CLOSE WINDOW

N2139: dpal mchog dang po'i dkyil 'khor gyi cho ga zhes bya ba
Wyliee-texts based on the ACIP/ALL Input

པའི། །སེམས་ཅན་ཀུན་ལ་ཕན་ཕྱིར་དང། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རིན་ཆེན་བཟང་པོས་བསྒྱུར་བ་ཡིན།། །།དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས།། །།དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྙེན་པ་བྱས་ནས། ཉིན་རེ་འམ། ཟླ་རེ་འམ། ལོ་རེ་ཞིང་རྣལ་འབྱོར་ཆེན་པོ་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །དེ་ལ་དང་པོ་ཁོ་ནར་ཡོ་བྱད་ཐམས་ཅད་དང་ཡང་དག་པར་ལྡན་པས་མངོན་པར་འདོད་པའི་སའི ་དབུས་སུ། མི་རུས་ཀྱི་ཕྱེ་མའི་སྤྱིན་སྲེག་དང། མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས། དཀྱིལ་འཁོར་གྱི་བགེགས་ཟློག་ལ། བདག་དང་སློབ་མ་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་སེམས་ཅན་གདུག་པ་ཅན་རྣམས་བསྐྲད་ལ། གནས ་བསྲུང་བར་བྱ་སྟེ། ཡང་དེ་ཉིད་ཀྱིས་སྔགས་ལན་བདུན་བཟླས་པའི་ཡུངས་ཀང་དང་ཆུ་དང་ཐལ་བ་རྣམས་ཀྱིས་གཏོར་ལ། པའི་སྤྱོགས?་དེར་ཁྲུ་གང་ཙམ་མམ། འོད་མ་གང་ཙམ་བརྐོས་ལ། སྟེང་འོག་བཟློག་ལ། སྲ་དང་རུས་པ་དང། ཞོགས་མ་དང། ཐལ་བ་ལ ་སོགས་པ་བསལ་ཏེ། དག་ཅིང་དྲི་ཞིམ་པའི་སས་བསྐང་ལ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྤོས་ཆུས་སྦང་ཞིང། འཐས་པར་བཅག་པར་བྱའོ། །ཤིན་ཏུ་མཉམ་པའི་སྒོ་བཞི་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པར་རྟ་བབས་བཞིས་མཛེས་པར་བྱས་པ ་སྒོ་བཞི་སྒོ་གླེགས་བཟང་པོས་བསྐོར་བའི་གནས་སུ། སློབ་མ་ཤིན་ཏུ་མཁས་པས་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་བའི་རྣམ་ལྔས་ལེགས་པར་བྱུག་ཅིང། དེ་ཉིད་ཡོངས་སུ་བཟླས་པའི་སྦོས་ཆུས་བསང་གཏོར་བྱ་བ་དང། ་དེ་ཉིད་ཡོངས་སུ་བཟླས་པའི་རིན་པོ་ཆེ་དང། འབྲུ་དང་སྨན་ཐམས་ཅད་དེའི་དབུས་སུ་བཞག་པར་བྱ་སྟེ། ས་ཡོངས་སུ་སྦྱངས་པའི་ཆོ་གའོ། །དེ་ལས་ཡོངས་སུ་སྦྱངས་ཤིང་འཐས་པར་བཅགས་ཟིན་པའི་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། ཡུངས་ཀར ་དང། ཆུ་དང་ཐལ་བ་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་བས་མངོན་པར་གཏོང་བར་བྱའོ། །དེ་ནས་ཡང་སློབ་མ་ཤིན་ཏུ་མཁས་པས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཡོངས་སུ་བཟླས་པའི་བའི་རྣམ་ལྡས་ལེགས་པར་བྱུག་ཅིང། སྤོས་ཆུས་ཀྱང་ཕྱོགས ་དེར་བསང་གཏོར་བྱའོ། །དེ་ནས་རིན་པོ་ཆེ་དང། འབྲུ་སྨན་ཐམས་ཅད་ལ་བཟླས་བརྗོད་ལན་བདུན་བྱས་པ་སའི་དེའི་དབུས་སུ་གཞུག་པར་བྱ་སྟེ། འདི་ཡིས་འདིར་ས་སྦྱངས་པའི་ཆོ་གའོ།། །།དེ་ནས་ཡང་སློབ་མ་ཤིན་ཏུ་མཁས ་པས་སའི་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་དྲིས་ལེགས་པར་བྱུག་པར་བྱའོ། །དེ་ནས་ལུགས་མ་དང། འབུར་དུ་བརྐོས་པ་དང། རིས་སུ་བྲིས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། དབང་ཕྱུག་ཆེ་སྩོགS ་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་ལས། །རིག་པའི་ཚོགས་རྣམས་ཀྱིས་བརྒྱན་ཅིང། །ཐ་མར་མཚོན་གྱི་རབས་ཉེ་བར་མཛེས་པར་བྱ་བ་དང། རྒྱལ་མཚན་གྱི་དམ་པ་དང། བླ་རེའི་མཆོག་དྲིལ་བུ་བཏགས་པ་བྲེ་བ་དང། མེ་ཏོག་དང། མར་མེ ་དང། མེ་ཏོག་གི་ཚུན་འཕྱང་དང། དྲ་བ་དང་དྲ་བ་ཕྱེད་པ་དང། ཟླ་བ་ཕྱེད་པ་དང། ཟླ་བ་རྡོ་རྗེ་དང། རིན་པོ་ཆེ་དང། བ་དན་དང། འཕྲེད་པ་རྣམས་དང། སྒོ་བཞི་དང་མཚམས?་བཞིར་སྤོས་ཁང་བཞག་པ་དང། རོལ་མོ་དང། གླུ་དང། གར་རྣམས་ཀྱིས ་ཡང་དག་པར་མཆོད་ནས། ས་ལ་ལག་པ་བཞག་སྟེ། ཧཱུཾ་དང་ཡི་གེ་བརྒྱ་པ་ལན་བདུན་བཟླས་བརྗོད་བྱའོ། །ས་ཡོངས་སུ་བཟུང་བའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ། བགེགས་གཞམ་པ་ལ་སོགས་པ་ཇི་ལྟ་བ ་བཞིན་དུ་བྱས་ཏེ། དང་པོའི་རྡོ་རྗེས་དཀྱིལ་འཁོར་ཡུལ་ལ་ཕྱག་བྱས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་ནས། ལྷའི་རྣལ་འབྱོར་དང། གཞལ་ཡས་ཁང་དང། གདན་རྣམས་བསྐྱེད་དེ། དབུས་སུ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འདུག་པ། ་འདི་ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱ་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར་གྱུར་བར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་འགྱུར? ་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། ་བདུག་སྤོས་ཕུལ་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེད་འདིར་སངས་རྒྱས་ཀུན ་གཤེགས་ཏེ། །དངོས་གྲུབ་འདིར་ནི་བརྩལ་དུ་གསོལ། །ཞེས་བརྗོད་དེ། ཡང་ལག་ཐམས་ཅད་ཀྱིས་ཕྱག་བྱས་ཏེ། དང་པོའི་སྦྱོར་བ་དང། དཀྱིལ་འཁོར་གྱི་མཆོག་དང་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་བསྒོམས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད ་རྗེས་སུ་བཅད་དེ། ཧཱུཾ་བཟློས་པ་ལ་བརྩོན་ཞིང་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ་བཏབ་པར་གྱུར་པར་བསམས་ཏེ། བཅོམ་ལྡན་འདས་ཁྱོད་ལ་གསོལ་བ་ནི། ་འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་འདི་ནི་བརྟག་པ་ཉིད། །བདེ་ཆེན་མྱུར་དུ་སྒྲུབ་པར་མཛོད། །ཅེས་བྱ་བས་གསོལ་བ་བཏབ་པར་བསམ་མོ། །དེ་ནས་དེ་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་ནམ་མཁའ་ཀུན་ཏུ་གང་བར་བསམས་ལ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག་།ཕྱག་ན་རྡོ་རྗེ་བརྟན་བདག ་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག་།བྱིན་གྱིས་བརླབ་པ་མི་འདོར་རོ། །ཧཱུཾ་ཞེས་བརྗོད་པར་བྱའོ། །མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི། །སློབ་དཔོན་རང་གི་ཕྱག་རྒྱ་ཡིས། །རྡོ་རྗེ་དྲིལ་བུ་འཆང་བྱ་ཞིང། །འཁོར་ལོའི་ཆོ་ག་ཐམས་ཅད་བྱ། །རྟོག་པ་ཀུན ་ལ་མཉམ་འཇུག་པས། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ། །དམ་ཚིག་ཆེ་གསུམ་ཞེས་བྱ་བའི། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་པའོ། །དངོས་གྲུབ་ཀུན་གྱི་ཆོ་ག་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོག་ལྷག་གམ་མ་ཚང་ན། །འགྲུབ་པར་འགྱུར ་ཏེ་སྨད་མི་བྱ། །དེ་ནས་དཀྱིལ་འཁོར་ཐམས་ཅད་མངོན་དུ་བྱས་ལ། དང་པོའི་རྡོ་རྗེ་ཧཱུཾ་བཛྲ་ཨུ་ཏིཥྛ་མ་ཧཱ་མཎྜ་ལ་ཨུ་ཐཱ་པ་ལ། ཞེས་བརྗོད་དོ། །བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་བཞག་ལ། བདག་ཉིད་དང་པོའི་རྡོ་རྗེ་དེ་ཉིད་ཧཱུཾ་གིས་བྱིན་གྱིས་བརླབས་ལ། ཡང་ཕྱག་རྒྱ ་ཆེན་པོ་བསམས་ཏེ། ཨོཾ་བཛྲ་ཏིཥྛ་མཊ་ཅེས་བྱ་བ་མིག་གཉིས་སུ་བཀོད་དེ། དེ་བཞིན་དུ་ལངས་ལ་ཕྱག་རྒྱས་གནས་པས་ཐམས་ཅད་དུ་བལྟས་ཏེ། སྙེམས་པས་ཧཱུཾ་འདོན་ཞིང་སོད་ལ་རྐང་པ་གཉིས་ཀྱི་འོག་ཏུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྐང་པ་ནས་བརྩམས་ནས ་ནམ་མཁའ་ཨི་ཁམས་མ་ལུས་པ་དང་མཉམ་པར་གནས་པའི། སའི་ཆ་རྡོ་རྗེར་གྱུར་པར་ལྷག་པར་མོས་པར་བྱས་ལ། རྡོ་རྗེའི་ལྟ་བས་ཀྱང་གཡོན་པས་བགེགས་བསལ་ཏེ། སྐོར་ཕྱོགས་དང་སྟེང་ཕྱོགས་དང། ནམ་མཁའ་ཨི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་མཚམས ་གཅད་པ་དང། ར་བ་དང་དྲ་བ་དག་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་པ། ཕྱག་བཞི་པའི་གསང་བའི་གཟུགས་ཅན་གྱི་དཀྱིལ་འཁོར་ཕྱག་རྒྱ་དང། སྔགས་འདི་དང་ལྡན་པས་དཀུག་པར་བྱའོ། །ོཾ་མ་ཧཱ་བཛྲ་མཎྜལ་ཧཱུཾ་ཛ། ་རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་བོང་དང་མཛུབ་མོ་རྡོ་རྗེར་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དགུག་པར་བྱེད་པ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཕྱག་རྒྱའོ། །ོཾ་བཛྲ་ཙཀྲ་ཨ་ཏི་ཏིཥྛ་སིདྡྷ་ཧཱུཾ། ཞེས་བྱ་བའི་ཕྱག་རྒྱ་འདི་དང་ལྡན་པས་དཀྱིལ་འཁོར་ཡང་བྱིན་གྱིས་བརླབ ་པར་བྱའོ། །རྡོ་རྗེའི་ཁུ་ཚུར་གཉིས་འཁོར་ལོ་བསྐོར་བའི་ཚུལ་དུ་མགལ་མེ་བསྐོར་བ་ལྟར་བྱ་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེད་ག་རྡོ་རྗེ་ཕུར་བུ་མཛའ་ཡས་དང་རྣམ་པར་རྒྱལ་བ་དང། སྤྲིན་སྒྲ་དང་གསུས་པོ་ཆེ་རྒྱལ་བ་ཞེས་བྱ་བ་དང་རིམ་པ་བཞིན་དུ ་སྟེང་གི་འཁོར་ལོ་སྒྱུར་བ་དང། རྡོ་རྗེ་ཧཱུཾ་མཛད་དང། འཕགས་པ་འཇམ་དཔལ་དང་གཤིན་རྗེ་གཤེད་དང། རྡོ་རྗེ་ཆེན་པོ་དང། རྟ་མགྲིན་ལྟ་བུ་ལ། འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བསྐྱེད་ལ་ཙན་དམར་པོས་བྱུག་ཅིང། སྐད་བུ་དམར་པོ་དང། མེ་ཏོག་གི་འཕྲེང་བ་དམར ་པོས་བཅིངས་ལ། ཨོཾ་ཀོ་ཏ་ཡ་ཏྲི་ཡ་ཏ་མ། ཙི་ཏ་ཏྲ་ཏི་ཏ་མ་ཊ་ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་ལ། ཕྱིའི་དཀྱིལ་འཁོར་གྱི་གྲཝ་བཞིར་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་ཐལ་མོས་བརྡུད་བར་བྱའོ།། ་དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་བགེགས་བསལ་ལ། བསྲུང་བ་བྱས་ཏེ་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱིས་སྒྲ་བཅད་ལ་རྡོ་རྗེ་གནོད་སྦྱིན་གྱིས་བསྲུངས་པས་ཡང་དག་པར་བསྲུང་སྟེ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པ་དཀྱིལ་འཁོར་གྱི་སྒོར་བསང་གཏོར་བྱ་བའི ་ཕྱིར་གཞག་པར་བྱའོ། །དེ་ནས་སྤོས་ཆུ་ལ་རྡོ་རྗེ་གནོད་སྦྱིན་གྱིས་བཟླས་ལ་དེ་ཉིད་འདོན་ཅིང། སྤོས་ཆུས་དཀྱིལ་འཁོར་གྱིས་གཞི་བྱུག་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་དྲིའི་དཀྱིལ་འཁོར་བྱས་ལ། ལག་པས་བྲན་ནས་ཧཱུཾ་ལན་བདུན་དེ་དག་ལ ་བཟླས་ཏེ། དེ་རྣམས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནམ་མཁའ་ཨི་ཕྱོགས་ནས་ཕབ་སྟེ། ཧཱུཾ་ཉིད་ཀྱིས་བཅུག་ལ། མཆོད་པ་རྣམ་པ་ལྡས་མཆོད་དོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་དུ་བཤད་པའི་མཚན་ཉིད ་རྣམས་དང་ལྡན་པ་སྨན་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་ཡང་དག་པར་ལྡན་པར་བྱས་ལ། ཆུ་ཉུང་ཟད་བླུགས་ཏེ། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། རྡོ་རྗེ་སེམས་དཔའ་ལ་རེ་རེ་ཞིང་ཡང་ལན་བརྒྱ་རྩ་བརྒྱད་བཟླས་པའི་མཆོད་ཡོན ་བུམ་པའི་སྟེང་དུ་གཞག་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་རྡོ་རྗེ་དང། མེ་ཏོག་གི་ཡལ་ག་ཕྲེང་བ་རེ་རེ་ཞིང་ཡང་ཉི་མ་གཉིས་པ་ལ་དེ་དུས་གསུམ་དུ་བཟླས་བརྗོད་བྱའོ་།དེ་ལྟར་བུམ་པའི་བསྙེན་པ་བྱས་ནས་རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་སེམས་དཔའ་དང ་སངས་རྒྱས་སྤྱན་གྱིས་མར་ལ་སོགས་བའི་སྦྱིན་སྲེག་རེ་རེ་ཞིང་བརྒྱ་རྩ་བརྒྱད་བྱས་ཏེ་འདིའི་ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། མཆོད་པ་བཅུ ་གཉིས་ཀྱི་འཁོར་དང་བཅས་པ་ཡང་དག་པར་ལེགས་པར་མཆོད་ལ་སྔ་མ་བཞིན་དུ་ཕྱག་བྱས་ནས་མཆོད་ཡོན་ཕུལ་ཏེ། སློབ་མ་ལྷག་པར་གནས་པའི་ཆོ་ག་བྱའོ། །དེ་ལ་དང་པོར་ལག་ན་མེ་ཏོག་ཐོགས་པའི་སློབ་མས། སློབ་དཔོན་ལ་ཕྱག་བྱས་ལ། འདི ་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བཙལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། ་སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ་།ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ། ལག་པ་གཡས་པས་རྡོ་རྗེ་བླངས་ཏྟེ། སུ་ར་ཏ་ས་མ་ཡ་སྟཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། ཞེས་བྱ་བའི ་སྙིང་པོས་དེའི་སྙིང་གར་རྡོ་རྗེ་བཞག་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་པར་བྱ་སྟེ། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་དེས་བློ་ལ་རྡོ་རྗེ་སེམས་སྩོགས་པའི། །བདེ ་བར་གཤེགས་པ་རྣམས་ནི་བྱིན་མི་རློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང། །རྗེས་སུ་ཡི་རང་ཡང་ན་བགྱིད་བཙལ་གང། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གིས་ནི། །སྤྱན་སྔར་མ་ལུས་དེ་དག་སོ་སོར་གཤགས། །བདེ་གཤེགས་རྣམས་ཀྱི་ཚོགS ་གཉིས་བསགས་པ་དང། །སྲས་རྣམས་ཀྱི་ནི་ཟབ་ཅིང་མཛའ་མེད་པའི། །འགྲོ་བ་མ་ལུས་དོན་རྣམས་གྲུབ་མཛད་དང། །དེ་ལས་གཞན་པ་འམ་བདག་ནི་ཡི་རང་ངོ། །ཐུགས་རྗེས་གདུངས་པའི་ཐབས་དང་ལྡན་གྱུར་ཅིག། བློ་གྲོས་སྡིག་མེད་གཏི་མུག་ཚོགས ་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །རབ་མཆོག་བློ་ཡི་ཀུན་དགའ་ཟེར?་བ་སྟེ། །དམན་པ་འཇིགས་པར་བྱེད་པས་འཁོར་ལོའི་ཚུལ། །སྲིད་པའི་འབྱོར་བ་ཟིལ་གྱིས་གནོན་པའི་ཕུལ། །གསུང ་མཆོག་ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང། །བློ་གྲོས་རྣམ་རྒྱས་ཐུགས་རྗེ་ཆེན་པོའི་ཡིད། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་གསོལ་ཞིང། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུའི ་རྗེས་ཐོགས་བདག་པོའི་ཡིན་ཉིད་ལ། །འབྲས་བུའི་ནུས་པས་སྒྲའི་ཆོགས་ལས་རྒྱལ། །སོ་སོར་རིག་དང་སྙིང་རྗེའི་རྩབ་ཅན། །བྱང་ཆུབ་ཡང་དག་རིག་པ་བདག་གིས་བཟུང། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་ཕྱིར་དང། །སྐྱབ་པའི་ཕྱིར་རམ་ཡང་ན་བདག་གི ་སེམས། །ཡང་དག་ཉིད་དུ་དག་པར་བྱ་བའི་ཕྱིར། ཐམས་ཅད་རྩ་མཆོག་ཉིད་དུ་ལྟོས་པ་མེད་པར་སྦྱིན། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང། །བསམ་གཏན་དང་ནི་ཤེས་རབ་བླ་མེད་པ། །བདག་དང་གཞན་རྣམས་དག་པར་བྱ་ཕྱིར་འདི། །སྐད ་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་གཤེགས་སྔགས་ལ་རྒྱ་ཆེར་མཁས་པ་དང། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་འདི་རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །འདི་ན་མཁའ་བཞིན་དུ་ནི་གནས་པར་བགྱིད། །ཅེས་ལན་གསུམ་བརྗོད་དོ།། ་བདག་གི་དགེ་བའི་རྩ་བ་ཡང་དག་པར་བསྡུས་པ་འདིས། བདག་གིས་ཐམས་ཅད་ཡོངས་སུ་བཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་ཐེག་པ་ཐམས ་ཅད་དང་ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་བཞག་པར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་བར་གྱུར་ཀྱང། སེམས་ཅན་འགའ་ཡང་མྱ་ངན་ ་ལས་རངས་པར་གྱུར་པ་མེད་དོ། །ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡོངས་པའི་སེམས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་སོ་སོར་རྟོགས་པའི་ཕྱིར་བསླབ་པར་བགྱིའོ། །བདག་གིས ་སྟོབས་བཅུ་དང། མི་འཇིགས་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས?་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པས་ལུས་པ་ལ ་མངོན་པར་གནས་ཤིང་བསྒྲུབ་པར་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྡོ་རྗེ་ལྟ་བུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུབས་སྟེ། འདི་ཉིད་ཀྱིས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའོ། །དེ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པར་བྱས་པའི་དགེ་བའི་རྩ་བའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་བདེ་བ ་མཛའ་ཡས་པ་ལ་གནས་པའི་ཀུན་ཏུ་བཟང་པོའི་སྦོད་པ་ཞེས་བྱ་བ་རྫོགས་པ་ལ་གདུལ་བར་བྱ་པའི་སྐྱེ་བོའི་ཚོགས་མ་ལུས་པ་ལ་བདེ་བའི་དབང་ཕྱུག་གི་རབ་ཏུ་དབྱེ་བ་མང་པོ་ཡང་དག་པར་བསྟན་པས་སྨིན་པར་བྱ་ཞིང། རབ་ཏུ་དགའ་བའི་གཟེངས་བསྟོད ་པ་ལ་ངེས་པར་སྦྱར་བར་བྱའོ། །དེ་ནས་དཔལ་ཆེན་མོས་སློབ་མའི་ལག་ཏུ་དྲི་ཕྱིན་པ་དང། རབ་ཏུ་དག་པས་མེ་ཏོག་རབ་ཏུ་དགའ་བས་བདུག་སྤོས། སྤྱན་གྱིས་མར་མོ་སྦྱིན་ཞིང་བཛྲ་ཧ་ས་ཞེས་བྱ་བ་མངོན་པར་བཟླས་ཤིང། ཕྱག་རྒྱ་མཆོག་གིས་བསྲུང་བ་བྱས ་པའི་ཨ་ཤྭད་ཐ་ལས་བྱས་པའི་དྲི་བགོས་ཤིང་མེ་ཏོག་གི་བཅིངས་པའི་སོ་ཤིང་དང། བཛྲ་ཏཱིཀྵཎ་ཞེས་བྱ་བ་བཟླས་པའི་ཀུ་ཤ་གསར་བ་སློབ་མ་ལ་སྦྱིན་པར་བྱའོ། །དེ་ནས་དཔུང་པ་གཡོན་པར་མདུད་པ་གསུམ་དང་ལྡན་པའི་བསྲུང་སྐུད་ལ་ཨོཾ་བཛྲ་རཀྵ་ཧཾ་ཞེས ་བྱ་བའི་སྔགས་འདི་བཟླས་ལ་བདག་ཉིད་ཀྱིས་ཡང་དག་པར་བཅིང་བར་བྱའོ། །དེ་ནས་ཨོཾ་བུདྡྷ་མེ་ཧྲི་བཛྲ་རཀྵ་ཧཾ་ཞེས་བྱ་བ་མདུད་པ་དང་ལྡན་པའི་སྔགས་བྱམས་པའི་གོ་ཆས་གོ་བསྐོན་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ་མཛུབ་མོ་གཉིས་ཀྱིས་མདུད་པ་དང། །བདག་གམ་གཞན་ལ་གོ་བསྐོན་ན། །བདག་གམ་གཞན་ལ་གོ་བསྐོན་ན། །བདག་པོ་ཡི་ནི་བསྲུང་བར་འགྱུར། །ཡང་ཨོཾ་བཛྲ་སཏྭ་ཨུཥཏཱི?་ཤ་ཧཱུཾ་ཕཊ། ཅེས་བྱ་བ་སློབ་མའི་སྤྱི་གཙུག་ཏུ་དགོད་དོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་གདམས་པ་དམ་བྱས ་ལ། །མཐེ་བོ་བསྙམས་པ་བཅུག་ནས་སུ། །མཛུབ་མོ་རྩེ་མོ་བཀབ་པས་ནི། །སེམས་དཔའ་ཨི་གཙུག་ཏོར་ཞེས་བྱར་གྲགས། །དེ་ནས་སྒྲེབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཞིན་བཟངས་དག་ལོངས་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་གྱིས ་ཤིག། ནད་པར་ཆེན་པོའི་གྲོང་ཁྱེར་མཐོང་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་མཆོད་པ་བྱས་ལ་བདུག་སྤོས་བཏུལ་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ཉེ་བར་སྙན་གསན་དབབ་པ་སྤྱན་དྲངས་ལ་བྱའོ། །རྡོ་རྗེ་སེམས ་དཔའ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ ་དེ་བས་སྣང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་བས། །བྱང་ཆུབ་སེམས་དཔའ་ཨི་དགྲ་བཅོམ་དང། །གསང་སྔགས་ལྷ་གཞན་གང་ལགས་དང། །འཇིག་རྟེན་སྐྱོད་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཆེན་དང། །གང་སུ ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སེང་ནི་དཀྱིལ་འཁོར་བཟང་པོའི་མིང། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ ་འབྲི་ལེགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །ལྷ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས ་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། མཚན་བརྒྱ་རྩ་བརྒྱད་ལས་བསྟོད་དེ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། སློབ་མ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པ་བྱས་ནས་སློབ་མའི་ཚོགས་དང་བཅས་པའི་སློབ ་དཔོན་དཀྱིལ་འཁོར་གྱི་སའི་མཛའ་ལོགས་སུ་ཉལ་བར་བྱའོ། །དེ་ནས་སྐྱ་རེངས་ཤར་བའི་དུས་སུ་ཁྲུས་བྱ་བ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་བྱས་ལ། ཉི་མ་ཤར་བའི་དུས་སུ་དཀྱིལ་འཁོར་བྲི་བ་བརྩམ་པར་བྱས་ཏེ། དེ་བཞིན་དུ་དང་པོའི་རྡོ་རྗེར་བསྐྱེད ་ནས། དང་པོ་ཁོ་ནར་སྲད་བུ་མཚོན་དམར་པོ་དང། ལྗང་གུ་དང། སྔོན་པོ་དང་སེར་པོ་དང། དཀར་པོ་དྲི་ཞིམ་པོས་སོ་སོར་བརྩོ་བར་བྱའོ། །དེ་ནས་རིམ་པ་ཉིད་ཀྱིས་བཞག་ལ། ཧྲི་ཨོཾ་ཧཱུཾ་ཏྲཾ་ཨ་ཞེས་བྱ་བ་ས་བོན་གྱི་ཡི་གེ་རྣམས་ལས་དེ་བཞིན་གཤེགས་པ་འོད ་དཔག་མེད་དང། དོན་ཡོད་པར་གྲུབ་པ་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། རྣམ་པར་སྣང་མཛད་སྲད་བུ་ལ་རྣམ་པར་བསམས་ལ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་སོགས་པ། རང་རང་གི་ཕྱོགས་ན་བཞུགས་པ་རང་གི་ས་བོན་གྱི ་འོད་ཟེར་སྲད་བུ་རང་རང་གི་ཐུགས་ཀ་ལས་ཡང་དག་པར་བཏོད་པར་བསམ་པར་བྱའོ། །དེ་ནས་དེ་རྣམས་འབར་བའི་ལྟ་བ་དང། ཛ་ཧྲི་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། འབར་བའི་ལྟ་བ་དང། ལྕགས་ཀྱུས་བཀུག་ནས་རང་གི་ལག་པ་གཉིས་སུ་བཞག་ལ། ་རང་གི་ལག་པར་བཞག་པ་དེ་རྣམས་ཀྱིས་ཕྱི་རོལ་གྱི་སྲད་བུ་ལ་ཀུན་ཏུ་གང་བར་བསམས་པ་བསྒྲིལ་བར་བྱ་སྟེ། ཨ་ནོ་མྱ་ཨ་ནུ་ག་ཏ་སརྦ་དྷརྨ་པ་རས་པ་རས་ཨ་ནུ་པྲ་བི་ཤྲ་སརྦ་དྷརྨ་ཧཱུཾ། ཨ་དྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨ་ཧཱུཾ། ཞེས་བརྗོད་པར་བྱའོ། །དེ་ནས་དྲི་བཟང ་བོས?་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། མེ་ཏོག་གིས་གཏོར་ཏེ་ཡང་དག་པར་མཆོད་ལ། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་དཀྱིལ་འཁོར་གྱིས ་དྲི་ཞིམ་པོས་བྱུགས་ལ། མེ་ཏོག་གི་སིལ་མ་གཏོར་ཏེ། ནམ་མཁའ་ལ་བཞུགས་པའི་བཅོམ་ལྡན་འདས་མེ་ཏོག་ལ་སོགས་པ་དང། གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། མིག་གཡས་གཡོན་དུ་ཛ་གཉིས་ལས་ཉི་མ་དང་ཟླ་བ་ཁ་དོག་སེར་པོ་བསྐྱེད ་དེ། ཡིད་ལ་ཧཱུཾ་འདོན་ཅིང་རྣམ་པར་སྣང་མཛད་དུ་བསྒྱུར་ནས། བཛྲ་ཀརྨ་ཞེས་བརྗོད་དེ། རང་གི་སྙིང་ལས་བསྒྲུབས་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་སུ་དྲངས་ལ་ཕྱུང་སྟེ་ཧཱུཾ་ཞེས་བྱ་བ་ཟློས་ཤིང་ཡང་རྡོ་རྗེ་འཛིན་པ་ཆེན་པོར་བདག་ཉིད་བསམས་ལ་དྲི་ཞིམ་པོ་དང། ་ཡུངས་ཀར་དང་ལྡན་པའི་ཚོན་དཀར་པོ་དང་ལྷན་ཅིག་བགོས་ཏེ། སྲང་བུ་དེ་དང་པོའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཕྱི་ནས་ཅི་བདེར་བྱ་བ་དང། རིམ་པ་འདིས་ཐིག་གདབ་པར་བྱའོ། །དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་སྟེ། ཡི་གེ་ཛས ་བསྒྲུབས་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་ཅན་གྱི་ལག་དུ་བཏང་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་སློབ་དཔོན་ནུབ་ཏུ་བལྟས་ནས། ཤར་དུ་བལྟས་ཏེ། ཚངས་པའི་ཐིག་གདབ་པར་བྱའོ། །ཡང་ལྷོ་ཕྱོགས་སུ་གནས་ནས། ་བྱང་ཕྱོགས་སུ་བལྟས་ཏེ། ཚངས་བའི་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་ཤར་ལྷོར་མཚམས་སུ་གནས་ནས་བྱང་དུ་བལྟས་ཏེ། ཕྱིའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་ནས་ནུབ་བྱང་མཚམས་སུ་གནས་ནས་ལྷོ་ཕྱོགས ་སུ་ཁ་བལྟས་ཏེ། ནུབ་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་གནས་ནས་ཤར་དུ་ཁ་བལྟས་ཏེ་བྱང་ཕྱོགས་ཀྱི་ལེགས་ཐིག་གདབ་པར་བྱའོ། །ཡང་ཤར་ལྷོ་མཚམས་ཀྱི་ཆ་ལ་འདུག་ནས། ནུབ་ཕྱོགས་སུ་བལྟས་ཏེ་ལྷོ་ཕྱོགས ་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་འཁྱམས་ཀྱི་ཐིག་དང། ལྷའི་སྣམ་བུའི་ཐིག་གདབ་པར་ཤེས་པར་བྱའོ། །ཐམས་ཅད་དུ་སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་ནི་གཡས་སུ་བསྐོར་བའི་ཚུལ་གྱིས་འགྲོ་བར་ཤེས་པར་བྱའོ། །དེ་ནས་ཤར་ལྷོའི་མཚམS ་སུ་གནས་ནས་ནུབ་བྱང་མཚམས་ཀྱི་བར་དུ་སྲང་བུ་བརྐྱང་སྟེ་ཐིག་གདབ་པ་དང། ཡང་ལྷོ་ནུབ་མཚམས་སུ་འདུག་ལ་བྱང་ཤར་མཚམས་སུ་སྲད་བུ་བརྐྱང་སྟེ་ཐིག་གདབ་པར་ཤེས་པར་བྱའོ། །དེ་ནས་སྒོ་དང་སྐོ་ཁྱུད་གདབ་སྟེ། དེ་ལ་ཐིག་གི་སྔགས་ནི་འདི ་ཡིན་ཏེ། ཨོཾ་བཛྲ་སུ་ཏྭ་ས་མ་ཡ་བུ་ཏ་མཱ་ཏིཀྲ་མ་ཧཱུཾ་ཞེས་བྱའོ། །ཛ་ཛ་ཛ་ཞེས་བྱ་བའི་ཛ་གསུམ་དང། སྒྲུབ་པའི་གྲོགས་མཆོག་གི་སྲད་བུ་དྲང་བར་བྱའོ། །དེ་ལ་སྒོ་ཐམས་ཅད་དང་སྒོ་ཁྱུད་ནི་བརྒྱད་ཆར་བྱའོ། །སྒོ་འགྲམ་དང། ཁ་ཁྱེར་དང་ལྷའི་སྣམ་བུ་ནཾ་སྒོའི ་ཕྱེད་ཀྱི་ཚད་དོ། ཚོན?་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་དོ། །རྟ་བབས་ནི་སྒོའི་སུམ་འགྱུར་དུ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ནི། ནང་གི་དཀྱིལ་འཁོར་ཏེ། ཟུར་བཞི་པ། སྒོ་བཞི་པ། ཀ་བ་བརྒྱད་དང། རྟ་བབས་མེད་པར་ལེགས་པར་ཐིག་གདབས། ་དཀྱིལ་འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུར་བུ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ། སྟེང་རྡོ་རྗེ་རྩེ་ལྔ་ལྟ་བུར་བྱས་ཏེ། ཧཱུཾ་ལས་བསྐྱེད་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་ཏེ། རྡོ་རྗེས་བརྡུང་བར་བྱའོ། །དེ་ལ་བཏགས ་པའི་སྲད་བུས་ནང་གིས་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཐིག་གདབ་པར་བྱའོ། །དེ་ལ་དཀྱིལ་འཁོར་བརྒྱད་འདྲ་བའི་ཀ་བ་བརྒྱད་ཀྱི་ཐིག་ཆ་མཉམ་པར་ཐིག་གདབ་པར་བྱ་སྟེ། ཤར་ཕྱོགས་ཀྱི་ཕྱིའི་ཀ་བའི་ཐིག་ནི། ལྷོ་ཕྱོགས་ཀྱི་ཆར་འདུག་ལ ་བྱང་དུ་བལྟས་ཏ་ཐིག་གདབ་པར་བྱའོ། །ནུབ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་བྱང་ཕྱོགས་ཀྱི་ཆར་གནས་ལ་ལྷོ་ཕྱོགས་སུ་བལྟས་ཏེ་གདབ་པོ། །བྱང་ཕྱོགས་ཀྱི་ཆར་ཀ་བའི་ཐིག་ནི་ནུབ་ཕྱགས་སུ་འདུག་ལ་ཤར་གྱི་ཕྱོགས་སུ་བལྟས་ཏེ་གདབ་པར་བྱ་སྟེ། ལྷོ ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་ཤར་ཕྱོགས་ཀྱི་ཆར་འདུག་ལ་ནུབ་ཏུ་བལྟས་ཏེ་གདབ་པོ། །དེ་ནི་ལུང་ལས་གསུངས་པའི་ཐིག་གདབ་པའི་ཆོག་བཤད་པར་བྱ་སྟེ། དེ་ནས་ཐིག་ནི་གདབ་བྱ་བ། །སྲད་བུ་ཉིས་འགྱུར་དག་གིས་ཏེ། །ནམ་མཁའ་ཐམས་ཅད་ཆར་འགྱུར་བས།། ་ཚད་མེད་པ་ནི་ཚད་ཡིན་ནོ། །བཟང་པོ་སངས་རྒྱས་ཀུན་གྱི་གནས། །ཕྱོགས་རྣམས་ཐམས་ཅད་མཉམ་པ་ཉིད། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཟུང་བཞི་པ་ལ་སྒོ་བཞི་པ། །ཁྱམས་རྣམས་ཀྱིས་ནི་ལེགས་པར ་བསྐོར། །རྟ་བབས་བཞི་དང་ཡང་དག་ལྡན། །འོད་ཟེར་འབར་བས་འཁྲིགས་པ་ཡི། །དཀྱིལ་འཁོར་ཀུན་གྱི་གྲཝ་རྣམས་དང། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་རབ་གནས་བའི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །མི་མཉམ་མེད་པས་ཟུར་བཞི ་སྟེ། །དྲན་དང་དབང་བོ་སྒོ་བཞིའོ། །བསམ་གཏན་རྣམས་ནི་རྟ་བབས་བཞི། །ཏིང་འཛིན་ཁ་ཁྱེར་ཤེས་པར་བྱ། །ཁ་ཁྱེར་ལ་བརྟེན་རྡོ་རྗེའི་བདག་།གཟུགས་རྣམས་ལྷ་མོས་མཆོད་པ་ཡིན། །རྒྱན་རྣམས་ཀུན་གྱིས་བཀྲམ་པ་ཡང། །བསམ་པ་ཐམས་ཅད་རྫོགS ་བྱེད་པའོ། །གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག་།དར་འཕན་དྲིལ་བུ་སྒྲོགས་པ་ཡིན། །མེ་ལོང་ཡེ་ཤེས་རྟག་མེ་ལོང། །བྱང་ཆུབ་ཡན་ལག་མེ་ཏོག་བྱེད། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག་།ཉི་མ་ཟླ་བ་ཡང་དག་ལྡན། །ཀུན་གྲུབ་མི་བཟད་བདེ་བ་སྟེ། །བདེ་བ ་ཆེན་པོ་ཞེས་གྲགས་པའོ། །ཕྱིའི་དཀྱིལ་འཁོར་རོ། །དེའི་ནང་གི་དཀྱིལ་འཁོར་ནི། །དཀྱིལ་འཁོར་པ་རྒྱུད?་བདག?་དང?་མཚུངས། །རྡོ་རྗེའི་ཐིག་ནི་ཡོངས?་བཏབ་པས། །རྡོ་རྗེ་འཁོར་ལོ་ཞེས་བྱར་གྲགས། །བྱང་ཆུབ་སེམས་ནི་ཐེག་པ་ཆེ། །རྡོ་རྗེའི ་ཐིག་ནི་རབ་བསྐོར་བས། །རྡོ་རྗེ་ཐིག་ནི་ཡོངས་བཏབ་ལ། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །ཡང་དག་བྲིས་ཏེ་ཀུན་གྱི་མཆོག་།ཐར་པ་ཆེན་པོའི་རང་བཞིན་འགྲོ་།ཐོག་མ་མེད་ཅིང་མཆོག་ཉིད་པས། །ཕྱོགས་རྣམས་ཐམས་ཅད་མཉམ ་པ་ཡིན། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱ་ན། བཛྲ་རཱ་ཛ་ཧཱུཾ་ཕཊ་ཅེས་བརྗོད་ལ། དཀྱིལ་འཁོར་ལྟེ་བ་ལ་གནས་པའི་ཕུར་བུ་ཕྱུང་ལ། འོག་ནས་བཤད་པའི་ཚོན་སྣ་ལྔས་ཕུར་བུའི་ཁ་བཀད་སྟེ ་མཉམ་པར་བྱའོ། །དེ་ནས་མིག་གཉིས་སུ་ཧྲ་ལས་ཟླ་བ་དང་ཉི་མ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་ཏུ་བལྟས་ཏེ། སྒོ་རྣམས་བྱའོ། །དེ་ནས་ཚོན་སྦྱངས་པ་བཤད་པར་བྱ་སྟེ། ཨོཾ་ཙི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བས། ཕྱག་འདི་དང་ལྡན་པས་ཚོན་ཐམས ་ཅད་ཁ་ལན་བདུན་བཟླས་ན། རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་ལས་ནི། །མཛུབ་མོའི་རྩེ་མོ་མཉམ་སྦྱར་བས། །བྱས་ལ་ཚོན་རྩི་ཐམས་ཅད ་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཧྲི་ཞེས་བྱ་བའི་ཐར་ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་བཅིངས་ལ་སྤེལ་བར་བྱའོ། །དེ་ཚོན་རྩི་དཀར་པོ་ལ་ནི། དེ་བཞིན་གཤེགས་པ་དཀར་པོའི་ཕྲ་རབ་རྣམས་བཞུགས་པར་བྱའོ། །སེར་པོ་ལ་ནི་སེར་པོའོ། །སྔོན ་པོ་ནི་སྔོན་པའོ། །ལྗང་གུ་ལ་ནི་ལྗང་གུའོ། །དམར་པོ་ལ་ནི་དམར་པོ་བཅུག་ནས། །ཇི་སྐད་དུ་བཤད་པའི་འབར་བའི་ལྟ་བས་མངོན་པར་སྦྱངས་པའི་དུས་སུ་ཡང་དང་པོའི་རྡོ་རྗེས་ཐོག་མཚོན་དགྱེ་བ་བརྩམ་པར་བྱའོ། །ཚོན་ཐམས་ཅད་དབང་ལྡན་གྱི ་ཕྱོགས་ནས་བརྩམས་ཏེ་བསྐོར་ཕྱོགས་སུ་ཧཱུཾ་བཟློས་ཤིང་དགྱེ་ལ། དེའི་འོག་ཏུ་ཇི་ལྟར་དགའ་བས་ཚོན་དགྱེ་བར་བྱའོ། །དེ་ལ་ཚོན་དགྱེ་བའི་རིམ་པ་ནི་འདི་ཡིན་ཏེ། དམར་པོ་དང། ལྗང་གུ་དང། སྔོན་པོ་དང། སེར་པོ་སྟེ། དཀར་པོ་ན་ཐམས ་ཅད་ཀྱི་ནང་རོལ་དུའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། །དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨའི་གདན་ལ། དཔལ་རྡོ་རྗེ་སེམས་དཔའ་མཚན་ཉིད་སྔར་བཤད་པ་ལྟ་བུའི་ལུགས་མ་ལ་སོགས་པའི་གཟུགས་བཀོད་ལ། ཧཱུཾ་གིས་ཀྱང་བར་སྣང་གི་ཕྱོགས་ནས་སྤྱན ་དྲངས་ནས། གཟུགས་དང་ཅིག་ཏུ་བསྲེ་བར་བྱའོ། །དེ་བཞིན་དུ་ཐམས་ཅད་ལའང་ཤེས་པར་བྱའོ། །གང་གི་ཕྱིར་ལྷ་ཐམས་ཅད་ཀྱི་ཡང་དགོད་པའི་སྙིང་པོ་ནི་ཧཱུཾ་འདི་ཉིད་དོ། །དེ་ལ་དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ་སྐུ་མདོག་དམར་སྐྱ། དེ་བཞིན་གཤེགས་པ་ལྔའོ ་ཅོད་པན་ཅན། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མེ་ཏོག་ཅན་གྱི་གཞུ་བསྣམས་པ། ཕྱག་གཡས་པ་རྡོ་རྗེ་རྩེ་གཅིག་པའི་མདེའུ་ཅན་གྱི་མདའ་གསོར་བ་བརྩོན་པའོ། །དེའི་གཡས་སོགས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལི་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པས། རྡོ་རྗེ་ཁུ་ཚུར་བཅིངས་པའི་ཕྱག ་གཉིས་ཀྱིས་རང་གི་ཐུགས་ཀའི་ཕྱོགས་སུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་མདོག་དམར་པོ་བསྣམས་ནས་འཁྱུད་པའི་ཆུལ་དུ་བཞུགས་པའོ། །དེའི་རྒྱབ་ཏུ་རྡོ་རྗེ་དྲན་པ་སྐུ་མདོག་སྔོ་དམར་སྐྱ། ཕྱག་གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ་ཕྱག་གཡོན་གྱི་བ་དན་ལ་བསྙེམས ་པ་དང་བཅས་པས་བཞུགས་པའོ། །དེའི་གཡོན་ལོགས་སུ་རྡོ་རྗེ་བསྙེམས་པ་དང་བཅས་པའི་གསེར་བཙོ་མ་ལྟ་བུའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གྱི་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ཏེ། སྐུ་གཉིས་སུ་བསྙེམས་པ་དང་བཅས་པ། དབུ་གཡོན་དུ་ཅུང་ཟད་འདུད་ལ། སྒེག་བ་དང ་བཅས་པའོ། །ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་རབ་ཏུ་དགའ་བ་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པའོ། །ལྷོ་ནུབ་མཚམས་སུ་རབ་ཏུ་དགའ་མ་སྐུ་མདོག་ཀཱི་ལི་ཀཱི་མི་དང་མཐུན་པའོ། །ནུབ་བྱང་མཚམས་སུ་སྦྱན་མ་སྐུ་མདོག་རྡོ་རྗེ་དྲན་པ ་དང་མཐུན་པའོ། །བྱང་ཤར་མཚམས་སུ་དཔལ་ཆེན་མོ་རྡོ་རྗེ་བསྙེམས་པ་དང་མཐུན་པའོ། །དེ་དག་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ། མེ་ཏོག་གི་ཟམ་ཏོག་དང། སྤོས་ཁང་དང། མར་མེའི་སྡོང?་བུ་དང། དྲིའི་དུང་ཆོས་རང་གི་སྤྱི་བོའི་ཕྱོགས་སུ་ཐལ་མོ་ཁ་ཕྱེ་བས་ ་འཛིན་པའོ། །རྡོ་རྗེ་འཕྲེང་བའི་ཕྱི་རོལ་གྱི་ནང་དུ་ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་དཀར་པོ་རྩེ་ལྔ་པ་བསྣམས་པ། ས་གནོན་གྱི་ཕྱག་རྒྱས་བཞུགས་པའོ། །དེའི་གཡས་ཕྱོགས་སུ་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས?་ཤིང་གཡོན ་བསྙེམས་པ་དང་བཅས་པའོ། །གཡོན་དུ་འཇམ་དཔལ། གཞོན་ནུར་གྱུར་པ་ནམ་མཁའ་ཨི་མདོག་ཅན། གཞོན་ནུའི་ཆ་ལུགས་འཆང་བ་མཛུབ་མོ་དང་བཅས་པ་ཕྱག་བཞི་རལ་གྲི་བཞི་དེ་བཞིན་གཤེགས་པ་རྣམས་ལ་འདེབས་པའོ། །རྡོ་རྗེ་ཕྲེང་བའི་ནང་ལྷོ་ཕྱོགས་སུ ་རིན་ཆེན་འབྱུང་ལྡན་བཻ་ཌཱུརྱ་སྔོ་བསངས་ལྟ་བུའིམདོག་ཅན། རྡོ་རྗེ་རིན་པོ་ཆེ་མཆོག་སྦྱིན་པའི་ཕྱག་གིས་བསྣམས་པའོ། །དེའི་གཡས་ལོགས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོ་སྐུ་མདོག་མ་རྒད་ལྟ་བུ་རང་གི་མགོ་ལ་དབང་བསྐུར་བའི་ཕྲེང་བ་རང ་ཉིད་འཆིང་བ་ཞལ་རྣམ་པར་བཞད་པའོ། །གཡོན་ལོགས་སུ་ནམ་མཁའ་མཛོད་སྐུ་མདོག་སྣ་ཚོགས་པ། ཕྱག་ན་རྡོ་རྗེ་དང། སྣ་ཚོགས་དྲིལ་བུ་བསྣམས་ནས་རྡོ་རྗེ་སྙེམས་པ་འགྱིངས་ནས་བཞུགས་པ་ཞལ་རྣམ་པར་བཞད་མཛད་པའོ། །རྡོ་རྗེ་ཕྲེང་བའི་ནང་གི ་ནུབ་ཕྱོགས་སུ་འོད་དཔག་ཏུ་མེད་པ་གསེར་བཅོམ་ལྟ་བུའི་མདོག་ཅན་པདྨ་བསྣམས་བ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་ཆོས་སྟོན་པར་མཛད་པའོ། །དེའི་གཡས་ལོགས་སུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་སྐྱ། གཡོན་བསྙེམས་པས་པདྨའི་སྟོད ་བུ་འཛིན་པས་ཕྱག་གཡས་པས་རང་གི་ཐུགས་ཀར་པདྨ་ཁ་ཕྱེད་བར་མཛད་པའོ། །གཡོན་ལོགས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གསེར་གྱི་མདོག་ཅན། ཕྱག་གཡོན་པ་གདན་ལ་བརྟེན་པ། ཕྱག་གཡས་པའི་གུད་མོའི་རྩེ་མོར་རྡོ ་རྗེ་འཁོར་ལོ་རྩིབས་བརྒྱད་པ་རང་གི་ཐུགས་ཀའི་ཕྱོགས་སུ་བསྐོར་བའི་ཚུལ་དུ་བསྣམས་པ་ཞལ་རྣམ་པར་བཞད་པས་བཞུགས་པའོ། །རྡོ་རྗེ་འཕྲེང་བའི་ནང་གི་ནུབ་ཕྱོགས་སུ་དོན་ཡོད་གྲུབ་པ་སྐུ་མདོག་སྣ་ཚོགས་པ། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས ་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་ཁུ་ཚུར་གསེར་གྱི་མདོག་ཅན་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བསྣམས་ནས་ཞལ་རྣམ་པར་བཞད་ནས་བཞུགས་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་གནོད་སྦྱིན་སྐུ་མདོག་སྔོན་པོ་རྡོ་རྗེ་མཆེ་བ་རྣམ་པར ་གཙིགས་པ། འབར་བའི་འཕྲེང་བ་ཀུན་ཏུ་འཁྲིགས་པའི་འོད་མངའ་བ་འཇིགས་པར་མཛད་པ། ཧ་ཧ་ཞེས་གསལ་བར་བཞད་པའི་ཞལ་གྱིས་བཞུགས་ཤིང། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་མཆེ་བའི་མཚོན་ཆ་རྣམས་ནས་ཞལ་གྱི་གྲཝ་གཉིས་སུ་འཛག་པར་བཞུགས ་པའོ། ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ལྷོ་མཚམས་ཀྱི་ཕྱོགས་སུ་རྡོ་རྗེ་སྒེག་མོ། །རྡོ་རྗེ་ཡིད་ལས་བྱུང་བའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས་གཉིས་ཀ་བསྙེམས་པར་བྱ་སྟེ། དབུ་གཡོན་དུ་འདུད་པས་ཕྱག་འཚལ ་བའོ། །ལྷོ་ནུབ་མཚམས་སུ་རྡོ་རྗེ་བཞད་པས་རྡོ་རྗེ་ཀཱ་ལི་ཀཱི་ལི་དང་མདོག་འདྲ་བ་ཕྱག་གཡས་ན་སོའི་འཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས་བསྣམས་ནས་བཞད་པའི་ཚུལ་དུ་མཛད་པའོ། །གཡོན་གྱི་གདན་ལ་བརྟེན་ཏེ་བཞུགས་པའོ། །ནུབ་བྱང་དུ་རྡོ་རྗེ་ཀླུ་ཆེན་མོ ་སྐུ་མདོག་རྡོ་རྗེ་དྲན་པ་དང་འཐུན་པའོ། །རྡོ་རྗེ་པི་བང་བརྡུང་བ་ལ་བརྩོན་པར་མཛད་པའོ། །བྱད་ཤར་མཚམས་སུ་རྡོ་རྗེ་གང་མ་རྡོ་རྗེ་བསྙེམས་པ་དང། འཐུན་པ་ཕྱག་གཉིས་ཀྱིས་རྩེ་གསུམ་པ་བསྣམས་ཏེ། གང་མཛད་པའོ། །ནང་དང་ཕྱི་རོལ་ཏུ་བཅས་པའི་ཤར་གྱི་སྒོ ་གཉིས་སུ་རྡོ་རྗེ་གཟུགས་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་འཐུན་པ། ཕྱག་ན་མེ་ལོང་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་སྒྲ་སྐུ་མ་དོག་ཀཱི་ལི་ཀཱི་ལ་དང་འཐུན་པ། བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་རོ་སྐུ་མདོག་རྡོ་རྗེ་བསྙེམས་པ་དང་མཐུན་པ། ཕྱག ་ན་རོའི་སྣོད་བསྣམས་པའོ། །དེའི་ཕྱིར་འདི་དག་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་གཉིས་ཡིན་པར་འདོད་དེ། མེ་ལོང་དང། པི་བང་དང། དྲིའི་སྣོད་དང། རོའི་སྣོད་ནི་གཟུགས་ལ་སོགས་པའི་ཕྱག་མཚན་ཡིན་ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་ནོ ་ཞེས་རྩ་བའི་རྒྱུད་ལས་གསུངས་པ་ཡིན་པས་སོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་གྱི་འཁྱམས་ཀྱི་ནང་དུ། འདོད་པའི་ཁམས་ཀྱི་དབང་ཕྱུག་དང། ཚངས་པ་དང། ལྷ་ཆེན་པོ་དང། ཁྱབ་འཇུག་དང། བརྒྱ་བྱིན་ཆུང་མ་དང་བཅས་པར་བྲིའོ། །ལྷོར ་ཉི་མ་དང། ཟླ་བ་དང། སྤེན་པ་དང། མིག་དམར་པོ། །ནུབ་ཏུ་སྟོབས་ཀྱི་ལྷ། དཔྱིད་ཀྱི་ལྷ། རྒྱལ་བ། རྒྱལ་བ་ནོར་བསྱིན། རླུང་ལྷ། མེ་ལྷ། ལུས་ངན་པོ་རྣམས་བྲིའོ། །བྱང་དུ་ཕག་དང། གཤིན་རྗེ་ཚོགས་ཀྱི་བདག་པོ་དང། ཆུ་ལྷ་ལ་སོགས་པ་རྣམས་སྡར ་བཤད་པའི་རིམ་གྱིས་ཆུ་ལྷའི་མཐར་ཐུག་གི་བར་དུ་ཆུང་མ་དང་བཅས་པར་འབགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོས་བྲི་བར་བྱའོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་གཟུགས་ཀྱི་བར་དུ་ནི་སེམས་དཔའ་ཨི་སྐྱིལ ་མོ་ཀྲུང་གིས་ནི་བཞུགས་པའོ། །རྡོ་རྗེ་སེམས་དཔའ་ནི་ཤར་ཕྱོགས་སུ་གཟིགས་ནས་བཞུགས་པའོ། །ལྷག་མ་རྣམས་ནི་རང་གི་བདག་པོ་ལ་གཟིགས་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་བྲིས་ནས། ཕྱི་དྲོའི་དུས་སུ་མཚམས་ལ་བབ་པ་ན། དཔལ་རྡོ་རྗེ ་?