས་སྡོམ་པ་གསུངས་པ ་ལྟར། ཁོ་བོ་ཡང་བསྲུང་ཞིང་སྡོམ་པར་བགྱིད་དོ་ཞེས་ཁས་བླངས་ལོང་ཅིག་།དེ་དང་མཐུན་པར་སྔར་གསུངས་པ་ལྟར་ཁས་བླང་བར་བྱའོ། །དེ་ནས་དབང་བསྐུར་བའི་གསོལ་བ་སློབ་མས་གདབ་པ་ནི་རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །སངས་རྒྱས་རྣམས་ནི་བདག་ལ ་དགོངས། །བདག་མིང་འདི་ཞེས་བྱ་བས་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་རྟོག་འཁོར་ལོ་སྦྱིན་པར་ལྡན། །ཐར་བ་ཆེན་པོའི་གྲོང་ཁྱེར་མཆོག་།དཀྱིལ་འཁོར་ཆེན་པོ་བཞུགས་ནས་ཀྱང། །སངས་རྒྱས་ཀུན་གྱིས ་དབང་བསྐུར་ཏེ། །སྐལ་པ་ཆེན་པོ་བདག་ལ་གསོལ། །མཚན་རྣམས་ཀུན་གྱིས་རྒྱས་གདབ་ཅིང། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འདབ། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །ཞེས་གསོལ་བ་གདབ་པའོ། །སློབ་དཔོན་གྱིས ་ཀྱང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་ནི། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང། །དམ་ཚིག་སྡོམ་དང་གསང་བ་ཡི། །དཀྱིལ་འཁོར་འདིར་ཡང་འཇུག་པར་འཚལ། །ཞེས་བརྗོད་དོ། །དེ་ནས་ལྷ་ལ་གནང་བ ་ཐོབ་པ་དང། སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་བྷོ་དྷི་ཙིཏྟ་ཨུཏཔ་ད་ཡཱ་མི། སུ་ར་ཏ་ས་མ་ཡསྟཝཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་སྙིང་ཁར་ཟླ་བ་རྡོ་རྗེ་བསམས་ལ། ལག་པ་ནས་ཁྲིད་དེ། །ཛ(རྒྱུད་འགྲེལ་དེ་ནས་ཤར་གྱི་སྒོར་ཕྱོགས་པར་བཞག་ལ། །རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ཁྱོད་ལ་ཡེ་ཤེས་གང་ཡིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ ་དུ་ཡང་འགྲུབ་པ་ཐོབ་ནས་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། །དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མ་འོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།དམ་ཚིག་ཉམས་པར་གྱུར་ཧ་རེ་ཞེས ་བརྗོད་དེ། དེ་ནས་སློབ་མའི་སྙིང་ཁང་རྡོ་རྗེ་བཞག་ལ། རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི། །སྙིང་ལ་ཡང་དག་གཞུག་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ོཾ་བཛྲ་ད་ཀ་ཋ་ཧཱུཾ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདི་འགྲུབ། །ོཾ་ཨ་མྲི་ཏ་ཧཱུཾ་བཛྲ་ཨ་ག་དྷ་ཧྲི་ཐ་ཧཱུཾ། དེ་ནས་སློབ་དཔོན་གྱིས་དམ་ཚིག་བསྒྲགས་ཏེ། དེང་ནས་བརྩམས་ཏེ། ཁྱོད་ཀྱི་རྡོ་རྗེ་སློབ་དཔོན་པ་ཡིན་གྱི།། ་ང་ཡིས་འདི་བྱོས་ཤིག་ཅེས་སྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ངལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་གྱུར་ཏ་རེ། དེ་ནས་ཡེ་ཤེས་སེམས་དཔའ་འདབ་པར་བྱ་སྟེ། འདི་སྐད་བརྗོད་དུ་གཞུག་གོ་། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་བདག་ལ་འབབ་བར་གྱུར་ཅིག་ཅེས་སྨྲོས་ཤིག་པའོ། །རྡོ་རྗེ་དྲིས་སྒོས་བ་སྙིང་ཁར་བཞག་ལ། འདིར་རྡོ་རྗེའི་དམ་ཚིག་སྟེ། འཇམ་དཔལ་རྡོ་རྗེ་ཡིན་པར ་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེང་འདིར་ཁྱོད་ལ་འབབ་པར་ཤོག་།ོ་མཉྫུ་ཤྲཱི་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་དོ། །རྡོ་རྗེ་དམར་པོ་མཚོན་གུང་བ་ཆར་ལྟར་དུ་འབེབས་པར་བསམ་མོ། །གལ་ཏེ་འབབ་པར་མ ་གྱུར་ན་སྡིག་པ་བྱང་བའི་ཆོ་ག་བྱས་དབབ་པར་བྱའོ། །དེ་ནས་བབས་བ་དང་ཡི་གེ་བརྒྱས་པས་བརྟན་པར་བྱའོ། །དེ་ནས་མེ་ཏོག་ཕྲེང་བ་དོར་ཏེ། པྲ་ཏཱིཙྪ་བཛྲ་ཧོ་ཞེས་པས་དཀྱིལ་འཁོར་ལ་གཏོར་ལ་གང་དུ་བབས་པའི་ལྷ་དེ་ཡི་དམ་དུ་དབོག་གོ། ཨོཾ་པྲིཏ་གྲིཧྞ་ཏྭཾ ་ཨི་མཾ་སཏྭ་མཧཱ་བ་ལ་ཞེས་བྱ་བས་ཕྲེང་བ་དེ་མགོ་ལ་བཅིང་བར་བྱའོ། །དེ་ནས་གདོང་གཡོགས་དཀྲོལ་ཏེ་མིག་ལྕགས་ཀྱུའི་ཕྱག་རྒྱས་དབྱེ་ཞིང་སྔགས་འདི་བརྗོད་དོ། །ོཾ་འཇམ་དཔལ་རྡོ་རྗེ་དེ་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད ་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་རིང་ཉིད་དུ་འབྱེད་པར་ཤོག་།ཧེ་བཛྲ་པ་ཤྱ་ཧཱུཾ་ཞེས་བརྗོད་ལ། མིག་གཡོགས་ཀྱང་བཀྲོལ་ཏེ་འདི་སྐད་བརྗོད་དོ། །ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མེ་ཏོག་གང་ལོ་ཕག་པ ་ནི། །འདི་དེ་ཁྱོད་ཀྱི་རིགས་སུ་ལྷ། །རང་གི་ལྷ་རུ་ཤེས་པར་གྱིས། །ཞེས་བརྗོད་ལ་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་བར་དུ་དཀྱིལ་འཁོར་དྲུག་བསྟན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ངོས་སུ་མཎྜལ་ལ ་པདྨ་འདབ་བརྒྱད་བྲིས་ལ། །ཡི་དམ་ལྷའི་གཟུགས་སུ་བསམས་ལ་དབང་བསྐུར་བར་བྱ་སྟེ། དེ་ཡང་དང་པོར་རེ་ཞིག་ཆུའི་དབང་བསྐུར་བར་བྱ་སྟེ། ཇི་ལྟར་ལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་ལྷ་ཡི་ཆུ། ། ་དག་པ་ཡིག་ནི་སྐུ་ཁྲུས་གསོལ། །ོཾ་སརྦ་ཏ་གཱ་གཱ་ཏ་བཛྲ་ཨ་བི་རེ་ལ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ོཾ་སརྦ ་ཏ་ཐཱ་ག་ཏ་?་?་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། རྣམ་ཤེས་ཕུང་པོ་རྣམ་དག་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །ཞེ་སྡང་ཆེན་པོ་མི་བསྐྱོད་པའོ། །དཔལ་ལྡན་ཆུ་ཡི་དབང་བསྐུར་རོ། །ོཾ་སརྦ་ཏ་ཐཱ་གཱ་ཏ་ཐཱ་གཱ་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་ཅོད་པན་གྱི་དབང་བསྐུར་ཏེ། ་?་?་?་བསྒོམ་པ་དང། །ཡོན་ཏན་གཟི་བརྗིད་བསྐྱེད་པའི་ཕྱིར། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱིས། །ཅོད་པན་གྱི་ནི་དབང་བསྐུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨུ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པ་དང། དཔལ་དན་རིན་ཆེན་ཅོད་པན་དབང། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས ་ནས་འདིར་བདག་བྱིན་གྱིས་བརླབས་ནས། །?་?་?། །ོཾ་སརྦ་ཏ་ཐཱ་ག་ཏ་རཏན་སྭ་?་ཨཱཉྩ་ཀོ་ཧོ། ཆོད་པའི་ཕུང་པོ་རྣམ་དག་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི། །ཅོད་པན་གྱི་ནི་དབང་བསྐོར། །དེ་ནས ་རྡོ་རྗེའི་དབང་བསྐུར་ཏེ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེ་རང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱི་དངོས་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱི་འོད། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷི་ཛིཉྩ་མི་ཏིརྠ་བཛྲ་ས་མ་ཡ་སྟཝཾ། ཆོས་ཀྱི་གསུང་རབ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། ་དེད་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་དུ་མཛད་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་?་བཛྲ་སྭ་བྷ་?་?། འདུ་ཤེས་ཕུན་པོ་རྣམ་དག་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་སྣང་མཛའ་ཡས་ཀྱི། །རྡོ་རྗེ་ཡི་ནི་དབང་བསྐུར་རོ། །དེ་ནས་དྲིལ་བུའི་དབང་བསྐུར་ཏེ། འདི་དེ་སངས ་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །རྒྱལ་བ་རྒྱ་མཚོའི་མཆོག་ཏུ་བཤད། །ོཾ་སརྦ་ཏ་ཐཱ་ག་ཏ་ཡ་དྷི་བ་ཏིས་ཏྭཱཾ་ཨ་བྷི་ཥིཉྩ་མི་ཏིཥྛ་ས་མ་ཡ་སྟི། དཔལ་ལྡན་རྡོ་རྗེ་དྲིལ་བུ་འཆང། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེད་བདག་བྱིན་གྱིས་བརླབས་ནས་སུ ་རྡོ་རྗེ་ལས་སུ་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་མོ་བྷ་བཛྲ་སྭ་བྷ་བ་ཨཱཏྨ་ཀོཧཾ། འདུ་བྱེད་ཕུང་པོ་རྣམ་དག་པའི་ཁྱབ་ནན་ཏན་ཡེ་ཤེས་ཀྱིས་།ཕྲག་དོག་དོན་ཡོད་གྲུབ་པ་ཡི། །དྲིལ་བུ་ཡི་ནི་དབང་བསྐུར་རོ། །དེ་ནས་མིང་གི་དབང་བསྐུར་ཏེ། །རིད་པའི་བར་གང་ཤིན་ཏུ་ཆུང། །སྡུག་བསྔལ ་ཆེན་པོ་བསལ་བའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །རྣམ་པར་སྣང་མཛད་རྟག་ཏུ་བསྐྱེད། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མི། ཆེ་གེ་མོ་མཱ་མ་ཨ་བྷི་ཥེ་ག་ཏ་ཧཱུཾ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མེ་ཕྱེད་གསུམ་བསྒོམས་ནས། །དེད ་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ?་སྐུ་ནི་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་གཱ་ཡ་བཛྲ་སྭཱ་?་ཨཱཏྨ་ཀོ་ཧཾ། གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །གཏི་མུག་རྣམ་པར་སྣང་མཛད་ཀྱི། །དཔལ་ལྡན ་མི་བསྐྱོད་དབང་བསྐུར་རོ། །དེ་དང་ལྡན་ན་དེ་ལྔ་ནི་རིག་པའི་དབང་ལྔ་ཏེ། ཕུང་པོ་ལྔ་དག་ནས་ཉོན་མོངས་པ་ལྔ་སྤངས་ནས། ཡེ་ཤེས་ལྔ་དང་ལྡན་ཏེ། མ་རིག་པ་རིག་ལས་ན་རིག་པའི་དབང་ལྔ་ཞེས་བྱའོ། །དེ་ནས་བརྟུལ་ཤུགས་ཀྱི་དབང་ཞེས་བྱ་བ ་ནི། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་རྡོ་རྗེའི་ལག་ན་འདུག་།ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །འཇམ་དཔལ་རྡོ་རྗེའི་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ཙིཏྟ་བཛྲ་ས་མ་ཡ་ཏིཥྛ་ཨ་དྷི་ཥ་ཀ་ཧ་ཡ་མི་ཧཱུཾ་ཧ་ཧ་ཧ་ཧི་ཧི་ཧི། དེ་ནས ་ཕྲེང་བ་སྦྱིན་ཏེ། སངས་རྒྱས་ཀུན་གྱིས་མི་བྱེད་པའི། །གསང་སྔགས་བླ་ན་མེད་པ་ཡི། །སྙིང་པོ་ཡིད་བཞིན་ནོར་བུ་འདི། །སྐྱོབས་པ་སྔགས་ཀྱི་དབང་བསྐུར་རོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་བསྐུར་བར་བྱ་བའི་ཕྱིར། ཡོན་བདག་གིས་ཡན་ཕྱི་མ་ཆག་ཕུལ་ལ་གསོལ ་བ་བཏབ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་སྩོལ་བགྱིས་པ་ལྟར། །བདག་ཀྱང་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་བདག་ལ་སྩོལ། །དེ་བཞིན་གཤེགས་པའི་དབང་བསྐུར་བ། །འགྲོ་བ་བསྐྱབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འཕྱང་གནས ་སྩོལ་སློབ་དཔོན་ཆེན་པོ་མི་ལྡོག་པའི་། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ལྟར་གསོལ་བ་བཏབ་རྗེས་ལ་སྡོམ་པ་སྦྱིན་ཏེ། ཇི་བཞིན་དོན་ལྡན་དམ་ཚིག་ནི།། ་རྩ་བ་ཡན་ལག་བཅས་པ་ཀུན། །ཕས་ཕམ་པར་ནི་རབ་ཏུ་གྲགས། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །སྲོག་གཅོད་རྐུ་དང་འཕྲོག་པ་དང། །རྫུ་དང་ཆང་ནི་ཅུང་ཟད་སྤང། །མི་དགེ་བ་ནི་བཅུ་པོ་དག་ཁྱོད་ཀྱི་ནམ་ཡང་མ་སྤྱོད་ཅིག་།ཐེག་པ་དམན་པ་མས་པ ་དང། སེམས་ཅན་འཁོར་བ་མི་སྤང་ཞིང། །མྱ་ངན་འདས་ལ་མ་ཞུགས་ཤིང། །ལྷ་དང་ལྷ་མིན་མཉམ་མི་བྱ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་རྣམས། །འགོམ་པར་བྱ་བ་མ་ཡིན་ཏེ། །དམ་ཚིག་འདི་དག་ཉམས་པ་ན། །རྡོ་རྗེ་དམྱལ་བར་འགྱོད་པར་བྱེད། །དེ་བས་དམ་ཚིག་བསྲུང་བར་གྱིས།། ་དེས་ཀྱང་སློབ་དཔོན་གྱི་བཀའ་བཞིན་བགྱིད་བར་འཚལ་ལོ་ཞེས། ཁས་བླང་ངོ། །དེ་ནས་སློབ་མ་དམ་པ་དེའི་ལུས་ལ་ལྷོ་བཀོད་ལ། རྣམ་རྒྱལ་བུམ་པ་ཐོགས་ཏེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ ་གསུམ་གྱི་གནས་ལས་བྱུང། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་དབང་བསྐུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་ཡ། བར་ཏི་ག་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་གསེར་ལ་སོགས་པ་ལས་བྱས་པའི་མིག་ཟུར་ཐོགས་ལ། ་ཇི་ལྟར་མི་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལི་ཧཱི་ཞེས་ཉོན་མོངས་པ་སྤོང་བའི་དབང་ངོ། །དེ་ནས་མེ་ལོང་བསྟན་ལ ་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱ་དང་ལས་ལས་ཀུན་ཏུ་འབྱུང། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱས། །དོན ་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཡེ་ཤེས་ཀྱི་དབང་ངོ། །དེ་ནས་མདའ་གཞུ་བླངས་ལ་མིའི་དྲུང་དུ་འཕེན་དུ་བཙུག་ལ། །ཐབས་དང་ཤེས་རབ་གཉིས་མེད་དེ། །སྐལ་བའི་ཆོ་འཕྲུལ་ཅིར་ཡང་སྟོན། །བདུད་ཀྱི་རིགས་རྣམས་ཕམ་བྱེད་པའི། །ཡེ་ཤེས་ཀྱི ་ནི་མངའ་འཕོངས་ཤིག་ཧོ་ཞེས་མདའའཇིག་རྟེན་གྱི་ཁམས་དྲུག་དུ་འཕེན་དུ་གཞུག་གོ་།སྐུའི་དབང་ངོ། །དེ་ནས་དྲིལ་བུ་བླངས་ལ་དཀྲོལ་ཏ། ཆོས་རྣམས་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །མཁའ་དང་མཉམ་པར་སྦྱོར ་བ་ཡིས། །སྐུ་མཆོག་མཉམ་པ་ཉིད་དུ་གསོལ། །ཱ(རྒྱུད་འགྲེལ་མཉྫུ་ཤྲཱི་ཙིཏྟ་ཨ། ཐུགས་ཀྱི་དབང་ངོ། །དེ་ནས་རྐང་པའི་བར་དུ་ཆེས་ཀྱི་འཁོར་ལོ་བཞག་།ལག་པར་དུང་དང་ལྕེ་གཏད། མགོ་ལག་?་?་?