CLOSE WINDOW

N2138: dpal khams gsum rnam par rgyal ba'i dkyil 'khor gyi cho ga 'phags pa de kho na nyid bsdus pa'i rgyud las btus pa
Wyliee-texts based on the ACIP/ALL Input

དང། ལོ་ཙ་བ་དགེ་སློང་དགེ་པའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །།དཔལ་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་གྱི་ཆོ་ག་བཞུགས། །།རྒྱ་གར་སྐད་དུ། ཤྲཱི་ཏྲཻ་ལོཀྱ?་བི་ཛཱ་ཡ་མཎྜ་ལོ་པ་ཡི་ཀ་ཨཱརྱ་ཏཏྟ་སཾ་གྲ་ཧ་ཏནྟྲོ་དྷཡ་ཧི། བོད་སྐད་དུ། དཔལ ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁྱབ་བདག་གདུལ་དཀའ་ ་འདུལ་བ་གོ། །རྡོ་རྗེ་ཧཱུཾ་མཛད་ཕྱག་འཚལ་ཏེ། །འཇིག་རྟེན་གསུམ་རྒྱལ་འབྱུང་བ་ཡི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དེ་ལ་རེ་ཞིག་སློབ་དཔོན་གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ། རིག་པའི་སྡོམ་པ་ཡོངས་སུ་བཟུང་བ། གསང་བའི་ཆོ་ག་ཐམས ་ཅད་ཀྱི་བྱ་བ་ཤེས་པ། དཔའ་བ། བརྟན་པ། སྤྲོ་བ་ཆེ་བ། མཁས་པ། དུལ་བ། འདུལ་བའི་ཀུནྟུ་སྤྱོད་པ་ལ་གནས་པ། དད་པ་དང་ལྡན་པ། ཆོས་ཟབ་མོ་ལ་ལྷག་པར་མོས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་བློ་ཅན། ལུས་དང་སྲོག་ལ་ལྟོས་པ་མེད་པ ་གྲོགས་དཀྱིལ་འཁོར་མཐོང་བ། དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་ཚུལ་གྱི་ཆོ་གའི་བྱ་བ་ཤེས་པ། གཙང་ཞིང་གཙང་མར་སྤྱོད་པ། གསང་བའི་ཆོ་གའི་བྱ་བ་ལ་མཁས་པ། སྙིང་སྟོབས་དང་ལྡན་པ། བློ་བརྟན་པ་དང་ལྷན་ཅིག་དམ། ཡང་ན་གྲོགས་མེད་པར་རི་བོ ་འམ། ནགས་སམ། ཆུ་འགྲམ་མམ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ལ་སོགས་པའི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྔོན་དུ་བསྙེན་པ་བྱའོ། །དེ་ལ་དང་པོར་རེ་ཞིག་རིམ་པ་འདིས་རྣམ་པར་རྟོག་པ་ལ་སྤྱོད་པའི་ཁྲུས་བརྩམ་པར་བྱའོ། །ཁྲོ་བོ་ཏི་རིན་ཏི་རའི ་ཕྱག་རྒྱ་བཅིངས་ལ་སྙིང་གར་བཞག་སྟེ། ཨོཾ་དྷུ་རི་དྷུ་པི་ཀཱ་ཡ་དྷུ་པི་པྲ་ཛཝ་ལ་ནི་སྭཱ་ཧཱ། ཞེས་ཟློས་ཤིང་བདག་ཉིད་འབར་བར་བྱའོ། །ོཾ་ཊུཾ་ཞེས་བྱ་བས་གོ་བགོས་ལ་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བའི་ཕྱག་རྒྱ་བཅིངས་ཏེ་བགེགས་ཐམས་ཅད་བཟང་བར་བྱའོ། །ཡང་དེ་ཉིད་དང་ཨ་ཞེས་བྱ ་བཟློས་ཤིང་བདུད་རྩི་བ?་སྦྱོར་གྱིས་ཡང་ཨོཾ་བྷུ་ར་ཛཝཾ་ལ་ཧཱུཾ་སྭཱ་ཧཱ། ཞེས་ཟློས་ཤིང་ཆུ་ཁྱོར་བ་གསུམ་བླུགས་པར་བྱའོ། །རིག་པ་འདི་ཉིད་ཀྱིས་ས་གཙང་མ་བླངས་ལ་ཆ་གསུམ་དུ་བྱས་ཏེ། ཆ་གཅིག་གིས་རྐེད་པ་མན་ཆད་བཀྲུ། གཉིས་པས་ལུས་ཐམས་ཅད་བཀྲུའོ། །གསུམ ་པས་ལག་པ་བཀྲུས་ལ་ཉེ་རེག་བྱས་ཏེ། རང་གི་སྔགས་དང་ཕྱག་རྒྱས་སྤྱི་བོར་ཆུ་བླུགས་ལ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ཏེ། ཆུ་ལས་ལངས་ནས་རྡོ་རྗེ་སེམས་དཔའ་ཟློས་ཤིང་ཆུའི་བསྲུང་བ་བསལ་ལ། ཧཱུཾ་བཞི་རྡོ་རྗེ་ཚིག་གིས་ཡིད་ལ་ཟློས་ཤིང་ལྷའི་ཁང་པ ་ལམ?་རི་བོ་ལ་སོགས་པའི་གནས་སཱུང་ཁྲུས་དང། ཉེ་རེག་བྱས་ཏེ། རྡོ་རྗེ་རྩེ་མོ་མངོན་པར་བཟླས་པའི་ཆུས་གོས་ལ་སོགས་པ་ལ་བསང་གཏོར་བྱས་ལ། གནས་ཁང་ལ་སོགས་པར་ཆུ་དེ་ཉིད་ཀྱིས་ལྷའི་ཁང་བའི་ནང་ཀུན་ཏུ་བགེགས་གསལ་བར་བྱས་ནས་ལྷན་བདེ་བ་ལ་སོགས ་པར་ཇི་ལྟར་བདེ་བར་འདུག་སྟེ། རྡོ་རྗེ་བསྡམས་བ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་གཤིབས་ཏེ་རྩེ་མོར་བྱས་ནས། མཐེ་བོར་གཉིས་གྱེན་དུ་བལྟས་པར་གཤིབས་ཏེ། སྐྱིལ་མོ་ཀྲུང་གི་སྟིང་དུ་བཞག་ལ། ཨོ་སརྦ་བི་ཤུདྡྷེ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུཾ་ཞེས་ལན་གསུམ་བཟླ་བར ་བྱའོ། །དེ་ནས་ལྐོག་མའི་ཕྱོགས་སུ་ཧྲི:ལས་པདྨ་འདབ་མ་བརྒྱད་པ་བསམ་པའི་ལྕེའི་པདྨའི་འདབ་མར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ་བཛྲ་ཛི་ཧྭཱ་ཞེས་བྱ་བའི་རིག་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །ལག་པ་གཉིས་སུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས ་བསམས་ལ། དེ་གཉིས་ཀྱི་སྟེང་དུ་ཧཱུཾ་གཉིས་ལས་རྡོ་རྗེ་བསམ་ཞིང་ལག་པའི་སོར་མོ་ཡང་རྡོ་རྗེ་རྩེ་མོར་བསྐྱེད་ལ། འོག་ནས་བཤད་པའི་རིམ་པས་བགེགས་གཞོམ་པ་ལ་སོགས་པ་བྱས་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ? ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་མཐེ་ཆུང་རྡོ་རྗེ་མདུད། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །རིགས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་འདིས་ཕྱོགས་ཐམས་ཅད་དུ་གཡས་ནས ་བསྐོར་ལ་ཁར་བཞག་ནས་བལྟ་བཞིན་དུ་སྔགས་ལན་བརྒྱ་རྩ་བརྒྱད་དུ་བཟླས་ན་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་བློས་མངོན་སུམ་ལྟ་བུར་དམིགས་ལ་མེ་ཏོག་ལ་སོགས་པས་ལྷ་ཐམས་ཅད་ཡང་དག་པར་མཆོད་དེ ་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལྔ་པ་དང་འདིས་ཕྱག་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་པཱཀྩིཏྟ་པྲ་ཎ་མེ་ན་བཛྲ་བཾ་དཱ་ནཱཾ་ཀ་རོ་མི། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་རྡོ་རྗེ་ཐལ་མོ་བརྐྱང་ལ་སྔགས་འདི་དང་ལུས་ཐམས་ཅད་ཀྱི་ཕྱག་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ན་ཡ ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། འདིས་དཔྲལ་བས་ཕྱག་རྒྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་ཨ་བྷི་ཥིཉྩ་མཱཾ། དེ་ནས་དེ ་བཞིན་དུ་ལངས་ལ་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་འདི་དང་ཁས་ཕྱག་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བརྟ་ཡ་མཱཾ། དེ་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྦྱར་ལ། བྱང་ཕྱོགS ་སུ་སྤྱི་བོ་ས་ལ་རེག་པར་བྱས་ནས་འདིས་ཕྱག་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨཱ་ནཱི་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཕྱག་འཚལ་བའི་ཕྱག་རྒྱ་བཅིངས་ནས་སྡིག་པ་ཐམས་ཅད་བཤགས་པར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་དང། བྱང ་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མ ་འདི་ཞེས་བགྱི་བ་ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི་ལྷ་ཐམས ་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དང། རང་སངས་རྒྱས་དང། འཕགས་པ་ཉན་ཐོས ་ཡང་དག་པར་སོང་བ་དང། ཡང་དག་པར་ཞུགས་པ་རྣམས་དང། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས ་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འཚལ་ལོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས ་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བ་འམ། ཆུ་ལས་སྐྱེས་པ་དང། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས ་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང་རིག་སྔགས་ཀྱི་ལྷ་ཐམས་ཅད་ལ་དབུལ ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུཥཔ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་བདུག་ ་པའི་བྱེ་བྲག་ལྷན་ཅིག་སྐྱེས་པ་འམ། ཡང་དག་པར་སྦྱར་བ་འམ། ཡོངས་སུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མེ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། ཡང་ན་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྱུང་བ་འམ། རིན་པོ་ཆེའི་འོད་དམ། མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པྲ?་ཛ?་མེ་གྷ་ས་མ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག ་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པ་འམ། ཡང་དག་པར་སྦྱར་བ་འམ། ཡོངས་སུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པའོ།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་གནདྷ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཕྱག་འཚལ་བའི་ཐལ་མོ་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་བར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས ་ཀྱི་རིན་པོ་ཆེའི་རི་བོ་འམ། རྒྱ་མཚོ་ཆེན་པོའི་ཚོགས་གང་དག་ཡོད་པ་དེ་ཐམས་ཅད་ཅེས་བྱ་བ་ལ་སོགས་བའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷཡཾ?་ག་རཏན་ཨ་ལང་ཀཱ་ར་པཱུ་ཛ་མེ་གཱ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཞད་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ་གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་རྒོད་པ་དང། སྒེག་པ་དང། དགའ་བ་དང། རྩེ་འཇོའི་བདེ་བྱེ་བྲག་གང་དག་ཡོད་པ་དེ་དགའ་བ་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལཱ ་སྱ་ར་ཏི་ཀྲཱི?་ཊ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བཞེད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་འདི་སྤྱི་བོར་བཞག་ལ། ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་ ་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དཔག་བསམ་གྱི་ཤིང་གང་དག་ཡོད་པ་དེ་ཐམས་ཅད་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས ་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་པར་བྱས་ནས། སྙིང་རྗེའི་དབང་གི་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། མ་རྒལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང། མ་གྲོལ་པ་རྣམས་དགྲོལ་བར་བྱ ་བའི་ཕྱིར་དང། དབུགས་མ་བྱུང་བ་རྣམས་དབུགས་དབྱུང་བའི་ཕྱིར་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དང། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད ་པ་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ?་བྱད་ཐམས་ཅད་ཀྱི་ཡང་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར ་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཛའ་ཐམས་ཅད་དང་ཡང་དག་པར་བྲལ་བར ་གྱུར་ཅིག་།དགེ་བའི་ལུས་དང་ངག་དང། ཡིད་ཀྱི་ལས་ཀྱི་མཛའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མཧཱ་བོ་དྷཡ་ཧཱ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པར་བྱས་པ་དང། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང། ཞེ་འགྲས་པ་མེད་པར་ཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང། ཆོས་ཟབ་མོ་ལ་བཟོད་པ་ཐོབ ་པ་དང་ལྡན་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མཧཱ་དྷརྨ་ཨ་བ་བོ་དྷི་ཀྵ་ན་ཏི་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ?་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། གར་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་མངོན་པར་བརྩོན་པ ་དང་ལྡན་པ་དང། སངས་རྒྱས་ཉིད་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ས་ན་སཱ་རཱ་པ་རི་ཏྱཾཀ་ཨ་ནུཏྟ་ར་མཧཱ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅད་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིག་།བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། མངོན་པར་ཤེས་པ་རྣམས་དང། རིག་པ་ཐམས་ཅད་དབང་དུ་གྱུར ་པར་ཕུན་སུམ་ཚོགས་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་སོ་ཁྱ་བི་ཧ་ར་དྷཡ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བདུག་སྤོས་ཀྱི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་བའི ་ཤེས་རབ་དང་ཡེ་ཤེས་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག་།སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་སྒྱུ་རྩལ་དང་ལྡན་ལ་གསང་བའི་ཆོ་ག་ཤེས་པ་དང། དེ་ཁོ་ན་ཉིད་མཐོང་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་དག ་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀE་ཤཏསྩེ་ང་སརྦ་དྷརྨཱ་ས་མནྟ་ཛྙཱ་ན་མཧཱ་པྲཛྙཱ་པ་ར་མི་ཏ་གཱུ་ཛ་མེ་བྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ལུས་ཀྱི་བསྙེན་བསྐུར་བྱ་བའི་ཕྱིར་བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགS? ་པ་ཐམས་ཅད་ཀྱི་ཞབས་དྲུང་དུ་ཕྱིན་པར་མོས་པ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱ་ཏ་ན་པཱུ་ཛ་མེགྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པར་བརྗོད་པའི་ཚུལ་དུ་བཅིངས་ལ་ཐམས་ཅད་དུ་ལྕེ་བརྒྱ་སྟོང་ཕྲག་སྙེད་ཀྱི་སྒོ་ནས་མཉམ་མེད་མི་གཡོ་ཞེས་བྱ་བ་ལ ་སོགས་པའི་བསྟོད་པས་མཆོད་པར་ལྷག་པར་མོས་པར་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱག་ནིརྱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་གཅིག་པའི་སྦྱོར་བས། ཆོས་ཐམས་ཅད་མཉམ་པ་ཉིད ་ལ་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིརྱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པར་བྱས་ལ། འདི་སྐད་ཅེས ་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧཡ་པཱུ་ཛ་མེ་བྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ནས་བདག་ཉིད་དབུལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བར་བགྱི། བདག་དུས ་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ་ལོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ་ཞེས་བརྗོད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི ་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡང་དག་པར་ལྡན་པའི་བདེ་བ་ཉིད་དང། ཡིད་བདེ་བ་ཉིད་ཀྱི་མིའི ་མཆོག་སངས་རྒྱས་ཉིད་དུ་ཚེ་འདི་ཉིད་ལ་གྱུར་ཅིག་།བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང། །སེམས་ཅན་སྡུག་བསྔལ་མང་པོས་གཟིང་ལས་དགྲོལ། །ཞེས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡོས་ལ་སྡོམ་པ་བཟུང་བར་གྱིའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། ་ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་བདག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམས་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལS ་བྱུང་བ། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད ་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང། །མ་གྲོལ་བ་ནི་གྲོལ་བར་བགྱི། །མ་བརྒལ་བ་ནི་བསྒྲལ་བར་བགྱི། །དབུགས?་མ་བྱུང་བ་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བརྗོད་དོ། །དེ་ནས་དེ ་བཞིན་གཤེགས་པ་དང། ལྷ་མོ་རྣམས་ཀྱི་སྐུ་བདག་ཉིད་ལ་གཟུགས་བརྙན་དུ་སྣང་བས་རྒྱལ་པོའི་བཀའ་ལྟར་འདའ་བར་དཀའ་ཞིང་གཞིག་པར་མི་ནུས་པས་ཕྱག་རྒྱ་བཅིངས་པ་དང། སྔགས་བརྗོད་པ་ཐམས་ཅད་ལ་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་ལྟར་འདའ་བར་མི་མཛད་བའི་ལྷའི ་ང་རྒྱལ་མངོན་དུ་བསྐྱེད་ཅིང་ཕྱག་རྒྱ་བཅིང་བར་བགྱིའོ། དེ་ལ་ཕྱག་རྒྱ་བཅིང་བ་ནི་འདི་ཡིན་ཏེ། ཐལ་མོ་སྦྱར་བར་བྱེད་པ་ནི་འདི་སྐད་ཅེས་བརྗོད་པར་བྱའོ། ། ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ:སོར་མོ་ཕན་ཚུན་བཅེར་བ་ན། །ཕ་ར་སཕ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ:བཛྲ་ཨཉྫའི། རབ་ཏུ་བསྡམ་ཕྱིར ་རྡོ་རྗེ་བསྡམ། །ཏྱ?་ན་ཨནུ་པྲ་བི?ཊ་སརྦ་དྷརྨ་བཛྲ་བན་དྷ། ཞེས་བྱ་བ་འདིས་ལྷ་རྣམས་རེག་པ་དང། ཕན་ཚུན་རྗེས་སུ་ཞུགས་པ་དང། གཅིག་ཏུ་གྱུར་པར་མོས་པས་སྤྱོད་པས་ངེས་པར་འབྱེད་པའི་སའི་ཆའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་བཛྲ་བནདྷ་ཏྲཊ་ཅེས་ཟློས་ཤིང་སྙིང་གར ་རྡོ་རྗེ་བཅིངས་པ་བྲལ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བགེགས་རྣམས་གཞོམ་པའི་ཕྱིར་ཁྲོས་པར་གྱུར་ཅིག་།ཧཱུཾ་ཏ་གི་པོ་ད་ཡ་མཧཱ་བཱི་ར་ག་ཙ་ཀྲཾ་བཛྲ་དྷ་ར་སྱད་དེ་ཐཱ་ཞེས་ཟློས་ཤིང་ཐཱ་ཞེས་བྱ་བས་དམ་པའི་ཆོས་ཀྱི་འཁོར་ལོ་ཕྱག་རྒྱ་བྲལ་བར་བྱའོ། །རྡོ་རྗེ་བསྡམS ་ལས་མཐེ་བོང་ལས། མཐེའུ་ཆུང་གཉིས་ནི་བསྙམས་ཏེ་བསྒྲེང། །དབུས་མ་གསུམ་བསྒྲེང་ཁ་ཕྱེ་ལ། །འཁོར་ལོ་དམ་ཆོས་འཁོར་ལོ་ཡིན། །དེ་ནས་ལྔ་པོ་བསྡུས་པ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །ོཾ་མཧཱ་སུ་ཁ་བཛྲ་སིདྡྷ་ཡ་སརྦ་ས་ཏྭེ་བྷཡོ་ཛ:ཧཱུཾ་བཾ་ཧོ:རྡོ་རྗེ་བསྡམས་པ་བཅིངས་ནས ་སུ། །མཛུབ་མོ་?་སྐྱེས་གནས་སུ། །གཡས་པའི་མཐེ་བོའི་མཚན་མ་ནི། །བཅུག་ལ་བསྐྱེད་དེ་གཙིར་བར་བྱ། །ཞེས་བྱ་བ་འདི་ནི་ལྔ་པོ་བསྡུས་པའོ། །ོཾ་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་རྩེ་མོ ་གཉིས་སྦྱར་བ་ནི་རྡོ་རྗེ་དབབ་པའོ། །དབབ་པ་དེ་ཡང་འདིས་བརྟན་པར་བྱའོ། །ཏཥྛི་བཛྲ་དྲི་ཌཧོ་མེ་བྷ་བཱ་ཤཱ་ཤྭོ་ཏོ་མེ་བྷ་བ། ཧྲི་ད་ཡ་མེ་ཨདྷི་ཏིཥྛཱ་སརྦ་སིད་དྷི་མེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:དེ་ནས་བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ ་ཨོཾ་བཛྲ་མུཥྚི་བཾ་ཞེས་བརྗོད་པར་བྱའོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ཀྱི་བར་དུ་མཐེ་བོང་རྩེ་མོ་བཅུག་ལ་མཛུབ་མོ་གཉིས་ཀྱིས་གཅང?་བ་ནི་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ། །དེ་དག་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྲལ་བར་བྱའོ། །དེ་ནས ་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་སྔགས་ལན་གསུམ་བརྗོད་ཅིང་ཨོཾ་བཛྲ་མུ:ཞེས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་སེམས་དཔའ་ཨི་རྡོ་རྗེ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་མངོན ་པར་བྲིས་པ་དེ་ཉིད་ཡིད་ལ་ཟློས་ཤིང་བདག་མེད་པར་བསྒོམ་པར་བྱའོ། །དེ་ཉིད་ལས་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚང་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་དེ་ཉིད་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ། ཡང་དེ་ཧཱུཾ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་འབང་བ ་ལས་དེའི་དབུས་སུ་ཡང་ཡི་གེ་ཧཱུཾ་བཀོད་པ་དེ་ཉིད་ཟློས་ཤིང། སེམས་དཔའ་ཇི་ལྟ་བའི་ཕྱག་རྒྱ་དེ་བཞིན་ཏེ། བདག་ཀྱང་དེ་བཞིན་ནོ་ཞེས་རྡོ་རྗེའི་ང་རྒྱལ་བསྒོམ་ཞིང་རྡོ་རྗེ་དེ་ལས་རྡོ་རྗེའི་རིགས་ཐམས་ཅད་སྤྲོས་ལ། དེས་གདུག་པ་ཐམས་ཅད་བརྟུལ་ནས། དེ་ཐམས་ཅད་རྡོ་རྗེ་དང ་བཅུག་ལ། སེམས་དཔེར?་གྲགས་པ་ཀུན་གྱི་བདག། བདག་ཉིད་བདག་ལ་ཡང་དག་གནས། །དེ་བས་ན་བཛྲོ་ཧཾ་ཞེས་ཟློས་ཤིང། །རྡོ་རྗེ་དེ་རྡོ་རྗེ་སེམས་དཔའ་བསྙེམས་པ་དང། བཅས་པས་རྡོ་རྗེ་གསོར་ཞིང་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། ཡང་ཡི་གེ་ཧཱུཾ་ཟློས་ཉིད་དེ་ཉིད་རྡོ་རྗེ་ཧཱུཾ ་མཛད་དུ་ལྷག་པར་མོས་ལ་མཧཱ་ས་མ་ཡ་སཏྭ་ཏཾ་ཞེས་བརྗོད་པར་བྱའོ། འདི་ནི་ཐོག་མ་ཐ་མ་མེད་པའི་སེམས་བསྒོམ་པའོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ས་མ་ཨོཾ?་ཧཾ། འདི་ཡང་བསྐུར་བསྒོམ་པ་དེ་ཡང་ཁམས ་གསུམ་རྣམ་པར་རྒྱལ་བ་དེ་ཉིད་གྱི་སྙིང་ག་དང། དཔྲལ་བ་དང། ལྐོག་མ་དང། སྤྱི་བོར་བྱིན་གྱིས་བརླབས་ལ། ས་མ་ཡ་སྟཝཾ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ས་མ་ཡ་ཨ་ཞེས་བརྗོད་དེ་མདུན་དུ་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། ་ཧཱུཾ་ཨ་ཞེས་བྱ་བ་འདིས་དེའི་སྟེང་དུ་རྡོ་རྗེ་འབར་བ་བདག་ཉིད་དབབ་པར་བྱའོ། །དེ་ནས་བཛྲོ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། རྡོ་རྗེ་དེ་ཉིད་བཛྲ་ཧཱུཾ་ཀ་རོ་ཧཾ་ཞེས་ཟློས་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་དུ་བཅོམ་ལྡན་འདས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགS ་པས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱས་ནས། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ་གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོ་བྷ་ག་བན་བཛྲ་ཧཱུཾ་ཕཊ། དྲི་ཤྱ་ཞེས་པས་བལྟ་བར་བྱའོ། །ཡེ་ཤེས་སེམས ་དཔའ་དེ་མཐོང་ནས། །རང་གི་ལས་ལ་རབ་ཏུ་བསྒོམ། །དགུག་ཅིང་བཅུག་ལ་བཅིངས་པ་དང། དབང་དུ་བྱས་ཏེ་བསྒྲུབ་པར་བྱའོ། །ཛ:ཧཱུཾ་བཾ་ཧོ། ཞེས་ཟློས་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། དེ་ཉིད་དང་ས་མ་ཡ་སྟཝཾ་ཧྲི:ཞེས་བརྗོད་ཅིང་རྒྱབ་ཏུ་ཟླ་བའི་དཀྱིལ ་འཁོར་བསྐྱེད་ལ། དེ་ཉིད་དང་ས་མ་ཡ་སྟཝཾ་ཨ་ཧཾ་ཞེས་བརྗོད་དེ། དེང་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱའོ། །གཡོན་བརྐྱང་བ་ཡིས་ལེགས་པར་བཞུགས། །འབར་བའི་ཕྲེང་བ་འཁྲུག་པའི་འོད། །ཤིན་ཏུ་གདུལ་དཀའ་དྲག་པོའི་ལུས། །གཡོན་པའི་ཞབས་ཀྱི ་ཡང་དག་མནན། །གཡས་པ་ཡིས་ནི་ཨུ་མ་ཡི། །ནུ་མ་རྒྱས་པ་གནོན་པར་བསམ། །སྤྱན་འབར་འཇིགས་སུ་རུང་བ་སྟེ། ཨུཏ་པལ་སྔོན་པོ་ཆེན་པོའི་མདོག་།རྡོ་རྗེ་ཧཱུཾ་མཛད་བསྡུས་པ་ཡིན། །ཞལ་གདངས་མཆེ་བ་ཅུང་ཟད་གཅིགས། །ཁྲོ་བཅས་ཞལ་ནི་བཞད་པ་ཡིན། །ཞལ་བཞི ་པ་ལ་ཕྱག་བརྒྱད་པ། །ཕྱག་གཉིས་གྱི་ནི་ཐུགས་ཀ་རུ?། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིས། རྡོ་རྗེ་དྲིལ་བུ་བསྡམས་པར་མཛད། །ཕྱག་གཉིས་ན་ནི་མདའ་གཞུ་བསྣམས། །གཉིས་ན་རལ་གྲི་ལྕགས་ཀྱུ་བསྣམས། །གཉིས་ན་རྡོ་རྗེ་ཞགས་པ་བསྣམས། །སངས་རྒྱས་ཆུན་འཕྱང ་ཕྲེང་བ་ཅན། །དེ་བཞིན་གཤེགས་དང་རིན?་ཆེན་ཕྲེང། །པདྨ་རྡོ་རྗེ་དར་དབྱངས་ཀྱི། །དབང་བསྐུར་དང་ལྡན་སྣ་ཚོགས་པའི། །རྒྱན་རྣམས་ཀུན་གྱིས་རབ་བརྒྱན་པའོ། །ཡང་ན་ཀྲོ་དྷ་དྲིཥྚི:ཞེས་བྱ་བ་མིག་ཏུ་བཀོད་ལ། ཞལ་གཅིག་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ ་དང་ལྡན་པར་བྱའོ། །སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་ཧཱུཾ་དང་བཅས་པ་གསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོ་ཡང་ཏཱི་ལྟ་བ་བཞིན་དུ་བཅིང་བར་བྱའོ། དེའི་རྗེས་ལ་བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཛ:ཧཱུཾ་བཾ་ཧོ:ཞེས་བརྗོད་དེ། ཡིད་ཀྱིས? ་ལེགས་པའི་སྦྱོར་བས་རང་གི་ལུས་ལ་སངས་རྒྱས་ཐམས་ཅད་གཞུག་པར་བྱ་སྟེ། བཛྲ་དྷཱ་ཏུ་དྲི་ཤྱ་ཛ(རྒྱུད་འགྲེལ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ། ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔགས་སོ། །ོཾ་བཛྲ་སཏྭ་ཧཱུཾ། ཞེས་བྱ་བ་ནི་མི་བསྐྱོད་པའི་སྔགས་སོ། །ོཾ་བཛྲ་རཏན་ཧཱུཾ། ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་སྔགས་སོ། །ོཾ་བཛྲ་དྷརྨ་ཧཱུཾ། ཞེས་བྱ་བ་ནི་སྣང་བ ་མཛའ་ཡས་ཀྱི་སྔགས་སོ། །ོཾ་བཛྲ་ཀརྨ་ཧཱུཾ། ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྒྲུབ་པའི་སྔགས་སོ། །དེ་ནས་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་སེམས་མ་རྡོ་རྗེ་མ་བརྟན་པར་བྱས་ལ། གུང་མོ་གཉིས་བསྒྲེང་སྟེ་མྱུ་གུ་ལྟར ་མཉམ་པར་བསྒྲེང་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །གུང་མོ་ནང་དུ་གཤིབས་པ་ནི་མི་བསྐྱོད་པའིའོ། །གུང་མོ་དང་མཐེ་བོང་རིན་པོ་ཆེ་ལྟར་བྱས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །གུང་མོ་པདྨ་འདྲ་བར་བྱས་པ་ནི་འོད་དཔག་ཏུ་མེད་པའོ། །དེ་བཞིན་དུ་མཛུབ་མོ་? ་པ་ནི་དོན་ཡོད་པའི་དམ་ཚིག་གི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་བཞི་པོ་འདི་དག་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ལས་བྱུང་བ་ཡིན་ནོ། །དེ་ནས་བཛྲ་ཛྙ་ན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་ལས་བསམ་པར་བྱའོ། །དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་ཁུ་ཚུར་ལས་འབྱུང་བ་སྟེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །རྣམ་པར་སྣང་མཛད ་ཀྱིའོ། །གཡོན་པའི་ཁུ་ཚུར་ཆོས་གོས་ཀྱི་ཐ་མ་འཛིན་པའི་ཚུལ་དུ་སྙིང་ཁར་གཞག་ལ། གཡས་པའི་སོར་མོ་བརྐྱང་བས་ས་ལ་རེག་པའི་ཚུལ་དུ་བྱ་བ་ནི་མི་བསྐྱོད་པའིའོ། །འདི་ཉིད་ལག་པ་གཡས་པ་མཆོག་སྦྱིན་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །རྡོ་རྗེ་ཁུ ་ཚུར་གཉིས་ཀྱི་ལག་པ་གཉིས་ཀྱི་སོར་མོ་བརྐྱང་ལ་ལྷུང་བཟེད་འཛིན་པའི་ཚུལ་དུ་བདེ?