་མཛད་ཀྱི་སྦྱོར་བ་བྱས་ལ། ཁྲོ་བོ་ཏི་རིན་ཏི་རའི་བཅིངས་ཏེ། བཛྲ་དང་ཧཱུཾ་བཞི་བཟློས་ཤིང་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱའོ། །དེ་ནས་བསྐོར་བ་ལན་བདུན་བྱས་ལ་ལྷག་པ་དང་མཚང་བ་རྣམས་ཉེས་པ་ཞི་བར་བྱ་བའི་ཕྱིར། རྡོ་རྗེ་དྲིལ་བུ་དཀྲོལ་ལ ་དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ། གར་བྱ་བའི་ཚུལ་གྱིས་བླངས་ཏེ། འཕྲེང་བས་དབང་བསྐུར་བའི་སྔགས་ཀྱིས་རང་གི་མགོ་ལ་བཅིངས་ནས་སྒོ་དབྱེ་བ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་དཔལ་རྡོ་རྗེ ་སེམས་དཔའ་ཨི་རྣལ་འབྱོར་བྱས་ལ། ས་ར་ཏ་བཛྲོ་ཧཾ་ཞེས་བྱ་བ་ལ་སོགས་པ་དང། གཞན་ཡང་རང་གིS་མིང་བརྗོད་ཅིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཧཱུཾ་ཨ་ཞེས་བྱ་བ་དང། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི ་ལྟེ་བར་རང་གི་རྡོ་རྗེའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསམས་ལ་ཧཱུཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བས། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་བདག་ཉིད་བསམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་རེའི་བར་གྱི་ཕྱག ་རྒྱ་ཆེན་པོ་བཅིངས་ལ་ཧཱུཾ་ཨ་ཞེས་བྱ་བ་དང། རྡོ་རྗེའི་གཟུགས་སུ་རོའི་སྣོད་བསམ་མོ། །དེ་ནས་ཧཱུཾ་བཛྲ་ར་ས་བྷ་ཛ་ནོ་ཧཾ་ཞེས་བྱ་བ་དང། ཕྱག་རྒྱའི་ང་རྒྱལ་དུ་བསམས་ལ། ཧཱུཾ་བཛྲ་ར་སོ་ཧཾ་ཞེས་བྱ་བས། ཕྱག་རྒྱའི་གཟུགས་དེ་རྡོ་རྗེ་རོའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་བདག ་ཉིད་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བསླུ་བ་དང་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྡོད་པ་དེ་བཞིན་བྱས་ལ། རྡོ་རྗེ་ཅན་གྱི་སྤྱན་སྔར་རྡོ་རྗེ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འདུག་ལ། ཡོངས་སུ་བརྟགས་པའི་དཀྱིལ་འཁོར་དེར་གསང་བའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར ་དང་བཅས་པ་སྤྱན་དྲངས་ལ། དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་ལ་སོགས་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་གནོད་སྦྱིན་གྱིས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། དེ་བཞིན་དུ་མཆོད་ཡོན་ཕུལ་ནས་དང་པོ་?་རྡོ་རྗེ ་བསྒྲུབ་པར་བྱའོ། །དེ་ནས་དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་བསམས་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པའི་བར་གྱི་ལས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོ་ཉེ་བར་བསན་ནས། དབང་བསྐུར་བའི་ཕྱག་རྒྱ་རྣམས ་ཀྱིས་དེ་རྣམས་དབང་བསྐུར་ལ། མཆོད་ཡོན་ཕུལ་ཏེ། བུམ་པ་གང་བ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་པར་བྱའོ། །དྲིལ་བུ་མཆོག་བཏགས་རྒྱལ་མཚན་དག་།གྲཝ་རྣམས་སུ་ནི་བཞག་པར་བྱ། །ཕྱིའི་མཚམས་ཀྱི་གནས་སུ་ནི། ། ་བུམ་པ་ཡལ་གར་བཅས་པས་མཛེས། །ཕྱག་ན་རྡོ་རྗེའི་སྤྱན་སྡར་ཡང། །བུམ་པ་སྤོས་ཆུས་གང་བ་བཞག་།གང་ཞིག་རྡོ་རྗེར་བཅས་པ་ལ། །ནགས་ཀྱི་ལྕུག་མས་བཟླས་བརྗོད་བྱ། །འདི་སྐད་སྟོན་པར་འགྱུར་ཏེ། རྩ་བ་ནག་པོར་རི་མེད་པ། ལརོ་བ་ཆེ་ལ། མགྲིན ་པ་མཐོ་བ། མཆུ་འབྱང་བ། བྱུ་རུ་དང། གསེར་དང། དུང་དང། མུ་ཏིག་དང། པདྨ་ར་ག་སྟེ། རིན་པོ་ཆེ་ཐམས་ཅད་དང། འབྲི་ཧ་ཏི་དང། ཀ་ན་ད་ཀ་རི་དང། ཧ་ས་དང། དཎྚི་ཨུད་པ་ལ་དང། ཨ་པ་ར་ཛི་ཏ་དཀར་པོ་སྟེ། སྨན་ཐམས ་ཅད་དང། འབྲས་སཱ་ལུ་དང། ནས་དང། གྲོ་དང། ཏིལ་དང། མ་ཤ་སྟེ་འབྲུ་ཐམས་ཅད་དང། ཙན་དན་དཀར་པོ་ལ་སོགས་པ་དང་ལྡན་པའི་ཆུ་དང། མེ་ཏོག་དཀར་པོ་དང། དྲི་ཤིན་ཏུ་ཞིམ་པ་རྣམས་ཀྱི་ཡོངས་སུ་བཀང་ལ། ཕྱི་རོལ་ཀུན་ཏུ་དྲི ་ཞིམ་པོས་བྱུགས་ཏེ། མེ་ཏོག་གི་འཕྲེང་བ་བཏགས་ལ། རང་གི་ལྷའི་ཕྱག་རྒྱས་མཚན་པ་དང། མགུལ་པར་རས་གཙང་མ་དཀར་པོས་བཀྲིས་ལ། འབྲས་བུ་དང། ལོ་མ་བཟང་པོ་དང་ལྡན་པའི་ཡལ་གས་ཁ་བརྒྱན་པ། དང་པོའི་རྡོ་རྗེས་ཡོངས་སུ་བཟུང་བའི ་མེ་ཏོག་གི་ལྕུག་མ་ལ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཤིང་ཧཱུཾ་ཡང་བཟླས་ལ། ཕྱི་རོལ་ཀུན་དུ་ལྷ་རེ་རེ་ཞིང་དབུལ་བར་བྱ་སྟེ། དེ་ལ་དང་པོར་དཔལ་རྡོ་རྗེ་སེམས་དཔའ་ཨི་མདུན་དུ་གཅིག་དབུལ་བར་བྱའོ། །ཡང་བུམ་པ་ཅིག་འཇུག་པའི་སྒོར་མངོན་དུ་ཕྱོགས ་པར་གཞག་གོ་དེ་ལྟར་བུམ་པ་ཕུལ་ནས་བུམ་པ་གང་བ་ཡང་སོ་སོར་དབུལ་བར་བྱའོ། །དེ་ལྟར་འབྱོར་པར་མ་གྱུར་ན་བཅོམ་ལྡན་འདས་ལ་བུམ་པ་གཅིག་།ལྷག་མ་རྣམས་ལ་བུམ་པ་བཅུ་དང། བུམ་པ་གང་བ་ཡང་དབུལ་བར་བྱ་སྟེ། བཅུ་ལས་ནི ་ཉུང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བུམ་པ་རྣམས་དང། བུམ་པ་གང་བ་ཡང་ཕུལ་ནས། རས་ཟུང་འབུམ་འམ། ཁྲི་འམ། སྟོང་ཕྲག་གཅིག་གམ་ལྷ་རེ་རེ་ཞིང་རེ་རེ་རྡོ་རྗེ་རིན་པོ་ཆེ་དང། ཧཱུཾ་གཉིས་བཟླས་ལ་དབུལ་བ་དང། ་བླ་རེ་རྒྱལ་མཚན་དང། བ་དན་སྣ་ཚོགས་པ་རྣམས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བྱའོ། །མེ་ཏོག་གི་ཤིང་བརྒྱ་འམ། བཞི་འམ། མེ་ཏོག་ཐམས་ཅད་སྔར་བཤད་པའི་མེ་ཏོག་གི་རིག་སྔགས་ཀྱིས་དབུལ་བ་དང། ་དྲ་ཐམས་ཅད་ཀྱང་དྲིའི་རིག་སྔགས་ཀྱིས་དབུལ་བ་དང། ག་བུར་དང་ཨ་ཀ་རུ་དང་དུ་རུ་ཀ་དང། ཙན་དན་ལ་སོགས་པ་བདུག་པ་རྣམས་ནི་བདུག་པའི་རིགས་སོ། །ཁ་ཟས་རོ་བརྒྱ་ལ་སོགས་པ་ནི་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པས་སོ། །མར་མེ་ལ་སོགས་པ་ནི་མར་མེའི་རིག ་སྔགས་མངོན་པར་བཟླས་ལ། བཛྲ་སཕ་ར་ཎ་ཁཾ་ཞེས་བརྗོད་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར་བྱའོ། །མ་འབྱོར་ན་བཅུ་ལས་ཉུང་བར་མི་བྱའོ། །མར་མེའི་སྡོང་བུ་དང་བཅས་པའི་སྣོད་ཆེན་པོ་སྟོང་བཞག་པར་བྱའོ། །ཐན་མར་མེའི་སྣོད་ཆེན་པོ ་བཞི་མར་མེའི་རིག་སྔགས་ཉིད་བཟླས་ལ་དབུལ་བར་བྱའོ། །རོལ་མོ་བརྒྱ་སྟོང་དམ་རོལ་མོའིསིལ་སྙན་ཧཱུཾ་གིས་རོལ་མོའི་ཕྱག་རྒྱ་དང་ལྡན་པས་བཟླས་ལ་དབུལ་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལག་པའི་སོར་མོ་རྣམས་ཀྱིས། རོལ་མོ་བརྡུང་བ་རྣམ་པ་?ནུ་པོ་འདི་ལྟ ་སྟེ། པི་འང?་དང། གླིང་བུ་དང། རྔ་དང་མུཀུན་དང། ཆ་ལང་དང། རྔ་བོ་ཆེ་དང། རྫ་རྔ་དང། རྔ་རིངས་དང། ཀུན་ཛ་དང། ཏི་མི་ལི་བརྡུང་བའི་ཚུལ་དུ་བྱེད་པའོ། །ཕྱི་རོལ་གྱི་གར་ལ་སོགས་པ་ཡང་ཧཱུཾ་ཉིད་ཀྱིས་དབུལ་བར་བྱའོ། །དར་དབྱངས་འཕྱང་བ་དང། ་མེ་ཏོག་གི་ཆུན་པོ་དང། རྔ་ཡབ་ཀྱིས་རྣམ་པར་བརྒྱན་པ་དང། དྲ་བ་དང། དྲ་བ་བྱེད་པས་སྤྲས་པ་དང། ཟླ་བ་བྱེད་དང་བཅས་པས་ཉེ་བར་མཛེས་པར་བྱས་པ་དང། རྟ་དང། གླང་པོ་ཆེ་དང། བ་ལང་གི་ཁྱུ་མཆོག་ཤིན་ཏུ་བརྟགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས ་ཡིད་དུ་འོང་བ་དྲིལ་དུ་ལ་སོགས་པ་དང་བཅས་པ་ཡང་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། ཨོཾ་གྱི ་རིན་པོ་ཆེ་སྣ་བདུན་དང། དཔག་བསམ་གྱི་ཤིང་དང། ཁ་ཟས་རོ་བརྒྱ་དང། གླུ་དང་གང་ལ་སོགས་པའི་སྤྲིན་རྣམས་སྤྲུལ་ལ། དཔྲལ་བའི་ཕྱོགས་སུ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སརྦ་བིཏཔཱུར་པཱུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོ། །ཞེས་བྱ་བས་དེ་རྣམས་དབུལ ་བར་བྱའོ། །དེ་ནས་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎོཾ། ཨཱ་དྱ་ནུད་པན་ན་ཏྭཱཏ། ཅེས་པས་མངོན་པར་བཟླས་ལ། འདི་ཉིད་བརྗོད་ཅིང་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། རྡོ་རྗེ་གནོད་སྦྱིན་དང། ་རྡོ་རྗེ་སྤྱན་ལ་སོགས་པས་སྦྱིན་སྲེག་བྱས་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཚུལ་གྱིས་ཐབ་ཀྱི་དབུས་སུ་མེ་ཏོག་གིས་བཞུགས་སུ་གསོལ་ལོ། །ཧཱུཾ་ཟློས་ཤིང་མར་ལ་སོགས་པའི་རྫས་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས ་རྡོ་རྗེ་ཡོད་ལས་བྱུང་ལ་སོགས་པ་ནས། རྡོ་རྗེ་རོའི་བར། ཨ་ཧཱུཾ་བཟློས་ཤིང་རེ་རེ་ལ་སྦྱིན་སྲེག་བདུན་བདུན་དབུལ་བར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ། ཨོཾ་སརྦ་ཡོ་ག་ཙི་ཏ་ཨུཏ་པ་ཏ་ཡ་མི་ཞེས་བྱ་བས་བྱང་ཆུབ ་ཆེན་པོའི་སེམས་བསྐྱེད་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ནས། རང་གི་སྙིང་གར་ལེགས་པར་བཞག་ཏེ། ཧཱུཾ་ཞེས་བྱ་བས་རྡོ་རྗེ་བསྐྱེད་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སུ་ར་ཏ་ས་མ་ཡ་སྟཝཾ་ཧོ། བཛྲ་སིདྡྷ་ཡ་པཱ་སུ་ཁ། །དེ་ནས ་སྒོར་བཞག་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ལ། རས་དམར་པོའི་གོས་ཟུང་གོན་ཞིང་མེ་ཏོག་ཕྲེང་བ་བཏགས་པ་དང། གདོང་དྲི་ཞིམ་པོས་བྱུགས་ལ། ཇི་སྐད་དུ་བཤད་པའི་གར་ལས་བྱུང་བའི་རྡོ་རྗེ་ཐལ་མོ་བཅིངས་ནས་དེ་དང་མེ་ཏོག ་བླངས?་ཏེ། དེ་སྙིང་གའི་ཕྱོགས་སུ་བསྐོར་ནས་བཞག་ལ། བཛྲ་བཛྲ་ཧཱུཾ་ཞེས་བྱ་བ་བཟློས་ཤིང་སློབ་དཔོན་འཇུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོར་བཛྲ་ཨོཾ་གུ་ཤ་ཛ(རྒྱུད་འགྲེལ་དཀྱིལ་འཁོར་ཆེན་པོ་དེར་དེ་བཞིན་དུ་འཇུག་པར་བྱ་སྟེ། བཛྲ་པཱ་ཤ་ཧཱུཾ་བརྗོད་ལ། རྡོ་རྗེ་བསྡམས་པ་ལས། ཞག་པས་བདག་ཉིད་གཞུག་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་དེ་བཞིན་དུ་བདག་ཉིད་ཞུགས་ལ། བཛྲ་སཕོ་ཊ་བཾ་ཞེས་བྱ་བས་རྡོ་རྗེ་? ་སྒྲོག་བཅིངས་ཏེ། བདག་ཉིད་བཅིང་བར་བྱའོ། །ཡང་བྱང་ཕྱོགས་ཀྱི་སྒོར་ཞུགས་ལ་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བས་བདག་ཉིད་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། མཧཱ་ར་ཏ་སུ་ཊི་ཌཧ་སུ་ཏོ་ཤྱ་སུ་མུ་ཁོ་བཛྲ་སཏྭ་ཨ་དྷཡ་སིདྡྷཡ་?