་དང་ནཱ་བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཅིག་།དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས ་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་ཏུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱི་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མ་ཆག་།འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཀུན་ཏུ་ཁྱོད་ལ་སྲུང་བར་བྱེད་ཅེས་བརྗོད་དོ། །ཡང་འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ ་འགྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་དོ། །དེ་ནས་ཐམས་ཅད་གཟེངས་བསྟོད་དེ། །ཀུན་བདག་སངས་རྒྱས་བསྒོམ་པ་པོ། །རྡོ་རེའི་མིང་དབང་བསྐུར་བས་ཀྱང། །དེ་བཞིན་གཤེགས་པར་ལུད་བསྟན་ཉིད། །ོཾ?་འདི་དེ་ངས་ཁྱོད་ལུང ་བསྟན་ཡིན། །འཇམ་དཔལ་རྡོ་རྗེ་དེ་བཞིན་གཤེགས། །སྲིད་པ་ཀུན་ཏུ་སྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞེས་བྱ་བ། སིདྡྷི་ས་མ་ཡ་སྟཝཾ་བྷུརྦྷུ་བ་སྭ(རྒྱུད་འགྲེལ་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུས་འགྱུར་བདེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་མས་སེམས་ཅན་དོན་བྱའོ། །དེ་ནས་དབུགས་དབྱུང་བ། གསང་བ་མཆོག་གི་དཀྱིལ་འཁོར་དམ་པ་འདིར། །དི་རིང་ཕན་ཆད་ཁྱེད་ཞུགས་ཀྱིས། །སྡིག ་པ་ཀུན་ལས་ངས་གྲོལ་བར། །ཁྱེད་རྣམས་དེས་ནི་ལེགས་པར་གནས། །བདེ་ཆེན་ཐོབ་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སྨོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། ། ་སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐེ་ཚོམ་མེད་པར་འཐོབ། །དེ་ནས་བདག་ཉིད་ཐར་བསམས་ལ། །ཆོས་གོས་བཟུང་སྟེ། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་པར ་མགྲིན་ཅིག་ཏུ་ནི་རྫོགས་པའི་ཕྱིར། །བྱང་ཆུབ་ཏུ་ནི་ལུང་བསྟན་མཛད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་བའི་བདག་པོ་སྟེན་པ་ཡན། །དེ?་ངན?་འདུད་ལས ་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐེ་ཚོམ་མེད་པར་འཐོབ། །དེ་ལྟར་གཟེངས་བསྟོད་པ་དང། དབུགས་དབྱུང་བ་དང། །ལུང་བསྟན་པའོ། །དེ་ནས་སློབ་མ་དེ་ལ་མཆོད་པ་ལྔ ་དང། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ། ཁྱེད་རྣམས་ཀྱིས་ཀྱང་དུས་གསུམ་བདེ་བར་གཤེགས་པ་རྣམས་ཡང་དག་པར་མཆོད་ཅིག་པར་བཀའ་བསྒོའོ། །དེ་ནས་དེ་རྣམས་ཀྱིས་ཡོ་བྱད་ཀྱིས་དཀྱིལ་འཁོར་གྱི་ལྷ་མཆོད ་ལ་?་ག་མས་དེར་ཚོགས་ཚིམ་པར་བྱས་ལ་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་དེ། །སྒེག་མོ་ལ་སོགས་པ་ཡིས་མཆོད་ལ་བསྟོད་དོ། །དེ་ནས་སློབ་དཔོན་ལ་ཡོན་གྱིས་མཉེས་པར་བྱས་ལ། །འདོད་པའི་དོན་གསོལ་བ་གདབ་བོ། །དགེ་བའི་རྩ་བ ་བསྔོ་བ། དཀྱིལ་འཁོར་ལ་སྐོར་བ་བྱས་ལ་ལྷ་གཤེགས་སུ་གསོལ་ཏེ། དམ་ཚིག་བསྡུས་ལ་ཅི་བདེ་བའི་སྤྱོད་ལམ་བྱའོ། །སློབ་མ་རྣམས་ཀྱི་དོན་གྱི་ཕྱིར། །དཀྱིལ་འཁོར་ཆོག་བྱས་པ་ལ། །དགེ་བ་བསགས་པ་གང་གྱུར་པ། །ཐམས ་ཅད་རྫོགས་པའི་བྱང་ཆུབ་ཤོག་།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བ། །འཇམ་དཔལ་བཤེས་གཉེན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་སུ་བྷ་དྲ་དང། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཞེས་བྱ་བའི་སྒྲུབ་པའི་ཐབས། འཇམ་དཔའ་ཨི ་