་པར་བཞག་པ་འདི་ནི་ཏིང་ངེ་འཛིན་མཆོག་ཅེས་བྱ་སྟེ། འོད་དཔག་ཏུ་མེད་པའི་འོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱས་ནས་བཞག་པ་ནི ་དོན་ཡོད་གྲུབ་པའིའོ། །དེ་ནས་རང་གི་སྙིང་གར་རྡོ་རྗེ་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཇི་སྐད་དུ་བཤད་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་གྱིའོ། །ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱ་བཅིངས་ལ་ལག ་པ་གཡས་པ་ས་ལ་རེག་པ་ནི་མི་བསྐྱོད་པའི་འོ། །དེ་ལས་ཕྱག་གཡས་པ་མཆོག་སྦྱིན་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཏིང་ངེ་འཛིན་མཆོག་ནི་འོད་དཔག་ཏུ་མེད་པའི་འོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་ཕྱག་གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱ་བ་ནི་དོན་ཡོད་པའི ་ཕྱག་རྒྱ་ཆེན་པོ་སྟེ། འདི་དག་ནི་ཕྱག་མཚན་དང་བཅས་པ་ཡིན་ནོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་པའི་ཕྱག་རྒྱ་དང། ཧཱུཾ་བཞིས་སྙིང་ག་དང། དཔྲལ་བ་དང། ལྐོག་མ་དང་སྤྱི་བོར་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྙིང་གར་རྡོ་རྗེ་སེམས་མའི་ཕྱག ་རྒྱས་དཔྲལ་བར་རྡོ་རྗེ་རིན་ཆེན་མས། སྐོག་མར་རྡོ་རྗེ་ཆོས་མས། སྤྱི་བོར་རྡོ་རྗེ་ལས་མས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌཧོ་མེ་བྷ་བ། སུ་ཏོཥྱ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མམེ་པྲ་ཡཙྪ(རྒྱུད་འགྲེལ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡ(རྒྱུད་འགྲེལ་རིག་པ་འདིས་ཕྱག་རྒྱ་དང་བཅས་པ་གཙུག་ཏོར་དུ་དགོད་པར་བྱའོ། །རྡོ་རྗེ་བཅིང་བ་དམ་བཅིངས་ཏེ། །མཐེ་བོང་ནང་དུ་སྦྱར་ནས་ནི། །མཛུབ་མོ་བཀུག་སྟེ་གཉི་གས་དགབ། །སེམས་དཔའ་ཨི་གཙུག་ཏོར་ཞེས་བྱའོ། །ཞེས་བྱ་བ་འདི་མདའི་ཕྱག་རྒྱའོ། །ཡང་གཙུག་ཏོར་གྱི་སྟེང ་དུ་སྔགས་འདིའི་ཕྱག་རྒྱ་དང་ལྡན་པས་གཟི་བརྗིད་ཕུང་པོ་འབར་བའི་འཁོར་ལོའི་ཕྱག་རྒྱ་གཞག་པར་བྱའོ། །ོཾ་ན་མཱ(རྒྱུད་འགྲེལ་མཐེ་བོང་གུང་མོ་མཐེའུ་ཆུང་བསྒྲེང། །གཟི་བརྗིད་ཕུང་པོ་ཞེས་བྱ་སྟེ། །དངོས་གྲུབ་མྱུར་དུ་སྦྱིན་བྱེད་པའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ། སྤྱི་གཙུག་དུ་ཨ་ལས་རྣམ་པར་སྣང་མཛད་བསྐྱེད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ོཾ་བཛྲ་དྷ་ཏྭཾ་ཤྭ་རི་ཧཱུཾ ་བཛྲི་ཎི་ཨ་གྷི་ཥིཉྩ་མཾ། མི་བསྐྱོད་པའི་ཕྱག་རྒྱ་བཅིངས་ལ་ཡི་གེ་ཧཱུཾ་ལས་དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྟེ། ཨོཾ་བཛྲ་བཛྲི་ཎི་ཧཱུཾ། ཨ་བྷི་ཥིཉྩ་མཱཾ། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་ལ་ཡི་གེ་ཏྲཾ་ལས་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་ནོ། །ོཾ ་རཏན་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཧྲཱི(རྒྱུད་འགྲེལ་བསྐྱེད་ལ་འདི་སྐད་ཅེས་བརྗོད་དོ། །ོཾ་ཀརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། རྡོ་རྗེ་ཐལ་མོ་བཅིངས་ལ། མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་བཀུག་པས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །དེ་ཉིད་གུང་མོ་རྡོ་རྗེར? ་བྱ། །གུང་མོ་གཉིས་ནི་ནོར་བུར་བྱ། །པདམོར་སྲིན་ལག་མཐེའུ་ཆུད་གུང། །ལག་པ་སོར་མོ་རབ་ཏུ་བརྐྱང། །ཞེས་བྱའོ། །ོཾ་བཛྲ་ཛཝ་ལ་ཨ་ནཀཱརྐ་ཧཱུཾ་ཨ་བྷི་ཤིཉྩ་མཱཾ། ཞེས་བརྗོད་ལ། རྡོ་རྗེ་ཏི་རིན་ཏི་རའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བའི་དབང་བསྐུར་བ་བླང་བར་བྱའོ།། ་རྡོ་རྗེ་བསྡམས་པ་ནང་བཅིངས་ནས། །ཡིད་ཀྱིས་ཁྲོས་ནས་དགབ་པར་བྱ། །རྡོ་རྗེ་མཐེ་བོ་དམ་པོ་སྟེ། །བྲོ་བོ་ཏི་རིན་ཏི་རིར་བཤད། །འདིས་སྤྱི་བོ་ནས་བརྩམས་ནས་ཕྱོགས་བཞི་རྡོ་རྗེ་ཕྲེང་བ་བཅིངས་པའི་ཚུལ་དུ་བྱས་ལ། དཔྲལ་བར་གཞག་གོ། ཨོཾ་ཊུ་ཞེས་བྱ་བ་ནི ་ཕྱག་རྒྱ་དང་ལྡན་པས་གོ་ཆ་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙིང་གར་མདུད་པའི་ཚུལ་དུ་བྱ་བ་དང། དེ་བཞིན་དུ་མགྲིན་པ་དང། ལྟག་པ་དང། ཡང་སྙིང་ག་དང། ནུ་མའི་བར་དང། སླར་ཡང་སྙིང་ག་དང། མགྲིན་པ་དང། ལྟག་པ་དང། དཔྲལ་བའི་སྟེང་དུ་མདུད ་པའི་ཚུལ་དུ་བྱས་ལ། མགོ་བོར་ཕྲེང་བ་བཅིང་བའི་ཚུལ་དུ་བྱས་ལ། ཐ་མ་ལ་སོགས་པ་ནས་དགྲོལ་བའི་ཚུལ་གྱིས་དར་དབྱངས་བྱ་བའི་ཐབས་སུ་བྱས་ལ། དེ་མཉམ་པའི་ཐལ་མོ་བཛྲ་ཏུཥྱེ་ཧོ(རྒྱུད་འགྲེལ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཕྱག་བྱས་ནས། ཡི་གེ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་གཟུང་བར་བྱའོ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱི་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། །ོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷཥིཉྩ ་མི་ཏིཌཋ?་བཛྲ་ས་མ་ཡ་སྟཝཾ། ཨོཾ་བཛྲ་པ་ཎི་བཛྲ་ཀརྨ་ཀ་རོད་བྷ་བ་ཞེས་བྱ་བ་འདིས། རྡོ་རྗེ་སྤྱི་བོར་གཞག་ལ། མིང་གི་དབང་བསྐུར་བ་བླང་བར་བྱའོ། ཨོཾ་བཛྲ་ཀྲོ་དྷ་ཏྭཾ་ཨ་བྷིཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་ཧཱུཾ་མཛད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་སྒེག་མོ་ལ་སོགས ་པའི་གསང་བའི་མཆོད་པ་བཞིས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་པ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བར་བྱའོ། །རྡོ་རྗེ་སེམས་དཔའ་བརྟུལ་བས་ན། །ཁྲོ་བོ་རྟག་ཏུ་ཆགས་ལས་འབྱུང། །རྡོ་རྗེ་མེ་ལྟར ་འབར་བ་ནི། །བདག་ནི་རབ་ཏུ་འཇིགས་བྱེད་པའོ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། ། ལས་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཐམས་ཅད་མྱུར་བ་ཉིད་དུ ་འགྲུབ་ཅེས་བྱ་བ་ནི་ཆོས་སོ། །དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབ་པར་བྱ་སྟེ། ཐམས་ཅད་ནམ་མཁར་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང། རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་ལ། །ཁམས་གསུམ་པ་ནི་བཟའ་བར་བྱ། །ཞེས་པ་ནི་དམ་ཚིག་གོ། དེ་ནས ་འདིས་རྡོ་རྗེ་བརྟུལ་ཞུགས་བླད་བར་བྱ་སྟེ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །ཕྱག་ན་རྡོ་རྗེའི་ལག་ན་འདུག། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྲཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི ་ཧི་ཧི་ཧཱུཾ། གལ་ཏེ་རྣལ་འབྱོར་ཆེན་པོ་བྱེད་འདོད་ན་སྔ་མ་བཞིན་དུ་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པ་དང། ཕྱག་རྒྱ་ཆེན་པོ་བཅིང་བའི་བར་གྱི་ཚོ་གའི་རྗེས་སུ་སྤྱད་ལ། རང་གི་ལུས་ལ་ཡིད་ཀྱི་ནམ་མཁའ་དང་མཉམ་པའི་སྦྱོར་བས། སྙིང་གར་སྟོང་གསུམ་པའི་ཆ་དང ་མཉམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོ་ལྔས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། ་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ཏེ། ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ནས། གདོད་གཡོགས་དགྲོལ་བའི་སྔགས་ཀྱིས་གདོང་གཡོགས་བཀྲོལ་ལ། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་རང་གི་སྙིང་གའི་དཀྱིལ་འཁོར་བལྟས་ལ། ཏིཥྛ ་ཀྱིས་རང་གི་སྤྱི་བོར་མེ་ཏོག་གི་ཕྲེང་བ་དོར་ལ། ཕྲེང་བའི་དབང་བསྐུར་བའི་སྔགས་ཀྱིས་རང་གི་མགོ་ལ་བཅིངས་ནས། གདོང་གཡོགས་དགྲོལ་བའི་སྔགས་ཀྱིས་གདོང་གཡོགས་བཀྲོལ་ལ། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་རང་གི་སྙིང་གའི་དཀྱིལ་འཁོར་བལྟས་ལ། ཏིཥྛ ་བཛྲ་ཞེས་བྱ་བ་ལ་སོགས་པའི་འཇུག་པའི་ཕྱག་རྒྱ་སྙིང་གར་བཀྲོལ་ལ་ཆུའི་དབང་བསྐུར་བ་དེའི་སྙིང་པོ་ཡིད་ཀྱིས་བླངས་ནས། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར ་བྱའོ། །དེ་ནས་རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་བླངས་ཏེ། རྡོ་རྗེ་བརྟུལ་ཞུགས་བཟུང་ནས་དཀྱིལ་འཁོར་དེ་རང་གི་སྙིང་གའི་ཟླ་བར་ཐིམ་པར་བསམ་པར་བྱའོ། །དེ་ནས་ས་མ་ཡ་ཨ་ཞེས་ཟློས་ཤིང་རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་བསྐྱེད ་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། མདུན་གྱི་ནམ་མཁའ་ཨི་ཕྱོགས་སུ་ཡང་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྣ་གྲིཧྣ་ཧཱུཾ། གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་ཧཱུཾ་ཕཊ་ཨཱ(རྒྱུད་འགྲེལ་བྱས་ཏེ། རྡོ་རྗེའི་ང་རྒྱལ་རྣམ་པར་བསྒོམས་ནས། རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་པ་ཡང་བྱས་ལ། དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་དང། བལྟ་བ་བྱས་ནས་རང་གི་ལུས་ལ་བཅུག་ལ་འོད་ཀྱི་དཀྱིལ་འཁོར་བསྐྱེད་དེ། ས་མ་ཡ་སྟཝཾ་ཧྲཱི། ས་མ་ཡ་སྟཝཾ་ཨ ་ཧཾ་ཞེས་བྱ་བ་དང། ཧཱུཾ་བཞི་ཡང་བརྗོད་ལ། རྡོ་རྗེ་ཧཱུཾ་མཛད་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་སརྦ་ས་མ་ཡ་ན་ཧཱུཾ་ཨ(རྒྱུད་འགྲེལ་ཉིད་དབབ་པ་བྱསྣས། བཛྲ་གྷཎ་ཊོ་ཧཾ་ཞེས་བྱ་བས་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་ཡང་བཛྲ་ཨཱ་བེ་ཤ་མཧཱ་ཀྲོ་དྷཱ་ཧཾ། ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་འབེབས་པའི་ང་རྒྱལ་བྱས་ལ། དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང། གཞུག་པ་དང། བཅིང་པ་དང། ་དབང་དུ་བྱས་ནས་ཁྲོ་བོ་ཆེན་པོའི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་དོ། །ོཾ་བཛྲ་ཨཱ་བེ་ཤ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡན་ཧཱུཾ་ཨ་དྲི་ཤྱ། ཡང་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང། ཛ(རྒྱུད་འགྲེལ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱས་ལ། ས་མ་ཡ་སྟཝཾ་ཧྲི། ཞེས་ཟློས་ཤིང་རྒྱབ་ཏུ་འབར་བའི་ཕྲེང་བ་འཁྲུག་པའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ས་མ་ཡ་སྟཝཾ་ཨ་ཧཾ། ཞེས་བྱ་བ་དང། དེའི་སྔགས་ཀྱང་ཟློས་ཤིང་དེར་བདག་ཉིད་ཁྲོ་བོ་རྡོ་རྗེ་འབེབས་པར་བསྒོམ་པར་བྱའོ། །དེ ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་གདབ་བོ། །དེ་ནས་སྔ་མ་བཞིན་དུ་ལྷ་རྣམས་ཀྱི་སྐུ་དང་རང་གི་ལུས་ལ་ཡིད་ཀྱི་ལེགས་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དེའི་རྗེས ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལྔ་པས་སྔ་མ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ་ཡི་གེ་བརྒྱ་བས་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་གཙུག་ཏོར་དང་གཟི་བརྗིད་ཕུང་པོའི་གཙུག་ཏོར་ཡང་བཀོད་ལ། ཡི་གེ་བརྒྱ་བ་ཡང ་བཟླས་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྗེས་སུ་སྤྱད་པར་བྱའོ། །དེ་ནས་གནས་ཀྱི་ངེས་པ་བཤད་པར་བྱ་སྟེ། སྒྲུབ་པ་པོའི་མདུན་གྱི་སྙིང་གའི་ཟླ་བར་རྡོ་རྗེ་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་སེམས་དཔའ་། གཡས་ལོགས་སུ་ཁྲོ་བོ་རྒྱལ་པོ། །གཡོན་ལོགས་སུ་ཆགས་པ། རྒྱབ་ཏུ ་ལེགས་པ། དཔྲལ་བར་རིན་ཆེན་ཧཱུཾ་མཛད་དང་ཁྲོ་བོ་ཁྲོ་གཉེར་ཅན། རྒྱབ་དུ་ཉི་མ། ཕྲག་པ་དག་ཏུ་རྒྱལ་མཚན། སོའི་ཕྲེང་བ་གཉིས་ལ་བཞད་པ། ལྐོག་མར་ཆོས་ཀྱི་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་ཆོས། ནུ་མོ་གཉིས་ཀྱི་རབ་ཏུ་རྣལ?་པོ། །ལྟེ་བར་རྒྱུ། ལྕེ་ལ་སྨྲ་པ། སྤྱི་བོར་ལས་ཀྱི་ཧཱུཾ ་མཛད་དང། ཁྲོ་བོ་རྡོ་རྗེ་ལས། ནམ་ཚོམས་སུ་རྡོ་རྗེ་བསྲུང་བ། ཁར་རྡོ་རྗེ་གནོད་སྦྱིན། དཀུར་ཁྲོ་བོ་རྡོ་རྗེ་ཁུ་ཚུར། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང། རིན་ཆེན་དང། ཆོས་དང། ལས་ཀྱི་གཡོན་ལོགས་སུ་སྒེག་མོ་དང། ཕྲེང་བ་དང། གླུ་མ་དང། གང་མ་བཞུགས་སོ། །ཡང་སྔགས ་པའི་གསང་བའི་གནས་ཀྱི་ཕྱོགས་སུ་བདུག་པ་མ། མགོ་བོར་མེ་ཏོག་མ། མིག་གཉིས་སུ་མར་མེ་མ། ནུ་མ་དང། བྲང་དང། སྙིང་གར་བྱུག་བ་མ། ལག་པ་གཡས་སུ་རྡོ་རྗེ་ལྕགས་ཀྱུ། གཡོན་དུ་ཞགས་པ། བྱིན་པ་གཡས་སུ་ལྕགས་སྒྲོག། བྱིན་པ་གཡོན་དུ་འབེབས་པའོ།། ་དེ་བཞིན་གཤེགས་པ་རྣམས་ནི་ཡན་ལག་གི་ཆ་ཐམས་ཅད་དུ་བཞུགས་སོ། །དེ་ནས་ཕྱག་བཞི་བྱས་ལ། ཨོཾ་བཛྲ་ཨཱདམ་ཀོ་ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོཉཧཾ། ཨོཾ་སརྦ་ས་མོ་ཧཾ། ཞེས་བྱ་བའི་སྙིང་པོ་གསུམ་ཟློས་ཤིང་རྡོ་རྗེའི་བདག་ཉིད་ཅན་དང། རང་བཞིན་ཅན་གྱིས་དག ་པ་དང། བདག་མེད་པའི་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་དང་མཉམ་པར་བདག་ཉིད་བསྒོམ་པར་བྱའོ། །ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟེ་བ་བཞིན་དུ་བཅིངས་ལ་འོག་ནས་བཤད་པའི་ཚུལ་དུ་ལྷ་ཆེན་པོའི་ཆུང་མ་དང་བཅས་པ་བཀུག་སྟེ། རྐང་པ ་གཉིས་ཇི་ལྟ་བ་བཞིན་མནན་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེ་དབུས་སུ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བྲིས་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་གནས་ཤིང་བཟླས་པའི་དོན་ཡིད་ལ་སེམས་བཞིན་དུ་རྡོ་རྗེའི་ཚིག་འགྲོ་བོའི་ཚིག ་གིས་ཟློས་ཤིག། འདོད་ཆགས་ཉིད་ལས་ཡང་དག་བྱུང། །ཁྲོ་བོ་བདག་ཅེས་བསྒོམ་པར་བྱ། །སྙིང་པོ་ཕྱག་རྒྱ་སྔགས་རིག་པ། །མྱུར་དུ་འགྲུབ་པར་བྱེད་པ་ཡིན། །ཞེས་བྱ་བའི་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ། །ཡང་ན་རང་གི་སྙིང་གར་གནས་པ་ལ་ཟླ་བའི་ལ་སྔར ་བཤད་པའི་རྡོ་རྗེ་འཁོར་ལོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སྤྲུལ་ལ། ཨོཾ་བཛྲ་ཛཝ་ལཱགནི་པྲ་ཏི་བ་ཏ་ཨཱ་ཀརཥ་ཡ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛ(རྒྱུད་འགྲེལ་བྱ་བའི་བར་གྱི་སྔགས་ཀྱིས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་སེང་གེའི་གདན་ལ་བཞུགས་པ་དང། ནམ་མཁའ་དང་མཉམ་པའི་སྦྱོར་བས་དེ་རྣམས་དང་བདག་ཉིད་སྟན་གཟག་ཏུ་གྱུར་པར་རྣམ་པར་བསམས་ལ། བཛྲ་ཨ་ཏ་མགོ ་ལ་སོགས་པའི་སྙིང་པོ་གསུམ་ཟློས་ཤིང་དེའི་དོན་གསུམ་བསྒོམས་པ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་དེ་བཞིན་དུ་སྔགས་ཟློས་ཤིང་བསྒོམ་པར་བྱའོ། །ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང ་སྔགས་ཀྱི་སྒྲ་མངོན་པར་སྒྲོགས་པར་མཛད་པར་ལྷག་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཟླས་པ་ཐམས་ཅད་བཟླས་པར་འགྱུར་རོ། །དེ་ནས་བཟླས་པའི་དོན་ནི་ཨོཾ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སུམ་པ་ཞེས་བྱ་བ་ནི་བོང་པའོ། །ནི ་སུམ་བྷ་ཞེས་བྱ་བ་ནི་དེ་རྣམས་རྗེས་སུ་ཐུལ་ཅིག་པའོ། །ཧཱུཾ་ཞེས་པ་ནི་དེས་སོད་ཅིག་པའོ། །ཕཊ་ཅེས་བྱ་བ་ནི་ངན་འགྲོའི་འགྲོ་བ་འཕོ་བར་བྱའོ། །ལྷག་མ་ནི་གོ་བར་ཟད་དོ། །ཧཱུཾ་བཞི་པ་ནི་ལན་བཞི་བརྗོད་པར་སྟོན་པའི་རང་བཞིན་ནོ། །དེ་ཡང་ཨ་ནཱ?་ད་བཞིན ་གཤེགས་པའོ། །སུམ་བྷ་ནི་སུམ་བྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རྗེས་སུ་ཐུལ་ཅིག་ཅེས་གསུངས་པའོ། །འདི་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་འདུལ་བར་མཛད་ན་ལྷ་ལ་སོགས་པ་ལྟ་སྨོས ་ཀྱང་ཅི་དགོས། འདུལ་བ་སྡུག་བསྔལ་འཇིགས་པ་སྟེ། །སྲིད་པའི་སྡུག་བསྔལ་གཅོད་པ་ཡིན། །ཧཱུཾ་ཞེས་བྱ་བ་གསོད་པའི་མཆོག་།གདུག་པ་བསྒྲག་པ་གསོད་པ་ཡིན་ཞེས་བྱ་བ་དང། ཉོན་མོངས་གདུག་པ་ལྟུང་བྱེད་ཅིང། །ཞི་བས་འགུགས་པ་ཡིན་པར་བཤད།། ་ཕཊ་ཅེས་བྱ་བ་ལྟུང་བའི་སྒྲ། །ངན་འགྲོའི་འགྲོ་བ་ལྟུང་བའོ། །ཡང་ན་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། རྣལ་འབྱོར་ཆེན་པོ་དང་ལྡན་པ་འམ། རྣལ་འབྱོར་གཅིག་དང་ལྡན ་པའི་ཕྱག་རྒྱ་ཆེན་པོ་བཅིང་ལ། བློས་ནམ་མཁའ་ཨི་ཕྱོགས་སུ་གནས་ཏེ། སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡི་གེ་ཨའི་དོན་བསྒོམས་པས། ནམ་མཁའ་དང་མཉམ་པར་བསམས་ལ། ནམ་མཁའ་ཨི་ཕྱོགས་དེར་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་བཾ ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་གསེར་གྱི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་བཾ་ལས་རྒྱ་མཚོ་ཆེན་པོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་དེར། ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རིའི་རྒྱལ་བོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རིན་པོ་ཆེ་ཐམས་ཅད་ཀྱིས ་བརྒྱན་པ་བསམས་ལ། ཨོཾ་བཛྲ་དྲི་ཌཧོ་མེ་བྷ་བ་རཀྵ་སརྦཾ་སྭཱཧཱ། ཞེས་ཟློས་ཤིང་རྡོ་རྗེ་བསྡམས་པ་ས་གཞི་ལ་རེག་པས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔར་བཤད་པའི་རྡོ་རྗེ་འཁོར་ལོས་གཞལ་ལས་ཁང་སྤྲུལ་ལ། བགེགས་གཞོམ་པ་ལ་སོགས་པ་ནས། རྣམ ་པར་སྣང་མཛད་ཀྱི་གནས་སུ་ཨ་སི་ཨ་ཞེས་བྱ་བ་ལས་སེང་གེའི་གདན། མི་བསྐྱོད་པའི་གནས་སུ་ཧཱུཾ་གཾ་ཧཱུཾ་ཞེས་བྱ་བ་ལས་གླང་པོ་ཆེའི་གདན། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཏྲཱ་བཾ་ཏྲཱ་ཞེས་བྱ་བ་ལས་རྟའི་གདན། འོད་དཔག་ཏུ་མེད་པའི་གནས་སུ་ཧྲཱི(རྒྱུད་འགྲེལ་རྨ་བྱའི་གདན། དོན་ཡོད་གྲུབ་པའི་གནས་སུ་ཨ(རྒྱུད་འགྲེལ་ཅད་ཀྱི་གཟུགས་ཀྱི་སྐུ་ཉིད་དང། ཆོས་ཉིད་དང། ཐེག་པ་ཆེན་པོས་དེས་པར་འབྱུང་ཆོས་དང། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་ཡང་དག་པར་བསྡུས་པའི་དགེ་འདུན་རྗེས་སུ་དྲན་པར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིS ་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ལྷག་པར་བྱམས་པ་བསྐྱེད་པར་བྱ་བ་དང། ངན་འགྲོ་ལ་སོགས་པའི་སྡུག་བསྔལ་གྱིས་བསྡུས་པ་ཐམས་ཅད་ལ་སྙིང་རྗེ་བ་དང། འཕགས་པ་ཐམས་ཅད་ལ་དགའ་བ་དང། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་ཡང་བཏང་སྙོམས ་སུ་བྱ་བ་དང། ཆོས་ཐམས་ཅད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དང། སྒྱུ་མ་དང་མཚུངས་པ་ཉིད་དང། མིག་ཡོར་དང་མཚུངས་པ་ཉིད་དུ་ལྷག་པར་མོས་པར་བྱ་བ་དང། བྱང་ཆུབ་ཀྱི་སེམས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པའི་སྤྱོད ་པ་དང། རིགས་ལྔ་དང། རྡོ་རྗེ་དང། དྲིལ་བུ་དང། ཕྱག་རྒྱ་དང་སློབ་དཔོན་ཉིད་དང། བྱམས་པ་དང། མི་འཇིགས་པ་དང། ཟང་ཟིང་དང། ཆོས་སྦྱིན་པ་མངོན་དུ་བྱ་བ་དང། གསང་སྔགས་ཀྱི་སྒོའི་སྤྱོད་པ་རྣམས་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ཚུལ་ཐམས་ཅད ་སྟོན་པ་དང། བསློབ་པ་དང། སྡོམ་པ་ཐམས་ཅད་ནན་ཏན་དུ་བྱས་ཤིང་ཚོགས་ཡོངས་སུ་རྫོགས་པ་དང། སེམས་ཅན་རྣམས་བསྐྱབ་པ་དང། དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་བསྙེན་བཀུར་བྱ་བ་ཡང་མངོན་དུ་བྱས་ནས་བདག་ཉིད་ཅོད་པན་གྱི་དབང་བསྐུར་བའི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པར་ལྷག་པར་མོས་པས་འོག་མིན་དུ་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་ནས་མི་བསྐྱོད་པ་ལ་སོགས་པས་ཡོངས་སུ་བསྐོར་ཏེ། རིའི་རྒྱལ་པོ་རི་རབ་གྱི་རྩེ་མོ་ན་གནས་པའི་རྡོ་རྗེ་དང། ནོར་བུ་དང། ་རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལས་ངེས་པར་འབྱུང་བའི་སེང་གེའི་གདན་ལ་ཞལ་ཐམས་ཅད་པས་བཞུགས་པར་བསམས་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བདག་ཉིད་བྱིན་གྱིས་བརླབS ་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་སཏྭ་ཞེས་ཟློས་ཤིང་ཟླ་བའི་དཀྱིལ་འཁོར་རྣམས་རང་གི་སྙིང་ག་ནས་ཕྱུང་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཞག་ནས། རྡོ་རྗེ་སེམས་དཔའ་ཉིད་བདག་བྱིན་གྱིས་བརླབས་པའི་བར་དུ་བྱས་ནས ་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་བར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །གྲུབ་པའི་རྡོ་རྗེ་བླ་ན་མེད། །བདག་དེ་བདག་གི་ལག་ཏུ་བྱིན། །རྡོ་རྗེ་ལ་ནི་རྡོ་རྗེ་གནས། །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁམས་གསུམ་ལས ་རྣམ་པར་རྒྱལ་བར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ་ཞེས་བྱ་བ་ནས་བརྩམས་ཏེ་རང་གི་རིགས་ནི་བསྐྱོད་པར་མཛོད། ཅེས་བྱ་བའི་བར་གྱི་མཚན་བརྒྱ་རྩ་བརྒྱད་པས་བདག་ཉིད་ལ་གསོལ་བ་བདག་པར་བསམས་པར་བྱའོ། །དེ་ནས་རྡོ་རྗེ་བདག་ཉིད་ཀྱི་སྙིང་གར་བཞག་སྟེ། དེ ་བཞིན་གཤེགས་པར་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མ་འཚལ་ཏོ། །བཀའ་སྩལ་བ། ཅིའི་ཕྱིར་བཅོམ་ལྡན་འདས་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུངས་པ་ཡི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་བཞིན་གཤེགས ་པ་ཁྱོད་རྣམས་ཀྱི་ཀྱང་ཞི་བས་འདུལ་བར་མི་སྤྱོད་པ་དེ་དག་ལ་བདག་གིས་ཇི་ལྟར་སྒྲུབ་པར་བགྱི། དེ་ནས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཐ་མི་དད་པ་ལྷག་པར་མོས་པར་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་གར་ཞུགས་པར་བྱའོ།། ་དེ་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་ཧཱུཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེའི་ཐུགས་ཀར་རྡོ་རྗེ་ལས་ཀུན་ཏུ་འབར་བའི་སྙིང་པོ་ཁྲོ་གཉེར་ཅན་སྨིན་མ་བཙུམ་ཞིང་དཔྲལ་བ་བསྙེར་བ་མཆེ་བ་ལྷག་གེ་ཕྱུང་ཞིང་ས་གཙིགས་པ། ་རྡོ་རྗེ་དང། ལྕགས་ཀྱུ་དང། རལ་གྲི་དང། ཞགས་པ་ལ་སོགས་པའི་རྡོ་རྗེའི་མེ་ལྕེ་འབར་བའི་མཚོན་ཆ་ལག་ན་ཐོགས་པ་རྣམ་པ་དུ་མའི་ཁ་དོག་དང། རྒྱན་སྣ་ཚོགས་ཀྱི་ཆ་ལུགས་འཛིན་པའི་ཕྱག་ན་རྡོ་རྗེར་སྐུར་གྱུར་ནས་སྐུ་ལས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམS ་ཅད་དུ་ཤིན་ཏུ་མ་རུངས་པ་ཐམས་ཅད་གདུལ་བ་བྱས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་ཀུན་ཏུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀྱེ་མ་ཐམས་ཅད་འདུལ ་བ་ཡི། །ཐབས་ཆེན་ལྡན་པ་བདག་ཡིན་ཏེ། །གང་ཕྱིར་སེམས་ཅན་གདུལ་ཐབས་ཕྱིར། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཡང་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཐ་མི་དད་པར་ལྷག་པར་མོས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སུཾ ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱ་ན་བཛྲ་ཧཱུཾ་ཕཊ། ཅེས་ཟློས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེའི་གཟུགས་སུ་གྱུར་ཏེ་བྱུང་ནས། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི ་སྤྲིན་ཐམས་ཅད་ན་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ་སྤྱན་དྲངས་ནས། རྡོ་རྗེའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། དམ་ཚིག་བཅིངས་ནས། ཡང་གཅིག་ཏུ་འདུས་ཏེ། ་རྡོ་རྗེ་ཁྲོ་བོ་ཆེན་པོའི་ལུས་སུ་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་འདུག་སྟེ། ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་དོ། །ེ་མ་ཉོ?་བྱང་ཆུབ་སེམས་འདི་ནི། །ཀུན་ཏུ་བཟུང་ཞིང་སྡིག་མེད་དེ། །གང་ཕྱིར་སེམས་ཅན་འདུལ་དོན་དུ། །ཁྲོ་བོ་ཡང་ནི ་ཡིད་འོང་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ། བཀའ་ནོད་ཅིང་འདུག་གོ་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ནི་ཁྲོ་བོའི་དབང ་དུ་བགྱིས་ལ་།ཚར་བཅད་པར་འོས་པ་རྣམས་ཚར་བཅད་པར་བགྱི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་འགྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། དེ་ནས་ཧཱུཾ་ཊཀྐི་ཛ(རྒྱུད་འགྲེལ་ཅད་ཀྱང་རང་གི་སྙིང་གནས་བྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་བཞག་ལ། ཧཱུཾ་ཊཀྐི་ཛ(རྒྱུད་འགྲེལ་གྱུར་བཅིང། །རྡོ་རྗེ་གཉི་ག་བློ་འོག་ཏུ། །དམ་ཚིག་ལྕགས་ཀྱུའི་ཕྱག་རྒྱ་འདི། །སྐད་ཅིག་གི་ནི་ཐམས་ཅད་འགུགས། །ོཾ་ནི་སུཾ་བྷ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བའི་དེ་བཞིན་གཤེགས་པའི་བཀས་ཁམས་གསུམ་རྣམ་པར་རྒྱལ་བ་བཅིངས་ལ་ཧཱུཾ་ཞེས་བྱ་བས ་ཐམས་ཅད་ཀུན་ཏུ་བརྒྱལ་ཞིང། །བ་སྤུབ་ཏུ་འགྲེལ་ལ་ལྷ་ཆེན་པོ་ནི་ཤི་བར་བསམ་པར་བྱའོ། །ལྷ་ཆེན་པོ་གྲགས་པ་ཁྱབ་འཇུག་ལ་སོགས་པ་ནི། ཨོཾ་བཛྲ་ཏིཥྛ་ཞེས་བྱ་བའི་ཕྱག་རྒྱ་དང་བཅས་པས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་བཞག་སྟེ་བླང་ངོ།། ་རྡོ་རྗེ་མཛུབ་མོ་སོར་གཉིས་ལེགས་པར། །རབ་མཉམ་གཞག་པ་བསྙམས་ན་ནི། །ཤི་བ་ཐམས་ཅད་སློང་བ་སྟེ། །རྡོ་རྗེ་སློང་བ་སྟེ་ཞེས་བྱའོ། །གསོས་ན་འདི་ཡང་སྐྱེས་བུ་དམ་པར་འགྱུར་རོ། །ཞེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀས་བཛྲ་ཨཱ་ཡུ་ཞེས་བྱ ་བའི་སྙིང་པོ་དང། བཅས་པ་ལྷ་ཆེན་པོ་གསོལ་བར་བྱའོ། །རྡོ་རྗེ་མཛུབ་མོ་གཉིས་ལེགས་པར། །རྡོ་རྗེ་བཅིངས་པ་བཅིངས་ནས་སུ། །བསྒྱུར་ཏེ་གཙུག་ཏུ་གཞག་པ་ནི། །ཚེ་དང་ནང་མེད་འཕེལ་བའོ། །ོཾ་བ་ད་ཨཱ་ཀ་ར་ཥ་ཎ་བཛྲ་ཧཱུཾ་ཞེས་བྱ་བས་རྐང་པའི་མཐལ? ་ནས་ཁྲོ་བོ་རྐང་པས་འགུགས་པའི་ཀུན་ཏུ་འབར་བའི་སྙིང་པོའི་ཁྲོ་གཉེར་བྱས་པས་མཆེ་བ་རྣམ་པར་གཙིགས་པ། གདོན་ཆེན་པོ་ཕྱུང་ནས་བཀའ་ནོད་ཅིང་འདུག་པར་བསམ་པར་བྱའོ། །ོཾ་བཱ་ད་ཨཱ་ཀ་ཥ་ཡ་སརྦ་བཛྲ་དྷ་ར་ཨ་ནུ་ར་ཅི་ཀ་ད་དྷ་བཛྲ་ཧཱུཾ་ཛ(རྒྱུད་འགྲེལ་ཕྱག་རྒྱ་དང་བཅས་པས་ལྷ་ཆེན་པོ་ཆུང་མ་དང་བཅས་པ་བཀུག་སྟེ་སྔགས་པ་ལ་རང་གི་རྐང་པའི་དྲུལ?་དུ་གཞག་གོ་།རྡོ་རྗེ་བཅིང་བདམ་བྱས་ཏེ། །མཐེ་བོ་བསྙམས་པའི་ནང་དུ་གཞུག་།མཛུབ་མོ་དང་པོར་བཀུག་ནས་སུ། །བཅུས་པ་ཞབས་སུ་བཀུག་པའོ། །ོཾ་བཛྲ་ཀ? ་མ་ཧོ་ཞེས་ཟློས་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་རྐང་པ་གཡོན་པས་ལྷ་ཆེན་པོ་གནན་ལ། གཡས་པས་ནུ་མའི་བར་སྟེང་ནས་བཙིར?་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཧ་ན་པ་ཏྲ་ཏཊ་ཅེས་བྱ་བ་ལྷ་ཆེན་པོ་འབབ་པའི་ཕྱག་རྒྱ་དང་བཅས་པའི་འབབ་པར ་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །གཅིག་ལ་གཅིག་ནི་བརྡབས་པ་ནི། །སེམས་ཅན་གང་གི་ལུས་ལ་ཡང། །བགས་ནས་དེ་ཡང་རྡོབ་པར་བྱེད། །ོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ། ཞེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པས་བབས་པའི་སྡུག་བསྔལ་བསལ་བར་བྱའོ།། ་རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །བདག་གམ་ཕ་རོལ་གོ་ཆར་བྱ། །མཛུབ་མོ་གཉིས་ཀྱིས་བཅིངས་བྱས་གནས། །རྟག་པ་ཉིད་དུ་བསྲུང་བར་འགྱུར། །དེ་ནས་ལྷ་ཆེན་པོའི་ལུས་ལས་ཆེད་དུ་བརྗོད་པ་འབྱུང་བར་མོས་པར་བྱའོ། །ེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །སངས ་རྒྱས་ཡེ་ཤེས་བླ་ན་མེད། །ཡི་གེའི་ཚིག་གིས་མནན་ནས་སུ། མྱ་ངན་ལས་ནི་འདས་པར་གཞག་།ཡང་ཐམས་ཅད་གསུམ་ལ་སྐྱབས་སུ་འགྲོ་བ་དང། བསླབ་པ་དང། དམ་ཚིག་དང། སྡོམ་པ་དང། བྱང་ཆུབ་ཀྱི་སེམས་ཉིད་ལ་བཀོད་ནས་འཇུག་པའི་དམ་ཚིག ་ཆེན་པོའི་ཕྱག་རྒྱ་བཅིང་པ་བྱས་ནས་འདིས་འཆིང་དུ་?་གོ་།ོཾ་བཛྲ་ས་མ་ཡ་གྲིསྣ་བ་ན་དྷ་ས་མ་ཡ་མ་ནུ་སྨ་ར་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སྟཝཾ། དྲི་ཌཧོ་མེ་བྷ་བ། ཨ་ཧཡ་རོ་མེ་བྷ་བ། ཨ་པྲ་ཏི་ཧ་རྱོ་མེ་བྷ་བ། སརྦ་ཀརྨ་སུ་ཙེ་མེ་ཙིཏྟཾ་ཤྲེ་ཡ(རྒྱུད་འགྲེལ་ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་བཅིངས་ལ་ལག་པ་གཉིས་སུ་དབབ་པར་བྱའོ། །ོཾ་ས་མ་ཡ་པྲ་བེ་ཤ་མི། །དེ་ནས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་གོ་རིམས་ཇི་ལྟ་བ་བཞིན་དུ་བསྟན་ཏེ། ཨོཾ་བཛྲ་རཏན་ཨ་བྷི་ཥིཉྩ་ཞེས་བྱ་བ་འདིའི་འོག་ནས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ ་ཚིག་གི་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ལ་སོགས་པ་ལ་དབང་བསྐུར་བར་བྱའོ། །དེ་ནས་འདིས་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པས་རྡོ་རྗེའི་མཚན་མ་ལག་ཏུ་སྦྱིན་ནོ། །ོཾ་བཛྲ་ཨ་བྷི་ཥིཉྩ་སརྦ་ཏ་ཐཱ་ག་ཏ་བཛྲ་བྷ་ར་ཏྲེ་བཛྲ་པཱ་ཎི་ཧི ་ཧ་ཧ་ཧ་ཧ། །དེའི་རྗེས་ལ་མིང་གི་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་མིང་རྣམས་བཤད་པར་བྱ་སྟེ། འདི་ལྟ་སྟེ་དབང་ཕྱུག་ཆེན་པོ་ནི་རིག་པའི་རྒྱལ་པོའི་ཁྲོ་བོའོ། །ཁྱབ་འཇུག་ནི་རིག་པའི་རྒྱལ་པོའི་སྒྱུ་མའོ། །གཞོན་ནུ་ཀར་ཏི་ཀ་ནི་རག་པའི་རྒྱལ་པོའི ་དྲིལ་བུའོ། །ཚངས་པ་ནི་རིག་པའི་རྒྱལ་པོའི་ཐུབ་པའོ། །དབང་པོ་ནི་རིག་པའི་རྒྱལ་པོའི་མཚོན་ཆ་ཞེས་བྱའོ། །བར་སྣང་ལ་སྤྱོད་པ་རྣམས་ལ་ཉི་མ་ནི་ཁྲོ་བོ་རྡོ་རྗེ་འཁྱིལ་བའོ། །ཟླ་བ་ནི་ཁྲོ་བོ་རྡོ་རྗེ་འོད་དོ། །སྤེན་པ་ནི་ཁྲོ་བོ་རྡོ་རྗེ་དབྱུག་པའོ། །མིག་དམར་ནི ་ཁྲོ་བོ་རྡོ་རྗེ་སེར་སྨུག་ཅེས་བྱའོ། །ནམ་མཁའ་ལ་སྤྱོད་པ་རྣམས་ལ་སྟོབས་བཟངས་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་གླང་པོའི་སྣའོ། །སྦརྔ་རྩི་བྱེད་པ་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་ཕྲེང་བའོ། །རྒྱལ་བ་ནི་ཚེགས་ཀྱི་བདག་པོ་རྡོ་རྗེ་དབང་པོའོ། །རྒྱལ་བར་བྱེད་པ་ནི་ཚོགས ་གྱི་བདག་པོ་རྣམ་པར་རྒྱལ་བ་ཞེས་བྱའོ། །ས་བླ་བ་རྣམས་ལ་ནོར་སྦྱིན་ནི་ཕོ་ཉ་རྡོ་རྗེ་ཐོབ་པའོ། །རླུང་ལྷ་ནི་ཕོ་ཉ་རྡོ་རྗེ་རླུང་ངོ། །མེ་ལྷ་ནི་ཕོ་ཉ་རྡོ་རྗེ་མའོ། །ལུས་ངན་ནི་ཕོ་ཉ་རྡོ་རྗེ་འཇིགས་པ་ཞེས་བྱའོ། །ས་འོག་ན་གནས་པ་རྣམས་ལ་ཕག་ནི་བྲན་རྡོ་རྗེ་ལྕགས ་ཀྱུའོ། །གཤིན་རྗེ་ནི་བྲན་རྡོ་རྗེ་དུས་སོ། །ཚོགས་ཀྱི་བདག་པོ་ནི་བྲན་རྡོ་རྗེ་བགེགས་ཀྱི་གཙོ་བོའོ། །ཆུ་ལྷ་ནི་བྲན་ཀླུའི་རྡོ་རྗེ་ཞེས་བྱའོ། །ུ་མ་ནི་རྡོ་རྗེའི་རྒྱལ་མོ་ཁྲོ་བོ་རྡོ་རྗེ་མེའོ། །རུག་མི་ནི་རྡོ་རྗེ་རྒྱལ་མོའི་རྡོ་རྗེ་གསེར་རོ། །དྲུག་ལྡན་མ་ནི་རྡོ་རྗེ་རྒྱལ་མོ་རྡོ་རྗེ་གཞོན་ནུ ་མའོ། །ཚངས་མ་ནི་རྡོ་རྗེ་རྒྱལ་མོ་རྡོ་རྗེ་ཞི་བ་མོའོ། །དབང་མོ་ནི་རྡོ་རྗེ་རྒྱལ་མོ་རྡོ་རྗེ་ཁུ་ཚུར་ཞེས་བྱའོ། །བར་སྣང་ལ་སྦྱོད་པའི་བུད་མེད་རྣམས་ལ་མི་འམ་ཅི་ནི་ཁྲོ་བོ་རྡོ་རྗེ་མི་འཆི་མའོ། །རྡོ་རྗེ་རོ་ཧི་མ་ནི་ཁྲོ་བོ་རྡོ་རྗེ་མདངས་སོ། །དབུགས་འཛིན་མ་ནི་ཁྲོ་མོ་རྡོ་རྗེ་དབྱུག ་མཆོག་མའོ། །སྐྱེ་བ་འཕྲོགས་མ་ནི་ཁྲོ་བོ་རྡོ་རྗེ་རྐེད་འཆིད་མ་ཞེས་བྱའོ། །ནམ་མཁའ་ལ་སྤྱོད་པ་རྣམས་ལ་གསོད་མ་ནི་གཙོ་མོ་རྡོ་རྗེ་འཛུམ་མའོ། །ཟ་བ་མ་ནི་གཙོ་མོ་རྡོ་རྗེ་ཟ་བ་མའོ། །མགོ་བ་མ་ནི་གཙོ་མོ་རྡོ་རྗེ་མགོ་བ་མའོ། །དགའ་བ་མ་ནི་གཙོ་མོ་རྡོ་རྗེ་དབང་མོ ་ཞེས་བྱའོ། །ས་ལ་སྤྱོད་པ་རྣམས་ལ་ཞི་བ་མོ་ཕྱ་ཉ་མོའོ། །རླུང་མ་ནི་ཕོ་ཉ་རྡོ་རྗེ་མགྱོགས་མའོ། །མ་མོ་ནི་ཕོ་ཉ་མོ་རྡོ་རྗེ་འབར་མའོ། །ལུས་ངན་མོ་ནི་ཕོ་ཉ་མོ་རྡོ་རྗེ་འཁྱོད་མའོ། །ས་འོག་ན་གནས་པའི་མ་མོ་རྣམས་ལ། །ཕག་མོ་ནི་བྲན་མོ་རྡོ་རྗེ་ཁ་ཅན་མའོ། །ཙི ་མུ་ཎ་ཊ་ནི་བྲན་མོ་རྡོ་རྗེ་དུས་མའོ། །སྣ་ཅན་མ་ནི་རྡོ་རྗེ་རུལ་པ་མའོ། །ཆུ་ལྷ་མ་ནི་རྡོ་རྗེ་ཆུ་སྲིན་མ་ཞེས་བྱའོ། །དེ་ནས་རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ོཾ ་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང། ཕྱག་རྒྱ་དང་བཅས་པ་འདིས་ལྷ་ཆེན་པོ་ལ་སོགས་པ་མ་མོའི་ཚོགས་དང་བཅས་པ་རྣམས་དམ་ཚིག་འཛིན་དུ་གཞུག་གོ་སེམས་དཔའ་རྡོ་རྗེ་དམ་བཅས་ཏེ། །མཐེ་བོང་གཉིས་ཀྱི་པར་མནན་ཅིང། །མཐེ་ཆུང་རྡོ་རྗེ་རྩེ་མོར ་ནི། །རྣོན་པོ་དམ་ཚིག་འཛིན་པའོ། །ོཾ་བ་ལི་ཏ་བ་ལི་ཏ་བཛྲ་ཨ་ཀར་ཥ་ཧཱུཾ་ཛ(རྒྱུད་འགྲེལ་མོ་ལྕགས་ཀྱུར་བཅིངས་ནས་ནི། །གཅུ་ཞིང་ཕྱིར་ཡང་བཅུ་བར་བྱ། །ལྷ་རྣམས་དགུགས་པ་དམ་པ་ཡིན། །ཧཱུཾ་བཛྲ་ཨ་ཀྲི་པ་ཏ་ཡ་ས་མ་ཡ་ཧཱུཾ་ཞེས་བྱ་བས་ནི་ཁྲོ་བོ་རྣམས་སོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་བཅིང་བ་དམ་བྱས་ཏེ། །མཛུབ་མོ་ཀུག་ནས་རབ་ཏུ་མནན། ་མཐེ་བོང་གཉིས་ཀ་མཚམས་སྨྱར་ནས། །གུད་མོ་གཉིས་ཀ་རབ་ཏུ་མནན། །ོཾ་བཛྲ་མ་ལ་ཨ་ཀྲ་བཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ནི་ཚོགས་རྣམས་སོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ཀ་ཡི། །མཐེའུ་ཆུང་སོར་མོ་བཅིངས་ནས་ནི། མཛུབ ་མོ་སོར་མོ་རྒྱབ་ནས་མདུང། །བཟློག་སྟེ་མགོ་བོར་གཞག་པར་བྱ། །ོཾ་བཛྲ་བནདྷཉ་ཧཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ནི་ཕོ་ཉ་རྣམས་སོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྲུང་བ་དམ་བཅིངས་ཏེ། །རྡོ་རྗེ་བསྡམས་པ་དེས་མནན་པ། །འདི་ནི ་ས་ཡི་དམ་ཚིག་སྟེ། །སེམས་ཅན་ཐམས་ཅད་བསྲུང་བའོ། །ོཾ་བཛྲ་པཱ་ཏཱ་ལ་བྷཉྩ་བྷཉྩ་ཧཱུཾ་ཕཊ་ཅེས་བྱ་བས་ནི་བྲན་རྣམས་སོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་མནན། །གཅུ་ཞིང་སླར་གཅུ་བྱས་ནས་ནི། །མཐེ ་ཆུང་གཉིས་ནི་བརྡབ་པར་བྱ། །ོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧཱུཾ་ཕཊ་མཧཱ་རོ་ཥ་སཕོ་ཊ་ཡ་ཧཱུཾ་ཧྲ?་ག་ཧཾ་མཾ་ཞེས་བཟློས་ཤིང་གཟུགས་བརྙན་དེ་རལ་གྲིས་གཏུབ་པར་བྱ་པ་འམ། དུག་དང་རྐེ་ཚེ་དང་ལན་ཚ་ལ་སོགས་པས་གཟུགས་བརྙན་ལ་བསྐུས་ལ་མེ་ཡིས་གདུང་པར་བྱའོ།། ་མེ་ཡིས་གདུངས་པས་དེ་ཉིད་ཀྱང། །ཞི་བར་གྱུར་པར་ཐེ་ཚོམ་མེད། །ཚངས་པ་འམ་བརྒྱ་བྱིན་ཡིན་ན་ཡང། །དེ་ཡི་མོད་ལ་མྱུར་དུ་འཚིག་།ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །ལས་འདི་ཡང་འཕགས་པ་མི་གཡོ་བའི་རྣལ་འབྱོར ་གྱི་གསང་སྔགས་འདི་ཁྲི་བཟླས་པའི་མངོན་དུ་བསྙེན་པ་བྱས་ནས། དེའི་འོག་ཏུ་ལས་བརྩམ་པར་བྱའོ། །ཡང་ན་ཨོཾ་ཨཱ:ཧཱུཾ་ཞེས་བྱ་བ་འདིས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་བཞི་པ། ཞབས་དྲུག་པ། ཕྱག་གཡས ་གཉིས་ན་རལ་གྲི་དང་དགྲ་སྟ་བསྣམས་པ། ཕྱག་གཡོན་གཉིས་ན་ཞགས་པ་དང། གཏུན་ཤིང་བསྣམས་པ་ལྷོ་ཕྱོགས་སུ་ཁྲོ་བོའི་ཚོགས་རྣམས་ཀྱིས་ནམ་མཁའ་ཨི་གཏོས་ཀུན་ཏུ་གང་བར་མཛད་པར་བསམས་ལ་མདུང་ཐུང་གི་ཕྱག་རྒྱ་བཅིངས་ཏེ། སྤྲིན་ལ་སོགS ་པ་བཟློག་པའི་བསམ་པས་ཚམ་དམ་དང་བཅས་པས་རབ་ཏུ་སྦྱར་བར་བྱའོ། །རྡོ་རྗེ་བསྡམས་པའི་ནང་དུ་བཅིངས་ལ། །མཛུབ་མོ་གཉིས་ནང་དུ་སྦྱར་བ་ནི་མདུང་ཐུང་གི་ཕྱག་རྒྱའོ། །དེ་ལྟར་ན་ཡང་གལ་ཏེ་བགེགས་རྣམས་ཞི་བར་འགྱུར་ན། ཁམ་ཕོར་སོ་མ ་གཏང་བ་གཉིས་ཀྱི་ནང་དུ་ཁྲག་དང། དུར་ཁྲོད་ཀྱི་སོལ་བ་དང། དུག་དང། སྐེ་ཚེ་དང། ད་དུ་རའི་ལོ་མའི་ཁུ་བས་གསང་སྔགས་བྲིས་ལ། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཁམ་ཕོར་ཁ་སྦྱར་ཏེ་དེའི་ནང་དུ་བཞག་ལ། མིའི་བགེགས ་ལ་སོགས་པ་བསམས་ཏེ། སྲེག་བླུགས་བརྒྱ་འམ། སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་དེ་དག་འཇིགས་པའམ། འཆི་བ་འམ། མི་མ་ཡིན་པས་གཟུང་བར་འགྱུར་རོ། །ཡང་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱས་ལ། ་མི་རུས་ལས་བྱས་པའི་ཕུར་བུ་སོར་བཞི་པའི་ཚད་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང། གཞུག་པ་དང། བཅིང་བར་བྱས་ནས་གཟུགས་བརྙན་ཕུར་བུས་གདབ་པར་བྱའོ། །དེ་ནས་མའི་ཚ་བཞི་བ ་བཤད་པར་བྱ་སྟེ། མེའི་སྟེང་དུ་ཡི་གེ་བམ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་པདྨའི་དབུས་ན་གནས་པའི་འཁོར་ལོ། །དེའི་སྟེང་དུ་ཡི་གེ་བཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུང་དང་ཀུན་ད་ལྟར་དཀར་བ་སྟེང་ན་བཞུགས་ཏེ། མཚོ་ཆེན་པོ་མ ་དྲོལ་པ་འདྲ་པའི་རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་ལྟ་བུའི་ཆར་གྱི་རྒྱུན་སར་པས་ཕྱོགས་བཅུར་འགེངས་པར་འགྱུར་བར་བསམ་པར་བྱའོ། །རྡོ་རྗེ་སྤྱན་དང་རྡོ་རྗེ་མེ་ལྟར་འབར་བའི་ཀྱང་ཁམ་ཕོར་གྱི་རི་རབ་དང་ཕུར་བུས་ཡང་དག་པར་བསྲུངས་ལ། ་རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་དག་གིས་དེ་རྣམས་ཀྱི་ནམ་མཁའ་བཅིང་བར་བྱས་ལ་རྡོ་རྗེ་བསྡམས་པས་རྡོ་རྗེ་དྲ་བ་བྱའོ། །ཡང་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་བགེགས་རྣམས་བཟློག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཕུར་བུ། ་ཧཱུཾ་བཞིས་བཏོན་ལ། རང་གི་ལག་ན་གནས་པའི་རྡོ་རྗེར་བཅུག་སྟེ། འོག་ནས་བཤད་པའི་ཚོན་ལྔས་ཕུར་བུའི་བུ་ག་བཀང་ལ་མཉམ་པོར་བྱས་ནས། ཐིག་སྐུད་ཚོན་དཀར་པོ་དྲི་ཞིམ་པོར་སྤངས་གདབ་པར་བྱའོ། །དེ་ལྟར་ཐིག་ལེགས་པར་བཏབ་ནས། ཧི ་ཞེས་བྱ་བ་ལས་མིག་གཡས་པ་དང། གཡོན་པར་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་ཏུ་བལྟས་ལ་སྒོ་རྣམས་དབྱེའོ། །དེ་ནས་ཚོན་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བ་འདི་ཕྱག་རྒྱ་དང ་ལྡན་པས་ཚོན་རྩི་ཐམས་ཅད་ལན་བདུན་བཟླས་ན་རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཕྱག་རྒྱ་ནི་འདི་ཡིན་སརྦ་དུཥྚ་ས་མ་ཡ་མུ་པྲ་བྷཉྩ་ཀ་ཧཱུཾ་ཕཊ། འདི་ནི་དབུས་མ་ལ་སོགས་པའི་མ་མོའི་ཚོགས ་རྣམས་སོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་སྦྲེལ་བ་ནི།། མཛུབ་མོ་གཉིས་ནི་དམ་པོར་བྱ། །མཐེ་བོང་གུང་མོ་རྩེ་མོ་གཉིས། །རྡོ་རྗེ་ཕྱག་རྒྱ་བཅིངས་ནས་ཀྱང། །ཡོངས་སུ་བཟློག་སྟེ་དཔྲལ་བར་བཞག་།མཐེ་བོ་ཁར་ནི་གཞག་པར་བྱ། །ོཾ་སུཾ་བྷ་ནི་སུཾ་བྷ ་ཧཱུཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང། ཨོཾ་བཛྲ་ས་མ་ཡ་ཨཱ་ཀརཤ་ཡ་སརྦ་དུཥྛ་མཎྜ་ལཾ་བཛྲ་དྷ་ར་སཏདྱཾ་མཱ་ཏི་ཀྲ་མ་ཧཱུཾ་ཕཊ། ཅེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་མ་རུངས་པའི་དཀྱིལ་འཁོར་དགུག་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་གཉིས ་བཅིངས་ཏེ། སྙིང་གར་ཡོངས་སུ་བསྐོར་བར་བྱའོ། །མཛུབ་གཉིས་ལྕགས་ཀྱུ་ཕྱི་རོལ་གྱི། །དཀྱིལ་འཁོར་དགུག་པའི་མཆོག་ཡིན་ནོ། །ཡང་ཨོཾ་སུ་བྷ་ནི་སུ་བྷ་ཧཱུཾ་ཕཊ། ཅེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀའ་དང། ཨོཾ་དུཥྚ་བཛྲ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ ་བི་དྷ་ན་ཨ་?་པི་ཀི་ར་སརྦ་དུཥྚ་ས་མ་ཡ་མུ་དྲན་མནྡྲ་བྷཉྩ་བྷཉྩ་མརྡ་མརྡ། ཁྲ་དྷ་ཁ་དྷ། བར་མན་ཏྲཾ་བཛྲ་ཧཾ་ཕཊ། ཅེས་བྱ་བ་ནི་ཕྱག་རྒྱ་དང་བཅས་པས་མ་རུངས་པའི་དཀྱིལ་འཁོར་རྣམ་པར་གཞིག་པར་བྱའོ། །རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པར། །སོར་མོ་སྤྲད་དེ ་བཀྲིས་ནས་བྱད?། །རྩེ་མོ་གཉིས་ནི་དམ་སྦྱར་བ། །ཕྱག་རྒྱ་འདི་ནི་མ་རུངས་འཇོམས། །ེཾ་ནི་སུཾ་བྷ་ཧ་ན་ད་ཧ་པ་ཙ་གྲིཧྣ་བནདྷཾ་ཧཱུཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང། ཨོཾ་མཧཱ་བཛྲ་ཀྲུ་ར་ཀྲོ་དྷ་པ་ཧ་ཡ། སརྦ་དུཥྛ་མ་ཎ་ཌ་ལཾ་བི་ནཱ་ཤ་ཡ། ་སརྦ་དུཥྚ་ས་མ་ཡཾ་བི་ཀིར་བི་དྷཝན་ས་མ་ཡ་སཕོ་ཊ་ཡ། བྷཉྩ་སརྦ་དུཥྚཾ་ས་མ་ཡ་མུ་དྲ་བ་དྷ་ན། གྲིཧྞ་ཧ་ན་ད་ཧ་བ་ཙ་སརྦ་དུཥྚཾ་ས་མ་ཡ་ས་ཏྭ་ན་བཛྲ་ས་མ་ལ་ཧཱུཾ་ཕཊ། ཅེས་བྱ་བ་དང། ཁྲོ་བོ་ཆེན་པོ་གདུག་པ་ཕྱག་དང་ཞལ་སྟོང་མངའ་བས་མ་རུངས་པ་ཐམས་ཅད་བཅོམ་ནས ་རྒྱ་མཚོ་ཆེན་པོར་ལྟུང་བར་བྱས་པར་བསམ་མོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། །གཡོན་པའི་རྡོ་རྗེ་མཛུམ་མོ་ལ། །གཡས་པའི་མཛུབ་མོ་བཀུག་པས་བཟུང། །རབ་ཏུ་ཁྲོས་ནས་དྲག་གཏོགས་ནས། །རི་རབ་ཀྱང་ནི་ལྷུང་བར་བྱེད། །ོཾ་ཧ་ན་ཧ་ན་བཛྲ་ཧཱུཾ ་ཕཊ་ཊ་ཅེས་བྱ་བའི་དེ་བཞིན་གཤེགས་པའི་བཀའ་དང། ཨོཾ་བཛྲ་ཨ་ཀར་ཥ་ཡ་ཤཱི་གྷཾ་སརྦ་དུཥྚཾ་གྲ་ཧ་ན་བཛྲ་དྷ་ར་སདྡཡེ་ན་ཧཱུཾ་ཛ(རྒྱུད་འགྲེལ་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་ལ། །གཡས་པའི་མཛུབ་མོ་ལྕགས་ཀྱུས་གཟུང། །རབ་ཏུ་ཁྲོས་ཤིང་དགུག་པ་ཡིས། །གདོན་རྣམས་ཐམས་ཅད་དབང་དུ་བྱེད། །ོཾ་བཛྲ་པྲ་ཏི་གྲིཧྞ་ཧྲི་ད་ཡ་ཨཱ་ཀར་ཥ་ཡརྱ་ཡན་སྭ་ད་ཨར་དྷེ་ན་མྲི་ལ་ཏེ་ཏ་ས ་ཧྲཾ་ད་ཡན་ཏིཥྚ་མ་ཏུ་ས་མ་ཡ་ཧཱུཾ་ཛ(རྒྱུད་འགྲེལ་ཡིན་ཏེ། རྡོ་རྗེ་བཅིང་བ་བྱས་ནས་ནི། །ལག་དར་སྙིང་གར་ཤིན་ཏུ་བསྡམས། །རྡོ་རྗེ་མཛུབ་མོ་རང་མཆན་ཁུང། །བྲུད་པ་ཡིས་ནི་སྙིང་འབྱིན་ནོ། །ོཾ་ཧཱུཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང། ཨོཾ་བཛྲ་ས་མ་ཡ་ཨེ་ན་ཡ་སརྦ་དུཥྚ ་ཛཝ་རང་ནི་ཨཱ་ཀ་རཥ་ཡ་ཧཱུཾ་ཕཊ། ཅེས་བཟློས་ཤིང་ཕྱག་རྒྱ་དང་བཅས་པས་རིམས་ལ་སོགས་དགུག་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། མཛུབ་མོ་གཉིས་ཀྱིས་རྩེ་མོ་ཡིས། །མཐེ་བོང་གཉིས་ཀའི་དྲུང་དུ་ནི། །ཡིད་ཀྱིས་ཁྲོས་ནས་བཙིར?་བར་བྱ། ། ་རིམས་ལ་སོགས་པ་དགུག་པའོ། །ོཾ་བཛྲ་ཀརྨ་བི་ཤོ་དྷ་ཡ་སརྦ་ཨཱ་བ་ར་ཎ་ནི་པུད་དྷ་ས་ཏྱ་ན་མ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པས་རང་དམ་གཞན་གྱི་རིམས་ལ་སོགས་པའི་ནང་བསལ་པར་བྱའོ། །དེ་ལ་ཕྱག ་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཐལ་མོ་དམ་སྦྱར་ཏེ། །གུང་མོ་གཉིས་ཀ་བཀུག་ནས་སུ། །མཐེ་བོ་རབ་ཏུ་མཉམ་སྦྱར་བས། །མནན་པ་དེ་ནི་སྡིག་འཕྲོག་པའོ། །ོཾ་ཀྵ་པ་ཡ་བཛྲ་སྭཱ་ཧཱ། ཞེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང། ཨོཾ་སརྦ་ཨ་པ ་ཡ་ཨཱ་ཀ་ར་ཥ་ཎ་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་ངན་སོང་དགུག་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་ཀྱང། །ལེགས་པར་གྱེན་དུ་འཕངས་པ་ནི།། ་ལྟུང་བ་སློང་བའི་དམ་པའོ། །ོཾ་བཛྲ་པཱ་ཎི་བི་སཕོ་ཊ་ཡ་སརྦ་ཨ་པ་ཡ་བནདྷ་ནཱ་ནི་པྲ་མོཀྵ་ཡ་སརྦ་ཨ་པ་ཡ་ག་ཏི་བྷཡ:སརྦ་སཏྭ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་བྱ་བ་འདིས་ངན་འགྲོའི་འགྲོ་བ་ཐམས་ཅད་རྣམ་པར་སྦྱངས་ལ། བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་པར་བསམ་པར་བྱའོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བཅིངས་པ་དམ་བྱས་ཏེ། །གུང་མོ་གཉི་ག་ངོས་སྦྱར་ནས། །ཐ་མ་བཞི་ཡང་རྩེ་སྤྲད་པ། །སྐད་ཅིག་ཏུ་ནི་སྡིག་བྲལ་ལོ། །རྡོ་རྗེ་ཁྲོ་བོ་དཀྱིལ ་འཁོར་གྱི་རྒྱལ་པོའི་མཆོག་ཅེས་བྱ་པའི་ཏིང་ངེ་འཛིན་ཏོ། །དེ་ནས་བསྡུ་བ་བྱས་ལ་སངས་རྒྱས་ཐམས་ཅད་ཀྱིས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །ཡང་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱས ་ལ། ཇི་ལྟར་ཡོངས་སུ་བསྒོམ་པའི་དཀྱིལ་འཁོར་གྱི་གནས་སུ་ལྷ་ཐམས་ཅད་ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱས་ནས། ཕྱག་རྒྱ་ཆེན་པོས་རང་གི་ལས་མཛད་པ་ལ་སྦྱར་བར་བྱའོ། །རྡོ་རྗེ་ཁྲོ་བོ་ལས་ཀྱི་མཆོག་ཅེས་བྱ་པའི་ཏིང་ངེ་འཛིན་ཏོ། །དང ་པོར་སྦྱོར་བ་དང་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོའི་མཆོག་གི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་སྙོམས་པར་འཇུག་པར་བྱའོ། །ཞེས་གསུངས་པས། ཏིང་ངེ་འཛིན་གསུམ་པོ་འདི་དག་ནི་ངེས་པར་བསྒོམ་པར་བྱའོ། ། ་ཡང་སྡུ་བ་བྱས་ལ་མཚན་རྒྱ་རྩ་བརྒྱད་པས་ཇི་ལྟ་བ་བཞིན་དུ་བསྟོད་པར་བྱའོ། །དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ལ་མཆོད་ཡོན་ཕུལ་ནས་ཐམས་ཅད་རང་གི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ། དབང་བསྐུར་ལ་མེ་ཏོག་ལ་སོགས་པའི་རྣམ ་པ་བརྒྱད་དམ་མཆོད་པ་བཅུ་དྲུག་གི་ཡང་དག་པར་མཆོད་ལ། ཕྱག་བཞི་བྱས་ནས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ནས་རྡོ་རྗེ་བདག་ཉིད་ཅན་དང། རང་བཞིན་གྱི་དག་པ་དང། བདག་མེད་པའི་མཉམ་པ་ཉིད་ཀྱི་སེམས་དཔའ་ཐམས་ཅད་དང་བདག ་ཉིད་རྣམ་པར་བསྒོམས་ནས། ཁྲོ་བོའི་ཚིག་གམ་རྡོ་རྗེའི་ཚིག་གམ། ཡིད་ཉིད་ཀྱི་ཧཱུཾ་བཞི་ཟློས་ཤིང་ཆོས་བདག་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་དུ་བྱས་ལ་ཇི་སྲིད་སོ་སོར་སྣང་བའི་སྦྱོར་བས་ཁྲོ་བོའི་འཁོར་ལོར་གཏོགས་པ་ཐམས་ཅད་བསྒོམ་པར་བྱའོ།། ་ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་ཧཱུཾ་བཞིའི་སྒྲ་བྱུང་བར་ལྷག་པར་མོས་པར་བྱའོ། །བསྒོམ་པ་ཉེ་བར་སྡུད་པའི་དུས་སུ་ཡང་དེ་བཞིན་དུ་ཡིད་ཀྱིས་ལེགས་པར་སྦྱོར་བས་རང་གི་ལུས་ལ་གཞུག་པར་བྱ་ཞིང་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི ་དབུས་ན་བཞུགས་པའམ། རྡོ་རྗེ་ཧཱུཾ་མཛད་གཅིག་པུར་བསྒོམ་པར་བྱ་པའམ། མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱའོ། །སྦྱོར་བ་འདིས་ནི། སངས་རྒྱས་བཀའ་ ་ཀུན་འགྲོ་ཀུན་དོན། །དངོས་གྲུབ་ཀུན་གྱི་ཆོ་ག་ཡིས། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །ཚེ་འདི་ཉིད་ལ་འཚང་རྒྱའོ། །གལ་ཏེ་གང་གི་ཚེ་ཕྱག་རྒྱར་བྱིན་གྱིས་བརླབས་ལྷོད་པར་གྱུར་ཏམ་བདག་ཉིད་གཏོང་པར་འདོད་པར་གྱུར་ན་དེའི་ཚེ་ཡི་གེ་བརྒྱ་བས་བརྟན ་པར་བྱའོ། །བསྒོམ་པས་དུབ་པར་གྱུར་ན་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དང། མཆོད་པ་རྣམས་པ་བརྒྱད་པར་ཕྱག་བཞི་བྱའོ། །དེ་ལྟར་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་ཡང་མཚན་བརྒྱ ་རྩ་བརྒྱད་ཀྱིས་བསྟོད་པ་དང། མཆོད་པ་ཐམས་ཅད་དང། ཕྱག་བཞི་བྱས་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཛ(རྒྱུད་འགྲེལ་ཤི་བའི་མགོ་བོར་བཞག་ནས་ནི། །སྲོག་གི་ཕྱིར་ཡང་འཐོག་པར་འགྱུར། །རྡོ་རྗེ་བསྡམས་པ་ནང་དུ་གཞི་བས་ནས་མཛུབ་མོ་གཉིས་ལྕགས་ཀྱུར་བྱ་བ་ནི་གསང་བའི་ལྕགས་ཀྱུའོ། །དེ་ནས་ཨོཾ་བཛྲ་མུ:ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ཆུང ་མ་དང་བཅས་པ་རྐང་པའི་འོག་ནས་གཏང་པར་བྱའོ། །དེ་ནི་འདི་ཡིན་ཏེ། རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པར། །ཟུར་སྤྲད་བསྡམས་ཏེ་གཞག་པ་ནི། །རྡོ་རྗེ་དེ་དག་བསྒྱུར་བྱས་ཤིག་།འོག་ནས་ཡང་དག་འབྱིན་པར་བྱེད། །བཛྲོ་ཏ་ཏིཥྚ་ཞེས་བྱ་བས་ཀྱང་སླར་དབང ་བསྐུར་བར་བྱའོ། །ོཾ་ཙནྟྲོཏྟ་རེ་ས་མནྟ་བྷ་དྲ་ཀི་ར་ཎི་མཧཱ་བཛྲི་ནི་ཧཱུཾ་ཞེས་བྱ་བ་ནི་ཕྱག་རྒྱ་དང་བཅས་པ་བྱ་སྟེ་དེ་ནི་འདི་ཉིད་དེ། རྡོ་རྗེ་བཅིངས་པ་དམ་བྱས་ཏེ། །མཐེ་བོང་མཐེ་ཆུང་མཉམ་པོར་ནི། །བསྙམས་ནས་ལེགས་པར་བརྐྱང་པ་ནི། །ཟླ་བའི་རི་མོ་ཞེས ་ཀྱང་གྲགས། །ལྷ་མོ་དབུ་མ་ཡང་སྔར་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་ལ། ལྷ་ཆེན་པོ་གསང་བའི་མཆོད་པ་བཞིས་ལེགས་པར་མཆོད་དེ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་པའི་རྩ་བ་བསྡོས་ནས་མཆོད་ཡོན ་ཕུལ་ལ། ཕྱག་རྒྱ་དགྲོལ་བར་བྱས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ལ་བཟོད་པ་གསོལ་བར་བྱའོ། །བཅོམ་ལྡན་འདས་བདག་སོ་སོའི་སྐྱེ་བོར་གྱུར་པས། ཆོ་ག་ལྷག་ཆད་དུ་གྱུར་པ་གང་ཅི་བགྱིས་པ་དེ་ཐམས ་ཅད་བདག་ལ་བཟོད་པར་མཛོད་ཅིག་ཅེས་བཟོད་པ་གསོལ་བར་བྱའོ། །དེ་ནས་གཤེགས་སུ་གསོལ་བའི་ཕྱིར་བསྐུལ་བར་བྱ་སྟེ། ཨོཾ་ཁྱོད་ཀྱིས་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ།། ་སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་པ་དང་ཁྲོ་བོ་ཏི་རིན་ཏི་?་ཧཱུཾ་བཞིར་མུ(རྒྱུད་འགྲེལ་པ་ཐམས་ཅད་ཀྱང་དེ་བཞིན་ཡིད་ཀྱི་ལེགས་པར་སྦྱར་བས། རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། རྡོ་རྗེ་སེམས་དབང་ལན་ཅིག་བཟླས་ཤིང། རྡོ་རྗེ་གོ་ཆ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་སེམས་དཔའ་ཨི་གཏུག་ཏོར་དང། རྡོ་རྗེ་ཁུ་ཚུར ་གྱི་བདག་ཉིད་བསྲུང་བ་བྱས་ནས། རང་གི་ལྷའི་ང་རྒྱལ་དང་ལྡན་པ་ཉིད་ཀྱིས་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་བཞིན་ཐུན་བཞིར་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱི་ལྷ་རྣམས་ཀྱི་རྗེས་སུ་གནང་བ་སྩལ་པ་དེ་སྲིད་ཀྱི་བར་དུ་བསྒོམ ་པར་བྱའོ། །མི་ནུས་པས་ནི་རྣལ་འབྱོར་ཆེན་པོ་ཉིན་ཏེ་བཞིན་ལན་ཅིག་བསྒོམས་ལ་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་འབུམ་བྱའོ། །སྔོན་དུ?་བསྙེན་པའི་ཆོ་གའོ།། །།དེའི་རྗེས་ལ་དཀྱིལ་འཁོར་བྲི་བར་བྱ་སྟེ། ཉིན་རེ་འམ་ནི་ཟླ་བ་རེ། །ལོ་ནི་རེ ་རེ་ཉིད་དག་ཏུ། །ཡང་གྱི་ངོ་ལ་ཆོ་ག་བཞིན། །བསྒྲུབ་བྱ་ཇི་ལྟར་མདོན་འདོད་བྲི། །དེ་ལ་རྒྱལ་པོ་ནི་ཁྲུ་བརྒྱ་འམ་ལྔ་བཅུ་པའོ། །བློན་པོའམ་བློན་པོ་ཆེན་པོ་ནི་ཁྲུ་ལྔ་བཅུ་འམ་ཉི་ཤུ་རྩ་ལྔ་པའོ། །ཚེང་དཔོན་ནམ་དེད་དཔོན་གྱི་ནི་ཁྲུ་ཉི་ཤུ་རྩ་ལྔ་འམ་དེའི་ཕྱེད་དོ། ་སྒྲུབ་པ་པོ་ཁྲུ་བཅུ་གཉིས་སམ། ཁྲུ་དྲུག་གམ། ཅི་ཙམ་ནུས་པ་ལ་བྱའོ། །དེ་ལ་དང་པོ་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས། མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ། མི་རུས་ཀྱི་ཕྱེ་མས་དཀྱིལ་འཁོར་གྱི་བགེགས་གསལ་ནས། བདག་ ་དང་སློབ་མ་ལ་སོགས་པ་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་ས་སྦྱང?་བར་བྱ་སྟེ། ཟབས་སུ་འདོམ་གང་ཙམ་ལ། ཁྲུ་གང་ཙམ་བརྐོས་ལ། དྲི་ཞིམ་པོས་བྲན་པའི་སས་བཀང་ནས། རྡོ་རྗེ་རྩེ་མོ་མངོན་པར་བཟླས་པའི་ཆུས་ཆག ་ཆག་བཏབ་ལ་ལེགས་པར་བཅགས་ཏེ། ཤིན་ཏུ་མཉམ་པར་བྱས་ལ་སྒོ་བཞི་དང། སྐར་ཁུང་གི་ཡོངས་སུ་བསྐོར་བ་རྟ་བབས་བཞིས་མཛེས་པར་བྱས་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པར་བྱས་ལ། ཐ་མར་ལེགས་པར་བྲིས་ཤིང་དྲིལ་བུ་བཏགས ་པའི་རྒྱལ་མཚན་དམ་པ་དང། བླ་རེ་མཆོག་བྲེས་པ། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་ཀྱིས་མཛེས་པར་བྱས་པ། བའི་ལྕི་བས་ལེགས་པར་སྦྱངས་ལ། དྲིས་བྱུགས་ནས་མཚམས་བཞིར་སྤོས་སྣོད་བཞི་དང། མེ་ཏོག་དང་མར་མེ་ལ་སོགས ་པས་ཉེ་བར་མཛེས་པར་བྱས་ལ། ས་ལ་ལག་པས་རེག་པར་བྱ་སྟེ། ཧཱུཾ་བཞི་དང་ཡི་གེ་བརྒྱ་པ་ལན་བདུན་ཡོངས་སུ་བཟླས་པར་བྱའོ། །དེ་ནས་བདག་ཉིད་ཁྲུས་བྱས་ཤིང་དྲིས་བྱུགས་ལ་གོས་དང་སྟོང་གཡོགས་སྔོན་པོ་དགོས་ཤིང་སེམས་དཔའ་ཨི་གཙུག ་ཏོར་དང། མེ་ཏོག་གི་ཕྲེང་བ་བཏགས་པ་ཁ་དྲི་ཞིམ་པར་བྱ་བ་དང། གང་དུ་བུ་དང་རྣ་ཆ་ལ་སོགས་པས་བརྒྱན་པར་བྱས་ལ། ཟླ་བའི་ཉ་ནས་ཕྱི་མའི་ཉའི་བར་དུ་དཀྱིལ་འཁོར་གྱི་ལས་བྱ་བའམ། ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་པ་འམ། དེ་བཞིན་དུ ་ཚེས་བརྒྱད་དམ། དགུ་འམ་བཅུ་འམ། བཅུ་གསུམ་མམ། བཅུ་བཞི་ལ་བརྩམས་ནས་ཉའི་བར་བྱ་འམ། སྔ་དྲོའི་དུས་ནས་བརྩམས་ཏེ་བྱའོ། །གལ་ཏེ་ནུས་པར་གྱུར་ན་ནི་བསྙུང་བར་བྱའོ། །འོན་ཏེ་མནུས་ན་དེའི་ཚེ་རྡོ་རྗེ་ཆོས་ཡོངས་སུ་བཟླས་པའི་སྤོས ་ཆུས་གསང་བའི་དཀར་གསུམ་བཟའ་བར་བྱ་སྟེ། སྤྱན་འདྲེན་པའི་ཞིག་བསྙུང་བར་གནས་པ་འམ། ཆོས་དང་ལྡན་པའི་ཟས་ལ་བརྟེན་པར་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་རེ་ཞིག་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག ་ལ། བགེགས་གཞོམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དེ་བཞིན་དུ་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོགས་སྡོམ་པ་བཟུང་ནས་ལྷའི?་རྣལ་འབྱོར་དང་ཁང་པ་བརྩེགས་མ་དང། གདན་རྣམས ་བསྐྱེད་ལ། དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འདུག་ལ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའམ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གི་མཉམ་པར་གྱུར་པར་བདག ་ཉིད་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད།།དང་བདག་ཉིད་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད ་སྤྱན་འདྲེན་པས། །དང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ཡན་ལག་ཐམས་ཅད་ཀྱི་ཕྱག་བྱས་ལ་སྤོས་སྣོད་ལག་ཏུ་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དེའི་རྗེས་ལ་སྔར་བཤད་པའི་རིམ་པས་དེ་བཞིན་དུ་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱའོ། །དེ་ནས ་དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང། །ཆོས་ཀྱི་དྲིལ་བུ་དགྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ལྟར་དམ་ཚིག་གསུམ་མཆོག་ཏུ་ཐོབ་པའི་སློབ་དཔོན་གྱིས། རང་གི་ཕྱག་རྒྱས་འཁོར་ལོ་ཀུན་གྱི་ཆོ་ག་ནི། །རྡོ་རྗེ་དྲིལ ་བུ་འཛིན་པས་བྱ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་པའི། །རྟོག་པ་ཀུན་ལ་ཡང་དག་འཇུག་།དམ་ཚིག་ཆེ་གསུམ་ཞེས་བྱ་བ། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་ཡིན། །དངོས་གྲུབ་ཀུན་གྱི་ཆོ་ག་ལ། །རྡོ་རྗེ་དྲིལ་བུ་རབ་སྒྲུབ་ཡིན། །ཆོ་ག་ལྷག་གམ་མ་ཚང ་ཡང། །འགྲུབ་འགྱུར་སྨད་པར་མི་བྱའོ། །བཅོམ་ལྡན་འདས་ལ་ཡང་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་མ་ལུས་པ་ལུས་པ་མེད་པའི་སྐྱབས་དང། ཕན་པ་དང། བདེ་བ་ཐམས་ཅད་མྱོང་བར་བགྱི ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་གྲུབ་པ་དམ་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་འཚོལ་ཅིག་པར་བདག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེ་རྩལ་ཏེ། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བཀའ་སྩལ་ན། མི་འདི་རྣམས་ཇི་ལྟར་བགྱི་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩོལ་ཅིག་།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ོཾ་བཛྲ་པཱ་ཎི་མ་ཧཱ་མ་ད་ལཾ། པྲ ་བེ་ཤ་ཡ་སརྦ་ན་དུཥྚཾ་རོ་ཏྲན་ནི་པ་ར་ཡ་བ་བེ་བྱ། ཕྲ་མོ་ཀྵ་ཡ་དུར་དྲིཥྚ་པརྱ་བན་དྷ་བི་ཤོ་དྷ་ཡ་ནཱ་ཤ་ཡ། བི་ནཱ་ཤ་ཡ་ཧ་ཧ་ཧ་ཧ་ཧཱུཾ། དེ་ལྟར་རྗེས་སུ་གནང་བ་ཐོབ་པ་དང། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་དཀྱིལ་འཁོར་སྟེང་དུ་ནམ་མཁའ་ལ་གཞག ་ནས། དེ་ཉིད་ཀྱིས་བདག་ཉིད་བྱིན་གྱིས་བརླབ་སྟེ། ཕྱག་རྒྱ་དེ་ཉིད་རང་གི་སྙིང་གར་གཞག་ལ། དེའི་ང་རྒྱལ་དང་ལྡན་པས་ཁྲོ་བོའི་ལྟ་བས་བལྟ་ཞིང་དབང་ལྡན་ནས་བརྩམས་ཏེ། བགེགས་ཐམས་ཅད་བསྐྲད་པ་ལ་བརྩོན་པར་བྱའོ། །ཡི་གེ་ཨ་ལས་རང ་གི་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བཀོད་ལ། རང་གི་རྐང་མཐིལ་གྱིས་ཡོངས་སུ་བཟུང་བ་ནས། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། རི་རབ་ཀྱི་སྟེང་གི་བར་དུ་དཀྱིལ་འཁོར་གྱི་གནས་དེ་རྡོ་རྗེའི་རང་བཞིན་དུ་གྱུར་པར་མོས་པས་ཧཱུཾ་བཞི་ཟློས་ཤིང། ་གཡས་ནས་བསྐོར་བས་འགྲོ་བར་བྱའོ། །དེ་ནས་ཁྲོ་བོའི་ལྟ་བས་དཀྱིལ་འཁོར་བཅིང་བ་དང། ར་བ་དང། རྡོ་རྗེ་དྲ་བ་བྱའོ། །ཡང་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་སྟེ། འཇིག་རྟེན ་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་ཁྲོ་བོ་ལ་སོགས་པ་རྡོ་རྗེ་འབར་བ་འཇིགས་སུ་རུང་བ་ཀུན་ཏུ་འཁྲུགས་པ། ཧཱུཾ་ཞེས་བྱ་བའི་སྒྲ་འཇིགས་སུ་རུང་བས་ལྐོག་མའི་ཕྱོགས་ཀུན་ཏུ་གང་བ། ཁྲོ་བོའི་སྐུ་མཆོག་གི་མིག་གཡོ་བ་རྡོ་རྗེ་འབེབས་པའི་ཚུལ་གྱིས ་ནམ་མཁའ་ནས་བབས་ཏེ། གང་ལས་བྱུང་བའི་མེ་ཏོག་གི་ཐལ་མོས་དེ་བཞིན་གཤེགས་པ་ཡང་དག་པར་མཆོད་ལ། དཀྱིལ་འཁོར་གྱི་ལྟེ་བར་གཡོན་བརྐྱང་པས་འདུག་སྟེ། བསྐལ་པའི་མེ་དཔུང་ལྟར་འབར་བའི་ཁྲོ་བོའི་ཚོགས་འབྱིན་པས་བདུད་ཐམས་ཅད ་ཀུན་ཏུ་སྐྲག་པར་བྱའོ། །དེ་ནས་དགའ་བས་ཡོངས་སུ་བསྐོར་བའི་ཚུལ་གྱིས་ཤར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་དེས་གཡོན་བརྐྱང་བ་ཉིད་ཀྱིས་འདུག་ལ། བགེགས་ཐམས་ཅད་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་ལྷོ་ཕྱོགས་སུ་སོང་ལ་གཡས་བརྐྱང ་པའི་གནས་པས་དེ་བཞིན་དུ་བགེགས་རྣམས་རྗེས་སུ་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་གཡས་བརྐྱང་བ་དང། གཡོན་བརྐྱང་བ་དག་གིས་ནུབ་ཕྱོགས་སུ་སོང་ལ། ཟླུམ་པོའི་འདུག་སྟངས་བཅས་ནས་དེ་བཞིན་དུ་བགེགས་རྣམས་བསྐྲད་པར་བྱའོ།། ་དེ་ནས་གནས་དེ་ནས་ནམ་མཁའ་ཨི་ཁམས་མ་ལུས་པར་ཁྱབ་པར་གཏོགས་པའི་འཇིག་རྟེན་གྱི་ཁམས་རྣམས་གཡོ་བར་བྱེད་པའི་རྡོ་རྗེ་འགྲོས་ཀྱི་བྱང་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་གཡས་བརྐྱང་བ་དང་མཐུན་པའི་རྐང་སྟབས་དང། ཟླུམ་པོའི་འདུག་སྟབས ་དང། ས་གའི་འདུག་སྟངས་རྣམས་ཀྱིས་བགེགས་རྣམས་ངེས་པར་བསྐྲད་པར་བྱས་ནས་རྡོ་རྗེའི་འགྲོས་ཀྱིས་ཤར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལྟར་ན་སྟང་སྟབས་བཞིས་བགེགས་ཐམས་ཅད་གཞོམ་པར་བྱའོ། །ཡང་རྡོ་རྗེ་འགྲོས་ཀྱི་དཀྱིལ་འཁོར་ལྟེ་བ ་བསྐོར་བར་བྱས་ལ། ཤར་ཕྱོགས་སུ་མངོན་པར་བལྟས་ཏེ། མཆོངས་ནས་དཀྱིལ་འཁོར་གྱི་ལྟེ་བ་ཕུར་བུའི་འགྲོས་སུ་འགྲོ་བར་བྱའོ། །དེ་བཞིན་དུ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཁྱོ་བོའི་ཕུར་བུས་དཀྱིལ་འཁོར་གྱི་གནས་ཕུར་བུས་གདབ་པར་བྱའོ། །སྟེང ་སྟབས་བྱེད་པའི་དུས་འདིར་ཁྲོ་བོའི་ཚིག་གིས་ཧཱུཾ་ཞེས་བྱ་བའི་སྒྲ་རྒྱུན་མི་འཆད་པར་གདོན་པར་བྱའོ། །དེ་ནས་རྡོ་རྗེའི་འདུག་སྟངས་བྱེད་ཀྱིས་འདུག་ལ། ཨོཾ་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ནས། ་གཡས་པས་རྡོ་རྗེ་གསོར་ཞིང་བགེགས་རྣམས་ལ་བསྣུན་པར་བྱའོ། །ཡང་རྡོ་རྗེ་མའི་ཕྱག་རྒྱ་དང་བཅས་པས་ཀྱང་བགེགས་རྣམས་བསྲེག་པ་ལ་སོགས་པ་བྱ་སྟེ། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྩ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས།། ་སོར་མོ་རྣམས་ནང་དུ་འབར་བ་ལྟར་བྱས་ལ་མཐེ་བོ་རྡོ་རྗེ་ལྟར་བྱས་ལ་མཐེ་བོ་རྡོ་རྗེ་ལྟར་བསྒྲེང་བ་ནི་རྡོ་རྗེ་མེའི་ཕྱག་རྒྱའོ། །ོཾ་བཛྲ་ནཻ་ཏྲི་བནདྷ་སརྦ་བིགྷ་ན་ཞེས་བྱ་བ་ཕྱག་རྒྱ་དང་ལྡན་པས་བགེགས་རྣམས་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིS ་བརྐྱང་སྟེ་བསྙམས་ལ་གཞག་པ་ནི་རྡོ་རྗེ་སྤྱན་དང་ལྡན་པའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བརྐྱང་ལ་གཞག་པ། ཨོཾ་བཛྲ་དྲི་ཌཧོ་མེ་བྷ་བ་རཀྵ་སརྦ་སྭཱ་ཧཱ། ཞེས་བྱ་བ་དང་འོག་བཅིང་བར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་སྔགས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས ་བྱ་བ་ཕྱག་རྒྱ་དང་བཅས་པས་ནམ་མཁའ་བཅིང་བར་བྱའོ། །རྡོ་རྗེ་ཐལ་མོ་མཐེ་པོ་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱིས་སྟེང་དུ་ནམ་མཁའ་བཅིང་བར་བྱའོ། །ོཾ་ཧུ་ལུ་ཧུ ་ལུ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ལ་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་གཞག་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་བཅས་པས་ཤར ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་ཧཱུཾ་ཞེས་བྱ་བའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་རྩེ་མོ་སྦྱར་ལ་བཟློག་སྟེ་སྤྱི་བོར་གཞག་པ་འདི་ནི་རྡོ་རྗེ་གཙུག་ཏོར་ཕྱིར་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་ཞགས ་པས་དེ་ཉིད་བཅིང་བར་བྱ་སྟེ། ཧཱུཾ་བཛྲ་བཱ་ཤ་ཧྲཱི(རྒྱུད་འགྲེལ་མཛུབ་མོ་གཉིས་བསྙམས་ནས་སྲིན་ལག་ཕྱེ་སྟེ། མཐེའུ་ཆུང་གཉིས་བ་དན་གྱི་རྩེ་མོ་ལྟར་བྱས་པ་ནི་བ་དན་གྱི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་ནག་མོས་བྱང་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་ཧྲཱི:བཛྲ་ཀཱ་ལི་རུཊ་མཊ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་སྙིང་གར་བཞག་ལ་བརྟན ་པར་བྱས་པ་ནི་རྡོ་རྗེ་ནག་མོའིའོ། །རྡོ་རྗེ་རྩེ་མོས་ལྷོ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཤི་ཁ་རུཊ་མཊ་རྡོ་རྗེ་ཁུ་ཚུར་ཉིས་ཀྱི་རི་བོ་འདེགས་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བར་བྱའོ། །ཧཱུཾ་བཛྲ་ཀརྨ་ཡང་ཧཱུཾ་ཞེས་བྱ་བ་རྡོ ་རྗེ་ཧཱུཾ་མཛད་ཀྱིས་ར་བ་བྱས་ནས། རྡོ་རྗེ་བསྡམས་པས་རྡོ་རྗེ་དྲ་བ་བྱའོ། །སྔགས་ནི་བཛྲ་བནདྷ་བཾ། དེའི་རྗེས་ལ་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། རྡོ་རྗེའི་རྒྱུ་རང་བཞིན་ཅན་གྱི་གསང་བའི་དཀྱིལ་འཁོར་ཞལ་བཞི་པ། ཕྱག་བཞི་པ། བཛྲ་མཎྚ་ལ་ཧཱུཾ་ཛ:ཞེས་བྱ ་བའི་ཕྱག་རྒྱ་དང་བཅས་པས་དགུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང། མཐེ་བོང་རྡོ་རྗེར་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་འགུགS་པའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ། ཨོཾ་མཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷཡ་ཧཱུཾ་ཞེས་བྱ་བ་དང་བཅས་པས་དགུག་པ་ནི ་དཀྱིལ་འཁོར་དེས་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་འཁོར་ལོ་བསྐོར་བའི་ཚུལ་གྱིས་བསྐོར་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེང་གི་ཕུར་བུ་ཡི་གེ་ཧཱུཾ་ལས་མཛའ་ཡས་པ། རྣམ་པར་རྒྱལ་བ་དང། སྤྲིན་སྒྲ་དང། གསུམ་པོ་ཆེ་ཞེས ་བྱ། སྟོང་ཁྲོ་བོའི་གཟུགས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བསམས་ལ། ཙན་དན་དམར་པོའི་བྱུག་པས་བྱུགས་ཤིང་སྲད་བུ་དམར་པོས་བཅིང་བ་བྱས་ལ། ཧཾ་ཀྲོ་དྷ་ཡ་ས་ཧི་ཊར་ཊར་ཊར་ཏ་ཏྲ་ཏི་མ་ཏ་ཞེས་བ་བ་བརྒྱ་རྩ་བརྒྱད་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིS ་གཟུང་ལ། དཀྱིལ་འཁོར་གྱི་གྲཝ་བཞིར་རྡོ་རྗེས་བརྡུང་བར་བྱ་བ་འམ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བླངས་ལ། ལག་པ་གཡས་རྡོ་རྗེ་རྩེ་གསུམ་པ་ལྟ་བུར་བྱས་པས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། དཀྱིལ ་འཁོར་གྲཝ་བཞིར་ཇི་སྐད་དུ་བཤད་པའི་ཕུར་བུ་བཞི་སྔགས་འདས་བསྐྱེད་བཅིང་བརྡུང་བར་བྱའོ། །ོཾ་གྷ:གྷ:གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་བཱ་བཾ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ། །ཱ་ཛྙ་པ་ཡ་ཏི་སྭཱ་ཧཱ། ཡང་ན་ཨོཾ་བཛྲ ་ཀཱི་ལ་ཡ་སརྦ་བིགྷྣཾ་ཧཱུཾ་ཕཊ། ཅེས་བྱ་བ་ཕུར་བུ་བཞི་ལ་ཡོངས་སུ་བཟླས་ལ་འདི་ཉིད་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་གཡས་པའི་འབར་བའི་རྡོ་རྗེས་བརྡུངས་ཞིང་དཀྱིལ་འཁོར་གྲཝ་བཞིར་གདབ་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས ་གསལ་བ་དང། རབ་དང་དྲ་བ་ཡང་བྱས་ལ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་སྒོ་གཅད་དེ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཨོཾ་ཧཱུཾ་ཞེས་བྱ་བའི་སྔགས་དང་བཅས་པས་ལྷ་རྣམས་དང། བསྲུང་པ་ཐམས་ཅད་ཡང་དག་པར་བསྲུངས་པ་ནས། རྡོ་རྗེ་གནོད་སྦྱིན་བཟླས ་པའི་བུམ་པས་བསང་གཏོར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ཁང་པའི་སྒོར་བཞག་ལ། རྡོ་རྗེ་གནོད་སྦྱིན་ཟློས་ཤིང་བདག་ཉིད་དམ། གྲོགས་དང་བཅས་པས་དཀྱིལ་འཁོར་གྱི་ཤར་ནས་བརྩམས་ཏེ་བྱུག་པར་བྱའོ། །དེ་ནས་སློབ་དཔོན་གྱི་བདག་པོ་ལྔའི་གནS ་སུ་ཙནདན་དང་གུར་ཀུམ་ལ་སོགས་པས་དཀྱིལ་འཁོར་གྲུ་བཞི་པ་བྱ། ལྷ་ལྷག་མ་རྣམས་ཀྱི་གནས་སུ་ནི་དཀྱིལ་འཁོར་ཟླུམ་པོར་བྱ་ཞིང་རང་རང་གི་སྔགས་ལན་བདུན་བདུན་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡིད་ཀྱིས་དཀྱིལ ་འཁོར་ཐམས་ཅད་ཡོངས་སུ་བརྟག་པ་བྱས་ནས། ནམ་མཁའ་ཨི་ཕྱོགས་ནས་དེ་བཞིན་གཤེགས་པ་ལ་སོགས་པ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱས་ལ་གུར་ཀུམ་ལ་སོགས་པའི་ཐིག་ལེ་དེ་རྣམས་སུ་རྣམ་པར་སྣང་མཛད་ལ ་སོགས་པའི་རང་རང་གི་སྔགས་ཀྱི་བཞུགས་སུ་གསོལ་ལ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཕྱི་རོལ་དུ་གཏོང་མ་བྱིན་?་ཉེ་རེག་བྱས་ནས། །མཆོད་ཡོན་ལ་མཆོད་ཡོན་གྱི་ཕྱག་རྒྱ་དང་ཡི་གེ་ཧཱུཾ་བརྒྱ་རྩ་བརྒྱད་བཟླས་ནས། ཇི་སྐད་དུ ་བཤད་པའི་མཚན་ཉིད་དང་ལྡན་པའི་བུམ་པར་སྤོས་ཆུ་ཅུང་ཟད་བཅུག་ལ། ཧཱུཾ་ལས་རྡོ་རྗེ་གནོད་སྦྱིན་བསྐྱེད་དེ། རང་གི་ཕྱག་རྒྱ་བཞིས། རྒྱས་བཏབ་ལ། དབང་བསྐུར་པའི་ཕྱག་རྒྱས་དབང་བསྐུར་ནས། མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་པ་ལྔ་དང། སྒེག ་མོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་ཡོངས་སུ་གཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ལྕུག་མ་ལས་ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་ནས་མེ་ཏོག་སིལ་མ་གཏོར་ཞིང་སྤོས་ཀྱང་གཏུལ་བར་བྱའོ། ། ་དེ་བཞིན་དུ་རྡོ་རྗེ་མེ་དང་རྡོ་རྗེ་ཧཱུཾ་མཛད་གཉིས་ཡོངས་སུ་བཟླས་པའི་བདུག་སྤོས་དབུལ་བར་བྱ་ཞིང་དཀྱིལ་འཁོར་གྱི་ཞག་ནི་ཐུན་གསུམ་དུ་བཟླའོ། །དེ་ནས་ཧཱུཾ་མཛད་ཀྱི་སྤྱན་སྔར་གཞག་པར་བྱའོ། །བུམ་པ་ལྷག་མར་གནས་པའི་ཆོ་གའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང། ་རྡོ་རྗེ་མ་དང། རྡོ་རྗེ་ཧཱུཾ་མཛད་དང་མཱ་མ་ཀཱི་ལ་རེ་རེ་ཞིང་མར་ལ་སོགས་པའི་རྫས་ལས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒེག་མོ་ལ ་སོགས་པ་བརྒྱད་དང། མེ་ཏོག་ལ་སོགས་པས་ཀྱང་ཡང་དག་པར་མཆོད་ལ། ཕྱག་བྱས་ནས་མཆོད་ཡོན་ཕུལ་ལ་སློབ་མ་ལྷག་པར་གནས་པར་བྱའོ། །དེ་ལ་རེ་ཤིག་དང་པོར་ལེགས་པར་ཁྲུས་བྱས་ལ། གོས་གཙང་མ་བགོས་ཤིང་ལག་པར་མེ་ཏོག་ཐོགས་པའི ་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ་།དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། ། ་བྱང་ཆུབ་སེམས་ཀྱང་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་གྱིས། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང ་གར་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་སྟེ། སྙིང་པོ་དེའི་སྙིང་གར་གཞག་པར་བྱའོ། །སུ་ར་ཏ་ས་མ་ཡ་སྟཝཾ་ཧོ་སིདྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བ་བརྗོད་ནས་དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་པར་བྱ་སྟེ། རྟོག་པ་མ་ལུས་ལེགS ་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོས་ལྡན་པས་གསོན། །བརྗེད་ངེས་བློ་ལ་རྡོ་རྗེ་ལ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང།། ་དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་མ་ལུས་སོ་སོར་བཤགས་པར་བགྱི། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང ་ངོ། །ཐུགས་རྗེས་ཁྱབ་པའི་ཐུབ་དང་ལྡན་གྱུར་ཅིང། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་རབ་བ་སྟེ། །དམན་པའི ་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་བ་ཟིལ་གྱི་གནོན་པའི་མཆོག་།གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང། །བློ་གྲོས་རྣམས་རྒྱས་ཐུགས་རྗེ་ཆེར་ལྡན་པའི། །བརྟུལ་ཞུགས ་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ ་རྣམ་གསུམ་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པ་འམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩཝ་སོགས་བཞིན་དུ་གཏང། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས ་དང། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པའི་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི་ཞེས་བྱ་བ་ལན་གསུམ་བརྗོད་དོ། །བདག་གིས་དེ་སྐད་ཅེས་བརྗོད་པའི་དགེ་བའི་རྩབ་འདིས། བདག་གི་ཐམས་ཅད་ཡོངས་སུ་བཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ ་མཉམ་པའི་སེམས་བསྐྱེད་པར་བགྱི། བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བརྟུལ་ནས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བགྱིའོ། །བདག་གིས་སེམས་ཅན ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་སེམས་ཅན་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་པའི ་སེམས་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས ་པའི་སོ་སོར་རྟོགས་པར་བྱ་བའི་ཕྱིར་བསླབ་པར་བགྱིའོ། །བདག་གིས་སྟོབས་བཅུ་དང། མི་འཇིགས་པ་དང། སོ་སོར་ཡང་དག་པར་རིག་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། ། ་དེ་བཞིན་དུ་བདག་གི་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི། །དེའི་དགེ་བའི་རྩ་བ་རྣམས ་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་སྒོ་མཛའ་ཡས་པ་ལ་གནས་པ་མཛའ་མེད་པར་གྱུར་པ། རྫོགས་པར་བྱས་ནས་གདུལ་བྱའི་འགྲོ་བའི་ཚོགས་མ ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་སྒོ་མང་པོ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང། ཡང་དག་པར་དགའ་བར་བྱ་བ་དང། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་བགྱིའོ། །སྡོམ་པ་དོན་དུ་གཉེར་བ་ལ་བསླབ་པའི་གཞི་ལྔ་འཛིན ་དུ་གཞུག་གོ་།དེ་ནས་སློབ་མའི་ལག་ཏུ་རྡོ་རྗེ་བྲིས་དྲི། མེ་ཏོག་གིས་མེ་ཏོག་སྦྱིན་ཞིང། བདུག་པས་ཀྱང་སློབ་མ་ཡང་དག་པར་འདུགས་ལ། མར་མེ་མས་མར་མེས་སྣང་བར་བྱའོ། །དེ་ནས་ཨུ་དུམ་བ་ར་འམ་ཨ་ཤྭད་ཐའི་སོ་ཤིང་སྤོས་དང་མེ་ཏོག་ལ་སོགས ་པ་དང་ལྡན་པ་ལ་ཁྲོ་བོ་རྡོ་རྗེ་བཞད་པ་བཟླས་པ་དང། ཀུ་ཤ་སར་པ་མ་ཉམས་པ་ལ་ཁྲོ་བོ་རྡོ་རྗེ་རྣོན་པོ་བཟླས་ལ་དེ་ལ་སྦྱིན་པར་བྱའོ། །དེ་ནས་ཁྲོ་བོ་རྡོ་རྗེ་བསྲུང་བ་བཟླས་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ། དེའི་དཔུང་པ་གཡོན་པར་བདག ་ཉིད་ཀྱིས་བཅིང་བར་བྱ་ཞིང། རྡོ་རྗེ་སེམས་དཔའ་ཨི་གཙུག་ཏོར་གྱིས་ཡང་དག་པར་བསྲུང་བ་དང། བྱམས་པའི་གོ་ཆ་བསྐོན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཞིན་བཟངས་ལོངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱོས་ཤིག་།དང ་པོར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །དེ་ནས་ཉི་མ་འཆར་ཀའི་དུས་སུ་ལྷ་ཐམས་ཅད་དེ་བཞིན་དུ་བར་སྣང་ལ་བཞག་སྟེ། དཀྱིལ་འཁོར་གྱི་གནས་སྤོས་ཆུས་བྱུགས་ལ་མེ་ཏོག་ལ་སོགས་པས་ཀྱང་མཛེས་པར་བྱས་ནས། ཚོན་སྔོན་པོ་དང། སེར་པོ ་དང། དམར་པོ་དང། ལྗང་གུ་དང། དཀར་པོ་དྲི་ཞིམ་པོས་བགོས་པས་སྲད་བུ་སོ་སོར་ཁ་སྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་གཞག་ནས། ཧཱུཾ་ཏཾ་ཧྲི་ཨ་ཨཱ་ཞེས་བྱ་བའི་རང་གི་ས་བོན་འདི་ལས་བྱུང་བའི་ཐིག་གི་འོད་ཟེར་གྱིས་མི་བསྐྱོད་པ་ལ་སོགས་པ་རང་རང ་གི་ཕྱོགས་ན་བཞུགས་པར་ཡང་དག་པར་བཏང་བ་དང། འབར་བའི་ལྕགས་ཀྱུས་དྲངས་ཏེ་རང་གི་ལག་ན་གནས་པའི་སྲད་བུ་ལེགས་པར་དགང་བར་བྱ་ཞིང། ཨོཾ་ཨ་ནྱོ་ཉ་ཨ་ནུ་ག་ཏ་སརྦ་དྷརྨཱ(རྒྱུད་འགྲེལ་སརྦ་དྷརྨཱ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བྱའོ། །དེ་ནས་སྲད་བུ་དེ་ཙནདན་བཟང་པོ་ལ་སོགས་པས་བྱུགས་པའི་གསེར་གྱི་སྣོད་ལ་སོགས་པར་བཞག་ལ། མེ་ཏོག་གིས་མཆོད་དེ་རྡོ་རྗེ་བསྡམས་པས་བཟུང་ལ། ཐིག་གདབ་པའི་སྔགས་ལན་བརྒྱ་རྩ་བརྒྱད ་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བདག་པོ་རྣམས་ཀྱི་སྔགས་ཀྱང་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ལ་ཕྱག་བྱས་ནས་ལངས་ཏེ་ཡིད་ཀྱིས་རྣམ་པར་སྣང་མཛད་དུ་གྱུར་ནས་ཕྱག་ན་རྡོ ་རྗེའི་ཐུགས་ཀ་ནས་རྡོ་རྗེའི་གྲོགས་ཧཱུཾ་ཞེས་བྱ་བ་འདིས་ཁྲོ་བོའི་རྡོ་རྗེ་ལས་ཀྱི་གཟུགས་སུ་བྱུང་བར་བྱའོ། །ཡང་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་པ་ལ་མིག་གཡས་པ་དང་གཡོན་གཉིས་སུ་ཡི་གེ་ཛ་ལས་ཟླ་བ་དང་ཉིད་མ་སེར་པོ་སྣང་བ་བསྐྱེད་ལ་ཛ་ཞེས་བྱ་བས། ་སྒྲུབ་པའི་གྲོགས་མཆོག་གི་ལག་ཏུ་སྲིད་བུ་དེ་བཏད་ལ། སྲད་བུ་དང་པོར་གཡོན་པའི་ཁུ་ཚུར་གྱི་བཟུང་ལ་ཕྱིས་ནི་ཅི་བདེར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ་མོ། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། མཁས་པས་དཀྱིལ་འཁོར ་ཐིག་གདབ་སྟེ། ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ོཾ་བཛྲ་སཱུ་ཏཱ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་འདི་དང། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན ་གྱི་དོན་གྱི་ཕྱིར་འདིར་གཤེགས་སུ་གསོལ་ཞེས་བསྐུལ་བར་བྱའོ། །གྲུ་བཞིར་བྱ་ཞིང་སྒོ་བཞིར་གདོང། །རྟ་བབས་བཞིར་ཀྱང་རབ་ཏུ་བརྒྱན། །སྲད་བུ་བཞི་དང་ལྡན་པ་སྟེ། དར་དང་ཕྲེང་བས་ཤིན་ཏུ་བརྒྱན། །ཟླ་བ་བྱེད་པར་རབ་གནས་པའི། །ཁྱམས ་ཀྱིས་ཡོངས་སུ་བསྐོར་བ་དང། །དྲ་བ་དྲ་ཕྱེད་དག་གིས་སྤྲས། །སྒོ་རྣམས་དང་ནི་རྒྱན་ཆ་ཅན། །རླུང་གིས་སྐྱོད་པ་སྣ་ཚོགས་མཆོག་།བདན་དྲིལ་བུ་སྒྲ་སྒྲོགས་པ། །ཁྱམས་ནི་མེད་པར་གྱུར་པའི་སྒོ། །མེ་ཏོག་ཆུན་འཕྱང་བརྒྱན་གྱིས་བསྐོར། །དཀྱིལ ་འཁོར་ཀུན་གྱི་སྒྲ་རྣམས་དང། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་བརྒྱན་པར་ནི། །དཀྱིལ་འཁོར་ཕྱི་རིམས་སྲད་བུ་བྲེ། །ཤེས་རབ་ཅན་གྱི་དེ་ནང་དུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཏེ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་རྟ་བབས་བཅས།། ་རྡོ་རྗེ་ཀ་ཁའི་ནང་ལོགས་སུ། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་སྟེ། །དེ་ལྟར་དཀྱིལ་འཁོར་སྲད་བུ་བྲེ། །སྲད་བུ་བྲེས་པས་ཚོན་གྱིས་གང། །ལྷག་མ་ནི་ཕྱིའི་དཀྱིལ་འཁོར་ཡིན་པར་བལྟའོ། །གལ་ཏེ་བགེགས་བཟློགས་པར་བྱེད་འདོད་པར་གྱུར་ནས་སེང་ལྡེང་གི་ཕུར ་བུ་སྟོང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ལ། སྣད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ་སྔ་མ་བཞིན་དུ་རྡོ་རྗེ་ཕུར་བུའི་སྔགས་བཟླས་ཏེ། དཀྱིལ་འཁོར་ལྟེ་བར་རྡོ་རྗེས་བརྡུང་བར་བྱའོ། །ཡང་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་བསྟན་པའི་ཕུར་བུ་དང་འདྲ་བའི་ཕུར་བུ་གཞན་དག་ལ ་ཕུར་བུའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པས་གོ་རིམས་འདི་བཞིན་དུ་བགེགས་ཐམས་ཅད་ལ་ཕུར་བུས་གདབ་པར་བྱའོ། །ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་ལྟེ་བ་ལ་བཏགས་པའི་སྲད་བུས་བསྐོར་ཕྱོགས་སུ། ཕྱིའི་དཀྱིལ་འཁོར་ཟླུམ་པོ་དང་འོད་ཀྱི ་དཀྱིལ་འཁོར་ཐིག་གདབ་པའི་ཡང་ཕྱི་རོལ་དུ། དེ་བཞིན་དུ་ཁོར་ཡུག་ཆེན་པོ་ཟླུམ་པོར་ཐིག་ལེགས་པར་གདབ་པར་བྱའོ། །འོད་ཀྱི་དཀྱིལ་འཁོར་དེར་གྲོག་མཁར་གྱི་ས་ལ་སོགས་པའི་བགེགས་ཀྱི་གཟུགས་བརྙན་བྱས་ནས་བརྒྱ་བྱིན་གྱི་གཟུགས་བརྙན་རང ་གི་ཕྱོགས་ན་གནས་པ་ལ་ཨི་ལས་བརྒྱ་བྱིན་སེར་པོའོ། །མེ་ལ་སོགས་པའི་གཟུགས་བརྙན་ལའང་དེ་བཞིན་ཏེ། རཾ་ལས་མེ་ལྷ་དམར་པོ། །ོཾ་ཧཾ་ལས་གཤིན་རྗེ་ནག་པོ། །ཀྲཾ་ལས་སྲིན་པོ་ནག་པོ། །བཾ་ལས་ཆུ་ལྷ་དཀར་པོ། །ཡཾ་ལས་རླུང་ལྷ་དུད་ཀ། ་ཕཊ་ལས་ལུས་ངན་པོ་སེར་པོ། །སུཾ་བྷ་ལས་དབང་ལྡན་དཀར་པོ་བསྐྱེད་ལ་འདོད་པའི་རྒྱལ་པོས་བཀུག་སྟེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང། བཅིང་བ་དང། དབང་དུ་བྱས་ནས་ཕུར་བུས་གདབ་པོ། །ཤིན་ཏུ་ཡུན་རིང་དུ་བགེགས ་མེད་པར་འདོད་ནམས་དགའ་བར་བྱའོ། །དེ་ལྟར་ན་ཡང་གལ་ཏེ་བགེགས་བྱེད་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ་འདོད་པའི་རྒྱལ་པོས་བཀུག་ནས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ཀྱང་དགུག་པ་ལ་སོགས་པ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ་རྐང་པ་གཡོན་པས་བགེགས་ཀྱི་གཟུགས་བརྙན་མནན་ཏེ། ཧཱུཾ་བཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྤེལ་བའི་ཚུལ་གྱིས་ཟློས་གཡོན་བརྐྱང་བའི་གནས་པས་གནས་ན། དེ་ལྟ་བུས་བགེགས་བཅོམ་པར་འགྱུར་རོ། །ཡང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱ ་བའི་རྗེས་ཐོགས་ལ། ཨ་ལས་རྣམ་པར་སྣང་མཛད་དུ་གྱུར་ནས། རྒྱུད་ལས་གསུངས་པའི་རྣམ་པར་སྣང་མཛད་ཀྱི་སྐུར་ངེས་པར་བསམས་ལ། རང་གི་སྙིང་གར?་ཧཾ་ལས་འཕགས་པ་མི་གཡོ་བ་ཡིད་ཀྱིས་ཕྱུང་སྟེ། བཛྲ་ཧཾ་བནདྷ་ཞེས་ཡིད་ལ་ཟློས་ཤིང། ་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རླུང་གི་མཚམས་སུ་དྲིས་ཐིག་ལེ་བདུན་བྱས་ཏེ། ཐིག་ལེ་རེ་རེ་ཞིང་ཡང་ནང་དུ་ཆུད་པར་བྱས་ལ། དབུས་མ་དང་ཐིག་ལེ་བདུན་དང་ལྡན་པར་བྱའོ། །ཐིག་ལེ་བདུན་པོ་དེ་དག་ཀྱང་རླུང་ལྷ་བདུན་པོ་མདོག་ནག་པོ་རི་དགས་ལ་ཞོན ་པར་བསམས་ལ། འཕགས་པ་མི་གཡོ་བས་བཀུག་ནས་ཞགས་པས་བཅིངས་པར་གྱུར་པར་བསམ་མོ། །དེ་རྣམས་ཀྱིས་དབུས་ཀྱི་དབུས་མ་གཅིག་ནི་གཙོ་བོ་ཡིན་ལ། ལྷག་མ་རླུང་ལ་དྲུག་ནི་དེའི་འཁོར་དུ་ཀུན་ནས་གནས་པ་ཡིན་ནོ། ་དེ་ནས་ཁམ་ཕོར་ཨ་ལས་རི་རབ་ཏུ་བསམས་ལ། དེའི་སྟེང་དུ་ཨ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེས་གཡོགས་པ། དབུས་སུ་ཡི་གེ་ཧཱུཾ་གི་ས་བོན་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། མཚམས་རྣམས་སུ་མདུང་རྩེ་རྣམ་པར་བསམས་ལ། ་དེ་བཞིན་དུ་བཛྲ་ཧཾ་བྷདྷཧ?་ཞེས་ཟློས་ཤིང་ཁཾ་པོར་དེས་ཇི་སྐད་བཤད་པའི་ཡི་གེ་ཡཾ་བདུན་པོ་དགབ་པར་བྱའོ། །དེ་ནས་ཁམ་ཕོར་དང་རི་རབ་ཀྱི་སྟེང་དུ་ཡི་གེ་ཨོཾ་ལས་སྔར་བཤད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ལ། འཕགས་པ་མི ་གཡོ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོན་བརྐྱང་བའི་གནས་པས་རི་རབ་བཟུང་ནས་རལ་གྲི་དང་ཞགས་པས་རླུང་ལྷ་རྣམས་ལ་བསྡིགས་པར་བསམས་པར་བྱ་སྟེ། དེ་ལྟ་བུས་ནི་རླུང་ཐམས་ཅད་བཅིང་བ་བྱས་པར་འགྱུར་རོ། །དེ་ནས་ཆུ་ལ ་སོགས་པའི་བགེགས་བཟློག་པ་བཤད་པར་བྱ་སྟེ། ཡི་གེ་ཧཾ་ལས་འཕགས་པ་མི་གཡོ་བ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པར་བདག་ཉིད་བསྐྱེད་ལ། གྲོག་མཁར་གྱི་ས་འམ། ལྕིབ་ས་ལ་མ་ལྷུང་བ་ལས་བགེགས་ཀྱི་གཟུགས་བརྙན་བྱས་ནས། ་ཡི་གེ་ཁ་ལས་རལ་གྲི་དང། ར་ལས་ནང་ན་མེ་ཡོད་པར་བསྐྱེད་ཅིང། ཀླི་ལས་ཞགས་པ་དང་ལྕགས་ཀྱུ་བསྐྱེད་དེ། ལག་པ་གཡོན་པས་བཟུང་ལ། ལག་པ་གཡས་པས་རལ་གྲི་དང་ཞགས་པས་དྲངས་ནས་བགེགས་ཀྱི་གཟུགས་བརྙན་གྱི་ནང་དུ་བཅུག ་སྟེ། གཡོན་བརྐྱང་བའི་གནས་པས་གནས་ལ། རྐང་པ་གཡོན་པས་སྤྱི་བོ་ནས་བཙིར་ནས། ན་མ(རྒྱུད་འགྲེལ་དགུག་པར་བྱའོ། །ཧི་ཞེས་བྱ་བ་དང་རྡོ་རྗེ་ཉི་མའི་དམ་ཚིག་གི་ཕྱག་རྒྱ་མཐར་སྦར་བར་བྱའོ། །དེ་ལ་འབར་བའི་ལྟ་བ་ནི་འདི་ཡིན་ཏེ། རབ་ཏུ་འབར་བར་མིག་བསྐྲུལ་ཞིང། །མིག་གི་རྗེ་མ་འགུགས་བྱེད་པ། །ལྟ་བ་གཟི་ཅན་ཡིན་པར་བཤད། །འགྲོ་བ་ཐམས ་ཅད་འགུགས་བྱེད་པ། །དཱི་པཏ་དྲིཥྚ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་ཅི་བདེ་བར་བྱའོ། །དེ་ལ་རིམ་པ་ན་འདི་ཡིན་ཏེ། སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། དཀར་པོའོ། །དེ་ཡང་སྔོན་པོ་རྡོ་རྗེ་རྩེའི་རང་བཞིན་ནི། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན ་དག་མར་གཊ་འདྲ། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཅེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོར་ནི་སེར་པོ་དང་ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ན་ལྗང་གུ ་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཤེས་ལྟར་སྣང་བ་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང། །རབ་མཉམ་གཞག་པས་བྲི་བར་བྱའོ། །ཡང་ན་སྔ་མ་བཞིན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ནས། །གསེར་རམ་དངུལ་ལས་བྱས་པའམ། ་ས་ཡང་རུང་སྟེ་ལེགས་བྲིས་པའི། །ཕ་གུ་གྲུ་བཞིར་བྱས་པ་ལ། །སངས་རྒྱས་གཟུགས་ནི་གཞག་པར་བྱ། །ོཾ་བཛྲ་ཛཝ་ལ་ཨགནི་པྲ་དཱི་བ་ཏ་ཨཱ་ཀར་ཥ་ཡ་སརྦ་ཏ་ཐཱ་ག་ཏཱ་མཧཱ་བཛྲ་ས་མ་ཡ་ཧཱུཾ་ཛ(རྒྱུད་འགྲེལ་བྱ། །དེ་བཞིན་རིན་ཆེན་འོད་བསྐོར་བ། །པདྨ་རྡོ་རྗེ་ཀུན་དེ་བཞིན། །སྙིང་པོ་ནི་འདིས་བྱའོ། །ོཾ་བཛྲ་སཏྭ་བཛྲི་ཛཝ་ལ་མཱ་ལཾ?་ཧཱུཾ་ཕཊ། ཨོཾ་རཏན་བཛྲི་ཛཝ་ལ་མཱ་ལ་ཧཱུཾ་ཏྲཾ། ཨོཾ་དྷརྨ་བཛྲི་ཛཝ་ལ་མཱ་ལ་ཧཱུཾ་ཧྲི(རྒྱུད་འགྲེལ་སངས་རྒྱས་སྤྱན་སྔར་དེ་བཞིན་དུ། །མཁས་པས་ཆོ་ག་བཞིན་བྲི་བ། །རྡོ་རྗེ་ཧཱུཾ་མཛད་དཀྱིལ་འཁོར་རོ། །དེ་ལ་རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ོཾ་བཛྲ་བེ་ཀྵ་ཀྲ་མ་ཧཱཾ་དེ་ནས་འདིའི་ཕྱག་རྒྱ་བཤད་དེ། ཡིད་ཀྱི་རི་མོ་གཏེ་གནས ་ནི། །རྡོ་རྗེ་སྲད་བུ་འམ་གཞན་ཡང་རུང། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་བར་དེ་མི་འགྱུར། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །ཕྱག་ན་རྡོ་རྗེ་བྲི་བ་ནི། །ུཏ་པལ་ཆེ་སྔོ་འཚེར་བའི་མདོག་།རྡོ་རྗེ་ཧཱུཾ་མཛད་བསྡུས་པ་ནི། །ཁྲོ་དང་བཅས ་པས་འཛུམ་པའི་ཞལ། །གཡོན་བརྐྱང་ཚུལ་དུ་གནས་པ་སྟེ། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །གཡོན་པའི་ཞབས་ཀྱི་མཐིལ་གྱིས་ནི། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པའི་ཞབས་ཀྱི་ཨུ་མ་ཡི། །ནུ་མའི་སྟེང་དུ་གནོན་པ་བྲི། །དེ་ཡི་སྙིང ་པོ་འདི་ཡིན་ནོ། །ཧཱུཾ་ཨོཾ་ནི་སུཾ་བྷ་བཛྲ་པི་ཏྱོ་ཏ་ཏ་མ་ཧཱུཾ་ཕཊ་ཅེས་བྱ་བ་དང། ཨོཾ་བཛྲ་ཤཱུ་ལ་ཞེས་བྱ་བའི་སྙིང་པོ་གཉིས་ནི་ལྷ་ཆེན་པོའོ། །ོཾ་ཀྲོ་དྷ་བཛྲ་ཨག་ནི་ཛཝཱ་ལ་ཡ་ཏྲི་ཤཱུ་ལཾ་བྷིན་ད་ཡཾ་བཛྲེ་ཎ་ཧཱུཾ་ཕཊ། ཅེས་པ་ནི་ཨུ་མའིའོ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །རྡོ་རྗེ ་ཁྲོ་བོ་གཞག་པ་ནི། །ཁྲོས་པ་ཆེ་བ་འབྱུང་བ་སྟེ། །འབར་བཞིའི་ཕྲེང་བས་འཁྲིགས་པའི་འོད། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་ཡིན་ནོ། །ོཾ་བཛྲ་སཏྭ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱ་ཀརཥ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨ་ཀྲོདྷ་རཱ་ག་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དྷུ་ཥི་ཀྲོ་དྷ་སཱ་དྷུ ་སཱ་དྷཱུ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པ་གཉིས་པར་ཡང། །དེར་ནི་རྡོ་རྗེ་དབང་བསྐུར་པ། །རྡོ་རྗེ་ཁྲོ་པོས་བསྐོར་བ་བྲི། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ཏྲཾ་ཨོཾ་བཛྲ་བི་ཤུདྡྷི་ཀྲོ་དྷ་ཧ་ར་ཧ་ར་ཧཱུཾ་ཕཊ། ཨོཾ་བཛྲ་སུརྱ་མཧཱ་ཛཝ ་ལ་མཱ་ལ་ཀྲོ་དྷ་ཛཝ་ལ་ཡ་ཛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཀེ་ཧུ་དེ་ཧི་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་ཏ་ཏ་ས་ཧ་ཀྲོ་དྷ་ཧ་ཧ་ཧ་ཧ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པ་གསུམ་པ་ཡང། །རྡོ་རྗེའི་སྡེ་ནི་བྲི་བར་བྱ། །ཁྲོ་བོ་བདག་ཉིད་ཆེན་པོས་བསྐོར། །དེ་ནས་དེ ་རྣམས་ཀྱི་སྙིང་པོ་བཤད་དོ། །ཧྲཱི(རྒྱུད་འགྲེལ་འཁོར་དམ་པ་བཞི་པར་ཡང། །རྡོ་རྗེ་དབང་པ་དྲི་བ་ནི། །རྡོ་རྗེ་ཁྲོ་བོའི་ཚོགས་ཀྱིས་བསྐོར། །དེ་ནས་དེ་རྣམས་ཀྱི་སྙིང་པོ་བཤད་དོ། ། ཨོཾ་བཛྲ་ཀརྨ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་པ་ཙ་ཀྲོདྷ་རཀྵ་རཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་མུཥྚི་ས་དྷ་ཡ ་ས་མ་ཡ་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་ནི་གྲཝ་རྣམས་སུ། །རྡོ་རྗེ་དབྱིངས་ཀྱི་ཚུལ་བཞིན་དུ། །ཇི་ལྟར་གོ་རིམས་བཞིན་དུ་ནི། །གསང་བའི་མཆོད་པ་ཀུན་བྲིའོ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ོཾ་བཛྲ་ལཱ་སྱེ་རཱ་ག་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ལེ་ཨ་བྷིཥིཉྩ་ཧཱུཾ ་ཕཊ། ཨོཾ་བཛྲ་གཱི་ཏེ་ག་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ནིར་ཏྱེ་བ་ཤཾ་ཀུ་རུ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པའི་ཕྱི་རོལ་ཏུ། །དེ་ཡི་གྲཝ་རྣམས་ཉིད་དུ་ནི། །མཆོད་པའི་ལྷ་མོ་བཞི་རྣམས་གཞག་།དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། ། ་ཨོཾ་བཛྲ་དྷུ་པ་ལཱུ་ཇི་སཕར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་པུཥཔེ་པཱུ་ཛ་སྤར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་སཕར་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་གནདྷ་པཱུ་ཛ་སཕ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། སྒོ་རྣམས་ཀུན་གྱི་དབུས་སུ་ནི། །ལྕགས་ཀྱུ་ལ་སོགས་བཞག་པར་བྱ། །དཀྱིལ ་འཁོར་ཕྱི་རོལ་གནས་རྣམས་སུ། །ཕྱིའི་རྡོ་རྗེའི་རིགས་རྣམས་སོ། །དེ་ནས་དེ་དག་གོ་སྙིང་པོ་བཤད་དོ། །ོཾ་བཛྲ་ཨཾ་ཀུ་ཤ་མཧཱ་ཀྲོ་དྷ་ཨཱ་ཀརཥ་ཡ་སརྦ་ས་མ་ཡན་ཧཱུཾ་ཛ(རྒྱུད་འགྲེལ་ཡ་ན་ཧཱུཾ་ཧཱུཾ་པཾ་ཨོཾ་བཛྲ་ཨཱ་བེ་ཤ་ཡ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡ་ན་ཧཱུཾ་ཧོ(རྒྱུད་འགྲེལ་པའི་བློ་གྲོས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་བྲིའོ། །ལྷོ་ཕྱོགས་སུ་སྤོས་ཀྱི་གླང་པོ་དང། དཔའ་བར་འགྲོ་བ་དང། ནམ་མཁའ་མཛོད་དང། ཡེ་ཤེས་ཏོག་རིན་པོ་ཆེ་བསྣམས་པར་བྲིའོ། །ནུབ་ཕྱོགས་སུ་འོད་དཔག་ཏུ་མེད་པ་དང། ཟླ་བའི་འོད་དང། ་བཟང་སྐྱོང་དང། དྲ་བ་ཅན་གྱི་འོད་པདྨ་བསྣམས་པའོ། །བྱང་གི་ཆང་རྡོ་རྗེ་སྙིང་པོ་དང། བློ་གྲོས་མི་ཟད་པ་དང། སྤོབས་པ་བརྩེགས་པ་དང། ཀུན་ཏུ་བཟང་པོ་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཡང་ན་འཁོར་བ་འཇིག་དང། གསེར་ཐུབ་དང། འོད་སྲུངས ་དང། ཤཱཀྱ་ཐུབ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བཞི་པོ་མ་གཏོགས་པ། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཞི་ཡིས་སྟོང་དུ་མ་ཚང་བ་ཤར་ཕྱོགས་ནས་བརྩམས་ཏེ་ཁྱམས་ལ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ ་དྷརྨ་ཏེ་མཧཱ་ཡ་ན་པ་རི་བཱ་ཛ?་སྭཱ་ཧཱ། ཞེས་བྱ་བའི་རིག་པ་འདི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ་ཤར་ཕྱོགས་སུ་སྒྱུ་མའི་རྡོ་རྗེ། རྡོ་རྗེ་དྲིལ་བུ། ཐུབ་པའི་རྡོ་རྗེ་རྡོ་རྗེ་མཚོན་ཆ་ཆུང་མ་དང་བཅས་པ། ལྷོར་བདུད ་རྩི་འཁྱིལ་པ། རྡོ་རྗེ་འོད། རྡོ་རྗེ་དབྱིག་པ། རྡོ་རྗེ་གསེར་སྨུག་ཆུང་མ་དང་བཅས་པའོ། །ནུབ་ཏུ་རྡོ་རྗེ་གླང་པོ་སྣ། རྡོ་རྗེ་ཕྲེང་བ་རྡོ་རྗེ་དབང། རྡོ་རྗེ་རྣམ་པར་རྒྱལ་བ། རྡོ་རྗེ་གཏུང་ཤིང། རྡོ་རྗེ་རླུང། རྡོ་རྗེ་མེ། རྡོ་རྗེ་འཇིགས་པ་ཆུང་མ་དང་བཅས་པར་རོ། །བྱང ་ཕྱོགས་སུ་ནི་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་དུས། རྡོ་རྗེ་བགེགས་ཀྱི་གཙོ་བོ། །རྡོ་རྗེ་གླུ་ཆུང་མ་དང་བཅས་པར་བྲི་བར་བྱའོ། །ཁྱབ་འཇུག་ལ་སོགས་པ་དག་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་སྐུའི་ཕྱེད་ཀྱི་ཚད་ཙམ་ཁྱམས་ལ་བརྟེན་པར ་བྱའོ། །ཞེས་རྡོ་རྗེ་རྩེ་མོ་ལས་གསུངས་པ་ཡིན་ནོ། །དེ་ནས་རྡོ་རྗེ་གསེར་ལ་སོགས་པ་འདི་རྣམས་ཀྱི་སྙིང་པོ་དང་རིག་པ་རྣམས་བཤད་དོ། །ོཾ་བཛྲ་ཙཀྲ་ཧཱུཾ། ཨོཾ་བཛྲ་ཧེ་མེ་ཚིནདྷ་ཙཀྲེ་ན་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་གན་ཏེ་ཀེ་ཧཱུཾ། ཨོཾ་བཛྲ་གཽ་མ་རཱི་ཤི་གོ་ཨཱ་བེ ་ཤེ་ཡ་གཾ་ཏ་ཤབ་ཏེ་ན། བཛྲ་པཱ་ཎི་པྲི་ཡེ་བཛྲ་ས་མ་ཡ་མ་ནུ་སྨ་ར་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ཤཱནྟི་ཛ་པ་ཛ་པ་ཨཀྵ་མ་ལ་ཡ་སརྦ་ན་མཱ་ར་ཡ་ཤཱནྟ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱཾ་ཡུ་ད་ཧཱུཾ་ཕཊ། ཨོཾ་བཛྲ་མུཥྚི་ཧ་ན་ཧ་ན་བཛྲེ་ཎ་བྷིནད་བྷིནད(རྒྱུད་འགྲེལ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ། ཨོཾ་ཛཝ་ལི་ཏ་དི་བ་ཏ་བཛྲ་ཧཱུཾ། ཨོཾ་ཨ་མྲི་ཏེ་སརྦ་དུཥྚཱཾ་གྲིཧྣ་བནདྷ་ན་ཧ་ཧ་ན་པ་ཙ་བི་དྷཝན་ས་ཡ་བི་ནཱ་ཤ་ཡ་ཚིནདཱ་བྷིནདྷ་བྷསྨི་ཀུ་རུ་མུར་ཏ་ན། ཧ་ད་ཡ་བཛྲེ་ཎ་ཡེ་ཀེ་ཙིཏྟ་མ་མ་ཨ་མུ་ཀ་སྱ་བྷ་བི་ཎ་ཡ་ཀ་སྟཝཾ་དམ་ཡ་བི་བ་ཏ་ཀོདྷ་བཛྲ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ ་ཀན་ཏི་མ་ར་ཡ་སོ་མྱ་དུ་པེ་པྲ་དཱི་བ་ཏ་རཱ་གེ་ན་ཤཱི་གྷམ། སཕོ་ཊ་ཡ་ཧྲི་ད་ཡཾ་བཛྲ་དྷ་སྔར་དེ་ན་མཧཱ་ཛཡད་ན་ཀ་ར་ལེ་ཤི་ཏར་ཤམ་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་དནྟ་ཧཱུཾ་ཕཊ། ཨོཾ་བཛྲ་དནྟ་ཨགནི་གྷ་ཏ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཀྲི་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་མེ་ཁ་ལེ་ཁ་ཎི་ཁ་ཆུ་ཤབ? ་དེ་ན་བ་ཤུ་ཀུ་ཏྲི་ཏྲིཥྚ་མཱ་ར་ཡ་བྷ་ཤ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་མ་དེ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ལ་ཡེ་ཧཱུཾ་ཚིནད། ཨ་སི་ན་བྷིནད་བཛྲེ་ཎ་མཱ་ར་ཡ་ཨུད་མ་ད་ཡ་བི་བ་དྲི་བ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཡ་ཧཱུཾ། ཨོཾ་བཛྲ་ཨ་ཤན་ནེ་བྷཀྵ་ཡ་སརྦ་དུཥྚན་བཛྲ་ད་ཤ་ནེ་ཤཀྟི་དར་ཎི་མ་ནུ་ཥ་མ ་ན་སཱ་ཨཱ་ཧ་ར་ཎ། ན་ར་རུ་དྷི་ར་ཨ་བ་ས་པྲི་ཡ?་མཛཛ་ས་ནུ་ལེ་བ་ཎ་བི་ལི་བ་ཏ་ག་ཏE་ཨ་ན་ཡ། སརྦ་དྷ་ན་དྷ་ན་ཧར་ཎཡ་སུ་བརྞ་ཨ་ཏྲི་ནི་སང་ཀྲ་མ་ཡ་བར་ཏེ་བྷཀྵི་ནི་ཧཱུཾ་ཕཊ། ཨོཾ་བཛྲ་མ་དྷ་ཧཱུཾ། ཨོཾ་བཛྲ་བ་ཤེ་ཨ་ན་ཡ་བ་ཤཾ་ཀུ་རུ་སརྦ་པུ་རུ་ཥ་དྷ་སི་ཀུ་རུ་དྲུང་དྷཾ ་པྲུ་ས་ད་ཡ་བྱ་ཧ་ར་བྷཡོ། །བསྒྱུར?་ཏ་ང་བི་ཛ་ཡ་མ་ཀ་རི་བཛྲ་པ་ཏི་ཀ་ཏ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་སི་ཧཱུཾ། ཨོཾ་བཛྲ་བ་སེ་ནི་ཨ་ན་ཡ་སརྦ་པ་སྟཝོཾ། ཨཎན་བན་དི། ཏྱུ་པ་ཀ་ར་ཎཱ་ཎི་ཤཱི་གྷཾ་བ་ཤཱཾ་ཀུར་བི་དཾ་མེ་དྲ། ཡཙྪ་ཨ་བི་ཤ་ས་ཏྱཾ་ཀ་ཐ་ཡ། བཛཝེ་ཀོ་ཤ་དྷ་རི་ཎཱི་ཧཱུཾ་ཕཊ། ་ཨོཾ་མུ་ས་ལ་ཧཱུཾ་ཕཊ། ཨོཾ་བཛྲ་དྷུ་ཏི་ཨ་ན་ཡ་སརྦ་རྦ་མ་མཎྜ་ལཾ་པྲ་བེ་ཤ་ཡ། ཨཱ་བེ་ཤ་ཡ་བནདྷུ་ཡ་བནདྷ་ཡ། སརྦ་ཀ་རཱ་ཎི་མེ་ཀུ་ཤཱི་གྷཾ། ཤི་གྷེ་ལི་གྷུ་ལ་གྷུ་ཏྲ་ས་སྤ་མ་ར་ཡ་ནཱ་རཱ་བེ་ཎཱ་བཛྲ་ཁ་ཊཝཱཾ་ག་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་པ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་བ་ག་བཛྲི ་ཎི་གྷུ་གྷུ་གྷུ་ཤ་བདེ་ནཱ་མ་ར་ཡ། བི་ག་ར་གྷི་དྷ་ན་ས་ཡ་བཛྲ་པ་ཏ་དྷ་རི་ཧཱུཾ་ཕཊ། ཨོཾ་བཛྲ་ཛཝེ་ལ་ནི་ཧཱུཾ། ཨོཾ་བཛྲ་ཛཝ་ལ་ཡ་སརྦཾ་བཛཝ་ཛཝ་ལ་ཡ་ད་ཧ་ད་ཧ། བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་གྲ་ཧ་ཧཱུཾ། ཨོཾ་བཛྲ་བ་ག་ཏེ་པྲ་བི་ཀ་ཏ་དཥྚཾ་ཀ་ར་ཡ་བི ་ཁ་ན་བག་ཏེ་ཤཱི་གྷྲམ?་གྲིཧྞ?་ཨཱ་བོ་ཥ་ཡ་བྷཀྵ་ཡ་རུ་དྷི་ར་ཎ་བི་བ་མཧཱ་ཡཀྵ་ཎི་བཛྲ་བ་ཤ་ད་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་དཥྚཾ་ཧཱུཾ། ཨོཾ་བཛྲ་མུ་ཁ་ཨ་ན་ཡ་བཛྲ་དཥྚིཾ་བ་ཡ་ཎི་ཀེ་པཱ་ཏཱ་ལ་ནི་བ་སི་ནི་ཁ་ཁ། ཁཱ་ཧི་ཁཱ་ཧི་སརྦ་མུ་ཁ། པྲ་བ་ཤ་ཡ་སཕོ་ཊ་ཡ་མ་མ་ཎཱི་སརྦ་དུཥྚན ་ནི་བཛྲི་ཎི་སི་ཏ་ཨ་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་རཱ་ཏཱ་ཧཱུཾ། ཨོཾ་བཛྲ་ཀཱ་ལི་མཧཱ་པྲེ་ཏ་རུ་པི་ནི་མནུ་ཥ། མཱ་ར་རུ་དྷི་ར་པྲི་ཡེ་ཨེ་དྱེ་ཧི་གྲིཧྞ་གྲིཧྞ་བཀྲ་ཡ་བཛྲ་ཌཱ་ཀཱི་ནི་བཛྲ་ཤད་ཀ་ལེ་སརྦ་དེ་བ་ག་ན་མ་ཏི་བྷུ་ཏི་ཧ་ར་ཧ་ར་པྲཱ་ཎ་ཎ། ཨ་མུ་ཀ་སྱ་ཀ་པཱ་ལ་ཨ་ལཾ་ཀྲི་ཏ་སརྦ ་ཀ་ཡི་གེ་ཉྩ་ར་ཡ་སི། བཛྲ་ཁ་ཊཝཱཾ་ག་དྷ་རི་ཎི་པྲེ་ཏ་མ་ནུ་ཥ། ཤ་རཱི་དེ་ཤཱགྷཾ། པྲ་བེ་ཤ་ཡ། བནདྷ་ཡ་བ་ཤཾ་ཀུ་རུ་མཱ་ར་ཡ་བཛྲ་ར་གྲི་ས་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཨོཾ་བཛྲ་བིབྷཾ་ཧཱུཾ། ཨོཾ་བཛྲ་བྷུ་ཏ་ནེ་མ་ནུ་ཥ་མན་སརྦ་སི་དུ་དི་རི་མུ་དྲ་པུ་རི་ཤི་ཥེ་ཤཾ་གྷ་ན། ཀ་རེ་ཏོ་གརྦྷ་ཧཱ ་རཾ་ཎཱ་ཡ་ཧཾ་ཤཱི་གྷྲཾ་ཨི་དཾ་ཨ་མུ་སྱ་ཀུ་རུ་བཛྲ་ཤོ་དྷ་ནི་ཀ་ཏ་རི་ཎི་སརྦ་དྷརྨ་ཎི་མེ་ཀུ་རུ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་ཧ་ར་ཎ་ཧཱུཾ། ཨོཾ་བཛྲ་མ་ཀ་རེ་གྲ་ས་ཤཱི་གྷྲཾ་ཕྲ་བེ་ཤ་ཡ། པིཀྲ་ལཾ་བྷཀྵ་ཡ་བཛྲ་མ་ཀ་ར་དྷ་ནི་ཧཱུཾ་ཕཊ། མེའི་མཚམས་ནས་བརྩམས་ཏེ། སྐོར་ཕྱོགས ་སུ་བྷི་མ་གང། དཔལ་མོ་དང། དབང་ལྡན་མ་དང། དཀའ་ཐུབ་ཟློག་མ་ཡང་འདིས་བྲི་བར་བྱའོ། །ོཾ་སརྦ་གྷ་མི་ནི་སརྦ་བྷཀྵེ་སཱ་དྷ་ཡ་གུ་དྱ་བཛྲ་ཎི་ཧཱུཾ་ཕཊ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན་ཞལ་བཞི་པ། རྡོ་རྗེ་སྐྱིལ་མོ་ཀྲུང ་དང། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྔོན་པོ་ཇི་སྐད་བཤད་པའི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་བསྣམས་པ། ཁྲོ་བོ་རྡོ་རྗེ་སེམས་དཔའ་ཡང་སྐུ་མདོག་སྔོན་པོ། །རྒྱལ་པོ་གསེར་གྱི་མདོག་ཅན། ཆགས ་པ་དམར་པོ། །ལེགས་པ་མརྒ་ཏ་ཀྱི་མདོག་ཅན། རིན་ཆེན་ཧཱུཾ་མཛད་དང། རིན་ཆེན་གསེར་གྱི་མདོག་ཅན། ཉི་མ་མདོག་དམར་པོ། །རྒྱལ་མཚན་ནམ་མཁའ་ཨི་མདོག་ཅན། གཞད་པ་དཀར་སེར། ཆོས་ཀྱི་ཧཱུཾ་མཛད་དང། རྡོ་རྗེ་ཆོས་ཀྱང་སྐུ་མདོག་དཀར་དམར། རྣོན ་པོ་ནམ་མཁའ་ཨི་མདོག་ཅན། རྒྱུ་གསེར་གྱི་མདོག་ཅན། སྨྲ་བ་ཟངས་ཀྱི་མདོག་ཅན། །ལས་ཀྱི་ཧཱུཾ་མཛད་དང། ཁྲོ་བོ་ལས་སྣ་ཚོགས་པའི་མདོག་ཅན། སྤུང་བ་གསེར་མདོག་།གནོད་སྦྱིན་གནག་།ཁུ་ཚུར་སེར། ཁྲོ་བོ་སྒེག་མོ་སྔོན་མོ་ཁྲོ་མོ་ཁུ་ཚུར ་གཉིས་ཀྱི་རྡོ་རྗེ་གཉིས་བསྣམས་ཏེ་རྡོ་རྗེ་བསྙེམས་པའི་ཚུལ་གྱིས་ཅུང་ཟད་འདུད་པ། ཆ་ལང་བརྡུང་བ་ལ་སོགས་པའི་ལྷ་མོ་བཞིས་བསྐོར་བ། ཕྲེང་བ་མ་སེར་མོ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་ཕྲེང་བ་འཛིན་པ། མན་ཏ་ལི་ཀ་བརྡུང་བའི་ལྷ་མོ་བཞིས་བསྐོར ་པ། གླུ་མ་མདོག་དམར་སྐྱ་པི་ཝང་ལེན་པ་ལ་བརྩོན་པས་གནས་པའི་ལྷ་མོ་བཞིས་བསྐོར་བ། གར་མ་སྣ་ཚོགས་པའི་མདོག་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བསྣམས་ཏེ་གར་བྱེད་པ་ལ་བརྩོན་པ། མུ་ཀུན་ད་ཐོགས་པ་གནས ་པའི་ལྷ་མོ་བཞིས་བསྐོར་དེ་གནས་པའོ། །བདུག་པ་མ་མདོག་སྔོ་བ་གཡོན་པའི་ཁྲོ་བོ་ཁུ་ཚུར་སྡིགས་མཛུབ་བསྒྲེང་བ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སྤོས་ཁང་བསྣམས་པ། རུ་དུང་འབུད་བ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ། མེ་ཏོག་མ ་སེར་བ། ཕྱག་གཡོན་པ་མེ་ཏོག་གི་སྣོད་ཐོགས་ནས། གཡས་ཀྱི་མེ་ཏོག་གི་ཆར་འབེབས་པ། བ་ཊ་ཧ་ཐོགས་པའི་ལྷ་མོ་བཞིས་བསྐོར་ཏེ་ཞུགས་པ། མར་མེ་མ་མདོག་དཀར་དམར། གཡོན་པའི་ཁུ་ཚུར་སྡིགས་མཛུབ། གཡས་པའི་རྡོ་རྗེ། ་ཁུ་ཚུར་གྱིས་མར་མེའི་སྡོད་བུ་བསྣམས་པ། ཏི་མི་ལ་བརྡུང་པ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ། བྱུག་པ་མ་སྣ་ཚོགས་པའི་མདོག་ཅན། ཕྱག་གཡོན་པས་དྲིས་གང་བའི་དུང་ཆོས་བསྣམས་པ། གཡས་པ་དྲི་འཐོང་བ་དྷ་ཀཱ་བརྡུང་བ ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ། ལྕགས་ཀྱུ་སྔོན་པོ། །ཞགས་པ་སེར་པོ། །ལྕགས་སྒྲོག་དཀར་དམར། དྲིལ་བུ་སྣ་ཚོགས་པའི་མདོག་ཅན། བསྐལ་པ་བཟང་པོའི་མཐར་ཐུག་པ་འདི་དག་ཐམས་ཅད་ཀྱང་གང་ལ་ཁྱབ་པར ་གྱིས་གདགས་པ་མེད་པ་དེར་ནི་གཡོན་བརྐྱང་བའི་གནས་པས་བཞུགས་པ། ཐུགས་ཀར་ཁྲོ་བོའི་སྡིགས་མཛུབ་བསྒྲེང་བ་ལ་བརྩོན་པ། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་རང་གི་མཚན་མ་བསྣམས་ཏེ་ཚམ་དམ་གྱི་ཚུལ་གྱིས་བཞུགས་པའོ། །གཞན ་ཡང་དྲག་པོ་ལ་སོགས་པ་ཕྱི་རོལ་གྱི་རྡོ་རྗེ་རིགས་ཡང་དག་པར་བྲི་བར་བྱའོ། །དེ་ལ་དྲག་པོ་ནི་མདོག་དཀར་པོ་ལག་པ་བཞི་པ། གཡས་ཀྱི་ལག་པ་གཅིག་གིས་ཨུ་མ་ལ་འཁྱུད་པ། གཉིས་པ་རྡོ་རྗེ་རྩེ་གསུམ་པ་དང་བཅས་པས་མཆོག་སྦྱིན་པ། གཡོན ་པ་གཅིག་གིས་མདུང་རྩེ་གསུམ་པ། གཉིས་པ་ཁ་ཊཝཱཾ་ག་འཛིན་པ་ཁྱུ་མཆོག་ལ་ཞོན་པ། སྤྲུལ་གྱི་མཆོད་ཕྱིར་ཐོགས་པ་ཡོད་པ། རིན་པོ་ཆེའི་ཅོད་པན་ཟླ་བ་ཕྱེད་པས་བརྒྱན་པ། མགྲིན་པ་སྔོ་བར་བྲི་བར་བྱ་སྟེ། བཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་པྲི་ཡང ་ཞེས་སྨོས་པའི་ཕྱིར་རོ། །ཁྱབ་འཇུག་མདོག་ནག་པོ་ལག་པ་བཞི་པ། གཡས་པ་གཉིས་ན་དབྱིག་པ་དང། རྡོ་རྗེ་ཐོགས་པ། གཡོན་གཉིས་ན་དུང་དང་འཁོར་ལོ་ཐོགས་པ། ནམ་མཁའ་ལྡིང་ལ་ཞོན་པའོ། །རྡོ་རྗེ་སེར་པོ་ན་གསེར་གྱི་མདོག་ཅན། ལག་པ ་ན་མཚོ་ཆ་དང། སྟན་ཁྱབ་འཇུག་དང་འདའ་ཨོ། །རྡོ་རྗེ་དྲིལ་བུ་ནི་མདོག་དམར་པོ། །གདོང་དྲུག་པ། ལག་པ་གཡས་མདུང་ཐུང་དང་རྡོ་རྗེ་ཐོགས་པ། གཡོན་གཉིས་ན་ཁྱིམ་བྱ་དང་དྲིལ་བུ་ཐོགས་པ། རྨ་བྱ་ལ་ཞོན་པའོ། །རྡོ་རྗེ་གཞོན་ནུ་མ་ནི། །རྡོ་རྗེ ་དྲིལ་བུ་བཀྲོལ་བར་ཤེས་པར་བྱའོ། །ཐུབ་པའི་རྡོ་རྗེ་ནི་གསེར་གྱི་མདོག་ཅན་གདོང་བཞི་པ་ལག་པ་བཞི་པ། གཡས་གཉིས་ན་རྡོ་རྗེ་དང་བགྲད་ཕྲེང་ཐོགས་པ། གཡོན་གཉིས་དབྱུག་པ་དང་སྤྱི་བླུག་ཐོགས་པ། དད་པ་ལ་ཞོན་པའོ། །རྡོ་རྗེ་བཞི་པ་ནི་ཚངས ་པ་དང་འདྲ་བར་བྱའོ། །རྡོ་རྗེ་མཚོན་ཆ་ནི་མདོག་སེར་བ། ལག་པ་གཡོན་ན་རང་གི་རྡོ་རྗེ་ཐོགས་པ། གཡས་ན་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ཐོགས་པ། གླང་པོ་ཆེ་དཀར་པོ་ལ་ཞོན་པ། རྡོ་རྗེ་ཁུ་ཚུར་ནི་རྡོ་རྗེ་མཚོན་ཆ་དང་འདྲ་བར་ཤེས་པར་བྱའོ། །ཁྲོ་བོ་རྡོ་རྗེ ་འཁྱིལ་བ་ནི་མདོག་དམར་པོ། །ལག་པ་གཡས་ཀྱི་པདྨ་དང་བཅས་པའི་རྡོ་རྗེ་ཐོགས་པ། གཡོན་ན་པདྨ་དང་བཅས་པའི་ཉི་མའི་དཀྱིལ་འཁོར་བསྣམས་པ། རྟས་དྲངས་པའི་ཤིང་རྟ་ལ་ཞོན་པའོ། །རྡོ་རྗེ་མི་འཆི་བ་ནི་ཁྲོ་བོ་རྡོ་རྗེ་འཁྱིལ་བ་དང་འདྲ་བ་ཉིད་དོ། ། ་ཁྲོ་བོ་རྡོ་རྗེ་འོད་ནི་མདོག་དཀར་པོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་པདྨ་དང་བཅས་པའི་ཟླ་བ་ཐོགས་པ། དད་པ་ལ་ཞོན་པའོ། །རྡོ་རྗེ་མདངས་ནི་ཁྲོ་བོ་རྡོ་རྗེ་འོད་དང་འདྲ་བའོ། །ཁྲོ་བོ་རྡོ་རྗེ་དབྱིག་པ་ནི་མདོག་སྔོན་པོ། །གཡས་ན་རྡོ་རྗེ་ཕོགས ་པ། རུས་སྤལ་ལ་ཞོན་པའོ། །དབྱུག་མཆོག་མ་ནི། ཁྲོ་བོ་རྡོ་རྗེ་དབྱུག་པ་དང་འདྲའོ། །ཁྲོ་བོ་རྡོ་རྗེ་སེར་སྨུག་ནི། མདོག་དམར་པོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་མི་མགོ་ཐོགས་ནས་ཟ་ཞིང་གནས་པ། རྡོ་རྗེ་རྐེད་འཆིངས་མ་ནི། ཁྲོ་བོ ་སེར་སྨུག་དང་འདྲའོ། །རྡོ་རྗེ་གླུང་པོའི་སྣ་ནི་ཚོགས་ཀྱི་བདག་པོ་སྟེ། མདོག་དཀར་པོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་གཤོལ་ཐོགས་ཏེ་གནས་པ་གླང་པོ་ཆེ་ལ་ཞོན་པའོ། །རྡོ་རྗེ་འཇུ་མ་ནི་གླང་སྣ་དང་འདྲ་བ་ལས་ཁྱད་པར་ནི་འདི་ཡོད་དེ། ་འདི་ལྟར་ལག་པ་གཡོན་ན་ཁ་ཊཝཱཾ་ག་ཐོགས་པའོ། །ཚོགས་ཀྱི་བདག་པོ་ཁྲོ་བོ་རྡོ་རྗེ་ཕྲེང་བ་ནི་མདོག་ལྗང་གུ། ལག་པ་གཡས་ན་རྡོ་རྗེ་ཐོགས་པའོ། །གཡོན་ན་མེ་ཏོག་གི་ཕྲེང་བ་འཛིན་པ་ཁུ་བྱུག་ལ་ཞོན་པའོ། །རྡོ་རྗེ་ཟ་བ་མོ་ནི་རྡོ་རྗེ་ཕྲེང་བ་དང་འདྲ་བ་ལས། ་དེ་ལས་ཁྱད་པར་ནི་འདི་ཡོད་དེ། །འདི་ལག་པ་གཡོན་མདུད་རྩེ་ཡོད་པའོ། །རྡོ་རྗེ་དབང་ནི་མདོག་སེར་བོ་ལག་པ་གཡས་ན་རྡོ་རྗེ་ཐོགས་པའོ། །གཡོན་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་ཕག་ལ་ཞོན་པའོ། །རྟ་མགོ་མ་ནི་རྡོ་རྗེ་དབང་དང་འདྲ་བ་ལས་ ་ཁྱད་པར་ནི་འདི་ཡོད་དེ་འདི་ལྟར་ཁ་དོག་དམར་བ་ཡིན་ནོ། །ཚོགས་ཀྱི་བདག་པོ་རྣམ་པར་རྒྱལ་བ་ནི་མདོག་དཀར་པོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་རལ་གྲི་ཐོགས་པ་རྩན་དུ་ཀ་ལ་ཞོན་པའོ། །རྡོ་རྗེ་དགའ་མོ་ནི ་རྣམ་པར་རྒྱལ་བ་དང་འདྲའོ། །ཕོ་ཉ་རྡོ་རྗེ་ཐོ་བ་ནི་མདོག་སེར་པོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་གཏུན་ཤིང་ཐོགས་པའོ། །མེ་ཏོག་ཅན་གྱི་དྲི་ལ་ཞོན་པའོ། །རྡོ་རྗེ་ཕོ་ཉ་མོ་ནི་རྡོ་རྗེ་ཐོ་བ་དང་འདྲ་བ་ལས་ཁྱད་པར་ནི་འདི་ཡོད་དོ། ། ་འདི་ལྟར་ལག་པ་གཡོན་ན་ཁ་ཊཝཱཾ་ག་ཐོགས་པའོ། །ཕོ་ཉ་རྡོ་རྗེ་རླུང་ནི་མདོག་སྔོན་པོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་བ་དན་ཐོགས་པ་རི་དགས་ལ་ཞོན་པའོ། །ཕོ་ཉ་རྡོ་རྗེ་མ་ནི་མདོག་དམར་པོ། །ལག་པ་གཡས་གཉིས་ན་རྡོ་རྗེ་དགའ་ ་གཟར་ཐོགས་པ། གཡོན་གཉིས་ནི་དབྱུག་པ་དང་སྤྱི་བླུགས་ཐོགས་པ། འོད་ཟེར་གྱེན་དུ་འབར་བ། འབར་བའི་རྩེ་མོ་གསུམ་པ། ར་སྐྱེས་ལ་ཞོན་པའོ། །རྡོ་རྗེ་འབར་བ་ནི་ཕོ་ཉ། རྡོ་རྗེ་འབར་བ་དང་འདྲའོ། །མགྱོགས་པ་རྡོ་རྗེ་མ་ནི་ཕོ་ཉ་རྡོ་རྗེ་རླུང་དང ་འདྲའོ། །ཕོ་ཉ་རྡོ་རྗེ་འཇིགས་པ་ནི་མདོག་སྔོན་པོ། །ལག་པ་གཡས་ན་རྡོ་རྗེ། གཡོན་ན་དབྱུག་པ་ཐོགས་པ་མི་རོ་ལ་ཞོན་པའོ། །ཕོ་ཉ་མོ་རྡོ་རྗེ་འཁྱོར་མ་ནི་རྡོ་རྗེ་འཇིགས་པ་དང་འདྲ་བ་ལས་ཁྱད་པར་ནི་ལག་པ་གཡོན་ན་ཞགས་པ་ཐོགས་པའོ། །བྲན་མོ ་རྡོ?་རྗེ?་ལྕགས་ཀྱུ་ནི་མདོག་སྔོན་པོ་།ལག་པ་གཡས་ན་རྡོ་རྗེ་ཐོགས་པ་གཡོན་པ་ལྕགས་ཀྱུ་ཐོགས་པ་ཀླུའི་རྒྱལ་པོ་ཤེ་ཤ་ལ་ཞོན་པའོ། །བྲན་མོ་རྡོ་རྗེ་ཁ་ནི་མདོག་སྔོན་མོ། །ཕག་གི་མགོ་ཅན་ལག་པ་གཡས་ན་རྡོ་རྗེ། གཡོན་ན་རལ་གྲི་ཐོགS་པ་མི་ལ་ཞོན་པའོ།། ་བྲན་མ?་རྡོ་རྗེ་དུས་ནི་མདོག་ནག་པོ་ལག་པ་གཡས་ན་རྡོ་རྗེ། གཡོན་ན་གཤིན་རྗེའི་དབྱུག་པ་ཐོགས་པ། མ་ཧེ་ལ་ཞོན་པའོ། །བྲན་མོ་རྡོ་རྗེ་དུས་ནི་མདོག་ནག་མོ། །ལག་པ་གཡས་ན་རྡོ་རྗེ། གཡོན་ན་ཁ་ཊཝཱཾ་ག་ཐོགས་པ་རོ་ལངས་ལ་ཞོན་པའོ། །བྲན་བགེགས ་གྱི་གཙོ་བོ་ནི་མདོག་དཀར་པོ་གླང་པོའི་གདོད་ཅན། ལག་པ་གཡས་གཉིས་ན་རྡོ་རྗེ་དང་དགྲ་སྟ་ཐོགས་པ། གཡོན་གཉིས་ན་མདུད་རྩེ་གསུམ་དང་སོ་ཐོགས་པ། ལུག་ཐུག་ལ་ཞོན་པའོ། །ཕོ་ཉ་མོ་རྡུལ་མ་ནི་མདོག་སྔོན་མོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། ་གཡོན་ན་སན་མ་ཛ་ནི་ཀ་ཐོགས་པ། བྱི་བ་ལ་ཞོན་པའོ། །བྲན་རྡོ་རྗེ་གླུ་ནི་མདོག་དཀར་པོ། །ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་ཞགས་པ་ཐོགས་པ། གདེངས་ཀ་བརྒྱང་ཡོད་པ་ཆུ་སྲིན་ལ་ཞོན་པའོ། །བྲན་མོ་ཆུ་སྲིན་མ་ནི་མདོག་དཀར་མོ། ། ་ལག་པ་གཡས་ན་རྡོ་རྗེ་ཐོགས་པའོ། །གཡོན་ན་རྡོ་རྗེས་མཚན་པའི་ཆུ་སྲིན་ཐོགས་པ། ཆུ་སྲིན་ལ་ཞོན་པའོ། །འཇིགས་མ་གདོང་ལྗང་གུ་ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་རལ་གྲི་དང་ཕུབ་ཐོགས་པའོ། །དཔལ་མོ་མདོག་སེར་མོ་ལག་པ ་གཡས་ན་རྡོ་རྗེ། གཡོན་ན་པདྨ་ཐོགས་པའོ། །དབྱངས་ཅན་མ་མདོག་དམར་མོ། །ལག་པ་གཡས་ན་རྡོ་རྗེ། གཡོན་པི་ཝཾ་ཐོགས་པའོ། །དཀའ་ཐུབ་ཟློག་པ་མདོག་ལྗང་གུ། །ལག་པ་གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན ་པ་ཏི་ས་དང་རལ་གྲི་ཐོགས་པའོ། །མ་མོ་ཐམས་ཅད་དང། དྲག་པོ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པ་རྣམས་ཀྱི་ལག་པ་གཡས་ན་རྡོ་རྗེ་ཐོགས་པ་གང་ཡིན་པ་དེ་རྩེ་གསུམ་པ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ ་རྣམས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་དུ་ཕྱོགས་པར་བྲིའོ། །དེ་ནས་རྒོངས?་ཀའི་དུས་ལ་བབ་པ་ན། རྡོ་རྗེ་ཏི་རིན་ཏི་རའི་ཕྱག་རྒྱས་མེ་ཏོག་གི་ཕྲེད་བ་བླངས་ལ། ཡི་གེ་ཧཱུཾ་བཞི་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱས་ལ། དཀྱིལ་འཁོར ་ཐམས་ཅད་ཀྱི་ལྷག་པ་དང་མ་ཚང་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་བལྟས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་ལ་ཕྲེད་བ་འདི་ཕུལ་ཏེ། རྡོ་རྗེའི་གར་བྱས་ནས་བླངས་ལ་ཡི་གེ་ཧཱུཾ ་བཞིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ཡང་རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །མཁས་པས་མ་ཚང་ཡོངས་སུ་སྐོང། །ལྷག་པ་གང་ཡིན་འདོར་མཛད་པ། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས ་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །ོཾ་བཛྲ་ད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཧཱུཾ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་མཛུབ་མོ་ཡང་དག་པར། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། ། ་རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་འབྱེད་པ་ཡི་མཆོག་ཡིན་ནོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བྱའོ། །དེ་ནས་རིན་པོ་ཆེ་སྣ་བདུན་ནམ། ས་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ། གསུས་པ་ཆེ་བ། མགྲིན་པོ་རིང་བ། མཆུ་འཕྱང་བ། ཆུ ་བཟང་པོ་དང། རིན་པོ་ཆེ་དང། སྨན་དང། འབྲུ་ཐམས་ཅད་ཀྱིས་ཡོངས་སུ་དགང་ཞིང་འབྲས་བུ་དང་བཅས་པས་ལྡུམ་བུས་ཁ་བརྒྱན་པ། མགྲིན་པ་རས་དཀར་པོས་བཅིངས་ནས་བསྲུང་བ་བྱས་ལ་ཕྱི་རོལ་ཀུན་ཏུ་དྲི་ཞིམ་པོས་བྱུགས་ཏེ། སྟེང་དུ་རྡོ་རྗེས ་མཚན་པའི་མེ་ཏོག་གི་ཕྲེང་བ་དང། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་ཞིང་ཁྲོ་བོ་ཏི་རིན་ཏི་རའི་ཡོངས་སུ་བཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ལྕུགས་མ་ལས། ཨོཾ་བཛྲོད་ཀ་ཧཱུཾ། ཞེས་བྱ་བ་འདི་ལན་སྟོང་རྩ་བརྒྱད་བཟླས་པ་དང། ཧཱུཾ་བཞི་པ་ལན་བརྒྱ་རྩ ་བརྒྱད་མངོན་པར་བཟླས་པ་བྱས་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྤྱན་སྔར་ལེགས་པར་བཞག་གོ་།བུམ་པ་གཉིས་པ་ལ་ཧཱུཾ་བཞི་ལན་བརྒྱ་རྩ་བརྒྱད་བཟླས་ནས་འཇུག་པའི་སྒོར་མངོན་པར་ཕྱོགས་པར་གཞག་གོ་།ཆུ་དེས་བདག་ཉིད་དང་སློབ ་མ་དབང་བསྐུར་བར་བྱ་བ་འམ། འཇུག་པའི་ཕྱག་རྒྱ་བཅིང་བར་བྱའོ། །བྱུ་རུ་དང་ནི་ས་ལེ་སྦྲམ། །དུང་དང་མུ་ཏིག་ནོར་བུ་སྟེ། །རིན་ཆེན་ཀུན་ཅེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །སིང་ཧི་བྱ་གྲི་གི་རི་ཀ་ར་ཎི། །ཧ་ས་ས་ཧ་དེ་བ་སྟེ། །སྨན ་རྣམས་ཀུན་ཅེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དག་སྟེ། །འབྲུ་རྣམས་ཀུན་ཅེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །དེའི་རྗེས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས ་སྡོམ་པ་བཟུང་བར་བྱས་ནས་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ཏེ། སེམས་དཔའ་ཨི་གཙུག་ཏོར་གྱིས་གཙུག་ཏོར་བཅིང་བ་དང། གདོང་གཡོགས་བྱས་ལ། རྡོ་རྗེ་གོ་ཆས་སྟོད་གཡོགས་དང། གཙུག་ཏོར་ལ་བརྩེགས་པས ་དགོངས་ནས། སློབ་དཔོན་ཁྲོ་བོ་ཏི་རིན་ཏི་རིས་མེ་ཏོག་གི་ཕྲེང་བ་སྔོན་པོ་བཟུང་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་མི་ཞེས་ཟློས་ཤིང་ཞུགས་ལ། བཅོམ་ལྡན་འདས་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུངས་པའི་སེམས་ཅན་དག་ཀྱང་མཆིས་ཏེ ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པ་བྱས་ནས་མེ་ཏོག་དཀྱིལ་འཁོར་ཆེན་པོར་དོར་ལ་རང་གི་མགོ་ལ་བཅིངས་ནས་གདོང་གཡོགས་བཀྲོལ་ཏེ ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བལྟས་ནས། ཏིཥྛ་བཛྲི་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཕྱག་རྒྱ་དགྲོལ་བར་བྱས་ལ། ཆུའི་དབང་བསྐུར་བ་དང། སངས་རྒྱས་ལྔའི?་ཅོད་པན་དང། དར་དཔྱངས་དང། རྡོ་རྗེ་ཕྲེང་བ་དང། རྡོ་རྗེའི་བདག་པོ་དང། ་རྡོ་རྗེ་མིང་གི་དབང་བསྐུརྦ་ཨ་ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་དེ་བླངས་ནས་དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་དང། རྡོ་རྗེ་བརྟུལ་ཞུགས་ཀྱང་བླངས་ནས་མེ་ཏོག་ལ་སོགས་པ་དང། སྒེག་མོ་ལ་སོགས་པས་བདག ་ཉིད་ཡང་དག་པར་མཆོད་དེ་ཚིགས་སུ་བཅད་པ་ལྔས་རྗེས་སུ་སྣང་བ་དང། ཧཱུཾ་བཞི་པ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་ཡང་བླངས་ལ། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཇི་ལྟར་མངོན་པར་འདོད་པ་བཞིན་དུ ་བཟླས་པ་བྱས་ནས། བདག་ནི་ཧཱུཾ་མཛད་རྡོ་རྗེའོ་ཞེས་རང་གི་མིང་ནས་བརྗོད་པ་བྱས་ལ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་སྔགས་ཨ་ཞེས་བྱ་བ་མཛའ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་གནས་སུ་དེ ་བཞིན་གཤེགས་པའི་རྡོ་རྗེའི་བདག་ཉིད་དབབ་པར་བྱའོ། །བཛྲོ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམ་ལ། རྡོ་རྗེ་དེ་བཛྲ་དྷ་ཏུ་ར་ཧོཾ་ཞེས་བྱ་བས་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ ་བཅིངས་ལ་བྱང་ཕྱོགས་ཀྱི་སྒོར། དེའི་སྔགས་ཨ་ཞེས་བྱ་བའི་མཛའ་དང་བཅས་པས་རྡོ་རྗེ་དྲིལ་བུར་བདག་ཉིད་དབབ་པར་བྱས་ལ། བཛྲ་གྷ་ཎྱ་ཊོ་ཧོཾ་ཞེས་ང་རྒྱལ་བསྐྱེད་ནས། དེ་བཛྲ་ཨཱ་བེག་ཀྲོ་དྷ་ཧཾ་ཞེས་ཁྲོ་བོ་རྡོ་རྗེ་འབེབས་པར་བསྒོམ་པར་བྱ་སྟེ། ་དེ་ལྟར་ན་རྡོ་རྗེ་བསྒྲུབ་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ནི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབས་ཀྱི་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །ོཾ་བཛྲ་ས་མ་ཡ་ཛ:ཛ་ཧཱུཾ་བཾ་ཧོཾ(རྒྱུད་འགྲེལ་བྱའོ། དེ་ནས་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང། མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱིའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་རང་གི་སྒོ་ནས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱས ་ལ། ཧཱུཾ་བཞི་པས་བཆོད་ཡོན་ཕུལ་ལ། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ནས་བསྐལ་པ་བཟང་པོའི་བར་དུ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱ་སྟེ། རང་གི་སྔགས་བརྗོད་པ། དྲི་ཤྱ་ཛ(རྒྱུད་འགྲེལ་རང་གི་སྔགས་དང་སྙིང་པོ་བརྗོད་བར་བྱ་སྟེ། དེ་ལྟར་ན་འགྲུབ་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྣམས་བཤད་དེ་།རྡོ་རྗེ་གཉིས་ལས་བྱུང་བ་ནི། །དམ་ཚིག་མཆོག་ཏུ་གྲགས་པ་ཡིན། །དེ་དག་བཅིང་བ་བཤད་བྱ་བ། །ཁྲོ་བོ་བཅིངས་བ་བླ་ན་མེད། ་ལག་དར་རྡོ་རྗེར་བྱས་ནས་སུ། །མཐེའུ་ཆུང་ལྕགས་ཀྱུར་བཅིང་པར་བྱ། །མཛུབ་མེ་གཉིས་ཀྱིས་བསྡིགས་པ་ནི། །འཇིག་རྟེན་གསུམ་ལ་རྒྱལ་ཞེས་བྱ། །དེ་བཞིན་མཛུབ་མོ་ངོས་སྦྱར་ཏེ། །ནོར་བུ་འདྲ་བར་རབ་ཏུ་དགུག?་།གུང་མོ་མཉམ་བསྒྲེང་པདྨར་བྱ། །གུང ་མོ་མཛུབ་མོ་གཉིས་ཀ་བསྡིགས། །མཛུབ་མོ་གཉིས་ཀ་རྡོ་རྗེར་བྱ། །གཡས་པ་ལྕགས་ཀྱུ་དགུག་པར་བྱ། །དེ་ཉིད་ཧཱུཾ་ཞེས་བྱ་བར་འདུད། །ལེགས་པ་སྦྱིན་པ་དེ་བཞིན་ཏེ། །མཛུབ་གཉིས་དཔྲལ་བའི་གཉེར་མར་གཞག་།སྙིང་གར་མཛུབ་མོས་ཉི?་མར ་བསྐོར། །ལག་པ་བརྐྱང་སྟེ་སྤྱི་བོར་བཞག་།མཛུབ་མོ་ཁ་ནས་རྒོད་ལྟར་བྱ། །མཛུབ་མོའི་སེན་མོ་སྦྱར་བར་བྱ། །གཡས་པས་རལ་གྲི་བཅིངས་པའོ། །གུང་མཛུབ་མཉམ་བསྒྲེང་འཁོར་ལོ་ཡི། །ཁ་ཡི་ནར་ནས་དབྱུང་བ་དང། །མཛུབ་མོ་གུང་མོ་རྡོ་རྗེར་བྱ།། ་མཛུབ་མོ་ཡིས་ནི་མགུལ་བར་བསྐོར། །མཛུབ་མོ་གཉིས་ནི་མཆེ་བ་ཆེ། །མཛུབ་མོ་བཀུག་པ་རྡོ་རྗེར་བཅིངས། །སྒྲེག་མོ་ལ་སོགས་པའི་ནི་རྡོ་རྗེ་དབྱིངས་ལ་སོགས་པ་ཉིད་ལ་ཧཱུཾ་ཞེས་བྱས་པ་རྡོ་རྗེ་བསྡམས་པ་དེ་ཇི་ལྟ་བ་བཞིན་དུ་བཅིང་ངོ། །སྙིང་གར ་མཐེ་བོང་མཉམ་ལ་བཞག་།རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་མོ་སྦྱར་ཏེ་ཁ་ནས་བྱུང། །གང་ལས་ཐལ་སྦྱར་སྤྱི་བོར་བཞག་།རྡོ་རྗེ་བཅིངས་པ་ཐུར་དུ་བླུགས། །རང་གི་ཐལ་སྦྱར་གྱན་དུ་གཏོར། །མཐེ་བོས་མཉམས་ཏེ?་རབ་ཏུ་བསྔ་པས། །རབ་ཏུ་བརྐྱང ་ནས་བྱུག་པའོ། །མཛུབ་མོ་གཅིག་པུ་དགུག་པ་དང། །མཐེ་བོ་གཉིས་ནི་མདུད་པ་དོང། །མཐེ་བོ་མཛུབ་མོ་གདུ་བུར་བཅིང། །རྡོ་རྗེ་ཁུ་ཚུར་མཛུབ་མོ་བལྟམས། །ཐུགས་ཀར་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། ཡི་གེ་ཧཱུཾ་ཉིད་ཟློས་ཤིང ་ཕྱག་རྒྱ་ཐམས་ཅད་བཅིང་པར་བྱའོ། །དེ་ནས་ཕྱག་རྒྱའི་ངེས་པ་བཤད་དེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང། རྣམ་པར་སྣང་མཛད་དང། རྡོ་རྗེ་ཧཱུཾ་མཛད་དང། རིན་ཆེན་ཧཱུཾ་མཛད་དང། ཆོས་ཀྱི་ཧཱུཾ་མཛད་དང། ལས་ཀྱི་ཧཱུཾ་མཛད་ཀྱི་གནས་ཉིད་དོ། །དེ ་ནས་རིན་ཆེན་ཧཱུཾ་མཛད་ལ་སོགས་པའི་སྔགས་བཤད་དེ། ཨོཾ་བཛྲ་བྷྲི་ཀུ་ཊི་ཀྲོ་དྷ་ན་ཡ་སརྦ་རཏ་ན་མ་ཧྲཱི:ཕཊ། ཨོཾ་བཛྲ་དི་ཤྭ་ཀྲོ་དྷ་ཀུ་རུ་སརྦཾ་བི་ཤྭ་རཱུ་པ་ཏྲ་ཡ་ས་ད་ཡ་ཧཱུཾ་ཕཊ། འདིའི ་ཕྱག་རྒྱ་ནི་སེམས་མ་རྡོ་རྗེ་མ་ནས་བརྩམས་ཏེ་བལྟ་བར་བྱའོ། །དེ་ཡང་རིག་པ་དམ་པ་ཐམས་ཅད་ཀྱི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད་ཅེས་བཤད་པ་ཡིན་ནོ། །རྡོ་རྗེ་དེ་དང་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་ཚིགས?་བསྡུས་པ་ནི། འདིར་བཅོམ་ལྡན ་འདས་རྡོ་རྗེ་ཧཱུཾ་མཛད་ཡིན་པར་བཤད་ཀྱི། རྡོ་རྗེ་ཧཱུཾ་མཛད་གཞན་དུ་གྱུར་པ་ནི་མི་རིགས་ཏེ། རྒྱུད་ཐམས་ཅད་ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཉིད་རྡོ་རྗེ་ཧཱུཾ་མཛད་ཡིན་པར་བསྟན་ཏོ། །དེའི་རྗེས་ལ་དེ་བཞིན་དུ་ལྗགས་ལ་རྡོ་རྗེ་བཀོད་དེ། གོ་རིམ ་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་ཆོས་ཀྱི་ཡི་གེ་དགོད་པར་བྱའོ། །ད་ནི་འདི་ཡིན་ཏེ། ཧཱུཾ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཏྲ་ནི་རིན་ཆེན་སེམས་མའིའོ། །དྷྲི་ནི་ཆོས་ཀྱི་སེམས་མའིའོ། ། ནི་ལས་ཀྱི་སེམས་མའིའོ། །ཧཱུཾ་བཛྲ ་སཏྭ་བཛྲི། ཏྲཾ་རཏན་བཛྲི། ཧྲཱི:དྷརྨཱ་བཛྲི། ཨ་ཀརྨ་བཛྲ། ཧཱུཾ་ཧེ་ཏྲཾ་ཏཾ། ཧི་ཧི་དེ་ཧ་དྷྲིཀ་།དྷི་ཧཱུཾ། གྲཾ། ཀྲི་བཾ། དྲི། ཨ:ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའིའོ། །མཧཱ་ར་ཏེ་ཧཱུཾ། རཱུ་པ་ཤོ་བྷེ་ཧཱུཾ། ཤྲོ་ཏྲ་སཾ་ཁྱེ་ཧཱུཾ། སརྦ་པཱུ་ཛེ་ཧཱུཾ། པྲ་ཧ་ལ་ད་ནི ་ཧཱུཾ། ཕ་ལ་གཱ་མེ་ཧཱུཾ། སུ་ཏེ་ཛཱ་གྲི་ཧཱུཾ། སུ་གན་དྷ་གི་ཧཱུཾ། ཨ་ཡ་ཧི་ཛ་ཧཱུཾ། ཨ་ཧི་ཧཱུཾ་ཧཱུཾ་ཧཱུཾ། ཧེ་སཕོ་ཊ་བཾ་ཧཱུཾ། གྷ་ཎ་ཊ་ཨ་ཨ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཡིན་ནོ། །དེའི་རྗེས་ལ་ཡི་གེ་ཨ་ལས་ཐུགས་ཀད་སྣ ་ཚོགས་རྡོ་རྗེ་བསྐྱེད་ལ། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནི་འདི་ཡིན་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་བྱས་ལ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱའོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །སངས་རྒྱས་བྱང་ཆུབ་སྦྱིན ་བྱེད་པའོ། །བསྒྱིངས་བཅས་གསོར་བས་གཉིས་ཀ་ཡིས། །ཤེས་པ་ནི་རིན་ཆེན་ཧཱུཾ་མཛད་དང། རྡོ་རྗེ་སེམས་དཔའ་དང། སེམས་མ་རྡོ་རྗེ་མའིའོ། །ལྕགས་ཀྱུ་འཛིན་ལྟར་གནས་བ་དང། །མདའའབད་བ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ ་སྙིང་གར་གཞག་།དབང་བསྐུར་བ་ནི་རྡོ་རྗེ་གཉིས། །ཞེས་བྱ་བ་ནི་རིན་ཆེན་ཧཱུཾ་མཛད་དང། ཁྲོ་བོ་རྡོ་རྗེ་ཁྲོ་གཉེར་ཅན་དང། རིན་ཆེན་སེམས་མའིའོ། །སྙིང་གར་ཉི་མ་བརྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར ་བྱ། །གཡས་པ་ཡིས་ནི་གཡོན་པ་བྱེ་སྟེ། །ཞེས་བྱ་བ་ནི་ཆོས་ཀྱི་ཧཱུཾ་མཛད་དང། རྡོ་རྗེ་ཆོས་དང། ཆོས་ཀྱི་སེམས་མའོ། །སྙིང་གར་གཡོན་པར་རལ་གྲི་མདུང། །མགལ་མའི་འཁོར་ལོ་བསྐོར་བ་དང། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང། །རྡོ་རྗེ་གར ་བསྐོར་དགྲོལ་བ་ཡིས། །ཐལ་མོ་འགྲམ་པ་སྤྱི་བོར་གཞག་།ཅེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་དང། རྡོ་རྗེ་ལས་དང། ལས་ཀྱི་སེམས་མའོ། །གོ་ཆ་མཐེ་ཆུང་ཆེ་བ་མཆོག་།ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་བསྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས ་པས་སྡུད་པར་བྱའོ། །ཕྲེང་བ་བཅིངས་པ་ཁ་ནས་དབྱུང། །གར་ལས་ཐལ་སྦྱར་སྤྱི་བོར་གཞག་།ཐུར་དུ་བླུགས་དང་གྱེན་དུ་གཏོར། །མཐེ་བོས་བསྙམས་ཏེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུག་པ་ནི། །མཆོད་པའི་ཕྱག་རྒྱ་རབ་ཏུ་བརྟན། །མཛུབ་མོ ་ལྕགས་ཀྱུ་བཅིངས་པ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །སྒོ་བསྲུངས་ཀྱི་ནི་ཕྱག་རྒྱ་ཀུན། །ལས་ཀྱི་ཕྱག་རྒྱ་གར་ལས་བྱུང། །དེ་ནས་རྣམ་པར་སྣང་མཛད་ལ་སོཌ ་པའི་ཕྱག་རྒྱ་ཆེན་པོ་ནི་ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་ཏེ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་དང། རིན་ཆེན་དང། ཆོས་དང། ལས་ཀྱི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་སེམས་མ་རྡོ་རྗེ་དང། རིན་ཆེན་མ་དང། ཆོས་མ་དང ་རྡོ་རྗེ་ལས་མ་ཡང་ཡིན་པ་ལས་འདི་རྣམས་ནི་རྡོ་རྗེའི་ནང་དུ་ཆུད་པའི་ལྷ་མོའི་གཟུགས་འཛིན་པ་ཡིན། བདག་ཉིད་ཆེན་པོ་གང་གང་གི་།ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད ་བསྒོམ་པར་བྱ། །ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གོ་།གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། ལག་པ་གཡས་པའི་མཛུབ་མོ་དང། མཐེ་བོ་གཉིས་ཀྱིས་མཐེ་ཆུང་ནས་བརྩམས་ཏེ། ཕྱེ་ནས་ཐལ་མོ་ཁོང་སྟོང་དུ་བྱ་བ ་འདི་ནི་བྱམས་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་རྣམས་ཀྱི་རིག་པ་ཡང་སྔར་བཤད་པ་ཡིན་ནོ། །རིག་པ་དེ་ཉིད་དེ་རྣམས་ཀྱི་ལྗགས་ལ་བཀོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས ་རྡོ་རྗེ་བསྐྱེད་ལ་བྲིས་པ་དང་རྗེས་སུ་མཐུན་པར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་བྲིས་པ་དང། རྗེས་སུ་མཐུན་པ་ཁོ་ནར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །རིག་པ ་དེ་ཉིད་ཀྱང་སྤྱི་ཡིན་ནོ། །མཐེ་བོ་མཐེ་ཆུང་བཅིངས་ནས་ནི། །གཡོན་པ་སོར་མོ་དབུས་མ་གསུམ། །རྩེ་གསུམ་པ་ཡི་བུམ་པ་རྩེ། །རྡོ་རྗེ་ཕྱག་རྒྱར་བཟུང་བ་སྟེ། །རྡོ་རྗེ་རིག་མ་དམ་པ་འདི། །རྡོ་རྗེ་མཐུ་ཞེས་བྱ་བའོ། །དེ་ནས་རབ་ཏུ་བཤད་པ་ནི། །རྡོ་རྗེ་སྒྱུ་མ་ལ ་སོགས་བཏགས། །རྡོ་རྗེ་བཅིངས་པ་དམ་བཅས་ཏེ། །གཡོན་པ་རྡོ་རྗེ་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་ཞེས་བཤད་དེ། །རྡོ་རྗེ་རིགས་ནི་ཀུན་གྱི་འདིའི། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ། །མཚན་མ་ཀུན་ནི་དེ་གཞག་གོ་།རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་རྣམS ་ཀྱང་འབྱུང་བ་སྟེ། །མདུན་དུ་བརྐྱང་སྟེ་བཞག་པ་དང། །མཛུབ་མོ་མཐེ་བོ་བསྟན་བཅད་པ་དང། །ོཾ་ཞེས་བྱ་བ་སྤྱི་བོར་སྦྱར། །རྡོ་རྗེ་སྟེང་དུ་གཞག་པའོ། །རིག་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་ཚོགས་རྣམས་སོ། །རབ་ཏུ་བརྐྱང་ནས་ལག་གནས་པ།། ་ལག་པའི་རྒྱབ་ཏུ་དེ་བཞིན་ཏེ། །ཁུ་ཚུར་བཅས་ལ་ལག་ངར་བསྐུམ། །ཁ་ཕྱོགས་སུ་ནི་བསྐོར་པར་བྱ། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ། །གཡོན་པའི་མཐེ་བོའི་སྟེང་དུ་གཞག་།ཕྲེང་བ་བཅིང་བའི་ཐབས་སུ་སྦྱར། །ནོར་སྦྱིན་པར་ནི་གཡས་པར་སྟེ། །རལ་བྲི ་ཕྱག་རྒྱ་ཁུ་ཚུར་གཅིག་།ཚོགས་ཀྱི་བདག་པོ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ། །གཡས་པ་མདུན་དུ་མདུང་རིངས་འཛིན། །ལག་པ་བརྐྱང་བའང་དེ་བཞིན་ཏེ། །གཡས་པ་འོད་ནི་འབར་བ་བསྟན། རྡོ་རྗེ་ཁུ་ཚུར་བསྐྱོད་པའོ། །ཕོ་ཉའི་ཕྱག་རྒྱ་ཆེན་པོའི་ཚོགས་སོ།། ་བསྒྱིངས་བཅས་མཛུབ་མོ་ཁར་མཆེ་བ། །དབྱུག་པ་བསྣུན་ཅིང་མནན་པ་དང། །དཔུང་བ་སྐུམ་ཞིང་བཅར་བ་དང། །གཡས་པ་གཡོན་གྱི་འདྲེན་པའོ། །བྲན་གྱི་ཕྱག་རྒྱ་ཆེན་པོའི་ཚོགས་སོ། །དེ་ནས་དབུ་མ་ལ་སོགསྤ་མ་མོ་རྣམས་ཀྱི་ཕྱག་རྒྱ་བཤད་པར་བྱ ་སྟེ། གཡོན་པ་རྡོ་རྗེ་མཛུབ་བཅིངས་པས། །རྩེ་གསུམ་མཚན་མ་མནན་པར་བྱ། །འདི་བཅིངས་པས་ནི་ཡང་དག་པར། །རིག་པ་དམ་པ་རང་འགྲུབ་འགྱུར། །རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་གཙོ་བོར་འདུས། །དམ་ཚིག་གི་ནི་ཇི་བཞིན་པར། ། ་ཕྱག་རྒྱ་བཅིང་བ་བཤད་པར་བྱ། །ཐམས་ཅད་འཁོར་ལོ་སོར་རྩེ་བཅུ་མ། །དྲིལ་དུ་ཕྱག་རྒྱའང་དེ་བཞིན་ནོ། །དེ་བཞིན་ཨོཾ་གྱི་ཕྱག་རྒྱ་དང། །སེང་གེའི་རྣ་བ་ཡོངས་སུ་བཟུང། །རིག་པའི་རྒྱལ་པོའི་ཕྱག་རྒྱ་རྣམས་སོ། །འབར་བ་ཀུན་ཏུ་འཛིན་པ་དང། །འདི ་ནི་ཡང་དག་འདུས་པ་ཉིད། །དབྱིག་པའི་ཁུ་ཚུར་འཛིན་པ་དང། །ཁ་འགྲམ་ཕྱག་རྒྱ་བསྐོར་བའོ། །ཁྲོ་བོ་དམ་ཚིག་རྣམས་སོ། །བཏུད་པའི་ཕྱག་རྒྱ་དང་འཕྲད་པ། །རྡོ་རྗེས་མནན་ནས་བཏུད་པ་སྟེ། །སྤྱི་བོར་བཞག་པ་ཚོགས་ཀྱི་སྟེ། དཀྱིལ་འཁོར་གྱི་ནི་བསྲུང ་བའོ། །ཚོགས་རྣམས་ཀྱི་ནི་དམ་ཚིག་གོ་།ལག་པ་བསྐུམ་པ་ཁར་བཞག་སྟེ། །རྒྱབ་དུ་ཡང་ནི་བསྐོར་བར་བྱ། །འབར་དང་མེ་སྟག་གཏོང་བ་སྟེ། །ཕྱི་ནས་ཁར་ཡང་གནས་པར་བྱ། །ཕོ་ཉ་མོའི་དམ་ཚིག་རྣམས་སོ། །ཐ་མ་གཉིས་ནི་ཁང་བཅུག་དང། །གཅོད་ཅིང་རབ ་ཏུ་གནོན་པའོ། །དཔུང་པ་བསྣོལ་བས་བསྣོལ་བ་དང། །མྱུར་དུ་ཕྱོགས་པའང་དེ་བཞིན་ནོ། །བྲན་མོ་རྣམས་ཀྱི་དམ་ཚིག་གོ་།དེ་ནས་ལྷ་ཆེན་པོ་ལ་སོགས་པའི་ལྕེ་ལ་དེའི་སྔགས་དགོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་དེ་བཞིན་དུ་བསྐྱེད་ལ། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་པ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཕྱག་རྒྱ་ཆེན་པོ་བྲིས་པ་དང་རྗེས་སུ་མཐུན་པར་བྱའོ། །དེ་ནས་བཅོམ ་ལྡན་འདས་རྣམ་པར་སྣང་མཛོད་དང། བསྐལ་པ་བཟང་པོ་རྣམས་དང། ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ནི་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དཔལ་ཧཱུཾ་མཛད་ལ་སོགས་པ་ནི་སངས་རྒྱས་ལྔའི་ཅོད་པན་དང་རྡོ་རྗེ་དང་དར་དབྱངས ་ཀྱི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་མཆོད་པ་བྱ་སྟེ། དེ་ལ་རེ་ཞིག་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱས་པའི་བུམ་པ་ལྔར་བཤད་པའི་མཚན་ཉིད་དང་ལྡན་པ། རྡོ་རྗེ་ལ་སོགས་པ་རང་རང་གི་མཚན?་མ་ཅན་ལ་རྣམ་པར ་སྣང་མཛད་ལ་སོགས་པའི་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་དང་བུམ་པ་གང་བ་རྣམས་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་དབུལ་བར་བྱའོ། །རས་ཟུང་འབུམ་མམ། ཁྲིའམ། བརྒྱ་འམ། སྟོང་ངམ། རེ་རེ་ཞིང་ངམ།། ཐམས་ཅད་ལ་སྤྱིར་ཟུང་ཞིག ་དབུལ་བ་དང། བླ་རེ་རྣམ་པ་སྣ་ཚོགས་པ་དང། གྲཝ་བཞིར་བ་དན་སྣ་ཚོགས་བཏགས་པ་དང། གདུགས་དང། རྒྱལ་མཚན་དང། བ་དན་རྣམས་ཀྱང་ཨོཾ་དང་རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་བཟླས་ཤིང་བཛྲ་སཕ་ར་ཎ་ཁཾ་ཞེས་བྱ་བ་འདིས་ལྷ་ཐམས་ཅད་ལ་དབུལ་པར? ་བྱའོ། །མེ་ཏོག་གི་ཤིང་བརྒྱ་འམ། བཞི་འམ། ཤིང་དང། མེ་ཏོག་ཐམས་ཅད་ཀྱང་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པ་དང། ཨོཾ་བཛྲ་པུཥཔེ་ཧཱུཾ་ཞེས་བྱ་བ་མེ་ཏོག་གི་ཕྱག་རྒྱ་དང་བཅས་པས་མེ་ཏོག་ལ་མངོན་པར་བཟླ་བ་དང། བྱུག་པ་ནི་དྲི་ཞིམ་ཞིང་དྲི་བཟང ་པོས་བསྒོས་པའི་དྲི་བཟང་པོ་ཐམས་ཅད་ལ་དབུལ་བར་བྱའོ། །རྡོ་རྗེ་མེ་དང། ཨོཾ་བཛྲ་གནདྷེ་ཞེས་བྱ་བ་འདིའི་ཕྱག་རྒྱ་དང་བཅས་པ་དང། ག་བུར་དང། ཨ་ཀ་རུ་དང། དུ་རུ་ཀ་དང། ཙན་དན་ལ་སོགས་པ་ལེགས་པར་སྦྱར་བ་ལ། རྡོ་རྗེ་མེ་དང། ཨོཾ་བཛྲ ་དྷུ་པེ་ཧཱུཾ་ཞེས་བྱ་བ་འདིས་བདུག་སྤོས་ཀྱི་ཕྱག་རྒྱ་དང་ལྡན་པས། སྤོས་སྣོད་འབུམ་མམ། ཁྲི་འམ་སྟོང་ངམ། བརྒྱ་འམ། ཅི་འབྱོར་པ་རྣམས་དང། མར་མེ་འབུམ་མམ། ཁྲི་འམ། སྟོང་ངམ། བརྒྱ་འམ། དེ་བཞིན་དུ་མར་མེའི་སྣོད་ཆེན་པོ་སྡོང་བུ་འབར? ་བ་དང་བཅས་པ་སྟོང་ངམ། བརྒྱ་འམ། བཅུ་འམ། གཅིག་ལ་རྡོ་རྗེ་མེ་དང། ཧཱུཾ་བཛྲ་ཨཱ་ལོ་ཀེ་ཞེས་བྱ་བ་ནའདི་མར་མེའི་ཕྱག་རྒྱ་དང་ལྡན་པ་ཡོངས་སུ་བཟླས་ལ། སཕ་ར་ཎ་ཁཾ་ཞེས་ཀྱང། ཟློས་ཤིང་དབུལ་བར་བྱའོ། །སྭསྟི་ཀ་ལ་སོགས་པའི་བཤོས་ཀྱི་ཁ ་ཟས་འབུམ་མམ། ཁྲི་འམ། སྟོང་ངམ། བརྒྱ་འམ། གྲངས་བཅུ་སྙེད་དང། བཟའ་བ་དང། བཅའ་བ་རྣམ་པ་སྣ་ཚོགས་པ་ལ་དེ་བཞིན་དུ་རྡོ་རྗེ་མེ་ཡོངས་སུ་བཟླས་ལ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨརྱ་ནུ་ཏ་པན་ན་ཏྭ་ཏ་ཅེས་ཟློས་ཤིང་དབུལ་བར་བྱའོ། ། ་རོལ་མོའི་ཆ་བྱད་བཅུ་པོ་འམ། སྟོང་བྲག་བརྒྱ་འམ། སྟོང་ངམ། རོལ་མོའི་ཆ་བྱད་བཅུ་པོ་ཧཱུཾ་ཞེས་བྱ་བ་དང། རོལ་མོའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སོར་མོ་རྣམས་ཀྱིས་ཚུལ་དུ་བྱེད་པས་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་བཅུ་པོ་ནི་པི་ཝཾ་གླིང་བུ་དང། ་མུ་ར་ཛ་དང་མུ་ཀུན་ད་དང་ཀན་སཾ?་དང་མ་རཱི་དང། མྲི་དཾ་ག་དང། པ་ཊ་ཧ་དང། ཀུཉྫ་དང། ཏི་མི་ལི་བརྡུང་བའི་ཚུལ་དུ་བྱེད་པའོ། །ཕྱི་རོལ་དུ་གར་དང་རོལ་མོ་བྱ་བ་དང། ཅོད་པན་དང། གདུ་བུ་དང། རྣ་རྒྱན་ལ་སོགས་པའི་མཆོད་པ་རྣམས་ཀྱང། ཨོཾ ་ཞེས་བྱ་བ་མངོན་པར་བཟླས་ཏེ་དབུལ་བར་བྱའོ། །དེ་བཞིན་དུ་དར་དཔྱད་བར་བྱ་བ་དང། མེ་ཏོག་ཆུན་འཕྱང་གིས་རྣམ་པར་བརྒྱན་པ་དང། དྲ་བ་དང་དྲ་བ་ཕྱེད་པ་ཟླ་ཕྱེད་པས་ཉེ་བར་མཉེས་པར་བྱས་པ་དང། རྟ་དང། གླང་པོ་ཆེ་དང། བ་ལང་གི་ཁྱུ ་ཤིང་དུ་བཏགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བ་དྲིལ་བུ་ལ་སོགས་པ་བཏགས་པ་ཡང་བཛྲ་སཕ་ར་ཎ་ཁཾ་ཞེས་བྱ་བ་འདིས་དབུལ་ལོ། །ོཾ་བཛྲ་སཏྭ་སུ་སང་གྲ་ཧཏ། བཛྲ་རཏན་མ་ནུཏྟ་ར་བཛྲ་དྷརྨ་ག་ཡ་ཎེ། བཛྲ ་ཀརྨ་ཀ་རོདབྷ?་བེ། ཞེས་ཟློས་ཤིང་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཁྲོ་བོའི་ཁུ་ཚུར་གཉིས་མ་གཏོགས་བའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་མཆོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ ་མོ་གཉིས་བརྒྱང་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་སུ་འགྱུར་རོ། །ཡང་རྡོ་རྗེ་རིགས་ཀྱི་ལས་དཀྱིལ་འཁོར་ལས་གསུང་བའི་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ། ཁྲོ་བོའི་རིགས་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར་སེམS ་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་གཞག་ལ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཆན་མེ་ཏོག་ཆུ་དང་བཅས། ། ་?་བཅས་ཤིང་མང་དུ་བྱ། །སྣུམ་ཁུང་ལ་སོགས་བཟའ་བ་རྣམས། །ཞེས་བྱ་བའི་གཏོར་མ་ལ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་བཟླས་ནས། ཤར་ཕྱོགས་ནས་བརྩམས་ཏེ་གསུམ་གསུམ་གཏོར་བར་བྱ་ཞིང་དྲི་དང། མེ་ཏོག་དང། བདུག་པ ་དང། མར་མེ་དང། མཆོད་ཡོན་རྣམས་ཀྱང་ཐོག་མར་དབུལ་ལོ། །དེ་ལ་དང་བོར་རེ་ཞིག་མཎྜལ་རྣམས་བྱེད་དུ་གཞུག་པར་བྱའོ། །དེ་ནས་ནི་སྤྱན་དྲང་ངོ། །དེ་ནས་དམ་ཚིག་བརྟན་ལ་མཆོད་ཡོན་ཕུལ་ཏེ། དྲི་ལ་སོགས་པས་ལེགས་པར་མཆོད་ལ ་གཏོར་མ་ཕུལ་ཏེ་དེ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྔགས་དང་ཕྱག་རྒྱ་ནི་འདི་རྣམས་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ཏེ། རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་འདུག་ནས། ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་བསྟན་ལ། གཡས་པའི ་རྡོ་རྗེའི་ཕྱག་རྒྱ་སྟ?་ཟུར་ཕྱོགས་སུ་གཞག་སྟེ། གཡས་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་བརྒྱ་བྱིན་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ལ་མཛུབ་མོ་ལྕགས་ཀྱུར་མ་བྱས་པ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྐང་པ་གཡོན་བརྐྱང་བའི་ཚུལ་གྱིས་འདུག ་ལ། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །དེ་ནས་འདིའི་སྔགས་ན་མོ་བཛྲ་སྱ་ཙ་དི་ཤི་དི་ཤི་བཛྲ་བ་ནེ་རཀྵ་རཀྵ་སྭཱཧཱ། མེའི་ཕྱོགས་སུ་བལྟས་ནས་ལག་པ་གཡས་པའི་མཛུབ་མོ་བླུམ་པོར་བཀུག་སྟེ། གུང ་མོའི་ཆོགས་གསུམ་པར་བཙུགས་ལ། མཐེ་བོ་ལག་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱལ་མཐེ་བོ་ངོས་ལ་མཛུབ་མོ་བཙུགས་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ ་བོའི་ངོས་ལ་གཙུགས་ཏེ་ཕྱིར་དྲག་ཏུ་བརྒྱད་པ་ནི་སླར་གཏང་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨགནེ་ཨ་ཧཡ་ཀ་བ་ལཱི་ཛཝ་ལ་ཛཝ་ལ་ད་ཧཱ་ཤི་ཁི་ཏོ་ལི་པི་རཱུ་པཀྵ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བལྟས་ནས་སྙིང་གི་མདུན་དུ་བཞག་སྟེ། སོར་མོ་ཕན་ཚུན་བསྣོལ ་ལ་ཁུ་ཚུར་བཅངས་ནས་སྲིན་ལག་གཉིས་བསྒྲེང་སྟེ། བཞིབས་ལ་གཡབས་ཏེ་ནང་དུ་གཞག་པ་ནི་གཤིན་རྗེ་སྤྱན་དྲང་བའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཀ་ཡང་ཕྱི་རོལ་དུ་དེ་བཞིན་གཤེགས་ཏེ་བསྒྲེང་བ་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། ། ་དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་ཡ་མཱ་ཡ་སྭཱ་ཧཱ། །བདེན་བྲལ་གྱི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ། ལག་པ་གཡས་པའི་ཁུ་ཚུར་བཅངས་བ་ལས་མཛུབ་མོ་དང་གུང་མོ་རལ་གྲི་འདྲ་བར་གཞིབས ་ཏེ་བསྒྲེད་ལ་བཞག་།ལག་པ་གཡོན་པ་དེ་ལྟར་བྱས་ཏེ། སྟ་ཟུར་ཕྱོགས་སུ་བཞག་ལ། གཡོན་པའི་མཛུབ་མོ་བཀུག་སྟེ་གཡབས་པ་ནི་བདེན་བྲལ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་རལ་གྲི་འདྲ ་བར་བཞག་པ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལ་མཛུབ་མོ་བརྐྱང་པ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་སརྦ་བྷུ་ཏ་པ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ། ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ། མཐེ་བོ་དང། མཛུབ་མོ་གཅིག་ཏུ་སྦྱར་ཏེ་ཞགས་མིག་ལྟར་བྱས་ལ། གཡོན་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ་སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་གྱུར་བྱས་པ་ནི་ཆུ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། ་ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་དུ་བཞག་པ་ལས་ཞགས་མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཏྲིང་ཏཱི་བུ་ཏ་ཏྲཱི་ཏྲཱི་ཤི ་ལ་ཏི། ལི་པི་དུ་པཱཀྵ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། གུང་མོ་བསྒྲེང་བའི་ཚིགས་དང་པོར་མཛུབ་མོ་བཀུག་པའི་ཐོར་ཏོ་བཙུགས་ལ། ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ་སྟ་ཟུར ་སོགས་སུ་བཞག་ཅིང་མཐེ་བོང་བརྡུལ?་པ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་སྔ་མ་བཞིན་དུ་བཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་བརྐྱང་བ་ནི་སླར་གཏང་པའི་ཕྱག་རྒྱའོ། །སྔགS ་ནི། ཨོཾ་སྭ་ས་ཁ་ཁ་ཁུ་ཁ་སྭཱ་ཧཱ། ཀུ་བེ་ར་ལ་མངོན་དུ་བལྟས་ཏེ་འདུག་པ་ནས་ལག་པ་གཉིས་ཐལ་མོ་སྦྱར་ལ་རྡོ་རྗེ་བཅིང་བ་ནང་དུ་བཟློག་སྟེ། མཐེ་ཆུང་གཉིས་གཞབས་ལ་བརྐྱང་དེའི་རྒྱབ་དུ་སྲིན་ལག་གཉིས་སོ་སོར་གནས་ནས། གུང་མོ ་གཉིས་རྡོ་རྗེ་ལྟར་བཀུག་སྟེ་གཡབས་པ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིངས་པའི་ཚུལ་དུ་བཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་པ ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཀུ་པེ་རཱ་ཡ་སྭཱཧཱ། དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཅིག་ཏུ་ཐལ་མོ་སྦྱར་བ་བྱས་ལ། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཉིས་གཞིབས་ཏེ་བསྒྲེང ་བའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་དང་འདྲ་བ་བྱ། །མཐེ་བོ་གཉིས་རབ་ཏུ་གཞིབས་ཏེ་བཞག་ལ། དེ་ཉིད་ལས་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲང་ནས་ནང་དུ་གཡབས་པ་ནི་དབང་ལྡན་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་སྔ་མ་ལྟར ་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཞག་པ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི། སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི། ཛྲུཾ་ཛྲུཾ་ཤི་བ་སྭཱ་ཧཱ། གཡོན་པ་བརྐྱང་བའི་གནས་པས་འདུག་ལ། ལག ་པ་ཞལ་མོ་ཁོང་སྟོང་དུ་སྦྱར་ཏེ་གཞག་ལ། སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་ནི་ཚངས་པ་ལ་སོགས་པ་སྤྱན་དྲང་བར་བྱའོ། །དེ་ཉིད་ལས་སྔ་མ་ལྟར་གཟག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་འདི་ཡིན་ཏེ། ཨུར་བྷཾ་བྲཧྣ་ཎེ་སྭཱ་ཧཱ། སཱུརྱ་ཡ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཙནྡྲ་ཡ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ་སྭཱ་ཧཱ། རྐང་པ་མཉམ་པར་གནས་པས་འདུག་ལ། ལག་པ་གཉིས་གཅིག་ཏུ ་སྦྱར་ཏེ། སོར་མོ་རྣམ་པར་མཚམས་མེད་པར་རྩེ་མོ་ཕན་ཚུན་སྦྱར། མཐེ་བོ་ཟླུམ་པོར་བྱས་ལ། འོག་ཏུ་བལྟས་ཏེ་སའི་ལྷ་མོ་ལ་སོགས་པ་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བའི་ནི། འོག་གི་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ ་ལས་སྔ་མ་དུ་མཛུབ་མོ་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཏང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨ་དྷོ་པྲི་ཐཝི་བྷཡ(རྒྱུད་འགྲེལ་འཐོར་འཐུང་ཕུལ་ལ། བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག་།ལས་ཀྱི་དངོས་གྲུབ་ཀྱང་བདག་ལ་སྩོལ་ཅིག། ཅེས་བརྗོད་པ་ཐམས་ཅད་སླར་བཏང་པོ། །ཡང་ན་དཔུང་བཟངས་ཀྱིས་ཞུས་པ ་ལས་འབྱུང་བའི་ཚིགས་སུ་བཅང་པ་རྣམས་ཀྱིས་གཏོར་མ་འབུལ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང། །གང་དག་ས་ལ་གནས་པའི ་རྫུ་འཕྲུལ་ཅན། །བུ་སྨད་ཚོགས་བཅས་གཡོག་འཁོར་དང་བཅས་ལ། །བདག་གིས་པུས་མོས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླང་དུ་འདིར་སྤྱོན་ཅིག་།འབྱུང་པོ་གང་དག་རི་རབ ་སྟེང་གནས་དང། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང། །རི་བོ་ཀུན་ལ་གང་དག་གནས་པ་དང། །ཆུ་བོ་ཀུན་དང་ཆུ་པོའི་མདོ་རྣམས་དང། །རིན་ཆེན་གནས་ན་ལྷག་པར་གནས་པ་དང། །མཚོ ་དང་རྫིང་དང་ལྟེང་ཀ་ཆུ་རྫོགས?་དང། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང། །ཁང་སྟོང་དང་ནི་ལྷའི་ཁང་པ་དང། །གཙུག་ལག་ཁང་དམ་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང ་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང། །ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དང། །དུར་ཁྲོད་ཆེན་པོ་འམ་ནགས་ཚལ་ཆེན་པོ་འམ། །སེང་གེ་དྲེང་དང་གཅན་ཟན་གནས ་དག་དང། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང། །གང་དག་གླིང་མཆོག་དག་ན་གནས་བ་དང། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་གནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བྱུག་པ་རྣམས། ་བསྟོད་དང་གཏོར་མ་མར་མེ་གུས་འབུལ་བས། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གདོན་ལ་མཆོད་པ་བྱས་ནས་ནི། །དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་བྱིན། །ཤར་ཕྱོགས ་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག། ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང། །སྟེང་གི་ཉི་ཟླ་ཚངས་བ་ཆེན ་པོ་དང། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི ་བུ་སྔར?་མཛད་གཤེས་གཉེན་འདུན་དང། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །དེ་ལ ་འདི་ནི་ཕྱི་དང་ནང་དུ་བཅས་པའི་གཏོར་མ་སྦྱིན་པའི་སྔགས་སོ། ། ཀཱ་རོ་མུ་ཁཾ་སརྦ་བྷརྨཱ་ཎཱཾ་ཨཱརྱ་ནུད་པནྣ་ཏྭཱ་ཏ། དེ་ནས་ཉེ་རེག་བྱས་ལ་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་བལྟས་ཏེ། གནས་པའི་ལས་ཐམས་ཅད་པའི་ཐབ་ཁུང་གིས་དབུས་སུ་དཔལ ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་བཟློས་ཤིང་མེ་ཏོག་གིས་བཞུགས་སུ་གསོལ་ལ། སྦྱིན་སྲེག་གི་ཚོགས་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱིས་བའི་མར་ལས་སྤྱི་བླུགས་བརྒྱ་རྩ་བརྒྱད་དབུལ་ལོ། ། ་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་ཀྱང་ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུག་བའི་བར་ཡང་སྲེག་བླུགས་བདུན་བདུན་དབུལ་ལོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་མེ་ཐབ་ལས་མེ་ཏོག་གི་སྤྱན་དྲངས་ལ། རྣམ་པར ་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་བྲིས་པའི་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་སུ་གསོལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ ་སློབ་དཔོན་དཀའ་ཐུབ་ཆོས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ལ་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་ལ་སྣོད་དུ་གྱུར་པ་དང། མ་གྱུར་པ་རྟག་མི་འཚལ་ལོ། །དེ་ཅིའི་ཕྱིར ་ཞེ་ན། སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ། མཐོང་ན་ངན་སོང་ཐམས་ཅད་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་དང། བཟའ་བ་དང། ་བཏུང་བ་དང། འདོད་པའི་ཡོན་ཏན་ཐམས་ཅད་ལ་སོགས་པ་དང། དམ་ཚིག་ལ་མི་དགའ་བ་དང། སྔར་སྤྱད་པ་ལ་སོགས་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་པ ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང། གླུ་དང། གད་མོ་དང། རྩེད་མོ་དང། ཁ་ཟས་དང། སྤྱོད་པ་ལ་དགའ་བ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན ་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷ་གཞན་གྱི་རིགས་དང་དཀྱིལ་འཁོར་དུ་འཇུག་གི་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡང་དག་པར་རྫོགས་པར་གྱུར་པ། བླ་ན་མེད་པའི་དགའ་བ ་དང། མགུ་བ་དང། རངས་པར་འབྱུང་བ་དེར་ནི་བསླབ་པའི་ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་། ་མགུ་བའི་དམ་པ་འགྲུབ་ཅིང། བདེ་བ་དང། ཡིད་བདེ་བ་མྱོང་བར་བགྱི་བ་དང། ངན་སོང་གི་རྒྱུད་ཐམས་ཅད་དུ་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་པའི་སླད་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་ཏུ་རུང་ངོ། །བཅོམ་ལྡན་འདས ་ཆོས་ཅན་གྱི་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང་ཤེས་རབ་དམ་པ་འགྲུབ་པའི་ཐབས་ཀྱིས་འབད་ཅིང་ཉོན་མོངས་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་འདིར་ཞུགS ་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འགྲུབ་པར་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་ཞུ་བར་བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའི་དགེ་བསྙེན་ནམ། དགེ ་སློང་དམ། དགེ་སློང་གི་སྡོམ་པ་ཡོངས་སུ་བླངས་ལ། སློབ་དཔོན་དུ་དབང་བསྐུར་བར་འོས་པས་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ ་གསོལ། བྱང་ཆུབ་སེམས་དཔའ་ཨི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ། །དེ་ནས་སློབ་མ་ལ་རྡོ་རྗེ་བསྲུང་བ་ཡོངས་སུ་བཟླས་པའི་རས་སྔོན་པོའི་སྟོང་གཡོགས ་དང་སྨད་གཡོགས་བསྐོན་ཞིང། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་བསྲུངས་བཞིས་བཟླས་པའི་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱེད་དུ་གཞུག་པར་བྱའོ། །ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ། ལག་ན་མེ ་ཏོག་ཐོགས་པ་ཉིད་དང། བཤགས་པ་དང། རྗེས་སུ་ཡི་རང་དང། བསྐུར་བ་དང། གསོལ་པ་ཡང་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་བདག་ལ་དགོངས་སུ ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་།གསང་བ་ཆེན་པོར་འཇུག་པར ་བགྱི། །གསང་བའི་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས ་རྒྱས་ཀུན་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས ་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་བ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང། །དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ། ་གསང་བ་ཆེན་པོའི་རིགས་དག་པ། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས ་རིགS་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང། །བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང ་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟད་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བའི ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའོ། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། ། ་དེ་ལས་གཞན་པ་བཅུ་བཞི་འདི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་པའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྤོམ་པོར ་གྱུར། །ཁྱོད་ཀྱི་སྲོག་ཆགས་གསང་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ། །འདོད་པ་ལེག་པ་མི་སྤྱད་ཅིང། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས ་ཅད་སྤང། །དམ་པ་ཉེ་བར་བསྟེན་བྱ་ཞིང། །རྣལ་འབྱོར་པ་རྣམས་བསྙེན་བསྐུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །ངག་གི་རྣམ་པ་བཞི་རྣམས་དང། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅེ་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས ་ཅན་དོན་ལ་རྒྱབ་ཕྱོགས་ཡིན། །འཁོར་བ་དག་ཀྱང་ཡོངས་མི་སྤང། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་ཚོན་ཆ་དང། །མཚན་མ་བགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར ་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་པར་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས ་མཛད་པ། །ཞེས་བྱ་བ་ལ་སོགས་པ་ནས། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ། དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ ་དང། དབང་བསྐུར་བར་ཡང་མི་བྱ་ཞིང། འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ་།དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་ནི་བསྐྱེད་ནས་སུ། །དེ་ཡི་སྙིང་གར ་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏེ་ས་མ་ཡ་སྟཝཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁ། དེ་ནས་དེ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་ལ་སོགས་པའི་མཆོད་དེ། མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོད་བྲི་ཞིམ་པར་བྱས་ལ་། ་ཡོན་ཀྱི་མཆོག་བླངས་ནས། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ཨོཾ་གྲིཧྞ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱ་རང་ཉིད་ཀྱིས་བཅིངས་ལ།། སློབ་མ་རྣམས་མཆིང་དུ་གཞུག་གོ་།རྡོ་རྗེ་བསྡམས་པ་ནང ་བཅིངས་ནས། །ཡིད་ཀྱི་ཁྲོས་པ་དགབ་བྱ་ཞིང། །རྡོ་རྗེ་མཐེ་བོ་དམ་པ་སྟེ། །ཁྲོ་བོ་ཏི་རིན་ཏི་རིལ་བཤད། །དེ་ནས་དེ་ཉིད་ཀྱི་མཐེ་བོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་ཏུ་བཅུག་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་ཡ་མི་ཞེས་བྱ་བའི་སྙིང་པོ་འདིས ་གཞུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོ་ནས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ་ཞིང། ལྷོ་ཕྱོགས་ནས་ཞགས་པས་གཞུག་པར་བྱའོ། །ནུབ་ཕྱོགས་ནས་ལྕགས་སྒྲོག་གིས་བསྡམ་པར་བྱའོ། །བྱང་ཕྱོགས་ནས་རྡོ་རྗེ་འབེབས་པས་དབབ་པར་བྲའོ། །དེ ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པ་ཡང ་?་བ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲོ་བོ ་ཏི་ཡིན?་ཏི་རའི?་ཕྱག་རྒྱ་ཁ་ཐུར་ཏུ་བསྟན་པར་གྱེན་དུ་བསྟན་པ་བཅིངས་ལ། སློབ་མའི་སྤྱི་བོར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས། གལ་ཏེ་དགའ་ཞིག་ལ་སྨྲས་ན་གླང་པ་འགས་པར་འགྱུར་རོ། །དེ་ནས་དམ ་ཚིག་གི་ཕྱག་རྒྱ་དེ་ཉིད་དང། མནའི་སྙིང་པོ་འདི་ལན་ཅིག་བརྗོད་པའི་ཆུ་རྡོ་རྗེ་སློབ་མ་དེ་ཉིད་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད།། ་གལ་དེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ནས་གཤེགས། །ོཾ་བཛྲོད་ཀ་ཋ་དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བཙམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ད་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། ། ་ཁྱོད་ཀྱི་ངལ?་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེའི་རྗེས་ལ་ཡི་གེ་ཨ་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་རང་གི་སྙིང་གར་བསམ་པར་བྱའོ། །དེ་ནས་སློབ་མའི་སྙིང་ག་དང། དཔྲལ་བ་དང ་སྐོག?་མ་དང། སྤྱི་བོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཏྲཾ་ཧྲཱི(རྒྱུད་འགྲེལ་སློབ་མའི་སྙིང་གར་དབྱེ་བར་བྱས་ནས་རང་གི་སྙིང་ག་ལས་ཡི་གེ་ཨ་ཕྱུང་ལ། སློབ་མའི་སྙིང་ག་ལ་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་སྟེ། ལུས་ཐམས་ཅད་ཀུན་ཏུ་གང་བར་གྱུར་པར་བསམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ་།དེ་བཞིན་གཤེགS ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ་།འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཉིད་དུ་འབབ་པར་ཤོག་།ོཾ་བཛྲ་ཨཱ་བེ་ཤ་ཞེས་བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། དྲུག་ཅུ་འམ། བདུན་ཅུ ་འམ། བརྒྱད་ཅུ་འམ། དགུ་བཅུ་འམ། བརྒྱ་བཟླས་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྐུ་མདོག་དམར་པོ་འོད་ཟེར་དམར་པོ་ཀུན་ཏུ་འཁྲུགས་པས་ཡོངས་སུ་གང་བར་བསམས་ན་ངེས་པར་འབབ་པར་འགྱུར་རོ། །ཡང་གལ་ཏེ་བབས་པར་མ་གྱུར ་ན་དེའི་ཚེ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་བཅིངས་ལ་རྐང་པ་གཡོན་པས་དེའི་རྐང་པ་གཡས་མནན་ནས་དེ་ཉིད་ལ་དབབ་པར་བྱ་བའི་ཕྱིར། སྟེང་གི་ནམ་མཁའ་ཨི་ཕྱོགས་སུ་རྣམ་པར་སྣང་མཛད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྟེང ་ན་ཁྲོས་བས་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་མནན་པར་མཛད་པ་དང། འོག་ནས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ཡི་གེ་ཧཱུཾ་གིས་འདེགས་པར་གྱུར་ལ། དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་ཤར་ཕྱོགས་ལ་སོགས་པར་ཞུགས་པས། ་ཧཱུཾ་?་ཨ་ཞེས་བྱ་བའི་རང་རང་གི་ས་བོན་གྱི་འོད་ཀྱི་ཚོགས་ཡང་དག་པར་འབེབས་པར་བསམ་ཞིང་ཧཱུཾ་བཛྲ་ཨཱ་པེ་ཤ་ཨ་ཞེས་ལན་བརྒྱ་ཟློས་ཤིང་དེ་དབབ་པར་བྱའོ། །གལ་ཏེ་སྡིག་བ་ཤིན་ཏུ་ཆེ་བས་བབས་པར་མ་གྱུར་ན་སྡིག་པ་བྲལ ་བའི་ཕྱག་རྒྱས་སྡིག་པ་བྲལ་བར་བྱའོ། །དེ་ནས་ཡམ་ཤིང་དམར་པོ་རྣམས་ཀྱི་མེ། །རལ་པར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་བཞག་པས་སྙོམས་ཞུགས་ལ། །ཏིལ་བསྲེགས་པས་ནི་སྡིག་བསྲེགས་ཤིང། །ོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ།། ་ཞེས་བྱ་བ་དང་ལག་པ་གཡས་པའི་སྟེང་དུ་ཏིལ་ནག་པོ་ལས་སྡིག་པའི་གཟུགས་བརྙན་བྱས་ལ། ཧཱུཾ་དབུས་སུ་བསམས་པའི་མཛུབ་མོ་དང་མཐེ་བོས་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་ཐབ་ཁུང་ལས་བྱུང་བའི་འབར་བའི་ཕྲེང་བ་ཀུན་ཏུ་འཁྲུགས ་པའི་རྡོ་རྗེ་དེའི་ལུས་ལ་འབར་བས་སྡིག་པ་རྣམས་བསྲེགས་པར་གྱུར་བར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དེ་བཞིན་དུ་བཅིངས་ལ་དབབ་པར་བྱས་ན་ངེས་པར་འབབ་པར་འགྱུར་རོ། །དེ་ལྟ་བུས་ཀྱང་དབབ་པར་མ་གྱུར་བ་གང་ཡིན་པ་དེ་ལ ་དབང་བསྐུར་བར་མི་བྱའོ། །བབས་ནས་སྐད་ཅིག་མ་དེ་ཉིད་ལ་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས་བབས་པར་ཤེས་པ་དང། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན་ཞེས་བྱ་བ་ལ་སོགས་པ་གླུ་བླངས་ལ། ཁྲོ་བོའི་ཁུ་ཚུར་གྱིས་དེ ་བཞིན་དུ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དྲང་བར་བྱའོ། །གལ་ཏེ་བབས་ནས་རྡོ་རྗེ་སེམས་དཔས་ཁྲོ་བོའི་ཁུ་ཚུར་བཅིངས་ནས་དེའི་ཚ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་ཁུ་ཚུར་བཅིངས་པར་བྱའོ། །དེ་བཞིན་དུ་གལ་ཏེ་རྡོ་རྗེ་བཞད་པའི་ཁྲོ་བོའི་ཁུ ་ཚུར་བཅིངས་ནས་དེའི་ཚེ་རྡོ་རྗེ་ཆོས་ཀྱི་ཁྲོ་བོའི་ཁུ་ཚུར་གྱིས་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟ་བུས་ནི་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་ནས་དེའི་ཚེ་ལྕེ་ལ་རྡོ་རྗེ་བསམ་ལ་སྨྲོས་ཤིག་རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་ནས་ནི་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས ་པྲ་ཉིཙྪ་བཛྲ་ཧོ། །ཞེས་བྱ་བས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་བར་བྱའོ། །དེ་ནས་གང་དུ་བབས་པར་གྱུར་པ་དེ་ཉིད་ལ་འགྲུབ་པར་འགྱུར་རོ། །དེ་ནས་ཨོཾ་པྲ་ཏི་གྲཧྞི་སྭ་མི་མ་སཏྭ་མཧཱ་བ་ལ་ཞེས་བྱ་བ་ཕྲེང་བ་དེ་དེའི་མགོ་ལ་བཅིང་བར་བྱའོ། །དེ་ནས ་ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་འདི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སློབ་མའི་སྙིང་གར་དབབ་པའི་ཕྱག་རྒྱ་དགྲོལ་དུ་གཞུག་པར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱིས་ནང་དམ་ཕྱི་རོལ ་དུ་ཟླ་བའི་དཀྱིལ་འཁོར་ཤར་སྒོ་པ་མངོན་པར་ཕྱོགས་པར་དྲིས་ལ་དེར་སློབ་མ་གཞག་སྟེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། དབང་བསྐུར་བར་བྱ་བ་ནི་མཆོད ་ཡོན་བསྟབས། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། གདུགས་དང་རྒྱལ་མཚན་དང། བ་ངན་ལ་སོགས་པ་དང། དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཀྲ་ཤིས་ཚིགས་སུ་བཅད་པས་མངོན་པར་དགའ་བར་བྱ ་ཤིང། དང་པོར་རེ་ཤིག་ཆུ་ཡིས་དབང་བསྐུར་རོ། །དེ་ནས་ནི་ཕྱག་རྒྱའི་དབང་བསྐུར་བ་དང། ཅོད་པན་དང། དར་དཔྱངས་དང། རྡོ་རྗེ་དང། བདག་པོ་དང། མིང་གི་དབང་བསྐུར་བས་དབང་བསྐུར་ནས། ཡང་མེ་ཏོག་ལ་སོགས་པ་དང། སྒེག་མོ་ལ ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །སློབ་མས་ཀྱང་ཐལ་མོ་སྦྱར་ཏེ། སློབ་དཔོན་ལ་ཕྱག་བྱས་ལ་ཡོན་གྱི་མཆོག་ཕུལ་ཏེ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཡང་བླང་བར་བྱའོ། །སློབ་དཔོན་གྱི་དབང་བསྐུར་པ་ནི་ཇི་སྐད་དུ ་བསྟན་པའི་གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཞག་ལ། དེའི་ལུས་ལ་དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱས་བཀོད་དེ། ཨོཾ་བཛྲ་ཨདྷི་པ་ཏི་ཏྭཾ་ཨ་བྷིཥིཉྩ་མི་དྲི་ཌཧོ་མེ་བྷ་བ་ཛ:ཧཱུཾ་བཾ་ཧོ:ཧཱུཾ་ཕཊ་ཅེས་བྱ་བ་འདིས་ཡང་རྣམ་པར ་རྒྱས་པའི་བུམ་པ་ལ་སྟོང་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་འདི་ཉིད་ཟློས་ཤིང་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ཟློས་ཤིང་ཆུའི་དབང་བསྐུར་བ་སྦྱིན་པར་བྱའོ། །འདི་སྐད་ཀྱང་བརྗོད ་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུས་འགྲུབ་པོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་? ་ན། །དད་པ་མེད་པའི་བརྒད་པར་འགྱུར། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་བཅང་ལ། སློབ་མ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ནས་བཟེངས་བསྟོང་པ་དང་ལུང་བསྟན་པས་སློབ་མ་ཐམས་ཅད་ལ ་ལུང་བསྟན་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བར་བཤད་པར་བྱ་སྟེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་བཅུག་ནས་དཀྱིལ་འཁོར་དང་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་དང། སློབ་དཔོན་གྱི་ལས་ཐམས་ཅད་བསླབ་པར་བྱའོ། ། ་འདི་ཙམ་གྱིས་ནི་གསང་བའི་དབང་བསྐུར་བས་དབང་བསྐུར་བར་གྱུར་པ་ཡིན་ནོ། །ཡང་ན་རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་ཡོངས་སུ་དོར་བར་དབུས་མའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་གྱི་གྲུ་བཞི་པ་ལ་འཇུག་པའི་སྒོ་ལ་མངོན་པར ་ཕྱོགས་པར་སྒོ་ནུབ་ཏུ་བལྟས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་གིས་པ་དེའི་དབུས་སུ་པདྨ་འདབ་བརྒྱད་བྲིས་ནས། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ལེགས་པར་བྲིས་ནས་རྩ་བའི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁོར་དེ་མཆོད་ལ་གླང་པོ་ཆེའི་གདན ་ལ་ཟླ་བའི་དཀྱིལ་འཁོར་དང་གྱིས་བཀབ་པ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ལ་དེའི་དབུས་སུ་བཞག་ལ། དབང་བསྐུར་བར་འོས་པ་དེ་ཡང་དེ་བཞིན་དུ་བྱིན་གྱིས་བརླབས་ནས། གདན་གྱི་སྟེང་ན་གཡོན་བརྐྱང་པའི་གནས་པས་དབང་ཕྱུག་ཆེན་པོའི ་སྟེང་དུ་ཇི་ལྟ་བ་བཞིན་དུ་གཞག་ནས། གླང་པོ་ཆེའི་སྟེང་དུ་བླ་རེ་བྲེས་པ་དང། གཡས་ལོགས་སུ་རྡོ་རྗེ་ཧཱུཾ་མཛད་བཟླས་པའི་དང་དང། མེ་ཏོག་གི་ཆུན་འཆང་དང། རིན་པོ་ཆེའི་ཏོག་ཅན་གྱི་གདུགས་ཀྱིས་བརྒྱན་པ་དང། གཡོན་ལོགས་སུ་ཡི་གེ་ཨོཾ ་བཟླས?་པའི་གོས་སྣ་ཚོགས་དང། རྒྱལ་མཚན་དང། བ་དན་སྣ་ཚོགས་བསྒྲེང་བར་བཞག་སྟེ། མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དུང་དང། རྔ་བོ་ཆེ་དང། རྔ་རིངས་དང། ཟངས་དུང་ལ་སོགས་པ་རོལ་མོའི ་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང། ཕྱི་རོལ་དུ་གར་དང། གླུ་དང། རོལ་མོ་ལ་སོགས་པས་མཆོད་ལ། ཡོན་གྱི་མཆོག་བླངས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང། མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པས་བསྟོད་ལ། ་དང་པོར་ནི་བུམ་པ་གང་བས་སོ། །དེ་ནས་ལྕགས་ཀྱུ་ལ་སོགས་པའི་སྔགས་ཟློས་ཤིང་དེ་བུམ་པས་སོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱི་ཆུ་བླངས་ལ་དེ་དབང་བསྐུར་ཞིང་འཐུང་དུ་ཡང་བཅུག་ནས་བུམ་པས་དབང་བ་ནི་ཆུའི་དབང ་བསྐུར་བ་ཉིད། དེ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨཾ་ཀུ་ཤ་མཧཱ་གྲོ་དྷ་ཨ་ཀར་ཥ་ཡ་སརྦ་ས་མ་ཡ་ཧཱུཾ་ཛ:བཛྲ་ཨ་བྷིཥིཉྩ་ཤེས་བྱ་བ་ནས་དེ་བཞིན་དུ། ཨོཾ་བཛྲ་ཛཝ་ལ་ཨག་ནི་པྲཱ་དཱི་པ་དྷ་ཨཱ་ཀར་ཥ་ཡ་སརྦ་ཏ་ཐཱ་ཏ་ཏ་མཧཱ་བཛྲ་ས་མ་ཡ་ཧཱུཾ་ཛ:བཛྲ་ཨ་བྷི་ཥིཉྩ ་ཞེས་བྱ་བའི་པར་ནི་རྣམ་པར་རྒྱལ་བའི་བུམ་པའི་དབང་བསྐུར་བ་སྟེ། སྦྱོར་བ་ལྷག་མ་ནི་སྔར་བཤད་པ་ཉིད་ཡིན་ནོ། །དེ་ནས་ཕྱག་རྒྱ་དང། ཅོད་པན་དང། དར་དབྱངས་དང། རྡོ་རྗེ་དང། བདག་པོ་དང། མིང་གི་དབང་བསྐུར་བ་བྱིན་ལ། དེ་ཁོ་ན་ཉིད ་དང། ཆོས་དང་དམ་ཚིག་ཀྱང་བྱིན་ནས་མེ་ཏོག་དང་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་དེ། རིན་པོ་ཆེའི་མིག་ཐུར་རམ། གསར་ལ་སོགས་པའི་ཐུར་མ་ཐོགས་ལ་མདུན་དུ་འདུག་ནས་ཚིག་འདི་སྐད་དུ་གསལ་བར་བརྗོད་པར་བྱ་སྟེ། ཇི་ལྟར་མིག ་མཁན་རྒྱལ་པོ་ཡི། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ལ་འདིའི་སྙིང་པོ་ནི། ཨོཾ་བཛྲ་ཎི་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧི(རྒྱུད་འགྲེལ་ཉིད་བསྟན་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་བསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ ་མེད་བྱེས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ?། །ད་ནས་ཨ་ལས་བྱུང་བའི་དྲིལ་བུ་ཆོས་ཀྱིས་དཀྲོལ་དུ་གཞུག་པར་བྱའོ། །ཆོས་རྣམས་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་པ་ཡིས། །ཀུན་མཆོག་མཉམ ་པ་ཉིད་དུ་གསལ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ། གཞུ་བྱིན་ལ་ཕྱོགས་བཞིར་མདའ་བཞི་དང། སྟེང་དུ་གཅིག་འོག་ཏུ་གཅིག་འཕེན་དུ་གཞུག་པར་བྱའོ། །ཧོ་ཞེས་བྱ་བ་ནི་མངའ་སྦྱིན་པའི་སྙིང་པོའོ། །ཡང་མེ་ལོང ་བླངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་།དེ་ལ་མེ་ལོང་གི་སྔགས་ནི་ཨོཾ་བཛྲ་སཏྭ་ཞེས་བྱ་བའོ། །དེ་ནས་རྐང་པ་གཉིས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་བཞག་ལ་ལག་པ་གཡས་སུ་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས ་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཅིག་།དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །ཆོས་ཀི་དུང་ནི་བླ་མེད་པས། །ཀུན་ཏུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱིས་སུ། ། ་གསང་སྔགས?་སྤྱོད་པ་ཚུལ་གྱི་མཆོག། འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཀུན་ཏུ་ཁྱོད་ལ་སྲུང་བར་བྱེད་ཅེས་བྱ་བས་རྡོ་རྗེ་འཁོར་ལོ་དང་རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཡི་གེ་དང ་བཅས་པར་སྦྱིན་པར་བྱའོ། །ཡང་འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བར། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ་དང། ཁྲོ་བོ་དང། པདྨ་དང་ནོར་བུ་འཁོར་ལོ་རབ་ཏུ་བསྐོར་ཞེས་ཚིགས ་སུ་བཅད་པ་ལྔས་རྗེས་སུ་སྣང་བ་སྦྱིན་པར་བྱའོ། །དེ་ནས་ཐམས་ཅད་གཟེངས་བསྟོད་པ་ལ། ཀུན་ཏུ་སངས་རྒྱས་བདག་བསྒོམ་པའོ། །རྡོ་རྗེ་མིང་དབང་བསྐུར་བས་ཀྱང། །དེ་བཞིན་གཤེགས་པར་ལུང་བསྟན་ཉིད། །ོཾ་འདི་ནི་ངས་ཁྱོང་ལུང་བསྟན་ ་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་གཏོན། །ཀྱེ། རྡོ་རྗེ་ཆེ་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡ་ཏྭཾ་བྷུར་བྷུ་བ་སྭཱ་ཧཱ:། དེ་ལ་གཟེངས་བསྟོང་པ་ནི་འདི་ཡིན་ཏེ། དེ་བཞིན ་གཤེགས་པའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་གཡོན་པས་ཆོས་གོས་འཛིན་པའི་ཚུལ་དུ་བྱས་པ། གཡས་པས་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །དེ་ནས་སློབ་མ་རྣམས་དབུགས་དབྱུང་བ་བྱས་ལ། ཐམས་ཅད་ལ་གསང་བའི་ཡེ་ཤེས་བསླབ་པར་བྱའོ།། ་འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་པ་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱེད་ཀྱི་ནམ་ཡང་མ་བྱེད་གཅིག་།མ་ཧཱ་ས་མ་ཡ་ཧན་ཧཱུཾ་ཕཊ། དེ་ནས་སྔགས་བྱིན་ལ་རང་གི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །ཆོ ་ག་འདི་སྐད་ཅེས་བརྗོད་པར་བྱ་སྟེ།། །།ཁྱོད་ཀྱིས་གཞན་ཕྱག་རྒྱལ་མི་མཁས་པ་གང་ལ་ཡང་ཕྱག་རྒྱ་གཅིག་ཙམ་ཡང་སྟོན་པར་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་རྣམས་ཀྱི་དཀྱིལ་འཁོར་མ་མཐོང་བར་སེམས་དཔའ་ཨི་ཕྱག་རྒྱ ་བཅིང་བ་ལ་?་བར་བྱེད་ཀྱང། དེ་རྣམས་ཀྱིས་དངོས་གྲུབ་ཇི་ལྟ། བ་བཞིན་དུ་ཐོབ་པར་མ་གྱུར་པ་དང། དེ་ནས་དེ་སོམ་ཉི་ཟ་བར་གྱུར་པས་ཡང་བ་མ་སྤངས་པར་མྱུར་པ་ཉིད་དུ་བྱས་ནས། སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་ལྟུང་བར ་འགྱུར་ལ། རྒྱུ་དེས་ཁྱོད་ཀྱང་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང་མེ་ཏོག་ལ་སོགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་མཆོད་ལ། ཐམས་ཅད་ལ་ཅི་དུས་པར་མཆོད་དོ། །ཞེས་དེ་བཞིན ་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས། བདུག་སྤོས་ལ་སོགས་པས་ཅི་འདོད་པར་མཆོད་པ་བྱེད་དུ་བཅུག་ལ། ཇི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ་འབྱོར་པ་ཅི་ཡོད་པའི་བཟའ་བ་དང། བཏུང་བ་ལ་སོགས་པ་ཐམས་ཅད་དང། དཀྱིལ་འཁོར་ཆེན ་པོར་ཕུལ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཚིམ་པར་བྱས་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པས། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་ཡང་ཐམས་ཅད་སུ་ལ་ཡང་སྨྲ་བར་མ་བྱེད་ཅིག་།ཅེས་བསྒོ་ལ་མནའ་སྙིང་པོ ་བརྗོད་པར་བྱའོ། །དེ་ནས་ཞུགས་པ་རྣམས་སླར་བཏང་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་ལྷ་ཆེན་པོ་ཆུད་མ་དང་བཅས་པས་སྔ་མ་བཞིན་དུ་བསླ ་ལ་མཆོད་ནས། བཅོམ་ལྡན་འདས་འཁྲོ་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ། དགེ་བའི་རྩབ་རྣམས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་བསྔོས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཛྲ་མུ:ཞེས་བྱ་བ་འདིས ་ཕྱག་རྒྱ་གང་དང་གང་ནས་བྱུང་བའི་གནས་དེ་དང་དེ་ཉིད་ནས་དགྲོལ་བར་བྱའོ། །དེ་ནས་ཨོཾ་བཛྲ་རཏན་ཨ་བྷི་ཥིཉྩ། སརྦ་མུ་དྲ་མུ་བཾ་ཞེས་བྱ་བ་འདིས་སྙིང་ག་ནས་བྱུང་བ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་སུ་གནས་པས། དབང་བསྐུར་ལ། མཛུབ་མོ ་གཉིས་ཀྱིས་ཕྲེང་བ་བཅིངས་པར་བྱས་ནས། དེ་བཞིན་དུ་གོ་ཆ་བག་བར་བྱའོ། །དེ་ལ་རྡོ་རྗེའི་རིན་ཆེན་ནི་འདིས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་མཐེ་བོ་བསྙམས་མཛུབ་མོ་གཉིས་ཀྱི་རྩེ་མོར་སྦྱར་དེ་ནས་གོ་ཆའི་མཐར་ཕྲེང་བ་བཅིང་པ་བྱས་ལ། བཛྲོ་ཏ་ཥྱ?་ཧོ་ཞེས་བྱ་བ་འདིས ་དང་མའམ?་པའི་ཐལ་མོས་མཉེས་པར་བའོ། །ཡང་ཕྱག་བྱས་ལ། བདག་གི་ཆོ་ག་མཚན་པ་བགྱིས་པ་གང་ལགས་པ་དེ། ཐམས་ཅད་བདག་ལ་བཟོད་པར་མཛོད་ཅིག་།ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས། ཁྲོ་བོ་ཏི་རིན་ཏི་རའི ་ཕྱག་རྒྱ་བཅིངས་ཏེ། ཡི་གེ་ཧཱུཾ་བཞི་བཟློས། གཞན་དུ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས། གཤེགས་སུ་གསོལ་བའི་ཕྱིར་ཡང་དག་པར་བསྐུལ་བར་བྱའོ། །ོཾ་ཀྲི་ཏྭ་བ་སརྦ་སཏྭ་ཨརྠ་སིདྡྷི་རྡྷ་ཡ་ཐཱ་ནུ་ག་།གཙྪ་དྷཝཾ་བུདྡྷ་བི་ཤྭ་ཡ་མ། ་པུ་ན་རཱ་ག་མ་ན་ཡ་དུ་མུའི། མཛའ་དང་བཅས་པའི་ཧཱུཾ་བཞི་ཟློས་ཤིང། ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་གྱེན་དུ་དགྲལ་བར་བྱའོ། །དེ་ལྟ་བུས་ནི་ཐམས་ཅད་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་སྤྲུལ་པའི་འཁོར་ལོའི་ཚོགས་འཁོར་དང་བཅས་པ་ནི་ཡིད ་ཀྱི་ལེགས་པའི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་བ་དང། རྡོ་རྗེ་སེམས་དཔའ་ཡོངས་སུ་བཟླས་ནས་རྡོ་རྗེ་བསྲུང་བ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་ཁུ་ཚུར་གྱིས་བདག་ཉིད་བསྲུང་བར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏ་པན་ན་ཏྭཱ་ཏ་ཅེས ་ཟློས་ཤིང། དཀྱིལ་འཁོར་ཕྱིས་ལ་དམན་མ་ལ་སོགས་པ་ཆུ་བོར་དོར་བར་བྱའོ་།དེ་ནས་ཧཱུཾ་བཞིས་ཕུར་བུ་བཏོན་ལ་ཨོཾ་རུ་རུ་སཕུ་རུ་ཛཝ་ལ་ཏིཥཱ་སིདྡྷ་ལོ་ཅེ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང། གཟུགས་བརྙན ་ཐམས་ཅད་བཀྲུ་བར་བྱ་ཞིང་ཁུང་བུ་ཡང་དགར་བར་བྱའོ། །དཀྱིལ་འཁོར་ཆོ་ག་བྱས་པ་ལས། །བདག་གིས་དགེ་བ་གང་བསགས་དེས། །ཀུན་དགའ་སྙིང་པོ་དྲག་པོ་མཆོག་།འཇིག་རྟེན་ཀུན་མཁྱེན་ཉིད་གྱུར་གཅིག་།དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི ་དཀྱིལ་འཁོར་གྱི་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་བཏུས་པ། སློབ་དཔོན་ཀུན་དགའ་སྙིང་པོས་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།འདིའི་གཞུང་ཚད་ནི་ཤོ་ལོ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །རྡོ་རྗེ་ཡེ་ཤེས་མངོན་འདོད ་པའི། །སེམས་ཅན་ཀུན་ལ་ཕན་ཕྱིར་དང། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རིན་ཆེན་བཟང་པོས་བསྒྱུར་བ་ཡིན།། །།དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས།། །།དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། ་