་ཞེས་བརྗོད་དེ་རྡོ་རྗེ་གར་ཨ ་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་བྱའོ། །དེ་སྐད་དུ་ཞུགས་ནས་མགོན་ལ་ཕྱག་བྱས་ཏེ། གཡོན་པའི་རྡོ་རྗེ་མིག་དང་ནི། །གཡོན་བསྙེམས་འཛུམ་པའི་མཆོག་གིས་ནི། །རོལ་པའི་མིག་ནི་བཙུམ་པར་བྱ་ཞེས་གསུངས་པའི་ཕྱིར་རོ། །ོཾ ་?་མ་སུ་ཁ་ཨ་ཤ་ཡ་སུ་ལ་ལི་ཏ་?་སྱ་ན་མི་ཏན་མི་ཏོཏ། བྷ་ག་བཱན་ཏ་མ་ཛ་ཧཱུཾ་བཾ་ཧོ་ཧི་ཧི་ཧི་ཧི་ཧི་ཧི་པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཞེས་བྱ་བ་ནི་ཕྱག་འཚལ་བའི་རིག་སྔགས་སོ། །ཡང་བཞུགས་པའི་ཕྱག་རྒྱ་བཅིངས་ལ། དཀྱིལ་འཁོར་ལན་གསུམ་བསྐོར ་བར་བྱའོ། །དེ་ནས་ཡང་མདུན་དུ་འདུག་ལ་དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་པར་བྱས་ཏེ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆོས་ནི་ནོར་ཆེ་ཞིང། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔར་དེར་བདག་འགྲུབ། །ཛ(རྒྱུད་འགྲེལ་ཆུ་འཐུངས་ལ། །ས་བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཡང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་ཕྱེ་ལ། བདག་ཉིད་ལ་དབབ་པར་བྱ་སྟེ། ཨོཾ་ཨ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་ཉིད་ཀུན་དུ་གང ་བར་བས་?་མོ། །དེ་ནས་ཧཱུཾ་གིས་མེ་ཏོག་གིས་ཕྲེང་བ་དོར་ལ། དེ་སླར་བླངས་ཏེ་རང་གི་མགོ་ལ་དེ་ཉིད་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོད་གཡོགས་བཀྲོལ་ལ། དེ་ཉིད་བཟློས་ཤིང་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། རྡོ་རྗེ་གཟུགས་ཀྱི་བར་གྱི་དཀྱིལ་འཁོར ་བལྟ་བར་བྱའོ། །ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་བཞུགས་པའི་ཕྱག་རྒྱ་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བ་ལྟ་ཞིང། ཇི་སྲིད་བཅོམ་ལྡན་འདས་ཀྱིས་མཐོང་བ ་སྣང་ནས། དངོས་གྲུབ་ཐམས་ཅད་རྩོལ་བ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་འདུག་ལ། ཤིས་པ་བརྗོད་པའི་ཚུལ་གྱིས་བདག་ཉིད་སྙིང་གར་གཞག་ལ། མཚན་བརྒྱ་རྩ་བརྒྱད་ལ་སོགས་པའི་བསྟོད་པ་བྱས་ལ། འདོད ་ཆགས་རྡོ་རྗེ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ཡང་དག་པར་མཆོད་དེ། གླུ་དང་རོལ་མོ་ལ་སོགས་པས་ཀྱང་མཆོད་ལ། ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཅོམ་ལྡན་འདས་རྡོ་རྗེའི་ལྟ་བས་བལྟས་ནས་རྡོ་རྗེ་ཐལ་མོ ་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །ཕྱག་བྱས་ནས་ཀྱང། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱས་ཏེ། དེ་ཡང་དང་པོ་ཁོ་ནར་དང་པོའི་རྡོ་རྗེས་བཟུང་བའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔགས་འདི་བཟླས་བརྗོད་ཉི་ཤུ་རྩ ་གཅིག་བྱ་སྟེ། ཨོཾ་མཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡ་ད་ཀ་སིདྡྷ་ཨ་བྷི་ཥིཉྩ་སརྦ་སུ་ཁ་སོ་མ་ན་སྱ་ནི་ཨ་ད་ད་ཀུ་རུ་ཀུ་རུ་ཇ(རྒྱུད་འགྲེལ་རྣམས་སུ་ལྷ་ཐམས་ཅད་དགོད་པར་བྱ་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་ཕྱག་རྒྱ་ཆེན་པོས་འདུག་ལ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གཟུགས་རང ་གི་མགོ་ལ་བཞག་སྟེ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་དེ། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་བྱའོ། །ོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛ(རྒྱུད་འགྲེལ་སུ་ར་སྟ་སྟཝཾ། ཞེས་བྱ་བས། ཐོག་མའི་རྡོ་རྗེ་རང་གི་མགོ་ལ་བཅིངས་ཏེ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་སྔར་བཤད་པའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ཐམས་ཅད་ཡང་དག་པར་བླངས་ཏེ། ལུགས་མ་འམ། བརྐོས་མ་འམ། བྲིས་པ ་འམ?། བྱས་པའི་སངས་རྒྱས་ཀྱི་ཕྲེང་བ་ལ་སོགས་པ་དང་ལྡན་པའི་ཅོད་པན་རྡོ་རྗེ་རིན་པོ་ཆེའི་སྔགས་དང། འཕྲེང་བའི་དབང་བསྐུར་བའི་སྔགས་བཟླས་པས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང། བདག་པོ་དང། མིང་གི་དབང་བསྐུར་བླངས་ལ་། ་དངོས་གྲུབ་ཀྱི་བརྟུལ་ཞུགས་གླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང། ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་ལ་མཆོད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱིས་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞིང། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན ་གྱིས་བརླབས་ལ། ཧཱུཾ་ཞེས་བྱ་ཞིང་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྔགས་བཟུང་སྟེ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང། གཟེང་བསྟོད་པ་དང། ལུང་བསྟན་པ་བླང་བར་བྱའོ། །བདག་ལ་བྱིན་གྱིས་བརླབས་པར་བྱས་ཏེ། ་ཇི་ལྟར་འདོད་པའི་ཆོ་གས་བཅོམ་ལྡན་འདས་རབ་ཏུ་བསྒྲུབས་ལ་ཕྱིར་དབྱུང་བར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་བ་རྫོགས་སོ།། །།དེ་ནས་སྔར་བཤད་པའི་ཆོ་ག་ཉིད་ཀྱིས་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་གྱིས་ལྔ་པོ་བསྡུས་པ་འདི་ཉིད ་བཅིངས་ལ། སླར་ཡང་ཞུགས་ཏེ་ཆོ་ག་ཐམས་ཅད་རྗེས་སུ་བཅད་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་སྔོན་ཁྱིམ་ལ་དགའ་བ་ཡིས། །སྲིད་པའི་དགེ་བ་དག་པའི་ཕྱིར། །འདོད་པ་ཀུན་གྱི་དངོས་གྲུབ་ཅེས། ། ་འགྲོ་བ་ཀུན་ཀྱང་གྲུབ་པར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པ་ཐམས་ཅད་ཀྱི་ཡང་དག་པར་མཆོད་དེ། སློབ་མ་གཞུག་པར་བྱའོ། །དེ་ལ་བསླབ་པའི་གཞི་ལྔ་བླངས་པ་འམ། །དགེ་སློང་དམ། དགེ་སློང་གི་བསླབ་པ་ཡོངས་སུ་བཟུང་བས་སྡོམ་པ ་གཟུང་ལ། དེས་སློབ་དཔོན་ལ་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ ་ཉིད་བདག་ལ་གསོལ། །སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་བའི་རས་དམར་པོ་བཟང་པོ་ཞིག་གིས་སྨད་གཡོགས་བྱ། གཅིག་གིས་བསྟོད་གཡོག་བྱས་ལ། ཡང་རྡོ་རྗེ་ལྕགས་ཀྱུ་དང། ཞགS ་ལ་དང། ལྕགས་སྒྲོག་དང། རྡོ་རྗེ་འབེབས་པའི་གདོང་གཡོགས་ལ་ཡོངས་སུ་བཟླས་ལ། དེས་སློབ་མའི་གདོང་གཡོགས་པ་དང། མེ་ཏོག་གི་ཕྲེང་བ་གདམས་ཤིང། གདོང་དྲི་ཞིམ་པོས་བྱུགས་ལ། ཕྱག་བཞི་བྱེད་དུ་གཞུག་གོ་།ཡང་ལག་ན་མེ་ཏོག ་ཐོགས་པ་ཉིད་ཀྱིས་སྡིག་པ་བཤགས་པ་དང། རྗེས་སུ་ཡི་རང་བ་བསྐུལ་བ་དང། གསོལ་བ་གདབ་པ་བྱས་ནས། སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བྱ་བ་ཡི།། ་སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་པ་ཡི་འཁོར་ལོ་སྦྱོར། །ཐར་པ་ཆེན་པོའི་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་གྱིས། །གསང་བ་ཐམས་ཅད་བསྡུས་པ་ནི། །སློབ་དཔོན་ཆེན་པོ་བདག་འཇུག ་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང། །དཔེ་བྱང་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་བརྩོལ། །དབང་སྐུར་ཆེན་པོ ་རྨད་འབྱུང་བ། །སེམས་ཅན་ཀུན་གྱིས་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདིར་ནི་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱོད། །གསང་བ་ཆེན་པོའི་རིགས་དག་བ། །ཤིན་ཏུ་སྦས་པ་ཡོངས་སུ་འཛིན ་པར་འདོད་དམ་ཞེས་དྲི་བར་བྱའོ། །དེས་ཀྱང་བདག་འཚལ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །དམ ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས ་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གྲགས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས ་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་བར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཞན་ཡང་བཅུ་བཞི་འདི་དག ་ནི། །ཕས་ཕམ་པར་ནི་ཡང་དག་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླས་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་ཆེན་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས ་གསད་མི་བྱ། །མ་བྱིན་བར་ཡང་མི་བླང་ངོ། །འདོད་ལ་ལོག་པར་མ་སྤྱད་ཅིག་།རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་རབ་ཏུ་སྡང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་རྟོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང། །དམ་པ་ཉེ་བར་བརྟེན་བྱ ་ཞིང། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །ངག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་པ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན།། ་འཁོར་བ་དག་ཀྱང་ཡོངས་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན ་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་པར་བྱའོ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་སྐད་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས་བརྩམS ་ཏེ། སེམས་ཅན་མྱ་ངན་འདས་ལང་གད་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་ཏ་པཱ་ར་ཡ་མི། ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ནས། རྡོ་རྗེ་སེམས་དཔའ་བྱིན་གྱིས ་བརླབས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེར་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་རླབ་པར་འགྱུར་གྱིས། དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།དད་པ་མེད་པ་རྣམS ་པ་སྨྲ?་བ་ཡང་མ་ཡིན་ནོ། །དེ་ནས་ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་དམ་ཚིག་རྩ་བས་ཏེ། །སངས་རྒྱས་ཐམས་ཅད་རབ་བསྒྲུབས་པས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །རིགས་རྣམས་ཐམས་ཅད་དེ ་བརླག་འགྱུར། །ོཾ་མཧཱ་སུ་ཁ་ཧ་ན་ས་མ་ཡ་ཨ་ཏི་ཀྲི་མི་ཎཾ་སུ་ར་སྟཝཾ། དེ་ནས་ཡོན་གྱིས་མཆོག་བླངས་ལ། སྒོར་བཞག་པའི་བུམ་པའི་ཆུས་དབང་བསྐུར་ནས། དང་པོ་རང་ཉིད་གཞུག་པའི་ཆོ་གས་གཞུག་པར་བྱའོ། །ཞུགས་ནས་འདི་སྐད་ཅེས་བརྗོད ་པར་བྱ་སྟེ། མཧཱ་ར་ཏི་སུ་ཏྲ་དྷི། སུ་ཏོ་ཤྱ། སུ་སུ་ཁོ། བཛྲ་སཏྭ་ཨ་དབྷཡ་སིདྡྷ་མཾ། ཞེས་སྨོས་ཤིག་ཅེས་བསྒོའོ། །དེ་ནས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེS ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པ་ཡང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག་།ཁྱོད་ཀྱི་དམ་ཚིག་ཉམས་པར་གྱུར ་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང། གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་གཞག་སྟེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱི་གལ་ཏེ་འགའ་ཞིག ་ལ་སྨྲས་ན་གླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང། མནའི་སྙིང་པོ་ཆུ་ལ་ཡོངས་སུ་བཟླས་ལ། སློབ་མ་འཐུང་དུ་གཞུག་གོ་།དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱིས། །དེ་ནི་སྙིང་ལ་ཡང་དག་བཞུགས།། ་གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཏུ་དྲལ་ཏེ་གཤེགས། །བཛྲོ་ད་ཀ་ཋ། དེ་ནས་སློབ་མ་ལ་འདི་སྐད་བསྒོ་ཞིག་།དེང་ཕྱིན་ཆང་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ཡང་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར ་གྱུར་ཅིག་།ཅེས་བརྗོད་དུ་གཞུག་གོ་།དེ་ནས་སློབ་དཔོན་གྱིས་མྱུར་དུ་སེམས་དཔའ་ཨི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ། དེའི་སྙིང་གར་བཞག་སྟེ། འདི་སྐད་ཅེས་བརྗོད་དུ་གཞུག་གོ་།འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ ་མེད་འདི། །དེ་རིང་ཉིད་དུ་འབབ་པར་ཤོག་།དེ་ནས་བཛྲ་ཨཱ་བ་ཤ་ཨ་ཞེས་བྱ་བ་འདི་ལན་བརྒྱ་ཟློས་སུ་གཞུག་གོ་།ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་བཅིངས་ལ། སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་ཆེ་སྟེ། ཧཱུཾ་ཨ(རྒྱུད་འགྲེལ་སྦྱོར་བ་གཉིས་ཀ་ལ་ཡང་འོད་ཟེར་དམར་པོ་འབར་བའི་འོད་ཀྱིས་ཀུན་ནས་འཁྲིགས་པའི་རྡོ་རྗེ་སེམས་དཔའ་ཀུན་དུ་གང་བར་བསམས་ན་ངེས་པར་འབབ་པར་འགྱུར་རོ། །ལྷའི་ཡེ་ཤེས་ཀྱང་འདི་ལས་སྐྱེ་བར་འགྱུར་རོ། །དེ་ནས་མེ་ཏོག་གི ་ཕྲེང་བས་དབང་བསྐུར་བ་དང། གདོང་གཡོགས་དགྲོལ་ཞིང་དཀྱིལ་འཁོར་བསྟན་པ་དང། འཇུག་པའི་ཕྱག་རྒྱས་དགྲོལ་བ་དང། སློབ་དཔོན་གྱི་ལས་ཀྱི་ཆོ་གར་བསྟན་པའི་སྦྱོར་བས་བྱེད་དུ་གཞུག་གོ་།དེ་ནས་དེ་བཞིན་དུ་པདྨ་བྲིས་ལ། སློབ་མ་དེ་རྡོ ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། པདྨ་དེ་ལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོས་ཉེ་བར་བཞག་ལ། ཡོན་གྱི་མཆོག་བླངས་ཏེ། མཆོད་ཡོན་བྱིན་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས ་ཆུ་བླངས་ཏེ། སློབ་དཔོན་གྱི་ཚོགས་དབང་བསྐུར་ཞིང་ཆུ་དེ་འཐུང་དུ་བཅུག་སྟེ། འདི་སྐད་ཅེས་བརྗོད་དོ། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །རྡོ་རྗེ ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་གནས་ཤིང། །དད་པ་མེད་པས་བརྒྱད་པར་འགྱུར། །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང། ཅོད་པན་གྱི་དབང་བསྐུར་བ་དང། རྡོ་རྗེ་དང་བདག་པོ་དང། མིང་གི ་དབང་བསྐུར་བ་དང། རང་གི་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་དང། ཆོས་དང་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་རྡོ་རྗེ་མཚོན་ཆ་ལ་སོགས་པས་དེ་ཡང་དག་པར་མཆོད་ལ། དེ་ལ་སྙིང་པོ་བྱིན་ཏེ། དང་པོར་མནའ ་མདོར་དུ་བཅུག་ལ། ལྷའི་ཕྱག་རྒྱ་བཞི་བསླབ་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བ་བཤད་དེ། སློབ་དཔོན་དུ་དབང་བསྐུར་བ་འོས་པ་བཅུག་ལ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་ཐམས་ཅད་དང། དཀྱིལ་འཁོར་དང། ལྷའི་དེ་ཁོ་ན་ཉིད་བསྟན་པར་བྱའོ། །འདི ་དག་གིས་ནི་དབང་བསྐུར་བར་འགྱུར་བ་ཡིན་ནོ།། །།དེ་ནས་དབང་བསྐུར་བའི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་རབ་ཏུ་ཁྲུ་དོ་དོར་ལ་དབང་བསྐུར་བའི་དཀྱིལ་འཁོར་ཤར་ཕྱོགས་ཀྱི་སྒོར་བལྟས་པས། ནང་གི་དཀྱིལ་འཁོར་གྱི་ཚད་ཙམ ་ཟུར་བཞི་པ་སྒོ་ནུབ་ཏུ་བལྟས་ལ། ཚོན་གྱིས་ཕྱེ་མ་སྣ་ལྔ་བྲི་བར་བྱ་སྟེ། དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་དང་པོའི་རྡོ་རྗེ་ཁ་དོག་དམར་པོ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དེ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། སྣ་ཚོགས ་པདྨ་དང། རས་ཀྱིས་གཡོགས་པའི་སེང་གེའི་གདན་ནས། སྟན་ནང་ཚངས་ཅན་རྡོ་རྗེ་རྩེ་མོ་མངོན་པར་བཟླས་པ་དེར་བཞག་སྟེ། དེ་ཡང་དབང་བསྐུར་བར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། དེའི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྔ་མ་བཞིན་དུ ་པདྨའི་གདན་བསམས་ནས། གདན་དེ་རྣམས་ལ་དང་པོའི་རྡོ་རྗེ་སྙིང་པོ་དང་བཅས་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དེ། གདན་དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོར་འདུས་ནས། དང་པོའི་རྡོ་རྗེ་དེ་ཉིད་དང། རྡོ་རྗེ་སེམས་དཔའ་ལ་སོགས་པས་སྙིང ་ག་དང། སྨིན་མཚམས་དང། ལྐོག་མ་དང། སྤྱི་བོ་རྣམས་སུ་བྱིན་གྱིས་བརླབས་པ་དང། སེང་གེའི་གདན་གྱི་སྟེང་དུ་བླ་རེ་བྲོ་ཞིང། གཡས་ལོགས་སུ་དང་དང། མེ་ཏོག་གི་ཆུན་པོས་བརྒྱན་པའི་གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན། ཧཱུཾ་གི་བཟླས་པ་བཞག་པ་དང། ་གཡོན་གྱི་ཕྱོགས་ཀྱི་ཆར་དང་སྣ་ཚོགས་པའི་རྒྱལ་མཚན་དང། བ་དན་ནམ་མཁའ་མཛོད་ཀྱི་སྔགས་བཟླས་པ་བཞག་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། དུད་དང། རྡ་རིངས་དང། རྔ་པོ་ཆེ་དང། རུ་དུད་ལ་སོགས་པའི་རོལ་མོ ་རྣམས་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་ཀྱིས་བརླབས་པའི་སྒྲ་དང། ཕྱི་རོལ་དུ་གླུ་དང་གར་རྣམས་བྱ་བ་དང། རྡོ་རྗེ་མཚོན་ཆ་ལ་སོགས་པས་མཆོད་དེ། དེ་ནས་ཡོན་གྱི་མཆོག་བླངས་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གཟུགས་དེའི་སྤྱི་བོར་བཞག་ལ། ་བཀྲ་ཤིས་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ལ་བཀྲ་ཤིས་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། ཕུན་སུམ་ཚོགས་པ་མངའ་པ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདྲ ་བའི་སྤྱན་མངའ་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས ་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག་།མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན ་ཕྱིར་བྱང་ཆུབ་མངའ་བའོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག་།འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། ་གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ལོ་མ་མ་ཏོག་འོད་འབར་ཉམས་དགའ་ལུམ་པའི་ཚལ། །ལྷ་མོ་དག་གིས་བསྟེན་པར་མགོན་པོ ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ན་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད ་རྩིའི་ཆུས་གཏོར་པ་ཡི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེ་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བ་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་སྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང ་བཀྲ་ཤིས་ངེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།དགྱེས་ཤིང་ནས་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་ཕྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ ་དགུ་རྣམས་ལ་ཞི་བྱེད་ཤོག་།བཻཌཱུརྱ་ལྟར་སྔོ་བའི་རྩཝ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ཆུ་བོའི་འགྲམ་ན་རྩུ་ཤའི་འཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ ་བྱུང་བ་སྲིད་པ་སེལ་མཛད་པ། །བླུ་ཡིས་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱིས་ཕྱོགས། །མང་པོ་བརྟུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།སྡུག་བསྔལ་མཛའ་དག་གཞིག་ཕྱིར་རྡོ་རྗེ་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམས་འདུལ་བ། །སྟོན་པ་བདེ་བར་གཤེགས་པའི ་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།གྲོང་ཁྱེར་བར་ཎཱ་སེར་གྲོང་ཁྱེར་མཆོག་ཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྐོར་བ་ཡི་བཀྲ་ཤིས་གང། །ལྷ་ཡུལ་དེང་འདིར་ཤིན་ཏུ་རྨད་དུ་བྱུང་འགྱུར་བ། །བཀྲ་ཤིས་དེས་ནི་སྐྱེ ་དགུ་རྣམས་ལ་ཞི་བྱེད་ཤོག་།བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པས། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་སེང་གེས་ཀུན་གསུངས་པ། །བཀྲ་ཤིས་ངེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།མུ ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང། །འགྲོ་ལ་བདེ་བ་བསྐྱེད་པའི་ཆོ་འཕྲུལ་དམ་པ་དག་།ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། འགྲོ་ལ་ཕན་ཕྱིར་མཐོ་རིས་གནས་ནས་འདིར་གཤེགS ་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ།། ་མན་དར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང། །བཀྲ་ཤིས་ངེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས ་མཆོད་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། །།དེ་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ། དང་པོ་བུམ་པ་གང་བ་དང་རྡོ་རྗེ་གཟུགས་ལ་སོགས ་པ་དེ་དག་དང། དེ་ནས་བུམ་པ་དེ་རྣམས་ཀྱིས་སོ། །དེའི་འོག་ཏུ་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། དེ་བཞིན་དུ་དབང་བསྐུར་བར་བྱ་ཞིང། བཟུང་དུ་ཡང་གཞུག་གོ་།དེ་ནས་ཕྱག་རྒྱའི་དབང་བསྐུར་པ་དང། ཅོད་པན་དང། དར་དབྱངས་ཀྱིས་དབང་བསྐུར་བ ་དང། རྡོ་རྗེ་དང། བདག་པོ་དང། མིང་གི་དབང་བསྐུར་བར་བྱིན་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཡང། སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང། རྡོ་རྗེ་མཚོན་ཆ་ལ་སོགས་པའི་མཆོད་པ་ཕྱག་རྒྱ་རྣམ་པ་བཅུ་གཉིས་དུམ་བུ་གཉིས་པའི་རྩ་བའི ་དཀྱིལ་འཁོར་དུ་བཤད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཆོས་དང་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་ཡང་མཆོད་པ་བཅུ་གཉིས་པོ་དེ་ཉིད་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ལས་བྱུང ་བའོ། །རྡོ་རྗེ་རིགས་ལས་ཁྲོ་བོའི་ཁུ་ཚུར་གཉིས་ལས་བྱུང་བའོ། །པདྨའི་རིགས་ལས་ནི་པདྨའི་ཁུ་ཚུར་གཉིས་ལས་བྱུང་བའོ། །རིན་པོ་ཆེའི་རིགས་ལས་ནི་རིན་པོ་ཆེའི་ཁུ་ཚུར་གཉིས་ལས་བྱུང་བ་བཟུང་བར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལ་ནི་ཁ ་དོག་སྣ་ཚོགས་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་ནི་དཀར་པོའོ། །རྡོ་རྗེའི་དཀྱིལ་འཁོར་ལ་ནི་སྔོན་པོའོ། །པདྨའི་དཀྱིལ་འཁོར་ལ་ནི་དམར་པོའོ། །རིན་པོ་ཆེའི་དཀྱིལ་འཁོར་ལ་ནི་སེར་པོར་ཤེས་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་རྣམས ་རྗེས་སུ་སྤྱད་ལ། ཡི་གེ་བྲས་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་ཐུར་མ་འམ། གསེར་གྱི་ཐུར་མ་བླངས་ལ། སློབ་མའི་མིག་གཉིས་སུ་པྲ་བཀོད་དེ། ཐུར་མ་དེས་དེའི་མིག་དུ་བྱུགས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན ་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་གསལ། །ོཾ་ནེ་ཏྲཻ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི(རྒྱུད་འགྲེལ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་ཉིད་ཤེས་ནས་སུ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཡི་གེ་ཧོས་མདའ་དང་བཅས་པའི་གཞུ་བྱིན་ལ། དེ་བཞིན ་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་གྱིས་ཤིག་ཅེས་བརྗོད་ལ། ཕྱོགས་བཞིར་མདའ་བཞི་འཕེན་དུ་གཞུག་།སྟེང་འོག་ཏུ་ཡང་འཕེན་དུ་གཞུག་ལ། །ོཾ་བཛྲ་རཱ་ག་ཧོ་ཞེས་ཀྱང་སྨྲར་གཞུག་པར་བྱའོ། །དེ་ནས་ཨ་བཛྲ་སཏྭ། ཞེས་པས་མེ་ལོང་བསྟན ་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་པ་བཞུགས། །དེ་བཞིན་གཤེགས་པ་ཀུན་བདག་གང། །བྱང་ཆུབ་སེམས་འདིར་ཤེས་པར་གྱིས ་དེ་ནས་བཛྲ་ཧེ་ཏུ་མ། ཞེས་བྱ་བས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་སུ་དགོད་པ་དང། བཛྲ་བྷཥ་རཾ་ཞེས་བྱ་བ་དང། དུང་ལག་པ་གཡས་པར་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ནི་འཁོར་ལོ་བསྐོར། །ཆོས་ཀྱི ་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག་།འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ།། ་ཕན་འདོགས་དྲིན་དུ་འཐོ?་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཀུན་དུ་ཁྱོད་ལ་བསྲུང་བར་བྱེད། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པ། །རྡོ་རྗེ་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིགས་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཁྲོ་བོའི་འཁོར་ལོ་རབ་ཏུ ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི ་ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། ཞེས་བྱ་བས། དེ་བཞིན་གཤེགས་པ་དང། རྡོ་རྗེ་སེམས་དཔལ་དང། རྡོ་རྗེ་ཧཱུཾ་མཛད་དང། འཇིག་རྟེན་དབང་ཕྱུག་དང། ནམ་མཁའ་སྙིང་པོའི་ང་རྒྱལ་དང། ཚིགས་སུ་བཅད་པ་འདི་རྣམས་ཀྱིས་རྗེས་སུ་གནང་བར་བྱིན་ལ། །རང ་གི་ལྷའི་སྙིང་པོ་སྦྱིན་པར་བྱའོ། །དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །གཟེངས་བསྟོད་པའི་ཕྱག་རྒྱ་བཅིངས་ལ། སློབ་མ་ཐམས་ཅད་ལ་དབང་བསྐུར་བར་བྱའོ། །ོཾ་འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། ་སྲིད་པ་གསུམ་དུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་དག་ལས་སྟོན། །ཀྱེའི་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟཝཾ་བྷུར་བྷུ་བ་སྭ:དེ་ལ་གཟེངས་བསྟོད་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། །གཡོན་པ ་ཆོས་གོས་ཀྱིས་མཛའ་འཛིན་པའི་ཚུལ་བྱས་ལ། གཡས་པ་མི་འཇིགས་པའི་ཚུལ་བྱས་ལ། ཆོ་ག་ལྷག་མ་རྣམས་ནི་དུམ་བུ་གཉིས་པ་ལས་ཤེས་པར་བྱའོ། །རྗེས་སུ་བསྒྲུབ་པ་དང། རྗེས་སུ་བསྒྲུབ་པའི་ལན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་སྦྱིན་སྲེག་བྱ་སྟེ ་སློབ་མས་བསང་གཏོར་བྱས་ལ། གཡོན་ལོགས་སུ་བཞག་སྟེ། དེའི་གཡས་པའི་མཐེ་བོང་ལག་པ་གཡས་པ་གཡོན་པས་བཟུང་ནས། ཧཱུཾ་གིས་མར་གྱི་སྦྱིན་སྲེག་ལན་བདུན་བྱས་ལ། བླུགས་གཟར་གྱིས་སློབ་མ་ལ་བསྐོར་བ་བྱ་སྟེ། དེ་ཉིད་ཀྱིས་དགད?་བླུགས ་གསུམ་དབུལ་བར་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱིས་དེ་བཞིན་དུ་སྦྱིན་སྲེག་བྱའོ། །དེ་ནས་སློབ་མའི་ལག་པར་རྡོ་རྗེ་གནོད་སྦྱིན་བཟླས་པའི་གདུ་བུ་བཏགས་ལ། དེ་ཉིད་བཟླས་པའི་ཆུས་གསང་གཏོར་བྱའོ། །ོཾ་དུ་རུ་སཕུ?་རུ་ཛཝ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ ་ནི་སྭཱཧཱ། ཞེས་བྱ་བ་སངས་རྒྱས་སྤྱན་གྱི་སྔགས་དང། སྙིང་གར་བྱུགས་ཏེ། སློབ་མ་བཏང་བར་བྱ་བ་ནི། སློབ་མའི་ཐུན་མོང་གི་ཆེ་གའོ། །གང་ཞིག་སློབ་དཔོན་གྱིས་དབང་བསྐུར་བ་ལ་ནི་དེ་ལ་དམིགས་ཏེ། མར་གྱི་སྲེག་བླུགས་བརྒྱ་ཧཱུཾ་ཞེས་བྱ་བ་དང་སྦྱིན་སྲེག ་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱིས་ཡང་སྦྲང་རྩི་དང། མར་དང་ཞོ་དང་བསྲེས་པའི་ཏིལ་གྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་སངས་རྒྱས་སྤྱན་གྱི་སྔགས་ཉིད་ཀྱིས་དབུལ་ལོ། །དེ་ནས་དེ་བཞིན་དུ་གང་དུ་བུ་བཏགས་ལ་བསང་གཏོར་བྱས་ཏེ། སྙིང་གར་བྱུགས་མས་ཡང་སྔ་མ ་བཞིན་དུ་ཐབ་ཀྱི་ནང་དུ་དཀྱིལ་འཁོར་བསམས་ལ། དཀྱིལ་འཁོར་པའི་ལྷ་རྣམས་ལ་སྦྱིན་སྲེག་ཕུལ་ནས། ཡང་དཀྱིལ་འཁོར་ལ་བཞུགས་པའི་བཅོམ་ལྡན་འདས་ལ་མཆན་བརྒྱ་རྩ་བརྒྱད་པས་བསྟོད་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཕྱི་རོལ ་དུ་གཏོར་མ་བྱིན་ལ་ཉེ་རེག་བྱ་སྟེ་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་སྔར་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས་།བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་པར་བྱའོ། །དེ་ནས་དེ་བཞིན་དུ་རང་གི་ལུས་ལ་སྤྲུལ་པའི་དཀྱིལ་འཁོར་བཅུག ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་ཉིད་པས། དེ་བཞིན་གཤེགས་པ་མཛའ་ཡས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས། རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད ་པས། ཆོས་ཐམས་ཅད་དུ་མ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས། ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །བདེ་བ་ཆེན་པོ་ལེགས་སོ་ལེགས། །ཐེག་པ་ཆེན་པོ་ལེགས ་སོ་ལེགས། །བློ་གྲོས་ཆེན་པོ་ལེགས་སོ་ལགས། །ཆོ་ག་འདི་ནི་ལེགས་པར་སྨྲས།། །།སྤྱན་དབྱེ་བའི་ཆོ་ག་བཞུགས་སོ།། །།རྒྱ་གར་སྐད་དུ། པྲ་ཏིཥྛ་བིདྡྷི། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག་།བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར ་