| Wylie | e-texts based on the ACIP/ALL Input |
འབྱོར་ལྔ་བསྒོམས་ལམ་ལྔ་མཐར་ཕྱིན་ནས། །ཡེ་ཤེས་ལྔ་རྫོགས་རིགས་ལྔའི་སྐུ་ཐོབ་ཤོག། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་བ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་བཞུགས་སོ།། རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་མ་ཧཱ་ཏ་?་རཱ་ཛ་ཊི ་ཀཱ་?་པོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་དག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་ལྔ་རྣམས་དང། །ལེགས་སྦྱངས་རིག་པ་བརྒྱད་པ་ནི། །ཡུམ་གྱུར་ལྷ་མོ་བཞི་པོ་དང། །སྟོབས་ཆེན་ཁྲོ་བོ་བཅུ་པོ ་དང། །སྟོང་དུ་བཞིས་མཚང་པའི་སྟོང། །བྱང་ཆུབ་སེམས་རྣམས་ཕྱག་འཚལ་ཏེ། །རྒྱུད་བཟང་སྙིང་པོ་སྦས་པ་ཡི། །བདག་གིས་འགྲེལ་པ་གསལ་བར་བྱ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདིའི་བརྗོད་བྱ་ནི་གང་ཡིན། འགྲེལ་པ་ནི་གང་ཡིན ་དགོས་པ་ནི་ཅི་ཞིག་ཡོད། དགོས་པ་ཡི་ཡང་དགོས་པ་ནི་ཅི་ཞིག་ཡོད་ཅེ་ན། དེ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི། བཅོམ་ལྡན་འདས་སྒྱུ་འཕྲུལ་དྲ་བ་སྟེ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་སྤྲུལ་པས་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས ་པ་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་རྒྱུད་ལ་ཡང་དེ་སྐད་ཅེས་བྱ་སྟེ་སྐྱེས་པའི་རབས་ལ་སོགས་པ་བཞིན་ནོ། །འདི་དག་ནི་བརྗོད་པ་དོད་བརྗོད་པར་བྱ་བའི་མཚན་ཉིད་དམ། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དང་ལྡན་པ་ནི་འབྲེལ། ་པའོ། །གདུལ་བྱ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་བཏང་བ་ལ་སོགས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པར་རྗེས་སུ་གནང་བས་མངོན་པར་འདོད་པ་བསྐྱེད་པ་ནི་དགོས་པའོ། །མངོན་པར་འདོད་པ་ཡང་དག་པར་སྐྱེས་པ ་རྣམས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ?་གྱིས་རྣམ་པ་ཐམས་ཅད་དུ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཐོབ་པ་ནི་དེའི་དགོས་པའི་ཡང་དགོས་པ་ཡིན་ནོ། །རྒྱུད་འདིར་རྒྱུད་ཀྱི་བདག་པོ་ནི་དཔལ་རྣམ་པར་སྣང་མཛད་དེའི་ཡོན་ཏན་སྟོན་པའི་གླེང ་གཞི་ཏིང་ངེ་འཛིན་གསུམ་སྟོན་པར་བྱེད་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྒྱུད་སྟོན་པའི་ཏིང་ངེ་འཛིན་སྟོན་པ་མཐར་ཐུག་པ་ཡིན་ནོ། །དེ་ནས་བརྩམས་ཏེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བའི ་མཐར་ཐུག་པ་ནི་རྒྱུད་ཡིན་ནོ། །དེ་སྡུད་པར་བྱེད་པ་ནི་ལུང་ལོ་ཅན་གྱི་ཕོ་བྲང་ན་གནས་པས་ས་བཅུའི་དབང་ཕྱུག་རྡོ་རྗེ་འཆང་གིས་རང་གི་དཀྱིལ་འཁོར་ན་གནས་པ་ཀུན་ཏུ་བཟང་པོ་ལ་སོགས་བྱང་ཆུབ་སེམས་དཔའ་ཨི་ཚོགས་རྣམས ་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱ་བ་འདིས་ནི་བདག་ཉིད་ཀྱི་ཐོས་པའི་ཤེས་པས་མངོན་དུ་གཟུང་པ་སྟེ། རྒྱུད་ཀྱི་དོན་ངེས་པར་གཟུང་བས་ན་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཉིད་དུ་སྨྲས་པ་ཡིན་ཏེ་འདི་ནི ་འདི་སྐད་ཅེས་པའོ། །བདག་གི་ཞེས་བྱ་བ་ནི་བདག་ཉིད་ཁས་ལེན་པའི་ཚིག་གིས་ན་མངོན་སུམ་དུ་ཐོས་པའོ། །ཐོས་པ་ཞེས་བྱ་བ་འདི་ནི་བདག་ཉིད་ཀྱི་ཁོང་དུ་ཆུད་པ་ནི་མེད་པའོ། །གང་གི་ཚེ་གང་ལས་གང་དུ་འཁོར་ཅི་འདྲ་བ་དང་ཅི་ཞིག་ཐོས་ཞེས ་འདྲི་བ་ལས། ཅི་རིགས་པར་ལན་འདེབས་པའི་ཕྱིར་སྨྲས་པ་ནི་དུས་གཅིག་ན་ཞེས་བྱ་བ་ནི་ལན་ཅིག་གི་དུས་ན་ཞེས་བྱ་བའི་དོན་ཏེ། དུས་གཅིག་མ་འདི་ཐོས་ཀྱི་གཞན་གྱི་ཚེ་ན་ནི་གཞན་དག་གོ་ཞེས་པ་སྟེ་འདིས་ནི་སྡུད་པར་བྱེད་པ་བདག་ཉིད་ཐོས་པ ་མང་བར་སྟོན་པ་ཡིན་ནོ། །ཡང་ན་དུམ་ཅིག་ན་ཞེས་བྱ་བ་སྐད་ཅིག་མ་གཅིག་ལ་ཞེས་བྱ་བའི་དོན་དེ་རྣམ་པར་ཐར་པའི་སྒོ་བསམ་གྱིས་ཁྱབ་ལ་ལ་དབང་ཐོབ་བས་བདག་གིས་ཐོས་པར་བྱ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྐད་ཅིག་མ་གཅིག་ལ་ཐོབ ་པ་དེ་ཡང་བརྗིད་པ་མེད་དོ་ཞེས་པ་སྟེ་འདིས་ནི་བདག་ཉིད་ཚང་མའི་སྐྱེས་བུ་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་འམ། དབང་ཕྱུག་ལ་སོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དེ་དེ ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་བཅོམ་ལྡན་འདས་གནས་གཙང་མའི་སྟེང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་བསྐོར་ཏེ་བཞུགས ་པ་དེའི་ཚེ་བཅོམ་ལྡན་འདས་ལས་གནས་དེ་ཉིད་དུ་འཁོར་དེ་རྣམས་དང་ལྷན་ཅིག་ཏུ་བདག་གིས་རྒྱུད་འདི་དུས་གཅིག་ན་ཐོས་ཤེས་པའོ། །གནས་གཙང་མའི་སྟེང་ན་ཞེས་བྱ་བ་ཞེས་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཐུགས་སུ ་ཆུད་པས་སངས་རྒྱས་བཅོམ་ལྡན་འདས་ནི་གཙང་མ་སྟེ་དེ་རྣམས་ཀྱི་བཞུགས་གནས་ཡིན་པས་གནས་སོ། །དེ་བས་ན་གནས་ཐམས་ཅད་དེ་ལས་མཆོག་ཏུ་གྱུར་པས་ན་སྟེང་ན་སྟེ་གཙོ་བོར་གྱུར་པའོ། །དེ་ཡང་ཡི་གེ་བྲུཾ?་ལས་ངེས་པར་འབྱུང་བ་རང་གི་དམ ་ཚིག་ལ་ཀུན་ཏུ་ཆགས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡོངས་སུ་གྱུར་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་མཆོད་རྟེན་ནོ། །དེ་ལ་ཁང་པ་བརྩེགས་མ་ཟུར་བཞི་ལ་སོགས་པ་དང་ལྡན་པ་ནི་དེ་ཉིད་ཀྱི་ཁྱད་པར་ཡིན་ནོ། །རིན་པོ་ཆེ་སྣ་ཚོགས་པ་ཞེས་བྱ་བ་ནི ་པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའོ། །བཀོད་པ་ནི་དེ་རྣམས་ཀྱི་ཚོགས་ཏེ་རིགས་པའི་ཁྱད་པར་དང་བཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་དེ་ཉིད་དུའོ། །འདི་ནི་རྒྱུད་ཕྱི་མ་ཡིན་པས་ངེས་པར་གསང་བ་འདུས་པ་ལས་ཤེས་པར་བྱ་སྟེ་དེ ་ལས་འདི་ཉིད་གསུངས་པ་ནི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོ་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབ་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གཞལ་ཡས་ཁང ་གི་ཁྱད་པར་འདི་ཡང་ནམ་མཁའ་ཨི་ཁམས་ཐམས་ཅད་པ་གཞན་འཕྲུལ?་དབང་བྱེད་ན་དབང་སྒྱུར་གྱི་ལྷ་རྣམས་གནས་ན་ཡོད་པ་ཡིན་པར་ཤེས་པར་བྱ་སྟེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྟོན་པར་མཛད་པ ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ཉིད་ནི་གནས་གཙང་མའི་ལྷའི་གནས་ཀྱི་སྟེང་ནི་མ་ཡིན་ནོ། །གཞན་ཡང་གཞལ་ཡས་ཁང་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི། ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་ཤིན་ཏུ་རྣམ་པར་མཛེས་པ་ཡང ་ཡིན་ཞིང་རྣམ་པར་བྱེ་བ་སྟེ་གཅིག་ལ་གཅིག་མ་འདྲེས་པ་ཡང་ཡིན་ལ། དེ་ཡང་རྡོ་རྗེའི་རང་བཞིན་གྱི་ཀ་བ་སྟེ། ཀ་བ་བརྒྱད་ཀྱི་ཚུལ་དུ་དེས་ཉེ་བར་མཛེས་པ་ནི་བརྒྱན་པ་སྟེ་དེར་ཞེས་སྔ་མ་དང་སྦྱར་རོ། །གཞལ་མེད་ཁང་ཆེན ་པོའི་མཆོག་གི་བཀོད་པ་ཞེས་བྱ་བ་ནི་ཕྱོགས་བརྒྱད་དུ་བསྐོར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་དྲིལ་བུ་སྒྲ་སྒྲགས་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པའི་སྒྲ་དང་བཅས་པར་ཡང་དག་པར་བྱུང་བ་གང་ཡིན་པ་དེ་ལ ་དེ་སྐད་ཅེས་བྱའོ། །ཡིད་ལས་བྱུང་བའི་མཆོད་པའི་ཁྱད་པར་ཆེན་པོས་ཤེས་པར་བྱ་བ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་ཏེ་དེས་བརྒྱན་པ་ནི་སྤུད་པའོ། །འཁོར་ལོ་ནི་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་དཀྱིལ་འཁོར་རོ།། ་རྡོ་རྗེ་ནི་མི་ཕྱེད་པའོ། །སྤྲས་པ་ནི་དེའི་དོན་དུ་སྤྲས་པར་བྱས་པ་དེ་རུ་སྟེ་ཉེ་བར་མཚོན་པ་འདིས་ན་དེ་བཞིན་དུ་སྒོ་དང་སྒོ་ཁྱད་དང་མཚམས་རྣམས་སུ་ཡང་རྡོ་རྗེ་ལ་སོགས་པས་སྤྲས་ཤིང་བརྒྱན་པའོ། །ཆ་བྱད་སྣ་ཚོགས་འཆད་པ་ནི་སངས་རྒྱས་ཐམས ་ཅད་ཀྱི་སྐུ་སྟོན་པས་སམ། རིགས་ལྔའི་སངས་རྒྱས་ཅོད་པན་ལ་བཀོད་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་རྣམས་ཀྱིས་བརྒྱན་པ་ཞེས་བྱ་བར་སྔ་མ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་སྟེ ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའོ། །དེའི་སྤྲུལ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་འཆང་བ་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས་པ་སྟེ་བདག་པོ་དེ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །དེས་གང་དུ་གདུལ་བྱ་རྣམས་ཀྱི་དོན་བྱ་བ ་བྱས་ཤིང་བསྐྱོད?་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་དེ་བཞིན་གཤེགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་འོག་མིན་ན་བཞུགས་པའོ། །དེའི་སྤྲུལ་པ་ནི་དེ་ལས་གཞན་པའི་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས ་པ་སྟེ་དེས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་བས་ན་གནས་ལས་གཡོ་བ་མི་མངའ་ཨོ། །ཞེས་གསུངས་པ་ཡིན་ནོ། །རྣམ་པར་སྣང་མཛད་ནི་སྐུ་རྡོ་རྗེའོ། །དེའི་སྙིང་པོ་ནི་སྐྱེ་གནས་སོ། །ཡང་དག་པར་བྱུང་བ་ནི་སྐྱེ་གནས། །ཡང་དག་པར་བྱུང་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐུགS ་སུ་ཆུད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྣ་ཚོགས་པ་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ནི་མི་བསྐྱོད་པའི་རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །འོད་དཔག་མེད་ཚེ་དཔག་མེད་པའོ། །དེ་ཡང་འདིར་སྤྱོད་པས་བསྐྱོད་ནས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྤྱོད ་པ་སྤྱད་པ་དེ་སྨོན་ལམ་གྱི་གྲོགས་དང་བཅས་པས་བསྐྱོད་པ་ནི་གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ཟག་པ་མེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ་འོག་མིན་ཞེས་བྱ་བའི་གཞལ་ཡས་ཁང་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཉིད་ཀྱི་བཞུགས་གནས ་ཡིན་པ་ལས་གཞན་དུ་བཞུགས་པ་ནི་གདུལ་བྱའི་འགྲོ་བ་རྣམས་ཀྱི་ངོར་མཛད་པ་ཡིན་ནོ་ཞེས་བྱའོ། །སྒོ་བཞིའི་གོ་སྐབས་ལས་བྱུང་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞིའོ། །དེ་ཉིད་འཇུག་པར་དཀའ་པས ་ནི་གོ་སྐབས་དང་འདྲངས་ན་གོ་སྐབས་ཏེ་དེའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱང་གདོང་བཞི་པ་ལྟོ་བ་འཕྱང་བ་ཕྱག་རྒྱ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཡང་གཡས་ན་འཁོར་ལོ་བསྣམས་པ། གཡོན་དྲིལ་བུ་ད་ཀུར་བསྟན་པས་འཛིན་པ ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་ལས་བྱུང་བ་དེ་ལས་འཐོན་པ་སྟེ་དེའི་གཟུགས་སུ་ཡོངས་སུ་གྱུར་པས་དེ་ཡང་སྒོ་བཞི་གོ་སྐབས་ནི་བྱུང་བ་ཡིན་པས་ན་དེ་སྐད་ཅེས་བཤད་དེ་ཁང་པ་བརྩེགས་པ་དེར་ཞེས་དེ་བཞིན་དུ་སྦྱར་བར་བྱའོ།། ་བཅོམ་ལྡན་འདས་དེའི་ཕྱག་རྒྱ་ཁྱད་པར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་ནི་བྱམས་པ་ལ་སོགས་པའི་ཚོགས་སོ། །རིགས་པའི་ལྷ་མོ ་རྣམས་ནི་སྤྱན་ལ་སོགས་པ་སྟེ་དེ་རྣམས་ཀྱིས་བརྒྱན་པ་ནི་འཁོར་དུ་གྱུར་པ་ཉིད་གནས་པས་སོ། །ཁྲོ་བོའི་རྒྱལ་པོ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ་ཁྲོ་བོ་དེའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱང་ཡོད་པར་ཤེས་པར་བྱའོ།། ་བྲན་པོ་ནི་གཞན་གྱི་མི་ཐུབ་པ་ལ་སོགས་པའི་ཁྲོ་པོའོ། །བྲན་མོ་ནི་དེའི་དམ་ཚིག་གི་ཕྱག་རྒྱའོ། །ཕོ་ཉ་ནི་རྟ་མགྲིན་ལ་སོགས་པའི་ཁྲོ་བོ་ཕོ་ཉ་མོ་ནི་དེ་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་བརྙན་ནི་བདུད་རྩི་འཁྱིལ་བ་ལ་སོགས་པའི་ཁྲོའོ། །ཕྱག་བརྙན ་མ་ནི་དེའི་དམ་ཚིག་གི་ཕྱག་རྒྱའོ། །བསྐོར་བ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་བྱས་པའོ། །མདུན་གྱི་བལྟས་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་འདིའི་སྤྱན་སྔར་བཏུང་བ་བྱས་པ་སྟེ། དེ་ལ་མངོན་དུ་ཕྱོགས་པས་གནས་པའོ། །འདིས་ནི་འཇིག་རྟེན་ལས ་འདས་པའི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །བདེ་བའི་ཏིང་ངེ་འཛིན་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏེ་ངེས་དེའི་རང་བཞིན་དུ་བྱས་པ་ནི་གང་གིས་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ཉིད་དུ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ ་སྟེ། དེ་ཉིད་ཀྱིས་ན་ཡེ་ཤེས་དེ་ལ་དམིགས་པ་ཡིན་ཏེ་རྣམ་པ་ཐམས་ཅད་དུ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཐོབ་པའོ། །དེས་ན་མ་བྲལ་བ་སྟེ་རྟག་ཏུ་ཡང་དག་པར་ལྡན་པའོ། །ཐུགས་རྗེ་ཆེན་པོ་ནི་དམིགས་པ་མེད་པའོ། །སེམས་ཅན་རྣམས་ལ་མཉེས ་གཤིན་པ་ནི་བྱམས་པའི་སྤྱོད་པས་དེ་རྣམས་ཀྱི་དོན་མཛད་པར་དགོངས་པ་བསྒྲུབ་པའོ། །དེ་ཡང་འདི་ནི་ཐུགས་རྗེ་ཆེན་པོས་མཉེས་གཤིན་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ནི་སེམས་ཅན་བསྒྲལ་བ་ལ་མངོན་པར་བརྩོན་པར་མཛད་པར་ཞེས ་བྱ་བ་སྟེ་བདག་ལ་སོགས་པར་མངོན་པར་ཞེན་པར་ལྷུང་བའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར། ཆོས་བདག་མེད་པ་ལ་སོགས་པ་སྟོན་པར་མཛད་པ་ལ་མངོན་པར་བརྩོན་ཞིང་རབ་ཏུ་འབད་པའི་ཁྱད་པར་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད ་ཅེས་བྱའོ། །ལྷ་དང་ཀླུ་དང་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་པའི་འཁོར་ཕུན་སུམ་ཚོགས་པ་སྟོན་པ་ཡིན་ཏེ། ལྷ་ལ་སོགས་པ་བརྒྱད་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རང་གི་སྙིང་པོས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རང་གི་ཕྱོགས་སུ་བསམ་པར་བྱའོ་ཞེས་བྱ་བ་ནི ་མན་ངག་གོ། བཞུགས་སོ་ཞེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པ་རྣམས་ཀྱིས་གདུལ་བྱ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པར་མཛད་ནས་བཞུགས་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའ་ལ་གཟིགས ་པ་མཛད་ནས་འཛུམ་པ་མཛད་པར་གྱུར་པའོ། །དེ་ལ་གཟིགས་པར་མཛད་པ་ནི་ཕྱག་ན་རྡོ་རྗེ་ནི་སྲས་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ། །སློབ་དཔོན་དང་སློབ་མའི་ཡུལ་ལ་ཡང་འདྲི་བའི་རིམ་པ་འདི་ཉིད་ཡིན་པའི་ཕྱིར་འདིར་འཛུམ་པར་མཛད་པ་ནི་དགོངས་པ་དང ་བཅས་པ་དེ་གཟིགས་པ་ནི་དེའི་རང་བཞིན་ཤེས་པར་བྱ་བའི་ཕྱིར་རོ། །དེས་ནི་ཞེས་བྱ་བ་ནི་གང་གིས་ན། བཅོམ་ལྡན་འདས་བཞད་པར་མཛད་པ་དང་གཟིགས་པར་མཛད་པའི་རྒྱུ་དེས་ནི་ངོ་མཚར་གྱི་ཆོས་སུ་གྱུར་པ་མཛད་སྙམ་དུ་ཤེས་ནས་བཅོམ་ལྡན་འདས ་ངོ་མཚར་དུ་གྱུར་ལགས་ཏེ་རྨད་དུ་བྱུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེའི་སླད་དུ་དེ་བཀའ་སྩལ་དུ་གསོལ་ཞེས་བྱ་བ་སྟེ་རྣམ་པ་གང་གིས་སེམས་ཅན་རྣམས་ལ་ཕན་པ་དང་རྗེས་སུ་མཐུན་པས་བཞད་པར་གང་སྟོན་པར་མཛད་པ་དེ་བཞིན་དུ་དེ་ཉིད ་ཀྱི་རྣམ་པས་དེའི་དགོངས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ་ཞེས་བྱའོ། །སེང་གེ་ཆེན་པོའི་སྒྲའི་སྒྲ་བསྒྲགས་པས་ཤེས་པ་ནི་སེང་གེ་ཆེན་པོའི་སྒྲ་ཉིད་ཀྱིས་སྒྲ་སྒྲོགས་ཤིང་སྐད་འབྱིན་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས ་བྱ་སྟེ། དེ་ལྟ་བུའི་འཇིགས་པ་མེད་ཅིང་ཐོགས་པ་མེད་པའི་གསུང་དེས་ཞེས་བྱ་བའི་བར་གྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ནས་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་ཉེ་བར་མཚོན་པའི་ཚིག་གི་འོག་མ་དང ་སྦྱར་རོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ནི་ཁྱད་པར་དུ་གྱུར་པ་སྟེ་དེ་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །རྣམ་པར་བསྒྱིངས་པའི་རྣམ་པར་རོལ་པ་སྟེ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་སྟོབས་ཀྱིས ་གང་དུ་དཀྱིལ་འཁོར་སྤྲུལ་པ་ལ་སོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་འདི་སྒྱུ་འཕྲུལ་དྲ་བ་ཞེས་ཀྱང་འདི་ཉིད་ལ་བྱའོ། །རྒྱུད་ཐམས་ཅད་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་རྣམས་སོ། །དེའི་ཕྱི་མ་ནི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ལ ་སོགས་པའི་རྒྱུད་དོ། །དེ་ལས་ཀྱང་རྒྱུད་ཀྱི་རྒྱལ་པོ་འདི་ཕྱི་མ་ཡིན་པས་དེ་སྐད་ཅེས་བྱའོ། །ཐབས་བདེ་ཞེས་བྱ་བ་ནི་འདི་ལས་ཤེས་རབ་དང་ཐབས་བདེ་བ་ཉིད་ཀྱི་ཐབས་ཀྱིས་མངོན་པར་འདོད་པའི་དོན་མྱུར་དུ་ཐོབ་པ་ཉིད་སྟོན་པས་སོ། །དེ་བས་ན་འདི་ཉིད་ནི ་སྒྲུབ་པའོ། །རྡོ་རྗེ་ཡེ་ཤེས་རོལ་པས་ཞེས་བྱ་བ་ལ་སོགས་པ་ལ་རོལ་པ་ཞེས་བྱ་བ་ནི་སྒེག་པའི་གཟུགས་སོ། །དེས་རོལ་ཅིང་མཉེས་པར་བྱེད་པ་སྟེ་དེ་ཉིད་ཀྱི་ཐབས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཁོ་ན་ཉིད་ཐམས་ཅད་ནི་འོག་ནས་བཤད ་པའི་དེ་ཁོ་ན་ཉིད་བཅུ་སྟེ་དེ་རྣམས་ཀྱི་འབྱུང་གནས་ཡིན་པས་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་འབྱུང་གནས་སོ། །ཅི་ཞིག་མཛད་ནས་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་ཅེ་ན། སྟང་སྟབས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྟང་སྟབས་ནི་ཡན་ལག་གི་རྣམ་ ་པར་འགྱུར་བ་ཚམ་དམ་ལ་སོགས་པར་རྣམ་པར་བཞག་པའི་མཚན་ཉིད་ཅན་ཏེ་དེས་བདུད་བཞི་ལས་རྣམ་པར་རྒྱལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐབས་དང་ཤེས་རབ་དག་ནི་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་བསྐྱེད་པ་སྟེ ་དེའི་བདག་ཉིད་ཀྱི་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་འདིར་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་དེ་སྐད་ཅེས་བཤད་དེ་དེས་བསྒྲལ་བ་ནི་ངན་སོང་གསུམ་ལ་སོགས་པར་ལྷུང་བའི་འགྲོ་བ ་རྣམས་ཀྱི་དོན་མཛད་པ་སྟེ་དེའི་དོན་དུ་རོལ་པས་བཤད་པ་རང་བཞིན་གང་ཡིན་པའོ། །དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་རོལ་པ་ཏིང་ངེ་འཛིན་གང་གིས་ཡིད་ལ་བྱེད་པའི་དོན་འདི་ཉིད་ཀྱི་རྗེས་སུ་འགྲོ་བའི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས ་པར་ཞུགས་པ་ནི་ཐུགས་ལ་མངོན་པར་མཛད་པ་སྟེ། སྒྱུ་འཕྲུལ་དྲ་བའི་རྒྱུད་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དམ་ཚིག་དང་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ཀྱི་བསྡུས་པའི་དོན ་གསུངས་པ་ཡིན་ནོ། །དེ་དག་ཉིད་སྟོན་པའི་རྒྱུད་པས་བཤད་པར་བྱས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་འདི་སྐད་དུ་བཤད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་དེའི་དཀྱིལ་འཁོར་ལ་སོགས་པ་བཤད་པར ་བྱའོ་ཞེས་པའོ། །དེ་བས་ན་ཏིང་ངེ་འཛིན་མཆོག་དེ་ལ་སྙོམས་པར་ཞུགས་ལ་ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་བཞག་པར་གྱིས་ལ་རྒྱུད་ཀྱི་རྒྱལ་པོ་ཉོན་ཅིག་ཅེས་དེ་སྐད་དུ་གསུངས་སོ་ཞེས་ཉེ་བར་སྦྱང་ཏེ་ཐམས་ཅད་དུ་ཡང་དམ་པའི་ཆོས་ཉན་པའི་ཚུལ་འདི ་ཉིད་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ་ཇི་ལྟར་འོག་མིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་སོགས་པས་ཡོངས་སུ་བསྐོར་ཏེ་ཇི་སྐད་དུ་བཤད་པའི་གནས་སྐབས་སུ་བབས་པ་འདི་ནི་དང་པོའི་སྦྱོར་བ་ཞེས་བྱ་བ་སྟེ་ཏིང་ངེ་འཛིན་དང ་པོའོ། །ཡེ་ཤེས་ཀྱི་ལྷའི་འཁོར་གྱིས་བསྐོར་བ་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །ལས་ཀྱི་མཆོག་ཅེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པའོ། །རྣམ་པར་སྨིན་པ་ལས་བྱུང་བའི་བྱམས་པ་ལ་སོགས་པ་བསྟན་ན་ནི་རྒྱུད ་གཞན་དག་དང་རྗེས་སུ་མཐུན་པར་ཤེས་པར་བྱའོ། །དེ་ལྟར་འཇུག་པས་གཟུགས་ལ་སོགས་པ་མེད་པ་ལ་སྤྱོད་པ་རྣམས་ཀྱི་དོན་མཛད་ནས་ཇི་སྐད་དུ་གསུངས་པའི་གནས་སུ་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དེར་མངོན་སུམ་དུ་འཇུག་པ་ལ་སོགས་པ་སྐལ་པ ་དང་ལྡན་པའི་འདོད་པ་ལ་སྤྱོད་པ་རྣམས་ཀྱང་འཇུག་པ་ལ་སོགས་པར་བྱ་བའི་ཕྱིར་བསྐྱེད་ཅིང་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བའི་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་རྒྱུད་གསུངས་པ་ཡིན་ནོ ་ཞེས་བྱ་བའི་ནི་སྤྱིའི་དོན་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་གླེང་སློང་བར་བྱེད་པ་རྒྱུད་ཀྱི་སྡུད་པ་པོས་རང་བཟོ་སྤང་བར་བྱ་བའི་ཕྱིར་བཤད་པ་ཡིན་ལ་གདུལ་བྱ་རྣམས་ཀྱིས་ཀྱང་རྟག་ཏུ་གུས་པས་མཉན་པ་དང་བསམ་པ་ལ་སོགས་པ་བྱའོ་ཞེས་བསྟན་པ ་ཡིན་ནོ། །དེ་ལ་རེ་ཞིག་ཅེས་བྱ་བ་ནི་དེའི་འོག་ཏུ་སློབ་དཔོན་དང་ལྡན་ན་འགྲུབ་པར་འགྱུར་གྱི་དེ་དང་བྲལ་བས་བསྒྲུབས་པ་ནི་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་པའོ། །དང་པོར་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡོན་ཏན་བཤད་པ་བརྗོད་དགོས་ཏེ། འདི་ལྟར་དཀྱིལ ་འཁོར་ལ་སོགས་པ་ལ་གང་ཡོན་ཏན་དང་ལྡན་པའི་སློབ་དཔོན་ལ་བསྙེན་བཀུར་བྱས་ནས་དཀྱིལ་འཁོར་བྲིས་ཏེ་གསང་སྔགས་ཡོངས་སུ་གཟུང་བར་བྱས་ནས། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་མན་ངག་ལ་སོགས་པ་ཡང་མནོས་ཏེ། སྒྲུབ་པ་པོས་དངོས ་གྲུབ་བསྒྲུབ་པར་བྱ་བ་ཡིན་པས་ན་ཚུལ་འདིས་ནི་ལེའུ་ཡི་གོ་རིམ་ཀྱང་བསྟན་ཏོ། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོས་པ་སྟེ། ངེས་གསོལ་བ་བཏབ་པའི་ཕྱིར་རོ། །བརྟན་ཞིང་བྱ་བ་ནི་ལུས་བསྡམས?་པའོ། །དུལ་བ ་ཞེས་བྱ་བ་ནི་དག་བསྡམས་པའོ། །བློ་གྲོས་ལྡན་ཞེས་བྱ་བ་ལ་སོགས་པ་ནི་ཡིད་བསྡམས་པའོ། །།གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས་ཞེས་བྱ་བ་ནི་སྔགས་དང་སྨན་ངག་གིས་བགེགས་བྱུང ་བ?་བཟློག་པར་ནུས་པའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་དེ་ཁོ་ན་ཉིད་བཅུ་ཤེས་པའོ། །ཐེག་པ་ཆེ་ལ་རྟག་དགའ་བ་ཞེས་བྱ་བ་ནི། ཐེག་པ་ཞེས་བྱ་བའི་སྒྲ་ནི་རིགས་པའི་ཚུལ་གྱིས་བསྒྲུབ་པ་སྟེ། བྱང་ཆུབ་སེམས ་དཔའ་ཨི་ལན་འབྲས་བུ་དང་བཅས་པ་ནི་ཐེག་པ་ཆེན་པོའོ། །དེ་ལ་དགའ་བ་ནི་མངོན་པར་ཞུགས་པའོ། །ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་ལམ་གྱིས་འགྲོ་བ་སྟེ་ཐབས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་མི་ཤེས་དང ་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་གྱི་མཚན་ཉིད་ཡང་དག་པར་མི་ཤེས་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། གསང་བ་དེ་ཉིད་བསྡུས་པའི་ཞེས་བྱ་བ་གསུངས་ཏེ། དོན་གྱི་སྒྲར་ནི་གསང་བ་ཤེས་པར་བྱ་སྟེ་དེ་རྣམས་གང་དུ་བསྡུས་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྟན་བཅོས ་རྣམས་ལ་སྨོས་པ་མིན་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་གྱི་མཚན་ཉིད་རྣམ་པར་འཚེ་བའོ། །གོང་དུ་བསྟན་པའི་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་ཉིད་ལ་སོགས་པ་དང་ལྡན་པའི་མཚན་ཉིད?་ལྡན་པའི་སློབ་དཔོན་སྒྲུབ་པ་པོས་གཟུང་ཞིང་མཉེས་པར་བྱ་བ་འོས་པ་ཡིན་ནོ། །བླ་མ ་སངས་རྒྱས་ཀུན་དང་མཉམ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ལ་ནན་ཏན་དུ་བྱ་བ་གསུངས་ཏོ། དེ་བཞིན་གཤེགས་པ་ལ་སོགས་པ་ལ་རིགས་རྣམ་པ་ལྔ་ལ་ཡང་རང་གི་རིགས་ཀྱི་བདག་པོ་བཞིན་དུ་བལྟ་བར་བྱའོ་ཞེས་པ་སྟེ་སངས་རྒྱས ་ཀུན་དང་མཉམ་ཞེས་བྱ་བ་ལ་སོགས་པ་ཚིག?་རྐང་པ་ལྔ་ནི་བཤད་པའོ། །སྐྱོན་རྣམས་ཀྱིས་ནི་དངོས་ཉམས་ཞེས་བྱ་བ་ནི་གང་གི་ཕྱིར་སྐྱོན་གཟུང་བ་ནི་དངོས་གྲུབ་ཉམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་དུ་ཞེས་བྱ་བ་ལ་སོགས་པ་འདི ་ནི་སློབ་དཔོན་ལ་སྨོས་པ་ཤིན་ཏུ་ཡང་ཁ་ན་མཱ?་ཐོ་བ་ཆེ་བར་བསྟན་ཏེ་དམ་པའི་བདག་ཉིད་ནི་བརྙས་པར་བྱེད་པ་དང། གདུག་པའི་བསམ་པ་ཅན་དག་གོ་།དད་པས་ཞེས་བྱ་བ་ནི་གུས་པ་དང་ལྡན་པ་རྣམས་ཀྱིས་སོ། །སྔགས་ཀྱི་ཚུལ་སློབ་དཔོན་དང ་སློབ་མའི་འབྲེལ་པས་འཇུག་པས་ནི་འཇུག་པ་སྟེ་སྟོན་པའི་གཞུང་གི་ལེའུ་ཡང་འཇུག་པའི་རིམ་པས་ཕྱེ་བའི་སྒར་བརྗོད་དོ།། །།ལེའུ་དང་པོའི་འགྲེལ་པའོ།། །།སློབ་མ་དང་སློབ་དཔོན་འབྲེལ་པར་གྱུར ་ན་ནི་དཀྱིལ་འཁོར་དུ་འཇུག་པར་བྱ་དགོས་ཏེ་དེ་བས་ན་དེ་ནས་ཞེས་བྱ་བ་ལ་སོགས་པ་གཉིས་པ་དཀྱིལ་འཁོར་གྱིས་ལེའུ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་སྟེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་ལ་བཀའ་སྩལ་པ་ཞེས ་བྱ་བར་སྦྱོར་རོ་ཅི་ཞིག་མཛད་ནས་ཤེས་ན་སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྒྱུ་འཕྲུལ་ཆེན་པོའི་ཡེ་ཤེས་ནི་ལྷ་རྣམས་སྤྲུལ་པའི་ཡེ་ཤེས་སོ། །དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་འཕྲུལ་པའོ། །གསང་བ་ནི་དམ་ཚིག་གི ་ཕྱག་རྒྱའི་ཚུལ་ཏེ་དེ་དང་ལྷན་ཅིག་བྱིན་གྱིས་བརླབས་ཤིང་བསྐྱེད་པའི་དཀྱིལ་འཁོར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ་བྷ་ག་ལ་ནི་ལིངྒ་གཞག། ཡང་དང་ཡང་དུ་སྔགས་བཟླས་ཤིང། །དཀྱིལ་འཁོར་དཀྱིལ་འཁོར་འདྲ་པར་ནི། ་རྣལ་འབྱོར་པ་ཡིས་རྟག་ཏུ་སྤྲོ་ཞེས་གསུངས་པས་སོ། །དེ་ཁོ་ན་ཉིད་ཀྱི་གསང་བ་སྟེ་བྱིན་གྱིས་བརླབས་པས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་མཆོག་གི་རྡོ་རྗེ་སྟེ་ཡེ་ཤེས་དམ་པའི་གཟུགས་ཅན་ནོ། །དེ་ལ་དམིགས་པས་ན་མིང་དེ་སྐད་ཅེས་བྱ་བའི་ཏིང ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། བཅོམ་ལྡན་འདས་དཀྱིལ་འཁོར་འདྲི་བ་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །འདིས་ནི་མཚན་མ་ཐོབ་ནས་དཀྱིལ་འཁོར་བྲི་བར ་བྱའོ། །ཞེས་སྟོན་པ་ཡིན་ནོ། །གོང་མ་ཡི་ཡང་གོང་མ་ཞེས་བྱ་བ་ནི་མཆོག་ཏུ་གཙོ་བོར་གྱུར་པའོ། །ཡེ་ཤེས་ཆེན་པོའི་སྙིང་པོ་འབར་བ་རྡོ་རྗེའི་སྙིང་པོའི་འབྱུང་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་འབར་བས་སྙིང་པོར་བྱས་པ་དེ ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ཉིད་ནི་བགེགས་མེད་པའི་ཕྱིར་རྡོ་རྗེའི་སྙིང་པོ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ། སངས་རྒྱས་ཉིད་ཀྱི་གྲངས་སུ་འགྲོ་བར་འགྱུར་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས ་ཉིད་དུ་རྒྱུ་འདི་ཉིད་ཀྱིས་གྲངས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ་རིགས་དེས་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་དེ་སྐད་དུ། ས་རྣམས་ཐོབ་ཀྱང་རྒྱལ་བའི་གཞི། །ཡིད་རྟོན་པར་ནི་འགྱུར་མིན་ཏེ། །ཇི་སྲིད་ས་བརྒྱད་ལ་གནས་པར། །ཐེག་དམན ་འཇིགས་བ་དེ་ལ་ཡོད། །གསང་བའི་འཁོར་ལོ་ཆེན་པོ་འདིར། །རྒྱལ་བའི་སྲས་པོ་རབ་གནས་ན། །ཐེག་པ་ཆེན་པོ་ལ་གཞལ་བས། །ཡིད་རྟོན་པར་ནི་འགྱུར་བ་ཡིན་ཞེས་གསུངས་པ་ཡིན་ནོ། །ལྷ་ཉིད་ཀྱི་སྟང་སྟབས་སུ་འདུག་ལ་ཞེས་བྱ་བ་ལ་ལྷ་རྣམས་ཀྱི་སྟང་སྟངས ་སུ་ཡན?་ལག་རྣམ་པར་བཞག་ལ་རྣལ་འབྱོར་ཆེན་པོས་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་འགྲོས་ཀྱིས་ཡོངས་སུ་བསྐོར་བར་བྱའོ་ཞེས་བྱ་བ་ནི་རྐང་པའི་འོག་ཏུ་ཨ་བཀོད་པ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་ཚུལ་དུ་བྱེད ་ཅིང་ཡོངས་སུ་བསྐོར་བར་བྱའོ། །ཁྲོ་བོའི་ང་རྒྱལ་ཧཱུཾ་སྒྲོགས་ཤིང་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ནས་ཡི་གེ་ཧཱུཾ་བརྗོད་པ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །རྫོགས་པའི་བྱང་ཆུབ་རྫོགས་པར་བྱང་བ་དང་ཞེས་བྱ་བ་ནི་རྙེད་པ་དོན་དུ ་གཉེར་བས་དཀྱིལ་འཁོར་འདྲི་བ་བཀག་པའོ། །དངེས?་ཤིག་ཅེས་བྱ་བ་ནི་སོང་ཞིག་པའོ། །གཡས་པ་བརྐྱང་བ་དང་ཞེས་བྱ་བ་ལ་སོགས་པ་ལ་གང་ཡང་གཤོལ་དབྱིབས་ལྟ་བུར་ནི། །གཡས་ཀྱི་བརླ་དང་པུས་མོ་བསང། །གཡོན་པའི་བྱིན་པ ་བརླར?་སྦྱར?་ཏེ། །ཐད་ཀར་འཇོག་པར་བྱེད་པ་དག། རྒྱ་རུ་མཐོ་ལྔར་བྱས་པ་ནི་།གཡས་བརྐྱང་བར་ནི་རབ་ཏུ་གྲགས། །དེ་ཉིད་ཁོ་ན་བཟློག་པ་ནི། །གཡོན་བརྐྱང་བར་ནི་ཤེས་པར་བྱ། །རྐང་པའི་སོར་མོ་ཕྱིར་བསྟན་ཅིང། །པུས་མོའི་ལྷ་ང་གཉིས ་བརྐྱང་པ། །རྒྱར་ནི་ཉི་ཤུ་རྩ་དྲུག་སོར། །ས་གའི་འདུག་སྟངས་ཡིན་བར་བརྗོད། །གང་དུ་པུས་མོ་གཉིས་འཇོག་པའི། །ནང་དུ་ལག་གཉིས་བཅུག་ནས་ནི། །ངང་པོའི་གཤོག་པ་ལྟར་བྱས་ལ། །ཟླུམ་པོའི་འདུག་སྟངས་ཡིན་པར་གྲགས། །?་? ་དང་ནི་རྟིང་པ་དག། ཤིན་ཏུ་སྦྱར་བས་གཅེར་བ་དག་།བརྟན་པ་མཐུན་པའི་རྐང་ཐབས་སུ། །དེ་ཉིད་ཤེས་པ་རྣམས་ཀྱིས་བཤད། །རུས་སྤལ་གྱི་རྐང་ཐབས་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེའུ་ཆུང་གཉིས་ལྕགས་སྒྲོག་གི་རྣམ་པ་ལྟར་བཅིངས ་ཏེ་མཛུབ་མོ་གཉིས་རྩེར་སྦྱར་ནས་བཟློག་སྟེ་ཁའི་མདུན་དུ་བཞག་ལ་རྐང་པ་གཉིས་རུས་སྤལ་གྱི་ཚུལ་དུ་ས་ལ་འཇོག་པའོ། །ལ་ལ་དག་ནི་རུས་སྦལ་གྱི་རྐང་སྟབས་ནས་འོག་ནས་བཤད་པ་ལྟ་བུའོ་ཞེས་ཟེར་རོ། །རྡོ་རྗེ་བརྡེག་པ་ནི་གཡས་བརྐྱང་བ ་འམ་གཡོན་བརྐྱང་བ་དག་གང་ཡང་རུང་བས་གནས་ལ་རྡོ་རྗེ་བརྡེག་པ་ནས་བསམ་གཏན་གྱི་ཚུལ་གྱི་མཐར་ཐུག་པའི་བར་བཅིང་བར་བྱའོ། །ལ་ལ་དག་ནི་གཡོན་དཀུར་བསྟེན་ལ་གཡས་ཀྱིས་སྙིང་གར་རྡོ་རྗེ་གཏོད་དེ་འཇོག་པ་ནི་རྡོ་རྗེ་བརྡེག་པའོ ་ཞེས་ཟེར་རོ། །རྡོ་རྗེའི་འཇུ་ཚུལ་ནི་སྙིང་གའི་མདུན་དུ་འགྱིང་བ་དང་བཅས་པས་རྡོ་རྗེ་ཀུན་ཏུ་བསྐོར་བའོ། །རྐང་པ་ཡ་གཅིག་གིས་སྟང་སྟབས་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་རྐང་པ་གཡས་པ་བཏེག་སྟེ། བརླ་གཡོན་པ་ལ ་གཞག་ནས་རྐང་པ་གཅིག་གིས་ཡོངས་སུ་བསྐོར་བའོ། །དཔུང་བའི་འཕུར་སྟབས་ན་ལག་པ་གཉིས་ཀྱིས་གར་བྱས་ནས་པདྨའི་ཐལ་མོ་བཅིངས་ལ་སོར་མོ་ཐམས་ཅད་མཐེ་བོ་ནས་རིམ་བཞིན་དཀྲོལ་བས་ཕྱོགས་ཐམས་ཅད་དུ་རྡོ་རྗེ་ཐལ ་མོས་བྱས་པས་ཡོངས་སུ་བསྐོར་བའོ། །ལ་ལ་དག་ནི་ལག་པ་གཡས་དང་གཡོན་གཉིས་ཀྱིས་རང་རང་གི་རྐང་པའི་མཐེ་བོ་བཟུང་བ་སྔོན་དུ་འགྲོ་བས་རིམ་བཞིན་དུ་ལུས་གཡས་པ་དང་གཡོན་ཀུན་ཏུ་བསྐོར་བའོ་ཞེས་ཟེར་རོ། །སེང་གེ་སྟང ་སྟབས་ནི་རང་གི་ཁ་འོག་ཏུ་བལྟས་ཏེ་གདངས་ལ་ལག་པ་གཡོན་པའི་མཁྲིག་མའི་སྟེང་དུ་ལག་པ་གཡས་པ་དེ་བཞིན་དུ་སྦྱར་བའོ། །སེང་གེ་གླལ་བ་ནི་ཐམས་ཅད་མ་ལུས་པར་ལྟ་བ་སྔོན་དུ་འགྲོ་བ་ལས་དེ་ཉིད་ལྕེ་འགུལ་བ་དང་བཅས་པའོ། ་རྡོ་རྗེ་སྒྲོག་ནི་རང་གི་སྙིང་གར་རྡོ་རྗེ་བཅིང་བ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བསྡམས་ལ། །མཛུབ་མོ་བཀུག་སྟེ་བཅིངས་ནས་སུ། །བསྐོར་བའི་ཚུལ་དུ་བྱས་པ་ནི། །ལྷ་རྣམས་དགུག་པའི་དམ་པའི་ཞེས་བཤད་པའོ། །རྡོ་རྗེ་གསོར་བ་ནི་རྡོ་རྗེ་གསོང་བའི་ཕྱག་རྒྱ་བཅིངས་ནས ་རྡོ་རྗེ་གསོར་བ་སྟེ། ལག་པ་རྡོ་རྗེའི་འོག་ཏུ་བསྐོར་ལ་སྟེང་དུ་སྒེག་པ་དང་བཅས་པར་གསོར་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་སྟང་སྟབས་ནི་འོག་ནས་བཤད་པའི་རྡོ་རྗེ་རྩ་ལྔ་པ་འཕེན་པའོ། །ལ་ལན་རེ་གཡོན་པ་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་བསྒྲེང་བ་སྡིགས ་མཛུབ་དུ་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བཟུང་ལ་བསྣུན་པའི་ཚུལ་བྱས་པ་ཡིན་པར་འདོད་དོ། །རྡོ་རྗེ་གར་ནི་རྡོ་རྗེའི་ཁུ་ཚུར་གཉིས་ཀྱིས་ཇི་ལྟ་བ་བཞིན་དུ་མང་དུ་བར་བྱེད་པའོ། །རྡོ་རྗེ་འཇིགས་སུ་རུང་བའི་ནི་འོག་ནས་བཤད་པའི ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་ཁ་གདངས་ལ་སྲིན་ལག་སྦྱར་ནས་མཁུར་བ་མིག་གི་ཚུལ་གྱིས་འཇིགས་པ་བསྐྱེད་པ་ལྟར་བྱེད་པའོ། །རྡོ་རྗེ་རོ་ལངས་མ་ནི་འོག་ནས་བཤད་པའི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་བཅིངས་ལ་རོ་ཟ་བའི་ཚུ་མོ?། །རྡོ ་རྗེ་ཐོ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་ཕུང་བུ་གཟུང་སྟེ་བགེགས་གྱི་སྟེང་དུ་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་རྡོ་རྗེ་ཐོ་བ་བཟུང་སྟེ་བཟུང་བའོ། །སྒོ་བཞི་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་དང་བྱང་ཆུབ་མཆོག་གི་ཕྱག་རྒྱར་ལྡན་པས་ཡོངས ་སུ་བསྐོར་ཞིང་ཤར་ལ་སོགས་ཕྱོགས་གཞིར?་ས་གནོན་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞི་བསྒོམ་པའོ། །རྡོ་རྗེའི་གདུ་བུ་ནི་འོག་ནས་བཤད་པའི་བདུད་རྩིའི་ཐབ་སྦྱོར་གྱི་ཕྱག་རྒྱས་བགེགས ་གསོད་པའི་ཚུལ་དུ་བྱེད་པའོ། །བུད་མེད་ཀྱི་སྒྱུ་འཕྲུལ་གྱི་སྟང་སྟབས་ནི་གར་སྔོན་དུ་འགྲོ་བས་རྡོ་རྗེ་སྒེག་མོའི་ཕྱག་རྒྱ་བཅིངས་ལ་མགོ་བོ་གཡོན་དུ་ཅུང་ཟད་འདུད་པར་བྱས་པའོ། །རྡོ་རྗེ་དྲལ་བ་ནི་ལག་པ་གཡོན་པ་ན་གནས་པའི་ཁྲོ་བཱི?་རྡོ་རྗེའི་ནང་ན་འདུག་པ ་ཐམས་ཅད་བསམས་ལ་ལག་པ་གཡས་པར་གནས་པའི་ཁྲོ་བོའི་རྡོ་རྗེས་བསྣུན་པའོ། །རྡོ་རྗེ་སྟོབས་པོ་ཆེའི་བརྡེག་པ་ནི་འོག་ནས་བཤད་པའི་སྟོབས་པོ་ཆེའི་བརྡེག་པས་གདུག་པ་རྣམས་སྐྲག་པར་བྱེད་པའོ། །རྡོ་རྗེ་མཆེ་བ་ནི ་འོག་ནས་བཤད་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་ལྡན་པའི་ཇི་ལྟ་བ་བཞིན་དུ་གདུག་པ་ཐམས་ཅད་ཟ་བའོ། །རྡོ་རྗེའི་གད་མོ་ནི་ཧ་ཧ་ཞེས་རྒོད་པའི་ཚུལ་གྱི་ཡི་གེ་ཧ་བཞི་བརྗོད་པའི་རྗེས་ཐོགས་ལ་སྟང་སྟབས་བྱེད་པའོ། །རྡོ་རྗེའི་སྒྲ་ནི་གཡོན ་པའི་ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོ་སྙིང་གར་བསྒྲེང་ལ་གཡས་པའི་ཁུ་ཚུར་གྱིས་གཡས་པའི་རྣ་དྲུང་དུ་དྲིལ་བུ་འཁྲོལ་བའོ། །རལ་གྲིའི་སྟབས་ནི་འོག་ནས་བཤད་པའི་མི་གཡོ་བའི་ཕྱག་རྒྱས་བགེགས་རྣམས་ཇི་ལྟ་བ་བཞིན་དུ་གཅོད་པའོ། ། ་རྡོ་རྗེ་སྟབས་ནི་གཡོན་པའི་ཁྲོ་བོའི་ཁུ་ཚུར་ལས་མཛུབ་མོ་བསྒྲེང་ལ་ལག་པ་གཡས་པས་བ་དན་གསུམ་པར་བྱས་པས་རྡོ་རྗེ་གསོར་བའི་ཚུལ་དུ་བྱེད་པའོ། །འཁོར་ལོའི་སྟབས་ནི་འོག་ནས་བཤད་པའི་འཁོར་ལོ་འཕང་པའི་ཕྱག་རྒྱས་འཕེན ་པའོ། །གཏུན་ཤིང་གི་ཐབས་ནི་རྡོ་རྗེ་བཅིངས་པས་གཟུང་བའི་གཏུན་ཤིང་གིས་བགེགས་རྣམས་བརྡུང་བའོ། །ཞགས་པའི་ཐབས་ནི་དེ་བཞིན་དུ་རྡོ་རྗེ་ཞགས་པའི་ཕྱག་རྒྱས་གཞུག་པའི་ཐབས་སུ་བྱས་པའོ། །པདྨའི་ཚུལ་ནི་འོག་ནས་བཤད ་པའི་པདྨའི་སྟང་སྟབས་ཀྱི་ཚུལ་དུ་བྱེད་པའོ། །བེ་ཅོན་གྱི་ཐབས་ནི་དེ་བཞིན་དུ་དབྱུག་སྔོན་གྱི་ཕྱག་རྒྱས་མཛུབ་མོ་བསྒྲེང་བའོ། །མི་འཇིགས་པའི་ཚུལ་ནི་དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིང་བའོ། །ལྕགས་ཀྱུའི་ཐབས་ནི་འོག ་ནས་བཤད་པའི་ལྕགས་ཀྱུའི་ཕྱག་རྒྱས་འགུགས་པའོ། །གཤོལ་གྱི་ཐབས་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་གཤོལ་གྱིས་ས་འདྲི་ཞིང་གཡས་པས་ཀྱང་རབ་ཏུ་བཟློག་པའོ། །མདུང་གི་ཐབས་ནི་རྡོ་རྗེ་ཁུ་ཚུར་གྱིས་མདུད་འཕེན ་པའོ། །གཞུའི་ཐབས་ནི་ལག་པ་གཡོན་པས་གཞུ་གཟུང་ལ་གཡས་པས་རྣམ་པའི་པར་དུ་གཞུ་རྒྱུད་དྲངས་ནས་འཇོག་པར་བྱེད་པའོ། །མངའ་གཟུང་བའི་ཐབས་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཞུ་གཟུང་ལ་ཇི་ལྟ་བ་བཞིན་དུ་གང་བྱེད་པ་སྔོན ་དུ་འགྲོ་བས་ལྟེ་པར་གན་རྐྱལ་དུ་བཞག་ལ། གཡས་པའི་མཐེ་བོ་དང་མཛུབ་མོ་གཉིས་ཀྱི་བར་དུ་མདའ་གསོར་བར་བྱེད་པའོ།། །།མདའའཕང་པའི་ཐབས་ནི་དེ་བཞིན་དུ་མདའའཕེན་པར་བྱེད་པའོ། །ཐག་མདུང ་བསྐོར་བའི་ཐབས་ནི་གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་ལ་གཡས་པའི་ཁུ་ཚུར་གྱིས་ཐག་མདུང་ཡོངས་སུ་བསྐོར་བའོ། །མཆོག་སྦྱིན་པའི་ཚུལ་ནི་འོག་ནས་བཤད་པའི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིང་བའོ། །མདུང་ཐུང་གི ་ཐབས་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་ལས་སྙིང་གར་མཛུབ་མོ་བསྒྲེང་ལ་ལག་པ་གཡས་པས་གསོར་བ་སྔོན་དུ་འགྲོ་བས་མདུང་ཐུང་རབ་ཏུ་འཕེན་པའི་ཚུལ་ལོ། །མཚོན་རྩེ་གཅིག་པའི་ཐབས་ནི་དེ་བཞིན་དུ་མཚོན་རྩེ་གཅིག་འཕེན་པའི ་ཚུལ་དུ་བྱེད་པའོ། །ཕྱག་འཚལ་བའི་ཚུལ་ནི་བསྟོད་པར་བྱེད་པའི་ཚུལ་གྱིས་ལག་པ་ཐལ་མོ་སྦྱར་ནས་སྙིང་གར་འཇོག་པའོ། །རྡོ་རྗེའི་འདུག་སྟངས་ཀྱི་ཚུལ་ནི་འོག་ནས་བཤད་པའི་མི་བསྐྱོད་པའི་ཕྱག་རྒྱ་བཅིང་བའོ། །བསམ་གཏན་གྱི ་ཚུལ་ནི་འོག་ནས་བཤང་པའི་འོད་དཔག་མེད་པའི་ཕྱག་རྒྱ་བཅིང་བ་སྟེ། རུས་སྦལ་གྱི་རྐང་སྟབས་ནས་བསམ་གཏན་ཚུལ་གྱི་མཐར་ཐུག་པའི་ལག་གཡས་བརྐྱང་བ་དག་བཅིང་བར་བྱའོ་ཞེས་གཞན་དག་འདོད་དོ། །རྡོ་རྗེའི་སྐྱིལ་མོ་ཀྲུང་ནི ་གཡས་པའི་བྱིན་པ་དང་བརླའི་བར་དུ་རྐང་པ་གཡོན་པ་ཇི་ལྟ་བ་བཞིན་དུ་བཅུག་སྟེ་དེའི་སྟེང་དུ་རྐང་པ་གཡས་པ་བཞག་པའོ། །པདྨའི་འདུག་སྟང་ནི་དེ་བཞིན་དུ་རྐང་པ་གཡོན་པ་ཕབ་སྟེ། འོག་ཏུ་འཇོག་པའོ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང? ་ནི་དེ་བཞིན་དུ་ཅུང་ཟད་ཙམ་གྱིས་རྐང་པ་གཡས་པ་བརླ་གཡོན་པའི་སྟེང་དུ་བཞག་པའོ། །དཔའ་བོའི་འདུག་སྟངས་ནི་རྐང་པ་གཡོན་པས་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ལ། དེའི་དྲུང་དུ་རྐང་པ་གཡས་པ་དྲང་པོར་བཞག་པའོ། །བཟང ་པོའི་འདུག་སྟངས་ནི་རྐང་པ་གཉིས་ཀ་སྟན་གྱི་སྟེང་ནས་དྲང་པོར་མཐུར་དུ་བརྐྱང་ནས་འཇོག་པའོ། །ཙོག་བུའི་འདུག་སྟངས་ནི་རྐང་པ་གཉིས་ཀྱི་བར་མཐོ་གང་གིས་མཆོད་པ་སྟན་གྱི་སྟེང་དུ་བཞག་ལ་ཙོག་ཙོག་པོར་འདུག་པའོ། །རོལ་པའི་སྟང ་སྟབས་ནི་རྐང་པ་གཡས་པ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་བྱས་ལ་གཡོན་པ་འོག་?་གྱི་དཔག་ཏུ་བརྐྱང་པའོ། །མདུན་དུ་བསྣུར་བ་དང་ཕྱིར་འགྱེད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་མདུན་དང་རྒྱབ་ཏུ་བལྟས་ལ། དེ་ཉིད་ཀྱི་མདུན་དུ་ཕྱོགས་པ་དང་ཕྱིར ་བལྟ་བའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པ་སྟང་ཐབས་དགུ་བཅིང་བའི་དུས་སུ་ནི་ཇི་ལྟ་བ་བཞིན་དུ་རྡོ་རྗེ་བརྡེག་པ་བྱའོ། །མཐུན་པའི་རྐང་ཐབས་ཀྱིས་གནས་པ་འདུག་ལ་ཐལ་མོ་སྤྱི་བོར་སྦྱར་ཏེ་གནས་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ། དེ ་བཞིན་གཤེགས་པ་རྣམས་ལ་སྲི་ཞུ་དང་བཅས་ཤིང་རྣམ་པར་རོལ་པའི་གར་གྱི་མཆོག། རྡོ་རྗེའི་སྟང་ཐབས་དང་སྦྱར་བས་སྔགས་པས་ཕྱག་བྱས་ནས་སྔ་མའི་ཐལ་མོ་སྙིང་གར་ཕབ་སྟེ་པདྨའི་སྦྱོར་བས་ཕྱོགས་ཐམས་ཅད་བསྐོར་ནས་བུ ་ཚུར་བཅིངས་ལ་ཕྱག་འཚལ་བ་དང་བཅས་པའི་རྡོ་རྗེ་ལྡང་བའི་ཕྱག་རྒྱ་བཅིང་པ་བྱས་ནས། ཁྲོ་བོའི་ང་རྒྱལ་དང་ལྡན་པས་སྔགས་ཟློས་ཤིང་སྟང་སྟབས་རེ་རེ་ཞིང་གར་སྔོན་དུ་འགྲོ་བས་ཇི་སྐད་དུ་བཤད་པའི་སྟང་སྟབས་བཅིངས་ཏེ། དེ ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་རྣམས་གཞོམ་པ་ལ་སོགས་པ་དང་པོར་བྱས་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ལ་སྔ་མ་བཞིན་དུ་གྱུར་བྱས་ཏེ། རྐེད་པ་གཡོན་པ་ཇི་ལྟ་བ ་བཞིན་དུ་བཟུར་ལ་སྟང་སྟབས་རྣམས་བསྡུ་བར་བྱའོ། །ཕུར་བུས་གནས་ལྔར་བཅིང་བ་དང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་དང་ཤར་ལྷོ་ལ་སོགས་པའི་མཚམས་བཞིར་རོ། །དྲ་བ་དང་ར་བས་མཚམས་བཅིང་བ་དང་ཞེས་བྱ་བ་ནི་དཀྱིལ་འཁོར ་མངོན་པར་འདོད་པའི་སའི་ཆ་ཀུན་ནས་རྡོ་རྗེ་རབ་ཏུ་འབར་བས་བར་མཚམས་མེད་པར་ཁྱབ་པས་བདག་གིས་བྱས་པའི་ཚུལ་ལོ། །ཕྱོགས་བཅིང་བ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཕྱོགས་བཅུར་ཁྱབ་ཅིང་སའི་ཆ་རྣམས་བདག་གིར་བྱ་བ་སྟེ། ར ་པའི་རྩ་བའི་ཆ་རྡོ་རྗེ་རྣམ་པར་བྱས་པ་ནི། དཀྱིལ་འཁོར་བཅིང་བ་ཡང་ཡིན་པར་ཤེས་པར་བྱའོ། །བསྒོམས་ཏེ་ཞེས་བྱ་བ་ནི་བསམ་པའོ། །གཏན་ལ་དབབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་འདི་ཉིད་དུ་སེམས་བསྐྱེད་པའོ། །རང་གི་མིང་ནས ་?་ཏེ་ཞེས་བྱ་བ་ནི། རང་གི་རྡོ་རྗེའི་མིང་ཡི་གེ་ཧཱུཾ་དང་སྤེལ་བའི་སྒྲ་ནི་འདིར། དཀྱིལ་འཁོར་གྱི་སྟང་སྟབས་ཀྱི་དུས་སུ་སྔགས་ཡིན་ལ་གསང་སྔགས་འདི་ཉིད་ནི་འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་བར་གྲགས་པའོ། །འཁོར་ལོ ་ཞེས་བྱ་བ་ནི་འཁོར་ལོ་ལ་གནས་པའི་ལྷ་མ་ལུས་པ་རྣམས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བཞུགས་གནས་སུ་གྱུར་པའོ། །འཁོར་ལོ་ནི་རང་གི་གནས་ཡིན་པར་ཤེས་པར་བྱའོ། །མཛའ་ཀུན་ཏུ་ཡང་ཞེས་བྱ་བ་ནི་མཛའ་ཐོག་ཐག་ཏུའོ། ་མཚམས་ནས་སྨོས་ཏེ་ཞེས་བྱ་བ་ནི་སྔགས་གདོན་པས་སོ། །སྤྱན་དྲང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ལ་ཇི་ལྟ་བ་བཞིན་དུ་རྒྱས་བཏབ་སྟེ་མཆོད་པ་ལ་སོགས་པ་བྱའོ། །དེ་ནས་ཞེས་བྱ་པ་ལ་སོགས་པ་ནི ་སློབ་མ་ལྷག་པར་གནས་པར་བྱས་ལ་ཆོས་ཀྱང་བསྟན་པར་བྱ་ཞེས་འོག་མ་དང་སྦྱར་རོ། །ཇི་ལྟར་སྟ་གོན་དུ་གནས་པར་བྱ་ཞེ་ན་སྤོས་ཆུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྤོས་ཆུས་བསངས་ཏེ་ལག་པ་གཡས་པས་སྤྱི་པོ་དང་སྙིང་གར ་གཏུག་པ་བྱས་ནས། སྙིང་གར་རྡོ་རྗེ་རྩེ་ལྔ་པ་འབར་བ་དང། སྤྱི་བོར་ཐམས་ཅད་བྱེད་པ་སྣ་ཚོགས་རྡོ་རྗེ་བསམས་ནས་དཔུང་པ་གཡོན་པ་སྲུང་སྐུད་ཀྱིས་བཅིང་བ་བྱས་ལ། ལག་པ་གཡས་པར་སོ་ཤིང་དང་ཀུ་ཤ་ཇི་ལྟ་བ་བཞིན་དུ ་བྱིན་ཏེ་འདུག་པ་ལ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་འཛིན་དུ་གཞུག་གོ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་ཞེས་བསྟན་པ་འདིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ་དེས་ན་བདག་དབུལ་བར་བྱས་པ་ཡིན་པས། ལོགས་ཤིག་ཏུ་མ ་གསུངས་པར་ཤེས་པར་བྱ་སྟེ། གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་ཐམས་ཅད་ཡོངས་སུ་བཏང་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཅི་ནུས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་ལམ་མཆོག་འདི་ནི་ཞེས་བྱ་བ་ལ་སོགས་པ་ཟབ་ཅིང་རྒྱ་ཚ་བ ་ཆོས་བཟང་པོ་ཅི་ནུས་པ་དང་ནི་འདོད་པ་བཤད་པར་བྱའོ། །སྔར་བསྟན་པའི་བྱ་བས་སླར་གཤེགས་སུ་གསོལ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ལས་བསྟན་པའི། སླར་ཡང་གཤེགས་སུ་གསོལ་བའི་སྦྱོར་བས་སླར་གཤེགས་སུ་གསོལ་ལོ་ཞེས་བྱ་བའི ་དོན་ཏོ། །?་གཤེགས་སུ་གསོལ་བ་འདི་ནི་བསྙེན་པའི་ཞག་དང་དཀྱིལ་འཁོར་ཉེ་བར་སྡུད་པའི་དུས་སུ་ཡང་བྱའོ། །མཆོད་པ་ལ་སོགས་པ་ནི་མཆོད་པའི་ཆོ་ག་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པར་བྱ་ཞིང་རྗེས་སུ་མཉེས་པར་ལེགས་པར ་བྱའོ། །དེ་ལ་དོན་ལ་ལ་ནི་འདི་ཉིད་ནས། དངོས་སུ་གསལ་བར་བསྟན་ལ། ལ་ལ་ནི་དོན་གྱི་དབང་གིས་གཞན་ལ་འབྱུང་བ་དང་སྦྱར་བའི་དོན་འགའ་ཞིག་ཀྱང་ཡོད་དེ། མན་ངག་ཇི་ལྟར་བསྟན་པ་བཞིན་དུ་གཞུང་སྲངས་ཏེ་ཆོ་ག་ཐམས་ཅད་ཀྱིས ་དཀྱིལ་འཁོར་བྲི་བ་ལ་སྦྱར་བར་བྱའོ། །དེ་ནས་རྒྱུད་ལ་མ་ཚང་བ་དང་ལྷག་པ་ཡོད་དུ་ཟིན་ཀྱང་སོམ་ཉི་མི་བྱ་སྟེ། དོན་གྱི་དབང་གིས་ཅི་རིགས་བར་སྦྱར་བར་བྱའོ། །འདིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ནི་ལོགས་ན་ཡོད་པས་སྐབས་འདིར་ཚིག ་གི་དོན་ཉིད་ཙམ་ལས་མ་བྲིས་སོ། །དཀྱིལ་འཁོར་གྱི་ས་གཞིར་གློ་གཡས་བས་ཉལ་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སའི་མཐར་སློབ་མའི་མཆོག་ལ་སོགས་པ་དང། ལྷན་ཅིག་ཏུ། མཉམ་པར་བཞག་པ་དང་ལྡན་པའི་ཡིད་ཀྱིས་ཉལ་བར་བྱའོ། །རྨི་ལམ ་ཞེས་བྱ་བ་ལ་སོགས་པ་རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་དང། །དེ་ལ་མཆོད་པ་བརྩམ་པ་དང། །ཞེས་བྱ་བ་ལ་སོགས་པ་ནི་རྨི་ལམ་བཟང་པོའོ། །དེ་ལས་བཟློག་པ་ནི་རྨི་ལམ་ངན ་པས་ཏེ། དེ་མཐོང་བ་ནི་དེ་ལ་ཞི་བ་བྱས་པར་ཤེས་པར་བྱའོ། །ཉི་མ་གཉིས་པ་ཞེས་བྱ་བ་ནི་སྟ་གོན་ལ་གནས་པའི་ཞག་ལ་བལྟོས་པ་སྟེ། ས་ཡོངས་སུ་བཟུང་བ་ལས་བལྟོས་ན་ནི་གསུམ་པ་ཡིན་ནོ། །དེ་བས་ན་དེ་ལ་བལྟོས་ནས་ནི། །ནུབ་གསུམ་པ་ནི་འདུས ་པ་ཡིན་ཞེས་གསུམ་པ་ཡིན་ནོ། །ཚོན་དང་ཐིག་ལ་སངས་རྒྱས་ལྔའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་སྔར། སྔགས་དང་ཕྱག་རྒྱས་བསྒོམ་ཞིང་ལྷག་པའི་བསམ་པས་སྤྲུལ་ནས། བསྐྱེད ་པའི་ཚོན་དང་ཐིག་གི་བྱ་བའོ། །དེ་ནི་ཆོས་དབྱིངས་དག་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་ལྷག་པར་མོས་པའི་ཚུལ་འདི་ནི་ཚོན་སེར་པོའི་ཡིན་ཏེ། ལྷག་པ་རྣམས་ལ་ཡང་རིམ་པ་འདིས་རང་རྗེས་སུ་མཐུན་པར་ལྷག་པར་མོS་བར་བྱ་བར་ཤེS་བ་?་ཀུན་ཏུ་ཞེས ་བྱ་བ་ནི་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་སུ་བསྐོར་པའི་རིམ་གྱིས་སོ། །དང་པོ་ས་གཞི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པར་མདོར་བསྡུས་པའི་དབང་བསྐུར་བའི་དཀྱིལ་འཁོར་ལ་ངེས་པ་འདི་ཡིན་པར་བསྟན་གྱི་ཐམས་ཅད་ཀྱི་ནི་མ ་ཡིན་ཏེ།། གཞན་དག་ནས་ཟླ་བ་ཉ་ནས་ཕྱི་མའི་ཟླ་བའི་ཉའི་བར་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལས་རྒྱ་ཆེར་སྟོན་པའི་ཕྱིར་རོ། །ཡང་ན་ཁྲུ་ལྔ་འམ་ཁྲུ་དོ་བ། །ཁྲུ་གང་བའི་ཞེས་བྱ་བ་ནི་ཁྲུ་ལྔ་ལ་སོགས་པའི་ཚད་དུ་བྱས་པའི ་དཀྱིལ་འཁོར་ལ་དེ་སྐད་ཅེས་གསུངས་པ་ནི་ཕྱོགས་ཙམ་སྟེ་གྲངས་མེད་པའི་གྲངས་ལ་འཇུག་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །བར་དུའོ་ཞེས་བྱ་བ་ནི་བརྒྱད་ཅུ་དང་ལྔ་བཅུ་ལ་སོགས་པ་ཡོངས་སུ་གཟུང་ངོ། །གྲུ་བཞི་པ་ལ་ཞེས་བྱ་བ་ནི ་ཕྱོགས་བཞིའི་ཐིག་གིས་མཉམ་པར་བྱས་པའོ། །རྡོ་རྗེའི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་བྱ་བ་བརྗོད་པ་སྟེ། འཇུག་པ་འམ་ནི་འབྱུང་བ་ན། །སྲད་བུ་ཡིད་ཀྱིས་བཏེག་པ་ནི། །རྡོ་རྗེ་ཤུགས་ཞེས་གྲགས་པ་སྟེ། །དེས་ནི་རི་མོ ་བསྒོམ་པར་བྱ་ཞེས་གསུངས་པའི་ལྷའི་ང་རྒྱལ་གྱི་རོལ་པས་བྱས་པའོ། །?་རྣམས་སུ་ནི་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་མཚམས་སུའོ། །སྒོའི་ནང་ལོགས་ཞེས་བྱ་བ་ནི་སྒོ་ཁྱུད་ཀྱི་མཚམས་རྣམས་སུའོ། །དཀར་པོས་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད ་ཅེས་གསུངས་མོད་ཀྱི་འོན་ཀྱང་ཚོན་གྱི་རིམ་པ་ནི་སེར་པོ་དང་དཀར་པོ་དང་སྔོན་པོ་འམ། སྔོན་པོ་དང་དཀར་པོ་དང་སེར་པོ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྩ་བའི་དཀྱིལ་འཁོར་གྱི་ཕྱེད་དུ་། དེ་ལ་མངོན་དུ་ཕྱོགས་པར་ཁྲུ་དོས་ཕྱོགས་བར ་དབང་བསྐུར་བའི་དཀྱིལ་འཁོར་ཚོན་དཀར་པོ་གཅིག་པོ་འམ་ཚོན་སྣ་ལྔས་བྲིས་ཏེ་དེའི་དབུས་སུ་དཀར་པོ་འམ་ཚོར་སྣ?་ལྔས་དེའི་ཕྱེད་ཀྱི་ཚད་ལས་པདྨ་འདབ་མ་བརྒྱད་པ་བྱའོ། །རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་བྱུ་རུ་དང། གསེར ་དང། དུང་དང། མུ་ཏིག་དང་ནོར་བུར་གྲགས་པའོ། །སྨན་ནི་བྲི་ཧ་ཏི་དང། ཀཎྜ་ཀ་རི་དང། ས་ཧ་དང། དཎྜ་ཨུཏཔལ། ཤེ་ཏ་ཨ་པ་ར་ཛི?་ཏ་ཞེས་བྱ་བའོ། །འབྲུ?་ནི་འབྲས་དང་ནས་དང་གྲོ་དང་ཏིལ་དང་མ་ཤའོ། །སྤོས་ཆུ་ནི་ཙན་དན་དཀར་པོ་ལ་སོགས་པ་དང ་ལྡན་པའི་ཆུ་སྟེ། དེ་སྤོས་ཀྱིས་ཡོངས་སུ་བདུགས་པའོ། ལས་ཀུན་བྱེད་པས་ཞེས་བྱ་བ་ནི་ལས་ཐམས་ཅད་བྱེད་པ་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་བཟླས་པ་ལ་དེ་སྐད་ཅེས་བྱའོ། །སེམས་ཅན་ཀུན་ལ་བསང་གཏོར་བྱ་ཞེས་བྱ་བ་ནི་སེམས་ཅན་ཐམས ་ཅད་ལ་བསང་གཏོར་བྱ་བའི་ཕྱིར་བཞག་པ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་བསང་གཏོར་བྱ་ཞེ་ན། ཡང་ན་ཀུ་ཤའི་ཆུན་པོས་བྱ་ཞེས་གསུངས་ཏེ། ཀུ་ཤའི་ཆུན་པོ་འམ། ཨ་མྲའི་འདབ་མ་ལ་སོགས་པས་བྱ། ལྷ་བཤོས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །གཏོར་མ ་ཕུལ་ལ་ཞེས་བྱ་བ་ནི་འདིར་གཏོར་མ་ནི་ཕྱོགས་ཀྱི་གཏོར་མ་བསྟན་པ་ཡིན་ནོ། །སྤྱན་དྲང་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་དག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་བསྡུ་བར་བྱེད་པའོ། །གསལ་བར་བྱས་ཏེ་ཞེས ་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་ནམ་བདུད་རྩི་ཐབ་སྦྱོར་གྱིས་སོ། །གཞུག་པ་དང་ཞེས་བྱ་བ་ནི་རྡོ་རྗེ་ཞགས་པས་སོ། །བསྡམ་པ་དང་དབང་དུ་བྱས་ཏེ་ཞེས་བྱ་བ་ནི་ལྕགས་སྒྲོག་དང་འབེབས་པ་དག་གིས་སོ། །ཕུར་བུ་དང་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་གསང ་སྔགས་ཕྱག་རྒྱ་དང་བཅས་པས་ཅི་རིགས་པར་ཕུར་བུ་ལ་སོགས་པ་བྱའོ། །རོལ་མོའི་ཁྱད་པར་དཔག་ཏུ་མེད་པ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་རོལ་མོའི་རྣམ་པ་འདི་ལྟ་སྟེ། གླིང་བུ་དང་པི་ཝང་དང་རྫ་རྔ་དང་མུ་ཀུཎྜ་དང་ཆ་ལང་དང། རྔ་བོ་ཆེ་དང་རྫ ་རྔ་ཆེན་པོ་དང། ?་རིངས?་དང་ཀུན་ཛ་ཏ་དང་ཏི་མི་ལ་ལ་སོགས་པ་རོལ་མོའི་སིལ་སྙན་བཅུ་པོ་སྟོང་ཕྲག་གིས་སོ། །སྟོང་པར་བྱའོ་ཞེས་བྱ་བ་ནི་མཆོད་པའོ། །བཟོད་པར་གསོལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་མཚང་བ་དང་ལྷག་པ་ཉེ་བར་གཟུང་བའི་ཕྱིར ་འདི་ཡོ་བྱད་མ་ཆད་པ་དང་ཉམས་པ་ལས་བྱུང་བ་གང་དག་ཡོད་པ་དེ་ཐམས་ཅད་བཟོད་པར་མཛོད་ཅིག་ཅེས་བརྗོད་ལ། དངོས་གྲུབ་ཐམས་ཅད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་བྱིན་བརླབས་དང་ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པོ།། ་སློབ་མ་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་བྲིས་པར་རོ། །ཅི་ཞིག་བྱས་ནས་བཞུགས་པར་བྱས་ཞེ་ན། སྙིང་པོ་འདི་དག་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་ག་དང་དཔུང་མགོ་གཉིས་ལྐོག་མ་དང་སྤྱི་བོར་འཛིན་ཛིག་ཅེས་བྱ ་བ་ལ་སོགས་པའི་སྙིང་པོ་གསུམ་དགོད་ཅིང། སྐུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱས་བསྲུངས་ལ་རྡོ་རྗེ་སྲུང་བའི་སྔགས་དང་ཕྱག་རྒྱས་གོ་བགོ་བར་བྱས་ལ་གཞུག་པར་བྱའོ། །དོར་བར་བྱ་སྟེ་ཞེས་པ་ནི་འཕང་པའོ། །གདོང་གཡོགས་དགྲོལ ་ཞེས་བྱ་བ་ནི་འདི་སྐད་ཅེས་བརྗོད་དོ་ཞེས་ཚིག་འོག་མ་དང་སྦྱར་རོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ནི་འདའ་བར་མི་བྱ་བའི་ངོ་བོ་ཉིད་དུ་འགྱུར་བའོ། །པ་ཤྱ་བཛྲ་ཞེས་བྱ་བ་ནི་དེ་སྐད ་ཅེས་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་ནས་དབང་བསྐུར་བ་སྦྱིན་པར་བྱའོ། །རིག་པའི་དབང་བསྐུར་བའི། །དྲི་དང་མེ་ཏོག་ཅེས་བྱ་བ་ལ་སོགས་པས་དབང་བསྐུར་རོ། །ཞེས་འོག་ནས་བཤད་པ་དང་སྦྱར་རོ། །སྟེང་དུ་བླ་རེ་བྲིས་པར་བྱ་ཞེས་བྱ་བ་ནི ་སློབ་མའི་ཞེས་བྱ་བར་སྦྱར་རོ། །གང་དག་ཅེས་ན་གདུགས་དང་རྒྱལ་མཚན་ལ་སོགས་པ་སྟེ་བཀྲ་ཤིས་པར་འགྱུར་བ་དེ་དག་གིས་ཀླུབས་ཤིང་ཉེ་བར་བརྒྱན་པར་བྱའོ། །རྣམ་རྒྱལ་བུམ་པ་ཡིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའི་བུམ་པས་སོ། ། ་ལྷ་མོ་བཞི་རྣམས་དང་ཞེས་བྱ་བ་ནི་རེ་རེ་ཞིང་ཏིང་ངེ་འཛིན་གྱི་བདག་པོ་དང་ལྷ་མོ་གསུམ་གསུམ་ཡོངས་སུ་བཟླས་པའི་བུམ་པ་བཞིས་སོ། །ལྷ་རྣམས་ཀུན་གྱི་བཞི་པོ་ཡིས་ཞེས་བྱ་བ་ནི་རེ་རེ་ཞིང་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་གཉིས་གཉིས ་ཡོངས་སུ་བཟླས་པའི་བུམ་པ་བཞི་རྣམས་ཀྱིས་སོ། །འདི་ནི་བུམ་པའི་གྲངས་ངེས་པ་ཡིན་ཏེ། འབྱོར་ན་ནི་དཀྱིལ་འཁོར་གྱི་ལྷ་རྣམས་རེ་རེའི་དང་བུམ་པ་གང་བ་བྱས་ཏེ། བུམ་པ་གང་བས་ནི་མཆོད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །འདི་སྐད ་སྟོན་པ་ཡིན་ཏེ། དང་པོ་རྣམ་པར་སྣང་མཛད་ཀྱི་སྔགས་ཀྱིས་སོ། །དེ་ནས་མི་བསྐྱོད་པ་དང་སྤྱན་མ་དང་རྡོ་རྗེ་སེམས་མ་དང་སྐུལ་བྱེད་མ་དང་མི་གཡོ་མ་དང་གཤིན་རྗེ་གཤེད་ལ་སོགས་པའི་གསང་སྔགས་བཞིས་དབང་བསྐུར་བྱའོ། །ཕྱིར་མི་ལྡོག་པའི ་དབང་ཀྱི་སློབ་དཔོན་དང། རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་ཇི་སྐད་དུ་བཤད་པ་ལས་?་འཆད་དེ། ཡི་གེའི་དོན་དང་མན་ངག་ལས་ཤེས་པར་བྱའོ། །འདིས་ནི་སློབ་དཔོན་གྱི་དབང་བསྐུར་བ་བསྟན་པ་ཡིན་ནོ། །ཏིལ་གྱི་གང་བུ་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་གནང་བའི ་དབང་བསྐུར་བ་གསུངས་པ་ཡིན་ཏེ། དེ་ཉིད་ལ་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པ་ལ། རྟག་པ་ཁོ་ནར་བདག་ཉིད་དབང་བསྐུར་བ་སྟེར་བ་དེའི་ཚེ་ཇི་སྐད་གསུངས་པའི་ང་རྒྱལ་པ་འདི་རྣམས་ཀྱིས་དབང་བསྐུར་སྩོལ་བར་མཛད་དོ། །ཞེས་དེ་ལྟ་བུའི་ངོ་བོ ་ཉིད་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཤེས་པས་བསམ་པར་བྱའོ། །ཆོས་ཀྱི་མཚན་དེ་ཉིད་བསྟན་པར་བྱ་ཞེས་བྱ་བ་ནི་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པའོ། །མི་ཤེས་རབ་རིབ་ལ་སོགས་པའོ། །མི་ཤེས་རབ་རིབ་ལ་སོགས་པ ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་མི་དགེ་བའི་བག་ཆགས་ལ་སོགས་པ་ཡོངས་སུ་གཟུང་ངོ། །གཟུགས་བརྙན་ཕྱག་རྒྱ་བསྟན་པར་བྱ་ཞེས་བྱ་བ་ནི་ཐུར་མ་ལ་སོགས་པ་སྟོན་པའི་ལག་པའི་ཕྱག་རྒྱ་བཅིངས་ལ་བསྟན་ནོ་ཞེས་བྱ་བའི་དོན་ཏོ། །རུས་པ་ལ ་?་ཀྱང་ཞེས་བྱ་བ་ནི་གཤིས་འཇིག་པར་གྱུར་པས་ཀྱང་ངོ། །ལུས་ཀྱང་ཞེས་བྱ་བ་ལས་ཀྱང་ཞེས་བྱ་པའི་སྒྲ་ནི་ལུས་ལ་ཡང་མ་བལྟ་བའོ། །འདི་སྐད་སྟོན་ཏེ་ལུས་བྱིན་པས་ཀྱང་སློབ་མས་བླ་མ་འདི་ཅི་ནས་མགུ་བ་དེ་ལྟར་བྱའོ་ཞེས་?་བསླབ ་ལྟེ་ཞེས་བྱ་བ་ནི་བསླང་ལ་རྗེས་སུ་གནང་བ་དེ་ཉིད་བསྟན་པའོ། །ཆོ་ག་མཐོང་བས་ཞེས་བྱ་བ་ནི་འོག་ནས་བཤད་པའི་ཆོ་གས་སོ། །དེ་བཞིན་དུ་བསྒོམ་པའི་རིམ་པའི་ཚུལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་གསང་བའི་དབྱེ་བས་ཞི་བ་དང་རྒྱས་པའི་རིམ་གྱིས ་དཀྱིལ་འཁོར་གྱི་ལྷ་རྣམས་ལེགས་པར་མཆོད་པ་ཇི་སྐད་དུ་བཤད་པ་བཞིན་གཤེགས་སུ་གསོལ་ལོ་ཞེས་བྱ་བར་སྦྱར་རོ། །སྤྲུལ་པ་ནི་རང་གི་སྙིང་གར་ཉེ་བར་བསྡུ་བར་ཤེས་པར་བྱའོ། །ཚོན་རྩི་བསྡུ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཀྱིལ་འཁོར་ ་བྲི་བའི་ཆོ་ག་སྟོན་པའི་གཞུང་གི་ལེའུ་ལ་དཀྱིལ་འཁོར་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་བརྗོད་དོ། །ལེའུ་གཉིས་པའི་འགྲེལ་པའོ།། །།དཀྱིལ་འཁོར་དུ་ཞུགས་པས་ནི་སྔགས་ཡོངས་སུ་བཟུང་བར་བྱ་དགོས་པས། དེ་ནས ་ཞེས་བྱ་བ་ལ་སོགས་པས་ལེའུ་གསུམ་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་ཉེ་བར་མཚོན་པའི་ཚིག་གིས་འོག་མ་དང་སྦྱར་རོ། །ཅི་ཞིག་མཛད་ནས་ཞེས་གསང་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གསང ་སྔགས་ཉིད་ནི་འཁོར་ལོ་སྟ་ཡང་དང་ཡང་དུ་བཟླས་པས་ན་འཁོར་ལོ་བཞིན་དུ་འཁོར་བ་འམ་འཁོར་ལོ་བསྐྱེད་པའི་ཕྱིར་འཁོར་ལོའོ་དེ་རྣམས་བསྐོར་བ་ནི་གསུངས་པ་སྟེ། དེའི་དོན་གྱི་རྡོ་རྗེའི་ཡེ་ཤེས་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། སྔགས་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བ་ནི་དོན་ཏོ། །གསང་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཞེས་བྱ་བ་ནི་འདིར་བཤད་ཀྱི་ཅེས་ཉེ་བར་སྦྱར་ཏེ། བཅོམ ་ལྡན་འདས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་དུ་ཟིན་ཀྱང་ཏིང་ངེ་འཛིན་ལ་དམིགས་པ་སྔོན་དུ་འགྲོ་བས་སྔགས་སྟོན་པར་མཛད་པ་འདིས་ནི་འདི་སྐད་སྟོན་ཏེ། རྣལ་འབྱོར་པས་ཀྱང་ཆོས་བདག་མེད་པ་བསྒོམ་པ་དང་རྗེས་སུ་འབྲལ་པའི་རང་གི་ལྷ་ལ ་དམིགས་པ་སྔོན་དུ་འགྲོ་བས་སྔགས་གདོན་པར་བྱའོ་ཞེས་པའོ། །རྣམ་པར་སྣང་མཛད་དོ་ཞེས་བྱ་བ་འདིས་ནི་གསང་སྔགས་དང་རིགས་པའི་སྐྱེས་བུ་གཉིས་ཐ་མི་དད་པར་གསུངས་པ་ཡིན་ཏེ། གཞན་དུ་ན་རྣམ་པར་སྣང་མཛད་ལས་གཞན་པའོ་ཞེས་? ་པར་སྟོན་པར་འགྱུར་རོ། །དེ་ཡང་འདི་ཉིད་ནས་སྦྱིན་ལ་སོགས་པའི་གསང་སྔགས་གསུངས་པའི་འོག་ཏུ་དེ་ནས་འདི་ནི་གསུངས་ཙམ་གྱིས་ཞེས་བྱ་པ་ལ་སོགས་པ་བཤད་སྟེ། དེ་བས་ན་ཉིད་གཉིས་ནི་ཐ་མི་དད་པ་ཡིན་ནོ། །ཀུན་ཏུ་བཟང་པོའོ་ཞེས་གསུངས ་པ་འདིས་ནི་བྱམས་པ་ལ་སོགས་པ་མ་ལ་གཏོགས་པར་བཤད་པ་ཡིན་པས། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལེའུ་གཉིས་པར་བསྟན་པ་གང་ཡིན་པ་དེ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །དེ་པས་ན་འདིར་ནོར་བཟང་དག་ཀྱང་དགོད་པར ་བྱ་སྟེ། དེ་ཅི་རིགས་པར་བཞིས་མཚང་བའི་བྱང་ཆུབ་སེམས་དཔའ་སྟོང་བྲི་བ་འམ་བསྒོམ་མོ་ཞེས་པ་འདིར་རིག་པ་ཁོ་ན་ཡིན་ནོ། །འདིར་མ་བཤད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱིའི་སྔགས་ནི། ཨོཾ་སརྦ་སཾ་སྐཱ?་ར་པ་རི་ཤུདྡྷ:དྷརྨཱ་ཏེ་མ་ཧཱ་ཡ་ན་པ་རི་པཱ་རེ་སྭཱཧཱ། ་ཞེས་བྱ་བའོ། །སྔགས་ཀྱི་རྗེས་སུ་འབྲངས་ནས། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཞིས། གཤིན་རྗེ་དང། ཁྱབ་འཇུག་དང། ཚངས་པ་དང། ལོག་འདྲེན་ཆུང་མ་དང་བཅས་པ་གནོན་པར་ཤེས་པར་བྱའོ། །འདི་དག་ནི་དཀྱིལ་འཁོར་དུ་དགོད་པའི ་གསང་སྔགས་ཀྱི་ཡི་གེ་རྣམས་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ལྷ་རྣམས་ཀྱི་དགོད་པ་ལ། ཇི་སྐད་དུ་བཤད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ཡང་དག་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དཀྱིལ་འཁོར་དུ་ཞེས་བྱ་བའི་ཉེ་བར ་མཚོན་པ་ལས་ན་ལྷའི་རྣལ་འབྱོར་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའི་གསང་སྔགས་ཀྱི་ཚོགས་དེ་དག་གོ། བརྟེན་ནས་ཞེས་བྱ་བ་ནི་མཚན་གཞིར་བྱས་ནས་འདི་ཉིད་ཀྱི་འཁོར་གྱི་དོན་དུ་རིགས ་དང་རྟོག་པ་ལ་སོགས་པའི་བྱེ་བྲག་གིས་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་པ་ཡིན་ནོ། །གཞན་དག་ནི་དེ་ལ་བརྟེན་ཅིང་ཐོབ་ནས་ངས་གསང་སྔགས་ཕྲག་དུ་མ་གསུངས་སོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་གྱི་འདི་ནི་གསང་སྔགས་ཀྱི་ཚོགས ་མ་ཡིན་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་སྟེ། འདི་ལྟ་སྟེ་སྔགས་ཀྱི་ཆོས་ཉིད་ཀྱང་དེ་ནི་མི་རིགས་ཏེ། སྔགས་གསུངས་པ་ཉིད་མ་ཡིན་གྱི་སྔ་མ་ཁོ་ན་རིགས་པར་ཤེས་སོ། །གཏན་ཚིགས་དང་ཡང་མི་འགལ་ཏེ། དོན་དམ་པར་སྟོང་པ་ཉིད་དུ་ཡང ་མེད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་བྱེ་བྲག་ལས་བྱུང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་རང་རིག་པའི་སྐྱེས་བུར་ལྡན་པས་སོ། །ལྕགས་ཀྱུས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་ནི་འདི་ཉིད་ནས་འབྱུང ་བས་མ་བྲིས་སོ། །དེ་དག་ལ་སོགས་པ་ནི་སྤྱན་དྲང་བའི་སྦྱོར་བའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡུ་པ་ལ་སོགས་པའི་སྦྱོར་པའོ། །དེ་སྔགས་དེ་རྣམས་ཀྱི་གོ་རིམ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཐུན་མོང་གི་མཚན་ཉིད་དེ། དེ་ལས ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་འབྱུང་ངོ། །དེ་བས་ན་ཡེ་ཤེས་དེའི་བདག་ཉིད་མི་བསྐྱོད་པ་ལ་སོགས་པ་བཞིར་བསྟན་ཏོ། །དེ་ལྟ་ན་ཡང་དེ་སྒོམ་པར་བྱེད་པའི་རྣལ་འབྱོར་པའི་རྒྱུད་ལ། ཇི་སྲིད་དུ་ཀུན་ཏུ་འགྲོ་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན ་བྱང་ཆུབ་སེམས་དཔའ་ཨི་དང་པོ་མངོན་དུ་བྱས་ནས། ཆོས་ཀྱི་དབྱིངས་ལས་བརྩམས་ནས་ཇི་སྲིད་ཀྱི་བར་གྱི་མཐར་ཐུག་པ་ལས་འཛུག་པའི་དགའ་བ་ཉེ་པར་མི་འབྱུང་བ་དེ་སྲིད་ཀྱི་བར་དུ་སྐྱེ་བར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་བཞི་ཐོབ་པའི ་རྐྱེན?་གྱུར་པ། དགའ་བ་བཞིའི་བདག་ཉིད་ཅན་ནི་སྤྱན་ལ་སོགས་པ་བཞིའོ། །དེ་ཡང་ཇི་སྲིད་དུ་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞི་ཡོངས་སུ་དག་པར་མི་འགྱུར་པ་དེ་སྲིད་དུ་འབྱུང་བར་མི་འགྱུར་རོ། །དེ་བས་ན་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སོགས་པའི་བདག་ཉིད་ཅན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ཡིན་ནོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཞི་དང་བྲལ་བས་ནི། འབྱུང་བར་མི་འགྱུར་རོ། །དེ་བས་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ནི་སྐུལ་བྱེད་མ་ལ་སོགས་པ ་?། །དེ་ཡང་ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་ཀྱི་བདག་ཉིད་ཅན་ངེས་པར་འབྱེད་པའི་ཆ་བཞི་དང་བྲལ་བས་ནི་འབྱུང་བར་མི་འགྱུར་རོ། །དེ་བས་ན་ངེས་པར་འབྱེད་པའི་ཆ་བཞིའི་བདག་ཉིད་ཅན་ནི་གཤིན་རྗེའི ་གཤེར་ལ་སོགས་པ་བཞིའོ། །དེ་ཡང་ལུས་དང། ཚོར་བ་དང། སེམས་དང། ཆོས་དྲན་པ་ཉེ་བར་གཞག་པ་མེད་ན་འབྱུང་བར་མི་འགྱུར་རོ། །དེ་བས་ན་དེའི་བདག་ཉིད་ཅན་མི་གཡོ་བ་ལ་སོགས་པ་བཞི་བསྟན་ཏོ། །གོ་རིམ་ཇི་སྐད་དུ་བཤད་པའི་ནང་དུ་བྱམས་པ་ལ་སོགS ་པ་ནི་མི་གཏོགས་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་སེམས་དཔའ་ཡིན་པའི་ཕྱིར་རོ། །སྔགས་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི་གསང་སྔགས་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་བརྗོད་དོ། །རིམ་པར་ཕྱེ་བ་གསུམ་པའི་འགྲེལ་པའོ།། །།སྔགས ་ཡོངས་སུ་བཟུང་བས་ནི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱ་དགོས་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཞི་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན་ཡེ་ཤེས་ཆེན་པོའི་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཆེན་པོ་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་ཡེ་ཤེས་རྣམ་པ་ལྔའོ། །དེ་ཡི་སྟོབས་ནི་ནུས་པ་སྟེ་ཐོགས་པ་མེད་པའོ། །དེའི་རྣམ་པར་འཕྲུལ་པ་ནི་སངས་རྒྱས་ལ་སོགས་པའི་སྦྲུལ་པས་རྣམ་པར་སྤྱོད་པའོ། །དེ་ཉིད་རྡོ་རྗེ ་སྟེ་འབྲས་བུ་ལེན་པའི་ཕྱིར་དོན་ཡོད་པའི་ནུས་པ་ཅན་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། ཏིང་ངེ་འཛིན་སྟོན་པའི་རྣམ་པར་ཐུགས་རྩེ ་གཅིག་ཏུ་མཛད་དེ་ཅེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ལ་དམིགས་པས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་དངོས་གྲུབ་ཀྱི་ཕྱིར་ལྷའི་གཟུགས་བསྒོམ་པ་ནི། རྡོ་རྗེ་ཕྲ་མོ་བསྒོམས་པས་སེམས་བརྟན་པར་བྱས་བསྒོམ་པར་བྱའོ་ཞེས་པའོ། །གཟུགས་བརྙན་ཞེས ་བྱ་བ་ལ་སོགས་པའི་གཟུགས་བརྙན་བསྐྱེད་པའི་ཕྱིར་རས་དང་རྩིག་པ་དང། ཤིང་ལོབ་ལ་སོགས་པ་ལ་སངས་རྒྱས་ལ་སོགས་པ་བྲི་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདི་ནི་གཉིས་སུ་སྦྱོར་བ་ཡིན་ཏེ་སེམས་ཡོངས་སུ་དག་པའི་དབང ་དུ་མཛད་པའི་དམིགས་པ་བསྟན་པའོ། །རྒྱུད་ཡོངས་སུ་དག་པ་ནི་གཉིས་སུ་སྦྱོར་བ་ལ་མངོན་པར་ཞེན་པར་མི་བྱེད་དེ། ཇི་སྐད་དུ་རྣལ་འབྱོར་ཡང་དག་མ་ཡིན་སེམས། །ལྷ་ལ་དམིགས་པར་བྱེད་པ་དག། རྣལ་འབྱོར་གཟུགས་བརྙན་རང་བཞིན ་ཏེ། །ལུགས་མ་ལ་སོགས་རྣལ་འབྱོར་སྐྱེ། །ཡང་དག་མཆོག་སེམས་རྣལ་འབྱོར་པ། །ལྷ་ལ་དམིགས་པར་བྱེད་པ་དག། རང་གི་དམ་ཚིག་བདག་སྦྱོར་བས། །མི་འགྱུར་དམ་པ་འགྲུབ་པར་འགྱུར་ཞེས་གསུངས་པས་སོ། །གསང་སྔགས་འཆང་རྣམས་ཀྱི་ཞེས་བྱ་བ ་ནི་སྔགས་པ་རྣམས་ཀྱིའོ། །ཏིང་ངེ་འཛིན་གསང་ཆེན་ཞེས་བྱ་བ་ནི་རིགས་དང་དམ་ཚིག་དང། ཕྱག་རྒྱ་མཆོག་དང་ལྷན་ཅིག་སྦྱོར་བའོ། །རྣལ་འབྱོར་དག་པ་འདི་ནི་གཙོ་བོའི་དབང་དུ་མཛད་སྟེ་བསྟན་པ་ཡིན་པས་འདི་སྐད་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་ལ ་སོགས་པ་བསྟན་པས་གནས་སྐབས་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དང་གསང་བ་དང་གསང་ཆེན་གྱི་རྣལ་འབྱོར་དུ་འགྱུར་རོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། མོས་པ་ཇི་ལྟ་བས་རྣལ་འབྱོར་གསུམ་ལས་གང་ཡང་རུང་བ་བསྒོམས་ནས་མངོན་པར་འདོད ་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་འགྱུར་རོ། །དོན་འདི་ཉིད་གཞན་དག་ལས་ཀྱང་རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། འདི་ལྟ་སྟེ། ཇི་ལྟ་ཇི་ལྟར་སེམས་ཡོངས་སུ་སྦྱངས་པ་དེ་ལྟ་དེ་ལྟར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །ོཾ ་གྱི་ཡེ་ཤེས་ལས་བསྒྲུབ་པ་ཞེས་བྱ་བ་ནི་ཡེ་ཤེས་ནི་ཆོས་ཀྱི་མཚན་ཉིད་དོ། །དེ་ཉིད་ཡི་གེ་ཨོཾ་ཡིན་པས་ན་ཨོཾ་གྱི་ཡེ་ཤེས་ཏེ། དེས་སྒྲུབས་པའི་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྫོགས་པའི་གོ་རིམས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའི་རིམ་པས་སོ།། ་ཤེས་རབ་ཡེ་ཤེས་རབ་རྒྱས་པ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་ཀྱིས་བློ་རྒྱས་པར་བྱས་པའོ། །ཞལ་གསུམ་གྱིས་ནི་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པར་སྟོན་པར་བྱེད་པས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་སྟེ ་ཁ་དོག་ནི་གཅིག་པའོ། །ལ་ལ་ནི་མན་ངག་ལས་ཞལ་གསུམ་གྱི་མདོག་ནི་འདུས་པ་ལྟར་གསུམ་དུ་བྱའོ་ཞེས་ཟེར་རོ། །སྤྱན་གསུམ་ནི་ཞལ་དང་པོ་འམ། རེ་རེ་ཞིང་གསུམ་སྟེ་ཐམས་ཅད་དུ་ཡང་དེ་བཞིན་ནོ། །དང་པོ་བསམ་གཏན་ཕྱག་རྒྱ་ཅན་ཞེས་བྱ་བ་ནི་ཕྱག་རྒྱ་དང་པོའི། ་གཡས་དང་གཡོན་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱར་བྱས་པའོ། །བགྲང་ཕྲེང་ལྡན་ཞེས་བྱ་བ་ནི་སྔགས་ཀྱི་ནོར་བུ་དང་བཅས་པའོ། །ནུ་མ་འཛིན་ཅེས་བྱ་བ་ནི་ནུ་མ་བཟུང་བ་སྟེ། ལྷ་མོ་ཡང་ཕྱག་གཉིས་པ་སྐུ་མདོག་སེར་མོ་ལག་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ ་འཁྱུད་པར་བྱེད་པས་ཏེ། གཤིན་རྗེ་གཤེད་ཀྱི་ལྷ་མོ་གཉིས་ཕྱག་གཉིས་མངའ་བར་བཤད་པ་འདི་ཡིས་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། ལ་ལ་ན་རེ་རང་གི་བདག་པོ་དང་འདྲ་བར་ཐམས་ཅད་བསམ་མོ་ཞེས་ཟེར་ཏེ། འདིས་ནི་གསང་བའི་རྣལ་འབྱོར་བཤད ་དོ་མཆོད་པའི་དུས་སུ་ནི་ནུ་མ་འཛིན་པ་མེད་པར་བྱའོ། །འཇིགས་ཤིང་སྐྲག་མཛད་པ་ཞེས་བྱ་བ་ནི་འདིར་དེ་ནས་ཞེས་ཉེ་བར་མཚོན་པའི་ཚིག་གིས་བསྒོམ་པར་གྱིས་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་བཞིན་དུ་རིགས་ལས་ཀྱང་འདི་ཉིད་འོག་ནས་སྟོན་ཏོ། །སྤྲིན་ཞེས་བྱ་བ་ནི ་ཚད་མེད་པའོ། །ཡང་དག་འབྱུང་ཞིང་ལེགས་འཁྱུད་པ་ཞེས་བྱ་བ་ནི་གལ་ཏེ་རྙེད་མ་གཞན་དང་མི་འགྲོ་བ་ཉིད་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་རིག་མ་བཞི་མངོན་པར་སྦྱར་བ་བྱས་ལ་ངེས་ཇི་ལྟ་བ་བཞིན་དུ་མཆོད་པར་བྱེད་པ་ནི་རྣལ་འབྱོར་པ་དེ་དེ ་བཞིན་གཤེགས་པ་ཐམས་ཅད་རང་གི་དམ་ཚིག་གིས་འཁྱུད་པའི་སྐུ་སྤྲོ་བར་བསྒོམ་པར་བྱ་སྟེ། འདིས་ནི་གསང་བའི་རྣལ་འབྱོར་བཤད་པ་ཡིན་ནོ། །ནང་གི་གསང་སྔགས་བཟླས་བརྗོད་ཅིང་ཞེས་བྱ་བ་ནི་ནང་གི་བཟླས་པས་སོ། །དེ་ཉིད་སྤྱོད་ཡུལ་བ་ཞེས་བྱ་བ ་ནི་རང་གི་ལྷའི་རྣལ་འབྱོར་གྱི་ཡུལ་ཏེ། འདིས་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གསུངས་པ་ཡིན་ནོ། །རྣལ་འབྱོར་འདི་ལ་ནི་ནུ་མ་འཛིན་པ་མེད་པས། སྡིགས་མཛུབ་ལ་སོགས་པས་ཅི་རིགས་པར་གཟུང་ངོ། །འདིས་ཡང་འམ་གྱི་སྒྲ་ནི་ཕྱོགས་གཞན ་སྟོན་པར་བྱེད་པ་ཡིན་པར་ཤེས་པར་བྱ་སྟེ། སྒོམ་པ་པོ་གཅིག་གིས་གསུམ་ཆར་བྱ་བར་མི་རིགས་པས་སྒྲུབ་པ་པོ་གཅིག་གིས་དེ་ཁོ་ན་ཉིད་དང། གསང་བ་དང་གསང་བ་ཆེན་པོ་རྣམས་རིམ་བཞིན་དུ་བསྒོམ་པར་བྱའོ་ཞེས་ཤེས་པར ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་ཉེ་བར་བཀོད་དེ། ཏིང་ངེ་འཛིན་འདིའི་རིམ་པ་ནི་འོག་ནས་བཤད་པའི་ཏིང་ངེ་འཛིན་རྣམས་ལ་ཡང་འདི་བཞིན་ཤེས་པར་བྱ་སྟེ། ལ་ལར་དེ་ཁོ་ན་ཉིད་ལ་སོགས་པར་སྟོན་པའི་ཕྱིར་རོ། །དེ་ཡང་ཉེ་བར་མཚོན་པ་ནི་ཏིང་ངེ ་འཛིན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཞེས་པ་ལྷ་ཐམས་ཅད་ལ་དམིགས་པའི་བདག་ཉིད་ཅན་གྱི་སྟོབས་ཏེ་ཐོགས་མ་མེད་པའི་ནུས་པ་རྫོགས་པར་བྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས ་ཤེས་པར་བྱ་བ་སྟེ། དེ་འགེངས་ཤིང་རྫོགས་པར་བྱེད་པའི་བཅོམ་ལྡན་འདས་ནི་དེའི་ངོ་བོས་རྣལ་འབྱོར་པའི་སེམས་ལ་བསྐྱེད་པར་མཛད་པ་རྣམ་པར་སྣང་མཛད་གང་ཡིན་པ་དེ་ལ་དེ་སྐད་བྱ་སྟེ། དེ་ཉིད་ལ་དམིགས་པའི་དོན་འདིས་འགྲོ་བའི་དོན ་བྱེད་པའི་ཕྱིར་ཏིང་ངེ་འཛིན་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཤད་པར་སྐུ་གསུང་ཐུགས་ཀྱི་རིམ་པ་དང། རྗེས་སུ་མཐུན་པའི་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་གསུངས་ཏེ། ཨོཾ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཉིད་ཡི་གེ་ཨ ་ཡིན་པར་ཤེས་པར་བྱ་སྟེ། ཐམས་ཅད་དུ་ཡང་ཡེ་ཤེས་ཇི་ལྟ་བ་ཉིད་གསང་སྔགས་ཀྱི་ཡི་གེ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །ཚིག་གིས་ལམ་ཞེས་བྱ་བ་ནི་ལུང་གི་ཆོས་མ་ལུས་པའི་ངོ་བོ་ཉིད་དུ། དབུ་རྒྱན་ཐམས་ཅད་མཁྱེན་པས་བྱས ་ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པ་ནི་འོད་དཔག་ཏུ་མེད་པ་སྟེ། ངེས་དབུ་རྒྱན་བྱས་པ་ནི་གཙོ་བོའི་རིན་པོ་ཆེའི་དབུ་རྒྱན་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །གདན་ནི་བཞི་དང་ལྡན་ཞེས་བྱ་བ་ནི་ཟླ་བའི་གདན་ཏེ་ཉེ་བར་མཚོན་པ་འདིས་ནི ་གཞན་དག་གི་ཡང་གདན་དུ་ཟླ་བ་འབྱུང་བ་ཡིན་པ་ཡིན་ནོ། །ལ་ལ་ནི་ལྷ་མོ་བཞི་དང་གདན་ཅིག་པས་གདན་ནི་བཞི་དང་ལྡན་ཞེས་བྱ་བའོ་ཞེས་ཟེར་རོ། །ཕྱག་གཉིས་པདྨ་རྣམ་པར་འབྱེད་ཅེས་བྱ་བ་ནི་གཡོན་པའི་པདྨའི་ཁུ་ཚུར་གྱིས་པདྨའི་སྡོང་བུ་གཡོན་པའི ་སྟ་ཟུར་གྱི་གནས་སུ་འཛིན་ལ། གཡས་ཀྱི་པདྨ་ཁུ་ཚུར་གྱིས་རང་གི་སྙིང་གེར་པདྨའི་འདབ་མ་བྱེད་པ་ལ་བརྩོན་པ་སྟེ། འདིར་དེ་ལ་ལྟ་ཞིང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ཚིག་གི་ལམ་ཞེས་བྱ་བ་ནི་རྟོགས་པའི་ཆོས་མ་ལུས་པའི་ངོ་བོའོ། །རྣམ ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །མཆོད་ནི་ཕུལ་དུ་བྱུང་བའོ། །རྒྱ་ཆེ་བ་ནི་ཡུལ་ན་གནས་པ་དང་གསལ་བ་དང་རྫོགས ་པ་ཉིད་དང་ལྡན་པའོ། །ཆོས་ཀྱི་རྒྱལ་པོ་ནི་ཆོས་གཉིས་ཀའི་བདག་པོ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ཧཱུཾ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཡི་གེ་ཧཱུཾ་ངོ། །མཐིང་ཤིང་བཟང་པོ ་ཞེས་བྱ་བ་ནི་སྐུ་མདོག་མཐིང་ཤིང་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མི་འཁྲུགས་ཅོད་པན་ཅན་ཞེས་བྱ་བ་ནི་མི་བསྐྱོད་པ་ཅོད་པན་ལ་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་ཤར་དུ་མི་བསྐྱོད་པ་བྲི་པར་བྱའོ་ཞེས་གང ་བཤད་པ་དེར་རྡོ་རྗེ་སེམས་དཔའ་བྲི་བར་རིགས་པ་ཡིན་ནོ། །དབུ་རྒྱན་ཐམས་ཅད་མཁྱེན་པས་བྱས་ཞེས་བྱ་བ་འདིས་ནི་འོད་དཔག་མེད་ཀྱི་གནས་སུ་ཡང་འཇིག་རྟེན་དབང་ཕྱུག་གོ། འདི་དག་གི་རྗེས་སུ་འབྲངས་པས་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི ་གནས་སུ་ཡང་རང་གི་དེ་བཞིན་གཤེགས་པས་དབང་བསྐུར་བ་དང། ཤིན་ཏུ་འབྲེལ་པའི་འཁོར་ལོས་བསྒྱུར་བ་གཉིས་དྲིས་སྟེ། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། །རྡོ་རྗེ་རིན་ཆེན་དགོས་འདོད་འབྱུང། །རྡོ་རྗེ་ཆོས་ནི་འཇིག་རྟེན་དབང། །རྡོ་རྗེ་ལས་ནི་རབ ་སྒྲུབ་སྩོལ་ཞེས་གསུངས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉིད་མི་བསྐྱོད་པ་ལ་སོགས་པའི་སྒྲ་བཤད་པ་ལ་ཉེས་པ་མེད་དོ། །རོལ་པའི་སྟབས་སུ་ལེགས་པར་ཞུགས་ཞེས་བྱ་བ་ནི་སྟན་གྱི་མདུན་དུ་མཐོ་གང་གིས་མཆོད་པར ་རྐང་པ་བཞག་ནས་ཕྱོགས་གཉིས་སུ་བརྒྱད་སྟེ། གཡོན་ཕྱོགས་ཅུང་ཟད་དབབ་པར་བྱའོ་ཞེས་བྱ་བའི་མཚན་ཉིད་ཅན་ཏེ་དེས་གནས་པའོ། །ལ་ལ་ན་རེ་གང་རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་པས་འདུག་པར་བྱའོ། །ཞེས་ཟེར་རོ། །དེ་ལྟར་ཀུན་ཏུ ་ཁྱབ་པ་ཉིད་ཅེས་བྱ་བ་འདིར། དེ་དག་གིས་ཞེས་ཉེ་བར་སྦྱར་བར་བྱའོ། །དེ་བཞིན་དུ་རིགས་ལ་སོགས་པ་རྣམས་ལ་ཡང་དེ་ལྟར་ཤེས་པར་བྱའོ། །རྒ་ཤི་རྣམས་ཀྱི་ཕ་རོལ་འགྲོ་ཞེས་བྱ་བ་ནི་དེ་དང་བྲལ་བའི་དོན་ཏོ། །སེམས་ཆེན་པོ་ཞེས་བྱ ་བ་ལ་སོགས་པ་ལ་སེམས་ཆེན་པོ་ནི་གཉིས་ཀྱིས་དབེན་པའོ། །དེའི་རྫོགས་པར་བྱེད་པ་ནི་གདུལ་བྱ་རྣམས་ཀྱི་སེམས་རང་བཞིན་གྱིས་རྣམ་པར་བྱང་བ་ཉིད་དུ་གནས་པའི་མི་བདེན་པའི་ཀུན་ཏུ་རྟོག་པ་གསལ་བ་དེ་ལྟར་རྫོགས་ཤིང་དོན་དེ ་ཀུན་ནས་མཐར་ཕྱིན་པར་བྱེད་པ་དེའི་སྟོབས་དེ་ནུས་པ་གང་ཡིན་པ་དེ་ཉིད་མཛའ་ཡས་པའི་ཏིང་ངེ་འཛིན་རྡོ་རྗེའི་རྒྱལ་པོ་ལ་སོགས་པའི་ངོ་བོ་ཉིད་ནི་རྒྱལ་པོ་སྟེ། གཙོ་བོར་གྱུར་པ་བཅོམ་ལྡན་འདས་ཐུགས་རྡོ་རྗེ་དེ་སྟོན་པའི་ཕྱིར་རོ། ། ་དེ་ཉིད་ནི་རྡོ་རྗེའི་ཤུགས་ཏེ་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པ་ལ་ཐོགས་པ་མེད་པའི་ཕ་རོལ་གནོན་པ་དང་ལྡན་པའི་ཕྱིར་རོ། །དེ་ལ་དམིགས་པས་ན། ཏིང་ངེ་འཛིན་དེ་ལས་མིང་དེ་སྐད་ཅེས་བྱའོ། །ཏྲཾ་གི་ཡེ་ཤེས་ལས་བསྒྲུབས་པ་ཞེས་བྱ་བ ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་ཀྱི་ཡེ་ཤེས་ཉིད་ཡི་གེ་ཏྲཾ་སྟེ། དེ་ལས་བསྒྲུབས་པ་ནི་དེ་བཞིན་དུ་གཞན་དག་གིས་ཇི་ལྟ་བ་བཞིན་དུ་འདི་ཉིད་བསྒོམས་པས་འཚང་རྒྱ་བ་ཉིད་ཐོབ་པའི་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཐམས་ཅད་ལ་ཡང ་འབྲས་བུ་ཉེ་བར་ལེན་པའི་གཞིར་གྱུར་པས་ན་ལྷ་རྣམས་དང་རྗེས་སུ་མཐུན་པའི་གཟུགས་སུ་གདགས་ཏེ། གདུལ་བྱ་རྣམས་འབྲས་བུ་ལ་གཞོལ་པས་འཇུག་པའོ། །རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་ནི་རིན་པོ་ཆེའི་རིགས་སོ། །རིན་ཆེན་མངོན་པར ་མཐོ་བ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དུ་འབྱུང་བའོ། །དེའི་ཡེ་ཤེས་ནི་དེས་བསྐྱེད་པ་སྟེ་ཡེ་ཤེས་ཀྱི་ཚོགས་ཀྱིས་འབྲས་བུ་སྩོལ་བས་རིན་ཆེན་འབྱུང་ལྡན་ཏེ། ཏིང་ངེ་འཛིན་དེ་ལ་ཡང་མིང་དེ་སྐད་ཅེས ་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཁཾ་གིས་ཡེ་ཤེས་ལས་བསྒྲུབ་པ་ཞེས་བྱ་བ་ལ་ཡེ་ཤེས་ནི་བྱ་བ་ནན་ཏན་བསྒྲུབ་པ་སྟེ། དེ་ཉིད་ཡི་གེ་ཁཾ་ཡིན་ནོ། །ཁཾ་གི་ཡེ་ཤེས་ལས་བསྒྲུབས་པ་ནི་ངེས་པར་འབྱུང་བའོ། །ཏིང ་ངེ་འཛིན་ཕྱག་རྒྱ་ལེགས་པར་ཞུགས་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་བསམ་གཏན་གྱི་ཕྱག་རྒྱས་ཤིན་ཏུ་ལེགས་པར་ཞུགས་པའོ། །མར་ཀ་ཏའི་འོད་ལྟར་འབར་བ་ཞེས་བྱ་བ་ནི་སྐུ་མདོག་མར་ཀ་ཏའི་འོད་འབར་བ་སྟེ། ལྗང་གུ ་ཞེས་བྱ་བའི་དོན་ཏོ། །ལ་ལ་དག་ནི་འོད་ཀྱི་དཀྱིལ་འཁོར་མར་ཀ་ཏ་ལྟ་བུའོ་ཞེས་ཟེར་མོད་ཀྱི་དེ་ནི་མི་རིགས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་མདོག་འཆད་པའི་སྐབས་ཡིན་གྱི་འོད་ནི་མ་ཡིན་ནོ། །ལེགས་པར་འགྲུབ་ཕྱིར་སླར་ཡང་སྡུད་ཅེས་བྱ་བ་ནི་སེམས ་དབང་དུ་གྱུར་པ་ལེགས་པར་འགྲུབ་པའི་ཕྱིར་སྤྲོས་པ་རྣམས་སླར་ཉེ་བར་སྡུད་པ་སྟེ། འདི་ཡང་རྣལ་འབྱོར་པའི་རིམ་པ་བསྟན་པའི་ཕྱིར་བཤད་པ་ཡིན་ཏེ། འདིའི་འོག་མ་རྣམས་ལ་ཡང་འདི་བཞིན་ཁོང་དུ་ཆུད་པར་བྱའོ། །འོད་ཟེར་ཆེན་པོས་རབ ་གསལ་ཞིང་ཞེས་བྱ་བ་ལ་འོད་ཟེར་ཆེན་པོ་ནི་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཆོས་ཀྱི་སྐུའོ། །དེ་དང་འདྲ་བ་ནི་དེའི་རྒྱུ་མཐུན་པ་ལས་བྱུང་བ་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་འཛིན་པའི་ཞེས ་བྱ་བའི་དོན་ཏོ། །ནམ་མཁའ་ཨི་སྙིང་པོ་ནི་ནམ་མཁའ་ཨི་སྐྱེ་གནས་ཅན་ནོ། །ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་དང། ཁྱབ་པ་ཉིད་དང། ཐམས་ཅད་ཀྱི་གནས་སུ་གྱུར་པ་ཉིད་ལ་སོགས་པས་མཉམ་པས་ན་ནམ་མཁའ་དང་མཉམ ་པའོ། །གཏན་ཚིགས་དེ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་སྤངས་པའི་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་དང་མཉམ་པར་འདུ་བྱེད་ཐམས་ཅད་ཀྱི་གོ་འབྱེད་པ་གང་ཡིན་པ་སྟེ། དེ་ཉིད་ནི་བྱ་བ་བསྒྲུབ་པའི་ཡེ་ཤེས་ཡོངས་སུ་གྱུར་པ ་ལས་བྱུང་བས། ཡེ་ཤེས་ཀྱི་རྡོ་རྗེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་ནས་འོག་འདིར་རིགས་ཀྱིས་བསྡུས་པའི་ཡེ ་ཤེས་ཀྱི་ཆ་རྣམས་ཡིན་པར་ཤེས་པར་བྱའོ། །རྒྱན་ཅེས་བྱ་བ་ནི་དམ་ཚིག་ཕྱག་རྒྱའི་ཚུལ་གྱིས་མཉེས་པར་བྱེད་པའོ། །འོད་དམར་འོད་ཟེར་ཕྲེང་བ་ཅན་ཞེས་བྱ་བ་ནི་འོད་དམར་པོ་དང་འོད་ཀྱི་ཕྲེང་བ་དམར་པོ་གང་ལ་ཡོད་པའོ། །དེ་བས་ན་དེ་ནི་ལྷ་རྣམས ་འཇིགས་པས་སེམས་མྱོས་ཏེ། ཞེས་བྱ་བ་སྟེ། གང་གིས་ལྷ་རྣམས་ནི་ལག་པ་ཐལ་མོ་སྦྱར་བར་བྱེད་ཅེས་བྱ་བ་སྟེ། ལག་པ་གཉིས་ཀྱིས་སོར་མོ་ཐམས་ཅད་ཀུན་ནས་ཐལ་མོ་སྦྱར་བ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བྱང་ཆུབ་ཡན ་ལག་འབྲས་བརྒྱན་པའི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་ནི་སྦྱིན་པ་ལ་སོགས་པ་འམ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེའི་འབྲས་བུ་ནི་འཚང་རྒྱའོ། །དེ་ཉིད་ནི་བརྒྱན་ཏེ་སྙིང་པོ་ཡིན་ལ་དེ་རྟོགས་པའི་སྦྱོར་བ་ལས་ཡང་དག་པར་འབྱུང ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་དེ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ནི་ཆོས་བདག་མེད་པའི་མཚན་ཉིད་ཅན་ནོ། །སྤྱན་ནི་ཆོས་རྣམས་གཉིས་སུ་མེད་པ་དང་དབེན་པར་རྟོགས་པའི་མཚན་ཉིད་ཅན ་གྱིས་སྣང་བར་བྱེད་པ་ནི་སོ་སོར་སྣང་པའི་ཡེ་ཤེས་ཏེ། རེ་ཉིད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཤིགས་པས་ན་རྡོ་རྗེའོ་དེའི་འཇོ་ཚུལ་ནི་རྣམ་པར་རོལ་པ་སྟེ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་སྔོན་གྱི་འཕེན་ཤུགས་ཀྱི་སྤྱོད་བས་མཛད་པ་གང ་ཡིན་པ་སྟེ། བཅོམ་ལྡན་འདས་ཡུམ་སངས་རྒྱས་སྤྱན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེའི་གདན་ཅན་ཞེས་བྱ་བ་ནི་རྡོ་རྗེའི་གདན་ལ་བཞུགས་པ་སྟེ། རྣམ་པར་མི་གཡོ་བའི་གདན་བརྙེས་པའི་དོན་ཏོ ་ལ་ལ་དག་ན་རེ་རང་གི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སྐྱེས་བུའི་ཚུལ་གྱིས་ཉེ་བར་གནས་པས་ཉེ་བར་བཞུགས་པའོ། །ཉེ་བར་མཚོན་པ་འདིས་ནི་ལྷ་མོ་ཐམས་ཅད་ཀྱང་ཚུལ་འདི་ཉིད་དོ། །ཞེས་ཟེར་རོ། །རྒོད་ཅིང་ཞེས་བྱ་བ་ནི་དབུས་དང་གཡས་ཀྱི་ཞལ་ལོ། ་ཞལ་རས་ཁྲོ་བག་བཅས་ཞེས་བྱ་བ་ནི་ཞལ་དབུས་མའི་གཡོན་པའི་ཆ་ཁྲོ་བག་ཏུ་བཅས་ལ་ཞལ་གྱི་ཆའི་ཕྱེད་ནི་རྒོད་བག་ཏུ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤིན་ཏུ་གདུག་པའི་ཅིག་ཤོས་རྣམས་ཚར་གཅོད་པ་དང་རྗེས་སུ་གཟུང་བའི ་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །གཡོན་པ་སྡིགས་པ་མཛུབ་མོ་སྟེ་ཞེས་བྱ་བ་ནི་ཕྱག་གཡོན་པའི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་ཁྲོ་བོའི་སྡིགས་མཛུབ་མཛད་པས་གནས་ཤིང་དེ་ཉིད་ལ་དེ་གཟིགས་ཞེས་བྱ་བའི་དོན་ཏོ། །དངོས་མེད་དངོས་པོའི ་མཚན་ཉིད་ཅན་ཞེས་བྱ་བ་ནི་དངོས་པོ་རྣམས་མེད་ཅིང་མིག་ཡོར་ལྟ་བུའི་ཚུལ་གྱིས་གཟུགས་ཆེན་པོའི་དངོས་པོའི་མཚན་ཉིད་ཅན་གྱི་ཁམས་གསུམ་ལྟ་བུའི་རྣམ་པར་འཇུག་པའི་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ ་སྟེ། དོན་དམ་པར་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་མོས་ཤིང་དད་པའི་རྗེས་སུ་འགྲོ་བའི་སེམས་ཀྱིས་སོ། །སྒྱུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ་འཕྲུལ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པའི ་བདག་ཉིད་ཅན་ནོ། །དེའི་འབྱུང་བ་ནི་གདུལ་བྱ་རྣམས་ཀྱིས་སྐལ་པ་ཇི་ལྟ་བཞིན་དུ་བསྟན་པའོ། །དེའི་རྒྱུ་སྟོབས་ཀྱི་ཡེ་ཤེས་ནི་ཡེ་ཤེས་བཅུའི་སྟོབས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ནུས་པའོ། །དེ་དང་ལྡན་པ་དང་ཉིད་ནི་བཅོམ་ལྡན ་འདས་ཡུམ་མཱ་མ་ཀཱིའོ། །ཟབ་མོ་ནི་འཕགས་པ་མ་ཡིན་པས་ངོ་བོ་ཉིད་མི་རྟོགས་པའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མི་འཇིགས་སྦྱིན་མཛད་མ་ཞེས་བྱ་བ་ནི་ཕྱག་དང་པོས་སོ།། སངས་རྒྱས་ཀྱི་སྐུ་རྣམས ་འབྱུང་བ་བསྒོམ་པར་གྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་རྣམས་འབྱུང་བ་ཉིད་དེ་དེ་ལྟ་བུའི་ལུས་ངག་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྤྲུལ་པ་རྣམས་སྤྲུལ་པར་མཛད་ཅེས་བྱ་བའི་དོན་ཏོ། །རིན་ཆེན་སྐུར་ནི་ཞེས་བྱ་བ་ནི་རང་གི་ལུས་རིན ་པོ་ཆེ་སྟེ། འདི་ནི་གཉིས་སུ་མེད་པའི་སྦྱོར་བ་གསུངས་པ་ཡིན་ནོ། །གཉིས་སུ་སྦྱོར་བའི་མིང་ཡང་འདི་ཉིད་ལས་ཉེ་བར་མཚོན་པར་བྱའོ། །པདྨའི་ཞེས་བྱ་བ་ལ་སོགས་པ་ལ། །པདྨའི་གཟུགས་ཀྱིས་ནི་ཇི་ལྟར་པདྨ་རབ་དམར་ཡང་ཞེས་བྱ་བའི་དཔེས ་བསྟན་པས་ན། འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་རྣམ་པར་ཐར་པའི་སྒོའི་ངོ་བོ་ཉིད་ཀྱིས་སོ། །རྣམ་པར་རོལ་པ་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རྣམ་པར་བརྩེ་བའོ། །དེས་སངས་རྒྱས་རྣམས་ཀྱིས་སམ་སངས་རྒྱས་རྣམས་བཞིན་དུ་རྒྱལ ་མཚན་ཉིད་ཅན་ཐོབ་ཅིང་བརྙེས་པ་སྟེ། ཡུམ་གོས་དཀར་མོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་རྡོ་རྗེའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ་སྒེག་པའི་ཆ་ལུགས་ལ་གནས་པ་ཞེས་བྱ་བ་ནི་ཅུང་ཟད་གཤེད་པའི་ཚུལ་ཅན་ནོ་མ་ར་ཀ་ཏ་འོད་དང་ལྡན་ཞེས་བྱ་བ་ནི་མ་ར་ཀ་ཏ་ལྟ་བུའི་འོད་ཟེར་གྱི་མདངས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐུ་མདོག་ལྗང་གུ་ཞེས་བྱ་བའི་དོན་ཏོ། །སངས ་རྒྱས་སྒྲོ་བ་ཀུན་ཏུ་འཁྲུག་ཅེས་བྱ་བ་ནི་སངས་རྒྱས་ཀྱང་ཡིན་ལ་སྤྲོ་བར་མཛད་པ་ཡིན་པས་ན་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱི་སྐུ་ལ་ཁྱབ་པའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་དབང་དུ་བྱས་པ་དེ་ལ་རག་ལས ་པ་ཉིད་ཀྱིས། ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་བཞུད་ཅིང་འགྲོ་བས་ན་དེ་ལ་དེ་སྐད་ཅེས་བྱ་ལ། ངོ་བོ་ཉིད་དེ་ལ་མངོན་པར་དགའ་བའི་རྣལ་འབྱོར་པའི་སེམས་ཅན་རྣམས་སྨིན་ཅིང་དགའ་བར་བྱེད་པ་སྟེ་དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ ་བའི་དོན་ནི་བཤད་ཟིན་ཏོ། །སེམས་མ་ཞེས་བྱ་པ་ལ་སོགས་པ་ནི་རྡོ་རྗེ་སེམས་མ་དང། རྡོ་རྗེ་རིན་ཆེན་མ་དང་རྡོ་རྗེ་ཆོས་མ་དང། རྡོ་རྗེ་ལས་མའོ། །ཞེས་བྱ་བ་ནི་མཚན་དེ་སྐད་ཅེས་བྱ་བའོ། །རོལ་པས་རྗེས་སུ་མཉེས་མཛད་མ་ཞེས་བྱ་བ་ནི་སྒེག་པ་དང ་རྗེས་སུ་མཐུན་པས་རོལ་མཛད་པའོ། །ཇི་ལྟར་རིགས་པ་ཞེས་བྱ་བ་ནི་རང་གི་བདག་པོའི་ས་བོན་ལས་བསྒྲུབས་པ་སྟེ། ཁ་དོག་དང་གཟུགས་དང་ཕྱག་མཚན་ཡང་དེ་དང་འདྲ་བ་འཆང་བ་ལས་རྡོ་རྗེ་སེམས་མ་དང། རྡོ་རྗེ་ཆོས་ལ་ནུ་མ་འཛིན་པ ་མེད་པ་དེའི་ཕྱག་གཉིས་པ་སྡིགས་མཛུབ་དང་ཞགས་པ་འཛིན་པར་བྱའོ། །འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པའི་བདེན་པ་བཞི་ནི་མི་བསྐྱོད་པ་ལ་སོགས་པའི་སྟེ། དེ་ཐབས་དང་ཤེས་རབ་ཀྱི་བདེན ་པས་དགའ་ཞིང་མཉེས་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྐུ་གསུམ་རྒྱལ་བ་བྱེ་བ་ཕྲག་བདུན་གྱིས་ཞེས་བྱ་བ་ནི་ཆོས་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུའི་བདག་ཉིད་ཅན་གྱི ་རྒྱལ་བ་བྱེ་བ་ཕྲག་བདུན་གྱིས་ཡང་དག་པར་སྟོན་པའོ། །གསང་སྔགས་གླུ་ཡིས་ཞེས་བྱ་བ་ནི་གསང་སྔགས་གསུངས་པས་སོ། །བསྟོད་ཅེས་བྱ་བ་ནི་རྣམ་པར་མཁྱེན་ཅིང་བསྔགས་པར་མཛད་པའོ། །ཡི་གེ་དགུ ་པ་ཞེས་བྱ་པ་ནི། ཨོཾ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐབས་དགུ་ཅན་ཞེས་བྱ་བ་ནི་སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་ཁྲོ་དང་འཇིགས་རུང་དང། །སྙིང་རྗེ་རྡེམ?་དང་ཞི་བ་ནི། །གང་ཐབས ་དགུ་?་ཤེས་པར་བྱ་ཞེས་བྱ་བ་སྟེ། དེ་རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གདུལ་བྱ་རྣམས་ཀྱི་བསམ་པའི་བྱེ་བྲག་གིས་དེ་དག་དང་ལྡན་པས་དེ་སྐད་གསུངས་པ་ཡིན་ནོ། །ལྷ་དགུ་ཡིས་ནི་གནས་སུ་མཛད་ཅེས་བྱ་བ་ནི་ལྷ་དགུས་གཞིར ་མཛད་པའི་རྒྱལ་བའི་གནས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་གྱིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཨོཾ་ལས་སྤྱི་བོར་རྣམ་པར་སྣང་མཛད་དེ་སེར་པོ་ཙ་ལས་མིག་ཏུ་འཁོར་ལོས་སྒྱུར་བ་སྟེ་སེར་པོ། །ལེ་ལས་མགྲིན་པར་མི་གཡོ་བ་སྟེ་ནག་པོ། །ཙུ་ལས ་སྙིང་གར་གཙུག་ན་ནོར་བུ་སྟེ་དམར་པོ། །ལེ་ལས་དཔུང་མགོར་དོན་ཡོད་པའི་ཞགས་པ་སྟེ་ནག་པོ། །ཙུ་ལས་ལྟེ་པར་སྐུལ་བྱེད་མ་སྟེ་དཀར་པོ། །དེ་ལས་བརླ་གཉིས་སུ་རྡོ་རྗེ་འཆང་པ་སྟེ་ནག་པོ། །སྭཱ་ལས་བྱིན་པ་གཉིས་སུ་རལ་པ་གཅིག་མ་སྟེ་ནག་པོ། །དཱ་ལས་རྐང ་པ་གཉིས་ཀྱི་སྟེང་དུ་རྡོ་རྗེ་སེན་མོ་ཅན་དཀར་བོ་སྟེ་དེ་དག་བཞུགས་པའོ། །སྟོན་ཀའི་ལྡམ་བུའི་མདོག་ཅེས་བྱ་བ་སྐུ་མདོག་སྟོན་ཀའི་ལྡམ་བུའོ་ཞེས་བྱ་བའི་དོན་ཏོ། །ན་ཆུང་སྐལ་ལྡན་དར་ལ་བབ་ཅེས་བྱ་བ་ན་ཚོད་གཞོན་ཞིང་དར་ལ་བབ་པ་དང་ལྡན་པའོ།། ་རིག་སྔགས་ཐམས་ཅད་སྒྲོལ་མཛད་མ་ཞེས་བྱ་བ་ནི་ལྷ་མོ་ཐམས་ཅད་ཀྱི་ནང་ན་ཡུམ་འདི་ནི་ཤིན་ཏུ་ཡང་སེམས་ཅན་རྣམས་སྒྲོལ་པར་མཛད་དོ། །ཞེས་བྱ་བའི་དོན་ཏོ། །ཞལ་དང་པོ་སྐུ་མདོག་དང་མཐུན་ལ་གཡས་གཡོན་ན་གནས་པའི་ཞལ་གཉིས་ཀྱི་སྐུ ་མདོག་བསྟན་པ་ནི་ཞལ་དབུས་མ་དང་སྐུའི་མདོག་ཅན་ཉིད་ཡིན་ཏེ། ཐམས་ཅད་དུ་ཡང་དེ་བཞིན། མཆེ་བཟླ་བ་ཆོས་པ་འདྲ་ཞེས་བྱ་བ་ནི་ཚེས་གཅིག་གི་ཟླ་བ་ལྟ་བུའོ། །ལྗགས་ནི་གློག་བཞིན་བསྐྱོད་པར་མཛད་ཅེས་བྱ་བ་ནི་ལྕེ་གློག་ལྟར་གཡོ་བའི ་ཚམས་ཀྱི་སྒྲོས་གནོན་རྣམ་པར་གདངས་ཞེས་བྱ་བ་ནི་མ་མཆུའི་སྒྲོས་ཚེམས་ཀྱིས་མནན་ནས། རྣམ་པར་གདངས་པ་ནི་ཅུང་ཟད་གདངས་པའོ། །རྩ་བའི་ཕྱག་རྒྱ་ཞེས་བྱ་བ་ནི་འོག་ནས་བཤད་པས་སོ། །སེ་གོལ་གཏོགས་ཞེས་བྱ་བ་ནི་བ་དན་གསུམ་པའི་ཕྱག་གིས ་སེ་གོལ་གཏོགས་པའི་ཚུལ་ལོ། །སྟོད་གཡོགས་པད་པར་རྣམ་པར་བཅིངས་ཞེས་བྱ་བ་ནི་སྟེང་ནས་བླ་གོས་གྱོན་པ་པད་པར་བཅིངས་ཞེས་བྱ་བའི་དོན་ཏོ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་ཞེས་བྱ་བ་ནི་ཀུན་བརྗོད་པ་ལ་སོགས་པའི་ཆ་འཕྲུལ་རྣམ་པ་སྣ ་ཚོགས་པ་གང་ཡིན་པ་དེ་དང་ངོ། །ཐལ་མོ་སྦྱོར་བར་བྱེད་ལ་བརྩོན་ཞེས་བྱ་བ་ནི་ཐལ་མོ་སྦྱོར་བའོ། །ལ་ལ་ན་རེ་ལག་པ་སྦྱར་བ་བྱས་པའོ། །ཞེས་ཟེར་རོ། །རྒྱལ་བ་མཛའ་ཡས་པ་ཞེས་པ་ལ་སོགས་པ་ལ། རྒྱལ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། ་མཛའ་ཡས་པ་ནི་ཚད་མེད་པའོ། །དེ་རྣམས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་སྟེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་ཡུམ་སྐུལ་བྱེད་མ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་སྟོབས་ཏེ་ངེས་ལྷ་དགུའི་ཚོགས་ཀྱི་རྡོ་རྗེ་གང་དུ་། ་པ་རྣམས་?་རྣམ་པར་རྒྱལ་བས་ན་དེ་སྐད་ཅེས་བྱ་སྟེ་དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསེར་གྱི་མདོག་དང་ལྡན་ཞེས་བྱ་བ་ནི་སེར་པོའོ། །རོལ་སྟངས་སྟབས་ཀྱིས་གནས་པས་གནོན་ཞེས་བྱ་བ་ནི་རོལ་པའི ་སྟང་སྟབས་ཀྱི་མཚན་ཉིད་ནི་སྔར་བཤད་པ་སྟེ་དེ་ཉིད་ནི་གཞིར་གྱུར་པས་གནས་ཏེ། དེས་གནོན་ཅིང་བདག་གིར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རོལ་པའི་སྟང་སྟབས་ཀྱིས་བཞུགས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྤྲིན་འཕྲོས་ཐོབ་པར ་མཛད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲིན་སྤྲོས་པས་ཐོབ་པར་མཛད་ཅེས་པ་གདུལ་བྱའི་སྐྱེ་པོ་རྣམས་ཀྱི་ཡེ་ཤེས་བསྐྱེད་པར་མཛད་པས་དེ་སྐད་ཅེས་བྱའོ། །ཆོས་མཛོད་ཅེས་བྱ་བ་ནི་ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་སུ་གྱུར་ཅེས་བྱ་བའི་དོན་ཏོ། སངས་ ་རྒྱས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམས་ཀྱི་སྤྲིན་ནི་ཚོགས། །སངས་རྒྱས་ཀྱི་སྤྲིན་དེའི་ཡེ་ཤེས་ཇི་སྐད་དུ་བཤད་པ་ནི་རྙེད་པར་དཀའ་བས་ན་རིན་པོ་ཆེ་སྟེ། སངས་རྒྱས་ཀྱི་སྤྲིན་ཡེ་ཤེས་དེ་ཉིད་ལ་དེ་སྐད་ཅེས་བྱའོ།། ་ངེས་སྔོན་གྱི་སྨོན་ལམ་ཉེ་བར་བསགས་པས་སྣང་བར་གྱུར་ཅིང་འགྲོ་བ་མ་ལུས་པའི་ཡིད་ལ་འདོད་པའི་དོན་རྫོགས་པར་མཛད་པ་ཉིད་དུ་སོ་སོར་སྣང་བར་བྱེད་པ་སྟེ་རིན་ཆེན་སྒྲོལ་མ་ལ་དེ་སྐད་ཅེས་བྱའོ། །དམིགས་པ་ཞེས་བྱ་བ་སོགས་པའི་དོན་ནི་བཤད ་ཟིན་ཏོ། །སྟོན་ཀའི་ཟླ་བའི་འོད་དང་མཚུངས་ཞེས་བྱ་བ་ནི་དཀར་བའོ། །པདྨ་ལ་བཞུགས་པ་ཞེས་བྱ་བ་ནི་པདྨ་དེ་ལ་བཞུགས་པའོ། །གལ་ཏེ་དེ་སྐད་བཤད་མོད་ཀྱི་འོན་ཀྱང་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཏེ་བསྐྱེད་པའི་རིམ་པ་ལས་བྱུང་བ་ཡིན་པའི ་ཕྱིར་རོ། །རོལ་བའི་སྟང་སྟབས་བརྩོན་པ་སྟེ་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་ཀྱིས་དེ་ལ་བཞུགས་ནས་གདུག་པ་རྣམས་བཟློག་པར་མཛད་པ་ལ་རབ་ཏུ་འབད་པས་བརྩོན་པར་མཛད་པའོ། །རྣམ་པར་བལྟ་བ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུ་གཟིཌ ་བའོ། །ཉལ་དང་ཞེས་བྱ་བ་ལ་འདིར་ནི་འཁོར་ལོའི་སྔགས་རྣམས་ཡིན་པར་ཤེས་པར་བྱ་སྟེ། འདིས་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་གསུངས་པ་ཡིན་ནོ། །འཇིགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེར་སྣ་ཉེ་བར་བསགས ་པས་རང་གི་སེམས་ཉིད་ཕྱི་དང་ནང་གི་བགེགས་རྣམས་སུ་སྣང་སྟེ་དེ་ལས་འཇིགས་པའོ། །དེ་འཇིག་པ་ནི་ཉེ་བར་ཞི་བ་སྟེ། དེ་འཇིག་པར་ནུས་པ་ནི་བདག་དང་བདག་གིར་གཉིས་སུ་རྟོགས་པ་ལ་ཀུན་ཏུ་སྤྱོད་པ་ལ་འཇུག་པའི་སེར་སྣ་སྤོང་བར་ནུས ་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ནི་རྡོ་རྗེ་སྟེ། དེའི་ངོ་བོ་ཉིད་དུ་གྱུར་པའི་དེ་ཉིད་དང་དེ་ཐོབ་པའི་ཐབས་ཀྱི་བདག་ཉིད་ཅན་དུ་གྱུར་པས་བཅོམ་ལྡན་འདས་ཡུམ་ཁྲོ་གཉེར་ཅན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི ་དོན་ནི་བཤད་ཟིན་ཏོ། །ཐམས་ཅད་བཅིང་བ་བསྐྱེད་པས་ཏེ། ཞེས་བྱ་བ་ནི་གདུག་པ་ཐམས་ཅད་ཀྱི་བཅིང་བ་སྟེ། བགེགས་བྱེད་པའི་ནུས་མེད་པའོ་དེ་བསྐྱེད་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་སེམས་ཅན་མ་རུངས་ངེས་འདུལ་བྱེད་ཅེས་བྱ་བ ་གསུངས་ཏེ། འདི་ཡང་རོལ་པའི་སྟང་སྟབས་ཀྱིས་བཞུགས་པའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི། །རྡོ་རྗེ་སྒྲོག་ནི་མི་བཤིགས་པའི་མཚན་ཉིད་ཅན་ནོ། །དེའི་འགྲོ་བ་ནི་ཇི་ལྟར་བཅིངས་པ་འདི་རྣམ་པར་མི་བཤིགས་པར་འགྱུར་ཞེས་རྟོག་པ་སྟེ། བཅོམ་ལྡན་འདས ་ཡུམ་རྡོ་རྗེ་ལུ་གུ་?་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཐུབ་པ་སྐྱེས་མཆོག་ཅེས་བྱ་བ་ནི་བར་ཆད་མེད་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སྟེ། དེས་ན་དེ་བཞིན ་གཤེགས་པ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་བཞུགས་ཞེས་བྱ་བ་ནི་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་གནས་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྲིན་རྣམས་དེ་བཞིན་འཕྲོ་བར་མཛད་ཅེས་བྱ་བ་ནི་སངས་རྒྱས་ཀྱི ་རྣམ་པའི་སྤྲིན་རྣམས་ཀྱིས་ཁམས་གསུམ་ཁྱབ་པར་མཛད་པ་དང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སྤྲིན་རྣམས་ཀྱང་འཕྲོ་བར་མཛད་དེ་ཞེས་བྱ་པར་སྦྱར་ཏེ། བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བྱམས་པའི་ཞེས་བྱ་བ་ལ་སོགས་པ་ལ ་བྱམས་པའི་སྟོབས་མངའ་བས་ན་བྱམས་པའི་སྟོབས་ཏེ་འཕགས་པ་བྱམས་པའོ། །ཡེ་ཤེས་ཉིད་ཀྱིས་བདུད་བཞི་ལས་རྒྱལ་བའི་མཚན་ཉིད་ཅན་ཡིན་པས་ན་རྣམ་པར་རྒྱལ་བ་སྟེ་དེ་ཉིད་ནི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད ་ཟིན་ཏོ། །ཤེས་རབ་ཡེ་ཤེས་མཆོག་ཐོབ་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མཆོག་ནི་ཆོས་བདག་མེད་པའི་མཚན་ཉིད་ཅན་ནོ། །ཟབ་མའི་ཚུལ་ནི་སྟོན་པ་པོ་ཞེས་བྱ་བ་ནི་དངོས་པོ་རྣམས་གཉིས་སུ་མེད་པར་སྟོན་པའོ། །ཟུར་ཕུང་གསུམ་ཞེས་བྱ་བ་ནི་ཟུར་ཕུད ་གསུམ་དང་ལྡན་པས་ན་དེ་སྐད་ཅེས་གསུངས་སོ། །འཇོ་སྒེག་ཐབས་ཀྱིས་རོལ་པ་སྟེ་ཞེས་བྱ་བ་ནི་ཤས་ཆེར་སྒེག་པའི་སྟང་སྟབས་དང་ལྡན་པའོ། །ཤེས་རབ་འཆང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བཾ་བསྣམས ་པའོ། །ཤེས་རབ་ཡོན་ཏན་མཆོག་གིས་ཀླུབས་ཞེས་བྱ་བ་ནི་སྒྲུབ་པ་པོ། །འཕགས་པ་འཇམ་དཔལ་གྱིས་ལྷའི་ང་རྒྱལ་གྱིས་བརྒྱན་པར་བྱས་པའོ། །སངས་རྒྱས་འདོད་པས་ཞེས་བྱ་བ་འཚང་རྒྱ་བར་ཡིད་ལ་འདོད་པས་སོ། །འཇམ་པའི་རབ ་མཆོག་གི་ཞེས་བྱ་བ་ལ་སོགས་པ་ལ་འཇམ་པ་ནི་བྱིས་པའི་ཆ་ལུགས་འཆང་བའོ། །དེ་ཉིད་ཕུལ་དུ་བྱུང་བས་ན་རབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངེས་པར་འབྱེད་པའི་ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན ་མཆོག་གོ། ཤེས་རབ་དང་ཡེ་ཤེས་ནི་གཉིས་ཀྱིས་རྣམ་པར་དབེན་པའི་ཤེས་རབ་དང་ཡེ་ཤེས་སོ། །རྣམ་པར་རྟོག་པ་ཐམས་ཅད་འཇིག་པས་ན་རྡོ་རྗེ་སྟེ། དེ་རྟོགས་པའི་ཚུལ་གྱིས་སྣང་ཞིང་རབ་ཏུ་གསལ་བས་ན་བྱང་ཆུབ་སེམས་དཔའ་ ་འཇམ་དཔལ་དེ་ལ་དེ་སྐད་ཅེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་བསྟན་པ་ཡིན་ནོ། །གྲངས་མེད་པ་ཞེས་བྱ་བ་ནི ་ཚིག་འདི་གྲངས་མེད་པ་ཉིད་སྟོན་པ་ནི་མ་ཡིན་གྱི་འོན་ཀྱང་མང་པོ་སྟོན་པ་སྟེ། དེ་རྣམས་ནི་བཞིས་མ་ཚང?་བའི་བྱང་ཆུབ་སེམས་དཔའ་སྟོང་ཡོད་པར་ཤེས་པར་བྱའོ། །ས་བོན་ཡིག་འབྲུ་རྣམས་ལས་འཁྲུངས་ཞེས་བྱ་བ་ནི་མིང་གི་ཡི ་གའི་དང་པོ་ལས་བྱུང་བའོ། །ཡེ་ཤེས་ཕྱག་རྒྱའི་སྦྱོར་བ་ཅན་ཞེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྒོམ་པའི་རིམ་པ་དང་ལྡན་པའོ། །སྣ་ཚོགས་ཉམས་ཀྱིས་དགའ་བར་མཛད་ཅེས་བྱ་བ་ནི་སྒེག་པ་ལ་སོགས་པའི་གར་གྱི ་ཉམས་ཀྱིས་དེ་ལ་མངོན་པར་ཞེན་པ་རྣམས་གར་སྟབས་ཀྱིས་ཉམས་དེ་དང་ངེས་དགའ་བ་བསྐྱེད་པར་མཛད་ཅེས་བྱ་བའི་དོན་ཏོ། །གསང་སྔགས་ཟློས་པས་བསྒོམ་པར་བྱ་ཞེས་བྱ་བ་ནི་འདིར་བྱེད་པའི་ཚིག་མེད་པར་བྱས་ནས་མཚམས་སྦྱར་ཏེ། ས་བོན་ཡིག? ་འབྲུ་རྣམས་ལས་འཁྲུངས་ཞེས་བྱ་བ་དང་སངས་རྒྱས་ལ་སོགས་པ་སྤྲོས་ཏེ། སོ་སོའི་སྔགས་བརྗོད་པ་ནི་ཡི་གེ་དེ་ལས་སྤྲོ་བ་དང་བསྡུ་བ་དང་གནས་དང་བརྟན་པར་གྱུར་པས་རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་དྲན་ཞིང་བསྒོམ་པར་བྱའོ། །འདིར་བསྒྲེང ་སྟེ་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཕྱག་དང་པོ་གཉིས་ནི་བསམ་གཏན་གྱི་ཕྱག་རྒྱར་བྱའོ། །གཡས་ཀྱི་གཉིས་པས་ནི་མཆོག་སྦྱིན་པའོ། །གཡོན་གྱི་གཉིས་པས་ནི་རང་གི་ཕྱག་རྒྱ་རྒྱལ་མཚན་འཛིན་པར་བྱའོ། །ཞེས་བྱ་བ ་ནི་མན་ངག་གོ། འཇམ་པའི་དབྱངས་ཀྱི་ཞེས་བྱ་བ་ནི་དེ་དང་འབྲེལ་བའོ། །གཟི་བརྗིད་དང་ལྡན་ཞེས་བྱ་བ་ནི་འབར་མ་སྟེ་ཞེས་བྱ་བ་དང་སྦྱར་ཏེ། ཉི་མའི་དཀྱིལ་འཁོར་གྱི་འོད་དང་གདན་དུ་ལྡན་པས་ན་དེ་སྐད་ཅེས་གསུངས་སོ། །མདོག་ནི་དབྱར་གྱི་ཆར་སྤྲིན་འདྲ ་ཞེས་བྱ་བ་ནི་སྐུ་མདོག་སྔོ་ནག་གོ། སྤྲུལ་གྱི་རྒྱན་གྱིས་བརྒྱན་པ་སྟེ་ཞེས་བྱ་བ་ནི་མཛའ་ཡས་དང་རིགས་ལྡན་ནག་པོས་དབུ་སྐྲ་བཅིངས་པ་འཇོག་པ་གསེར་མདོག་དང་ལྡན་པས་ནི་རྣ་རྒྱན་བྱས་པ། པདྨ་ཆེན་པོ་གསེར་བཙེ?་མའི་མདོག་དང་ལྡན་པས ་ནི་ལག་གདུབ་བྱས་པ། ཀར་ཀོ་ཊི་མདོག་དཀར་པས་ནི་སེར་ལ་ཁར་བྱས་པ། ནོར་ཅན་མདོག་པདྨ་དམར་པོ་ལྟ་བུས་ནི་སྐ་རགས་བྱས་ལ། དུང་སྐྱོང་དང་པདྨ་མདོག་དཀར་བ་དང་དམར་བས་ནི་རྐང་གདུབ་བྱས་པ་སྟེ། དེ་དག་ཐམས་ཅད་ཀྱང ་གདེངས་ཀ་དཀྱིལ་བ་དང་ནོར་བུ་དང་ལྡན་པའོ། །རོལ་པའི་སྟང་སྟབས་ཅན་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་དང་ལྡན་པས་ན་དེ་སྐད་ཅེས་བྱའོ། །མ་ཧེ་ཆིབས་ཞེས་བྱ་བ་ནི་འདི་སྐད་གསུངས་སུ་ཟིན་ཀྱང་རྒྱུད་ཆེན་པོའི་རྗེས་སུ་འབྲངས་ནས་མ་ཧེས་ཉེ ་བར་མཚོན་པ་གཤིན་རྗེ་ཆུང་མ་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །དེའི་ཞེས་བྱ་བ་ནི་མ་ཧེས་ཉེ་བར་མཚོན་པ་གཤིན་རྗེའིའོ། །དབུའི་སྟེང་ན་མི་འཁྲུགས་བཞུགས་ཞེས་བྱ་བ་ནི་མི་བསྐྱོད་པའི་དབུའི་སྟེང་ན་བཞུགས་པ ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །སྟེང་ན་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྟེང་གི་ཆར་སྐུ་གསུམ་གྱི་བདག་ཉིད་དུ་གནས་པ་འཇམ་དཔལ་གྱིས་ལེགས་པར་བརྒྱན་པར་བྱས་པ་ལ་དེའི་འོག་ཏུ་མི་བསྐྱོད་པའོ། །མངའ་ཡང་གསོར་ཞེས་བྱ ་བ་ནི་མངའ་གསོར་བར་མཛད་པའོ། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་ལ་མཛུབ་མོ་བསྒྲེང་བས་ཞགས་པ་འཛིན་པའོ། །ལྷ་མོ་ཡི་ནི་གཡས་ནས་འཁྱུང་ཅེས་བྱ་བ་ལ་སོགས་པ་ལ་གཡས་ལོགས་ན ་གནས་པའི་ལྷ་མོ་མདོག་དེ་ཉིད་དང་འདྲ་བས་ན་གཡོན་གྱིས་འཁྱུད་པའོ། །ལྷ་མོ་དེའི་གཡས་ན་ཨུཏཔལ་སྔོན་པོ་འཛིན་པའོ། །གཡོན་པ་ཞེས་བྱ་བ་ལ་སོགས་པ་གཡོན་ལོགས་ན་གནས་པའི་ལྷ་མོས་གཡས་ཀྱིས་ནི་འཁྱུང་ལ་དེའི་གཡོན་ན་ནི ་པདྨ་དཀར་པོ་ཐོགས་པའོ། །སྔར་མ་བྲེང་ནས་ཕྱག་ཀྱང་འཚལ་ཞིང་མགོ་བཏུང་པ་སྟེ། དེ་ཉིད་ཀྱིས་ན་སྔར་མ་སྟེ་མྱོས་པར་གྱུར་པའོ། །འོད་ཟེར་དམར་པོ་འབར་དང་བཅས་ཞེས་བྱ་བ་ནི་འོད་ཟེར་དམར་བ་སྟེ། དེ་ཉིད་ཀྱིས་ན་འབར་བ་དང ་བཅས་པའི་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའོ། །སངས་རྒྱས་སྦྲིན་འཕྲོས་ཐོབ་པར་མཛད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲིན་རྣམས་འཕྲོ་བས་མངོན་པར་འདོད་པའི་དོན་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་ཀུན་མས་ཐོབ་ཅིང་རྙེད་པར་མཛད ་པས་ན་སངས་རྒྱས་སྤྲིན་འཕྲོས་ཐོབ་པར་མཛད་དེ། སྤྲུལ་བའི་སྤྲིན་གྱིས་སེམས་ཅན་དོན་མཛད་ཅེས་བྱ་བའི་དོན་ཏོ། །བསྒོམས་ནས་སུ་ཞེས་བྱ་བ་ནི་འདིར་ཇི་སྐད་དུ་གསུངས་པའི་མཚན་ཉིད་དང་ལྡན་པར་བསྒོམ་པ་འདི་དག་པར་འགྱུར་རོ་ཞེས ་བྱ་བར་སྦྱར་རོ། །ཉལ་ལམ་ཞེས་བྱ་བ་ནི་ཡང་གི་སྒྲས་ནི་བསྡད་པའམ་སྡོད་པར་ཤེས་པར་བྱའོ། །ཀུན་ཟོས་ཤིང་ཞེས་བྱ་བ་འདིས་ནི་བཟའ་བར་བྱ་བའི་དམ་ཚིག་བསྟན་ཏོ།། །།ལེགས་པར་བསམས་ཏེ་ཞེས་བྱ་བ་ནི་གདུག་པ་རྣམས་ཚར་གཅོད ་ཅིང་འཇིག་པའོ། །འདོད་པ་ལྔའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། མི་སྐྱོད་པའི་བདག་ཉིད་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མཚན་ཉིད་ཅན་གྱི་འདོད ་པའི་བདག་ཉིད་སྒྱུ་མའི་སྐྱེས་བུ་ལྟ་བུ་འམ་མ་སྐྱེས་པར་མོས་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པའི་ཡིད་ལ་བྱེད་པས་ཉེ་བར་ལོངས་སྤྱོད་ན་གོས་པ་མེད་ཅིང་སྡིག་པའི་སྣོད་དུ་མི་འགྱུར་རོ། །དེ་བས་ན་ཆོས་ཐམས ་ཅད་ལ་བརྟེན་པ་མེད་པས་ན་ནམ་མཁའ་ལྟ་བུར་ཞེས་གསུངས་པ་ཡིན་ནོ། །དེ་སྐད་དུ་གཞན་དག་ལས་ཀྱང། ཆགས་པ་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །བྱང་ཆུབ་དཔའ་བོ ་ཆགས་པས་བྱ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཚོང་པ་བྱེད་པས་མཆོད་པ་བྱ། །བཅོམ་ལྡན་དེ་ཉིད་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་བཞི། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད ་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རིན་ཆེན་འབྱུང་གནས་གཙོ། །དྲི་ལ་རྣམ་གསུམ་ཤེས་བྱས་ནས། །སངས་རྒྱས་ལ་སོགས་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །རོ་ལ་རྣམ་གསུམ་ཤེས་བྱས་ནས། ་ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་སངས་རྒྱས་སྣ་ཚོགས་པ། །སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན། །རེག་ལ་རྣམ་གསུམ་ཤེས་བྱས་ནས། །བདག་གི་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཚུལ་བརྙེས་པའོ། ། ་གཟུགས་དང་སྒྲ་དང་རོལ་སོགས། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་སྙིང་པོ་བསྡུས་པའོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །གཤེད་བྱེད་ཅེས་བྱ་བ་ལ་སོགས་པ་ལ་གཤེད་བྱེད་ནི ་འཕྲོ་བའི་བདག་ཉིད་དོ། །དེ་ཉིད་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་བྱེད་པ་འམ། གདུག་པ་རྣམས་འཇོམས་པའི་ཕྱིར་སློང་བར་བྱེད་པས་ན་གཤེད་བྱེད་ཐམས་ཅད་སློང་བར་བྱེད་པའོ། །དེ་ཉིད་ནི་ཐོགས་པ་མེད་པའི་ཕྱིར་ཡེ་ཤེས་ཀྱང་ཡིན་ལ་རྡོ ་རྗེ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །ཡང་ན་གཤེད་བྱེད་ཐམས་ཅད་སློང་བར་བྱེད་ཅིང་སྐྱེད་པར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཡིན་པས་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་དེ་ཉིད་ཀྱིས་གཤིན་རྗེར་འཇིག་རྟེན་དུ་གྲགས་པ་གསོད་པ་ནི་བཟློག་པར ་མཛད་པ་སྟེ། འདུལ་བའི་ཐབས་དང་བཅས་པས་ཉོན་མོངས་པའི་གནས་ལས་བཟློག་སྟེ། དེ་བཞིན་གཤེགས་པའི་ལམ་ལ་འཇུག་པར་མཛད་པས་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ་མིའུ་ཐུང་ཞེས་བྱ་བ་ནི་མིའུ་ཐུང་གི་ཁྱད་པར་དང་ལྡན་པའོ། །འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན་ཞེས་བྱ་བ་ནི་འོད་ཟེར་དམར་པོའི་དཀྱིལ་འཁོར་ཏེ་ཉི་མའི་དཀྱིལ་འཁོར་རོ། །དེའི་འོད་ཟེར་དེ་ལ་མངའ་བས་ན་དེ་སྐད་ཅེས་བྱ་སྟེ། འོད་ཀྱི་དཀྱིལ་འཁོར ་དམར?་པོ་རབ་འཕྲོ་བ་ཞེས་བྱ་བའི་དོན་ཏོ། །རོལ་པའི་སྟབས་ཀྱིས་པདྨར་བཞུགS་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་ཀྱིས་པདྨའི་གདན་ལ་བཞུགས་པས་དེ་སྐད་ཅེས་བྱའོ། །ཤེས་རབ་མཐར་བྱེད་ཅེས་བྱ་བའི་དོན་གྱིས་ན་པདྨའི་སྟེང་ན་ཁྱབ་འཇུག ་ཆུང་མ་དང་བཅས་བ་དེའི་སྟེང་ན་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་བཞུགས་པའོ། །རྣམ་པར་འགྱུར་བ་ཞེས་བྱ་བ་ནི་ཞལ་གྱི་མཆེ་བ་གཙིགས་པའོ། །ཚམས?་ཀྱིས་སྒྲོས་ཀྱང་མནན་ཅེས་བྱ་བ་ནི་མཆེ་བས་མ་མཆུའི་སྒྲོས་གནོན་པར་མཛད་པ་སྟེ་ཞལ ་གསུམ་ལས་གཡོན་གྱི་ཞལ་སྟེང་གི་ཚེམས་ཀྱི་སྒྲོས་གནོན་པའོ། །སྣ་ཚོགས་རྒྱན་གྱིས་འབར་བ་སྟེ་ཞེས་བྱ་བ་ནི་ཚོགས་པ་ནི་སྒེག་པ་ལ་སོགས་པས་ཡན་ལག་འགྱུར་བར་བྱེད་པའི་གར་སྟབས་རྣམས་དང་ལྡན་པས་འབར་བའོ། །སྤྱི་པོའི་སྟེང་ནི་སྤྱི་གཙུག་གོ་།དངོས ་པོ་བསྒོམ་བྱས་ན་ཞེས་བྱ་བ་ནི་རབ་ཏུ་རང་ཞིང་མོས་པའི་རྗེས་སུ་འགྲོ་བའི་བསམ་པས་བསྒོམ་པའོ། །གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ལ་སོགས་པ་ལ་གདུག་པ་ཐམས་ཅད་ཟིལ་གྱིས་མནན་པ་གང་གིས་ཀྱང་མི་ཐུབ་པས་གཞན་གྱིས་མི་ཐུབ་པ་སྟེ་། ་དེ་ཉིད་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ནོ། །སྤྱན་གསུམ་པ་ཞེས་བྱ་བ་འདིར་ལྡན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རོལ་པའི་སྟབས་ཀྱིས་པདྨར་བཞུགས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ལྟ་མོད་ཀྱི ་པ་སྨྲ?་མཐར་བྱེད་ཅེས་བྱ་བའི་དོན་གྱི་རྗེས་སུ་འབྲངས་ན་པདྨའི་སྟེང་ན་ཚངས་པ་ཆུང་མ་དང་བཅས་པ་དེའི་སྟེང་ན་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་བཞུགས་པའོ། །ཁྲོ་བོའི་ལྟ་བས་རྟོགས་པར་མཛད་པ་ཞེས་བྱ་བ་ནི་ཁྲོ་གཉེར་བསྙེར་བ་རབ་ཏུ་འཇིགS ་གྲོ?་བའི་ལྟ་བས་རབ་ཏུ་འཛུམ། །ཁྲོ་བོའི་ལྟ་བས་མཉམ་གཞག་ན། །ཁམས་གསུམ་དག་ཀྱང་འཇིགས་པར་བྱེད་ཅེས་བཤད་པ་ནི་ཁྲོ་བོའི་ལྟ་བའི་མཚན་ཉིད་དེ་དེ་གཟིགས་པར་མཛད་པས་ན། ཁྲོ་བོའི་ལྟ་བས་རྟོག་པ་མཛད་པ་ཞེས་བྱའོ། །ལྗགས ་ནི་བསྐྱོད་མཛད་ཞེས་བྱའོ། །ལྗགས་ནི་བསྐྱོད་ཞེས་བྱ་བ་ནི་ལྗགས་བསྐྱོད་པར་མཛད་ཅིང་འཇིགས་པས་ན་ལྗགས་ནི་བསྐྱོད་མཛད་ལའོ། །སངས་རྒྱས་གཟུགས་ནི་མང་པོ་དག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་དུ་མ་དག་འཕྲོ་བར་བྱེད་པ་ལ་སོགས་པ་གང ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འཕྲོ་ཞིང་འདུ་བར་ཞེས་བྱ་བའི་ཉེ་བར་མཚོན་པས་ན་འཕྲོ་བ་དང་བསྡུ་བ་དང་གནས་པ་དང་བརྟན་པར་བྱ་བའོ། །བསྒོམས་བྱས་ནས་ཞེས་བྱ་བ་ནི་འདིར་ཐུན་གསུམ་དུ་གོམས་པར་བྱའོ་ཞེས་སྦྱར་བར་བྱའོ། ། ་རྟ་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རབ་མཆོག་ཏུ་གྱུར་བའི་རྟ་མཆོག་ཐམས་ཅད་འཇོམས་པར་བྱེད་པའི་ངོ་བོ་ཉིད་དུ་དབུ་གསུམ་གྱི་སྟེང་དུ་འཇོག་པར་མཛད་པས་ན་རྟ་མཆོག་སྟེ་དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །བགེགས་ཀྱི་གཤེད་ཅེས་བྱ་བ་ནི་དངོས་གྲུབ་མ་ལུས་པའི་བགེགས་སུ་གྱུར་པ་འཇོམས་པའོ། །མེའི་དཀྱིལ་འཁོར་བཞུགས་ཞེས་བྱ་བ་ནི་འབར་བའི་དཀྱིལ་འཁོར་གྱིས་བསྐོར་བའོ། །ུཏཔལ་སྔོན་པོའི་འདབ ་མའི་མདོག་ཅེས་བྱ་བ་ནི་ཨུཏཔལ་སྔོན་པོའི་འདབ་མ་ལྟ་བུའི་མདོག་དང་གཟི་མདངས་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ། སྐུ་མདོག་སྔོན་པོ་ཞེས་བྱ་བའི་དོན་ཏོ། །ཞབས་ཀྱིས་བགེགས་ནི་མནན་པ་སྟེ་ཞེས་བྱ་བ་ཞབས་གཡོན་པས་པདྨའི་སྟེང་ན་ཚོགས ་གྱི་བདག་པོ་གནས་པ་གནོན་བར་མཛད་པ་གང་ཡིན་བ་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་པ་པདྨའི་སྟེང་ན་བཞུགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱི་གཉིས་པ་སྟེ་ཞབས་གཡས་པ་པདྨ་ལ་འཇོག་པར་མཛད་པས་ན་བཅོམ་ལྡན་འདས ་འདི་ཡང་རོལ་པའི་སྟབས་ཀྱིས་པདྨ་ལ་བཞུགས་པར་བསྒོམ་པར་བྱའོ་ཞེས་འདིར་ཡང་སྔ་མ་བཞིན་ནོ། །ཡེ་ཤེས་མཁས་པས་ཞེས་བྱ་བ་ནི་བསྒོམ་པའི་ཡེ་ཤེས་ལ་མཁས་པའོ། །བགེགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་བགེགས ་ཐམས་ཅད་རྣམས་གཞོམ་པ་ནི་རྣམ་པར་འཇིག་པ་སྟེ། དེས་རྣམ་པར་རྒྱལ་བ་མངའ་བས་ན་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ནི་ཡེ་ཤེས་རྡོ་རྗེའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མིག་གཡོན་ཞེས་བྱ་བ་ནི་མི ་གཡེམ?་གེ?་བའོ། །ཧཱུཾ་གིས་སྙིང་གའི་ཕྱོགས་ཀྱང་བཀང་ཞེས་བྱ་བ་ནི་སྙིང་ཕྱོགས་ནས་གནས་པའི་ཡི་གེ་ཧཱུཾ་གི་སྒྲས་ལུས་ཁྱབ་པའོ། །མཐིང་ཤིང་གི་ནི་མདོག་ཅན་ཏེ་ཞེས་བྱ་བ་ནི་ཁ་དོག་གཞན་དང་ཤིན་ཏུ་མ་འདྲེས་པའི་མཐིང་གི་མདོག ་ཅན་ནོ། །གྲུབ་པ་ནི་མི་དགེ་བ་རྣམས་རྣམ་པ་ཐམས་ཅད་དུ་སྡོམ་པའི་བདག་ཉིད་དུ་གྱུར་བའི་ཕྱིར་རོ། །བགེགས་ཀྱི་ཆུ་འཇིངས་ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པའི་མུན་པས་ཉེ་བར་བསགས་པའི་སེམས་ཀྱི་རྒྱུན་རྣམ་པར་སྦྱོང་བར་མཛད་པས་བགེགས་ཆུ་བོའི ་མཛིངས་འཇོམས་པའོ། །སྤྱན་གཡོ་བ་ནི་ཕྱོགས་ཐམས་ཅད་དུ་ལེགས་པར་གཟིགས་པ་ལ་བརྩན་པའོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་དང་ལྡན་པས་ན་འབར་བའོ། །ཆང་ལ་བཟུང་སྟེ་བལྟ་བ་དང་ཞེས་པ་ནི་ཁུ་ཚུར་དམ་དུ་བཅིངས་པས་དམ་དུ་གཟུང་བའོ། ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་དུས་ཐམས་ཅད་པའི་མེ་ཏོག་སྣ་ཚོགས་པ་ཆུ་ལས་སྐྱེས་པ་དང་ཐང་ལས་སྐྱེས་པའི་མཆོག་རྣམས་ཁྱད་པར་དུ་སྤེལ་ཞིང་བཀོད་པས་བཅིངས་ཤིང་དཀྲིས་པ་སྟེ། དེས་རྩ་བར་བཅིངས་པའི་ཅོད་པན་གྱི་དབུ་རྒྱན ་རིན་པོ་ཆེ་ལས་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བ་ལ། དེ་མངའ་བས་ནི་བཅོམ་ལྡན་འདས་མི་གཡོ་མགོན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དབུའི་སྟེང་དུ་དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བས་དབུ་རྒྱན་བྱས་པའོ། །ཆོ་འཕྲུལ་ཆེན་པོ་དུ་མ་འཕྲོ་ཞེས ་བྱ་བ་ནི་གདུལ་བྱ་རྣམས་མོས་པར་བྱེད་པའི་ཕྱིར་རྫུ་འཕྲུལ་ལ་སོགས་པ་དང་ལྡན་པའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུའོ། །རྟག་ཏུ་ཞེས་བྱ་བ་ནི་རྣལ་འབྱོར་བ་གང་དུས་ཐམས་ཅད་དུ་སྤྱོད་ལཾ་རྣམ་བཞིར་བསྒོམ་མོ་ཞེས་བྱ ་བའི་བར་རོ། །སྒྲོན་པར་བྱེད་ཅེས་བྱ་བ་ནི་འདིར་འདི་ལྟར་རོ། །བླ་ན་མེད་པའི་ཞེས་བྱ་བ་ལ་སོགས་པ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་བ་ནི་བྱང་ཆུབ་པའོ། །དེ་ལས་ཁྱད་པར་དུ་གྱུར་པ་གཞན་མེད་པས་དེ་ཉིད་ནི་བླ་ན་མེད་པའོ།། ་ཐེམ་སྐས་?་འཛེག་པར་འགྱུར་ཞེས་བྱ་བ་ནི་སེམས་ཀྱི་རྒྱུན་འཕགས་པའི་ལམ་ལ་འཛེགས་པས་གནས་པ་སྟེ། འདི་དག་གིས་ན་བྱང་ཆུབ་རབ་ཏུ་འབད་པས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་ནི་སྒྲུབ་པ་པོ་མ་ལུས་པའི་མངོན་པར་འདོད་པའི་དངོས་གྲུབ་སྩལ་བའི་ཕྱིར་སད་པར་མཛད་པའོ། །དེ་ལ་མི་གཡོ་བ་ནི་མི་འགུལ་བའོ། །ཡེ་ཤེས་ནི་དེ་བཞིན་གཤེཌ ་པའི་གང་ཡིན་པ་དེ་ལ་དེས་རྣམ་པར་བསྒྱིངས་པ་ནི་སེམས་ཅན་མ་ལུས་པའི་དོན་རྫོགས་པར་མཛད་པའོ། །དེ་རྣམ་པར་རོལ་པ་མངའ་བས་ན་བཅོམ་ལྡན་འདས་མི་གཡོ་བ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོཌ ་པའི་དོན་ནི་བཤད་ཟིན་ཏོ། །མིང་ནི་འདོད་པའི་དབང་ཕྱུག་ཞེས་བྱ་བ་ནི་ཊཀྐིའི་འདོད་པ་ཡིན་པར་གྲགས་ཞེས་གསུངས་པས་ནི་འདོད་པ་མ་ལུས་པའི་བདག་པོར་གྱུར་པ་ན་མཚན་དེ་ལྟར་བསྒྲགས་ཞེས་ཚིག་འོག་མ་དང་སྦྱར་རོ། །དབུ་རྒྱན ་སངས་རྒྱས་ཀྱིས་བརྒྱན་པའི་ཞེས་བྱ་བ་ནི་སངས་རྒྱས་མི་བསྐྱོད་པའི་དབུ་རྒྱན་གྱི་ཅོད་པན་དང་ལྡན་པ་སྟེ་གཙོ་བོའི་རིན་པོ་ཆེའི་དབུ་རྒྱན་གྱིས་བརྒྱན་པའོ། །དཔྲལ་བར་ཁྲོ་གཉེར་བསྡུས་མཛད་པ་ཞེས་བྱ་བ་ནི་དཔྲལ་བ་ལ་སྨིན་མའི་བར?་དུ ་ཁྲོ་གཉེར་བསྡུས་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བ་སྟེ་ཞེས་བྱ་བ་ནི་དངོས་པོ་ཁྱད་པར་ཅན་དང་ལྡན་པས་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་དམར་པོ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ། །འདོད་པའི་རྒྱལ་པོ་ཕྱག་རྒྱ་ནི ་འོག་ནས་འཆང་ངོ། །རོལ་བའི་སྟབས་ནི་རོལ་བའི་སྟང་སྟབས་མཛད་པའོ། །འོག་གི་བགེགས་ལ་སྡང་བར་མཛད་ཅེས་བྱ་བ་ནི་འོག་གི་བགེགས་རྣམས་སྐྲག་པར་མཛད་པའོ།། སངས་རྒྱས་སྤྲོས་པས་ཀུན་ཏུ་ཁྱབ་ཅེས་བྱ་བ་ནི་སངས་རྒྱས ་རྣམས་ཀྱི་འཕྲོ་བ་ཀུན་ཏུ་འཁྲིགས?་པས་ལུས་ལ་ཁྱབ་པའོ། །བླ་མེད་ཡེ་ཤེས་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་ལ་མཆོག་ཏུ་གྱུར་པའི་ཡེ་ཤེས་ཐོབ་པའི་དོན་དུའོ། །ཏིང་ངེ་འཛིན་བཟང་པོ་ཞེས་བྱ་བ་ནི་སེམས་མཆོག་ཏུ་རྩེ་གཅིག་པ ་ཐོབ་པས་སོ། །སྙིང་པོ་ཐམས་ཅད་ཅེས་བྱ་བ་སོགས་པ་ལ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་ཐམས་ཅད་ཀྱི་སྙིང་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཐམས་ཅད་ནས་འགུགས་པ་ན་འདྲེན་པའོ། །དེས་རྣམས་རྒྱལ་བ་སྟེ་གདུག་པ་རྣམས་ཟིལ་གྱིས ་གནོན་པའི་མཚན་ཉིད་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ཡེ་ཤེས་རྡོ་རྗེ་སྟེ། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྐུ་ནི་སྤྲིན་སྔོན་འདྲ་བ་སྟེ་ཞེས་བྱ་བ་ནི་སྐུ་སྤྲིན་སྔོན་པོ་དང་འདྲ་བར་སྔོ་བ་མངའ་བས་ན་དེ་སྐད་ཅེས་བྱའོ།། ་དབུ་རྒྱན་ལ་ནི་སངས་རྒྱས་བཞུགས་ཞེས་བྱ་བ་ནི་ཅོད་པན་ལ་མི་བསྐྱོད་པ་འཇོག་པའོ། །རོལ་སྟབས་མཛད་ཅེས་བྱ་བ་ནི་རོལ་པའི་སྟང་སྟབས་མཛད་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ། །སྦྱོར་བའི་ཡེ་ཤེས་ཀྱིས་བསྐུལ་བའི་ཞེས ་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བ་ནི་སྦྱོར་བའོ། །དེའི་ཡེ་ཤེས་ནི་འཁྱུད་པ་ལ་སོགས་པ་སྟེ་གནས་སྐབས་དེར་ཅི་རིགས་པར་རིགས་ལྔར་བཞུགས་པའི་ལྷ་ཐམས་ཅད་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ཉིད་དེ། དེས་བསྐུལ་བས་སོ་སོར་རིག་བས ་རབ་ཏུ་དགའ་བའི་བདག་ཉིད་ཅན་བདག་གིར་མཛད་ཅེས་བྱ་བའི་བར་དུའོ། །གཞན་དག་ནི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་གྱི་བདག་ཉིད་ཅན་གྱི་སྦྱོར་བ་བསྒོམ་པ་ནི་ཡེ་ཤེས་ཀྱིས་བསྐུལ་བའོ་ཞེས་འདོད་དོ། །བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག ་མའོ། །དབང་བདག་བརྡེག་པའི་ཞེས་བྱ་བ་ལ་སོགས་པ་ལ་དབང་བདག་མི་ལྷ་ཆེན་པོའོ། །དེ་ལ་བརྡེག་པ་སྟོན་པར་གྱུར་པ་ལ་སོགས་པའི་མངོན་པའི་ང་རྒྱལ་གསལ་མཛད་པ་སྟེ་དེའི་ཡེ་ཤེས་གང་ཡིན་པ་དེས་རྣམ་པར་རྒྱལ་བ་འདི་ལ་མངའ་བས། ་དབྱུག་སྔོན་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ། །མིག་དམར་སྐྲ་འབར་གྱེན་དུ་བརྫེས་ཞེས་པ་ནི་མིག་དམར་པོ་མངའ་བས་ན་མིག་དམར་རོ། །ཡང་དེ་ཉིད་ནི་དབུ་སྐྲ་འབར་ཞིང་འོད་དང་ལྡན་པས་གྱེན? ་དུ་བརྫེས་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །པདྨ་ལ་བཞུགས་འགྱིང་བ་གཅན་ཞེས་བྱ་བ་ནི་པདྨའི་གདན་གྱི་སྟེང་ན་ཁྲོ་བོའི་ང་རྒྱལ་གྱི་སྟང་སྟབས་དང་བཅས་པས་བཞུགས་པའོ། །དྲག་པོ་ནི་དྲག་པའི་ལས་མཛད་པའི་ཕྱིར་རོ། ། ་ཚམ་དམ་བཅས་པས་གཏོར་ཞེས་བྱ་བ་ནི་ཚམ་དམ་དང་བཅས་ཤིང་རོལ་པའི་སྟང་སྟབས་ཞེས་བྱ་བ་དང་ཁྲོ་བོའི་ང་རྒྱལ་གྱིས་བཞུགས་བས་ཚམ་དམ་བཅས་ཞེས་བྱ་བ་སྟེ་སྟང་སྟབས་ངེས་བགེགས་རྣམས་འཐོར་ཞིང་སྐྲོད་པར་བྱེད་པ་བསྐྱེད ་པས་དེ་སྐད་ཅེས་བྱའོ། །ཕྱོགས་བཅུའི་ཞེས་བྱ་བ་ནི་རང་རང་གི་ཕྱོགས་སུའོ། །འབར་བ་རྣམས་ཀྱིས་ཡོངས་བསྐོར་བ་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པས་དེ་སྐད་ཅེས་བྱའོ། །སྤྲིན་ཞེས་བྱ་བ་ནི་འདིར་ལྡན་པའི་ཚིག་ཏུ་ཤེས ་པར་བྱའོ། །སྒོམ་པའི་མཆོག་གིས་ཞེས་བྱ་བ་སྒོམ་པའི་མཆོག་ཐོབ་པས་སོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་འདིར་དེ་བཞིན་དུ་བསྒོམ་པའོ། །ཆོལ་པ་ཞེས་བྱ་བ་ལ་འཆོལ་པའི་རྒྱུད་ལས་བཤད་པའི་ཀུན་ཏུ་སྤྱོད་པ་ལ་ནི་ཆོལ་པ་ཞེས་བྱ ་བའི་སྒྲར་བརྗོད་དོ། །དེའི་ཡེ་ཤེས་ནི་རང་བཞིན་གྱི་འོད་གསལ་བར་རྟོགས་པའོ། །དེའི་སྟོབས་ནི་ཐོགས་པ་མེད་པའི་ནུས་པའོ། །ངེས་རྣམ་པར་རྒྱལ་བ་ནི་དེ་དང་འདྲ་བས་རྗེས་སུ་འགྲོ་བའི་སེམས་ཅན་མེད་པས་ནི་ཁྲོ་བོ་སྟོབས་པོ་ཆེ་ལ་དེ་སྐད་ཅེས ་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ། །སྐུ་གསུམ་ལྡན་པ་ཞེས་བྱ་བ་སྐུ་གསུམ་གྱི་བདག་ཉིད་ཅན་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དུ་གྱུར་པས་དེ་སྐད་ཅེས་ཏེ་ཐམས་ཅད་ལ་ཡང་དེ་བཞིན ་དུ?་པར་བྱའོ། །འོད?་བཟང་བ་ཞེས་བྱ་བ་ནི་འོད་དམར་པོའོ། །འདོམ་གང་འོད་ཀྱིས་རྣམ་པར་བརྒྱན་ཅེས་བྱ་བ་ནི་ཀུན་ནས་འོད་ཟེར་མདོག་གང་གིས་སྐུ་རབ་ཏུ་མཛེས་པའོ། །ངེས་ན་ལྷ་མོ་རབ་བཞུགས་པ་ཞེས་བྱ་བ་ནི་ངོས་གཉིས་ན ་གསང་བ་ཆེན་པོའི་དེ་ཁོ་ན་ཉིད་ལྔའི་ཚུལ་གྱིས་གནས་པའོ། །རིགས་ཀྱི་ཡུམ་ནི་བཞི་པོ་རྣམས་ཞེས་བྱ་བ་ནི་ལ་ལ་ནི་རྡོ་རྗེ་སེམས་མ་ལ་སོགས་པ་ཡིན་པར་འདོད་ལ། གཞན་དག་ནི་སྤྱན་ལ་སོགས་པའི་ནི་ཞེས་ཟེར་མོད་ཀྱི་དེ་གཉིས་ལས་ཕྱོགས་སྔ་མ་ནི་མི་རིགས་སོ།། ་དེ་དང་ལྡན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཕྱག་རྒྱ་འདི་དག་ཀྱང་གང་གི་ཕྱིར་སྔར་བཤད་མོད་ཀྱི་འོན་ཀྱང་བསྐྱེད་པའི་རིམ་པ་ལ་དགོངས་པ་ཉིད་ཀྱིས་ན་གཙོ་བོའི་ཉིད་དུ་བསྟན་པའི་ཕྱིར་ཡང་ཕྱག་རྒྱ་འདི་དག་ཉེ་བར་དགོང་པ་མཛད་པ་ཡིན་ནོ། །རྗེས་ཆགས ་ཞེས་བྱ་བ་ནི་རྗེས་སུ་དགྱེས་པའི་བདག་ཉིད་ཅན་ཡིན་པས་སོ།། །སྤྲོས་བཅས་དགའ་སྟོན་ཡིན་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་སྤྲོ་བ་དང་བཅས་པའི་དགའ་སྟོན་ཏེ། ཀུན་ཏུ་དགའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ལྷ་མོ་རྣམས་ནི་ཕྱག་གཉིས་པའོ།། ་གཙུག་ཏོར་འོད་ཟེར་ལྔ་བ་ཅན་ཞེས་བྱ་བ་འདིར་དེ་ཉིད་ཡིན་པར་ཤེས་པར་བྱའོ། །ཀུན་ཏུ་འཁོར་ལོར་ཕྲེང་བར་ལྡན་ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུའོ། །འཁོར་ལོའི་བར་ན་རྡོ་རྗེ་གནས། །འོད་ཟེར་ཕྲེང་བས་རྣམ་པར་བརྒྱན་ཅེས་བྱ་བ་ནི་རྡོ་རྗེ ་ཕྲེང་བའི་ནང་དུ་འོད་ཀྱི་དཀྱིལ་འཁོར་བྱས་པས་རྗེས་སུ་འབྲེལ་པའི་རྡོ་རྗེ་ཕྲེང་བ་འོད་ཟེར་གྱི་རྣམ་པ་ཅན་བས་བརྒྱན་པ་སྟེ། ཉེ་བར་མཚོན་པ་འདིས་ན་དེའི་ནང་དུ་རིན་པོ་ཆེ་དང་པདྨ་དང། ཨུཏཔ་ལའི་ཕྲེང་བས་ཀྱང་བརྒྱན་པར་ཤེས་པར་བྱའོ། །བྱང་ཆུབ་སྙིང་པོ་དོན ་གཉེར་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་མངོན་པར་འདོད་པས་སོ། །འདོད་པ་ཐོབ་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ། །བྱང་ཆུབ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཀྱི་སྙིང་པོ་ནི་དེ ་བཞིན་གཤེགས་པའི་ཡེ་ཤེས་སོ། །དེས་གདུལ་བྱའི་སྐྱེ་པོའི་བསམ་པ་རྣམ་པ་ཐམས་ཅད་དུ་རྫོགས་པར་བྱེད་ཅིང་བརྒྱན་པ་དང་སྤུང་པར་མཛད་པས་ན་བྱང་ཆུབ་ཀྱི་སྙིང་པོ་ཐམས་ཅད་ཀྱིས་བརྒྱན་པ་སྟེ་འཁོར་ལོས་སྒྱུར་བའོ། །དེ་ཉིད་ཀྱི་ཡེ་ཤེས་ནི་འཁོར་ལོའི ་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་འཁོར་ལོའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །གོང་དུ་དེ་དག་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ངེས་པར་འབྱུང་བའི་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་སོ་ཞེས ་བྱ་བའི་དོན་ཉིད་རིམ་བཞིན་དུ་བསྟན་པ་ཡིན་ཏེ་གསང་སྔགས་དམ་པའི་ཚོགས་དང་ལྡན་རྣམས་ཐ་མི་དད་པར་བཞག་པ་ཡིན་བས་ཅི་རིགས་པས་བསྒྲུབ་པའི་ཕྱིར་འཁོར་ལོ་སྒྱུར་བ་དང་པོར་ཉེ་བར་བཀོད་པ་ཡིན་ནོ། །སྐུ་གསུམ་ཞེས་བྱ་བ་ནི་རང ་དང་རྗེས་སུ་མཐུན་པའི་སྐུ་གསུམ་དང་ལྡན་པས་ན་དེ་སྐད་ཅེས་གསུངས་སོ། །བཱི་ཇ་པཱུ་ར་ནེའུ་ལ་ཅན་ཞེས་བྱ་བ་ནི་ལག་པ་གཡས་པ་ན་བཱི་ཛ་པཱུ་རའོ། །གཡོན་པ་ན་ནེའུ་ལེའོ། །ངོས་ལ་བརྒྱན་རྣམས་ཐམས་ཅད་ཀྱིས། །བརྒྱན་པའི་གནོད་སྦྱིན་མོ་བཞི ་དག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །གཞན་དག་ནི་འདི་དག་ཕྱོགས་རྣམ་པ་བཞིན་གནས་སོ་ཞེས་ཟེར་རོ། །རྡོ་རྗེ་བདུད་རྩི་ལག་གནས་པས་ཞེས་བྱ་བ་ནི་ཨ་དང་ཧཱུཾ་ལས་བྱུང་བ་ཡི། །ཟླ་བ་རྡོ་རྗེ་ལག་པར་བསམ། །ཡི་གེ་ཨོཾ་ལས་གདུ་བུ་ནི། །སེར ་པོ་འཁྲིག?་མར་བསམ་པར་བྱ། །བཾ་ནི་བྷྲ?་བའི་མདོག་འདྲ་བ། །དེ་ལས་བདུད་རྩི་ཆར་རབ་འབག་།དྲི་མེད་སེར་མོར་མངོན་ཕྱོགས་པ། །མཁས་པས་བུམ་པ་བཞིན་དུ་བལྟ། །མཛུབ་མོ་ལ་ནི་ནོར་བུ་བཟང། །རྫོགས་བཟང་ཞེས་བྱ་གུང་མོ་ལ།། ་སྲིན་ལག་ལ་ལ་ནི་ནོར་སྦྱིན་ཏེ། །ནོར་སྦྱིན་ཆེན་པོ་མཐེའུ་ཆུང་ལ། །མཐེ་བོར་པི་ཙི་ཀུཎྜ་ལི། །ཀེ་ལི་མ་ལི་མཁྲིག་མར་ཏེ། །སྒོ་དབང་སྤྱོད་པའི་དབང་པོ་དག་།ལག་པའི་ངོས་ལ་རྣམ་པར་བསམ། །སྔགས་པས་སྣོད་གནས་ཆུ་དབང་ནི། །ལག་པའི ་དབུས་སུ་རྣམ་པར་བསམ། །དྲིས་བསྒོས་ལག་པའི་དབུས་སུ་མི། རང་རང་སྔགས་ཀྱིས་རིམ་བཞིན་བསམ། །དང་པོར་ཡི་གེ་ཨོཾ་དང་ནི། །རཏན་བཛྲ་རང་མིང་དང། །བཞི་ཡི་མཛའ་དང་དེ་འོག་ཏུ། །སྭཱཧཱར་བཅས་པ་སྔགས་སུ་བསྒྲགས། །རྡོ་རྗེ་བདུད་ཀྱི་ལག་པར་བསཾ ་འདི་ལྟར་སྤྱི་བོར་གོ་ཆ་བཞིན། །མཁས་པས་ཆུ་ཡི་སྦྱིན་བླུགས་བརྒྱ། །ཉིན་རེ་ཞིང་ནི་ལེགས་པར་དབུལ། །རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའོ། །སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལ་སྟོབས་པ་སྟེ། དེ་ལྟ་བུའི ་རིན་པོ་ཆེའི་ཆར་འབེབས་པས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་སྤྲིན་དང་ལྡན་པས་ན། སྣོན་གནས་ལ་ཡེ་ཤེས་ཀྱི་སྤྲིན་ཞེས་བྱ་བ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི ་བཤད་ཟིན་ཏོ། །རྟ་བདུན་ལྡན་བའི་ཤིང་ལྟར་ཞུགས་ཞེས་བྱ་བ་ནི་རྟ་བདུན་གཤིབས་པའི་ཤིང་རྟ་ལ་གནས་པའོ། །འབར་བའི་དཀྱིལ་འཁོར་སྣང་མཛད་པ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་འབར་བའི་འོད་ཀྱི ་དཀྱིལ་འཁོར་ཡོངས་སུ་རྒྱས་པའི་བདག་ཉིད་ཅན་ནོ། །ཕྱོགས་བཅུ་བསྲུངས་པར་བརྩོན་པ་སྟེ་ཞེས་བྱ་བ་ནི་ཕྱོགས་བཅུ་ན་གནས་པའི་གདུག་པ་རྣམས་ལས་བསྲུངས་པའི་ཕྱིར་བརྩོན་ཞིང་རབ་ཏུ་འབད་པར་མཛད་པའོ། །མིག་དང་ཁ་ནི་འབྲུ་བར ་བྱེད་ཅེས་བྱ་བ་ནི་གདུག་པ་རྣམས་ཀྱི་མིག་དང་ཁ་འབྲུ་བར་མཛད་པར་བསྒོམ་པར་བྱ་བ་སྟེ་སྔ་མ་བཞིན་ནོ། །ཉེ་བར་སྤྱོད་པ་རྣམས་སྤངས་ཏེ་ཞེས་བྱ་བ་ནི་མི་བདེན་པའི་རྣམ་པར་རྟོག་པ་གསལ་ལ་རྣམ་པ་ཐམས་ཅད་དུ་ལྷ་མོ་བསྒོམས་པས་གནས ་པར་བྱའོ། །ཧཱུཾ་མཛད་ཅེས་བྱ་བ་ནི་ཡི་གེ་ཧཱུཾ་གི་སྒྲ་ལེགས་པར་སྒྲོགས་པ་ལ་བརྩོན་པའོ། །འདི་ནི་ཞེས་བྱ་བ་ནི་འོད་ཟེར་ཅན་གྱི་ཏིང་ངེ་འཛིན་གྱིས་སོ། །དབང་དུ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་ཀྱིས་སོ། །སྡང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ ་ལ་སྡང་བ་ཐམས་ཅད་གྱིས་མི་ཚུགས་པར་བྱེད་པ་ནི་གདུག་པ་ཐམས་ཅད་བཟློག་པ་སྟེ། ལྷ་མོ་འོད་ཟེར་ཅན་ནོ། །དེ་ཉིད་ཐོགས་པ་མེད་ཅིང་མཆོག་ཏུ་གྱུར་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་རབ་ཅེས་བྱའོ། །དམིགས་པ་ཞེས་པ་ལ་སོགས་པའི་དོན་ནི་ ་བཤད་ཟིན་ཏོ། །དེ་སྟེང་ཁ་དོག་ལྔ་པོ་དག། རབ་ཏུ་འདྲེས་པའི་སངས་རྒྱས་བཞུགས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། ཁ་དོག་སེར་པོ་ལ་སོགས་པའོ། །སླར་ཡང་དེ་ལ་ཁ་དོག་ལྔའི་སངས་རྒྱས་བདུད་རྩིའི་ཆར་འབེབས་མཛད་ཅེས་བྱ་བ་ནི་ཁྲོ ་བོའི་འོད་འབར་བས་གདོན་བསལ་བའི་སེམས་ཅན་ལ་རྡོ་རྗེ་བདུད་རྩིའི་བུམ་པ་ཕྱག་གཉིས་ཀྱིས་འཛིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བསམ་མོ་ཞེས་སྦྱར་རོ། །ནང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ནང་ཐམས་ཅད་ནི་རིམས ་ལ་སོགས་པའོ། །ཉེ་བར་ཞི་བ་ནི་བསལ་བ་སྟེ། དེ་ནུས་པའི་ཡེ་ཤེས་ཐོགས་པ་མེད་པའི་གང་ཡིན་པ་སྟེ། དེའི་ངོ་བོ་ཉིད་དུ་གྱུར་པས་ན་རི་ཁྲོད་ཀྱི་ཤིང་ལོ་ཅན་ལ་ཡང་དེ་སྐད་ཅེས་བྱའོ། །ནོར་བུ་འབར་བའི་གཟུགས་ཅན་ཏེ་མི་བཟད་པའི་སྲུང་བའོ། །དེ་ལ ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྤྲུལ་མགོ་བདུན་གྱིས་གདེངས་ཀ་རྒྱས་ཞེས་བྱ་བ་ནི་སྤྲུལ་མགོ་བདུན་གྱིས་གདེངས་གཅོད་པན་གྱི་སྟེང་དུ་འཇོག་པས་རྒྱས་ཤིང་ཁྱབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྡོ་རྗེ་འབར ་བས་བརྒྱན་པ་སྟེ་ཞེས་བྱ་བ་ནི་སྤྲུལ་མགོ་རྣམས་ཀྱི་སྟེང་ན་འོད་འབར་བ་དེའི་དབུས་ན་གནས་པའི་ནོར་བུ་ལས་བྱུང་བའི་འོད་ཟེར་མཛེས་པས་རང་འབར་བའི་ནོར་བུས་རྣམ་པར་བརྒྱན་པའོ། །འོད་ནི་དམར་པོའི་དཀྱིལ་འཁོར་ཅན་ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར ་དམར?་པོའི་འབར?་བའོ། །འཇའ་རྣམས་འཕྲོ་བས་བསྐོར་བ་སྟེ་ཞེས་བྱ་བ་ནི་རབ་ཏུ་འགྲོ་བའི་འཇའ་དྲ་བའི་ཡེ་ཤེས་ཀྱི་ཕྲེང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་ནས་འབར་བ་རྣམས་ཀྱིས་ཁེབས་ཞེས་བྱ་བ་ནི་འབར་བའི་ཚོགས་ཀྱིས་ཁེབས་པའོ། །སངས་རྒྱས ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གྱུར་པའི་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཕྲོ་བ་ཕྱག་གི་པདྨ་གཉིས་ཀྱིས་ཡི་གེ་བཾ་ལས་བྱུང་བའི་བུཾ་པ་བདུད་རྩིའི་ཆུས་ཡོངས་སུ་གང་བའི་ཟླ་བའི་མདོག་ལྟར་དཀར་བ་ཐོགས་པར་བསྒོམ་མོ་ཞེས་བྱ་བར་སྦྱར་རོ། །ཁ་ནི་ཛ་ཡིས་རྣམ་བར ་བརྒྱན་པ་ཞེས་བྱ་བ་ནི་བུམ་པ་དེ་ཡི་གེ་ཛས་ཁ་ཉེ་བར་མཛེས་པར་བསྒོམ་མོ་ཞེས་སྦྱར་རོ། །ལ་ལ་ནི་དུག་གིས་བརྒྱན་བྱའོ་ཞེས་ཟེར་རོ། །དུག་གིས་ཕོག་པ་རྣམས་ལ་ལྡུགས་ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་འདོད་ཆགས་ལ་སོགས་པའི་དུག་གིས་བརྒྱལ་བའི་སེམས་ཅན་རྣམས་ལ ་ལྡུགས?་པར་མཛད་པར་བསྒོམ་པར་བྱའོ། །དུག་གིས་ཕོག་པ་རྣམས་ལ་ཞེས་བྱ་བ་ནི་དུག་མེད་པར་བྱ་བའི་ཕྱིར་རོ། །དེ་ལྟར་བསྒོམ་པ་ཞེས་བྱ་བ་ནི་དུག་སེལ་མའི་ཏིང་ངེ་འཛིན་ཏོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས ་པའོ། དེ་དག་ཉིད་ཐབས་མང་པར་བསྟན་ན། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པས་ན་དུག་སྟེ། དེ་ཉེ་བར་འཇོམས་པར་མཛད་པས་ན་དུག་སེལ་མ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གདེངས་ཀའི་དབང་པོ་སྟེ། ཀླུ་རྣམས་ཀྱི་བདག་པོར་གྱུར་པའོ། །དེ་དག་གཞིག་པར་མི་ནུས་པ་དང ་མི་ལྡོག་པའི་ཕྱིར་རྡོ་རྗེ་ཡེ་ཤེས་སོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཐོར་ཚུགས་རྒྱལ་བའི་སྐུ་བཞུགས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་སྐུ་ནི་རྒྱལ་བའི་སྐུ་ཏེ། དེ་ཐོར་ཚུགས་ཀྱི་དབུས་ན་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད ་ཅེས་བྱའོ། །པདྨ་དཀར་པོ་ལྟ་བུར་སྣང་ཞེས་བྱ་བ་ནི་པདྨ་དག་པ་དང་འདྲ་བའོ། །ཉམས་སེམས་སྟེབས་ལྡན་ཞེས་བྱ་བ་ནི་གར་སྟབས་ཀྱི་རོའི་ཉམས་དང་ཉེ་བའི་ལྡན་པའོ། །བགྲང་ནོར་ཕྲེང་བ་ཅན་ཞེས་བྱ་བ་ནི་བགྲང?་ཕྲེང་དང་ལྡན་པའོ། །རོལ་པའི་སྟང་སྟབས་ཞེས ་བྱ་བ་ནི་རོལ་པ་དང་བཅས་པས་སོ། །རིན་ཆེན་ཡི་ལུག་ནང་བཞུགས་པ་ཞེས་བྱ་བ་ནི་རིན་པོ་ཆེའི་རི་ཕུག་གི་དབུས་ན་བཞུགས་པའོ། །རྣལ་འབྱོར་སེམས་པས་ཞེས་བྱ་བ་ནི་ཧ་ལ་ཧ་ལའི་ཐབས་དང་ཤེས་རབ་བསྒོམ་པར་བྱེད་པས་སོ། །རྣམ་པར་མི་རྟོག་ཅིང་ཏིང་ངེ ་འཛིན་གྱིས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་གནས་པ་ལ་ལྷག་པར་མོས་པས་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་བསལ་བའི་ཏིང་ངེ་འཛིན་གྱིས་སོ། །ནང་གི་བཟླས་པ་ཞེས་བྱ་བ་ལ་སོགས་པ་བསམ་གཏན་གྱི་བཟླས་པས་སྔགས་ཟློས་པ་སྟེ། ་གཅིག་དང་གཉིས་དང་གསུམ་ལ་སོགས་པའི་གཟུགས་འཕྲོ་བས་བསྒོམ་པ་ནི་མ་ཡིན་ནོ། །འདོད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་འདོད་པ་ཐམས་ཅད་ནི་ཡོངས་སུ་དག་པའི་གཟུགས་ལ་སོགས་པའོ། །དེ་རབ་ཏུ་བསྒྲུབ་པ་ནི་སྒྲུབ་པ་པོའི ་རྒྱུད་ལ་རྫོགས་པར་མཛད་ལས་ན་འདོད་པ་ཐམས་ཅད་རབ་ཏུ་བསྒྲུབ་པའོ། །དེ་ཉིད་ནི་ཧ་ལ་ཧ་ལ་འདི་ཡིན་པས་ནི་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་གདུལ་བྱའི་སྐྱེ་བོ་མ་ལུས་པའི་འདོད་ཆགས་ལ་སོགས་པའི་དུག་འཇོམས་པ་ཉིད་ཀྱིས་ཐོགས་པ་མེད་པའི་ཤིན་ཏུ ་སེམ་པའི་ཡེ་ཤེས་དང་ལྡན?་པས་ན་ཡོངས་སུ་མཉེས་པར་བྱེད་པ་ཡེ་ཤེས་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྲིན་མོ་ཞེས་བྱ་བ་ནི་དེ་ལྟ་བུའི་གཟུགས་འཛིན་པའི་ཕྱིར་རོ། །ཐོར་ཚུགས་ཞེས་བྱ་བ་ལ་སོགས་པ་ལ་ཐོར ་ཚུགས་དང་ཅོད་པན་གྱིས་བརྒྱན་པའི་སྤྱི་བོ་དེ་ཉིད་ལ། མི་བསྐྱོད་པ་བཞུགས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་མགོ་ལ་མི་བསྐྱོད་པ་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལག་ན་ཁྲག་གིས་བཀང་བའི་ཐོད་པ་ཐོགས་པ་ཞེས་བྱ་བ་ནི་མིའི་ཁྲག ་གིས་ཡོངས་སུ་བཀང་བའི་མིའི་ཐོད་པ་ལག་པ་གཡས་ཀྱི་དང་པོ་ལ་ཐོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཡོན་པ་གཅིག་གིས་ནི་སྡིགས་མཛུབ་བྱེད་པ་ཤེས་པར་བྱའོ། །རོལ་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་རོལ་པའི་སྟད?་སྟབས་ཀྱིས་བཞུགས ་པའོ། །འདི་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་བཟླས་པ་དང། བསྒོམ་པ་འདི་ལྟ་བུ་དང་ལྡན་པས་སོ། །ཧཱུཾ་གིས་ཧཱུཾ་མཛད་པ་ཞེས་བྱ་བ་ནི་ཁྲོ་བོ་ལས་ཞེན་པའི་ཧཱུཾ་སྒྲ་སྒྲོགས་པར་བརྩོན་པའོ། །སེམས་ཅན་ཀུན་དོན་ཕུན་ཚོགས་པའི་ཞེས ་བྱ་བ་ནི་སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཉེ་བར་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པའི་རྒྱུ་དང་ཡང་དག་པར་ལྡན་པས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས ་ཅན་ཐམས་ཅད་དེ། གདུག་པ་རྣམས་གསོད་པའི་མཆོག་ཡིན་ལ། དེ་ཉིད་ཀྱིས་ན་རབ་སྟེ་པད་དཀར་མའི་འོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སྙིང་པོར་བདུད་བཞི་ལས་རྣམ་པར་རྒྱལ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྟོབས་བཅུའི་ངོ་བོ་ཉིད་དུ་གྱུར་པས་ན་བྱང་ཆུབ་ཀྱི་སྙིང་པོ ་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཕྱེད་ཟུར་བ་ནི་རྣམ་པར་རོལ་ཅེས་བྱ་བ་ནི་གཡོན་ལོགས་དཔག་བསམ་གྱི་ཤིང་ལ་བརྟེན་པས་བརྟེན་པ་དང་བཅས་པའོ། །འཇམ་པའི་ཁྲོ་བོ་རྡོ་རྗེ་ཡིས་ཞེས་བྱ ་བ་ནི་གཤིན་རྗེ་གཤིད་ཀྱིས་སོ། །དེའི་མགོ་ནི་མནན་ནས་བཞུགས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོ་འཇམ་དཔལ་གྱི་སྦྱོར་བས་བཞུགས་པའོ། །གནོད་སྦྱིན་མོ་ཞེས་བྱ་བ་ལ་སོགས་པ་ལ་གནོད་སྦྱིན་མོ་ཐམས་ཅད་ཀྱི་སྒྲུབ་པ་ནི་རང་དབང་དུ་བྱ་བ ་ཉིད་རྫོགས་པར་བྱེད་པ་སྟེ། དེ་ལ་མཆོག་ཏུ་གྱུར་པ་ནི་འཇམ་དཔལ་རང་གི་ཁྲོ་བོ་དང་བཅས་པའོ། །དམིགས་པ་ཞེས་བྱ་བ་ལ་སོགས་བའི་དོན་ནི་བཤད་ཟིན་ཏོ། །ཡི་གེ་གསུམ་པ་མིག་གསུམ་གཟུགས་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡི་གེ་གསུམ ་གྱི་གཟུགས་ཅན་ནོ། །དེ་ཉིད་གསུམ་པ་ནི་ཁྱབ་འཇུག་ལྷ་ཆེན་མེས་པོ་ཆེ་ཞེས་བྱ་བ་སྟེ། ཁྱབ་འཇུག་ནི་ནོར་ལྷའོ། །ལྷ་ཆེན་པོ་ནི་བདེ་བྱེད་དོ། །མེས་ཆེན་པོ་ནི་ཚངས་པའོ། །རང་གི་མཚོན་ཐོགས་ལ་ཞེས་བྱ་བ་ནི་མཚོན་ཆ་ཐོགས་པ་ནི་ཉེ་བར་མཚོན ་པ་ཙམ་སྟེ། དེ་ལ་ཁྱབ་འཇུག་ནི་མདོག་སྔོན་པོ་ལག་པ་བཞི་པ། གཡས་དང་གཡོན་དབྱུག་པ་དང་རྡོ་རྗེ་དང། དུད་དང་འཁོར་ལོ་འཛིན་པ་ནམ་མཁའ་ལྡིང་ལ་ཞོན་པའོ། །ལྷ་ཆེན་པོ་ནི་ཤེལ་གྱི་མདོག་ཅན་མགྲིན་པ་སྔོ་བ། མིག་གསུམ་པ། སྟག་གི་པགས?་པ ་གྱོན་པ། མཚན་མ་འཕྲེང?་བ། ལག་པ་དྲུག་པ་གཡས་ན་མདུད་རྩེ་གསུམ་པ་དང་རྡོ་རྗེ་དང། ཌ་མ་རུ་ཐོགས་པ། གཡོན་གཉིས་ན་ཁ་ཊཝཱཾ་ག་དང་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ་གཅིག་གིས་ཨུ་མ་ལ་འཁྱུད་པ་ཁྱུ་མཆོག་ལ་ཞོན་པའོ། །ཚངས་པ ་ནི་མདོག་སེར་པོ་ལག་པ་གཡས་ན་རྡོ་རྗེ་དང་ཕྲེང་བ་དང་གཡོན་ན་དབྱུག་པ་དང་སྤྱི་བླུགས་འཛིན་པ་དང་ངང་པ་ལ་ཞོན་པ་སྟེ། དེ་དག་ཀྱང་རིན་པོ་ཆེའི་ཅོད་པན་ཅན་ནོ། །རྡོ་རྗེའི་ཏིང་འཛིན་བསྒོམ་པའོ ་རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ན་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་འདོད་པའི་རྒྱལ་པོ་ལྷ་ཆེན་པོས་ལ་སོགས་པ་གང་ཡང་རུང་བ་བཀུག་ནས་ཁྲོ་བོ་ཏེ་རིན་ཏི་རིའི་ཕྱག་རྒྱ་བཅེངས་ཏེ། རྡོ་རྗེ་འདི་ནི་ཆེ་ཞེས་བྱ་བ་ལ་སོགས་པའི་སྤྱིའི་དམ་ཚིག་བསྒོམ ་ཞིབ་བྱད་པར་གྱི་དམ་ཚིག་ཇི་ལྟ་བ་ཡང་བསྟན་ནས་མངོན་པར་འདོད་པའི་ལས་གྲུབ་པར་གྱིས་ཤིག་ཅེས་བསྐུལ་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་ཀྱང་སྡིགས་མཛུབ་བྱས་ནས་བསྒྲུབས་ན་འཇིགས་པས་དངོས་གྲུབ་སྟེར་བར་འགྱུར་རོ། །འཇིག་རྟེན་ཞེས ་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ཐམས་ཅད་ཀྱི་ལྷ་རྣམས་སྒྲུབ་པར་བྱེད་པས་སྡུན་གསུམ་ལ་འདི་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་དམིགས་གསུམ་པ་ཞེས་བྱ་བ་ལྷ་ཆེན་པོའི་བདག་ཉིད་ཀྱི་རྣམ་པར་རོལ་པ་ནི་རྣམ་པར་རྩེ་བའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ ་ནི་འཇིག་རྟེན་པའི་ཐོགས་པ་མེད་པའི་ཤེས་པའི་ཚུལ་ལོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་ལ་མ་གཏོགས་པའི་ལྷ་ཅུང་ཟད་ཅམ་ཞིག་བསྟན་ནས། ད་ནི་འདིར་མ་གཏོགས་པ་གཞན་དག་ཀྱང་བསྟན་པའི་ཕྱིར ་གཞན་ཡང་ཞེས་བྱ་བ་ལ་སོགས་སོ། །གསང་སྔགས་ཞེས་བྱ་བ་ནི་གསང་སྔགས་ཀྱི་སྐྱེས་བུ་སྟེ་འདི་ན་མངོན་པར་འདོད་པའི་སྔགས་ས་བོན་གར་ཡིན་སྦྱར?་བྱས་ཏེ་ཞེས་བྱ་བ་གསུངས་སོ། །རྡོ་རྗེའི་ཡིག་འབྲུ་རྣམས་བསྒོམས་པས་ཞེས་བྱ་བ་ནི་རྒྱུད་ཀྱི་ནང་ནས ་རབ་ཏུ་གྲགས་པ་རང་རང་གི་ས་བོན་གྱི་ཡི་གེ་འམ་མིང་གི་དང་པོའི་ཡི་གེ་དང་དེ་བཞིན་དུ་རྗེས་སུ་སྦྱར་བའོ། །འཕྲོག་མ་ཞེས་བྱ་བ་ལ་སོགས་པ་ལ་འཕྲོག་མ་ནི་ཡི་གེ་ཧ་ལས་སྐྱེས་བུ་ལྔ་བརྒྱས་ཡོངས་སུ་བསྐོར་བ་རྣམ་པར་བསམས་ན་འགྲུབ་པར་འགྱུར་རོ། །དཔའ་? ་ཅན་ཡང་ཞེས་བྱ་བ་ནི་དཔའ་ཅན་ལ་སོགས་པ་གནོད་སྦྱིན་མོ་ལྔ་བརྒྱས་ཡོངས་སུ་བསྐོར་བའོ། །ཏིང་ངེ་འཛིན་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་གསུངས་སོ། །ལེའུ་བཞི་པའི་འགྲེལ་པའོ།། །།ཏིང་ངེ་འཛིན་ཡོངས་སུ ་ཤེས་པས་རང་གིས་བསྟན་པ་ལ་ཞུགས་པའི་སེམས་ཅན་རྣམས་ལ་ཕན?་པའི་གསང་སྔགས་ཀྱི་མཐུ་བསྟན་པར་བྱ་དགོས་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་ལྔ་པ་གསང་སྔགས་ཀྱི་ཡེ་ཤེས་རྣམ་པར་བསྒྱིངས་པའི་རིམ་པར་ཕྱེ་བ་གསུངས་ཏེ། བཅོམ་ལྡན ་འདས་ཀྱིས་ཕྱུང་ངོ?་ཞེས་བྱ་བར་སྔར་རོ། །ཅི་ཞིག་མཛད་ནས་ཤེ་ན། ཞི་བ་ལ་རྡུལ་དང་བྲལ་བའི་མཆོག་ཅེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ་ཉེ་བར་ཞི་བས་ན་ཞི་བའོ། །དེས་རྡུལ་དང་བྲལ་བ་ནི་རྙོག་པ་དང་བྲལ་བ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང ་མཛད་དོ། །དེའི་མཆོག་ནི་དམ་ཚིག་གི་ཕྱག་རྒྱར་གྱུར་པ་ཉིད་དེ་ཡུམ་སངས་རྒྱས་སྤྱན་ནོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ་སྤྲུན?་གྱི་གསང་སྔགས་སྟོན་པའི་རྣམ་པར་ཐུགས ་རྩ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །གསང་སྔགས་སྟོན་པའི་ཏིང་ངེ་འཛིན་ཐམས་ཅད་ལ་ཡང་ལྷ་དེའི་གསང་སྔགས་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་ལ་དམིགས་པར་མཛད་པས་ནི་འདི་སྐད་སྟོན་ཏོ། ། ་མཆན་མ་ཐོབ་པ་ཉིད་ཀྱིས་ཞི་བ་ལ་སོགས་པའི་ལས་ལ་གསང་སྔགས་རབ་ཏུ་སྦྱར་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པའི་ཕྱིར་རོ། །ཡེ་ཤེས་བསྐྱེད་པར་མཛད་པས ་སྣ་ཚོགས་པའི་ལས་ཀྱི་བྱ་བ་མཛད་པ་ཞེས་བྱ་བ་ནི་ཡེ་ཤེས་བསྐྱེད་པར་མཛད་པས་སེམས་ཅན་གྱི་ཁམས་སྣ་ཚོགས་ཤིང་མ་ལུས་པའི་ལས་མཛད་པ་ཉིད་ཀྱིས་ན་མངོན་པར་འདོད་པའི་བྱ་བ་རྫོགས་པར་མཛད་པའི་རྒྱུར་གྱུར་པའོ། །ལས་ཀུན་རང ་ཏུ་རྫོགས་པར་མཛད་པས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་བསྒྲུབ་པར་མཛད་པས་སོ། །དགྱེས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་བདེ་བར་མ་བྱས་པར་གཟིགས་པས་དགྱེས་པའོ། །བདུད་ཀྱི་དཔུང་རྣམས་འདར་གྱུར་ཏེ། ་ཞེས་བྱ་བ་ནི་སེམས་ཅན་རྣམས་འཇོམས་པར་བྱེད་པའི་བདུད་ཀྱི་སྡེ་རྣམས་གཡོས་པའོ། །སངས་རྒྱས་རྡོ་རྗེ་རྗེས་དྲན་བྱེད་ཅེས་བྱ་བ་ནི་རང་ཉིད་ལ་ཡོངས་སུ་སྐྱོབ་པའི་ཕྱིར་རྣམ་པར་སྣང་མཛད་རྗེས་སུ་དྲན་པར་གྱུར་པའོ། །འདིའི་འོག་མ་རྣམས་ལ་ཡང་སོ་སོར ་སྔགས་བརྗོད་པ་རྣམ་པར་སྣང་མཛད་ལ་སོགས་རྗེས་སུ་དྲན་པ་ཇི་ལྟ་བ་བཞིན་དུ་དོན་འདི་ཉིད་ཀྱིས་བསྒྲེ་བར་བྱའོ། །འདི་ནི་འདི་སྐད་སྟོན་པ་ཡིན་ནོ། །རིགས་ཀྱི་བདག་པོས་བྱས་པའི་ཚེ་བ་ཉེ་བར་ཞི་བར་བྱ་བ་ལ་ནི་རིགས་ཀྱི་ཡུམ་གྱི་གསང་སྔགས་དྲན་པར་བྱ ་ཞིང་བསྒོམ་མ་ཞེས་ཤེས་པར་བྱའོ། །སངས་རྒྱས་རྣམས་ཀྱི་ཞི་བསྐྱེད་ཡུམ་ཞེས་བྱ་བ་ནི་སངས་རྒྱས་རྣམས་དང་འབྲེལ་པའི་གདུལ་བྱ་རྣམས་ཀྱིས་ཞི་བ་བསྐྱེད་པའམ། ཡང་ན་གལ་ཏེ་བསྒྲུབ་པ་པོ་ཞི་བ་བྱེད་ཀྱང་སྔགས་པ་གཞན་གྱིས་ཕུར་བུས་བཏབ ་བས་སྒྲུབ་པ་པོ་ལ་བྱ་བའི་དངོས་གྲུབ་མི་སྩོལ་ན། དེའི་ཚེ་ཤེས་པར་བྱས་ནས་དེ་རྣམས་ཀྱི་གཟུགས་བརྙན་བྱས་ལ་ཕུར་བུས་བཏབ་སྟེ། སླར་ཕྱུང་ནས་སངས་རྒྱས་སྤྱན་གྱི་གསང་སྔགས་བཟླས་པའི་འོ་མས་བཀྲུས་ནས་དེའི་ཚེ་དེ་རྣམས་ཞི་བར་འགྱུར་རོ། ་དེ་ནས་དེའི་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བར་འགྱུར་བས་ན་འདི་ལ་ནི་སངས་རྒྱས་རྣམས་ཀྱི་ཞིང་སྐྱེད་ཡུམ་ཞེས་བྱའོ། །འདི་དག་ཀྱང་ངེས་པར་བྱ་བའི་གཞན་གྱིས་བཀྲིར་མི་རུང་བ་ལ་སོགས་པའི་སྒྲུབ་པ་པོའི་དབང་དུ་བྱས་པ་ཡིན་ཏེ་ཏིང་ངེ ་འཛིན་ཐོབ་པས་དགུག་པ་ལ་སོགས་པ་ལ་འཇོག་པའི་ཚུལ་དང་འདྲ་བར་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་གིས་བསྐུལ་ན་ཞེས་བྱ་བ་ནི་ངེས་པར་བསྐུལ་བའོ། །མ་གྲུབ་རྣམས་ལ་གྲུབ་པར་སྩོལ་བར་ཞེས་བྱ་བ་ནི་དངོས་གྲུབ་མ་གྲུབ་པ་རྣམས་ལ ་དངོས་གྲུབ་སྩོལ་བར་མཛད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བའི་གསང་སྔགས་རྣམས་དངོས་གྲུབ་མི་སྩལ་ན་དེ་སྤྱན་གྱི་གསང་སྔགས་དང་སྤེལ་ནས་བཟླས་ན་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི ་སྔ་མ་བཞིན་ནོ། །སྐུ་གསུམ་འབར་བའི་མཆོག་གི་དམ་ཚིག་ཅེས་བྱ་བ་ལ་སྐུ་གསུམ་གྱི་བདག་ཉིད་ཅན་མི་བསྐྱོད་པའོ། །དེ་ཉིད་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོས་ཁྲོ་བོས་གཟུགས་སུ་གྱུར་པས་ན་འབར་བའོ། །དེ་ཉིད་ཀྱིས་ན་འཇིགས་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱི ་མཆོག་གོ་།དེའི་དམ་ཚིག་གི་ཡུམ་མཱ་མ་ཀཱིའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །།རྡོ་རྗེ་འང་འཆང་བའི་མཆོག་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ། །རྡོ་རྗེའི་དཀྱིལ་འཁོར་བསྐྱེད་པ་ཞེས ་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་ཡེ་ཤེས་བསྐྱེད་པར་མཛད་པས་སོ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བར་མཛད་པ་ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་འདྲ་བའོ། །ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ལ་སོགས་པའོ། །རྗེས་དྲན་གྱུར་ཅེས་བྱ་བ་ནི་རྗེས་སུ་དྲན་པ་སྟེ། དགྱེས ་པས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དངོས་གྲུབ་ཐམས་ཅད་སྲུང་མཇད་མ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྲུང་བ་འདིས་བྱའོ་ཞེས་བྱ་བའི་དོན་དོ། །འདི་ནི་སྤྱིའི་སྲུང་བའི་ཆོ་གའོ། །དེ་བཞིན་ལས་རྣམས་འགྲུབ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཇི་ལྟ་བ་ལ་སོགས་པའི ་ལས་རྣམས་གྲུབ་པའི་རྒྱུར་གྱུར་པས་སྤྱན་ལ་སོགས་པར་སྤྲུལ་པར་མཛད་པ་དེ་བཞིན་དུ་སྤྲུལ་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་རང་བཞིན་གྱིས་རྣམ་པར་དག་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ནི་འདོད ་ཆགས?་ཆེན་པོ་སྟེ་དེས་ཆགས་པ་ནི་དམར་བའོ། །པདྨ་ནི་པདྨའི་རིགས་སོ་དེའི་གར་གྱིས་?་བྱེད་པའི་ཚུལ་གྱིས་རྣམ་པར་འཕྲུལ་པས་འཐར་ཞིང་ནམ་མཁའ་ཨི་ཁམས་མ་ལུས་པར་ཁྱབ་པ་སྟེ། བཅོམ་ལྡན་འདས་འོད་དཔག་མེད་ལ་དེ་སྐད་ཅེས་བྱའོ། །དེའི་རྣམ་པར་འཕྲུལ་པ་ནི་ ་ཤིན་ཏུ་དགའ་བའི་སྐུས་རྣམ་པར་རོལ་པའོ། །དེའི་དོན་གྱི་དམ་ཚིག་གི་ཕྱག་རྒྱ་སྟེ་གོས་དཀར་མོའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །།ཆོས་ཐམས་ཅད་འཛིན་པ་མཆོག་གི་ཡུམ་ཞེས་བྱ ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ། །ཐམས་ཅད་དབང་དུ་བྱས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ལ་སོགས་པ་ཐམས་ཅད་དབང་དུ་བྱ་བ་ནི་མི་འདའ་བར་བྱས་པའོ། །དེའི་ཁོང་དུ་ཆུད་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱེད་པ་སྟེ། བཅོམ་ལྡན ་འདས་དོན་ཡོད་གྲུབ་པ་ལ་དེ་སྐད་ཅེས་བྱའོ། དེའི་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་དགའ་བར་བྱེད་པ་སྐུ་གསུམ་རྡོ་རྗེ་སྐྱེ་བ་མེད་པར་མཛད་པ་སྟེ། ཡུམ་སྒྲོལ་མའོ། །སྣ་ཚོགས་ཐམས་ཅད་འཆང་བའི་ཡུམ་གྱི་མཆོག་ཅེས་བྱ་བ་ནི་རིགས་དེའི་ཡུམ་དུ ་གྱུར་པས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པས་ན་ཡེ་ཤེས་ལ་འཇུག་པ་སྟེ། ཁྲོ་བོའི་ཐབས་དང་ཤེས་རབ་ནི་ཁྲོ་བོའི་ཡེ་ཤེས་སོ། །དེས ་སྒྲོལ་བ་ནི་སེམས་ཅན་གདུག་པ་ཅན་འགྲོར་ལྟུང་བ་རྣམས་སྒྲོལ་བས་གཤིན་རྗེ་གཤེད་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །འཇིགས་པ་སྐྱེས་གྱུར་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང ་བྱང་ཆུབ་སེམས་དཔའ་དང་བཅས་པ་ཐམས་ཅད་འཇིགས་པ་སྐྱེས་པའོ། །འདིར་ལ་ལ་དག་ནི་དེ་རྣམས་ལ་འཇིགས་པ་མི་མངའ་བས་འདི་ནི་མི་འཇིགས་སོ་ཞེ་ན་དེ་མ་ཡིན་ཏེ། གང་གི་ཕྱིར་རང་གི་དམ་བཅས་པ་ནི་འཇིགས་པ་སྟེ། དེ་རྣམས་གདུལ་བྱའི ་དབང་དུ་མཛད་ནས་དམ་བཅས་པ་འདི་ལ་འཇིགས་པ་རྣམ་པར་འཇོག་པར་མཛད་དེ། གལ་ཏེ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྒྲུབ་པ་ལ་ལན་བདུན་ཞུགས་པའི་སྔགས་པས་གྲུབ་པར་མ་གྱུར་ན་དེའི་ཚེ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པས་ཕུར ་བུས་བཏབ་སྟེ། ཁོ་པོ་ཅག་བསྒྲུབ་པར་བྱ་བ་ཡིན་པས་བཅོམ་ལྡན་འདས་ནི་གཏུམ་པོའོ། །སྙམ་ནས་འདིར་སྔགས་པ་ཕུར་བུས་འདེབས་པར་འགྱུར་རོ། །ཞེས་འཇིགས་པ་ཀུན་ཏུ་སྐྱེས་པས་དངོས་གྲུབ་སྩོལ་པར་མཛད་པར་འགྱུར་ཏེ། ཇི་སྐད་དུ་རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་ཡིས། །ཇི ་ལྟ་དེ་ལྟ་དེ་རྣམས་ཁྲོས། །སངས་རྒྱས་ཐམས་ཅད་གཟིར་ན་ནི། །འཇིགས་པས་དངོས་གྲུབ་སྩོལ་བར་འགྱུར་ཞེས་གསུངས་པས་སོ། །རྡོ་རྗེ་ར་བ་དྲ་བའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གཟི་བྱིན་བཟོད་པར་དཀའ་བས་རྡོ་རྗེ་ར་བ་དང་དྲ་བས་གོ་མནན་པས་ན་ཡེ ་ཤེས་སྣ་ཚོགས་ཅན་ལ་གཟིགས་པ་སྟེ། འདིས་ནི་བཅོམ་ལྡན་འདས་དེ་བསྙེན་པར་དཀའ་བ་བསྟན་ཏོ། །སྲུབས་གཅིག་པ་འམ་ཞེས་བྱ་བ་ནི་དུམ་བུ་གཅིག་པའོ། །སྲུབས་གཉིས་པ་ཞེས་བྱ་བ་ནི་དུམ་བུ་གཉིས་པ་ཞེས་བྱ་བའི་དོན་ཏོ། །ལྷ་མོ་བཞི་ཡི་སྦྱོར་བ་དང། ་སངས་རྒྱས་ལྔ་ཡིས་བྱིན་བརླབས་ཏེ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་ཐོད་པའི་དབུས་སུ་ཁྲག་གིས་ཐོང་པ་ལ་པདྨ་འདབ་བརྒྱད་བྲིས་ཏེ། དེའི་དབུས་དང་ཤར་ལ་སོགས་པའི་འདབ་མ་བཞི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་དང་ཤར་ལྷོ་ལ་སོགས ་པ་མཚམས་ཀྱི་འདབ་མ་བཞི་ལ་སྤྱན་ལ་སོགས་པ་བཞི་དགོད་པ་ནི་སངས་རྒྱས་བྱིན་གྱིས་བརླབས་པ་དང། ལྷ་མོ་བཞིའི་སྦྱོར་པ་དང་དེ་ལྡན་པར་འགྱུར་རོ། །རྐང་རྗེས་ས་ཡི་ཆོ་ག་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་ཆུ་པོའི་དོགས་གཉིས ་ཀྱི་ས་ལས་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་གཤིན་རྗེ་གཤེད་ཀྱི་སྔགས་ཏ་ལ་ལ་སོགས་པ་ལ་བྲིས་ཏེ། བཅུག་ནས་གཡོགས་པ་སྟེ། འདི་ནི་རྐང་རྗེས་ཀྱི་སའི་ཆོ་གའོ། །རྐང་པས་མནན་ཏེ། དེ་ལ་བཟླས་ཞེས་བྱ་བ ་ནི་གཤིན་རྗེ་བཤེད་ཀྱི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྒྲུབ་པར་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། རྣམ་པར་སྣང་མཛད་ལ་སོགས་པས་རང་གི་ཞགས་པ་དང་ལྕགས་ཀྱུས་བཅིངས་ཏེ་དྲངས་པར་གྱུར་པར་བསམས་ལ ་རྐང་པ་གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ལྕགས་ཀྱུ་ཁ་ཐུར་དུ་བལྟས་པས་ཐོད་པའི་ནང་དུ་གཟུགས་བརྙན་བཅུག་པ་མནན་ལ་དགུག་པའི་ཚུལ་གྱིས་རྐང་པ་བསྐྱོད་ཅིང་གཤིན་རྗེ་གཤེད་ཀྱི་གསང ་སྔགས་བསྒྲུབ་པར་བྱ་བ་དགུག་པའི་མིང་དང་སྤེལ་ཏེ་བཟླས་པར་བྱའོ། །ཞེས་བྱ་བ་ནི་བསྡུས་བའི་དོན་ཏོ། །སྤྲིན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་སྐལ་པ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ཀྱི་ཆུ་རྒྱུན་རྣམས་ཀྱིས་འགྲོ་བའི་དོན་མཛད་པས་སྤྲིན་ཆེན ་པོ་དང་འདྲ་བས་ནི་སྤྲིན་ཆེན་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་ནི་གདུག་པ་འདུལ་བའི་ཐབས་ཀྱི་ཡེ་ཤེས་སོ། །དེ་ལས་བྱུང་པའི་ནི་དམ་པ་རྡོ་རྗེ་བདུད་རྩི་ཁྲོ་བོ་སྟེ་བདུད་རྩིའི་ཐབ་སྦྱོར་རོ། །དམིགས་བ་ཞེས་བྱ ་བ་ལ་སོགས་པའི་དོན་ནི་སྔ་མ་བཞིན་ནོ། །ཁྲོ་བོའི་འཁོར་ལོ་སྤེལ་ནས་སུ་ཞེས་བྱ་བ་ནི་འཁྱམ་ཞིང་སྨེལ་ཞིང་འཁྱིམ་པའི་ཏ་ལའི་ལོ་མ་ལ་དུག་ལ་སོགས་པས་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་ལྟེ་བར་ཧཱུཾ་ལྷས་བྱིན་ཨུ་ཙྪ?་ཊ་ཡ་ཕཊ ་ཅེས་བྱ་བ་དང། རྩིབས་བརྒྱད་ལའང་དེ་བཞིན་དགོད་དོ། །མུ་ཁྱུད་ལ་བསྒྲུབ་པར་བྱ་བའི་མིང་སྐྲོད་བ་དང་སྤེལ་ཏེ་ཕྲེང་བའི་སྔགས་བྲིའོ། །ཚོགས་བདག་རྐང་པའི་དྲུང་དུ་བཞག་ཅེས་བྱ་བ་ནི་ཚོགས་ཀྱི་བདག་པོ་རྐང་པའི་འོག་ཏུ ་བསྒྲུབ་པར་བྱ་བ་གཟུགས་བརྙན་བཞག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧཱུཾ་དང་ཕཊ་ཀྱིས་བསྐུལ་ནས་སུ་ཞེས་བྱ་བ་ནི་ཧཱུཾ་ཆེ་གེ་མོ་ཨུཙྪ་ཊ་ཡ་ཕཊ་ཅེས་ཚོགས་ཀྱི་བདག་པོ་བསྐུལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ་འདི་སྐད་སྟོན་པ་ཡིན་ཏེ་བསྒྲུབ་པར་བྱ་བའི་བསྲུང་བ་སྩལ་བ་སྔོན་དུ་འགྲོ་བས་གཟུགས་བརྙན་གྱི་སྙིང་གར་འཁོར་ལོ་བཅུག་ལ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན་པས་ཚོགས་ཀྱི་བདག་པོ་ཇི་ལྟ་བ་བཞིན་བཀུག་ལ་དམ་ཚིག་བྱིན་པ ་དེའི་རྐང་བའི་འོག་ཏུ་གཟུགས་བརྙན་སྤས་ནས་ཧཱུཾ་ཆེ་གེ་མོ་ཨུཙྪ་ཊ་ཡ་ཕཊ་ཅེས་བརྗོད་ཅིང་དེ་ལ་བཀའ་བསྒོ་བས་བསྒྲུབ་པར་བྱ་བ་གཅེར་བུ་ཏིལ་མར་གྱི་བསྐུས་པ་རྔ?་མོ་ལ་བསྐྱོན་ཏེ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས་ལྷོ་ཕྱོགས་སུ་ཁྱེར་བར་བསམ་ཞིང ་དེའི་ཁྱིམ་ཡང་རྔ་མོ་གཅིག་གིས་ཡོངས་སུ་ཁྱེར་བར་བསམས་ལ་ཁྲོས་པས་ཉི་མ་ཕྱེད་དང། མཚན་བྱེད་ལ་ཉིན་ཞག་བདུན་གྱི་བར་དུ་བརྒྱ་རྩ་བརྒྱད་བཟླས་ན་ངེས་པར་སྐྲོད་པར་འགྱུར་རོ། །རིན་པོ་ཆེ་བརྩོན་པའི་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་རིན་པོ ་ཆེའི་རིགས་སོ། །བརྩོན་པ་ནི་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་རབ་ཏུ་འབད་པའི་ཁྱད་པར་རོ། །དེས་སྤྲོས་པས་ན་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན ་བཤད་ཟིན་ཏོ། །སྐེམས་བྱེད་ཀྱི་གདོན་ཞེས་བྱ་བ་ནི་བྱིས་པའི་གདོན་ནོ། །རྡོ་རྗེ་གཟེར་བའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་གདོན་རིགས་པའི་མཆོག་གི་རྒྱུད་ཀྱི་ཆོ་ག་ལས་མཚན་མར་ཤེས་བར་བྱས་ལ་དེ་ཇི་ལྟ་བ་བཞིན་དུ་བཀུག ་ལ་བསྒྲུབ་པར་བྱ་བའི་ལུས་ལ་གཞུག་ཅིང་བཅིངས་ལ་ར་བ་ལ་སོགས་པ་བྱས་ཏེ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་གཟིར་བར་བསམས་ལ་ཧཱུཾ་འབར་བ་ལས་བྱུང་བ་རྡོ་རྗེ་ལྟ་བུའི་ཡུངས་ཀར་གྱིས་སྲིན་པོ་ལ་སོགས་པ་རྣམས་སོལ ་ཅིག་ཅེས་བསྐུལ་བའི་ཚིག་དང་བཅས་པར་གསང་སྔགས་བཟླས་ལ་བརྡེག་ཅིང་བསམ་པ་ལ་སོགས་པའི་ལས་རྣམས་བྱས་ཏེ། འདིས་ནི་རྡོ་རྗེ་གཟེར་བའི་སྦྱོར་བའོ། །ཡོན་ཏན་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་རིན་པོ་ཆེ་ལྟ་བུའི་ཡོན ་ཏན་དེ་ལུང་དང་རྟོགས་པའི་བདག་ཉིད་ཅན་ནོ། །དཔག་ཏུ་མེད་པ་ནི་ཚད་མེད་པ་སྟེ། དེ་ཀུན་ནས་བསགས་པ་ཁྲོ་བོ་རྟ་མགྲིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །། ་ལག་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་བ་ཡིན་ཏེ། མཚན་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས་ལག་པ་གཡོན་པ་ལ་ཟླ་བ་རྡོ་རྗེ། དེའི་དབུས་སུ་པདྨ་འདབ་བརྒྱད་པ་དཀར་པོ། །དེའི་དབུས་སུ་ཡི་གེ་ཧ་ཟླ་བའི ་མདོག་ཅན་བསམས་ལ་དུག་གིས་ཟིན་པའི་མདུན་དུ་རྟ་མགྲིན་གྱི་ཕྲེང་བའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་བསྒྲུབ་པར་བྱ་བ་གོས་གྱིས་བཀབ་སྟེ། ནུབ་ཕྱོགས་སུ་ཁ་བསྟན་ལ་བཞག་ནས་དེའི་ལུས་ལ་ཕྲེང་བའི་སྔགས་ཇི་ལྟ་བ་བཞིན ་བཀོད་ལ། ཞི་བར་མཛད་པའི་རྟ་མགྲིན་དུ་གསོལ་ཅིག་ཅེས་བསྐུལ་བའི་ཚིག་དང་བཅས་པར་སྔགས་བཟླས་པར་བཅོམ་ལྡན་འདས་ཀྱིས་བསྒྲུབ་པར་བྱ་བ་སྟེ་བདུད་རྩིའི་རྒྱུན་གྱིས་ཡོངས་སུ་འགེངས་པར་བསམས་ལ་གོས་དྲང་ཞིང་རྟ་མགྲིན་གྱི་ང ་རྒྱལ་དུ་བྱས་པས་དུག་བསལ་བར་བྱའོ། །གལ་ཏེ་མྱུར་བར་ལྡན་ཏེ་འཛིན་པར་འདོད་ན་དེས་དེའི་སྙིང་གར་པདྨ་དཀར་པོའི་ལྟེ་བར་ཡི་གེ་ཧ་བསམ་པར་ཡང་ཤེས་པར་བྱའོ། །ཁྲོ་རྒྱལ་ཏིང་འཛིན་ལ་གནས་ནས་རྡོ་རྗེ་གསུམ་གྱི་ཡི་གེས ་མཛེས་ཞེས་བྱ་བ་ནི་ཁྲོ་བོ་རྟ་མགྲིན་གྱི་ཏིང་ངེ་འཛིན་ལ་གནས་ནས། ཨོཾ་ཨཱ:ཧཱུཾ་ཞེས་བྱ་བས་ཉེ་བར་མཛེས་པའི་ལུས་ཀྱིས་སོ། །ཁམས་དག་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པོ་རྣམས་ཀྱང་དོ། །དོན་ཡོད་པར་འབྱུང་བ་ཞེས་བྱ་བ་ལ་སོགས ་པ་ལ་དོན་ཡོད་ཅིང་དོན་དང་ལྡན་པས་ཐོགས་པ་མེད་པའི་དངོས་གྲུབ་སྩེལ་བ་འབྱུང་ཞིང་བསྐྱེད་པ་སྟེ། ཁྲོ་བོ་བེ་ཅོན་སྔོན་པོ་ཅན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྒྱལ་མཚན་གྱི་མཆོག་ནོར་བུའི་རྡོ་རྗེ་སྟེ་རྡོ་རྗེས་མཚན་ཞིང་ཡིད་བཞིན ་ནོར་བུ་ལྟར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟོན་པ་ཉིད་ཡིན་པས་ན་རྒྱལ་མཚན་གྱི་མཆོག་ནོར་བུ་རྡོ་རྗེ་ཞེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་སླའོ། །སངས་རྒྱས ་ཐམས་ཅད་ཅེས་བྱ་བ་ནི་དེ་དང་འབྲེལ་པས་ན་བཅོམ་ལྡན་འདས་དབྱུག་སྔོན་ཅན་ནོ། །འབྱོར་བའི་ཆོ་གས་བསྐུལ་ནས་ཞེས་བྱ་བ་ནི་གདུག་པ་རྣམས་གསོད་པའི་བར་དུ་སྦྱོར་བས་སོ། །དེ་ལ་སྦྱོར་བའི་ཆོ་ག་ནི་འདི་ཡིན་ཏེ་ཐུགས་རྡོ་རྗེའི་རྣལ་འབྱོར་པས ་བསྒྲུབ་པར་བྱ་བའི་རྡོ་རྗེ་པདྨས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཞུགས་ལ་དེའི་སྙིང་ག་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་འཐུངས་ཏེ་དེ་ཉིད་ལས་བྱུང་བའི་ཁྲོ་བོ་དབྱུག་སྔོན་ཅན་གྱི་ང་རྒྱལ་ཅན་དུ་བྱས། རང་གི་དཀྱིལ་འཁོར་ལ ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོས་པ་དང། བསྒྲུབ་པར་བྱ་བ་ཡང་དཀོན་མཆོག་གསུམ་ལ་སོགས་པ་རྣམ་པར་འཇིག་པར་བསྒོམས་ལ། སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་རང་གི་དམ་ཚིག་གིས་བཟློག་པར་བྱ་སྟེ། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པར་བྱེད་པ་དེ་འདིའི་དམ་ཚིག་སྦྱིན་པ་ལ་སོགས་པ་མི་ལེན་ཏེ། སེམས་ཅན་དེ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བ་ཡིན་ལ་ཁྱེད་རྣམས་ཀྱི་བྱང་ཆུབ ་ཀྱི་སེམས་དང་རབ་ཏུ་འབྲེལ་པ་ཡིན་པས། དེས་ན་འདིའི་སྙིང་སྤང་བར་མཛད་དུ་གསོལ་ཞེས་བརྗོད་ལ། དེའི་སྙིང་སྤངས་ནས་དེ་བཞིན་གཤེགས་པར་རྣམ་པར་བསམ་མོ། །ཡང་སྦྱོར་བ་གཞན་དག་གིས་སྲུང་བ་ལ་སོགས་པ་བསམས་ནས ་ཁྲག་གིས་གཤེར་བའི་གོས་བགོས་པ་འམ་གཅེར་བུས་ཆུ་བོའི་དོགས་གཉིས་ཀྱི་ས་ལ་སོགས་པ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་རྐང་པ་གཡོན་པས་མནན་ཏེ་བསྒྲུབ་པར་བྱ་བ་ཡང་དེར་དགུག་པ་དང་གཞུག་པ་དང་བཅིང་བ་བྱས ་ལ་ཁྲོས་པས། ཇི་ལྟ་བ་བཞིན་དུ་མངོན་སྤྱོད་ཀྱི་ཆོ་ག་རྫོགས་པ་ལ་བརྩོན་པར་བྱ་ཞིང་བེ་ཅོན་སྔོན་པོ་ཅན་ཟློས་པས་དེ་གསོད་པ་ལ་བརྩོན་པའི་རྡོ་རྗེ་བེ་ཅོན་སྔོན་པོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོ་བར་བྱའོ། །ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན ་ནས་ཐམས་ཅད་དུ་སངས་རྒྱས་ལ་སོགས་པ་རྣམ་པར་འཕྲོ་བ་སྟེ། དེའི་བཀོད་པའི་ཚོགས་ཡོད་པས་ཁྲོ་བོ་སྟོབས་པོ་ཆེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད ་ཟིན་ཏོ།། །།ལས་ཀུན་རབ་ཏུ་སྒྲུབ་པར་བྱེད་ཅེས་བྱ་བ་ནི་རྣལ་འབྱོར་པ་མོས་པའི་སྟབས་ཀྱིས་ན་གསང་སྔགས་ཀྱི་འདི་ཉིད་ཀྱིས་ཞི་བ་ལ་སོགས་པའི་ལས་རྣམས་ཀྱང་འགྲུབ་པར་འགྱུར་བས་དེ་སྐད་ཅེས་བྱའོ། །ཆར་པ་ཆེན ་གཅོད་འགྱུར་ལ་ཞེས་བྱ་བ་ནི་ཁྲོ་བོ་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་ནམ་མཁའ་ལ་གནས་པའི་ཆུའི་ཚོགས་རྣམས་འཐུངས་པར་ལྷག་པར་མོས་ནས་ཆར་པའི་ཕྱག་རྒྱས་སྤྲིན་རྣམས་གཏུབ་པར་བྱའོ། །ཆར་པ་ཆུར་ན་རབ་ཏུ་འབེབས ་ཞེས་བྱ་བ་ཡང་སྦྱོར་བ་འདི་ཉིད་ནས་བཤད་དོ། །ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་ཐམས་ཅད་དུ་འབར་བས་སྙིང་པོར་བྱས་པས་བཅོམ་ལྡན་འདས་འདོད་པའི་རྒྱལ་པོ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པས་ན་དེ་སྐད་ཅེས ་བྱའོ། །རྐང་གཡས་ཞེས་བྱ་བ་ལ་སོགས་པ་ལ་རྐང་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་གྱི་འོག་ཏུ་ཡེ་ཤེས་ཨ་ལས་སྣ་ཚོགས་རྡོ་རྗེ་དེའི་ཡང་འོག་ཏུ་ཡི་གེ་ཛ:ལས་རྡོ་རྗེ་ལྕགས་ཀྱུ་ཁ་ཐུར་དུ་བལྟས་པ་རྣམ་པར་བསམS ་ལ་མཚན་དེ་བསྒྲུབ་པར་བྱ་བའི་གཟུགས་བརྙན་མནན་ནོ་ཞེས་བྱ་བར་སྦྱར་རོ། །སྐུ་གསུམ་ཡེ་ཤེས་སྟོབས་ལྡན་པས་ཞེས་བྱ་བ་ནི་སྐུ་གསུམ་གྱི་ཡེ་ཤེས་བྱིན་གྱིས་བརླབས་ལ་ཁྲོ་བོ་དང་བཅས་པས་གཡོན་ཕྱོགས་སུ་ལུས་ཅུང་ཟད ་འདུད་པར་བྱའོ།། ཁྲོ་གཉེར་རིམ་པར་བསྙེར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འཕྲལ་བ་བསྐུལ་བ་བྱས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྟར་རབ་ཏུ་འབར་བའི་ཡེ་ཤེས་ནི་གདུག་པ་རྣམས་འདུལ་བའི ་ཐབས་ཀྱི་ཡེ་ཤེས་ཏེ་ངེས་རབ་ཏུ་འབར་བས་གཏུམ་པོར་གྱུར་པ་སྟེ་ཁྲོ་བོ་མི་གཡོ་བའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གཙོ་བོ་ཞེས་བྱ་བ་ནི་འདིར་དྲན་ཞེས་བྱ་བ་དང་རྗེས་སུ་སྦྱར་རོ། །འགུགས་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ ་བཞིན་ནོ། །སྐུ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ་འདི་ནི་རྟག་ཏུ་སྐུ་གསུང་ཐུགས་མི་བཟང་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་ཡིན་པས་ན་སྐུ་གསུམ་རྡོ་རྗེའི་ཡེ་ཤེས་སོ། །དེ་ཉིད་ཧཱུཾ་བཞིས་བསྙེན་པར་དཀའ་བའི་ངོ་བོ་ཉིད་པས་ན་འབར་བའོ། །དེ་ཉིད་དེ ་བཞིན་གཤེགས་པ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་ཁྲོ་བོའི་གཟུགས་ཀྱིས་སྲིད་པ་གསུམ་པོ་མ་ལུས་པའི་བདག་པོར་གྱུར་ཅིང་ཤེས་པའི་བུད་ཤིང་རྣམས་བསྲེགས་པས་ན་འབར་བའི་རྡོ་རྗེའོ། །དེ་ཉིད་བགེགས་རྣམས་འཇིག་ཅིང་རྙོག་པར་བྱེད ་པས་ན་འཇིགས་པ་ཆེན་པོ་སྟེ། བཅོམ་ལྡན་འདས་གནོད་མཇོས?་ལ་དེ་སྐད་ཅེས་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས་འདི་ནི་སྐུ་མདོག་ནག་པོ་ཞལ་གཡས་དཀར་གཡོན་དམར་བ་ཕྱག་གཉིས་འཇིག ་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིང་བ། གཡས་གཉིས་རྡོ་རྗེ་དང་འཁོར་ལོ་བསྣམས་པ་གཡོན་གཉིས་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། མི་བསྐྱོད་པའི་ཅོད་པན་ཅན་གཡོན་བརྐྱང་བས་བཞུགས་པ་ཡི་གེ་ཧཱུཾ་ལས་བྱུང ་བར་ཤེས་པར་བྱའོ། །སྐུ་གསུང་རྡོ་རྗེ་མཆོག་མངའ་བའི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཅེས་བྱ་བ་དང་སྦྱར་རོ། །ཡེ་ཤེས་ཀྱི་འཇོམས་ཞེས་བྱ་བ་ནི་རང་གི་ཏིང་ངེ་འཛིན་གྱི་ཡེ་ཤེས་དང་བྲལ་བའོ། །ལྕགས་ཀྱུ་ཡིས་ནི་རྣམ་དྲལ་ཏེ་ཞེས་བྱ་བ་ནི་སྙིང ་གར་རོ། །རྡོ་རྗེ་ཞགས་པས་བཅིངས་ནས་སུ་ཞེས་བྱ་བ་ནི་མགུལ་དུའོ། །འདི་སྐད་སྟོན་པ་ཡིན་ཏེ་གནོད་མཛེས་ཀྱི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ནམ་མཁའ་ཨི་དབྱིངས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལྕགས? ་ཀྱུ་དང་ཞགས་པ་ཇི་ལྟ་བ་བཞིན་དུ་བསྣམས་པའི་གནོད་མཛེས་ཀྱི་སྦྱོར་བ་ལ་ཞུགས་པས་བསྒྲུབ་པར་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ལ་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་བསྐྱེད་ལ་བུ་མོ་འགུགས་པ་ལ་བརྩོན་པར ་བསམས་ནས་མིང་དང་སྤེལ་བའི་སྦྱོར་བས་སྔགས་བཟླས་པ་བྱ་ཞིང་དགུག་པར་བྱའོ། །དགུག་ཅེས་བྱ་བ་ལ་རབ་ཏུ་མྱུར་བར་གཡོ་བའི་མིག། མིག་གིས་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་གྲགས་ཏེ། །འགྲོ་བ་ཐམས་ཅད་དགུག་པར་གསུངS ་པའི་འབར་པའི་ལྟ་བ་འང་དགུག་པའི་ལས་ཐམས་ཅད་ལ་སྦྱོར་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔར་བཤད་པའི་གསང་སྔགས་ཀྱིས་ཀྱང་མངོན་པར་འདོད་པའི་ལས་བསྒྲུབ་ཏུ་རུང་སྟེ་གང་འདིའི་གདུལ་བྱའི་སྐྱེ་བོ་རྣམས་ལ་རབ་ཏུ ་སྣང་བའི་དབང་དུ་མཛད་ནས་སྤྱན་ལ་སོགས་པའི་ལས་སོ་སོར་ངེས་པར་བཤད་ཀྱི་འོན་ཀྱང་རྣལ་འབྱོར་པའི་མོས་པའི་དབང་གིས་དེ་དག་ཐམས་ཅད་ཀྱང་ལས་ཐམས་ཅད་མཛད་པ་ཡིན་ནོ། །ད་ནི་ཐམས་ཅད་ཀྱི་སྤྱིའི་ལས་ཀྱི་ཚོགས་རྣམS ་ཀྱི་དོན་གསུངས་པ་ཡིན་ཏེ། ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཆེན་པོ་ནི་ལྷ་རྣམས་སྤྲུལ་པའི་ཡེ་ཤེས་སོ། །དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་རོལ་པ་སྟེ། སངས་རྒྱས་ལ་སོགས་པ་འགུགས་པའོ། །དེའི་དགའ་སྟོན་ནི ་དེས་དགའ་སྟོན་མཛད་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་མཛད་པའོ། །དེ་ལ་དམིགས་པས་ན་ཏིང་ངེ་འཛིན་དེ་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ། ལས་ཀྱི་ཚོགས་བསྐྱེད་པའི་རྣམ་པ་ལ་ཐུགས་རྩེ ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །སྐུ་གསུམ་གྱི་མཆོག་རྡོ་རྗེ་འཆང་བསྐྱེད་པར་མཛད་པ་ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དེ་ཉིད་ནི་སངས་རྒྱས་བྱང་ཆུབ་སྟེ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བདག་པོའི་ངོ་བོ ་ཉིད་ཡིན་པས་སོ། །འབྱིན་ཅེས་བྱ་བ་ནི་ཕྱུང་བ་སྟེ་ལས་ཀྱི་ཚོགས་རྣམས་ཤེས་པར་བྱ་སྟེ། རྡོ་རྗེ་འཛིན་པའི་རྗེས་སུ་དྲན་ནས་ལས་ཀྱི་ཚོགས་རྣམས་བཤད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ལས་འདི་དག་ཐམས་ཅད་ལ་དེ་ཡོངས་སུ་རྫོགས་པར་བྱ་བའི ་ཕྱིར། བཅོམ་ལྡན་འདས་དེ་བསྐུལ་བ་བྱ་སྟེ། དངོས་གྲུབ་ཐམས་ཅད་ནི་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ཉིད་ཀྱི་འོག་ནས། རྒྱལ་པོ་ཀུན་གྱི་གནས་ལ་བཞུགས།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཀུན་གྱི་སེམས་རབ་རྫོགས་མཛད་པ། །ཡང་དང ་ཡང་དུ་རབ་བསྡུལ?་བར་ཞེས་གསུངས་པའི་ཕྱིར་རོ།། བྱང་ཆུབ་ཆེན་པོ་རྡོ་རྗེ་འཆང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དེ། དེ་དྲན་པ་སྔོན་དུ་འགྲོ་བས་ལས་ཀྱི་ཚོགས་རྣམས་བཤད་པ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པ ་བསྟན་པར་གྱུར་པས་ཁམས་གསུམ་པོ་སེམས་ཙམ་དུ་ཤེས་ནས་ལས་རྣམས་བྱས་ན་འགྲུབ་པར་འགྱུར་རོ་ཞེས་པའོ། །འཁོར་ལོ་ཆེ་ལ་རྣམ་གནས་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལ་འདུག་པས་སོ། །འདི་སྐད་སྟོན་པ་ཡིན་ཏེ། གནོད་མཛེས་ཀྱི་དཀྱིལ ་འཁོར་ལ་གནས་པ་སྟེ། དཀྱིལ་འཁོར་དེ་ལ་གནས་པའི་རྣལ་འབྱོར་པས་དེའི་སྔགས་བཟླས་ཤིང་སངས་རྒྱས་ཀྱི་སྤྲིན་གནོད་མཛེས་ཀྱི་སྦྱོར་བར་ཞུགས་པ་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་སྤྲོས་པས་འགུགས་པར་བྱེད་པའོ། །སངས་རྒྱས་རྣམས ་ཀྱི་སྤྲིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྡོ་རྗེ་འཆང་པའི་སྤྲིན་ནི་རྡོ་རྗེ་སེམས་དཔའ་ཨི་སྤྲིན་ནོ། །བཞན་དག་ལ་ཡང་དེ་བཞིན་ནོ། །དགུག་པར་གསུངས་པ་འདི་ནི་གཙོ་བོ་མ་ཡིན་གྱི། སྔ་མ་ཉིད་དུས་དང་པོ་བྱ་བ་ཡང་ཤེས་པར་བྱའོ། །དེ་བས ་ན་གཞན་དག་ལས་ཀྱང། སྔགས་ཀྱི་སེམས་དཔས་བྱ་བ་ནི། །རྡོ་རྗེ་གསང་བ་རྨད་པོ་ཆེ། །ཁྲོ་བོ་རྒྱལ་པོ་བཀུག་ནས་ནི། །སངས་རྒྱས་ཐམས་ཅད་རབ་ཏུ་མཆོག་ཅེས་གསུངས་པ་ཡིན་ནོ། །ད་ནི་རྣལ་འབྱོར་ཐམས་ཅད་ཀྱི་མངོན་པར་འདོད་པའི་བུ་མོ ་ལ་སོགས་པ་དགུག་པ་ཡིན་ཏེ། ཀུན་མཁྱེན་ཡེ་ཤེས་རང་བཞིན་གཙོ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །རང་སྔགས་སྐྱེས་བུར་བདག་བསྒོམས་ན་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང ་རུང་བའི་རང་གི་ལྷའི་སྐུར་དང་སྔགས་ཀྱི་བདག་ཉིད་རྣམ་པར་བསམ་པའོ། །རླུང་ལ་རྐང་པ་བཞག་ནས་སུ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་བཞག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རང་གི་དཀྱིལ་འཁོར ་ལ་བསྐྱོན་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུ་སྙིང་ནས་དྲངས་ནས་ནི་ཞེས་བྱ་བ་ནི་ལྕགས་ཀྱུས་སྙིང་དྲངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་དེའི་དཀྱིལ ་འཁོར་གྱི་དབུས་སུ་འདུག་སྟེ། མངོན་པར་འདོད་པའི་བུ་མོ་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་བསྐྱེད་ལ། རླུང་གི་དཀྱིལ་འཁོར་ལ་སྟོན་ཏེ། དེ་ལ་མངོན་པར་ཕྱོགས་པར་དྲངས་ཤིང། རང་གི་ལྷའི་གཟུགས་ཀྱིས་ལྕགས་ཀྱུ་དང་ཞགས་པ་ཐོགS ་ཏེ། གནས་ཇི་ལྟ་བ་བཞིན་དུ་བཅིངས་ལ་དྲངས་ནས་ཁྱེར་ཏེ་ལོངས?་བར་བསམ་པ་དང་དཀྱིལ་འཁོར་པ་རྣམས་ཀྱང་དེ་འགུགས་པ་བརྩོན་པར་བསམ་ཞིང་བདག་ཉིད་ཀྱང་མིང་དང་སྤེལ་བའི་སྦྱོར་བས་གསང་སྔགས་ཟློས་ཤིང་དགུག་པར་བྱའོ། ་སྐྱེས་པ་དགུག་པ་ལ་ནི་སྦྱོར་པ་འདི་ཉིད་གོ་བཟློག་པ་ཡིན་པར་ཤེས་པར་བྱའོ། །ཐག་རིང་པོ་ནས་དགུག་ན་བསྒྲུབ་པར་བྱ་བ་གལ་ཏེ་ཡོངས་སུ་བསྐམས་པར་འགྱུར་བ་ཡང་སྲིད་པས། དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་རྡོ་རྗེ་རྣམ་པར་སྣང ་མཛད་ནི་ཞེས་བྱ་ལ་སོགས་པ་གསུངས་ཏེ་བསམ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མགོ་བོ་ལའོ། །དེ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་ཐག་རིང་པོ་ནས་དགུག་པ་ན་བསྒྲུབ་པར ་བྱ་བའི་མགོ་ལ་བླ་བའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བདུད་རྩི་འབབ་པ་བསམས་ལ་དགུག་པར་བྱའོ་ཞེས་པའོ། །རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བཞུགས ་པར་བསྒོམ་མོ་ཞེས་ཤུགས་ཀྱིས་སྦྱར་རོ། །རྡོ་རྗེ་ལྕགས་ཀྱུ་སྐུ་ཆེན་པོ་ཞེས་བྱ་བ་ནི་ཡི་གེ་ཛ(རྒྱུད་འགྲེལ་བྱུང་བ། །རྡོ་རྗེ་ལྕགས་ཀྱུ་སྐུ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱི་གཟུགས་སུ་ཡོངས་སུ་གྱུར་པར་བསྒོམས་ལ་དེ་ལ་བསྐྱོན་ནས་བུ་མོ་དགུག་པར་བྱའོ་ཞེས་ཟེར་རོ། །རྡོ་རྗེ་གསུམ་གསུངས་ཁྲོ་བོ་ནི་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི ་ཡི་གེ་ལས་བྱུང་བ་ཞལ་གསུམ་པ་མི་བསྐྱོད་པའི་གཙུག་གི་ནོར་བུ་ཅན། སྐུ་མདོག་སྔོ་བ་རོལ་པའི་སྟངས་སྟབས་ཀྱིས་བཞུགས་པར་ཁྲོ་བོ་རྡོ་རྗེ་ས་འོག་བསྒོམ་མོ་ཞེས་བྱ་བ་ནི་ལྷག་མའོ། །གསལ་ཞིང་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས ་ཞེས་བྱ་བ་ནི་གསལ་ཤིང་དང་ཞགས་པ་ལ་སོགས་པ་དང་ལྡན་པས་འདི་སྐད་ཅེས་བྱའོ། །དེ་ཡང་ཕྱག་གཡས་པ་གཉིས་ན་གསལ་ཤིང་ལྕགས་ཀྱུ་བསྣམས་པ། གཡོན་གཉིས་ན་རྡོ་རྗེ་དང་ཞགས་པ་བསྣམས་པ་ཡིན་པར་རིགས་སོ།། ་ཉེ་བར་མཚན་པ་འདིས་ན་གཡས་ཀྱི་ཅིག་ཤོས་ལ་ནི་རལ་གྲི། གཡོན་ན་དགྲ་སྟ་བསྣམས་པར་ལ་ལ་འདོད་དོ། །དྲངས་ན་ཞེས་བྱ་བ་ནི་ལྕགས་ཀྱུས་དྲངས་ནས་ཞགས་པས་བཅིངས་ལ་བསྒྱེལ་བའི་ཚུལ་དུ་བྱས་པའོ། །འདི་སྐད་སྟོན་པ་ཡིན་ཏེ ་རྣལ་འབྱོར་པ་ཇི་སྐད་དུ་བཤད་པའི་རྡོ་རྗེ་ས་འོག་ནི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་སྦྱོར་བས་འདུག་སྟེ། དེ་ཉིད་ཀྱིས་སྔ་མ་བཞིན་དུ་ལྷ་མ་ཡིན་གྱི་བུ་མོ་འགུགས་བཞིན་པར་བསམས་ལ་མིང་དང་སྤེལ་ནས་དེའི་སྔགས་བཟླས་པའི་སྦྱོར་བས? ་དགུག་པར་བྱ་སྟེ། ལྷ་མ་ཡིན་གྱི་བུ་མོ་དགུག་པའི་ཁྱད་བར་གྱི་སྦྱོར་བའོ། །གཟས་ཟིན་ཚེ་ན་ཁར་བཅུག་སྟེ། །རྫས་རྒྱལ་རྡོ་རྗེ་ལྕགས་ཀྱུས་བསྒྲུབ་ཅེས་བྱ་བ་ནི་གཟས་ཟིན་པའི་ཚེ་རྫས་ཁར་བཅུག་རྡོ་རྗེ་ལྕགས་ཀྱུ་དགུག་པའི་སྦྱོར ་བས་ནམ་མཁའ་ཨི་ཁམས་ཐམས་ཅད་ན་གནས་པའི་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་འགུགས་པ་ལ་བརྩོན་པ་རྣམས་འགུགས་པ་ལ་སོགས་པ་བྱས་ཏེ་བསྒྲུབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པས་གཤིན་རྗེ ་གཤེད་ལ་སོགས་པའི་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། གཟས་ཟིན་པའི་ཚེ་རྫས་ཁར་བཅུག་ལ་དེར་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དགུག་པ་ལ་སོགས་པ་བྱས་ལ་ཟླ་བ་འམ་ཉི་མ་གཟས་ཟིན་པ་ལ ་ལྟ་བ་བཞིན་དུ་ཇི་སྲིད་གཟས་གཏང་གི་བར་དུ་བཟླས་པ་བྱའོ། །དེ་ནས་བསྲུང་བ་བྱས་པ་དེ་ལྟར་བསྒྲུབ་པའི་རྫས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་དྲག་པོ་ལ་སོགས་པ་གང་ཡང་རུང་བའི་མིང་བྲིས་ལ་རྐང་པ་གཡོན་པས་མནན་ཏེ་བསྒྲུབ ་བར་བྱ་བ་ཡང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱིས་ལྕགས་ཀྱུས་དྲང་ཞིང་ཞགས་པས་བཅིངས་ནས་འགུགས་བཞིན་པར་བསམས་ལ། དེ་བཞིན་དུ་མིང་སྤེལ་བའི་སྦྱོར་བས་གསང་སྔགས ་བཟླས་ན་ཁུགས་པར་འགྱུར་རོ། །བུད་མེད་དགུག་པ་ལ་ནི་རྐང་པས་མནན་ནོ། །སངས་རྒྱས་འཁོར་ལོ་ལེགས་བསམས་ཏེ། །འཇམ་དཔལ་རྡོ་རྗེ་རྣམ་པར་བསྒོམ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཇི་སྐད ་བཤད་པའི་འཇམ་དཔལ་གྱི་སྐུར་བདག་ཉིད་བསྒོམ་པར་བྱའོ། །ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས་ཤིང་བྱ་བ་ནི་ཕྱག་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ་ཏེ། སྙིང་གར་འདི་ཉིད་བསྒོམ་ཞེས་བྱ་བ་ནི་ཁྱད་པར་རོ། །འདི་སྐད་སྟོན་པ་ཡིན་ཏེ ་འཇམ་དཔལ་གྱི་རྣལ་འབྱོར་པ་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཇི་སྐད་དུ་གསུངས་པའི་གཤིན་རྗེ་གཤེད་ཀྱི་སྐུར་དེའི་གསང་སྔགས་ཀྱི་བསྒོམས་ལ། སྔ་མ་བཞིན་དུ་ལེགས་པར་སྤྲོས་ཏེ། མངོན་པར ་འདོད་པའི་གནོད་སྦྱིན་མོའི་སྙིང་གར་ཞུགས་པ་དང། དེ་བསྐལ་པའི་མེ་བཞིན་དུ་བསྲེགས་པར་གྱུར་ལ་རང་གི་མདུན་བསིལ་བར་གྱུར་པའི་ལམ་ཡོད་པ་ལ་ཨ་གཙྪ་ཨ་གཙྪ་ཞེS་བྱ་བའི་སྔགས་ཀྱིས་འཇམ་དཔལ་རྡོ་རྗེ་ལ་སྐྱབས་སུ་འགྲོ་བར་མངོན་པར ་བསམས་ལ་གཤིན་རྗེ་གཤེད་ཀྱི་སྔགས་ཡི་གེ་ཀྵི་དང་སྤེལ་བས་བཟླས་ལ་དགུག་པར་བྱའོ། །ཕྱག་རྒྱ་གསང་སྔགས་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་གྱིས ་དབུས་སུ་འདུག་སྟེ། རང་གི་ཕྱག་རྒྱ་དང་སྔགས་ལས་བྱུང་བའི་གཤིན་རྗེ་གཤེད་ལ་སོགས་པ་གྲངས་མེད་པས། ནམ་མཁའ་ཀུན་ཏུ་བཀང་སྟེ། འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་རང་གི་མཚན་མ་དང་ལྕགས་ཀྱུ་ཕྱག་ན་བསྣམས་པས་བསྒྲུབ་པར་བྱ་བ་འགུགས ་པར་གྱུར་པར་བསམ་ཞིང་ཁྱད་པར་གྱི་སྦྱོར་བས་དགུག་པར་བྱའོ། །འདི་ནི་དགུག་པ་སྤྱིའི་ཡིན་པས་འགུགས་པར་བྱ་བའི་གནས་སུ་གསུངས་ཞེས་བྱ་བ་ཡིན་ཏེ་དགུག་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ནོ།། གཞན་དུ་བྱས་ན་འགྲུབ་མི་འགྱུར ་ཞེས་བྱ་བ་ནི་གལ་ཏེ་སྤྱི་དང་ཁྱད་པར་སྦྱར་བ་དག་གིས་འགུགས་པ་ལ་སོགས་པ་མི་ཕྱེད་ན་དེའི་ཚེ་དེ་འགྲུབ་པར་མི་འགྱུར་རོ། །དེ་བས་ན་གཉིས་ཀས་ཀྱང་བྱའོ་ཞེས་བྱ་བར་གནས་སོ། །རྒྱལ་པོའི་ཞབས་དྲུང་ཀུན་གནས་པས་ཞེས་བྱ་བ་ནི་རྒྱལ་པོ་ནི་སྔགས ་ཐམས་ཅད་ཀྱིའོ། །ཀུན་གྱི་གནས་ལ་བཞུགས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱིས་ལྷ་ཐམས་ཅད་ཀྱི་སྐུ་ལ་རྣམ་པར་བཞུགས་པའོ། །ཡང་དང་ཡང་དུ་བསྐུལ་བར་བྱ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཐུགས་རྡོ་རྗེ་ལས་ཐམས་ཅད་ལ་བཅོཾ ་ལྡན་འདས་བདག་ལ་དངོས་གྲུབ་སྩལ་དུ་གསོལ་ཞེས་སྐད་ཅིག་རེ་རེ་ཞིང་བསྐུལ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན་རྒྱལ་པོ་ཀུན་གྱི་གནས་ལ་བཞུགས་པས་བྱ་བ་ཡིན་པའི་ཕྱིར་རོ། །གཞན་དག་ནི་དགུག་པའི་ལས་རྣམས་ལ་བཅོམ་ལྡན་འདས ་གནོད་མཛེས་ཉིད་བསྐུལ་བར་བྱའོ། །ཞེས་ཟེར་རོ། །ཡེ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བ་ནི་གདུག་པའི་རང་བཞིན་ཟིལ་གྱིས་གནོན་པ་སྟེ། ཟིལ་གྱིས་གནོན་པ་ཡང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རལ་པ ་གཅིག་མའོ་དེ་ཉིད་རྡོ་རྗེ་སྟེ། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །།གསང་སྔགས་བཟླས་བརྗོད་བྱས་བ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། རལ་པ་གཅིག་མའི་རྣལ་འབྱོར་པས། དེའི་དཀྱིལ ་འཁོར་གྱི་དབུས་སུ་འདུག་ལ་སྔ་མ་བཞིན་དུ་ཀླུའི་བུ་མོ་འགུགས་པར་བྱེད་པར་བསམས་ལ། བསྒྲུབ་པར་བྱ་བའི་མིང་དང་མདུང་ཅན་མའི་སྔགས་སྤེལ་ཞིང་བཟླའོ། །འདོད་པའི་ཡོན་ཏན་ལྔས་ཆགས་པའི་ཞེས་བྱ་བ་ནི་གཟུགས་ལ ་སོགས་པ་ལ་རྗེས་སུ་ཆགས་པའི་བདག་ཉིད་ཅན་གྱིས་ཏེ། བཅོམ་ལྡན་འདས་མ་འདི་ཡང་སྐུ་མདོག་སྔོ་བ་ཅོད་པན་ལ་མི་བསྐྱོད་པས་བརྒྱན་པ། རལ་གྲི་དང་ལྕགས་ཀྱུ་དང་རྡོ་རྗེ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ཁྲག་གིས ་ཡོངས?་སུ་གང་བའི་ཐོད་པ་དང་ངག?་སྟ་ཕྱག་ན་བསྣམས་ལ། རོལ་པའི་སྟངས་སྟབས་ཀྱི་ལེགས་པར་ཞུགས་པ། ཡི་གེ་ཧཱུཾ་ལས་བྱུང་བ་མཆོག་ཏུ་ཀླུའི་བུ་མོ་འགུགས་པར་ཤེས་པར་བྱའོ། །ནམ་མཁའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ནམ ་མཁའ་ནི་གོ་འབྱེད་དོ། །ཆེན་པོ་ནི་ཐམས་ཅད་ཁྱབ་པ་སྟེ། སེམས་ཅན་གྱི་དོན་མཛད་པའི་ཕྱིར་མགྱོགས་པའི་ཤུགས་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་ན་འཇུག་པར་དཀའ་བའི་ཕྱིར་རྒྱ་མཚོ ་དང་ཆོས་མཐུན་པར་གནས་པ་ན། སྐུལ་བྱེད་མ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ། དེ་ལ་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྦྱོར་བ་ཡིས་ཞེས་བྱ་བ་སྤྱི་བོར་རྣམ་པར་སྣང་མཛད་དགོད་པ་ལ་སོགས་པའོ། །འདི་སྐད ་སྟོན་ཏོ། །སྐུལ་བྱེད་མའི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཀླུའི་བུ་མོ་ལ་སོགས་པ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་འཕགས་མ་ཙུན་དའི་སྐུ་ནམ་མཁའ་ཁྱབ་པ་རྣམས་ཀྱིས་འགུགས་པར་བྱེད་པར་བསམས། དེ་བཞིན་དུ་གསང ་སྔགས་བཟླས་ནས་བཀུག་སྟེ་ཉེ་བར་ལོངས་སྤྱོད་པར་བྱའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཁྱབ་པས་ན་ནམ་མཁའ་སྟེ། རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཡེ་ཤེས་སོ། །དེ་མི་ཕྱེད་པས་ན་རྡོ་རྗེའོ། །དེས་རྣམ་པར་རྒྱལ་བ་ནི་གདུག་པ་རྣམས ་ཟིལ་གྱིས་གནོན་པ་ལ་བརྩོན་པ་གང་ཡིན་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྲོ་གཉེར་ཅན་ནོ། །དེ་ཉིད་མཆོག་སྟེ་དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཆེན་པོའི་ལུང་དང་རྟོགས་པའི་མཚན་ཉིད་དོ། །དེ་ཉིད ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བདུད་རྩི་འདྲེན་པས་ན་བདུད་རྩིའོ། །དེ་ཉིད་ནི་དམ་ཚིག་སྟེ་རྒྱུ་རྫོགས་པ་གང་ཡིན་པ་སྟེ། དེ་ཡང་འདིར་རྡོ་རྗེ་ཁྲོ་གཉེར་ཅན་ཀྱི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་ལ་གནས་ཏེ་ཉེ་བར་ལོངས་སྤྱད་པར་བྱའོ། །ཡང་ན་ཞེས་བྱ་བ་ལ ་ཡང་ན་སྨོས་པའི་ནི་འགོག་པའི་རྡོ་རྗེ་བཟླས་པ་ལ་སོགས་པས་སམ། རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་པས་སེམས་རྩེ་གཅིག་པ་ཐོབ་པའོ། །སྐྱེ་བོ་མེད་པའི་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པར་རོ། །སྔགས་པ་བྱེ་བ་བཟླས་ནས་སུ་ཞེས་བྱ་བ་ནི་ཡི ་གེ་ཕྲེང་བ་བཟླས་པས་སོ། །ལས་རྣམས་ཐམས་ཅད་བྱ་བར་གསུངས་ཞེས་བྱ་བ་ནི་སྔགས་དེ་ཡིས་སོ། །འདི་སྐད་སྟོན་པ་ཡིན་ཏེ། ལྷའི་བུ་མོ་མཆོག་ལ་སོགས་པ་དགུག་པ་ལ་སོགས་པའི་ཇི་སྐད་དུ་གསུངས་པའི་ཆོ་ག་གང་དག་ཡོད་པ་དེ་དག་ཐམས་ཅད་ལ་རྡོ་རྗེ་ཕྲ་མོ ་ལ་སོགས་པ་བསྒོམས་པས་སེམས་རྩེ་གཅིག་པ་ཐོབ་པའམ། བཟླས་བརྗོད་བྱེ་བ་བྱེ་བ་བྱས་ནས་བྱའོ། །བསྐྲད?་པ་ལ་སོགས་པ་ནི་བཟླས་བརྗོད་བྱེ་བམ་བྱས་པ་འམ། སེམས་རྩེ་གཅིག་པ་མ་ཐོབ་པས་ཀྱང་དད་པ་བརྟན་པོར་བྱ་བས་ལ་ལ་བྱར ་རུང་བ་ཡོད་དོ། །གཞན་དག་སློབ་དཔོན་སྨོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་མངོན་སྤྱོད་ཀྱི་ཡུལ་གསུངས་པ་ཡིན་ནོ། །ཉེ་བར་མཚོན་པ་འདིས་ན་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ལ་སོགས་པའང་བསྡུའོ། །བྱང་ཆུབ་དངོས་གྲུབ་ལེགས་པར་ཐོབ་ཅེས ་བྱ་བ་ནི་མངོན་སྤྱོད་ཀྱི་ཡན་ལག་འདིས་མངོན་སྤྱོད་བྱ་བར་འོས་པ་ལ་ལས་བྱས་ན་སེམས་ཅན་ཐམས་ཅད་འདུལ་པའི་ཐབས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་རྟོགས་པར་འགྱུར་རོ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ལས་བྱུང ་བའི་གསོད་པའོ། །དགྲ་ལ་ཡང་ཞེས་བྱ་བ་ལ་ཡང་རྒྱུད་གཞན་དག་ལས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་སེམས་བསད་པར་ནི། ཁྱད་པར་དག་ཏུ་བསྒོམ་པར་བྱ། དགྲ་རྣམས་ལ་ནི་གདོན་མི་ཟ་ཞེས་གསུངས་པས་འདིར་སོམ་ཉི་མི་བྱ་སྟེ ་འདི་ཉིད་ཀྱིས་ནི་གཅིག་ཏུ་བྱ་བ་བདག་གི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ་སེམས་ཅན་ཐམས་ཅད་གསོང་པ་གཙུག་ལག་ཁང་ལ་སོགས་པ་རྣམ་པར་འཇིག་པ་དང། སློབ་དཔོན་ལ་སོགས་པ་ལ་གནོད་པར་བྱེད་པ་ལ་སོགས་པ་མངོན་སྤྱོད ་ཀྱི་ཡན་ལག་བྱ་བར་ངོས་པ་ལ་ལྷའི་བསྲུང་བ་དང་བྲལ་པར་བྱས་ཏེ། བསྐལ་པ་དུ་མར་དམྱལ་བ་ལ་སོགས་པས་གནས་པར་འགྱུར་རོ། །ཞེས་སྙིང་རྗེའི་སེམས་བསྐྱེད་ལ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་དུ་བསྐྱོད་པར་བྱའོ་ཞེས་བསམས་ནས་མེད་པར ་བྱ་བ་འམ། བསང་པའི་དངོས་པོ་དམིགས་ལ་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་པས་མངོན་སྤྱོད་ཀྱིས་བྱ་བའི་ལས་བྱའོ། །ཁྲག་ག་མཆུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་ཆོ་ག་གསུངས་པ་ཡིན་ཏེ། མཚན་མ་ཞེས་བྱ་བ་ནི་བསྲུབ་པར་བྱ་བའི་གཟུགས ་བརྙན་ནོ། །ཁྲོ་བོའི་རྒྱལ་པོ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའིའོ། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ན་ཞེས་བྱ་བ་ན་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པས་སོ། །སངས་རྒྱས་ཀྱང་ནི་ངེས་པར་འཇིག་ཅེས་བྱ་བ་ནི་སྦྱོར་བ་ཕུལ་དུ་བྱུང་བར་གསུངས་པ་ཡིན ་ཏེ། ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་རྣམས་ལ་ནི་འཆི་བར་འགྱུར་བར་ཡང་མི་སྲིད་ལ། འདིར་དེ་དག་གིས་མངོན་སྤྱོད་བྱ་བའི་ཕུར་བུས་བཤད་པ་ཡང་ན་ཡིན་ན། ཅིའི་ཕྱིར་གསུངས་ཤེ་ན། དེ་ནི་བདེན་ཏེ་དེ་དག་འཆི་བར་འགྱུར་བ་མི་སྲིད་པ་ཉིད་ཡིན་མོད་ཀྱི། ་འོན་ཀྱང་སྦྱོར་པ་འདི་ཉིད་ལ་དངོས་གྲུབ་མཆོག་སྩོལ་པ་ལས་མི་ལྡོག་པ་ལ་བྱའོ། །རྒྱུད་གཞན་དག་ལས། འགའ་ཞིག་སྦྱོར་བ་མ་ཐོབ་པས། །སངས་རྒྱས་གསོད་པའི་བདག་ཉིད་ཅན། །དེ་ལ་ཕན་པར་བྱ་བའི་ཕྱིར། །དངོས་གྲུབ་མྱུར་བར་རབ་ཏུ་བསྒོམ ་ཞེས་གསུངས་པས་སོ། །ཆུས་བརླན་པའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའི་དོན་ཉིད་གསལ་བར་བསྟན་པས་སོ། །ཁྲོ་བོའི་མདུན་དུ་བཅིངས་ནས་སུ་ཞེས་བྱ་བ་ནི་ཁྲོ་པོའི་ང་རྒྱལ་དྲག་པོས་བྱས་སོ། །ཁྲོ་བོ་འཁྲུངས་པ་ཡིས་ཞེས་བྱ་བ་ནི་ཐམས་ཅད ་དུ་ཁྲོ་བོའི་ལུས་འབར་བས་ཁྱབ་པའི་ཚུལ་གྱིས་སོ། ཁ་བཞིན་རྣམ་པར་བསྒྱུར་བྱས་ཏེ། །ཞེས་བྱ་བ་ནི་ཁ་བཞིན་དག་རྣམ་པར་བསྒྱུར་པ་ནི་འཇིགས་པར་བྱེད་པ་གཟུགས་ཅན་ཏེ། རྣམ་པར་བསྒྱུར་བར་དེས་དུ་མར་རྣམ་པར་བསྒྱུར་བ་སྟེ། རང་གི་ལག ་གི་རྗེས་སུ་མཐུན་པའི་སྟོབས་དང་ལྡན་པས་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའ་ཨི་ཁམས་ཀྱང་འཇིག་པར་འགྱུར་ཞེས་བྱ་པ་འདིས་ནི་ཆེ་བའི་བདག་ཉིད་བསྟན་པ་ཡིན་ནོ།། མ་མོའི་གནས་ཞེས་བྱ་བ་ལ་སོགས་པ་ནི་མངོན་སྤྱོད་ཀྱི་གནས་ཀྱི་ངེས་པ ་གསུངས་པ་སྟེ། གང་ན་མ་མོ་བདུན་པོ་གནས་པ་ནི་མ་མོའི་གནས་སོ། ཤིང་གཅིག་ཏུ་བྱ་བ་ནི་ཤིང་གཞན་གྱི་གྲིབ་མས་མ་ནོན་པ་ཞེས་བྱ་བའི་དོན་ནོ། །དེའི་རྐང་རྗེས་ས་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་སའོ། །ཡང་ཞེས་བྱ་པའི ་སྤྲས་ནི་ཆུ་པོའི་ངོས་གཉིས་ཀྱི་ས་ལ་སོགས་པ་ཡང་བསྡུས་ཏེ་དེ་གཟུགས་བརྙན་བྱའོ། །ཞེས་བྱ་པ་ནི་ལྷག་མའོ། །མི་རུས་ལས་བྱས་ཕུར་བུ་དག་ཅེས་བྱ་བ་ནི་མིའི་རུས་པ་ལས་བྱས་པའི་ཕུར་བུས་སོ། །ཕུར་བུ་ཡིས་ནི་ཞེས་བྱ་ནི ་ལྟེ་བ་ཡན་ཆད་སྤྱོད?་བདུད་རྩི་འཁྱིལ་པའི་གཟུགས་ཅན་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབས་སུ་བྱས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་པའི་སྦྱོར་བ་བྱས་ལ། ཇི་སྐད་དུ་བཤད་པའི་ཕུར་བུ་བླངས་ནས ་ངོས་བཞིར་ཡི་གེ་ཧཱུཾ་བཞི་སྤྱི་བོར་གཅིག་བཀོད་པ་དེ་ཉིད་ཀྱིས་དུར་ཁོད་དུ་སྣ་ཚོགས་རྡོ་རྗེ་བྲིས་ལ་རྐང་རྗེས་ཀྱི་ས་དང་དུག་ལ་སོགས་པ་རྣམས་ཀྱིས་དེའི་གཟུགས་བརྙན་བྱས་ཏེ། དུག་ལ་སོགས་པ་ངེས་པར་བྱས་པའི་ཏ་ལའི་འདབ་མ་ལ ་སོགས་པ་དེའི་མིང་དང་སྤེལ་ཏེ། གསང་སྔགས་བྲིས་ལ་དེའི་ཁོང་དུ་བཅུག་སྟེ། ས་ལ་སོགས་བརྒྱད་བཀབ་ལ། ཡི་གེ་ཨ་ཡི་ས་བོན་ལས་སྔར་བྲིས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་ལྷོ་ཕྱོགས་སུ་མངོན་དུ་ཕྱོགས་པར་བཞག་ལ་གནོས་མཛེས་ཀྱིས་བསྒྲུབ ་པར་བྱ་བའི་སྙིང་དྲངས་ནས། བཞུག་པ་དང། བཅིང་བ་བྱས་ལ། འོག་ནས་བཤད་པའི་ཕུར་བུའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པའི་ཕུར་བུས་སྙིང་གར་བཏབ་ལ་ནང་གི་ཡི་གེ་ཨས་མཚན་པའི་སྣ་ཚོགས་རྡོ་རྗེ་བྲིས་པའི་ཁོ་ཕོར་གྱིས་བཀང ་སྟེ། དེ་ཡང་སས་བཀབ་ལ་དེའི?་སྟེང་དུ་རྐང་པ་གཡོན་པས་མནན་ཏེ་ཉི་མ་ཕྱེད་དམ་མཚན་ཕྱེད་ན་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །གདོན་གྱི་ལས་ཐམས་ཅད་ལ་ཕུག་མ་དང་དྲོ་བ་དང་ནིམ་པའི་ལོ་མ་དང། སྒྱུར་རྩ་བས་དང། ་?་ཚེ་ལ་སོགས་པ་དང་ལྡན་པའི་དགྲས་ཆན་དམར་པོ་རང་ཉིད་ཁྲོ་བོའི་ང་རྒྱལ་དང་ལྡན་པས་ནང་གི་སྦྱིན་སྲེག་གི་ཆོ་ག་ཇི་ལྟ་བ་བཞིན་དུ་བཟའ་བར་བྱའོ། །དགྲའི་ཁྱིམ་སྒོར་ཞེས་ཚིག་མང་པོར་སྨོས་པས་ནི་གྲོང་བརྡལ་ལ་སོགས་པ ་ཡང་གཟུང་སྟེ་ཕུར་བུ་ཞེས་བྱ་བར་སྦྱར་བར་བྱའོ། །སྦྱོར་བ་འདི་དག་ལ་ཡང་བརྐོས་ཏེ་བཞུགས་ཅེས་བྱ་པར་སྦྱར་རོ། །ཤེས་དང་མི་ཤེས་རྣམ་སྤངས་པ་ཞེས་བྱ་བ་ནི་ཤེས་པ་དང་མི་ཤེས་པའི་རྣམ་པར་རྟོག་པ་དང་བྲལ་བ་འམ་ཡང་ན་གཉིས་སུ་མེད་པའི་རྣམ་པ ་འཇུག་པའི་ཡེ་ཤེས་ནི་ཤེས་པའོ། །མི་ཤེས་པ་ནི་དེ་ཉིད་མི་ཤེས་པ་སྟེ་དེ་དེ་དང་བྲལ་བས་ན་མི་ཤེས་སྤངས་པ་སྟེ། སྤངས་པ་ནི་དོར་པའོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་དག་ཐམས་ཅད་ནི་སེམས་ཙམ་མོ་ཞེས་བྱ་ངེས་པར་བསམས་པ་གཤིན་རྗེ་གཤེད ་ལ་སོགས་པའི་དེ་ཡང་རུང་བའི་ང་རྒྱལ་ཇི་སྐད་གསུངས་པའི་ཕུར་བུས་བླངས་ལ། ལས་ཀྱི་རྗེས་སུ་མཐུན་པའི་བསྐུལ་ཚིག་དང་སྤེལ་བའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། དགྲའི་ཁྱིམ་སྒོ་ལ་སོགས་པ་བརྐོས་ཏེ་གཞུག་པར ་བྱའོ། །ཐོབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའོ། །འམ་གྱི་སྒྲ་ནི་མ་རྙེད་ནི་གཞན་དག་ཀྱང་རུང་པའོ། །རྡོ་རྗེའི་ཚིག་གིས་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གིས་བྱིན་གྱིས་བརླབས་པས་ན་རྡོ་རྗེའི་ཚིག ་གི། འདི་སྐད་སྟོན་པ་ཡིན་ཏེ། ཆེ་གེ་མ་སྐྲོད་ཅེས་བྱ་བ་དང་སྤེལ་བའི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གསང་སྔགས་ཇི་སྐད་དུ་བཤད་པའི་ཐོད་པ་ལ་དུག་ལ་སོགས་པ་རྣམས་ཀྱིས་ལེགས་པར་བྲིས་ལ། རྡོ་རྗེའི་ཚིག་གིས ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་དགྲའི་སྒོ་ཁང་ལ་སོགས་པར་སྦས་ན་གྲོང་ལ་སོགས་པར་སྐྲོད?་པར་འགྱུར་རོ། །འཆི་བ་འམ་སྐམས་པར་འགྱུར་ཞེས་བྱ་བ་ནི་སོད་ཅིག་པ་འམ་སྒོམས་ཤིག་ཅེས་པ་དང་སྤེལ་བའི་གསང་སྔགས་བྲིས་པས་སོ། །ཉེ་བར ་མཚོན་པ་འདིས་ན་སྐྲོད་ཅིག་ཅེས་པ་ལ་སོགས་པ་ཡང་ཡོངས་སུ་བསྡུའོ། །འདི་སྐད་སྟོན་པ་ཡིན་ཏེ། ཁྲོ་བོ་གང་ཡང་རུང་བའི་ང་རྒྱལ་དུ་བྱས་ནས། ལྷ་ཆེན་པོ་གཅེར་བུ་སྐྲ་བཤིག་པ་ལྷོ་ཕྱོགས་ན་གནས་པ་འདོད་པའི་རྒྱལ་པོའི་གསང་སྔགས ་དང་ཕྱག་རྒྱས་དེ་བཀུག་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །དམ་ཚིག་འདས་ན་མྱུར་བ་ནི། །རིགས་བརྒྱུད་བཅས་པ་ཐལ་བར་བྱ། །ོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ལ་སྔར་བཤད་པའི་ཁྲོ་བོ ་ཏེ་རིན་ཏི་རིས་དམ་ཚིག་བྱིན་ལ་ཁ་ཞིང་ཚ་བའི་བཀྲ་མི་ཤིས་པའི་མེ་ཏོག་རྣམས་ཀྱིས་མཆོད་ལ་དེ་བླངས་ནས་དེ་ཡང་རང་གི་ལས་བྱ་བ་བསྒོ་སྟེ། སྲང?་གཏད་ནས་གྲོང་དམ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་འབུས་ཟོས་པའི་འདབ་མ་ལ་སོགས ་པ་ལ་བདག་ཉིད་མངོན་པར་འདོད་པའི་ལས་དང་རྗེས་སུ་མཐུན་པར་བསྒྲུབ་པར་བྱ་བའི་མིང་དང་སྦེལ་བའི་སྦྱོར་བས་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གསང་སྔགས་མི་རུས་ལ་སོགས་པས་ཕྱག་རྒྱས་གཏོར་མའི་ཚུལ་གྱིས ་ས་མ་ཡི་གེ་ཕྱིན་ཕྱོགས་སུ་བྲིས་ལ་དུག་ལ་སོགས་པ་དང་ནི་མ་པའི་ལོ་མ་ལ་སོགས་པ་དང་མི་གཙང་བས་བསྐུས་ཏེ་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་མེ་ཏོག་དེ་ལ་ཡང་ལན་བདུན་མངོན་པར་བཟླས་པ་བྱས་ནས། དེའི་འོག་ཏུ་ཏ་ལའི ་འདབ་མར་སྦྱར་ཏེ་མེ་ཏོག་ལྷག་མ་རྣམས་ཀྱིས་དཀྲིའོ། །དེ་ནས་སྒྲའི་སྒོ་གར་ཅོག་པུས་དོང་བྱས་ལ་ཉི་མ་ཕྱེད་དམ་མཚན་ཕྱེད་ནི་སྦ་བར་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཇི་སྐད་དུ ་བཤད་པའི་སྒྲུབ་པའི་ཐབས་ཀྱི་རིམ་པས་སྒྲུབ་པ་ལ་ལན་བདུན་ཞུགས་པའི་སྒྲུབ་པོ་ལ་དངོས་གྲུབ་མི་སྩོལ་ན། ཕུར་བུས་གདབ་པའི་མངོན་པར་འདོད་དོ། །དེ་རྣམས་ཀྱི་སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་ཏེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགS ་པ་དང་སྤྲུལ་པའི་སྐུའོ། །དེ་རྣམས་ཀྱི་ཕུར་བུས་གདབ་པའི་ཕྱིར། རྡོ་རྗེ་ཕུར་བུ་སྟེ། བདུད་རྩི་ཐབ་སྦྱོར་ལ་སོགས་པའི་གཟུགས་སོ། །དེ་ཉིད་ཡེ་ཤེས་རྡོ་རྗེ་སྟེ་དེ་ལ་དམིགས་པ་ཞེས་བྱ་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཕུར་བུས་གདབ་ལ་ཐོགས་པ་མེད་པའི་གསང་སྔགས་གསུང་བའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་པོ་ཐམས་ཅད་ཀྱི་སྟེ། ཁམས་གསུམ་བྱུང་བའི་དེ ་བཞིན་གཤེགས་པ་ལ་སོགས་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་སྐུ་གསུང་ཐུགས་སོ། །དེ་རྣམས་ཕུར་བུས་འདེབས་པར་བྱེད་པའི་སྙིང་པོ་གང་ཡིན་པ་དེ་ཉིད་ནི་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱའོ། །ཕུར་བུའི་སྤྱི་སྔགས་ལ་ནི་སརྦ་དུཥྛན་སརྦ ་བཱ་པོཾ་ཞེས་བྱ་བ་བཏོན་ལ་བསྒྲུབ་པར་བྱ་བའི་མིང་གཞུག་པར་བྱའོ། །ཱ་ཛྙཱ་པ་ཡ་ཏི་ཞེས་བྱ་བའི་འོག་ཏུ་ལྷས་བྱིན་གྱི་ཞེས་བྱ་བ་ཡང་གཞུག་གོ། རྡོ་རྗེ་སེམས་དཔའ་མཉམ་གཞག་སྟེ། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིང་པའོ།། ་སྐུ་གསུམ་རྡོ་རྗེའི་མཐར་ཐུག་པའི་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཐར་ཐུག་སྟེ། བསྒྲུབ་པར་བྱ་བའི་ཞལ་གསུམ་ཞེས་བྱ་བ་ནི་ལྷག་མའོ། །སྦྱར་ཞེས་བྱ་བ་ནི་མི་རུས་ལ་སོགས་པ་ལས་བྱས་པའི་ཕུར་བུས་དབང་དུ་བྱས་ནས ་གདབ་པོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་ནས་འབྲས་ཉིད་དུ་ནི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བ་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་ནག་པོ་རོལ་པའི་སྟང་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པའི་གཙུག་གི་ནོར་བུ་ཅན། ཕྱག་ན་རལ་གྲི་དང ་ལྕགས་ཀྱུ་དང། འཁོར་ལོ་དང། ཞགས་པ་དང། དགྲ་སྟ་དང་རྩེ་གསུམ་པ་བསྣམས་པའོ། །རྡོ་རྗེ་གསུམ་གྲི་ཕུར་བུས་བསམས་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་ཕུར་བུའོ། །བདག་ཉིད་ཆེན་པོ་སྟོབས་པོ་ཆེ་ཞེས་བྱ་བ་ནི་སྟོབས་པོ་ཆེ་འམ་རྡོ་རྗེ་ཧཱུཾ ་མཛད་ཆེན་པོ་ལ་སོགས་པས་སོ། །བདུད་རྩི་ཐབ་སྦྱོར་རྡོ་རྗེ་དང་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་གཟུགས་ཅན་གྱི་ཕུར་བུས་སོ། །རྡོ་རྗེའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་ཁྲོ་པོའི་སྦྱོར་བ་དང་ལྡན་པས། འདི་ལ་ཕུར་བུས་གདབ་པར་བྱའོ་ཞེས་པའི་བསམ ་པ་བརྟན་པོས་སོ། །སྟེང་དུ་འང་དམ་ཚིག་དེ་ཉིད་ནི་ཞེས་བྱ་བ་ནི་ཐུགས་ཀ་ནས་བརྩམས་ཏེ་ཇི་སྲིད་དབུའི་བར་དུ་རྡོ་རྗེ་ཕུར་བུ་དེ་ཉིད་བསམ་པར་བྱའོ། །དམ་ཚིག་ནི་ངེས་པར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན ་པ་ཡིན་ཏེ། གང་གི་ཚེ་རྣལ་འབྱོར་པས་སྒྲུབ་པ་བདུན་གྱིས་ཀྱང་མ་གྲུབ་ན། རྡོ་རྗེ་སེམས་དཔའ་གང་ཡང་རུང་བའི་ང་རྒྱལ་དུ་ཇི་ལྟ་བ་བཞིན་དུ་བྱས་ལ་སྔ་མ་ལྟར་མི་རུས་ལ་སོགས་པ་ལས་བྱས་པའི་ཕུར་བུ་ཐོགས་ཏེ་ས་ལ་སོགས་པ་ལས ་བྱས་པའི་རང་གི་ལྷ་མདུན་དུ་བཞག་སྟེ། དེ་གཉིས་པ་ཡང་དགུག་ཅིང་གཞུག་ལ་བཅིངས་ནས་ཕུར་བུས་ཡང་དག་པར་བཏབ་སྟེ། དེས་ཀྱང་དབུ་ནས་བརྩམས་ཏེ། ཇི་སྲིད་ཞབས་ཀྱི་མཐར་ཐུག་གི་བར་དུ་ཕུག་པར་བསམས་ལ་སྡིགས ་མཛུབ་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་སྦྱོར་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས་ཞེས་བྱ་བ་འདིས་ནི་བསམ་གཏན་གྱི་ཕུར་བུ་ཉིད་གསུངས་པའོ། །རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་ཞེས་བྱ་བ་ནི་ཐུགས ་?་རྣལ་འབྱོར་པ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀུན་ཀྱང་ཕུར་བུས་འདེབས་ཞེས་བྱ་བ་ནི་སངས་རྒྱས་ཀྱང་དེའི་ཕུར་བུས་འདེབས་ཞེས་བྱ་བ་ནི་སྔ་མ་དང་སྦྱར་རོ། །སྤྱིའི་གསང་སྔགས་ཀྱིས་དེ་བཞིན་གཤེགས་པ་ཕུར་བུས་འདེབས་པ་ནི་བཅོམ ་ལྡན་འདས་ཉིད་གཙོ་བོ་ཉིད་དེ། ཕུར་བུས་གདབ་པ་དེ་ལ་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ནོ། །ལྷ་ལྷག་མ་རྣམས་ཕུར་བུས་གདབ་པ་ལ་ནི་རང་གི་བདག་པོ་རྣམས་ཀྱིས་བྱའོ། །ཁྱད་པར་གྱི་གསང་སྔགས་ཀྱིས་ཐམས་ཅད་ཀྱི་ཕུར་བུ་གདབ་པ་ལ་ནི ་སྐུ?་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་སོ། །མྱུར་དུ་འཆི་བ་འམ་སྐམ་པར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་ཀྱང་ཞེས་བྱ་བ་ནི་སྔ་མ་དང་སྦྱར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྐུ་རྡོ་རྗེའི་རྣལ་འབྱོར་པས་རང་གི་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པ་མདུན ་དུ་བསམས་ལ་དེ་ལ་གཉིས་པ་ཡང་དགུག་ཅིང་གཞུག་ལ་བཅིངས་ནས་དེའི་སྟེང་དུ་ཧཱུཾ་ལས་ཕུར་བུ་ཇི་ལྟ་བ་བཞིན་དུ་བསམས་ལ་ཁྲོས་པས་དེ་ལ་བཀའ་སྒོ་བའི་ཚུལ་གྱིས་ཕུར་བུས་གདབ་པའི་གསང་སྔགས་ཇི་ལྟ་བ་བཞིན་དུ་ཟློས་ཤིང་ཕུར་བུས ་འདེབས་པར་བསམས་ལ། ཕྱག་རྒྱ་དང་ཚམ་དམ་གྱིས་ཕུར་བུས་བཏབ་པར་བྱའོ། །སྐུ་ལ་སོགས་པའི་ཕུར་བུས་གདབ་པར་ཁྱད་པར་གྱི་གསང་སྔགས་གསུངས་པ་ལ། སྐུའི་ཡེ་ཤེས་ནི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སོ།། དེའི་རྣམ་པར་བསྒྱིངས་པ་ནི ་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུའི་ཕུར་བུས་སེམས་ཅན་གྱི་དོན་མཛད་པའོ། །དེ་ཉིད་རྡོ་རྗེ་སྟེ་དམིགས་པ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ལ་སོགས་པའི་སྐུའི་ཕུར་བུས་གསང་སྔགས་གསུངས་པའི་རྣམ་པ ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དེ་ཉིད་དམ་ཚིག་གོ། གཉིས་སུ་མེད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་དེའི་ཕུར་བུ་ཡིན་ལ། དེའི་དོན ་གསང་སྔགས་འབྱུང་ཞེས་བྱ་བར་སྦྱར་རོ། །སྟང་སྟབས་ཀྱི་ཕྱག་རྒྱ་གསུངས་པ་ནི་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ་བ་ནི་ལག་པ་གཡོན་པ་ཁ་སྤུབ་པ་ལ་དེའི་སྟེང་དུ་གཡས་པ་བཞག་སྟེ། གཡོན་པའི་མཐེ? ་ཆུང་ལ་སོགས་པས་གཡས་པའི་མཐེའུ་ཆུང་ལ་སོགས་པ་བཟུང་སྟེ། ཕན་ཚུན་དཀྲི་བ་ལྟ་བུ་བྱས་ལ་གཡོན་པའི་མཐེའོ་གཡས་པའི་ལག་མཐིལ་གྱི་དབུས་སུ་བཀུག་ལ་བཞག་སྟེ། མཐེ་བོ་དང་སྦྱར་བ་ནི་མཐེ་བོ་སྦྱོར་བ་སྟེ་ངེས་རྡོ་རྗེ་ཕུར་བུ ་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏེ། །སྣང་མཛད་ཞབས་ཀྱིས་མནན་ནས་སུ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་གཟུང་བའོ། །བཏབ་པ་ཙམ་གྱིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལའོ། །སྐུ་གསུང་ཡེ་ཤེས་ལས་བྱུང་བའི་ཞེས་བྱ་བ་ནི་ ་སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དམ་ཚིག་མཆོག་གིས་བཞེངས་པར་མཛོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེའི་ཕུར་བུའི་རྣམ་པར་ཡོངས་སུ་གྱུར་པར་བསྒོམ་པ་ནི ་དམ་ཚིག་སྟེ། དེ་ཉིད་མཆོག་གི་འབྱུང་བར་འགྱུར་པའོ། །གཞན་དུ་བྱས་ན་བརླག་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་རྡོ་རྗེ་ཕུར་བུ་འབྱུང་བར་མ་བསྒོམས་པར་སྔགས་དང་ཕྱག་རྒྱ་འབའ་ཞིག་རབ་ཏུ་སྦྱར་ན་དེའི་ཚེ་མངོན་པར་འདོད་པའི་དངོས་གྲུབ ་ཉམས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཁྲོས་པས། རང་གིས་བསྒྲུབ་པར་བྱ་བ་མདུན་དུ་ཇི་ལྟ་བ་བཞིན་དུ་བསམས་ཏེ། ཚིམ?་དམ་གྱི་ཕྱག་རྒྱ་བཅིངས་ཏེ། དེའི་འོག་ཏུ་ཕྱག་རྒྱ་བཅིངས་པ་ལས ་ཁྱུང?་བའི་འཁོར་ལོ་འབར་བ་ཡོངས་སུ་གྱུར་པའི་རྡོ་རྗེའི་ཕུར་བུ་བསྒྲུབ་པར་བྱ་བ་ལ་འབབ་པས་མགོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་གི་བར་དུ་གཟུགས་བརྙན་གྱི་ཚུལ་དུ་ཕུར་བུ་བཏབ་པར་བསམ་མོ། །ཡང་ན་བཏབ་པ་ཙམ་གྱིས་སེམས ་དཔའ་ཆེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྐུ་གསུང་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ནི་ཕུར་བུའི་གཟུགས་ཅན་གྱི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དམ་ཚིག་གིས་ཞེས་བྱ་བ་ལ་ནི་བཅོམ་ལྡན་འདས་དེ་ཉིད་ཚམ་རྔམ?་གྱི་ཕྱག་རྒྱས ་སླར་བསྡུ་བའི་སྦྱོར་བའི་མཆོག་གིས་ཆོ་ག་བཞིན་དུ་གནས་ཇི་ལྟ་བར་སླར་བསྡུའོ། །ཞེས་བསྟན་ཏོ། །བཞེངས་པར་མཛད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་བཏབ་ནས་གྱེན་དུ་བཞུགས་པའོ། །གཞན་དུ་བྱས་ན་བརླག་པར་འགྱུར་ཞེས་བྱ ་བ་ནི་སྟང་སྟབས་རྗེས་སུ་མ་བསྡུས་པའི་ཉེས་པས་སྲིན་པོ་ལ་སོགས་པ་རྣམས་ཀྱིས་ཉེ་བར་གནོན་པ་བྱེད་པའི་གླགས་རྙེད་པར་འགྱུར་བས་གནོད་པར་འགྱུར་བའི་དོན་ཏོ། །དེ་ཡང་སྔགས་པས་གང་ཡང་རུང་གཟུང་ནས། དེ་ལའང་བྱམས་པ ་ཉིད་དུ་བྱ། རྡོ་རྗེ་གང་ལ་གནས་ནས་ཀྱང། །དེ་ལས་ཕྱག་རྒྱ་ལེགས་པར་བསྡུ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །རྡོ་རྗེ་གནས་སུ་བཞག་པར་བྱ།། གཞན་དུ་གསང་བ་པ་ཀུན་དང། །སྲིན་པོ་རྣམས་ནི་གནོད་བྱེད་དེ། །གླགས་སྐབས་ཚོར་བར་བྱེད་པ་ཡི། །གནོད་བྱེད་རྣམས་ནི ་འཚེ་བྱེད་ཅིང། །གླགས་ཚོལ་རྗེས་མཐུན་ཤེས་ནས་ནི། །སྔགས་པ་ལ་ནི་རབ་གནོད་བྱེད་དེ། །དེ་བས་རྣམ་པ་ཐམས་ཅད་དུ། །སྒྲུབ་པ་པོ་ནི་བློ་ལྡན་པས། །རྡོ་རྗེ་གནས་ནི་ཞེས་བྱས་ལ། །སྟང་སྟབས་བསྡུ་བ་སྦྱར་བར་བྱ་ཞེས་གསུངས་པ་ཡིན་ནོ། །འདི་ཡང ་མཚམས་སྦྱར་བ་བསྟན་པ་ལས་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་སྟང་སྟབས་བྱ་བ་དག་བྱས་ནས། དེ་བཞིན་དུ་བསྒྲུབ་པར་བྱ་བ་ཕུར་བུ་བཏབ་པར་རྣམ་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཇི་ལྟ་བ་བཞིན་དུ་གར་བྱས ་ནས། ཆོ་ག་བཞིན་དུ་རྐང་པ་གཡོན་པའི་གནས་སུ་བསྡུ་བར་བྱའོ། །རྡོ་རྗེའི་ཐུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཆེན་པོ་ནི་ཐུགས་རྡོ་རྗེའི་ཡེ་ཤེས་སོ། །དེའི་རྣམ་པར་བསྒྱིངས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི ་ཐུགས་ཀྱི་ཕུར་བུས་རྣལ་འབྱོར་པའི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པ་སྟེ། དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །།དམ་ཚིག་ཆེན་པོ་ཡི་ཞེས་བྱ་བ་ལ་སོགས་པ་ལ། ཆེན་པོ ་ནི་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་འོག་ནས་བཤད་པའི་སྟང་ལྟབས་སོ། །དེས་ཕུར་བུས་འདེབས་པས་དེའི་དོན་དུ་གསང་སྔགས་བྱུང་ངོ་ཞེས་བྱ་བར་སྦྱར་རོ། །རྩེ་མོ་ལྔ་པ་བཅིངས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྣམས? ་པ་བཅིངས་ནས་སུ་སྲིན་ལག་གཉིས་གོ་བཟློག་སྟེ། གུང་མོའི་ནང་དུ་གཞུག། མཐེ་བོ་དང་མཐེའུ་ཆུང་དག་སྦྱར་གུང་མོ་དག་ཀྱང་སྦྱར་བར་བྱས་ལ་གུང་མོ་གཉིས་དམ་པོར་སྦྱར་བའི་ཚིགས་གསུམ་པའི་གནས་སུ་མཛུབ་མོ་བཀུག་ནས་རྡོ་རྗེ་དང་འདིར? ་བར་ནས་གང་ཙམ་གྱིས་མ་རེག་པར་བཞག་ན་རྩེ་མོ་ལྔ་པ་བཅིངས་པར་འགྱུར་ཏེ། དེས་རྡོ་རྗེའི་ཕུར་བུ་གདབ་པར་བྱ་བའི་དོན་ཏོ། །རྡོ་རྗེའི་ཐུགས་ཀྱི་ཞབས་ཀྱི་མནན་ཅེས་བྱ་བ་ནི་ཐུགས་རྡོ་རྗེའི་སྦྱོར་བས་གཟུང་བའོ། །སྐུ་གསུམ་ཡེ་ཤེས ་ལས་བྱུང་བའི་ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་ཕུར་བུའི་གཟུགས་སུའོ། །དམ་ཚིག་མཆོག་གིས་ཞེས་བྱ་བ་ལ་སོགས་པའི་ཡན་ལག་དང་སྤྱིའི་དོན་བཤད་ཟིན་ཏོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་ཉིད་ནི་གསུང ་གི་ངོ་བོའོ། །དེ་ཉིད་དམ་ཚིག་སྟེ། དེའི་རྣམ་པར་བསྒྱིངས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་གསུང་གི་ཕུར་བུས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསུང་གི་ཞེས་བྱ ་བ་ལ་སོགས་པ་ལ་གསུང་གི་དམ་ཚིག་ནི་འཇིག་རྟེན་དབང་ཕྱུག་གོ། དེའི་སྟང་སྟབས་ཀྱི་འོག་ནས་བཤད་པའོ། །དེས་ཕུར་བུས་འདེབས་པས་ན་དེའི་དོན་དུ་གསང་སྔགས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་སོར་མོ་བཅུམ་པའི་ཞེས་བྱ་བ་ལ་སོགས་པ་ལ་ཐལ ་མོ་ཁོང་སྟོང་སྦྱར་བ་བཅིངས་ལ་པདྨ་ཁ་བྱེ་བ་ལྟ་བུར་རྡོ་རྗེའི་སོར་མོ་བཞག་པ་ནི། པདྨ་ཁ་བྱེ་འབར་བ་སྟེ་དེས་རྡོ་རྗེའི་ཕུར་བུ་གདབ་པར་བྱའོ་ཞེས་སྦྱར་རོ། །འདོད་ཆགས་རྡོ་རྗེའི་ཞབས་ཀྱིས་མནན་ཅེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་སྦྱོར་བས་གཟུང ་པའོ། །སྐུ་གསུམ་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་ཕུར་བུའི་གཟུགས་ཅན་ནོ། །དམ་ཚིག་མཆོག་གིས་ཞེས་བྱ་བ་ལ་སོགས་པའི་ཡན་ལག་གི་དོན་དང་སྤྱིའི་དོན་ནི་སྔ་མ་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་ཆགས་པའི་ཞེས་བྱ་བ ་ནི་རང་གི་ལྷའི་སྐུ་གསུང་ཐུགས་བསྒོམ་པ་ལས་བྱུང་བའི་ཡིད་བདེ་བའི་ཁྱད་པར་དང་ལྡན་པའི་གསང་སྔགས་ལ་སོགས་པས་ཕུར་བུ་གདབ་བོ། །ཆོ་ག་བཟང་པོ་ཙམ་གྱིས་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཆོ་གའི་རྣམ་པས་སོ། །མནན་གྱུར་འདི་ལ ་ཐེ་ཚོམ་མེད་ཅེས་བྱ་བ་ལ་འདིས་ནི་བསམ་གཏན་གྱི་ཕུང་བུར་བསྒོམ་པ་གཙོ་བོར་བསྟན་ཏོ། །མཉེས་ཤིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཕུར་བུར་རྣལ་འབྱོར་པའི་མངོན་པར་འདོད་པའི་དངོས་གྲུབ་གཟིགས་པའོ། །དེ་ཉིད་ཀྱིས་ན་མགུ་བ ་མཉེས་པའོ། །རྡོ་རྗེ་དབྱངས་ནི་འདི་སྐད་གསུངས་ཞེས་བྱ་བ་ནི་ཐོགས་པ་མེད་པ་སྒྲས་གསུངས་པའོ། །ེ་མའོ་གསང་བའི་ཚིག་གི་མཆོག་ཅེས་བྱ་བ་ནི་སྤྱིའི་ཕུར་བུའོ། །ེ་མའོ་སྙིང་པོ་ཀུན་འདུས་པ་ཞེས་བྱ་ནི་སྐུའི་ཕུར་བུའོ། །ེ་མའོ་ཞི་བ་ཆོས ་ཀྱི་ཚིག་ཅེས་བྱ་བ་ནི་གསུང་གི་ཕུར་བུའོ། །ེ་མའོ་རྡོ་རྗེའི་ཡེ་ཤེས་ཕུར་བུ་གདབ་ཅེས་བྱ་བ་ནི་ཐུགས་ཀྱི་ཕུར་བུའོ། །གསང་སྔགས་ཀྱི་ཕུར་བུར་ཞེས་བྱ་བ་ནི་གང་འདི་བཤད་མ་ཐག་པའི་གསང་སྔགས་དེ་ཐམས་ཅད་ཀྱི་ཕུར་བུའོ། །བདེ་གཤེགས ་བཀའ་ཨི་རྗེས་སུ་བྱེད་ཅེས་བྱ་བ་ནི་གང་དེ་བཞིན་གཤེགས་པའི་བཀའ་ཨི་རྗེས་སུ་བྱེད་པའི་དོན་གྱིས་ན་འདི་སྟོན་ཏེ། གསང་སྔགས་ཀྱི་ཕུར་བུ་གདབ་པ་ལ་སོགས་པ་ནི། དོན་དམ་པར་མི་སྲིད་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པ་དམ་ཚིག་མཆོག་མཁྱེན ་པས་ཕུར་བུས་གདབ་པ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པས་ཕུར་བུ་ནི་དེ་ཁོ་ན་ཉིད་ལས་བྱུང་པའོ།། །།ད་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལ ་མ་གཏོགས་འོད་ཟེར་ཅན་ལ་སོགས་པའི་གསང་སྔགས་དང་ལས་རྣམས་ཀྱང་གསུངས་པ་ནི་ཆོས་ཀུན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་ཀུན་ཐམས་ཅད་འཆིང་ཞེས་སྡོངས་པར་བྱེད་པའི་རྡོ་རྗེ་ནི་འོད་ཟེར་ཅན་ནོ། །དེ་ལ་དམིགས ་པ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །ཐུགས་ནི་དགྱེས་ཤིང་མགུ་བར་གྱུར་ཅེས་བྱ་བ་ནི་གདུག་པ་མ་ལུས་ལྡོངས་པར་བྱེད་པའི་རིག་སྔགས་འདིས་སེམས་ཅན་གྱིས་ཁམས་བདེ་བར་བྱས་པར་གཟིགས་པས་རབ་ཏུ་དགྱེས་པ་བརྙེས་པའོ ་སྤྱོར་བ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། ངེས་ན་བསྒོམ་པ་ལ་སོགས་པ་ཡང་མངོན་པར་བརྩོན་པའོ། །དེའི་རབ་ཏུ་སྦྱོར་བ་ཡང་འདི་ཡིན་ཏེ། རྩ་བདུན་གྱིས་ཉེ་བར་མཛེས་པར་བྱས་པའི་ཤིང་རྟ་ལ་གནས་པའི་གཞལ ་ཡས་ཁང་གི་ནང་དུ་ལྷ་མོ་འོད་ཟེར་ཅན་གྱི་ང་རྒྱལ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དེའི་དཀྱིལ་འཁོར་གྱི་དབུས་ཀྱི་ངོས་ཐམས་ཅད་ལ་དེའི་གྲོགས་རྣམས་དེར་གནས་པར་བསམས་ལ། ཉི་མའི་དཀྱིལ་འཁོར་གཉིས་ཀྱིས་གཞལ་ཡས་ཁང ་ཁ་སྦྱར་བྱས་ཏེ། དེ་ལས་བྱུང་བའི་འོད་ཟེར་དམར་པོ་རྣམས་ལྷ་མོ་འོད་ཟེར་ཅན་གྱི་སྐུར་ཡོངས་སུ་གྱུར་པ་ཁབ་དང་སྐུད་པ་ཐོགས་པས། གདུག་པ་རྣམས་ཀྱི་ཁ་དང་མིག་འཚེམ་པར་བསམས་ལ། ལག་པ་གཡོན་པར་ཟླ་བ་རྡོ་རྗེ་ཟླ་བ་ལ་ཡང ་འཁོར་ལོ་རྩིབས་བརྒྱད་པ་དེའི་ལྟེ་བར་འོད་ཟེར་ཅན་གྱི་སྔགས་སྔགས་དེའི་ལོགས་ཀྱི་རྩིབས་རྣམས་ལ་གྲོགས་ཀྱི་མིང་དགོད་ལ། དབུགས་མི་འབྱིན་པར་དེའི་སྔགས་ལན་བདུན་བརྗོད་ལ། ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་ལ། རྡོ་རྗེ་ཁུ་ཚུར་གྱིས ་གོས་གཡོག་པར་བྱས་ལ། དེ་མ་བཀྲོལ་བར། འོད་ཟེར་ཅན་གྱི་གསང་སྔགས་ཟློས་ཤིང་མི་སྨྲ་བར་དོགས་པ་མེད་ཅིང་བློ་བརྟན་པས་འགྲོ་བར་བྱའོ། །གནོད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། གནོད་པར་བྱེད་པ་ཐམས་ཅད་ནི་སེམས ་ཅན་མང་པོ་ལ་འཁུ་བར་བྱེད་པ་ལ་སོགས་པའོ། །དེ་རྣམས་འདུལ་བ་ནི་རང་གི་ཉེས་པ་ལ་བཟློག་པ་སྟེ། དེ་ནི་རྡོ་རྗེ་པདྨ་དཀར་པོའིའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ནོ།། །།དུར་ཁྲོད་ཀྱི་རས་ལ་སྲིན ་མོ་ཆེན་མོ་བཙག་གིས་བྲིས་ནས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ཉིད་ལ་བྲི་བའོ། །ལེགས་པར་སྦས་ཏེ་ཞེས་བྱ་བ་ལ་དབེན་པར་བཞག་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་ཞེས་བྱ་བའི་རྗེས་སུ ་མཐུན་པར། བསྒྲུབ་པར་བྱ་བའི་མིང་བསྐུལ་ཚིག་དང་བཅས་པའོ། །མིང་ནས་སྨོས་ཤིང་ཞེས་བྱ་བ་ནི་བསྒྲུབ་པར་བྱའི་མིང་བརྗོད་པའོ། །ཕྱིར་རྒོལ་བ་དང་དགྲ་ཐམས་ཅད་ཅེས་བྱ་བ་ནི་རྫས་གཅིག་མངོན་པར་འདོད་པ་ལས་བྱུང་བའི་དགྲ་བོའི་ཕྱིར་རྒོལ་བའོ།། ་མི་མཛའ་བའི་ཕྱོགས་སུ་ལྷུང་བ་ནི་དགྲ་བོའོ། །བཅིང་བ་ཞེས་བྱ་པ་ནི་ཅི་ཡང་མི་བྱེད་པ་ཉིད་དུ་བྱེད་དོ། །དེ་ཉིད་ནི་འོག་མས་བསྟན་པ་ནི། མནན་པ་དང་ཞེས་བྱ་བ་ལ་སོགས་ཏེ། མི་འགུལ་པར་བྱས་པ་ནི་མནམ་པའོ། །ཚིག་དང་བྲལ་བར་བྱས་པ་ནི་རྨོངས ་པའོ། །འདི་སྐད་སྟོན་པ་ཡིན་ཏེ་རིན་ལ་མི་བརྩེག་པར་ཉོས་པ་འམ། འབད་པ་མེད་པ་ལས་བྱུང་པའི་དུར་ཁྲོད་ཀྱི་རས་ལ་བཅོམ་ལྡན་འདས་མ་ཇི་ལྟ་བ་བཞིན་དུ་བྲིས་ལ་དབེན་པར་བཞག་སྟེ། དགུག་པ་ལ་སོགས་པ་བྱས་ནས་གུ་གུལ་གྱི་བདུག ་བ་བསྲེགས་ལ་ཉིན་ཞག་བདུན་གྱི་བར་དུ་ཐུན་བཞིར་མེ་ཏོག་དམར་པོ་ལ་སོགས་པ་མཆོད་པ་རྣམ་པ་ལྔས་ལེགས་པར་མཆོད་ལ། །ལྷས་བྱིན་སྟེ་བྷ་ཡ་ཞེའི?། ཛཾ་བྷ་ཡ་ཞེས་བསྐུལ་བའི་ཚིག་དང་བཅས་པར་རིགས་ལ་ལན་བརྒྱ་རྩ་བརྒྱད ་བཟླས་ལ་རས་རིས་བླངས་ཏེ་ཉི་མའི་གུང་དམ་མཚན་ཕྱེད་བུ་དུད་ཁྲོད་དུ་སོང་སྟེ་དེར་ཅོག་པུས་དོང་བྱས་ལ། ཐོད་པ་གཉིས་ཀྱི་བར་དུ་རས་རིས་བཅུག་ལ་སས་བཀབ་སྟེ། ཡུངས་ཀར་དཀར་པོ་ལ་རིག་སྔགས་ལྷས་བྱིན་སྟཝཾ་བྷ་ཡ་ཞེས་བསྐུལ ་པའི་ཚིག་དང་ལྡན་པར་བརྒྱ་རྩ་བརྒྱད་བཟླས་ལ། དེའི་སྟེང་དུ་གཏོར་མ་ལས་གྲུབ་ནས་བཅོམ་ལྡན་འདས་མ་སྤྱན་དྲངས་ལ་ཇི་ལྟ་བཞིན་མཆོད་དེ་སླར་གཤེགས་སུ་གསོལ་ལོ། །ནད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ནད་ཆེན་པོ་ཐམས་ཅད་ནི ་རིམས་ལ་སོགས་པའོ། །དེ་སེལ་བ་ནི་མེད་པར་སེལ་ཏེ་ངེས་ན་རྣམ་པར་རྒྱལ་བ་ཞེས་བྱ་སྟེ། རི་ཁྲོད་ཀྱི་ལོ་མ་ཅན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །། ་ཡམ་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ་ཞི་བའི་ཚོགས་ཐབ་ཁུང་གིས་དབུས་སུ་བཅོམ་ལྡན་འདས་ཡུམ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེའི་ཞལ་དུ་ཏིལ་ལ་སོགས་པ་མར་ལ་སོགས་དང་བསྲེས་པ་དབུལ ་ཞིང་སྲེག་བླུགས་རེ་རེའི་རྗེས་ཐོགས་ལ་ཡང་དེའི་སྐུ་ལས་བྱུང་བའི་བདུད་རྩིའི་ཆུས་ཡོངས་སུ་གང་བའི་བུམ་པ་འཛིན་པའི་རི་ཁྲོད་ཀྱི་ལོ་མ་ཅན་གྱི་ལྷ་མོ་ནམ་མཁའ་ཁྱབ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་དབང་བསྐུར་བར་གྱུར་པས་རིམས ་ལ་སོགས་པའི་ནད་ཐམས་ཅད་སེལ་བར་བསམ་པར་བྱའོ། །སྡང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྡང་བ་ཐམས་ཅད་རྣམ་པར་འཇོམས་པ་ནི་ནུས་པ་མེད་པར་བྱས་པའོ། །ངེས་སེམས་ཅན་རྣམས་གདུག་པས་འཇིགས་པ་ལས་སྒྲོལ ་ཞིང་ཐར་པར་བྱེད་པས་སྡང་བ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་སྟེ། སྟོང་ཆེན་མོས་རབ་ཏུ་འཇོམས་མ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་སྟེ། ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ ་པས་སོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གྱུར་ཅེས་བྱ་བ་ནི་དེ་ལྟར་གྱུར་པའོ། །གཙོ་བོ་ཞེས་བྱ་བ་དེ་ལྟར་ཤེས་ནས་འདི་སྐད་སྨྲས་སོ། ཞེས་བྱ་བ་ནི་ལྷག་མའོ། །ཕྱག་སྟོང་ལྡན་ཞིང་ཞལ་སྟོང་ལ་ཞེས་བྱ་བ་ནི་སྤྲུལ ་པ་ཉིད་ཀྱིས་སོ། །གང་ཕྱིར་བརྩོན་འགྲུས་ཆེན་མོ་ཕྱག་བརྒྱད་པ་ཞེས་བྱ་བ་དང། ཞལ་རས་བཞི་པ་སྟེ་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །ཁྲོ་བ་དང་སྒེག་པའི་ཉམས་དང་ལྡན་ཞེས་བྱ་བ་ནི་སྒེག་པའི་ཉམས་དང་བཅས་པ་དང་ལྡན་པའོ། །ཞེས་བྱ་བའི་བར ་དུའོ། །ཕྱག་གཡོན་པདྨ་རྡོ་རྗེ་ནོར་ཞེས་བྱ་བ་ནི་ཕྱག་གཡོན་པའི་དང་པོ་ན་པདྨ་སྟེང་ན། རྡོ་རྗེ་མཚན་པའི་ཡིད་བཞིན་གྱི་ནོར་བུ་བསྣམས་པའོ། །མདོག་དམར་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །རང་གི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱ་བ ་ནི་རང་གི་ང་རྒྱལ་དུ་བྱས་པ་ལ་རབ་ཏུ་འབད་པས་སོ། །འབར་ཕྲེང་ཅན་ཞེས་བྱ་བ་ལ་འདིར་བསྒོམ་མོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་ལས་ཀྱིས་བསྐུལ་པའི་ཞེས་བྱ་བ་ནི་རྒྱུད་གཞན་གྱི་དཔུང་རྣམ་པར་བཟློག་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་དང་ལྡན་པས ་བསྐུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་དབང་ཕྱུག་ལས་འདོད་པས་ཞེས་བྱ་བ་ནི་སྔགས་པས་བློའི་ཡུལ་དུ་བྱས་པའོ། །འདི་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བས་སོ། །དཔུང་ཆེན་པོ་ཞེས་བྱ་བ་ནི་ཡན་ལག་བཞི་པའི་མཚན་ཉིད་དོ། །རྣམ་པར་ལྟ ་བ་ནི་བདག་ལ་སོགས་པ་བསྲུང་བའི་ཕྱིར་ངེས་པར་རྟོག་པའོ། །གང་ཐམས་ཅད་བསྲུང་བ་དེ་ནི་སྟོབས་ཀྱི་མཆོག་སྟེ་ཤིན་ཏུ་སྟོབས་དང་ལྡན་པའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པ་ལ་འཇུག་པས་ཏེ་སྟོང་གིས་ལན ་སྟོང་དུ་རྣམ་པར་འཇོམས་པས་ན་བཅོམ་ལྡན་འདས་ཡུམ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། འགའ་ཞིག་བདག ་ཉིད་སྲུང་ཞིང་གཞན་གྱི་དཔུང་རྣམ་པར་འཇིག་པ་ལ། ཇི་སྐད་བཤད་པའི་བཅོམ་ལྡན་འདས་ཡུམ་འདི་དང་སྦྱར་བར་བྱའོ། །བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་གྱིས་མངོན་པར་མཐོ་བ་ནི་བསྒྲེང་བའོ། །འདི་དོན་གྱི་སྟོབས་ནི་ནུས་པའི ་ཁྱབ་པར་དེ་ཡང་དག་པར་བསྐྱེད་པའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱང་ལྷ་མ་ཡིན་རྣམ་པར་འཇོམས་པས་ན་དེ་སྐད་ཅེས་གསུངས་པ་ཡིན་ཏེ། དེ་ཉིད་ནི་རྒྱལ་པའི་རྡོ་རྗེའོ། །དམིགས་པ་ཞེས ་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཕྱོགས་བསྡིགས་པའི་ཕྱག་རྒྱ་ཅན་ཞེས་བྱ་བ་ལ་རང་རང་གི་ཕྱོགས་ན་འདུག་པའི་གདུག་པ་རྣམས་ལ། བསྡིགས་པའི་མཛུབ་མོའི་ཕྱག་རྒྱ་དང་ལྡན་པའོ་ཞེས་བྱ་བ་ནི་ལྷག་མའོ།། སྡིགས་པ་སྟེ་ཞེས་ ་བྱ་བ་ནི་བསྲུང་བའི་བདག་ཉིད་ཅན་ནོ། །རྡོ་རྗེ་རོ་ལངས་ཕྱུང་བ་ཡིས་ཞེས་བྱ་བ་ནི་འབྱིན་པའི་དཔུང་རྣམས་བཅོམ་ཞིང་གཏོར་བར་བལྟ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་དེ་བསྒོམ་ཞིང་དེ་ལས་བྱུང་བའི་རོ་ལངས་རྣམས་ཀྱིས། གཞན་གྱི་དཔུང ་རྣམ་པར་འཇོམས་པར་བལྟ་བ་དང། བསྒོམ་པར་བྱའོ་ཞེས་འདིར་གཉི་ག་སྦྱར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔར་བསྙེན་པ་བྱས་ལ་རས་རིན་ལ་མི་བརྩེག་པར་ཉོས་ཏེ། དེ་སྔགས་ཟློས་པ་ལ་བརྩོན་ཞིང་གསོ་སྦྱོང་དང་ལྡན་པའི་བཟོ་བོ་མཁས ་པས་བཅོམ་ལྡན་འདས་མ་ཇི་ལྟ་བ་བཞིན་དུ་བྲིས་ལ། ངེས་དགུག་པ་ལ་སོགས་པ་བྱས་ཏེ། དུས་ཅུང་ཟད་དུ་ཡང་འདས་ལ། གཡུལ་འགྱེད་པའི་ས་ཕྱོགས་སུ་སོང་སྟེ། གླང་པོ་ཆེའི་རྒྱབ་ཏུ་གཞན་གྱི་དཔུང་ལ་མངོན་པར་ཕྱོགས་པར་རས་རིས་བསྒྲེང ་ལ། དེས་དགུག་པ་ལ་སོགས་པ་བྱས་ཏེ། རས་དཀར་པོ་མ་སྤྱད་པས་གཡོགས་ནས། མཚོན་ཆ་འབབ་པ་ལ་མངོན་པར་ཕྱོགས་པའི་དུས་སུ་གླང་པོའི་མདུན་དུ་བརྟན་ཞིང་མི་དར་ལ་བབ་པའི་སྐྱེས་བུ་མཚོན་ཆ་སྟོད་ཐོགས་པས་གཤིན་རྗེ་གཤེད ་ལ་སོགས་པ་ཁྲོ་བོའི་ང་རྒྱལ་དུ་བྱས་ལ། རིག་པ་མི་གཡོ་བའི་དར་དབྱངས་བཅིངས་ཏེ། བསྟན་པ་ལ་སོགས་པའི་བསྲུང་བའི་དོན་དུ་རྒྱལ་བར་གྱུར་ཅིག་པའི་སྒྲ་དབྱངས་དང་དུང་གི་སྒྲ་དང་ཅ་ཅོ་གདོན་པར་བྱ་ཞིང་ང་རྒྱལ་བསྐྱེད་ལ་མྱུར ་བར་རས་རིས་ཕྱེ་ནས་དེ་ལས་བྱུང་བའི་རོ་ལངས་རྣམས་ཀྱིས་གཞན་གྱི་དཔུང་འཇོམས་པར་འགྱུར་བཞིན་པར་བལྟས་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བརྗོད་ཅིང་གསང་སྔགས་གདོན་པར་བྱའོ། །འཇིག་རྟེན་གསུམ་ལ་ཞེས ་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གསུམ་ནི་གནས་པ་སྟེ། དེ་ལ་གནས་པའི་གདུག་?་?་པར་ནུས་ཤིང་གསལ་བའོ། །དེ་ལ་མཁས་པ་ནི་ལེགས་པར་བྱང་བ་སྟེ། རྒྱལ་མཚན་མཆོག་གི་དཔུང་རྒྱན་འདེ?་སྐད་ཅེས་བྱའོ། །དེ་ཉིད་ནི ་མཆོག་སྟེ་སངས་རྒྱས་རྣམས་ཀྱི་རྩེ་མོ་ཡིན་ལ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །།མངལ་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ཐམས་ཅད་ཀྱི་མངལ་ཡང་དག་པར་བསྐྱེད་པ་ནི་མངལ་ཆགS ་པ་སྟེ། དོན་དེ་སྤྲོས་པར་མཛད་པས་ན་སོ་སོར་འབྲང་མ་ཆེན་མོ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ། །དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །འཇིགས་པ་དང་ནི་སྐྲག་པ་ཡིས་ཞེས་བྱ་བ་ནི ་རྗེས་སུ་ཉེ་བར་གྱུར་པར་ཤེས་པར་བྱའོ་སྐུ་གསུམ་འཕྲོ་བ་དང་ལྡན་པ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཏེ་གསུམ་གྱི་ཚུལ་སྤྲོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒོམ་པ་ཞེས་བྱ་བ་ནི་ལྷག་མའོ། །བུམ་པའི་མཚོ་དང་ཞེས་བྱ་བ་ལ ་སོགས་པ་ནི་སྦྱོར་བས་གསུངས་པ་སྟེ། མངལ་འཛག་མ་དང་བུ་མི་འཚོ་བ་དང། མངལ་མི་འཆགས་པ་དང། མངལ་ཉམས་པ་རྣམས་སོ་སོར་འབྲང་བ་ཆེན་མོའི་དཀྱིལ་འཁོར་འདིར་བཅུག་ལ་དེ་ཞེས་བྱ་བ་འདིར་བསམ་མོ་ཞེས་བྱ་བ་ནི ་ལྷག་མའོ། །སྐལ་ངན་ནི་ཞེས་བྱ་བ་ནི་སྡིག་པའི་ལུས་ཡི་གེ་ཀ་མ་ལས་བྱུང་བའོ། །སྡིག་པ་དྲལ་བ་དྲལ་ནས་ཀྱང་ཞེས་བྱ་བ་ནི་སྡིག་པ་དྲལ་བའི་སྔགས་ཕྱག་རྒྱ་དང་བཅས་པས་སོ། །དེ་ལ་འདི་ནི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། ་གུད?་མོ་གཉི་ག་སྔར་ནས་སུ། །ཐ་མ་བཞི་ནི་རྩེ་མོར་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན་ཞེས་གསུངས་པ་ནི་སྡིག་པ་དྲལ་བའི་ཕྱག་རྒྱའོ། །ོཾ་བཛྲ་པ་ནི་བི་སཕོ་ཊ་ཡ་སརྦ་ཨ་པ་ཡ་བནདྷ་ནཱ་ནི་པྲེ་མོ་ཀྵ་ཡ་སརྦ་ཨ་པཱ་ཡ་ག་ཏི་བྷཡ་སརྦ་སཏྭ་མཾ། ་སརྦ་ཏ་ཐཱ་ག་ཏཱ། བཛྲ་ས་མ་ཡ་ཏྲ་ཊ། ཅེས་བྱ་བ་ནི་སྔགས་སོ། །འདི་སྐད་སྟོན་པ་ཡིན་ཏེ། སོ་སོར་འབྲང་མ་ཆེན་མོའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་བུད་མེད་བུ་མི་འཚོ་བ་འམ་མངལ་ཉམས་པ་དཀྱིལ་འཁོར་དུ་བཅུག་པ། རིག་པའི་དབང ་བསྐུར་བ་བྱིན་ལ་དབང་བསྐུར་བའི་དཀྱིལ་འཁོར་དུ་བཀུག་སྟེ་བཞག་ནས། ཇི་སྐད་དུ་བཤད་པའི་སྡིག་པ་རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང་སྔགས་ཀྱི་ཕྱུང་ལ་སྡིག་པ་དྲལ་བའི་ཕྱག་རྒྱ་དང་སྔགས་ཀྱིས་ཡང་དག་པར་དྲལ་ཏེ། ་སོ་སོར་འབྲང་མ་ཆེན་མོའི་སྐུར་རྣལ་འབྱོར་མ་ཆེན་མོ་བསམས་ལ། སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་དེའི་ལུས་ལ་འཇམ་པའི་གཟུགས་ཅན་དུ་བཞུགས་པར་བསམས་ལ་དབང་བསྐུར་བའི་ཆོ་གས་བུམ་པའི་ཆུས་དབང་བསྐུར ་བར་བྱའོ། །མངལ་ཐམས་ཅད་ཅེས་བྱ་བ་ལ། བུད་མེད་ཐམས་ཅད་ཀྱི་མངལ་དེས་རྣམ་པར་གཟིགས་པས་བརྟན་པར་བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་སོ་སོར་འབྲང་ཞིང། ཚོར་བར་བྱེད་པས་བཅོམ་ལྡན་འདས་མ་དེ་ལ་དེ་སྐད་ཅེས་བྱ་སྟེ ་དེ་ཉིད་རྣམ་པར་རྒྱལ་བའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ནོར་གྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ་ནོར་གྱི་རྒྱུ་ནི་མངོན་པར་འདོད་པའི་རིན་པོ་ཆེའི་རྒྱུན་ཡང་དག་པར་འཛིན་ཅིང་སེམས་ཅན་སོ ་སོའི་རྒྱུད་ལ་མི་གཡོ་བར་བྱེད་པས་ནོར་གྱི་རྒྱུན་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ནོར་གྱི་རྒྱུན་ཞེས་བྱ་བ་ལ་ཞེས་པ་ཞེས་བྱ་བའི་སྒྲ་སྟེ། དེ་བས་ན་དབུལ ་བ་རྣམ་པར་འཇིག་པ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་བཟུང་ངོ། །དེ་བས་ན་འདི་ལྟར་མཚན་རྣམས་ཤེས་ཚིག་མང་པོ་སྨོས་པ་ཡིན་ནོ། །བའི་ཞེས་བྱ་བ་ནི། ཡི་གེ་བ་ལས་བསམ་པར་བྱ་སྟེ། བཤད་མ་ཐག་པའི་མན་ངག་གཞུག་པར་གྱུར ་པ་ཇི་ལྟ་བ་བཞིན་དུ་བསམ་ལ་རིན་པོ་ཆེ་སྤྲོ་བར་བྱའོ། །དེ་ལ་ཁྱིམ་གྱི་ཕྱོགས་གཅིག་དབེན་པ་ཞིག་ཏུ་བཅོམ་ལྡན་འདས་མ་རས་རིས་ལ་སོགས་བར་སྤྱན་དྲང་བ་ལ་སོགས་པར་མཆོག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པར ་བྱས་ལ་ཁྱིམ་དེར་ཚུལ་ཁྲིམས་རྣམ་པར་དག་ཅིང་དགེ་བ་ཕུན་སུམ་ཚོགས་པའི་བུད་མེད་གཙོ་མོ་མཆོད་པ་ལ་སོགས་པ་བྱེད་དུ་བཅུག་ན་ཁྱིམ་ཡང་དག་པར་འབྱོར་པར་འགྱུར་བར་ཤེས་པར་བྱའོ། །ནོར་གྱི་རྒྱུན་ཅེས་བྱ་བ་ལ་སོགས་པ་ལ་ནོར་གྱིས་རྒྱུན ་གྱི་རབ་ཏུ་ཆར་འབེབས་ཤིང་དེར་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པར་བཅོམ་ལྡན་འདས་ཡུམ་ལ་དེ་སྐད་ཅེས་བྱ་བ་སྟེ་དེ་ཉིད་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ།། །།འཕྲོག་མའི་ཞེས ་བྱ་བ་ལ་འཕྲོག་མའི་དགའ་སྟོན་ནི་སྤྲོ་བ་སྟེ།། ངེས་གནོད་སྦྱིན་མའི་ཚོགས་དགའ་བར་བྱེད་ཅིང་ཡིད་བདེ་བ་བསྐྱེད་པའོ། །ངེས་དངོས་གྲུབ་ཏུ་གྱུར་པ་སྟེ། དོན་དེ་ནི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་རིགས་པ་དང་ལྡན་པའི་མིང ་སྟེ། གནོད་སྦྱིན་མའི་ཚོགས་དགའ་བར་བྱེད་པ་འཕྲོག་མའི་གསང་སྔགས་གསུངས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དངོས་གྲུབ་ཕྱིར་ནི་མངོན་ཕྱོགས་ནས་ཞེས་བྱ་བ་ནི་དངོས་གྲུབ་སྩོལ་བའི་ཕྱིར་མངོན་དུ ་ཕྱོགས་པར་གྱུར་པའོ། །ཁྲོ་བོའི་འཁོར་ལོ་གནོད་སྦྱིན་མ་བརྒྱད་ཀྱི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱིར་དཀྱིལ་འཁོར་དུ་ཕྱོགས་བརྒྱད་ལ་ཁྲོ་བོ་བརྒྱད་ཡོད་པའི་ཁྲོ་བོའི་འཁོར་ལོ་དེར་ཐུགས་རྡོ་རྗེ་ལ་སོགས་པའི་གནས་སུ་རྫོགས ་བཟང་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའོ། །གནོད་སྦྱིན་མོ་བརྒྱུད་པོ་གདན་གནོད་སྦྱིན་གྱི་མདོག་ཅན་ནོ། །དབུས་ན་འཕྲོག་མས་བརྒྱན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་འཕྲོག་པ་བརྒྱན་ཐམས་ཅད་ཀྱི་བརྒྱན་པའོ། །ལྕགས་ཀྱུའི ་འབྲས་བུ་ནེའུ་ལེ་ཅན་ཞེས་བྱ་བ་ནི། གནོད་སྦྱིན་དང་གནོད་སྦྱིན་མོ་རྣམས་ཀྱི་ལག་པ་གཡས་པ་གཉིས་ན་འབྲས་བུ་བི་ཛ་པུ་ར་དང་ལྕགས་ཀྱུ་ཐོགས་པ། ལག་པ་གཡོན་གྱི་དང་པོས་ནེའུ་ལེ་འཛིན་པ་གཉིས་པས་སྟན་ལ་གཉིས་ཏེ་འཛིན་པའོ།། ་གནོད་སྦྱིན་བརྒྱད་ཀྱིས་བརྒྱན་ནས་སུ། གནོད་སྦྱིན་མ་ཀུན་བསྒྲུབ་པར་བྱ་ཞེས་བྱ་བ་ནི་རིམ་པ་གཉིས་པ་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གང་བ་བཟང་པོ་དང་རྣམ་ཐོས་སྲས་དང། ནོར་སྦྱིན་དང། ནོར་བུ་བཟང ་ཞེས་བྱ་བའི་གནོད་སྦྱིན་བཞི་པོ་སྔོན་པོ་དང། སེར་པོ་དང། དམར་པོ་དང། སེར་པོའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་པི་ཙི་ཀུཎྜ་ལི་དང། ཀི་ལི་མ་ལི་དང་སྒོའི་དབང་མོ་དང། སྤྱོད་པའི་དབང་མོ་དམར་མོ་དང་ལྗང་གུ་དང། སེར་པོ ་དང། གསེར་གྱི་མདོག་སྟེ་དེ་རྣམས་ཀྱིས་ཀླུབས་ཤིང་བརྒྱན་པ། གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །འཕྲོག་མ་ཡང་གཡོན་གྱི་གཉིས་པས་དགའ་བྱེད་ནུ་མ་ལྡུད་ཅིང་འཛིན་པའོ། །གསང ་སྔགས་ཀྱི་ཡེ་ཤེས་ནི་དེའི་རྣམ་པར་བསྒྱིངས་པས་རྣལ་འབྱོར་པའི་མངོན་པར་འདོད་པའི་ལས་བསྐྱེད་པར་ནུས་པ་ཡིན་ལ། དེ་རབ་ཏུ་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ། དེས་ན་གསང་སྔགས་ཀྱི་ཡེ་ཤེས་བསྒྱིངས་པའི་རིམ་པར ་ཕྱེ་བའི་སྒྲར་གསུངས་སོ།། །།ལེའུ་ལྔ་པའི་འགྲེལ་པའོ།། །།གསང་སྔགས་ཀྱི་མཐུ་ནི་རང་གི་ཕྱག་རྒྱ་དང། མཆོད་པའི་ཆོ་ག་མེད་པར་ཕུན་སུམ་ཚོགས་པར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་དྲུག་པ ་ཕྱག་རྒྱ་དང་མཆོད་པའི་ལེའུ་གསུངས་སོ། །སྐུ་གསུམ་གྱི་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཡེ་ཤེས་ལས་བྱུང་བའོ། །ཐ་དད་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དབྱེ་བས ་སོ་སོ་བ་ཡིན་གྱི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྱི་རོལ་དང་ནང་དུ་རྡོ་རྗེ་བཅིངས་པས་ཀྱང་ཕྱག་རྒྱའི་དོན་སྟོན་པ་ནི་མ་ཡིན་ནོ། །འདི་ན་ལུས་ནི་བྱིན་བརླབས་ཏེ། །རང་གི་གཟུགས་སུ་རྣམ་བསྒོམས་ན་ཞེས་བྱ་བ་ནི་ཕྱག་རྒྱ་རིམ་པར་ཕྱེ་བ་འདི་ན ་དམ་ཚིག་གི་ཕྱག་རྒྱ་ནི་ལུས་ཏེ་སྐུ་བྱིན་གྱིས་བརླབས་པའི་ལག་པའི་ཕྱག་རྒྱ་བཅིང་བ་ཡིན་པར་ཤེས་པར་བྱའོ། །སྒོམ་པར་བྱེད་པ་ན་ཡང་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་གྱི་སྦྱོར་བས། ལྷ་དང་ལྷ་མོའི་སྐུས་དད་པའི་ཕྱག་རྒྱ་སོ་སོ་ལ་བལྟོས་པས། རྣམ ་བསྒོམས་ན་ཞེས་ཚིག་དབང་པོར་བྱས་པ་ཡིན་ནོ། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལས་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་བཅིངས་པ་ནང་དུ་བཅིངས་པའི་ཁུ་ཚུར་བྱས་པའོ། །བཤད་མ་ཐག་པའི་ཕྱག་རྒྱ་བཅིངས་པ་སྟེ། ཕྱག་རྒྱ་གསུམ ་པོ་དེ་དག་སྔགས་དང་བཅས་པ་ནི་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་རླབ་པར་བྱེད་པ་ཡིན་ནོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་ལམ་གྱི་ཕྱག་རྒྱ་གསུངས་པ་ཡིན་ཏེ་གོ་སླའོ། །གཟུང་བ་ནི་ཞེས་བྱ་བ་ནི་གཡོན་པའི་མཛུབ ་མོ་བསྒྲེང་བའོ་ཞེས་སྔ་མ་དང་སྦྱར་རོ། །མཐེ་བོང་གཉིས་ནི་བསྣོལ་བྱས་ལ་མཛུབ་མོའི་རྩ་བ?་བཀུག་ནས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་གསུངས་པ་དང་དེ་ལ་བཤད་མ་ཐག་པའི ་མཚན་ཉིད་ཅན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ལག་པ་གཡོན་པ་ཞེས་བྱ་བ་ནི་ཕང་པར་བཀན་ཏེ་བཞག་པའོ། །གཡས་པ་ཞེས་བྱ་བ་ནི་ཁ་ཐུར་བལྟས་པར་བྱའོ།། ་དེ་བཞིན་དུ་ཞེས་བྱ་བ་ནི་ལག་པ་གཡོན་པའོ། །མཆོག་སྦྱིན་པར་མཛད་པ་ཞེས་བྱ་བ་ནི་མཆོག་སྦྱིན་པའི་ཚུལ་དུའོ། །དེ་ཉིད་ཅེས་བྱ་བ་ནི་ལག་པ་བཀན་པའི་ཚུལ་གྱིས་སོ། །བསམ་གཏན་གྱི་ཚུལ་དུ་ཞེས་བྱ་བ་ནི་བསམ་གཏན་གྱི་ཐད? ་ཀྱིས་སོ། །དེ་ཉིད་ལས་ཞེས་བྱ་བ་ནི་ལག་པ་གཡོན་པ་བཀན་པའོ། །མི་འཇིགས་པར་སྦྱིན་པར་བྱས་ལ་ཞེས་བྱ་བ་ནི་ལག་པ་གཡོན་པ་བ་ངན་གསུམ་པར་བདག་དང་ཉེ་བར་བཞག་སྟེ། དེས་མི་འཇིགས་པ་སྦྱིན་པའི་ཚུལ་དང་ལྡན་པའི? ་རྡོ་རྗེ་སེམས་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ནི་མི་བསྐྱོད་པ་ལ་སོགས་པའི་ཡང་ཤེས་པར་བྱའོ། །རྡོ་རྗེ་བཅིངས་པ་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་ཕྱི་རོལ་དུ་བཅིངས་པའོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་ཉིད་ལས་ཞེས ་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དང་འདྲའོ། །དེ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་ཕྱི་རོལ་དུ་བཅིངས་པ་ལ། གུང་མོ་གཉིས་ནང་དུ་བཅུག་སྟེ་ཕན་ཚུན་ལྟོ་སྦྱར་ལ་བཞག་པའོ། །ལ་ལ་དག་ནི་མཐེ་བོ་དང་མཐེ་ཆུང་གཉིས་རྡོ་རྗེ ་ལྟར་བྱས་ལ་རྩེ་སྤྲད་པར་བྱའོ། །ཞེས་མན་ངག་ལས་བཤད་དོ་ཞེས་ཟེར་རོ། །མི་བསྐྱོད་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ནི། རང་རང་གི་ཇི་ལྟར་རྡོ་རྗེ་སེམས་མ་ལ་སོགས་པའི་ཡང་ཡིན་པར་བྱས་པར་བྱའོ། །བཞག་པ་ཞེས་བྱ་བ་ནི་ཚིག ་གསུམ་པ་ལ་བཞག་པ་སྟེ། ནས་གང་ཙམ་གྱིས་མ་རེག་པར་བྱ་བར་བལྟ་བར་བྱའོ། །པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་པ་ནི་པདྨ་ཁ་མ་ཕྱེ་བ་དང་འདྲ་བའོ། །མཛུབ་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་མཛུབ་མོ་གཉིས་ཀྱིས་གུང ་མོའི་སེན་མོ་བཀུག་ནས་མནན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཀྱི་བར?་དུ་གུང་མོ་བཅུག་ལ་བཙིར་ནས་གནས་པའོ། །ཐལ་སྦྱོར་ཞེས་བྱ་བ་ནི་ཐལ་མོ་ཁོང་སྟོང་དུ་བྱས་པའོ། །ཚིགས ་དགུ?་པར་ཞེས་བྱ་བ་ལ་ནི་ཚིགས་བར་མ་དང་མཛུབ་མོར་སྦྱར་བའོ། །མཛུབ་མོ་གཉིས་མཐེ་བོའི་རྩེ་མོར་བཀུག་བ་ཞེས་བྱ་བ་ནི། མཛུབ་མོ་གཉིས་རྩེ་སྤྲད་ལ་མཐེ་བོ་གཉིས་ཀྱི་སྟེང་དུ་རིན་པོ་ཆེ་འདྲ་བར་བཀུག་ནས་སྦྱར་ལ ་བཞག་ཅེས་བྱ་བའི་དོན་ཏོ། །མཐེའུ་ཆུང་གི་སེན་མོ་མནན་ནས་ཞེས་བྱ་བ་ནི་རང་རང་གི་མཐེའུ་ཆུང་གི་སེན་མོ་ལུ་གུ་རྒྱུད་འདྲ་བ་ལ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པས་སྦྱར་བར་བྱའོ། །ལ་ལ་ན་དེ་ཡང་ན་སྟང་སྟབས་ཀྱི་སྦྱོར་བ ་ཇི་ལྟ་བ་བཞིན་དུ་བྱའོ། །ཞེས་ཟེར་རོ། །མཛུབ་མོ་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིང་བ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་བ་བྱས་ལ་ལག་པ་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་མདུད་པ་བྱས་པའོ། །ལག་པ ་གཉིས་ཞེས་བྱ་བ་ནི་?་པ་ལ། རྡོ་རྗེ་བསྡམས་པ་བཅིངས་པས་ཁུ་ཚུར་ནང་དུ་བཅིངས་ཏེ་གུང་མོ་སྦྱར་ལ་རྩེ་མོའི་ཚུལ་དུ་བཞག་སྲིན་ལག་གཉིས་གུང་མོའི་རྒྱབ་ཏུ་གཅར་ཏེ་བཟློག་པའི་ཚུལ་གྱིས་བཞག། མཛུབ་མོ་གཉིས་གུང ་མོའི་ཚིགས་གསུམ་པ་གནས་སུ་གང་དུ་བུའི་ཚུལ་དུ་བཞག། མཐེ་བོ་གཉིས་གུང་མོ་ལ་ཕྱོགས་པར་བཞག་ལ་ཅུང་ཟད་རྡོ་རྗེ་འདྲ་བར་དགུག་གོ། ལ་ལ་ནི་མཐེའུ་ཆུང་སྦྱར་བ་བྱས་ལ་གུང་མོའི་བར་དུ་བཞག་གོ། ཞེས་ཟེར་རོ།། བཟློག་ལ་དཔྲལ ་བར་བཞག་ཅེས་བྱ་བ་ནི་བཟློག་སྟེ་ཁུ་ཚུར་དུ་བསྟན་ལ་དཔྲལ་བར་བཞག་པའོ། །སེན་མོ་མནན་ན་སཾ?་ཞེས་བྱ་བ་ནི་མནན་པའོ། །རལ་གྱི་ཤུབས་ནས་བྱུང་བ་ཞེས་བྱ་བ་ལ་སོགས་པས་ནི། ལག་པ་གཡོན་པའི་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་མནན ་ཏེ་བཞག་པ་ལ་ལག་པ་གཡས་པས་ཀྱང་རང་གི་སྲིན?་ལག་མཐེའུ་ཆུང་གིས་སེན་མོ་མནན་ལ་གུང་མོ་དང་མཛུབ་མོ་གཉིས་ཅེ་བདེར་བཅུག་ནས་རལ་གྱི་ལྟར་དྲངས་ཏེ་དེའི་ཚུལ་དུ་བྱས་ལ། ལག་པ་གཡོན་པ་སྙིང་གར་ཇི་ལྟ་བ་བཞིན་དུ་བཞག་གོ། ་ཁྲོ་བོའི་སེན་མོ་ཞེས་བྱ་བ་མི་ལག་པ་གཡོན་པའི་མཛུབ་མོ་བསྒྲེང་པའོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པའི་རྡོ་འརྗེ་ཚུར་དུ་བྱའོ། །མེ་ཏོག་གི་ཚུལ་དུ་ཞེས་བྱ་བ་ནི་ནཱ་ག་གེ་སར་འདྲ་བའོ། །གཡོན་པ་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་དུ་བྱའོ། །གླང་པོ་ཆེའི ་སྣ་ལྟར་ཞེས་བྱ་བ་ནི་སྣུའི?་མདུན་དུ་ལག་གཡས་བའི་རྡོ་རྗེ་ཁུ་ཚུར་གླང་པོ་ཆེའི་སྣའི་ཚུལ་དུ་བཞག་པའོ། །བསྒྲེང་ལ་ཞེས་བྱ་བ་ནི་འདིར་གཡས་ཀྱི་ཆ་ཡིན་པར་ཤེས་པར་བྱའོ། །གཡས་ཞེས་བྱ་བ་ལ་སོགས་པ་ལ་གཡས་པའི་ཆོས་ནམ་མཁའ་ལ་བཏེབ?་ ་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་དུ་གནས་པས་གཡས་པའི་ལག་མཐིལ་ན་བ་དན་གསུམ་པ་ཇི་ལྟ་བར་བྱ་བའོ། །ཆུ་རླབས་ལྟར་དྲང་བ་ནི་ཞེས་བྱ་བ་ནི་ཆུ་རླབས་འདྲེན་པ་ལྟར་བྱས་པའོ། །གཡོན་བཟླ་བའི་ཚུལ་དུ་བྱས་པ་ཞེས ་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་བཅིངས་ལ། མཐེ་བོ་དང་མཛུབ་མོ་གཉིས་ཟླ་བ་ཕྱེད་པའི་ཚུལ་དུ་བྱས་པའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་བགྱིད་པའི་ཚུལ་གྱིས་གཡོན་པའི་ལྟ་ཟུར་དུ་བཞག་པའོ། །འདོད་ཆགས ་ཀྱི་དུག་ཐམས་ཅད་སེལ་བ་ཞེས་བྱ་བ་འདིས་ནི་རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང། རྣལ་འབྱོར་པས་དུག་བསལ་པའི་ལས་བྱེད་པས་ན། ཕྱག་རྒྱ་འདིས་ཇི་ལྟ་བཞིན་དུ་བྱའོ་ཞེས་བསྟན་ཏོ། །མཛུབ་མོ་བསྒྲེང་ལ ་ཞེས་བྱ་བ་ནི་མཛུབ་མོ་གཉིས་སྡིགས་མཛུབ་ཀྱི་ཚུལ་དུ་བསྒྲེང་བའོ། །འདྲིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྕགས་ཀྱུས་སྤྱན་དྲང་དོ། །ཞེས་གང་གསུངས་པ་དེ་འདིས ་དྲན་པར་བྱས་ཏེ། ཨོཾ་བཛྲ་ཨོཾ་ཀུ་ཤ་ཨཱ་ཀརཱ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་དང་ཕྱག་རྒྱ་འདི་སྦྱར་བར་བྱའོ། །འགྲམ་པ་གཉིས་སུ་བཞག་པ་ཞེས་བྱ་བ་ནི་འགྲམ་པ་གཉིས་སུའོ། །ཁྲོ་བོ་རྣམས་ནི་ཞལ་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ། །བྱང་ཆུབ ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག་རྒྱས་སོ། །ཞེས་བྱ་བ་ནི་རྩེ་མོ་ལྔ་བཅིངས་ལ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་ཕྱག་རྒྱས་སོ། །རིག་མའི་ལྷ་མོ་རྣམས་ཀྱི་ཡུམ་རྣམས་ཀྱིས་སོ་བྱ་བ་ནི་རྡོ་རྗེ་སེམས་མ་དང་སྐུལ་བྱེད ་མ་ལ་སོགས་པའི་ནི་ཅི་རིགས་པར་སངས་རྒྱས་སྤྱན་ལ་སོགས་པའི་ཕྱག་རྒྱས་ཏེ། རིགས་ཀྱི་ཡུམ་རྣམས་ཀྱི་ཕྱག་རྒྱས་སོ། །བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ་འོག་ནས་བཤད་པའི་རྡོ་རྗེ་ཞགས་པའི་ཕྱག་རྒྱས་སོ། །ཕོ་ཉ་རྣམས་ནི ་ལྕགས་ཀྱུའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་སྤྱན་འདྲེན་པའི་ཕྱག་རྒྱ་ཉིད་དོ། །ཕྱག་རྒྱའི་རྣམ་པར་དབྱེ་བ་འདི་ནི་སྤྱན་དྲང་བ་ཡིན་ནོ། །གཞུག་པ་ལ་སོགས་པ་ལ་ནི་ཐམས་ཅད་ཀྱང་རྡོ་རྗེའི་ཞགས་པ་དང། ལྕགས་སྒྲོག་དང་འབེབས་པའི་ཕྱག་རྒྱ? ་བྱའོ། །དྲག་པོའི་ལས་ལ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱ་དང་ཨོཾ་བཛྲ་ཌཱ་ཀི་ནཱི་ཆེ་གེ་མོའི་རཀྟ་མཱ་ཀ་ར་ཥ་ཡ་ཨ་ཀྲིཥཧཡ?་ཙུ་ཤ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་སྦྱར་རོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་སོ་སོའིའོ། །དཀྱིལ་འཁོར་ཕྱག་རྒྱ་ཞེས་བྱ་བ་ནི་དཀྱིལ་འཁོར་བརྡེག་པའི ་ཕྱག་རྒྱ་སྟེ། འདི་ཡང་ཨོཾ་བཛྲ་ཏིཥྛ་ཞེས་བྱ་བ་འདི་དཀྱིལ་འཁོར་གྱི་བདག་པོའི་སྙིང་པོ་དང་བཅས་པས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །མཁྲིག་མ་གཉིས་བསྣོལ་ཏེ་ཞེས་བྱ་བ་ནི་མཛུབ་མོ་གཉིས་བསྣོལ་ནས་མཁྲིག་མ་གཉིས་ཀྱི་དབུས་སུ་གཟུགས་ཏེ། ཁ ་ཐུར་དུ་བལྟས་པས་ངོས་ལ་བཅང་ལ་བརྡེག་པར་བྱའོ། །སྒོ་དབྱེ་བའི་ཕྱག་རྒྱ་ཡང་ཨོཾ་བཛྲོད་གྷ་ཊ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སྒྲ་བསྒྲགས་ལ། ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བའི་གསང་སྔགས་དང་སྦྱར་བར་བྱའོ། །གདོང ་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་རྒྱ་ནི་ཨོཾ་ཧཱུཾ་བཛྲ་རཀྵ་ས་མ་ཡ་ཕཊ་ཅེས་བྱ་བ་འདི་དང་ཇི་ལྟ་བ་བཞིན་དུ་སྦྱར་རོ། །ལྷ་མ་ཡིན་གྱི་བུ་མོ་ཀུན་སྨྲར་གཞུག་པའི་ཕྱག་རྒྱས་ཞེས་བྱ་བ་ནི་མཚན་མ་ཐོབ་པས་ལྷ་མ་ཡིན་གྱི་ཕྱག་དུ་འདུག་པ་དེ་ནི་དེའི ་སྒོའི་འཁྲུལ་འཁོར་ལ་ལྟས་ལ། རྡོ་རྗེ་ཨ་འོག་གི་སྦྱོར་བས་རོལ་པའི་སྟང་སྟབས་ཀྱིས་འདུག་ནས་ཇི་སྐད་དུ་གསུངས་པའི་ཕྱག་རྒྱས་བཅིངས་ཏེ། ང་རྒྱལ་དང་བཅས་པས་གསང་སྔགས་བརྗོད་ལ། ཕྱག་རྒྱ་དེ་བཅིངས་པ་ལས་བྱུང་བའི་རྡོ་རྗེ་རྩེ ་ལྔ་བ་འབར་བས་འཁྲུལ་འཁོར་རྣམ་པར་གཞོམ་པར་བྱ་བ་ནི་སྦྱོར་བའོ། །དེ་བས་ན་ལྷ་མ་ཡིན་གྱི་སྒྱུ་མའི་འཁྲུལ་འཁོར་གཞིག་པ་ཞེས་གསུངས་ཏེ། གང་གི་ཚེ་?་མ་ཡིན་གྱི་བུ་མོ་ལེགས་པར་འོངས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་མི་སྨན ་དེའི་ཚེ་ཆོ་ག་འདི་ཉིད་དང་ཕྱག་རྒྱ་འདི་ཉིད་དྲན་པར་བྱའོ། །དེ་བས་ན་ལྷ་མ་ཡིན་གྱི་བུ་མོ་སྨྲར་གཞུག་པ་ཞེས་གསུངས་པ་ཡིན་ནོ། །སྟང་སྟབས་དང་བཅས་པར་ཧཱུཾ་ཞེས་སྒྲོགས་པ་ཞེས་བྱ་བའི་ནི་རོལ་པའི་སྟང་སྟབས་དང ་བཅས་པས་ཡི་གེ་ཧཱུཾ་བརྗོད་པའོ། །རྡོ་རྗེ་ནག་མོའི་ཕྱག་རྒྱ་དཔུང་པ་གཡས་པ་བཏེག་ལ་རྡོ་རྗེ་ཁུ་ཚུར་བརྡེག་པའི་ཚུལ་དུ་བྱ་བ་སྟེ། འདི་ཡང་མངོན་སྤྱོད་ཀྱི་ལས་རྣམས་ལ། ཨོཾ་བཛྲ་ཀཱ་ལི་ཏིར་ཙཱ་ཡ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །རྡོ་རྗེ་ཕུར་བུའི ་ཕྱག་རྒྱ་དེ་བཞིན་གཤེགས་པ་ལ་སོགས་པ་གཞན་དག་ལ་འབེབས་པའི་ཚེ་ནི། །ོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་བཞིན་གཤེགས་པ་ལ་སོགས་པའི་ཕུར་བུའི་སྔགས་དང་ཕྱག་རྒྱའི་དབྱེ་བ་ཉེ་བར་མ་བསྟན་པའི ་ཕྱིར་རོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སེང་ཝེང་ལ་སོགས་པའི་ཕུར་བུ་བཟུང་ལ་བསྒྲུབ་པར་བྱ་བའི་མགོ་ལ་བཞག་སྟེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བརྡུང་བ་ནི་རྡོ་རྗེ་ཐོ་བའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་མུད་ག་ར་ཨཱ ་ཀོ་ཊ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་དང་སྦྱར་རོ། །འདི་ནི་ཕྱིར་ཕུར་བུས་འདེབས་པ་ལ་ཚུལ་འདི་ཡིན་ཏེ། བསམ་གཏན་དང་ཕྱག་རྒྱ་ཕུར་བུས་འདེབས་པ་ལ་ནི་ཕྱག་རྒྱ་ཉིད་ཀྱིས་ཕུར་བུས་བཞག་པ་བསམས་ལ་དེ་བཞིན་དུ་བརྡུང་ངོ། །ལག ་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་ཕན་ཚུན་རྒྱབ་སྦྱར་ལ་མཐེའུ་ཆུང་གཉིས་མདུང་སྟེ་།མཛུབ་མོ་གཉིས་སོ་སོར་ཕྱེ་ནས་ལྕགས་སྒྲོག་ལྟར་བཅིང་བར་བྱའོ། །ཕྱག་རྒྱ་འདི་ཡང་ཨོཾ་བཛྲ་སཕོ་ཊ་བནདྷ་ཡ ་ཧཱུཾ་ཞེས་བྱ་བའི་སྔགས་འདི་དང་སྦྱར་རོ། །བཅིང་བའི་ལོག་ཏུ་མཉེས་པར་བྱ་བས་རིག་པ་ཡིན་པས། རྒྱུད་གཞན་དག་ལས་བསྟན་པའི་སྔགས་དང་ཕྱག་རྒྱས་བཟུང་སྟེ། བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་དྲིལ་བུ་ལྟར་སྙིང་གར་བསྐྱོད་བ ་ནི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཨཱ་པེ་ཤ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །བཅིངས་པ་ནི་གཞུག་པའི་འོག་ཏུ་འབྱུང་བས་རྡོ་རྗེ་ཞགས་པའི་ཕྱག་རྒྱ་འབའ་ཞིག་ཀྱང་སྟོན་པར་ཤེས་པར་བྱ་སྟེ། རྡོ་རྗེའི་ལྕགས་ཀྱུའི་ཕྱག་རྒྱས་བཅིངས་པ་ལས་མཛུབ་མོ་གཉིས ་ཞགས་པར་བྱ་བ་ནི། རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ་ཨོཾ་བཛྲ་པཱ་ཤ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱར་རོ། །རྡོ་རྗེ་སོགས་ལེའི་ཕྱག་རྒྱ་ནི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་དེའི་གསང་སྔགས་ཀྱི་རྣམ་པར་དགའ་བར་བྱའོ་ཞེས ་བསྐུལ་བའི་ཚིག་དང་བཅས་པས་བསྒྲུབ་པར་བྱ་བའི་མགོ་པོ་ནས་བརྩམས་ཏེ་རྣམ་པར་དག་པ་ནི་མངོན་སྤྱོད་ཀྱི་ལས་ཀྱི་སྦྱོར་བའོ། །རྡོ་རྗེ་སྲིན་མོའི་ཕྱག་རྒྱ་དང་ཨ་ལ་ལ་ཞེས་བརྗོད་ལ། འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང ་རུང་བའི་སྦྱོར་བས་བསྒྲུབ་པར་བྱ་བའི་བསྲུང་པ་ཕྲོགས་ལ་མདུན་དུ་རྡོ་རྗེ་སྲིན་པོ་ལ་སོགས་པ་རྣམས་ཀྱིས་རྣམ་པར་བཟའ་བར་བསམས་ལ་ཨོཾ་བཛྲ་རཱཀྵ་སཕཀྵ་ཡ་ཐ་ཕཊ་ཅེས་བྱ་བ་འདི་དང་སྦྱར་རོ། །མཐེ་བོ་ཞེས་བྱ་བ་ནི་མཐེ་བོ་དང་གུང་མོ་ཆན ་པའི་ཕྱག་རྒྱ་དང་སྟོབས་པོ་ཆེའི་སྦྱར་བས་སོ། །ོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཀ་ར་ཀ་ར། ཙྪིནད་ཙྪིནད་ཧཱུཾ་ཕཊ་ཅེས་བྱ་བ་འདིས་སྤྲིན་གཏུབ་པ་ཇི་ལྟ་བ་དང་སྦྱོར་རོ། །དེ་བས་ན་ཆར་གཅོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྐམ་པའི་ཕྱག་རྒྱ་དང ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིགྷན། བཛྲ་དྷ་ར་ཨཛྙཱཾ་ཡ། བུདྡྷ་སདྱེ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་གསང་སྔགས་འདིས་འཁྲུལ་འཁོར་ཐམས་ཅད་འབྱུང་བ་ལ་སྦྱོར་རོ། །གསང་སྔགས ་འདི་ལ་ཡང་སརྦ?་བིགྷཱན་ཞེས་བྱ་བ་བོར་ལ་བསྒྲུབ་པར་བྱ་བའི་མིང་གཞུག་གོ། རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱ་ནི་རྟ་མགྲིན་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོ་ཡོངས་སུ་གྱུར་པའི་རྡོ་རྗེ་ནམ་མཁའ་ལྡིང་གི་གཟུགས་ཀྱིས་དུག་ལ་སོགས་པས་པོག་པའི་བསྒྲུབ ་པར་བྱ་བའི་མགོ་བོར་རྡོ་རྗེ་ནམ་མཁའ་ལྡིང་གི་བདུད་རྩིའི་རྒྱུན་ཡོངས་སུ་ལྡུགས་པར་བསམས་ལ། རྣལ་འབྱོར་པས་ཀྱང་དེའི་ཚུལ་དུ་བྱ་ཞིང། ཨོཾ་བཛྲ་མཱ་རཱ་ཡ་ན། བི་ཤམ་པ་ནཱ་ཡ་ཨ་མི་ཏ། ཨ་མ་བུ་མ་གྷཻ་ཧཱུཾ་ཞེས་བརྗོད་ཅིང་ཇི་ལྟ་བ ་བཞིན་དུ་སྦྱར་རོ། །རྡོ་རྗེ་མངའ་ཨི་ཕྱག་རྒྱས་ཕ་རོལ་གྱི་གཞུང་བཤག་པའི་སྦྱོར་བ་ནི་འདི་ཡིན་ཏེ། ཁྲོ་བོ་གང་ཡང་རུང་བའི་ང་རྒྱལ་དུ་བྱས་ལ་ཡི་གེ་བ་ལས་གཞུ། ཨ་ལས་བྱུང་པའི་གཞུ་བརྒྱུད་དང་བཅས་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས ་བཟུང་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་ལ་སོགས་པས་ཧཱུཾ་ལས་བྱུང་བའི་མངའ་ཆར་ཧཱུཾ་དང་ཕཊ་ཀྱི་མདེའུ་དང་བཅས་པར་ཧཱུཾ་གི་མངའ་མེ་འབར་བ་དང་འདྲ་བ་ལག་པས་དྲངས་ནས་གཞུ་ལག་པར་བཞག་ལ་ཁྲོས་པས་ཕྱོགས་བཞིར་ཧཱུཾ་ཕཊ ་ཅེས་བརྗོད་ལ་འཕངས་ཏེ་ངེས་ཀྱང་ཕ་རོལ་གྱི་དཔུང་ཐལ་བར་བྱས་པར་བསམ་མོ། །འདོད་པའི་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་གང་ཡང་རུང་བའི་སྐུ་སེའུའི་མེ་ཏོག་ལྟར་དམར་བའི་ཨུཏཔལ་དམར་པོས་རྣམ་རྒྱན་བྱས་པར་བདག་ཉིད་བསམ ་པ། སྔ་མ་བཞིན་དུ་གཞུ་བླངས་ཏེ། ཕཊ་ལས་མདའ། དེའི་སྟེང་དུ་ཕྱོགས་སུ་འདོད་པའི་རྒྱལ་པོ་དབུས་སུ་རྡོ་རྗེ་དབང། རྡོ་རྗེ་རྩེ་གཅིག་པ་འདྲ་བའི་མདེའུའི་རྩ་བར་རྡོ་རྗེ་ཆགས་པ། མདེའུའི་རྩེ་མོར་རྣམ་པར་རྒྱལ་བའི་རྡོ་རྗེ། ལྟོད་དུ་མི་བསྐྱོད ་པ་བཀོད་ལ། བདག་ཉིད་སྙིང་གའི་ཟླ་བ་ལ། ཡི་གེ་ཀྵ་བསམ་ཡི་གེ་ཀ་ལས་བསྒྲུབ་པར་བྱ་བ་མདུན་དུ་བསམ་ལ། བཛྲ་དྲིཥྚི་ཞེས་བྱ་བ་མིག་ཏུ་བཀོད་ལ། རྡོ་རྗེ་ལྟ་བ་ཀུན་ཆགས་པས། །རབ་ཏུ་དགའ་ཞིང་གདངས་པའི་མིག། དེ་ཡིས་བུང ་མེད་བལྟས་ན་ནི། །རྟག་ཏུ་དབང་དུ་གྱུར་པ་ཡིན་ཞེས་བྱ་བ་འདིས་རྡོ་རྗེ་ལྟ་བར་བྱས་ལ། འདོད་པ་ནི་བདག་གོ་ཞེས་བསྒོམ་ཞིང། ཨོཾ་ཊཀྐི་ཧོ་ཆེ་གེ་མོ་བ་ཤ་མཱ་ན་ཡ་ཧཱུཾ་ཛ:ཞེས་བརྗོད་སྙིང་གར་ལྕགས་ཀྱུ་དམར་པོ་གསང་བར་ནག་པོ་ནུ་མ ་གཡས་དང་གཡོན་དུ་དཀར་པོ་སྙིང་གར་ལྗང་གུའི་རྣམ་པས་བརྡེག་པར་བྱའོ། །མངའ་རེ་རེས་ཕུག་པའི་འོག་ཏུ་མངའ་ལས་བྱུང་བའི་རྣམ་པར་རྒྱལ་བའི་རྡོ་རྗེ་ལ་སོགས་པའི་གྲངས་ཇི་ལྟ་བ་བཞིན་དུ་ངལ་ལས་ལ་ཞུགས་ནས་དབང་དུ་བྱ་བར་གྱུར་པས་བསམ ་ལ། མུན་པ་སེལ་པའི་འོད་ཟེར་དམར་པོས་ནང་གི་ལུས་ཐམས་ཅད་དང། དེ་ཉིད་ཀྱིས་ཕྱི་དང་ནང་དུ་བཅས་པའི་ལས་ལ་ཁྱབ་པ་དང་ཉེ་དུ་དག་མཛའ་བཤེས་ཀྱི་ཚོགས་རྣམས་ཀྱིས་ས་ལ་འགྱེལ་བ་ལས་སློང་བར་བྱེད་བཞིན་པར་གནས་ལ། འདུ ་ཤེས་མེད་ཅིང་ཁྲག?་རབ་ཏུ་སྐྱུག་པ་ལ་ཐུག་པར་བསམས་ལ། རང་གི་དམ་ཚིག་གི་ལྷ་མོ་རང་གི་ལུས་ལས་ཕྱུང་པས་བཀུག་ནས། རྐང་མཐིལ་གྱི་འོག་ཏུ་བཞག་ལ་སྒྲུབ་པ་པོས་བཤད་མ་ཐག་པའི་ཆོ་གས་ཇི་ལྟ་བ་བཞིན་དུ་བསྲུང་བ་བྱའོ། །མཉེས ་པར་བྱེད་པའི་རྡོ་རྗེ་མངའ་ཨི་ཕྱག་རྒྱའི་སྦྱོར་བའོ། །ཁུ་ཚུར་གཉིས་ནི་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་བསྡམས་པ་ནད་དུ་བཅིངས་པར་བྱས་པ་ཁུ་ཚུར་གྱིས་གཡུལ་གཞིག་པས་གླང་པོ་ཆེའི་རྒྱབ་ཏུ་ཞོན་ཏེ། འཁོར་ལོས་སྒྱུར་པ་ཇི་ལྟ་བ་བཞིན ་དུ་ང་རྒྱལ་བྱས་ལ། འཁོར་ལོས་སྒྱུར་བའི་ཕྱག་རྒྱ་གོས་ཀྱིས་བཀབ་?་བཅིངས་ཏེ་དེ་ལས་བྱུང་བའི་འཁོར་ལོས་སྒྱུར་པའི་ཚོགས་ཀྱི་ཕ་རོལ་གྱི་དབུང་རྣམ་པར་གཏོར་བར་བསམས་ལ། ཕྱག་རྒྱ་འཕང་ཚུལ་དུ་བྱ་སྟེ། འཁོར་ལོ་ཅན་གྱི་ཕྱག་རྒྱ་འདིས ་གཡུལ་ལས་སྒྲོལ་བར་བྱེད་དོ། །ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་དཀྲིས་ལ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་མཐེའུ་ཆུང་གཉིས་ཀྱིས་ལུ་གུ་རྒྱུད་ཀྱི་ཚུལ་དུ་དཀྲིས་ལ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་བྱ ་སྟེ། ཧེ་རུ་ཀའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཧེ་རུ་ཀ་བཛྲ་སརྦ་དུཥྚ་ས་མ་ཡ་མུདྡྷ་བ་ར་བ་ན་ཛ་ཀ་ཧཱུཾ་ཕཊ་ཅེས་བརྗོད། བྱིན་གྱིས་བརླབ་པ་དང་དབང་བསྐུར་བྱས་ཏེ། དཔྲལ་བར་གཞག་ལ་གསང་སྔགས་འདི་ཉིད་ལན་བདུན་བཟླས་ཏེ། དུར་ཁྲོད་དུ་འཇུག ་པ་ལ་སོགས་པ་བྱའོ། །ཞེས་བསྟན་ཏོ། །དུར་ཁྲོད་དུ་ཞེས་བྱ་བ་ལ་སོགས་པ་ལ་གར་བྱེད་པ་སྟེ་ལྷ་ཆེན་པོའི་གཟུགས་ཇི་ལྟ་བ་བཞིན་དུ་བསྒོམས་ལ་གར་བྱེད་བཅིང་དེའི་ཕྱག་རྒྱ་བཅིང་ངོ་ཞེས་བྱ་བའི་དོན་ཏོ། །མ་མོ་རྣམས་ཀྱིས་ཞེས་བྱ་བ་ནི ་ཁྱབ་འཇུག་མ་ལ་སོགས་པ་སྟེ་དེ་རྣམས་ཕྱག་རྒྱས་བྱིན་གྱིས་བརླབས་པ་ལ་འདི་ཉིད་སྦྱར་རོ། །ལྷ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྟན་པ་ལ་ནི་རང་གི་བདག་པོའི་དམ་ཚིག་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པ་ཡིན་ཞེས་བསྟན་ཏོ། །ཐམས་ཅད་ཀྱི ་རང་གི་ས་བོན་གྱི་ཡི་གེ་རྣམས་ནི་ཆོས་ཀྱི་ཕྱག་རྒྱའོ། །སོ་སོའི་ལས་ཀྱི་ཕྱག་རྒྱ་མ་གསུངས་པ་དག་གི་ཡང་ཕྱག་དང་པོའི་གཡས་དང་གཡོན་གཉིས་ཀར་བྱས་པ་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་ཏིང་ངེ་འཛིན་གྱི་ལེའུ་ལས་གསུངས་པའི་རང་གི ་མཆན་མ་འཛིན་པའི་ཚུལ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་མ་གསུངས་པའི་ཡང་ལས་ཀྱི་ཕྱག་རྒྱ་ཉིད་རང་གི་མཚན་མ་དང་བཅས་པ་ནི་ཕྱག་རྒྱ་ཆེན་པོའོ། །ལ་ལ་ནི་དྲག་པོ་སྒྲུབ་པར་བསྟན་པ་ལ་ནི་ཕྱག་རྒྱ་བཞིས་རྒྱས་བཏབ་པ་མན ་ངག་ཇི་སྐད་དུ་བསྟན་པ་བཞིན་དུ་བྱའོ། །ལས་ཀྱི་ཚོགས་ལྷག་མ་རྣམས་ལ་ནི་དེ་ལྷག་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་སྒྲ་ཇི་བཞིན་པར་བྱའོ་ཞེས་ཟེར་རོ། །རྡོ་རྗེ་སེམས་མ་ལ་སོགས་པས། །རིན་ཆེན་ཅོད་པ་ན་ཕྲེང་དབང་བསྐུར་ཞེས་བྱ་བ་ནི་དམ ་ཆག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཅི་རིགས་པར་རྒྱས་བཏབ་ནས། རྣམ་པར་སྣང་མཛད་དང་བྱམས་པ་ལ་ནི་རྡོ་རྗེ་རིན་ཆེན་མའི་སྔགས་དང་ཕྱག་རྒྱ་འཁོར་ལོ་དང། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་གསུངས ་པས་དབང་བསྐུར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་ནི་སེམས་མ་རྡོ་རྗེ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་སོ། །ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་རྣམས་དང་སྤྱན་ལ་སོགས་པའི་དབང་བསྐུར་བ་དང། ལྷག་མ་དབང་བསྐུར་བ་མ ་གསུངས་པ་ལ་ནི་རང་གི་དབང་པོ་དང་རྗེས་སུ་མཐུན་པར་དབང་བསྐུར་བས་དབང་བསྐུར་ལ། དར་དབྱངས་དང། ཕྲེང་བས་དབང་བསྐུར་བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །རྒྱབ་དུ་མདུད་པ་ལྟར་དོར་བྱ་ཞེས་བྱ་བ་ནི་དབང་བསྐུར་བའི ་འོག་ཏུ་བཛྲ་ཏུ་ཥྱ?་ཧོ་ཞེས་བྱ་བ་དང་ཐལ་མོ་བརྡབས་པས་ཉེས་པར་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དབུ་རྒྱན་གྱི་ཅོད་པན་གྱི་རྩེ་མོའི་ཆ་ལ་བཛྲ་རཀྵ་ཧཾ་ཞེས་བྱ་བ་བཀོད་ལ་དེ་ལས་བྱུང་པའི་འོད་ཟེར་ལྔ?་གུས་གོ་བགོས་པར ་དེ་བསམས་ནས། གོ་ཆའི་ཚུལ་དུ་ངེས་བདག་ཉིད་གོ་དགོས་ལ། ཇི་ལྟ་བ་བཞིན་དུ་འགྱིང་བ་དང་བཅས་པས་རྣ་བ་གཉིས་ཀྱི་མཐར་མཛའ་མ་ལ་སོགས་པ་དགྲོལ་ཞིང་དར་དབྱངས་དབྱངས་པ་ལ་སོགས་པའི་ཚུལ་དུ་བྱའོ། །འཁོར་ལོར་ཞེས་བྱ་བ་ལ ་སོགས་པ་ལ་དེའི་འོག་ཏུ་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་རིགས་ཀྱིས་རང་གི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་ཞུགས་པར་བསམ་མོ། །དེ་ནས་མཆོད་ཡོན་ཕུལ་ལ། བཞིན་འཛུམ་པས ་རྡོ་རྗེའི་གར་ལས་བྱུང་བའི་སྒེག་ཅིང་དགའ་པའི་རྡོ་རྗེ་སྙིང་གར་གནས་པས་ཞེ་ས་དང་བཅས་ཤིང་བཞིན་འཛུམ་པའི་མིག་གིས་ཕྱག་བྱ་བས་ཕྱག་བྱས་ལ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ ་སེམས་དཔའ་དེང་བདག་གྲུབ་ཅེས་དེ་ཁོ་ན་ཉིད་ཀྱི་ཡང་དག་པར་བསྐུལ་བར་བྱའོ། །སངས་རྒྱས་ས་རབ་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་བཞི་ནི་ཡེ་ཤེས་ལྔའི་བདག་ཉིད་ཅན་རྡོ་རྗེ་འཛིན་པའི་ས་རབ་ཏུ་རྫོགས་པར ་བྱེད་ཅིང་མཐར་ཕྱིན་པར་བྱེད་པ་སྟེ། ཕྱིའི་མཆོད་པ་རྣམས་ཀྱང་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །སངས་རྒྱས་ནི་འདིར་སངས་རྒྱས་རྡོ་རྗེ་འཛིན་པར་བརྗོད་ཅེས་གསུངས་པས་རྡོ་རྗེ་འཆང་བ་ཉིད་ཡིན་པར་གཟུང་སྟེ། ཕན་ཡོན་དང་བཅས་པས་བརྗོད་ ་པའི་དབང་དུ་བྱས་ནས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དོན་སྟོན་པའི་ཕྱིར་རོ། །གསང་བའི་མཆོད་པ་ཉིད་བསྟན་པའི་ཕྱིར་རོ། །ཅུང་ཟད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འགྱིང་བག་ཏུ་བྱས ་ནས་གཡོན་ཕྱོགས་སུ་སྒེག་པས་མགོ་ཅུང་ཟད་བཏུད་པས་ནི་སྒེག་མོའི་ཕྱག་རྒྱའོ། །ཧཱུཾ་ཞེས་བྱ་བས་ཞེས་བྱ་བ་ལ་སོགས་པ་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་བསྒྲེང་ལ་འོག་ཏུ་བཞག། གཡས་པའི་མཛུབ་མོ་གར་གྱི་རྣམ་པས་གླུ ་ལེན་ཅིང་པི་བང་བསྒྲེང་བ་ལྟ་བུ་བྱས་ལ་སྒེག་པས་ལུས་ཅུང་ཟད་བསྐྱོད་པ་ནི་གླུ་མའི་ཕྱག་རྒྱ་སྟེ་ཕྲེང་བ་མའི་འོག་ཏུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེའི་ཁུ་ཚུར་ངག་གིས་མགོ་བོ་ལ་རིན་པོ་ཆེའི་ཕྲེང་བ་བཅིང་བའི ་ཚུལ་དུ་བྱས་པ་ནི་ཕྲེང་བ་མའི་ཕྱག་རྒྱའོ། །ཕྲེང་བ་ཡིས་ཞེས་བྱ་བ་ནི་ཕྲེང་པ་མའོ། །ལྷ་རྣམས་ཀུན་ལ་ཞེས་བྱ་བ་ནི་ལྷ་ཐམས་ཅད་ལ་སྟེ་ཕྲེང་བ་མ་ནི་སྒེག་མོའི་འོག་ཏུ་ཤེས་པར་བྱའོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བ་བཞིན ་དུ་གར་མཁན་མའི་ཕྱག་རྒྱའོ། །ཕྱིའི་མཆོད་པ་བསྟན་པའི་ཕྱིར་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་པ་ལས་བྱུང་བའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་ལ་ཕབ་སྟེ་སྙིང་གར་མེ་ཏོག་འབུལ་བའི་ཚུལ ་དུ་བྱ་བ་ནི་མེ་ཏོག་མའི་ཕྱག་རྒྱའོ། །བདུག་སྤོས་རྩེ་མོའི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་རྡོ་རྗེ་བཅིང་བ་བྱས་ལ་བཟློག་སྟེ། བསྒྲེང་ནས་གུང་མོ་བདུག་སྤོས་ཀྱི་རྩེ་མོའི་ཚུལ་དུ་བྱས་ནས་གར་གྱིས་འོག་ཏུ་བདུག་སྤོས་དབུལ ་བའི་ཚུལ་དུ་བྱ་ཞིང་ལག་པ་རྣམ་པར་བསྐོར་བ་ནི་བདུག་པ་མའི་ཕྱག་རྒྱའོ། །མཐེབ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་རྡོ་རྗེ་བཅིང་བ་ལས་བྱུང་བའི་གཡས་གཡོན་གྱི་མཐེ་བོ་གཉིས་བསྒྲེང་ལ་མར་མེ་འབུལ་བའི་ཚུལ་དུ ་ལག་པ་བསྐོར་བ་ནི་མར་མེའི་ཕྱག་རྒྱའོ། །དུང་གི་ཚུལ་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་རྡོ་རྗེའི་ཐལ་མོ་དུང་འདྲ་བར་བྱས་པ་ཡོངས་སུ་བསྐོར་ནས་དུད་ཕོར་ཉིད་དང་མཆོད་ཡོན་འབུལ་བའི་ཚུལ་དུ་བྱས་ལ་ཡང་སླར་བཟློག་ནས་དེ་ཉིད་དང་གར ་བྱ་བའི་སྦྱོར་བས་བྱུག་པས་ཕྱུག་པའི་ཚུལ་ཀྱིས་ལྷ་ཐམས་ཅད་ལ་བྱུག་པ་ནི་བྱུག་པ་མའི་ཕྱག་རྒྱའོ། །འདི་རྣམས་ཀྱི་སྙིང་པོ་ནི། ཧོ་བཛྲ་ལཱ་སྐྱེ། ཏྲཊ་བཛྲ་མལ་ལེ། གྲི་བཛྲ་གཱི་ཏེ། ཀྲིཊ་བཛྲ་?་ཏྱེ། ཏྲ་བཛྲ་པུཥཔེ། ཨ་བཛྲ་དྷུ་པེ། ཁ་བཛྲ་ཨཱ་ལོ་ཀེ། ཊབ ་བཛྲ་ག་?་ཞེས་བྱ་བ་དང་རིམ་བཞིན་སྦྱར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་འོག་ཏུ་སྒེག་མོའི་ས་བོན་གྱི་ཡི་གེ་བསམས་ཏེ། དེའི་ཕྲེང་བ་ལས་བདག་ཉིད་རྡོ་རྗེ་སྒེག་མོའི་གཟུགས་སུ་ཡོངས་སུ་གྱུར་པར་བསམS ་ལ། བཤད་མ་ཐག་པའི་དེའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་ཚེ་ཉིད་ཀྱི་གསང་སྔགས་འདོན་ཅིང་སྤྲོ་པ་དང་བསྡུ་པ་ཐམས་ཅད་བྱས་ནས། ལྷ་མོ་སྒེག་མོའི་གཟུགས་ཀྱིས། འདོད་པ་དགའ་བའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས ་མཆོད་པར་བྱའོ། །དེ་ནས་བསྡུས་ལ་རང་གི་ལུས་ཀྱི་ནང་དུ་ཆུང་བའི་སྣ་ཚོགས་རྡོ་རྗེ་ལ་ཡང་དག་པར་དགུག་པ་དང་གཞུག་པ་དང་དབང་དུ་བྱས་ལ་བཞག་སྟེ་ཡིད་ཀྱིས་ཛ:ཧཱུཾ་བཾ་ཧོ:ཞེས་བརྗོད་དོ། །དེ་བཞིན་དུ་དྲིའི་བར་གྱི་མཆོད་པ ་རྣམས་ལ་ཡང་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཨོཾ་འདོན་ཅིང་རྡོ་རྗེའི་ཁུ་ཚུར་གཉིས་ཀྱིས་རྫ་རྡ་ལ་སོགས་པ་བསིལ་སྙན་བརྡུང་བའི་ཚུལ་བྱའོ། །དེ་བཞིན་དུ་རྔ་ཡབ་གཡོབ་པའི་ཚུལ་དང་ཉི་མ་འཛིན་པའི་ཚུལ་དང། ལག ་པ་གཉིས་བརྒྱབ?་ལ་སྲིན་ལག་གི་ཚིགས་དབུ་མ་བཀུག་ནས་བ་དན་གསུམ་པའི་ཚུལ་དུ་བསྒྲེང་ནས་ལག་པ་གཉིས་བརྐྱང་ལ་སྟེང་དུ་བཏེག་པ་ལྟར་བཞག་པ་དང། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རིན་པོ་ཆེའི་ཕྱེ་མ་འགྱེད་པ་ལྟར་བྱའོ། །ལྷ ་བཤོས་དབུལ་བ་ནི་གེ་སླའོ། །དེ་བཞིན་དུ་རྡོ་རྗེ་ཐལ་མོ་གཉིས་བརྐྱང་བས་ན་བཟའ་དབུལ་བ་དང། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ན་བཟའ་བསྐོན་པའི་ཚུལ་དུ་བྱ་བ་དང། ལག་པ་གཡས་པས་ཚད་མེད་པ་ལྟ་བུ་ནི་ལྷ་ཐམས ་ཅད་གཞལ་ཡས་ཁང་ངོ། །མཁྲིག་མའི་སྟེང་དུ་གདུ་བུ་འདོགས་པའི་ཚུལ་དུ་བྱས་པས་གང་དུ་བུ་དབུལ་བ་དང་དོ་ཤལ་འདོགས་པའི་ཚུལ་གྱིས་དོ་ཤལ་དབུལ་བ་དང། ཞབས་ལ་རྐང་གདུབ་དབུལ་བའི་ཚུལ་གྱིས་རྐང་རྒྱན་བྱ་བ་དང། སྙན ་ལ་སྟན་རྒྱན་བྱ་བ་དང། དེ་བཞིན་དུ་མགུལ་དུ་མགུལ་རྒྱན་བྱ་བ་དང། དཔུང་པའི་རྩ་བའི་འོག་ཏུ་དཔུང་རྒྱན་བྱ་བའི་ཚུལ་དང། དེ་ནས་སོར་བཞིའི་འོག་ཏུ་བསྲུང་སྐུར་ཀྱི་ཚུལ་གྱིས་སྲུང་སྐུད་བྱ་བ་དང་མེ་ཁ་ལའི་ཚུལ་དུ་རྐེད?་པར་སྐ ་ངགས?་བྱ་བ་སྟེ། དེ་དག་དང་གཞན་དག་ཀྱང་ཤེས་པར་བྱའོ། །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་མཐེ་བོའི་སྟེང་དུ་ལག་པ་གཡས་པ་ཁ་ཐུར་དུ་བསྟན་ལ་བརྐྱང་བའི་གདུགས་ཀྱི་ཚུལ་གྱི་གདུགས་དབུལ་བ ་དང་ལག་པ་གཡོན་པ་མང?་བར་བསམ་གཏན་བྱ་བ་ལྟར་བཞག་ལ། ལག་པ་གཡས་པ་ཁ་ཐུར་དུ་བསྟན་ཏེ་བླ་རེ་བསྐྱེད་པའི་བསམ་པས་ནམ་མཁའ་ལ་ཡོངས་སུ་བསྐོར་རོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་པ་ལ་སོགས་པ་ནི་སྒོ་དབྱེ་བའི་ཡིན ་པར་ཤེས་པར་བྱའོ། །ཞེས་ལ་ལ་དག་ཟེར་རོ། །གཞན་དག་ནི་མཆོད་པའི་དབང་དུ་བྱས་པའི་བདག་ཉིད་ཡིན་གྱི་རང་བཞིན་གྱི་མཆོད་པའི་འབྲས་བུ་ལ་མ་དང་པ་དང་མི་ཤེས་པའི་སྒོ་འཕང་བྱེད་པའི་དྲིལ་བུའི་སྒྲས་རང་གི་ལྷག་པར ་མོས་པས་བསྒོམས་པའི་དོན་གྱི་འབྲས་བུ་སྟེར་བའི་ནུས་པ་སྟོན་པས་དྲིལ་བུ་ཉིད་གསང་སྔགས་དཀྲོལ་བས་དབྱེ་བར་བྱའོ་ཞེས་ཟེར་རོ། །འདིས་ནི་འདི་སྐད་སྟོན་ཏེ། དྲིལ་བུ་དཀྲོལ་བས་ཡིད་ཀྱིས་རང་བཞིན་གྱི་མཆོད་པའི་ཚོགས ་ཀྱི་འབྲས་བུ་ཕྱིན་ཅི་མ་ལོག་པའི་སྩོལ་བར་བྱིན་གྱིས་རློབ་པར་འགྱུར་བ་ཡིན་ནོ། །དེ་བས་ན་གཞན་དག་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མཆོག་པ་བྱས་ནས་སམ། ལྷ་རྣམས་རབ་ཏུ་བསྒྲུབས་ན་དྲིལ་བུ་དཀྲོལ་ལོ་ཞེས་གསུངས་ཏེ། བཤད་པ་འདི ་དག་ཀྱང་དྲིལ་བུ་དཀྲོལ་ལོ། །མཆོད་པའི་མཛའ་ཞེས་བྱ་བ་ལ་སོགས་པ་ལ་བཛྲ་སཏྭ་སཾ་གྲ་ཧཱ་ཏ་ཅེས་བྱ་བ་ལ་སོགས་པའི་གསང་བའི་སྙིང་པོ་གླུ་བླང་བ་སྒེག་པ་ལ་སོགས་པའི་ཉམས་དང་རྗེས་སུ་མཐུན་པའི་གླུ་ལེན་ཅིང་བསྟོད་པའི་མཆོད་པ་བྱའོ།། ་དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་བདེ་བའི་བདག་ཉིད་ཅན་སེམས་སོ་སོར་རྟོག་པའི་རྣམ་པ་བསྒོམས་ལ་སྒེག་མོ་ལ་སོགས་པའི་རིགས་པའི་ལྷ་མོ་རྣམས་ཀྱིས་བདག་གོ་ཞེས་ལུས་ཀྱི་ངོ་བོ་ཉིད་ཀྱིས་མཆོད་པའི་དགའ་སྟོབས་རྣམས ་ཀྱི་འགྲོ་བ་མ་ལུས་པར་བཀང་ལ་དེ་དང་ཐ་མི་དད་པའི་ང་རྒྱལ་དང་གླུ་བླང་སྟེ། སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གཤེགས། །བདེ་གཤེགས་བདེ་བར་གཤེགས་པས་བཞེས་སུ་གསོལ། །རྡོ་རྗེ་སེམས ་དཔའ་དཔལ་བཟང་སྐལ་ཁྱོད་བདག་ཅེས་བྱ་བས་བླང་བར་བྱའོ། །དེ་ནས་དེ་ལྟར་བླངས་ནས་ཡང། །ོཾ་ས་གསུམ་གྱིས་ནི་ཕྱག་བྱས་པ། ཨོཾ་ས་གསུམ་གྱིས་ན་སྟོན་པ་པོ། །ས་གསུམ་ལ་ནི་འབྱོར་སྩོལ་བ། །ས་གསུམ་བདག་ནི་གྲུབ་པར ་མཛོད་ཅེས་བྱ་བ་འདིས་མཆོད་ཅིང་བསྟོད་པར་བྱའོ། །དེ་ནས་རང་གི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། རྗེས་སུ་ཚོགས་པའི་རྣམ་དག་དགའ་པའི་པདྨ་རྣམ་དག་པའི། །མཆོད་པས་མཆོད་པ་གསལ་བར་རྗེས་སུ་མཆོད་བྱས་ན། མཆོག ་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །སྐྱེ་མཆོག་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བ་རྣལ་འབྱོར་སྐལ་པ་བཟང། །མཆོག་ཏུ་དགྱེས་བ་རང་གི་དམ་ཚིག་སྐྱོན་མེད་རྟག་པའི་རོལ་ཅིག་རོལ་ཅིག་ཧོ། །ཀྱེ་མཆོག་ཏུ་གསང ་པའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། །རབ་ཏུ་གསང་བའི་ལྷ་མཆོག་རྣམས་སོ་ཞེས་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། འགྲོ་བའི་རྒྱུ་ནི་རྣམ་པ་སྣ་ཚོགས་འདུལ་བ་གསལ་བར་མཁྱེན། །དམ་ཚིག ་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་མཁའ་འགྲོ་སྒྱུ་མ་ཧོ། །ཀྱེ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་སྒྲུབ་ལ་སྟོན། །ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་བར་མཛོད། ། ལ་ལ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། །སློབ་མ་གཞུག་ཏུ་གསོལ་ཞེས་བྱ་བའོ། །དེ་ནས་དཀྱིལ་འཁོར་འདི་དག་ཐམས་ཅད་དེའི་གསང་སྔགས་བརྗོད་ནས་རང་གི་སྙིང་གའི་དམ་ཚིག་གི ་ཕྱག་རྒྱར་བཅུག་སྟེ། དཀྱིལ་འཁོར་གྱི་བདག་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླའོ། །ལྷག་མ་རྣམས་ཀྱི་གསང་སྔགས་ནི་ལན་བདུན་བཟླས་བརྗོད་བྱའོ། །དེ་ནས་གྲུབ་པའི་དཀྱིལ་འཁོར་གཙུག་ཏོར་ལ་སོག་? ་པ་ལས་ཕྱུང་ལ། རང་གི་གནས་སུ་བཞག་སྟེ། དྲི་ཌཧ་བཛྲ་ཏིཥྛ་ཞེས་བྱ་བས་བརྟན་པར་བྱའོ། །ོཾ་བཾ་བཛྲ་མུཥྛི་བཾ་ཞེས་བྱ་པས་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བར་ཡང་ཤེས་པར་བྱའོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ལ་སོགས་པ་ལ་ཇི ་སྐད་དུ་བཤད་པའི་ཡིད་ཀྱིས་མཆོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་ཕྱིར་དོན་དམ་པའི་མཆོད་པ་ཡིན་པས་དེ་ཉིད་ཀྱིས་ན་འདི་ནི་རྡོ་རྗེ་ཐེག་པ་མཉེས་བྱེད་པ་སྟེ་རྡོ་རྗེ་ཐེག་པ་བསྡུས་པ་རྣམ་པར་སྣང་མཛད་ལ་སོགས་པ་མཉེས་པ ་བྱེད་པ་ཡིན་ཏེ། དེ་རྣམས་ཀྱིས་དགྱེས་པའི་ངོ་བོ་ཉིད་དུ་གྱུར་པས་སོ། །གང་གི་རྣམ་སྤངས་ཏེ་ཞེས་བྱ་བ་ནི་མི་བདེན་པའི་ཕྱིའི་དོན་གྱི་རྣམ་པར་རྟོག་པ་སྤངས་པའོ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་པས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའི་རིམ ་པས་ཆོས་བདག་མེད་པ་བསྒོམ་པར་བྱེད་པའོ། །ལུས་དང་སེམས་ནི་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ཆོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ་ཞེས་བྱ་པའི་ཚུལ་གྱིས་སོ། །རྣམ ་པར་སྣང་མཛད་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བའ་ཨི་ཚུལ་གྱིས་མངོན་པར་ཡིད་ཆེས་པའི་རྒྱུས་དང་པ་གང་ཡིན་པའི་ཞེས་བྱ་པའི་བྱེད་པའི་ཚིག་མི་མངོན་པར་མཚམས་སྦྱར་ཏེ། དེ་རྣམས་ཀྱི་མཆོད་པ་ནི་བླ་ན་མེད་པའོ། །སེམས་ཅན ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ་གང་དངོས་པོ་ལ་མངོན་པར་ཞེན་པ་དང། མངོན་པར་མ་ཞེན་པའི་མཚན་ཉིད་ནི་མཛའ་གཉིས་ཏེ་དེ་ལས་དབེན་པ་ཆོས་བདག་མེད་པའི་ཡེ་ཤེས་ནི་དབུ་མའི་ཐེག་པ་སྟེ་དེ་བསྒོམས་ལ་དབྱེར་མི་ཕྱེད་པ་དང་ལྡན ་པའི་རྒྱུན་ལ་གནས་པ་དག་གི་ཡིན་གྱི་ཐོག་པ་དམན་པ་ལ་ལྷག་པར་མོས་ཤིང་མངོན་པར་ཞེན་པའི་མཐར་ལྟུང་བདེ་རྣམས་ཀྱི་མཆོད་པ་ནི་ཀུན་རྫོབ་པའོ། །དེའི་ཞེས་བྱ་བ་ནི་སྒྲ་ནི་ཐ་དད་པའི་རིམ་པ་དང་ངེས་པ་གཟུང་བ་ཡིན་པར་བལྟ་བར་བྱའོ་ཞེས་བྱ ་བའི་ཚུལ་གྱིས་སོ། །མངོན་པར་ཞེན་པ་དང་མཐར་ལྟུང་བ་རྣམས་ཀྱིས་ནི་མཆོད་པ་ཉིད་མེད་པར་ཤེས་པར་བྱའོ། །མཛའ་གཉིས་སུ་རྟོག་པ་སྤངས་པའི་ནི་ཡིད་ཀྱི་མཆོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་མེ་ཏོག་ལ་སོགས་པའི་དངོས་སུ་འབྱོར་པའི་མཆོད་པ ་རྣམས་ཀྱང་མིག་ཡོར་ལྟ་བུར་མངོན་པར་འདུས་བྱས་པས་དེ་ལ་ཡང་མངོན་པར་ཞེན་པ་མེད་དེ། སྒྱུ་མའི་སྐྱེས་བུ་བཞིན་དུ་སྤྱད་པར་བྱའོ། །ཞེས་བྱ་བའི་ཚུལ་དུ་ཤེས་པར་བྱའོ། །དེ་བས་ན་བུམ་པ་གང་བ་ཇི་སྙེད་པ། མེ་ཏོག་ལ་སོགས་རྣམས་ཀྱིས ་མཆོད་ཅེས་བྱ་བའི་རིམ་པ་འདིས་བཞག་པར་བྱའོ། །དེ་ལ་རེ་ཞིག་རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་བཤད་པ་ལ་ཨོཾ་མཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷིཾ་ཨ་བྷི་ཥིཉྩ་སརྦ་སུ་ཀ་སོ། །མ་ན་སྱ་ཨ་ད་ད་ཀུ་རུ་ཀུ་རུ་ཛ:ཧཱུཾ་བཾ་ཧཾ:་ཞེས་བྱ་བས་དཀྱིལ ་འཁོར་གྱི་བདག་པོའི་དམ་ཚིག་གི་ཕྱག་རྒྱས་གཟུང་བའི་འཁོར་ལོ་དང། མེ་ཏོག་གི་ལྕུག་མ་ལ་ཉི་ཤུ་རྩ་གཅིག་བཟླས་ཏེ། དེའི་གསང་སྔགས་ཀྱིས་དེའི་མདུན་དུ་བཞག་གོ། བུམ་པ་གཞན་རྣམས་ནི་འབྲུ་ལྔ་ལ་སོགས་པ་དང་ལྡན་ཞིང་མི ་བསྐྱོད་པ་ལ་སོགས་པའི་མཚན་མས་མཚན་པ་ལ། ཨོཾ་བཛྲོད་ཀ་ཧཱུཾ་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ་མི་བསྐྱོད་པ་ལ་སོགས་པའི་གསང་སྔགས་ལན་བདུན་བཟླས་ལ་དེ་རྣམས་ཀྱི་དེ་ཉིད་ཀྱིས་བཞག་པར་བྱའོ། །དེ་བཞིན་དུ་བུམ་པ ་ལ་ཨ་མྲའི?་ལོ་མ་ལ་སོགས་པས་ཁ་དགབ་ཅིང་རྡོ་རྗེའི་ཆུའི་སྔགས་ཀྱིས་ལན་བདུན་བཟླས་པ་བྱས་ལ་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །དེ་ནས་ཡི་གེ་ཨོཾ་ལ་མངོན་པར་བསྐྱོད་ལ་རྡོ་རྗེའི་རྩེ་མོས་བཟླས་པའི་ཆུས་བསང་གཏོར་བྱ་ཞིང ་རྡོ་རྗེ་མའི་ཕྱག་རྒྱ་དང་སྔགས་ཀྱིས་བཏབ་པ་དང། རྡོ་རྗེ་མེ་ཏོག་ལ་སོགས་པའི་ཕྱག་རྒྱ་དང། སྔགས་ཡོངས་སུ་བཟླས་པའི་མེ་ཏོག་དང་སྤོས་དང་མར་མེ་དང་བྱུག་པ་སོ་སོའི་གསང་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ ་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་བཅིང་བ་བྱས་ནས་རལ་གྲི་འཕྱར་བའི་ཚུལ་གྱི་ཕྱག་རྒྱ་དང་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ?་ཨཱ་དྱཱ་ནུཏཔནན་ཏྭ་ཏ་ཅེས་བྱ་བ་འདིས་ཡོངས་སུ་བཟླ་ཞིང་ལས་ཐམས་ཅད་པའི་ཆུས་བསང་བའི་བཟའ་བ་དང་བཅའ་བ ་དང་མྱང་བ་དང་ལྡག་པ་རྣམ་པ་སྣ་ཚོགས་པ་རྣམས་སོ་སོའི་གསང་སྔགས་བརྗོད་ནས་དབུལ་བར་བྱའོ། །དེ་ནས་ལྷ་མོ་སོ་སོ་ལ་རེ་རེ་འམ་སྦྱིར་རས་ཟུང་ཅིག། ཨོཾ་བཛྲ་བིད་པཱུ་ར་པཱུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོ་ཞེས་མངོན་པར་བསྔགས ་?་ཀི་གསང་སྔགས་ཀྱིས་ཀྱང་འབྱོར་པ་ཅི་ཡོད་པས་དབུལ་བར་བྱའོ། །དེ་ནས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་ལས་བྱུང་བའི་དཔག་བསམ་གྱི་ཤིང་ལ་སོགས་པས་ནམ་མཁའ་ཨི་ཁམས་ཐམས་ཅད་གང་པར་བྱས་ལ་ཡིད ་ཀྱིས་སྤྲུལ་པར་བྱའོ། །ོཾ་ཨ་ནུཏྟ་ར་སརྦ་པུ་ཛཱ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་གསང་སྔགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་དེ་ནས་དྲིལ་བུ་དཀྲོལ་ཏེ་ཡི་གེ་བརྒྱ་པ་ལན་བདུན་བཟླས་པས་དཀྱིལ་འཁོར་བསྟན་པར་བྱའོ། །དེ ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཕྱི་རོལ་ཏུ་བྱུང་བ་བཅོམ་ལྡན་འདས་དང་ལྷན་ཅིག་ཕྱོགས་བཅུ་ནས་འོངས་པའི་སེམས་ཅན་མི་སྣང་བ་ཐམས་ཅད་ལ་ཕྱོགས་ཀྱིས་གཏོར་མ་ཇི་ལྟ་བ་བཞིན་བྱིན་ཏེ་ཏེ་རེག་བྱས་ནས་སླར་ཞུགས་ལ་སྦྱིན ་སྲེག་བྱས་ཏེ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ངག་གིས་མཆོད་པ་ཡང་བྱ་བར་ཤེས་པར་བྱའོ། །མཆོད་པ་དག་ཅེས་བྱ་བ་ལ་སོགས་པ་ལ་གོང་དུ་བཤད་མ་ཐག་པའི་མཆོད་པ་ཐབས་ཀྱི་བདག་ཉིད་ཅན་དེ་དག་གསན་པ་དང་སེམས་ཅན་གྱི་དོན་དུ་འགྱུར་བར ་གཟིགས་པས་ངོ་མཚར་དུ་གྱུར་པའི་སྦྱན་ཕྱེ་ནས་ལེགས་སོ་ཞེས་བྱ་བ་རབ་ཏུ་གསུངས་པ་སྟེ། མཆོག་ཏུ་དགྱེས་པར་མཛད་པའོ། །ེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སུ་ཞིག་ཅེ་ན་སངས་རྒྱས ་ཀྱིའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཅེ་ན་ཐབས་ཤེས་པ་སྟེ། ཐབས་ཞེས་བྱ་བ་ནི་དོན་དམ་པའི་མཆོད་པའི་ཚོགས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་བྱང་ཆུབ་ཐོབ་པ་ཡི་ཞེས་གསུངས་པ་སྟེ་དེ་ཐོབ་པའི་ཕྱིར་རོ། །གང་གིས་ཤེ་ན་རྡོ་རྗེ ་བསྒོམས་པས་ཞེས་བྱ་བ་སྟེ། རྡོ་རྗེ་བསྒོམས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པ་སྟེ། སྒྲུབ་པ་པོས་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དཀའ་བ་མེད་པས་ཞེས་བྱ་བ་གསུངས་ཏེ། དཀའ་བ་མེད་པ་སྟེ། ཉོན་མོངས ་པ་ཐམས་ཅད་དང་བྲལ་བའི་ཐབས་གང་ཡིན་པ་ངེས། བྱང་ཆུབ་སྟེ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་འཐོབ་ཅིང་མངོན་སུམ་དུ་བྱེད་པའོ། །རྡོ་རྗེ་ཐེག་ཆེན་ཞེས་བྱ་བ་ལ་སོགས་པ་ལ། གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ ་ཀྱིས་རྡོ་རྗེའི་ཐེག་པ་བླ་ན་མེད་པ་སྟེ། ཐེག་པ་ཆེན་པོ་མངོན་སུམ་དུ་མཛད་པ་དེ་ནི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་ལེགས་སོ་ཞེས་བྱ་བའོ། །ཇི་ལྟར་ཐུགས་སུ་ཆུད་པའི་ངོ་བོ་དེ་སྟོན་པ་དེ་ཡང་ཆོས་དང་གང་ཟག་ལ ་བདག་མེད་པ་རབ་ཏུ་སྟོན་པ་ལེགས་སོ། །དེ་ཡང་རྟོག་གེ་བ་ཐམས་ཅད་ཀྱིས་རྟོགས་པར་མི་ནུས་པས་ཟབ་པ་ཉིད་དང་བརྟན་པ་ཉིད་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་ཁྱབ་པར་དྲི་མ་ཐམས་ཅད་དྲི་མ་དང་བྲལ་བའི་ཕྱིར་ལེགས་སོ་ཞེས་བྱ་མ་ལུས་པ་ཟིལ་གྱིས ་མནན་པས་ལེགས་སོ། །དེ་ལའང་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིན་པོ་ཆེའི་བསྡུས་པའི་གང་ཡིན་པ་དེའང་སྐྱེས་བུ་དམ་པའི་དོན་སྒྲུབ་པ་དང་ཉེ་བར་འཚམ་པའི་མཐར་ཐུག་པ་ཡིན་པའི་ཕྱིར་ལེགས་སོ་ཞེས་པའོ། །ཡེ ་ཤེས་ཀྱི་གསུམ་ལས་བྱུང་བའི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ལས་བྱུང་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པའོ། །སངས་རྒྱས་ཐམས་ཅད་ཀྱིས་རྡོ་རྗེ་ཐེག་པ་བསྔགས་པ་ཞེས་བྱ་བ་ནི་དེ་བྱས ་པའི་ཕན་ཡོན་ལ་དགྱེས་པས་གསུངས་པའོ། །དགའ་བ་ཞེས་བྱ་བ་ནི་སྔོན་མ་བྱུང་བའི་ཆོས་ཐོས་པས་ཡིད་བདེ་བ་ཐོབ་པར་གྱུར་པ་ཡིན་ལ་དུས་ཕྱིས་སྔོན་ཆོས་འདིས་བདག་ཅག་བསླུས་སོ་ཞེས་སེམས་ཤིང་ཡིད་བདེ་བ་ཐོབ་པས་འཆི་མ ་འབྱིན་ཅིང་རབ་ཏུ་དུ་བར་གྱུར་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ཡིད་མི་བདེ་བ་ཉིད་མི་འབྱུང་ངོ་ཞེས་ལ་ལ་འདོད་དོ། །གཞན་དག་ན་རེ་དེ་དག་ཀྱང་ནམ་ཞིག་བདག་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས ་པའི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་ཞེས་འདི་ལྟར་རྟག་ཏུ་དགའ་ཞིང་འདོད་པ་ཉིད་ཡིན་གྱི། དེ་རྣམས་ཀྱི་ནང་ནས་འདི་ཡོངས་སུ་མི་ཤེས་པའི་བྱང་ཆུབ་སེམས་དཔའ་མི་སྲིད་དོ་ཞེས་ཟེར་རོ། །དེ ་ལ་འདི་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལྟ་བུ་ཡིན་པས་འདི་ཉིད་བསྐལ་པ་གཞན་ལ་བསྟན་པའི་ཕྱིར། །དེའི་ཚེ་བྱུང་བའི་བྱམས་པ་ལ་སོགས་པ་རྣམས་ནི་མདོ་སྡེའི་སྤྱོད་པ་ལ་སྤྱོད་པར་བྱེད་པ་བྱུང་སྟེ། དེ་ཡང་གསང་པ་འདུས་པའི་རྒྱུད་ལས་དེ་ནས ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ཏེ་གསུངས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས། སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་སངས ་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པ་ཡང་འདས། གང་བཅོམ་ལྡན་འདས་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདས། འོད་སྲུངས་ཐུབ་པ་ཆེན་པོ་མངོན་པར་སངས་རྒྱས ་པས་ཀྱང་མ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་ཆེན་པོའི་དོན་བཤད་པ་དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས། སྐལ་པ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་བདག་ཉིད་བསྟན་པའི་ཕྱིར་གསུངས་ཏེ། དེ་ནི་སྒྲ་ཇི་བཞིན་ཡིན་པར་ཤེས ་པར་བྱའོ་ཞེས་ཟེར་རོ། །གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་ཆད་མ་རྙེད་པ་ལ་སོགས་པའི་ཆོས་ཐོས་པས་མགུ་བ་སྟེ་ཡིད་དགའ་བར་གྱུར་པའོ། །མཛའ་རྣམས་མེད་པ་ནི་མངོན་པར་ཞེན་པའི་མཛའ་གཉིས་དང་བྲལ་བའོ། །སྐྱེ་བ་མེད་པ་ནི ་ཇི་ལྟར་ཡོངས་སུ་བརྟགས་པའི་སྐྱེ་བའི་ངོ་བོ་ཉིད་མེད་པའོ། །ཡི་གེ་མེད་པ་ནི་དག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་རང་བཞིན་ཅན་ཡིན་པས་སོ། །གནས་པ་མེད་པ་ནི་སོ་སོར་ངེས་པའི་གནས་མེད་པས་སོ། །རྣམ་པ་དེ་དག་གིས་ནམ་མཁའ་འདྲའོ ་དེ་ཉིད་ཀྱིས་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བས་རྣམ་རྟོག་ལས་གྲོལ་བ་ཞེས་བྱའོ། །རྟོག་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་རྣམ་པར་རྟོག་པ་མི་མངའ་ཡང། ཡིད་བཞིན་གྱི?་ནོར? ་བུ་ལྟ་བུར་རང་ཉིད་སོ་སོར་སྣང་བའི་ཚུལ་གྱིས་སྔགས་ལ་སོགས་པ་སྟོན་པར་རྣམ་པར་བརྟགས་པས་རྟོགས་པས་རྟགས་ཞེས་བྱ་ལ། རྟོག་པའི་ཐབས་སུ་བརྟགས་པ་གང་གིས་ཡེ་ཤེས་ཀྱི་སྲས་པོ་ཀུན་ཞེས་བྱ་བ་ལ་ཡེ་ཤེས་རྟོག་པ ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་ཀྱི་ས་ཐོབ་ཅིང་རྟོག་པར་གྱུར་པའོ། །བདེ་བ་ལས་འཁྲུངས་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ནོ། །དེ་ལས་འཁྲུངས་པ་ནི་དོན་གྱི་དངོས་པོའི་རྣམ ་པ་གཉིས་སུ་མེད་པར་བསྒོམས་པ་སྟེ་དེ་ལས་བྱུང་བའི་ཕྱིར་རོ། །རྡོ་རྗེ་འཆང་བ་ནི་གཉིས་སུ་མེད་པའི་སེམས་ཀྱི་ངོ་བོ་ཉིད་དུ་རྟག་ཏུ་བྱུང་བའོ། །དངོས་པོ་ནི་ཡོད་པ་ངོ་བོ་སྟེ། དེ་གཉིས་སུ་མེད་པའི་རྣམ་པ་ནི་དངོས་པོ་མེད་པ་སྟེ། དེའི་འབྱུང་གནས་སོ།། ་གང་དུ་ཞེས་པ་ནི་རྒྱུད་གང་དུ་རྡོ་རྗེ་འཆང་བ་དེ་ཉིད་དང་པོར་རྣམ་པར་སྣང་མཛད་དུ་ཡི་གེ་ཨོཾ་གྱིས་སྟོན་པ་སྟེ། དག་པའི་གདུལ་བྱ་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར་གང་གིས་སངས་རྒྱས་རྣམ་པར་སྣང་མཛད་དུ་སྤྲུལ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ ་གཟུགས་མེད་ཚུལ་གྱིས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རྣམ་པར་བཀོད་པས་གདུལ་བྱ་རྣམས་དགའ་བར་བྱའི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་སྤྲུལ་པའི་ཕྲེང་བ་གང་གིས་བསྐོར་བ་དེ་ལ་འང་དེ་སྐད་ཅེས་བྱའོ། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་ཕྱག ་འཚལ་ལོ་ཞེས་བྱ་བ་ནི་རྒྱུད་ལ་ཕྱག་བྱས་པས་བཅོམ་ལྡན་འདས་ལ་ཕྱག་བྱས་པ་ཡིན་ནོ། །གསུང་སྙམ་ཞེས་བྱ་བ་ལ་སོགས་པ་ལ་སྤྲོས་པ་མེད་པའི་གསུང་དུ་བཞུགས་པ་ནི་འཇིག་རྟེན་དབང་ཕྱུག་སྟེ། ཡི་གེ་ཐམས་ཅད་ཀྱིས་ཁྱབ་པར་བྱས་པའི ་ཚོགས་དང་ལྡན་པའི་རྒྱུད་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །མིག་གསུམ་པ་ནི་ལྷ་ཆེན་པོའོ། །གདུལ་བར་མཛད་པ་ནི་ཆུང་མ་དང་བཅས་པ་རྣམ་པར་དུལ་བར་བྱས་པ་སྟེ། དེས་ན་གང་གི་སྒྱུ་འཕྲུལ་གྱི་ཚུལ་དུ་མ་དང་ལྡན་པའི་མཁས་པར? ་ནི་དེ་ལས་གཞན་པ་མེད་པའོ། །ཡང་རྒྱུད་གང་དུ་རྗེས་སུ་ཆགས་པའི་ངོ་བོ་ཉིད་དུ་གྱུར་པ་རྡོ་རྗེ་འཆང་དེ་ལ་ཕྱག་འཚལ་ལོ་ཞེས་སྔ་མ་དང་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ལྷ་མོ་དག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་གནས་པ་དང། ་སྒེག་པ་དང་བཅས་པའི་དགོངས་པས་ཕྱག་གཡས་ཀྱིས་རྡོ་རྗེ་གཏོད་ནས་གསོར་ཞིང་ཕྱག་གཡོན་གྱི་དྲིལ་བུ་ལེགས་པར་བསྣམས་ཏེ་དཀྲོལ་བ་རིགས་ལྔ་མ་ལུས་པ་ཡང་དག་པར་བསྡུས་པའི་ལྷ་མོ་དང་བཙུན་མོའི་ཚུལ་གྱིས་འདུས་མཛད་པ་གང་ཡིན་པ་དེ ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་ཐོབ་ཅིང་བྱ་བ་བྱས་པས་བཙུན་མོའི་དོན་འདི་ཉིད་གསལ་བར་གསང་བ་ལྔའི་སེམས་དཔའ་ཆེན་པོའི་རིམ་པ་ལས་གསུངས་པ་ནི་གཅིག་སྟེ། ཀཱི་ལི་ཀཱི་ལས་རྡོ་རྗེ་སེམས་དཔའ་ཕྱག་གིས་ཀུན་ནས་འཁྱུད་པ་ལ ་བརྩོན་པ་དང། གཉིས་པ་རྡོ་རྗེ་ཆགས་པས་རྗེས་སུ་ཆགས་ཤིང་རབ་ཏུ་དགའ་བར་ནུས་པ་དང། གསུམ་པ་སྟེ་རྡོ་རྗེ་སྙེམས་མ་ཁྲོ་བོའི་ཚུལ་གྱིས་མེ་ཏོག་གི་ཕྲེང་བཅུང་ཟད་འཕེན་པར་ཤེས་པར་བྱའོ། །དེ་ལ་བཞི་བ་ནི་རྡོ་རྗེས་མཚོན་ཆ་མོ་སྟེ། རབ ་ཏུ་དགའ་མའི་འདའ་འཕེན་ཅིང་འབིགས་པར་བྱེད་དོ། །དེ་ལྟར་ལྷ་མོ་ཐམས་ཅད་འདུས་པས་བཙུན་མོའི་གཟུགས་བྱེད་པར་ཁོང་དུ་ཆུད་པར་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་འདིར་གསང་བ་ལྔའི་དེ་ཁོ་ན་ཉིད་ཀྱི ་རིམ་པས་ཀྱང་བསྒོམ་པར་བྱའོ་ཞེས་པའོ། །གླུ་དེ་དག་གིས་བསྡུས་པའི་དོན་རྣལ་འབྱོར་པས་བསྒོམས་རབ་ཏུ་དགའ་བའི་རྡོ་རྗེ་མཉམ་པ་ཉིད་དེས་ཐོབ་པར་འགྱུར་རོ། །ཕྱག་རྒྱ་དང་མཆོད་པའི་ཆོ་ག་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི་ཕྱག ་རྒྱ་དང་མཆོད་པ་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ། །ལེའུ་དྲུག་པའི་འགྲེལ་པའོ།། །།ཕྱག་རྒྱ་དང་མཆོད་པ་ཡང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་བྲལ་བས་སེམས་ཅན་རྣམས་ལ་ཁྱད་པར ་གྱི་མཐུ་གཏེར་བར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་བདུན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡེ་ཤེས་བསྐྱེད་པའི་ལེའུ་གསུངས་པ་ཡིན་ནོ། །དེ་ལ་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན ་ལ་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་གསོལ་བ་འདེབས་པར་མཛད་ཀྱི་མི་མཁྱེན་པ་ནི་མ་ཡིན་པར་ཤེས་པར་བྱས་ཏེ། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ།། ་སྐུ་ཚེ་རིགས་དང་ཚད་ཀྱིས་མིན་ཞེས་བྱ་བའི་གྲུབ་པའི་མཛའ་ཨི་རྗེས་སུ་འབྲང་ན་དེ་མི་སྲིད་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་སུ་ཆུད་ནས་བྱང་ཆུབ་ཀྱི་སེམས་རྣམས་ཡོངས་སུ་མཁྱེན་པའི་ཕྱིར་ནི་མ་ཡིན་ནོ། །ཚིག་མཐུན་པར ་དབྱངས་ཀྱི་སྒྲ་སྐད་ཅིག་གིས་ཞེས་བྱ་བ་ལ། དབྱངས་ནི་ལྟེ་བ་ནས་བྱུང་ནས། དུང་གི་སྒྲར་གྱུར་ཅིང་སྙིང་གི་པདྨའི་ཐིག་ལེ་ལས་བྱུང་བའི་ཚིག་གིས་ཆ་ཤས་ལྐོག་མའི་གནས་སུ་ཡོངས་སུ་གྱུར་པའོ། །དེ་ནས་ལྕེའི་རྩ་བ་ལས་བྱུང་བ་ནི་སྒྲ་ཞེས་བྱའོ།། ་དེ་ནས་ཡི་གེ་མིང་ཅན་གྱིས་སྒྲ་དབྱངས་ལྕེ་ལ་གནས་པའི་ཚིག་ནི་སྐད་དེ་ཇི་སྐད་དུ། དུང་གི་སྒྲ་ནི་གསལ་བ་དབྱངས། །པདྨའི་ཁམས་ལ་ཡང་དག་གནས། །པདྨའི་གེ་སར་ཐིག་ལེ་ལས། ཚིག་རྣམས་ཀྱི་ནི་ཆ་ཤས་ཏེ། ལྐོག་མར་ཕྱིན་ནས ་དབྱངས་སུ་འགྱུར། །དབྱངས་ལས་ལྷག་པའི་སྒྲ་ཡིན་ལ། །སླར་ཡང་ལྕེ་དུ་ཕྱིན་པ་ནི།། དམ་པའི་ཡི་གེ་བཟང་པོའོ། །ཞེས་བཤད་པ་ཡིན་ནོ། །དགོངས་པ་ཅིག་པས་ནི་འདི་ཉིད་གཅིག་པ་ཉིད་དེ་ལྟ་བུའི་ཚིག་མཐུན་པའི་སྒྲ་དབྱངས་ངེས་བཤད་པར ་གསོལ་བ་འདེབས་པའོ། །ལ་ལ་ནི་རྣམ་གྲངས་ཡིན་པར་འདོད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིS་ཐུགས་སུ་ཆུད་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། ། ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་སོ། །གསུང་རབ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་ན་སྙིང་པོའོ། །རང་བཞིན་གྱི་འོད་གསལ་བར་གྱུར་པ་ལས་མཆོག་ཏུ་དྲི་མ་མེད་པའོ། །བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་བྱང་ཆུབ་ཀྱི་སེམས་ཏེ་དོན་དམ ་པའོ། །དེ་ལས་ལྷག་པར་གྱུར་པ་མེད་པས་ན་བླ་ན་མེད་པ་སྟེ། འདིས་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ།། ་ཇི་སྐད་དུ་གསུངས་པའི་ཡེ་ཤེས་ཡོངས་སུ་གྱུར་པ་ཡིན་པས་ན་ཡེ་ཤེས་སོ། །གཟོད་མ་ནས་མ་སྐྱེས་པར་ལྷག་པར་མོས་པས་རྣམ་པར་བསྒོམ་པར་གྱུར་པས་ན་སྙིང་པོའོ། །རྣལ་འབྱོར་ཆེན་པོའི་རྣམ་པར་དགོང་པ་ལ་བཞུགས་པའི་ལྷ ་འཁོར་ལོར་སྟོན་པས་ན་མཆོག་ཏུ་དྲི་མ་མེད་པའོ། །བྱང་ཆུབ་ཐོབ་པའི་ཐབས་ཀྱི་མཆོག་གི་ངོ་བོར་གྱུར་པས་བྱང་ཆུབ་ཀྱི་སེམས་ཏེ་ཀུན་རྫོབ་པོ། །ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་བླ་ན་མེད་པ་སྟེ། འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུའི ་ངོ་བོ་ཉིད་དུ་བསྟན་པ་ཡིན་ཏེ་འབྲེལ་པས་བསྟན་པ་ལས་འདི་ལྟར་ཡང་ཤེས་པར་བྱའོ། །བྱང་ཆུབ་ཀྱི་སེམས་གཉིས་པོ་ཉིད་བཤད་པའི་ཕྱིར་གསོལ་བ་བཏབ་པའི་ཕྱིར་དང། ཇི་ལྟ་བ་ཉིད་སྐབས་ལ་བབ་པར་གཟིགས་པའི་ཕྱིར། བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པས་དེ་དག་ཉིད་ཀྱིས་དོན་དུ་འགྱུར་བའི་ཕྱིར་དེ་རྣམས་ལ་འདི་སྐད་གསུངས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཇི་སྐད་གསུངས་པའི་བཤད་པ་རིགས ་པས་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིག་ཅེས་བྱ་བ་ནི་ལྷག་མའོ། །དེ་ལ་དོན་དེ་བའི་བྱང་ཆུབ་ཀྱི་སེམས་ཀྱི་དག་དུ་མཛད་ནས་གསུངས་པ་ནི་སེམས་ལུས་ལྟ་བུ་དང་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་ནི། དོན་དམ་པར ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་མིག་ཡོར་ཙམ་ཡིན་པས་ན། དེ་ལྟ་བུ་སྟེ་དེ་དང་འདྲ་བར་སེམས་གཉིས་སུ་མེད་པའི་རྣམ་པར་འཇུག་པས་བསྐྱེད་པར་བྱའོ། །ཞེས་ཉེ་བར་བསྟན་པའི་ཚིག་གིས་སྔ་མ་དང་སྦྱར་རོ། །ལུས་སེམས་ལྟ་བུ་དང་ཞེས ་བྱ་བ་ནི་ཇི་ལྟར་སེམས་དོན་དམ་པར་གཟུང་བ་དང་འཛིན་པ་པོ་མེད་པས་གཉིས་ཀྱི་རྣམ་པར་དབེན་པ་ཡིན་ལ་ལུས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སེམས་ཀྱང་ཚིག་ཏུ་རབ་ཏུ་བརྗོད་པ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཚིག་ཏུ་བརྗོད་པ་ནི་བསྐྱེད ་པར་བྱེད་པའི་རྒྱུ་མེད་པས་སྒྲ་བརྙན་དང་མཚུངས་པའི་ངོ་བོ་ཉིད་ཡིན་ལ་སེམས་ཀྱང་དེ་དང་འདྲའོ། །ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ལུས་ཀྱང་ཚིག་ཏུ་རབ་ཏུ་བརྗོད་པ་ལྟ་བུའོ་ཞེས་ཤེས་པར་བྱའོ། །ལུས་དང་སེམས་དག་ནི་དངོས་པོ་མེད་པ་ངོ་བོ་ཉིད ་ཡིན་པས་ནུས་པ་མེད་པར་བསྟན་ཅིང་སྐྱེ་བ་མེད་པར་རང་བཞིན་དག་གི་དོན་གྱིས་རྒྱ་ཆེར་དངོས་པོ་མེད་པར་གྱུར་པས་དེ་སོ་སོར་སྤྲོས་ནས་བསྟན་པ་ནི་མ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ལུས་དང་ངག་དང་སེམས་ནི་ཆོས ་བདག་མེད་པའི་མཉམ་པས་ངོ་བོ་ཉིད་གཅིག་པ་སྟེ། འདི་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །འབྲེལ་པར་བསྟན་པ་ལས་འདི་ལྟར་ཡང་ཤེས་པར་བྱ་སྟེ། །ལུས་དང་ངག་དང་སེམས་རྡོ་རྗེ་ལྟ་བུར་ཇི་ལྟ་བ་བཞིན་དུ་བསྒོམས་པའི་སེཾས ་བསྐྱེད་གཅིག་ཅེས་བྱའོ། །ཕྱོགས་འདི་ལ་ནི་ལུས་ལ་བརྟེན་པའི་ཕྱིར་སེམས་ལ་ལུས་ཤེས་བྱ་སྟེ། །འདི་ནི་ཐབས་ཀྱི་ངོ་བོ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱིས་སེམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སྐུ་དང་གསུང་དང་ཐུགས་ལྟ་བུར་ཇི་སྐད་དུ་བཤད་པའི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཐབས་ཀྱི་ངོ་བོས་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་གཅིག་ཏུ་སྦྱོར་བ་བྱས་པས་བདག་ཉིད་ཀྱི་ལུས་དང་ངག་དང་སེམས་དངོས་པོ་མེད་པར་བྱས་ནས་དྲི ་སྐད་དུ་བཤད་པ་རྟོགས་ཏེ་དགའ་བས་རང་དགའ་ཨི་ཚིག་ཏུ་སྨྲ་པའི་ཆེད་དུ་བརྗོད་པ་ནི། ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པའོ། །ེ་མའོ་ངོ་མཚར་དུ་གྱུར་པའོ། །ཀུན་ཏུ་བཟང་པོ་ནི་རྣམ་པར་སྣང་མཛད་ཆེན་པོའོ། །འདོད་ཆགས་ལ་སོགས་པའི་སྤྱོད་པ་རྣམ་པར ་དག་བསྟོན་པར་མཛད་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཐབས་ཀྱི་ངོ་བོ་ཅི་ཞིག་པོ་མཚར་ཆེ་ཞེ་ན། ཆོས་རྣམས་སྐྱེ་བ་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་མེད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ།། ་འགྱུར་བ་མེད་པ་ནི་ཆོས་རྣམས་ཡི་གེ་མེད་པས་ངོ་བོ་ཉིད་ལས་མི་འཕྲོ་བའི་ཆོས་ཉིད་ཅན་ནོ། །གནས་པ་མེད་པ་ནི་སོ་སོར་ངེས་པའི་གནས་ལ་མི་བརྟེན་པའོ། །རྟོག་པ་དང་སྨྲ་བ་རྣམས་སྤངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པར་རྟོག་ཅིང ་སྨྲ་བ་དང་བྲལ་བའོ། །བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས་ཞེས་པ་ནི་དོན་དམ་པར་སྐྱེ་བ་མེད་ཀྱང་གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བས་སྐྱེ་བ་མེད་པ་ལ་སོགས་པ་ལ་བཟློག་ནས། གང་འདི་རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པར་རབ་ཏུ་གསུངས་ཤིང་སྒྲ་སྒྲོགS ་པ་འདི་ནི་ངོ་མཚར་ཆེ་སྟེ། དེ་བཞིན་གཤེགས་པ་གཅིག་དུ་ཉིད་གདུལ་བྱ་རྣམས་ཀྱི་མོས་པའི་དབང་གིས་རྣམ་པ་ལྔར་གྱུར་ཏེ་ཇི་སྐད་དུ། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་དེ་ཐབས་ཀྱི་ངོ་བོས་གཅིག་ལས་ཀྱང་གདུལ་བྱའི་སྐྱེ་བོའི་དབང་གིས་རྣམ་པ་ལྔར་སོ་སོར་སྣང་ངོ། །དེ་ཡང་འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །གདུལ་བྱ་རྣམས ་ལ་བཅོམ་པར་བཤད་ཅེས་གསུངས་པས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྟན་ནས། །ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ཉིད་མི་བསྐྱོད་པ་ལ་སོགས་པའི་སྐུའི་ཚུལ་དེ་ལ་མོས་པའི་སྐྱེ་བོ་ ་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་དེའི་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་གསུངས་པས་འདིར་དེ་ཉིད་ལ་སོགས་ལ་བཏབ་པ་ལ་སོམ་ཉི་མི་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་བཀའ་སྩལ་པ། ཀུན་ལ་དང་པོ་ཉིད་ཡིན་པར་ཤེས་པར་བྱའོ།། ་ལ་ལ་ནི་སྒྲ་ཇི་བཞིན་པ་ཉིད་ལ་ཞུགས་ཏེ། དེས་ནི་ཡང་དག་པར་གསུངས་པ་རྟོགས་ཤིང་ཁོང་དུ་ཆུད་པ་མ་ཡིན་ནོ་ཞེས་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་ཡིད་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེན་གསུངས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་གི་སྤྲོས་པ་ནི་གསུང་གི་རྣམ་པར་རྟོག་པས་བྱང་ཆུབ་ཀྱི་སེམས་རབ་ཏུ་སྟོན་པའི་མཚན་ཉིད་ཅན་དུའོ། །འདི་ཉིད་ནི་མི་བསླུ་བའི་དོན་བསྐྱེད་པས་རྡོ་རྗེའོ་དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤོད།། ་རང་གི་བྱང་ཆུབ་ཀྱི་སེམས་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་འོག་ནས་འབྱུང་བ་རྣམས་ཀྱི་དོན་ཡང་འདི་བཞིན་དུ་བཤད་པར་བྱའོ། །དངོས་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ ་ཀྱི་སེམས་ལ་སོགས་པའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་དང། ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ། དེ་རྣམས་ལ་ནི་གཉིས་སུ་རྣམ་པར་རྟོག་པས་དངོས་པོར་བརྟགས་པས་ན་དངོས་པོ་སྟེ། དེ་ནི་སྐྱེ་པ་མེད་པའོ། །ཅིའི ་ཕྱིར་ཞེ་ན། ཆོས་རྣམས་མེད་ཅིང་ཆོས་ཅན་མིན་ཅེས་བྱ་བ་གསུངས་ཏེ། དོན་དམ་པ་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་རིགས་ཇི་ལྟར་བྱུང་བ་ཡིན་ཞེ་ན། ནམ་མཁའ་བཞིན་དུ་དམིགས་པ ་མེད་པའི་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ནམ་མཁའ་ནི་རྫས་ཐམས་ཅད་དུ་མེད་ཅིང་དམིགས་པ་ལས་འདས་པ་ཡིན་ཡང་རྟོག་པ་གྲགས་པའི་བློས་དམིགས་པར་བྱེད་དེ། རྡོ་རྗེའི་རིགས་ཀྱང་དེ་དང་འདྲ་བར་ལྟ་བར་བྱའོ། །འདི་ནི་ཀུན་རྫོབ་བྱང་ཆུབ་ཀྱིས ་སེམས་སོ། །བྱང་ཆུབ་སེམས་འདི་བསྟན་པ་ཡིན་ཞེས་བྱ་བ་ལ་བརྟན་པ་ཡིན་ཞེས་བྱ་བ་ནི། གང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སུ་བཤད་པ་དེ་ནི་རྣམ་པར་རྟོག་པས་མི་ཕྱེད་ཅིང་དེ་འཇིགས་པར་བྱེད་པ་མ་ཡིན་པས་བརྟན་པ་ཡིན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གང ་ཡིན་པ་དེ་ལའང་འཁོར་བར་སེམས་ཅན་གྱི་དོན་བྱེད་བྱེད་པ་ནི་སྐྱོ་བར་མི་འགྱུར་བས་བརྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་ན་གཟུགས་ཀྱི་སྐུའི་ངོ་བོའི་དེ་རྣམས་སུ་མེད་པ་ནི་དོན་དཾ་པར ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་སོ། །དངོས་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱང་རིན་པོ་ཆེའི་རིགས་ཀྱིས་བསྡུས་པ་རྡོ་རྗེ་རིན་ཆེན་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ། ཇི་ལྟར ་ཡོངས་སུ་སྣང་བ་འདི་དག་ནི་དངོས་པོ་མེད་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན་ཞེས་གསུངས་པ་སྟེ། ཆོས་ནི་ཇི་སྐད་དུ་བཤད་པའི་གཟུགས་ལ་སོགས་པའི་ངོ་བོ་དེ་རྣམས་ཀྱི་མཚན་ཉིད་ནི་གཟུགས་ལ་སོགས་པ་དེ་དག ་ཉིད་སྐྱེ་པ་དང་མི་རྟག་པ་ལ་སོགས་པའོ། །དེ་རྣམས་སྤངས་པ་ནི་བྲལ་བ་སྟེ། སྐྱེ་བ་མེད་པ་ལ་སོགས་པ་གཟུང་བ་ལ་སོགས་པའི་ངོ་བོར་བརྟགས་པ་མེད་པའི་ཕྱིར་འདི་ནི་དོན་དམ་པའོ། །དེ་ལྟར་ན་རྡོ་རྗེ་རིན་ཆེན་ལ་སོགས་པ་ཇི་ལྟར་འབྱུང་ཞེ་ན། ་བདག་མེད་ཆོས་ལས་ཡང་དག་འབྱུང་ཞེས་བྱ་བ་གསུངས་ཏེ། བདག་མེད་པའི་ཆོས་ནི་ཇི་སྐད་དུ་བཤད་པ་སྟེ། དེ་བས་ན་གལ་ཏེ་བདག་སངས་རྒྱས་སུ་གྱུར་ན། འགྲོ་བ་མ་ལུས་པའི་འདོད་པ་དོན་མ་ལུས་པ་རྫོགས་པར་བྱའོ་ཞེས་དེ་ལྟ་བུའི་མཚན་ཉིད་ཅན ་གྱི་སྨོན་ལམ་གྱི་ཤུགས་ཀྱི་སྟོབས་ཀྱིས་གདུལ་བྱ་རྣམས་ལ་མིག་ཡོང་ཙམ་དུ་སོ་སོར་འབྱུང་བ་ནི་ཡང་དག་པར་འབྱུང་བ་སྟེ། འདི་ནི་ཀུན་ཀུན་རྫོབ་བོ། །དེ་ཡང་རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང། །སྨོན་ལམ་གྲུབ་པ་མི་འགག ་ཆོས་ཉིད་ཅན། །འགྲོ་བའི་དོན་སླུང?་ལྷུར་མཛད་མཛའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཞེས་བྱང་ཆུབ་སེམས་ནི་བརྟན་པ་ཡིན་ཞེས་བྱ་བའི་དོན་ནི་སྔ་མ་བཞིན་ནོ། །མེ? ་ལྕེ་འབར་བ་ཞེས་བྱ་བ་ལ་སོགས་པ་ལ། འབར་བ་དང་བཅས་པའི་མེ་ལྟ་བུའི་རྡོ་རྗེ་འབར་བུ་ཉོན་མོངས་པའི་མུན་ནག་ཐམས་ཅད་དང་བྲལ་བའི་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་སྔ་མ་བཞིན་ནོ། །དངོས ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ཆོས་ཀྱི་རིགས་ཀྱིས་བསྡུས་པ་རྡོ་རྗེ་ཆོས་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ། དེ་སྐྱེ་བ་མེད་པ་ནི་སྔ་མ་བཞིན་ནོ། །དེ་བས་ན་སྐྱེ་བ་མེད་པའི་དངོས་པོ ་དེ་རྣམས་ལ་དངོས་པོ་མེད་ཅིང་སྒོམ་པ་མེད་ཅེས་བྱ་སྟེ། དེ་རྣམས་ལ་དངོས་པོ་མེད་པས་ཚུལ་གང་གིས་སྤྱིའི་མཚན་ཉིད་ཀྱིས་བསྒོམ་པའི་ཚུལ་ངེས་མེད་པས་ན། སྒོམ་པ་ཡང་མེད་དེ། འདི་ནི་དམ་པའོ། །འོ་ན་རྡོ་རྗེ་ཆོས་ཇི་ལྟར་འབྱུང་ཞེ་ན། ནམ་མཁའ་ ་ཡིན་ནི་གནས་ཐོབ་པར། །དེ་ལྟར་དངོས་རྣམས་རབ་ཏུ་བརྗོད་ཅེས་བྱ་བ་གསུངས་ཏེ། ནམ་མཁའ་ཉིད་གནས་སུ་གྱུར་པའི་ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཐོབ་པ་ནི་ཆོས་ཐམས་ཅད་ནམ་མཁའ་ ་དང་མཉམ་པར་གནས་པའི་སེམས་བསྟན་པ་ཐོབ་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཡང་དག་པ་འཇིག་རྟེན་པའི་ཡེ་ཤེས་བསྒོམས་པས་རྡོ་རྗེ་ཆོས་ལ་སོགས་པའི་མཚན་ཉིད་ལ་འཇམ་ཞིང་དུ་བྱས་པ་སྟེ། འདི་ནི་ཀུན ་རྫོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ཀྱི་སྐུའི་ངོ་བོ་ཉིད་དོ། །དེ་ཉིད་ནི་བླ་མ་ཡིན་ལ་དེ་རྣམས་ཀྱིས་བླ་མ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་དེ་ཉིད་རྡོ་རྗེའོ་ཆོས་རྣམས་རང་བཞིན་འོད ་གསལ་བ་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བདག་ཉིད་ཅན་ལས་ཀྱི་རིགས་ཀྱིས་བསྡུས་པའི་རྡོ་རྗེ་ལ་སོགས་པ་དང། ཕུང་པོ་ལ་སོགས་པ་ནི་ཆོས་རྣམས་ཏེ་དེ་རྣམས་ནི་རང་བཞིན་ཏེ། ངོ་བོ་ཉིད་ཀྱིས་འོད་གསལ་བ་སྟེ། ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། གཟོད་ནས་དག་ཅིང་ཞེས་བྱ་བ་གསུངས་ཏེ། སྐྱེ་བ་ལ་སོགས་པའི་ཉེས་པ་རྣམས་མ་སྐྱེས་པས་གཟོད་ནས་དག་པའོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། རྟོག་པ ་མེད་ཅེས་བྱ་བ་གསུངས་ཏེ། དོན་དམ་པར་རྣམ་པར་རྟོག་པའི་རྙོག་པ་ཐམས་ཅད་དང་བྲལ་བས་ན་རྙོག་པ་མེད་པའོ། །དེ་ཉིད་ཀྱིས་ན་སེམས་ཅན་མེད་ཅིང་སྲོག་ཀྱང་མེད་ཅེས་བྱ་བ་གསུངས་ཏེ། ཐོགས་པ་མེད་ཅིང་མཉམ་མེད་ལ། །བསམ་གྱིས ་མི་ཁྱབ་བྱང་ཆུབ་འདི། །སྐྱེ་དང་འགག་པས་སྟོང་པ་ན། །རི་བོང་རྭ་བཞིན་བདག་མེད་དོ་ཞེས་བཤད་པས་སེམས་ཅན་ལ་སོགས་པ་རྣམ་པར་རྟོག་པ་ཐག་རིང་དུ་སྤངས་པ་ཡིན་པས་ན་མེད་པ་ཞེས་བྱའོ། །སངས་རྒྱས་ཉིད་མེད་བྱང་ཆུབ་ཅེས་བྱ་བ་ནི ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པའི་གནས་སྐབས་ན། སངས་རྒྱས་ཉིང་དང་བྱང་ཆུབ་ཅེས་བྱ་བ་མངོན་པར་རྟོགས་པའི་ངོ་བོ་འདི་ནི་རྣམ་པར་རྟོག་པ་ལ་སྤྱོད་པ་སྟེ། སངས་རྒྱས་ཉིད་དང་བྱང་ཆུབ་པ་མེད་དོ། །དེ་བས་ན་དངོས་དང་དངོས་མེད་ཡོངས་ཆོལ ་བ། ཟག་པ་མྱ་ངན་འདས་ཞེས་བརྗོད་ཅེས་བཤད་པ་ཡིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མེད་པ་ཉིད་ནི་མ་ཡིན་ནོ། །གཞན་ཡང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པར་རིག་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཉིས་སུ་མེད ་པའི་རྣམ་པར་སྣང་མཛད་ནི་ངོ་བོ་ཉིད་མེད་པས་མེད་ཅེས་བཤད་པ་ཡིན་ཏེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །འོ་ན་རྡོ་ལ་སོགས་པར་ཇི་ལྟར་སོ་སོར་སྣང་ཞེ་ན། རྨི་ལམ་སྒྱུ་མ་ལྟར་སྣང་བའི་ཞེས་བྱ་གསུངས་ཏེ། ཇི་ལྟར་རྨི་ལམ་ལ་སོགས་པར ་རབ་ཏུ་སྣང་བས་གཉིས་སུ་རྣམ་པར་རྟོག་པ་རྩད་ནས་འབྱིན་པས་བརྟགས་པ་དེ་བཞིན་དུ་རྡོ་རྗེ་ལ་སོགས་པ་ཡང་སྣང་སྟེ། འདི་ནི་ཀུན་རྫོབ་བོ། །བྱང་ཆུབ་སེམས་འདི་བསྟན་པ་ཡིན་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཐོབ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་བྱང་ཆུབ་ཀྱི་སེམས་དམ་པའོ། །ེ ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་གྱུར་པས་ན་སངས་རྒྱས་སོ། །རྣམ་པར་རྟོག་པ་ཐམས་ཅད་བྲལ་བས་ན་དག་པའོ། །དེ་ཉིད་འདི་ལྟ་བུའི་མངོན་པར་འདོད་པའི་དོན་རྫོགS ་པར་བྱེད་པའི་ཆོས་སྟོན་པ་ལ་ཉེ་བར་དམིགས་པར་མཛད་པ་དེ་ཡང་ལེགས་སོ་ཞེས་བྱའོ། །བདག་མེད་ཆོས་ལས་ལེགས་བྱུང་བ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་རྣམ་པ་ལས་ཡང་དག་པར་བྱུང་ཞིང་སྐྱེས་པའི་དོན་དམ་པའི་རྣམ་པ་ལས་ཡང ་དག་པར་བྱུང་ཞིང་སྐྱེས་པའི་དོན་དམ་པའི་བྱང་ཆུབ་སེམས་དེ་ལ་ཕྱག་འཚལ་ལོ་ཞེས་དོན་དམ་པ་ལ་སྟོན་པའོ། །བྱང་ཆུབ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཚོགས་ཀྱིས་བསྒོས་པ་ཡིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་བསྐྱེད་པར ་བྱེད་པ་ཨཾ?་བསོད་ནམས་ཡེ་ཤེ་སྐྱི་ཚོགས་སྨོན་ལམ་གྱིས་བསྒོས་པར་གྱུར་པས་སོ། །མི་གཡོ་ཡི་གེ་ལས་བྱུང་བ་ཞེས་བྱ་བ་ནི་མི་འགྱུར་བས་ན་མི་གཡོ་བ་སྟེ། དོན་དམ་པའི་སེམས་སོ། །དེའི་ངོ་བོ་ཉིད་ནི་ཨོཾ་ལ་སོགས་པའི་ཡི་གེ ་ལ་ཡང་ཉེ་བར་འདོགས་པས་དེ་སྐད་ཅེས་བྱ་སྟེ། ཡི་གེའི་རྣམ་པ་མངོན་པར་འདུ་བྱས་པའི་གནས་སྐབས་དེ་ལས་སྐྱེས་པ་ནི་བྱུང་བའོ། །རྨི་ལམ་སོགས་ལྟར་དེ་ལྟར་དེ་ལས་སྐྱེས་ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་ལྟར་སོ་སོ་སྣང་བ་ཙམ་དུ ་མའོ། །ཇི་ཞིག་བྱས་ནས་ཤེ་ན། དང་པོར་རང་བཞིན་དག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་པའི་སྒྲ་ནི་དོན་ལྷག་མ་རྣམས་ཉེ་བར་མཚོན་ཏེ།?་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ཥཾ་སི་ཏ། སརྦ་སཏྭ་ནཾ་ཙ་སརྦ་སིདྡྷི་ཡ་སཾ་པརྱན་ཏཾ་སརྦ་ཏ་ཐཱ་ག་ཏ་ཤུ ་ཨདྷི་བད?་ན་ཧཾ་སྭ་བྷ་བ་ཤུདྡྷ། སརྦ་དྷརྨཾ། སྭ་བྷ་བ་ཤུདྡྷེ་ཧཾ་ཞེས་བརྗོད་ལ། རང་བཞིན་གྱིས་དག་པར་ལྷག་པར་མོས་པས་དག་པའི་ཆོས་ཀྱི་ཚུལ་ལ་གནས་པར་འགྱུར་རོ། །རྡོ་རྗེ་སེམས་ནི་ཉེ་བར་མཚོན་པ་ཙམ་སྟེ། དེས་ན་རང་གི་རིགས་ཏེ་ཡུམ་ལྔའི་དམ ་ཚིག་གིས་ཕྱག་རྒྱ་རྣམས་གྱིས་ཀྱང་བྱ་བར་ཤེས་པར་བྱའོ། །བྱིན་གྱིས་བརླབས་ཅེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། དེས་ན་དབང་བསྐུར་བ་དང་ཏིང་ངེ་འཛིན་དང་མཆོད་པ་ཡང་བྱའོ་ཞེས་གསུངས་པ་ཡིན་ནོ། །ཡིད་ཀྱིས་ཧཱུཾ་ལས་རྡོ་རྗེ་ཅན་ཞེས་བྱ་བ ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་བར་རང་གི་ལུས་ཀྱི་ཡིད་ཀྱིས་རྣམ་པར་བསམས་དང་བྱིན་རླབས་དང་དབང་བསྐུར་བར་བསྒོམས་ནས། ཡང་དག་པར་མཆོད་རང་གི་ང་རྒྱལ་བསྐྱེད་ལ་གནས་དང་སྟན་བསྐྱེད་པར་བྱའོ་ཞེས་བ་ནི་རིམ་པའོ།། ་ལྕགས་ཀྱུ་ནི་ཞེས་བྱ་བ་ལ་སོགས་བ་ལ་མདུན་དུ་གཞལ་ཡས་ཁང་དང་དཀྱིལ་འཁོར་རྣམ་པར་བསམས་པའི་སྟེང་དུ་དཀྱིལ་འཁོར་གཉིས་པ་ཡང་སྤྱན་བྲང་ཞིང་ལེགས་པར་བསྟེང་ལ་ལག་པ་སྟེང་དུ་བསྟོད་ནས་བསྐོར་བའི་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ།། ་འདི་ཉིད་ཉེ་བར་མཚོན་པ་ཙམ་སྟེ། གཞུག་པ་དང་བཅིང་པ་དང་དབང་དཱུང་བྱ་བར་ཤེས་པར་བྱའོ། །བྱོན་ནས་དང་པོར་ཕྱོགས་བཅིངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅིངས་པ་རྗེས་ལ་དམ་ཚིག་ཅེས་བྱ་བའི་ཉེ་བར ་མཚོན་པས་ན་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་པར་བྱའོ་ཞེས་བྱ་བར་ཡང་རིགས་པ་ཡིན་ནོ། །ལ་ལ་ནི་སྒྲ་ཇི་བཞིན་པ་ཉིད་དུ་སྨྲའོ། །སྦྱོར་བ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དག་གིས་སོ། །འདི་ནི་བྱ་བའི་རྒྱུད་ཀྱི་དབང་དུ ་བྱས་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་མཆོད་ཡོན་དང་ཞབས་བཀྲུ་བ་དང་ཞལ་བསིལ་རྣམས་ཕུལ་ལ་གདན་ཇི་ལྟ་བ་བཞིན་དུ་བསྟབས་ཏེ། ཐལ་མོ་སྦྱར་ནས་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་གཤེགས་སུ་གསོལ།། ་བདག་ལས་མཆོད་པ་བཞེད་ནས་ནི། །བདག་ཀྱང་བློ་དང་ལྡན་པར་མཛོད་ཅེས་བརྗོད་ལ། བཅོམ་ལྡན་འདས་ཇི་སྲིད་འདིར་མཆོད་པ་བགྱིད་པ་དེ་སྲིད་དུ་བདེན་པ་དམ་པས་བཞུགས་སུ་གསོལ་ཞེས་གསོལ་བ་བཏང?་སྟེ། ཕུར་བུ་དང་ཕྱོགས་དང་དཀྱིལ་འཁོར་བཅིང ་བ་དང་ར་བ་དང་དྲ་བ་བྱས་ལ་ཡང་མཆོད་པ་ཕུལ་ཏེ། དམ་ཚིག་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་བཏབ་པར་བྱའོ། །དབང་བསྐུར་བ་ཞེས་བྱ་བ་ནི་རང་རྗེས་སུ་མཐུན་པའི་དབང་བསྐུར་བ་བསྟན་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ། །མཚོན་ཆ་གོ་ཆ་སོཌ ་ཞེས་བྱ་བ་ནི་སོགས་པའི་སྒྲས་དབུ་དང་སྤྱི་གཙུག་དང་མཚོན་དང་གོ་ཆ་བྱ་བ་མ་ལུས་པ་ཡོངས་སུ་གཟུང་ངོ། །སིལ་སྙན་མཆོད་སོགས་བསྒོམ་པར་བྱ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་དང་མཆོད་པའི་ཆོ་ག་བྱ་བའི་རིམ་གྱིས་སོ། །རྣམ་པ ་ཀུན་གྱིས་མཉེས་བྱ་བ་ནི་སྔར་བཤད་མ་ཐག་པའི་ཕྱི་དང་གསང་བའི་མཆོད་པ་ལ་སོགས་པའི་ཁྱད་པར་གྱིས་སོ། །རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག་ཅེས་བྱ་བ་ནི་ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མགོ་དང་སྤྱི་གཙུག་ལ་སོགས ་པས་བདག་ཉིད་ཀྱི་སྦྱོར་བ་བྱས་ལ། རྡོ་རྗེ་ལ་སོགས་པ་བླངས་ནས་བཟླས་པ་དང་བསྒོམ་པ་དག་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ་ཇི་སྐད་དུ་བཤད་པའི་ཕྱིའི་ཁྲུས་བྱ་བའི་ཆོ་གས་ཁྲུས་བྱ་བ་འམ། ནང་གི་ཁྲུས་ནས། ལྷའི་ཁང་པ་ཇི་ལྟ་བ་བཞིན་དུ་ཞུགས་ལ། འདུག ་སྟེ། དེ་ནས་ཨོཾ་སཝ་བྷ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷ་བ་ཤུདྡྷོ་ཧཾ་ཞེས་བརྗོད་ལ། ཐལ་མོ་གསུམ་གྱིས་བགེགས་བསལ་ནས། རང་གི་ལུས་ལྷའི་སྐུར་སྐད་ཅིག་གིས་བསམས་ཏེ། ལྐོག་མའི་ཕྱོགས་སུ་ཡི་གེ་ཧྲི:ལས་པདྨ་འདབ་བརྒྱད་པ་ལས་པདྨའི་འདབ་མ་གཅིག་ལྕེར ་གྱུར་པ་ལ་ཨ་ལས་ཟླ་བར་གྱུར་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ། ཨོཾ་བཛྲ་ཛི་ཧྭ?་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས་ལག་པ་གཉིས་ལ་ཨ་གཉིས་ལས་ཟླ་བ་བསམ་ལ། དེར་ཡི་གེ་ཧཱུཾ་ལས་རྡོ་རྗེ་གཉིས་བསམ་པ་དང་ཡི་གེ་ཧཱུཾ ་ཉིད་ལས་སོར?་མོ་རྣམས་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བསམས་ལ་གུད་མོ་དང་མཛུབ་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོ་རྣམས་སུ་གྲངས་ཇི་ལྟ་བ་བཞིན་དུ། ཨོཾ་ཧཱུཾ་ཏྲཾ། ཨ་ཁཾ་ཞེས་བྱ་བའི་ཡི་གེ་ལྔ་བཀོད་ལ། དེ་བཞིན་གཤེགས་པ་ཐམས་ཅད ་ལ་སོགས་པ་རང་གི་ལྷའི་གཟུགས་ཀྱི་གཟུགས་བརྙན་དུ་སྣང་བས་བདག་ཉིད་ནི?་རྒྱལ་པོའི་བཀའ་མངོན་སུམ་པ་ལྟར་མདའ་བར་དཀའ་པར་བསྒོམས་ན་ཕྱག་རྒྱ་ཕན་ཚུན་བཅིངས་ཏེ། ཐལ་མོ་མདུན་དུ་ཕྱོགས་པས་མཉམ་པར་བྱས་ལ་ཨོཾ་ནྱོ་ན་ན?་ག་ཏ ་སརྦ་དྷརྨ་ཞེས་བརྗོད་དོ། །དེ་ནས་སོར་མ་ཕན་ཚུན་རྩེ་མོ་བསྣོལ་པ་བྱས་ལ་ཨ་ཏྱ་ན་ཧ་ཨ་ནུ་པྲ་བིཥྛ?་སརྦ་དྷརྨཱ་ཧཱུཾ?་བཛྲ་ཨཛྙ་ལི་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་བསྡམས་པ་ལེགས་པར་བཅིངས་ལ། ཨ་དྱ་ན་ཏ་ཨ་ནུ་པྲ་བིཥྛ་སརྦ་དྷརྨ་ཞེས་བརྗོད་དེ་རྡོ་རྗེ་བསྡམས ་པ་བཅིངས་པ་དེས་མཐར་ཐུག་པ་མེད་པའི་ནམ་མཁའ་ཨི་ཁམས་ན་བཞུགས་པའི་སངས་རྒྱས་ཀྱི་ཡོན་ཏན་བསྡུས་ལ་ཧཱུཾ་བཛྲ་བྷནྡྲ?་ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་འཁོར་ལོ་རྩིབས་བརྒྱད་པ་དེའི་དབུས་སུ་འང་ཡི་གེ་ཨོཾ་བསམས་ ་ལ་བཛྲ་བན་དྷ་ཏྲཊ་ཅེས་བརྗོད་ལ། རྡོ་རྗེ་བསྡམས་པ་རང་གི་སྙིང་གར་དགྲོལ་བས་དེ་ན་བཞུགས་པའི་སངས་རྒྱས་ཀྱི་ཡོན་ཏན་རྡོ་རྗེ་འཁོར་ལོ་ལ་རབ་ཏུ་བཞུགས་པར་བསམ་མོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ ་ཛིན་ཛི་ཀ་ཨ་ཞེས་བྱ་བ་འདིས་ཕྱག་རྒྱ་བཅིང་བ་བྱས་ལ་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་བཅིང་བ་ཡང་དེ་བཞིན་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལ་བཛྲ་ཨ་བེ་ཤ་ཨ་ཞེས་ལན་གསུམ་བརྗོད་ལ་མཉེས་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་པ ་ལ་མཐེའུ་ཆུང་དང་སྲིན་ལག་གི་རྩ་བའི་ནང་དུ་མཐེ་བོ་བཅུག་ལ་སྙིང་གར་ཅུང་ཟད་བསྐྱོད་པ་ནི་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་ཏཱིཥྛ་བཛྲ་དྲི་ཌཧོ་མེ་བྷ་བ། ཧྲི་ད་ཡོཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:ཞེས་བྱ་བ་འདིས ་དབང་པ་ཉེ་བར་བསྡུ་བར་བྱས་ལ་བཛྲ་སནདྷི་ཞེས་བྱ་བའི་སྔགས་ཀྱིས་དམ་ཚིག་གི་ཁུ་ཚུར་བཅིང་ཞིང། ཨོཾ་བཛྲ་མུཥྚི་བོཾ་ཞེས་བྱ་བའི་སྔགས་འདིས་བརྟན་པར་བྱའོ། །རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་མཛུབ་མོ་འགུགས་ཤིང ་ཚངས་གསུམ་པའི་རྒྱབ་ཏུ་བཅིངས་པ་འདི་ནི་དམ་ཚིག་རྡོ་རྗེ་ཁུ་ཚུར་རོ། །དེ་ནས་སྔར་བཤད་པའི་རིམ་པས་བགེགས་ལ་སོགས་པ་གཞོམ་པ་ནས་མེ་ཏོག་ལ་སོགས་པ་མཆོད་པ་ལྔ་བསྐྱེད་པའི་མཐར་ཐུག་པའི་ཆོ་ག་བྱས་ལ། རྡོ་རྗེ་འཁོར ་ལོའི་ཕྱག་རྒྱ་བཅིངས་ཏེ། ཁར་བཞག་ནས་ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བརྗོད་ལ་མདུན་དུ་དཀྱིལ་འཁོར་བསམ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལ་མཛུབ་མོ་དང་མཐེའུ་ཆུང་ལྕགས་ཀྱུ་ལྟར་མདུད་པ་བྱས་པ་ནི་འདིའི་ཕྱག་རྒྱའི་མཚན ་ཉིད་རོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཤཱཀ?་ཙིཏྟ་བཛྲ་?་མེ་བཛྲ་དནདྷ་ནཾ་ཀ་རོ་?་བརྗོད་ལ་ཡན་ལག་ལྔས་ཕྱག་རྒྱ་བྱའོ། །གལ་ཏེ་འབྱོར་ན་བདུག་སྲོས་ལ་སོགས་པ་ཕྱིའི་མཆོད་པ་ལྔ་དང། ཡང་མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས ་མཆོད་པ་ཉི་ཤུའི་བར་དུ་ཇི་ལྟ་བ་བཞིན་དུ་བྱས་ལ། རང་གི་སྙིང་ག་དང་དཔྲལ་བ་དང་ལྕེ་དང་སྤྱི་གཙུག་ཏུ་ཨ་ལས་?་བའི་དཀྱིལ་འཁོར་བསམ་ཞིང་དེར་ཡང་རྡོ་རྗེ་དང་རིན་པོ་ཆེ་དང། པདྨ་དང་རལ་གྲི་ཧཱུཾ་ཏྲཾ་ཨ་ཁཾ་ཞེས་བྱ་བ་ལས་བསྐྱེད་ལ་སྙིང་ག་དང་དབྲལ་བ་དང་ཁ་དང ་སྤྱི་བོར་གནས་པའི་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ས་ལ་ཕབ་སྟེ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་གྲངས་ཅི་ལྟ་བ་བཞིན་སྙིང་པོ་འདིས་ཕྱག་རྒྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་ཨུ་?་ནཱ་ཡ་ཨཱཏམ་ནཾ་ནཱིརྱཱཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨཐི་ཏིཥྛ ་སྭ་མཾ། སརྦ་ཏ་ཐཱ་ག་ཐཱ་པུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཾ་ནི་རྱཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་ཨ་བྷིའི་ཉྩ་མཱཾ། ཨོཾ་བཛྲ་སརྦ་ཏ་ཐ་ག་ཏ་པུ་ཛ་པྲ་བརྟ་ཎཱ་ཡ་ཨཱཏྨ་ནཾ་ནིརྱ་ཏཱ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བར་ཏ་ཡ་སཱ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པུ་ཛ་ཀརྨ་ཎ ་ཨཱཏྨ་ནཾ་ནི་རྱ་ཧཱ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱ། དེ་ནས་མདུན་དུ་འདུག་ལ་ཇི་ལྟ་བ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པའི་རིམ་གྱིས་སྡོམ་པ་བླངས་ལ་སྨོན་ལམ་བྱས་སྟེ། ཆོས་བདག་མེད་པའི་མཉམ་པ་ཉིད་ཀྱིས་རང་གི་སྙིང་གར་དཀྱིལ ་འཁོར་བཅུག་ལ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་དང་ཕྱག་རྒྱ་དག་གིས་ཇི་ལྟ་བ་བཞིན་དུ་སྡིག་པ་བསལ་བར་བྱའོ། །དེ་ནས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཊཀྐི་སཕོ་ཊ་ཡ་མ་ཧཱ་བི་ད་ག་བཛྲ་བཛྲ་དྷ་ར་ས་ན་ཏྱེ་ནཱ་ཐ་ཞེས་བྱ་བའི ་སྔགས་ཀྱི་མཐར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འདོད་ཆགས་དང་བྲལ་བ་བྲལ་བས་དྲལ་བར་བྱའོ། །རྡོ་རྗེ་བསྡམས་པ་དམ་བཅིངས་ཏེ། །མཐེ་བོ་མཐེའུ་ཆུང་སྦྱར་ནས་ནི། །ལྷག་མ་རྣམས་ནི་འཁོར་ལོར་བྱ། །ཆོས་ཀྱི་འཁོར་ལོ ་?་བྱར་གྲགས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །དེ་ནས་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཡ་སརྦ་སཏྭེ་བྷཡོ། ཛ:ཧཱུཾ་བཾ་ཧོ:ཞེས་བྱ་བའི་སྔགས་ལན་བདུན་བརྗོད་པར་བྱའོ། །རྡོ་རྗེ་བསྡམས་པ་དམ ་བཅིངས་ལ། །གཡོན་གྱི་མཐེའུ་ཆུང་མངལ་དུ་ནི། །གཡས་པ་ཡིས་ནི་མཐེ་བོ་མཚན། །བཅུག་ལ་བསྐྱོད་ཅིང་ཅུང་ཟད་བཙིར་ཞེས་བྱ་བ་འདི་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་འཁོར ་ལོའི་དབུས་སུ་གནས་པའི་ཡི་གེ་ཨོཾ་བསམས་ལ། དེའི་འོད་ཟེར་གྱིས་རེག་པ་ལས་བདག་ཉིད་སྡིག་པ་ཐམས་ཅད་དང་བྲལ་ཞིང་བསོད་ནམས་ཐམས་ཅད་དང་ལྡན་པར་བསམས་ལ།། རེག་པ་དེ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུར་ངེས་པར་བསམས ་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱ་རྣམས་ཀྱིས་མགོ་དང་སྙིང་ག་དང་ལྐོག་མར་བྱིན་གྱིས་བརླབ་ཏེ། སྙིང་ག་དང་དཔྲལ་བ་དང། མགོ་དང་ལྐོག་མ་དང་སྤྱི་པོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ལ་སོགས་པའི ་ཡི་གེ་ཧཱུཾ་ལ་སོགས་པས་མཚན་པ་བསམ་མོ། །དེ་ནས་སྙིང་གར་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱས་ཨོཾ་སཏྭ་བཛྲི་ཎེ་ཧཱུཾ། ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་པོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། གཡས་སུ ་བསྐོར་བའི་བར་གྱི་སྦྱོར་བས་ལུས་ཐམས་ཅད་ཡོངས་སུ་བསྐོར་ལ་སྙིང་གར་བཞག་ནས། ཨོཾ་བཛྲ་དྷཱ་དྲཱི?་ཤྭ་རི་ཧཱུཾ་བཛྲ་ཎཱི་ཨདྷི་ཏིཥྛ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་པོ། །དེ་ནས་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་ཡི་གེས་བྱིན་གྱིས་བརླབས་པ ་གཙོ་བོར་ལྔ་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་མགོ་ལ་བསམས་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དཔྲལ་བར་བཞག་སྟེ། ཨོཾ་བཛྲ་རཏན་ཨ་བྷིཥིཉྩ་མཱཾ་ཞེས་པས་དབང་བསྐུར་རོ། །དེ་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་གི ་ལྷའི་གཟུགས་སུ་རྣམ་པར་བསམ་མོ། །དེ་ནས་ཇི་ལྟ་བ་བཞིན་དུ་མཆོད་པ་བྱས་ལ་རྡོ་རྗེ་དབྱིངས་ནི་བདག་གོ་ཞེས་ང་རྒྱལ་བྱའོ། །དེ་ནས་ཐལ་མོ་སྦྱར་བ་བྱས་ལ། ཨོཾ་བི་མ་ལ་ལོང་དྷི་ཧཱུཾ་ཞེས་བྱ་བས་མཚོ་ཆེན་པོ་དེའི་སྟེང་དུ་ཨོཾ་ཨ་ཙ་ལ་བྷི ་?་ཧཱུཾ་སྭཱ་ཧཱ་ཞེས་བྱ་བས་ས་གཞི་གསེར་གྱི་རང་བཞིན་ཅན་དེའི་སྟེང་དུ། ཨོཾ་ཨ་ཙ་ལ་ཧཱུཾ་ཞེས་བྱ་བས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རིའི་རྒྱལ་པོ་རི་རབ་བྱིན་གྱིས་བརླབ་པོ། །དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་དབང་སྒྱུར་གྱི་རྒྱལ་པོའི་གནས་ཇི་ལྟ་བ་བཞིན་དུ་བསྐྱེད ་ལ། དེའི་སྟེང་དུ་ཡི་གེ་བྷྲུཾ་ལས་ཟུར་བཞི་ལ་སོགས་པ་དང་ལྡན་པའི་ཁང་པ་བརྩེགས་མ་རྣམ་པར་བསམས་ལ། དེའི་ཕྱོགས་གཅིག་ཏུ་པདྨ་བསམས་ཏེ། དེར་འདུག་ནས་མདུན་དུ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རྣམ་པར ་བསམས་ལ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་གི་གནས་ལ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམས་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱ་?་བྱིན་གྱིས་བརླབ་པ་དང། རྡོ་རྗེ་བསྲུང་བས་གོ་བགོས་ལ་མཆོད་ཡོན་ཕུལ་ཏེ། ཇི་ལྟ ་བ་བཞིན་དུ་སྤྲན་དྲངས་ལ་ཁང་པ་བརྩེགས་མའི་ནང་དུ་གནས་པ་ལ། རང་གི་ལྷའི་ང་རྒྱལ་དུ་བྱས་ནས་རྡོ་རྗེ་ཐལ་མོ་བསྐོར་བ་སྙིང་གར་བཞག་ནས། མགོ་ཅུང་ཟད་བཏུང་དེ་བསྟོད་པ་བྱའོ། །དེ་ནས་དགུག་པ་ལ་སོགས་པ་བྱ་སྟེ། དེ་བཞིན་དུ་སྒོ་བཅིང་བ་དང ་བསྲུང་བ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་ལ། དམ་ཚིག་ལ་སོགས་པའི་ཕྱག་རྒྱ་བཞིས་རྒྱས་གདབ་བོ། །དེ་ནས་རྗེས་སུ་མཐུན་པའི་དབང་བསྐུར་བས་དབང་བསྐུར་ལ་སྙིང་གར་སྙིང་པོ་བཀོད་དེ། དེ་ཉིད་ལ་ཉེ་བའི་སྙིང་པོ་ལ་སོགས་པར་ལྷག་པར་མོས ་པས་སྙིང་གའི་ཕྱོགས་སུ་དབུ་དང་གཙུག་པུད་དང་ནུ་མ་གཉིས་དང་ལག་པ་གཡས་ཀྱི་རྩ་བ་དང་གཡོན་གྱི་རྩ་བ་དང་ལུས་ཐམས་ཅད་ལ་དགོད་དོ། །དེ་ནས་བདུག་སྤོས་ལ་སོགས་པ་མཆེད་པ་བརྒྱད་བྱས་ལ། དཔག་བསམ་གྱི་ཤིང་ལ་སོགས་པ་ཡང ་ཕུལ་ནས་དྲིལ་བུ་བླངས་ཏེ་བསྟོད་པས་མཉེས་པ་བྱས་ལ་ཕྱག་བ་ནི་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་བྱིན་གྱིས་བརླབས་ལ། སྤོས་ཆུས་དབང་བསྐུར་ཏེ་དེ་བཞིན་དུ་སྙིང་པོ་དགོད་པ་བྱས་ནས་སྤོས་ཆུས་རྡོ་རྗེ་རིན་ཆེན་གྱིས་དབང་གི ་དབང་བསྐུར་བས་དབང་བསྐུར་ལ། མདུན་དུ་དཀྱིལ་འཁོར་བསྒོམས་ནས་བདག་ཉིད་ཀྱང་རང་གི་ལྷའི་ངོ་བོ་ལ་རྡོ་རྗེ་དང་དྲིལ་བུ་ཐོགས་པར་གྱུར་པས་ལྷའི་ཐུགས་ཀའི་ཟླ་བ་བཟླས་བྱའི་སྙིང་པོ་རྣམ་པར་བཀོད་ནས། ཇི་ཙམ་འདོད ་ཀྱི་བར་དུ་བཟླས་པ་དང་བསྒོམ་པ་བྱའོ། །ཕྱག་རྒྱ་དང་བྱིན་གྱིས་བརླབ་པ་ལྷོད་པར་གྱུར་པའམ། བདག་ཉིད་གཏོང་བར་འདོད་ན་ཡི་གེ་བརྒྱ་པ་བཟླ་པར་བྱའོ། །དེ་ནས་བཟླས་བརྗོད་ཇི་ལྟ་བ་བཞིན་དུ་ཕུལ་ལ། མངོན་པར་འདོད་པའི་དངོས་གྲུབ་ཀྱི ་ཕྱིར་གསོལ་བ་བྱས་ནས་སྦྱིན་སྲེག་བྱས་ཏེ་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དོ། །དཀྱིལ་འཁོར་གཤེགས་སུ་གསོལ་བའི་རིམ་པས་ལྷ་རྣམས་གཤེགས་སུ་གསོལ་ལ། བདག་ཉིད ་དབང་བསྐུར་བ་དང་གོ་བགོ་བ་བྱས་ནས་ལངས་ལ། མཆོད་རྟེན་གྱི་ལས་ལ་སོགས་པ་ཉིན་རེ་བཞིན་ཐུན་བཞིར་བྱ་སྟེ། འདི་ནི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་རྣལ་འབྱོར་རོ། །གཟུགས་ཉིད་ཅེས་བྱ་བ་ནི་རང་གི་ལུས་རང་གི་ལྷའི་མཚན་ཉིད ་དུ་?། །བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་གསུམ་གྱི་མཚན་ཉིད་གསུངས་པ་སྟེ། བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱས་སོ། །བྱང་ཆུབ་སེམས་ནི་དག་པ་དང་ཞེས་བྱང་ཆུབ་ནི་དོན་དམ་པའི་བྱང ་ཆུབ་ཀྱི་སེམས་བསྒོམས་པས་བློ་ཤིན་ཏུ་རྣམ་པར་དག་པའོ། །གསང་སྔགས་ས་བོན་སྐྱེ་བ་ཆེན་ཞེས་བྱ་བ་ནི་དེའི་རྗེས་ལས་ཐོབ་པའི་དག་པ་འཇིག་རྟེན་པའི་སེམས་ཀྱིས་སོ། །ཕྱག་རྒྱའི་ཚོགས་སུ་བརྟག་པ་ཡིས། །རིམས་ཀྱིས་གཟུགས་ནི་རྫོགས ་བྱས་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་སྣང་སྒྱུ་ལས་བྱུང། །གསལ་དང་གྲིབ་མ་ལས་ཀྱང་འདས། །འཕགས་པའི་རིགས་ཀྱི་སྔགས་ལ་སྐྱེས། །གཉིས་གྱུར་འཇིག་པ་ལ་རབ་བརྩོན་ཞེས་བྱ་བའི་རིམ་གྱིས་སོ། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི་གོ་སླ་བས ་འདིར་མ་སྨོས་སོ། །དང་པོ་དམ་ཚིག་བྱིན་རླབས་པ་ཞེས་བྱ་བ་ནི་དང་པོ་བྱིན་གྱིས་བརླབས་པའི་རྣལ་འབྱོར་རོ། །དམ་ཚིག་ལ་མངོན་པར་ཞེས་བྱ་བའི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་ཀྱི་ཕྱིར་ཡིན་པར་ཤེས་པར་བྱའོ། །རྣལ་འབྱོར་སྤྱོད་པའི་ཞེས་བྱ་བ་ལ་རྣལ ་འབྱོར་སྤྱོད་པའི་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའོ། །དབུ་མའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྨྲ་པའོ། །འདི་ནི་རྣལ་འབྱོར་ཆོ་གར་བཤད་ཅེས་བྱ་བ་ནི་རྣལ་འབྱོར་གྱི་ཆོ་གའི་དབྱེ་བའི་རྣམ་པ་གསུམ་མོ། རྟག་པའི་རྣལ་འབྱོར་གསལ་པར་བསྟན་པའི ་ཕྱིར་ཉོན་མོངས་དྲི་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་དག་པ་ནི་དོན་དམ་པར་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །དེ་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། །ཐལ་མོ་གསུམ་གྱིས་སྦྱར་ཞེས་བྱ་བ་ལྷ་ཁང་པར་ཞུགས་པའི་འོག་ཏུ་དོར་སྭ་བྷ་བ་ཤུགS? ་སཏྲ་དྷརྨཱ་སྭ་བྷུ་བ་ཤུདྡྷོ?་ཧཾ་ཞེས་བརྗོད་ལ། བགེགས་རྣམ་པར་བསམས་ཏེ། བྱང་ཆུབ་ཀྱི་སེམས་ཇི་ལྟ་བས་སེམས་སྤྱད་པར་བྱའོ་ཞེས་ལ་?་འདོད་དོ། །གཞན་དག་ན་རེ་ཐལ་མོ་གསུམ་བརྡབ་པ་ཙམ་གྱིས་སེམས་ཀྱི་ངོ་བོ་ཉིད་རྟོགས་པར་བྱས་པའི་འོག ་ཏ། ཨོཾ་ཤཱུ་ནྱ་དཱ་ཛྙཱ་ན་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་ངོ་བོ་ཉིད་དག་པ་ཡོངས་སུ་སྟོན་པར་བྱེད་པའི་ཚིག་འདིས་རབ་ཏུ་སད་པ་དང་བྱིན་གྱིས་བརླབ་པར་བྱའོ་ཞེས་ཟེར་རོ། །སེམས་ལ་སོ་སོར་བརྟན་པར་བྱ་ཞེས་བྱ་བ་ནི་ཇི་སྐད་བཤད་པ་བཞིན་དུ་བསམས ་པའི་དཀྱིལ་འཁོར་གྱི་དབུས་རྣམ་པར་སྣང་མཛད་ཀྱི་རང་གི་དམ་ཚིག་གིས་སྐུ་ལ་འཁྱུད་པར་དམ་པར་ས་མ་ས་ལ། ཨ་ལི་ཙམ་གྱི་གཟུགས་ཅན། ཨོཾ་ཙིཏྟ་བརྟི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་པས་དེའི་ཞལ་དུ་ཞུགས་ནས་དམ་ཚིག་གི་ཕྱག་རྒྱའི་པདྨའི་གནས་སུ་སོང་པ་སྟེ། ་འདིས་ནི་སེམས་ཀྱི་སོ་སོར་རྟོག་པ་ཞུགས་ཤིང་འཕངས་པ་བྱས་པར་འགྱུར་རོ། །ཕྱི་རོལ་རང་བཞིན་སྟོང་པར་བྱ་ཞེས་བྱ་བ་ནི་ཕྱི་རོལ་ངོ་བོ་ཉིད་ཀྱིས་རང་བཞིན་སྟོང་པ་ཡིན་པར་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ། །སེམས་ཙམ་ལ་ནི་གནས་ནས་སུ། བྱང་ཆུབ ་ཚོགས་ཀྱི་བག་ཆགས་དེས་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་ཡོངས་སུ་གྱུར་པ་ལས་དེར་ཡང་དཀྱིལ་འཁོར་ལྷ་རྣམས་རབ་ཏུ་ཞུགས་པར་བསམས་ལ། དེའི་འོག་ཏུ་བདག ་ཉིད་མཉམ་པར་བཞག་སྟེ། སེམས་དཔའ་ཨི་གཟུགས་གསལ་བ་ལ་ཆོས་ཀྱི་རི་མོས་དབུགས་ཕུག་པ་སྙིང་ག་དང་འོད་དང་སྟན་ཟླ་བའི་རྣམ་པ་དང་བཅས་པ་མཆོག་ཏུ་མྱ་ངན་འདས་པའི་བདེ་བ་ཆེན་པོའི་ངོ་བོ་རྣམ་པར་སྣང་མཛད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱང་དེ་ཉིད་དུ་དྲངས་ལ་རྒྱལ་བར་གྱུར་བ་ལ། ཨ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཞུགས་པར་བསམས་ཞིང ་ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །ངེས་སྒོ་བྱས་པའི་ཞེས་བྱ་བ་ལ་སོགས་པ་ལ་སྙིང་ག་དང་སོགས་པར་ཨ་བཀོད་ལ་ཨོཾ་བོ་དྷི་ཙིཏྟ་ཨུཏྭཱ་ད་ཡཱ་མི་ཞེས་བརྗོད་ལ་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་བསྒོམ་པར་བྱེད་པས ་བདག་ཉིད་བསྒོམས་ཤིང་གཅིག་ཏུ་གྱུར་པར་བསྒོམས་ལ་སྤྱན་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བསླང་ནས། ཀུན་ཏུ་བཟང་པོའི་གཟུགས་སུ་རྣམ་པར་བསམས་ལ་ཡི་གེ་ཀ་ལ་སོགས་བ་ཞུགས་པར་བྱས་ནས་སྙིང་ག་ལ་སོགས་པའི་ཟླ་བའི་གཟུགས ་ཀྱི་སྟེང་དུ་བརྟག་པར་བྱའོ། །དེ་ནས་རྒྱུད་གཞན་གྱི་ནང་ནས་གསུངས་པའི་རིམ་པས་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་བསམས་ལ། ཐུགས་ཀའི་ཟླ་བ་ལ་ཡི་གེ་ཨོཾ་བཀོད་ནས་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་བསམས་པའི་པདྨ་ལ་གནས་པ་ཞེས ་བྱ་བ་ནི་འོག་ཏུ་པཾ་ལས་བྱུང་བའི་པདྨ་བསམས་པ་དེའི་སྟེང་དུ་བདག་ཉིད་མཚན་ཐམས་ཅད་དང་ལྡན་པར་བསྒོམ་མོ། །དེ་བཞིན་དུ་ཨོཾ་གྱི་མྱུ་གུས་བསྐྲུན་པ་ཡི། །ཡན་ལག་ཀུན་གྱི་མཚན་ཉིད་གཟུགས། །རྡོ་རྗེ་སྐུ་ནི་བསྒོམ་པར་བྱ་བ་འདིས་ཏིང་ངེ་འཛིན་རིམ་པར ་བྱ་བ་ལ་གསུངས་པའི་དོན་དང་སྦྱར་རོ། །དེ་ནས་སྐུ་མ་ལུས་པའི་ངོ་བོར་གྱུར་བའི་ཡི་གེ་ཨོཾ་ནི་སྤྱི་གཙུག་ཏུ་བསམས། གསུང་མ་ལུས་པའི་ངོ་བོ་ཡི་གེ་ཨཾ་ལྐོག་མར་བསམ། ཐུགས་མ་ལུས་པའི་ངོ་བོ་ཡི་གེ་ཧཱུཾ་སྙིང་གར་བསམ་མོ། །ཞེས་བྱ་བ་ནི་ལྷག་པ་སྟེ། དེ་དག ་གིས་ནི་རྒྱུད་ཀྱི་བདག་པོའི་རྣལ་འབྱོར་གསུངས་པ་ཡིན་ནོ། །ཡི་གེ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་ཐུགས་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་གསུངས་པ་ཡིན་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་རང་གི་ས་བོན་གྱི་ཡི་གེ་དེ་རྣམ་པར་བཀོད་པའི ་འོག་ཏུ་རྡོ་རྗེ་སེམས་དཔའ་རང་གི་ལྷའི་སྐུ་མདོག་དང་བཞུགས་ཚུལ་དང་གདན་དང་འོད་དང་ཕྱག་མཚན་རྣམས་དང་ལྷགས་པར་བསྒོམས་ཏེ། མདོག་གཟུགས་འོང་དང་འདྲ་བས་བསམ་ཞེས་བྱ་བའི་ཉེ་བར་མཚོན་པས་སོ། །ང་རྒྱལ་བསྐྱེད་ཅེས་བྱ་བ་ལ་སོགས་པས ་ནི་ཐ་མལ་པ་མ་ཡིན་པ་ཉིད་དུ་གསུངས་པའོ། །དེ་ནས་རྡོ་རྗེའི་བདག་ཉིད་བདག་ཡིན་བརྗོད་བྱ་བའི་ཉེ་བར་མཚོན་པས་རྣམ་པར་སྣང་མཛད་ཀྱི་ལུས་ལ། ཨོཾ་བཛྲ་ཨཱཏྨ་ཀོཉཧཾ་ཨོཾ་སྭ་བྷཱ་བ་ཤུདྡྷོཉཧཾ། ཨོཾ་ས་ར་ས་མོ་ཧཾ་ཞེས་ང་རྒྱལ་གསུངས་པ་བརྗོད་པར ་བྱ་པ་ཡིན་ཏེ། དེ་དག་ནི་རྣལ་འབྱོར་ཆེན་པོ་བསྐྱེད་པར་བྱ་བའི་འོག་ཏུ་ཤེས་པར་བྱའོ། །ཆ་ཤས་ཀྱི་དྲ་བ་ཅན་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་འདྲ་བ་རང་གི་ལུས་ལ་རྣམ་པར་དགོད་པའོ། །ཡེ་ཤེས་སེམས་དཔའ་བསྒྲུབ་པའི་སྔོན་དུ་འདི་བྱའོ་ཞེས ་ཟེར་རོ། །ལ་ལ་ནི་ཇི་སྐད་དུ་བཤད་པ་བཞིན་རིགས་པ་ཡིན་ནོ་ཟེར་རོ། །དེ་འོག་ལག་པའི་ཕྱག་རྒྱ་ཡིས་ཞེས་བྱ་བ་ནི་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པ་བྱས་ནས། དེའི་འོག་ཏུ་ལག་པའི་ཕྱག་རྒྱ་བྱིན་གྱིས་བརླབ་པ་མངོན་པར་འདུས ་བྱའོ། །ཆོ་ག་མཚོན་ཆ་ལ་སོགས་བྱ་ཞེས་བྱ་བ་ནི་ལག་པའི་ཕྱག་རྒྱ་རྣམས་ཀྱི་དབང་བསྐུར་བའི་འོག་ཏུ་བྱ་བ་ཁོང་དུ་ཆུད་པར་བྱའོ། །རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏེ་ཞེས་བྱ་བ་ནི་ཆོ་གའི་ཚུལ་ཉིད་ནི་མ་ཡིན་གྱི། །སྲིད་པའི་དབང་དུ་མཛད་ ་ནས་གསུངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ནི་སངས་རྒྱས་ལྔའི་ཅོད་པན་དུ་བྱས་པར་མི་འདོད་དོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་འདིས་ཅོད་པན་ཕྲེང་བ་རྣམས་ཀྱིས་བརྒྱན་ཅེས་བྱ་བའི་བར་གྱི་གཞུང་གིས་ནི། ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་དེ་འོག་ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐུགས་རྡོ་རྗེ་ལ་སོགས་པ་བཞི་སྤྲུལ་པའི་ཕྱིར་དེ་དང་ལྷན་ཅིག་ཏུ་ཇི་སྐད་དུ་གཤད་པའི ་གནས་སུ་བབས་ནས། སྤྱན་ལ་སོགས་པའི་ལྷ་མོ་སངས་རྒྱས་ཀྱི་སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ་བར་བྱའོ། །ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་ཞེས་བྱ་བ་ནི་ཤར་ལ་སོགས་པར་ཕྱོགས་བཅུའི་མཐར་ཐུག་པར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ ་བོ་བཅུ་སྤྲོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དཀྱིལ་འཁོར་བྲི་བའི་དུས་སུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཆེན་པོ་དང། གནོད་མཛེས་དག་སྟེང་དང་འོག་དང་བླ་གང་དར་ཕུར་བུའི་ཚུལ་གྱིས་བསམ་པར་བྱའོ་ཞེས་ཤེས་པར་བྱའོ། །དཀྱིལ ་འཁོར་གྱི་རིམ་པར་ཕྱེ་བ་ལས་ཁྲོ་བོ་བརྒྱད་བསྟན་པ་ནི་ཉེ་བར་མཚན་པ་ཙམ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན། ཡན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་བཞིའི་དབང་དང་ལྡན་ཞེས་བྱ་བ་ནི་ལྷ་མོ་བཞིའི་ཚོགས་དང་ལྡན་པའོ། ། ་ཡན་ལག་བཞིའི་དཔུང་དང་ལྡན་ཞེས་གསུངས་པའི་དོན་དེ་ཉིད་བསྟན་པའི་ཕྱིར། བསྙེམས་མ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྙེམས་མ་ཞེས་བྱ་བའི་སྒྲས་ནི། ཀཱི་ལི་ཀཱི་ལ་ཡོངས་སུ་བཟུང་ངོ། །མེ་ཏོག་ལྡན་མ་ནི་རྡོ་རྗེ ་ཆགས་མའོ། །མཚོན་ཆ་མ་ནི་རྡོ་རྗེ་མཚོན་ཆ་མའོ། །རྩེ་མོ་ཅན་ནི་དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བས་བརྡེག་པས་ན། ཕྱག་རྒྱའི་ཉེ་བར་མཚོན་པ་འདི་རྡོ་རྗེ་བསྙེམས་མ་ཡིན་ནོ། །རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བཞི་ནི། སྤྱན་ལ་སོགས ་བཞིའི་ངོ་བོ་ཉིད་ཡིན་ནོ། །སྒྱུ་མའི་ཆ་བྱང་རྣམ་མང་པོའི་ཞེས་བྱ་བ་ནི་གདུལ་བྱའི་ཡིད་མགུ་བར་བྱེད་པའི་སྒྱུ་མའི་རྣམ་པའི་ཆ་བྱད་སྣ་ཚོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རོལ་པས་བྱིན་གྱིས་རློབ་ཅེས་བྱ་བ་ནི་རྣམ་པར་རོལ་པ་སྟེ། རྡོ་རྗེ་དང ་པདྨའི་རྩེ་འཇོ་བྱིན་གྱིས་རློབ་ཅིང་རྫོགས་པར་མཛད་པའོ། །དེ་ཉིད་ཆེན་པོའི་བདག་ཉིད་ལྔས་ཞེས་བྱ་བ་ལ་དེ་ཉིད་ཆེན་པོ་ནི་ལྷ་མོ་ལྔའི་བདག་ཉིད་དོ། །བདག་ཉིད་ལྔས་ཞེས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། ་ཕྱོགས་བཞིར་འཁོར་ལོ་གནས་བྱས་ཏེ་ཞེས་བྱ་བ་ནི་སྔར་བཤད་པའི་ལྷ་མོ་དེ་རྣམས་ཕྱོགས་བཞིར་འཁོར་ལོ་སྟེ། དཀྱིལ་འཁོར་གྱི་ཚུལ་གྱིས་གནས་པར་བྱས་ཤིང་འཇོགས་པ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །ངེས་ན་རང་གི་དམ་ཚིག ་གིས་སྤུ་ལ་འཁྱུད་པའོ། །འཕགས་མ་བཞི་ཡི་དགའ་བ་ནི་ཞེས་བྱ་བ་ནི་སྤྱན་ལ་སོགས་པའམ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་འཕགས་མ་བཞི་པོ་དགའ་བ་དེ་ཡང་དག་པར་བསྐྱེད་ལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགའ་བས ་ཞེས་བྱ་བ་ནི་རང་གི་དམ་ཚིག་གི་ཕྱག་རྒྱའི་དགའ་བ་ལས་བྱུང་བའི་སོ་སོར་རང་གིས་རིག་པའི་བདེ་བའི་ངོ་བོ་སྟེ། དེའི་རྗེས་ལ་ཇི་སྐད་དུ་བཤད་པའི་ཁྲོ་བོ་རྣམས་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྤྲོ་བ་བསྟན་ནས། ད་ནི་ཐམས ་ཅད་ཅེས་བྱ་བ་ལ་སོགས་པས་བསྡུ་བ་གསུངས་པ་ཡིན་ཏེ། ཇི་སྐད་གསུངས་པའི་སྤྲོ་བ་སྣ་ཚོགས་ལ་ཁྱབ་པར་བྱས་ནས་བཀུག་སྟེ། དཀྱིལ་འཁོར་གྱི་སྦྱོར་བས་བཞག་ལ། དེའི་དབུས་སུ་སྣ་ཚོགས་པ་གནས་པར་བྱའོ་ཞེས་བྱ་བ་ནི་ལྷག་མ་སྟེ། འདི ་དག་གིས་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ནི། གསང་བའི་ཚོགས་མཐོན་པོ་ལ་སོགས་པའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཏིང་ངེ ་འཛིན་གསུམ་བསྐྱེད་ནས་ད་ནི་བཟླས་པ་དང་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རབ་དགའ་ཨི་ལོངས་སྤྱོད་ལོངས་སྤྱོད་པ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་དང་ཐབས་ལས་བྱུང་བའི་བདེ་བའི་ཁྱད་པར་ནི་རབ་ཏུ་དགའ་ ་པའོ། །དེ་ཉིད་བདེ་བ་ཆེན་པོ་ཉིད་ཀྱིས་ལོངས་སྤྱོད་པས་ན་ལོངས་སྤྱོད་དེ། །དེ་ལོངས་སྤྱོད་པའི་དཀྱིལ་འཁོར་གྱི་བདག་པོ་ཉིད་དང་མཉམ་པར་བྱུང་པས་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ།། །།ཏིང་འཛིན་ཀུན་གྱི་འཁོར ་ལོ་བལྟ་ཞེས་བྱ་བ་ལ་སོགས་པས་ནི་སླར་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་བསྟོད་པ་ལ་སོགས་པ་བྱས་ནས་ཅི་རིགས་པ་དཀྱིལ་འཁོར་ཀྱི་འཁོར་ལོ་དམ་ཚིག་གི་ཕྱག་རྒྱས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལྟ་ཞིང་བསམ་པ་ཉིད ་དང། བདག་ཉིད་ཀྱང་རྗེས་སུ་མཉེས་པར་ཐོབ་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀཾ?་ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་གཟུགས་དམ་ཚིག་གི་ཕྱག་རྒྱའི་པདྨར་དེས་སྒེག་པ་ལ་སོགས་པའི་ཚུལ་གྱི་རོལ ་པ་ཉིད་ཀྱིས་རབ་ཏུ་གཞུག་པར་བྱ་བ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཅི་ཞིག་བྱ་ཞེ་ན། པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གི་ལྷ་མོའི་པདྨའི་གཟུགས་རྣམས་རབ་ཏུ་དགའ་བ་གང་ཡིན་པ་དེ་ལས་སངས་རྒྱས་དང་རྡོ་རྗེ་འཆང ་ལ་སོགས་པ་སྦྲོ་ཞེས་བྱ་བ་ནི་ལྷག་མའོ། །ཡང་ན་བལྟ་ཞེས་སྔ་མ་དང་སྦྱར་རོ། །ཏིང་འཛིན་ཀུན་གྱི་དཀྱིལ་འཁོར་བལྟ་ཞེས་ཇི་སྐད་དུ་གསུངས་པ་དེ་ཉིད་ཀྱི་ཁྱད་པར་ནི་མ་ལུས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འང་ཞེས་བྱ་བའི་སྒྲའི་དོན? ་ལྷག་མ་མ་ལུས་པའི་ལྷ་རྣམས་ཀྱི་འཁོར་ལོ་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ། །མདོག་ལྡན་ཞེས་བྱ་བ་ནི་རིགས་དང་རྗེས་སུ་མཐུན་པ་དང་ལས་དང་རྗེས་སུ་མཐུན་པ་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་ནི་མདོག་ལྡན་བདག་ཉིད་ཅན་གཟུགས་སོ། ་མདོག་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་ཀྱང་ཡིན་ལ་སྤྲོ་བ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་ཇི་སྐད་དུ་བཤད་པའི་ཡི་གེ་ཨེ་དང་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སྐ་རགས་ཀྱིས་ཉེ་བར་མཛེས་པ། ཡི་གེ་ཏྲེཾ་ལས་བྱུང་བའི་རིན་པོ་ཆེ་ཟུར་གསུམ ་གྱི་ནང་དུ་ཆུད་པ། མི་གེ་ཧྲི་ལས་བྱུང་བའི་པདྨའི་དབུས་ན་གནས་པ་ལས། མདོག་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་སུ་སྤྲོ་བའི་ལྷ་མོའི་འཁོར་ལོ་གང་ཡིན་པ་དེ་ལ་སྐད་ཅེས་བྱ་སྟེ། དེ་ལྟར་ཡང་བལྟའོ་ཞེས་སྔ་མ་དང་སྦྱར་རོ། །རྡོ་རྗེ་གཞུག་པར་བྱའོ་སེམS ་གསུངས་པ་ཇི་ལྟར་པས་མ་ཞེ་ན། རྒྱན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་གཞན་དག་ལས་བྱུང་བའི་མཚན་ཉིད་དང་ལྡན་པ་དངོས་སུ་འམ། བསམ་གཏན་ལས་བྱུང་བ་རང་གི་བསམ་གཏན་ལ་གནས་པར་བསམས་སོ། །སྒེག་མོ་གླུ་དང་གང ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེ་ལ་སོགས་པའི་མཆོད་པའི་ཚུལ་གྱིས་པདྨར་རྡོ་རྗེ་བཅུག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་ལ་མཆོད་པ་བྱའོ། །སྒེག་མོ་ཞེས་བྱ་བ་ལ་སོགས་པ་སྨོས་མོད་ཀྱི། ཕྲེང་བ ་མས་ཀྱང་མཆོད་པར་ཤེས་པར་བྱའོ། །ཕྱིའི་མཆོད་པའི་ཞེས་བྱ་བ་ལ་སོགས་པའི་ནི་གོ་སླའོ། །གང་འདི་ལྟར་གསུང་མོད་ཀྱི་འོན་ཀྱང་ཕྱིའི་མཆོད་པ་དང་སྒེག་མོ་ལ་སོགས་པའི་མཆོད་པ་ལ་སྙོམས་པར་འཇུག་པའི་མཆོད་པའི་རིམ་གྱིས་ཕྱི་དང ་གསང་བའི་མཆོད་པས་མཆོད་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །བསྒོམ་པས་ཞེས་བྱ་བ་ནི་རྣལ་འབྱོར་བསྒོམ་པས་སོ། །མྱུར་ཆེས་པ་དང་བུལ་ཆེས་དང་ཞེས་བྱ་བའི་སྒྲ་ནི། ཤས་ཆེར་འདི་ལྟར་མི་བྱ་བའོ། །གུག་སྐྱེད་ཉམས་མིན་པར་ཞེས་བ་བ་ནི་འདི ་དག་མ་ཚང་པར་མི་བྱའོ། །རྟོག་པ་ངན་པ་སྤངས་ཏེ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་ལ་སོགས་པའི་རྟོག་པ་དང་བྲལ་བས་སོ། །བདན་ཚུལ་དུ་བྱ་བས་ཞེས་བྱ་བ་ནི་སྔར་བཤད་པའི་མཆོད་པ་ཉི་ཤུ་ཉེ་བར་མཚོན་པ་ཡིན་ནོ། །མཆོད་ཅེས་བྱ་བ་ལ་བྱའོ་ཞེས ་བྱ་བ་ནི་ལྷག་མའོ། །གཤེགས་སུ་གསོལ་ཞེས་བྱ་བ་ནི་སླར་གཤེགས་སུ་གསོལ་བ་སྟེ། སྤྲུལ་པ་རྣམས་ནི་རང་གི་ལུས་ཉིད་ལ་ཉེ་བར་བསྡུ་བར་བྱའོ། །སྐུ་དང་ཞེས་བྱ་བ་ལ་སོགས་པས་ནི་མཉམ་པར་བཞག་པའི་རྣལ་འབྱོར་གསུངས ་པ་ཡིན་ནོ། །བར་ཆད་བྱེད་པ་རྣམས་ལ་ནི་ཞེས་བྱ་བ་བགེགས་ཀྱིས་གཙེས་པར་གྱུར་པ་ལའོ། །རྡོ་རྗེ་ཐེག་པ་རབ་རྫོགས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །སྣ་ཚོགས་ལས་རྣམས་སྟོན་པ་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །རིན་ཆེན་ཞེས་བྱ་བ ་ལ་སོགས་པ་རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་འོད་དཔག་ཏུ་མེད་པའོ། །དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་མི་བསྐྱོད་པའོ། །འདི་ནི་འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་ལྔའི་ཕུལ་དུ་བྱུང་བའི་ཡོན་ཏན་ཐོབ ་པས་ན་བདག་ཉིད་དེ་བཞིན་གཤེགས་པར་འགྱུར་པའོ། །འདི་རྣལ་འབྱོར་རྣམས་ཀྱི་རིམ་པ་དང། ལྷ་བསྒོམ་པའི་ཚུལ་རྒྱ་ཆེར་ནི་དེ་ཁོ་ན་ཉིད་བསྡུས་པ་དང། གསང་བ་འདུལ་པ་ལ་སོགས་པ་ལས་བྱུང་བ་བཞིན་ཤེས་པར་བྱའོ། །སྒྲུབ་པའི་ཐབས ་ལོགས་ན་ཡོད་པས་འདིར་མ་བྲིས་སོ། །ཡོངས་སུ་རྟོག་པའི་རྣལ་འབྱོར་མང་དུ་ཡོད་མོད་ཀི་འདིར་མ་བསྟན་ཏོ། །བྱང་ཆུབ་སེམས་ནི་ཇི་སྐད་དུ་བཤད་པའི་རྣམ་པ་གཉིས་སོ། །བསྒོམ་པ་ནི་ཡང་དང་ཡང་དུ་མངོན་དུ་བྱེད་པའོ། །དེའི་ཡེ་ཤེས་བསྒྲུབ་པ་ནི ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མངོན་པར་རྟོགས་པའི་ཚུལ་གྱིས་ངེས་པ་སོ་སོར་བསྒྲུབ་པ་སྟེ། དེ་སྟོན་པའི་གཞུང་གི་ལེའུ་ལ་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ། །ལེའུ་བདུན་པའི་འགྲེལ་པའོ།། །།བྱང་ཆུབ་ཀྱི་སེམས་བསྒོམ་པ ་རྫོགས་སུ་ཟིན་ཀྱང་སྦྱོར་བའི་ཐབས་མེད་པར་ཕུན་སུམ་ཚོགས་པར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པས། བརྒྱད་པ་སྦྱོར་བའི་ཐབས་ཀྱི་བསྒྲུབ་པའི་རིམ་པར་ཕྱེ་བ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ ་བར་སྦྱོར་རོ། །ཅི་ཞིག་མཛད་ནས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པའི་བཀའ་ནི། ཞི་བ་ལ་སོགས་པའི་ལས་བསྐྱེད་པའོ། །དེ་བསྐྱེད་པའི་དོན་གྱི ་འཁོར་ལོ་ནི་དཀྱིལ་འཁོར། དེ་རབ་ཏུ་བསྒྲུབ་ཅིང་བསྐྱེད་པས་དེའི་དོན་དུ་ཡེ་ཤེས་ཀྱི་རྡོ་རྗེ་ལ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞི་བ་ལ་སོགས་པའི་ལས་བྱེད་པའི་དཀྱིལ་འཁོར་སྟོན ་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་ཐམས་ཅད་ལ་རང་གི་མིང་ལས་བྱུང་བའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་བསྒྲུབས་ཏེ ་ཞི་བ་ལ་སོགས་པ་ལ་རབ་ཏུ་སྦྱོར་བའི་ལས་གང་ཡིན་པ་དེའི་ཚོགས་ནི་མང་པོའོ། །དེའི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཆོ་ག་བཀའ་སྩལ་ཏོ་ཞེས་པ་སྟེ་གསུངས་པའོ། །ལྷ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་གང་ཡང་རུང་བཞིག ་དཀྱིལ་འཁོར་གྱི་དབུས་སུ་བཀོད་ན་དཀྱིལ་འཁོར་དེ་དེ་ཉིད་ཡིན་ཏེ། རྣམ་པར་སྣང་མཛད་འབྱུང་བ་རྡོ་རྗེ་ཞེས་མཁས་པ་རྣམས་ཀྱིས་བརྗོད་དོ། །འདི་ལྟར་སྟོན་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དོ། །གང་གི་ཚེ་མི་བསྐྱོད ་པ་ལ་སོགས་པ་བཞིའི་དཀྱིལ་འཁོར་བྱེད་པ་དེའི་ཚེ་དབུས་སུ་གང་བྲིས་པའི་གནས་སུ་རྣམ་པར་སྣང་མཛད་བྲིའོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ནི་མི་བསྐྱོད་པའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་ནི་མི་བསྐྱོད་པའི་གནས་སུའོ། །དེའི་གནས་སུ་མི་བསྐྱོད ་པ་བྲིའོ། །རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་ནི་རྣམ་པར་སྣང་མཛད་ནི་མི་བསྐྱོད་པའི་གནས་སུ། མི་བསྐྱོད་པ་རིན་ཆེན་འབྱུང་ལྡན་གྱི་གནས་སུ། རིན་ཆེན་འབྱུང་ལྡན་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་བྲིའོ་ཞེས་ཟེར་རོ། །འོད་དཔག་ཏུ་མེད་པ་དང། དོན་ཡོད ་གྲུབ་པའི་དཀྱིལ་འཁོར་ལ་ཡང་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སྤྱན་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་རྣམ་པར་སྣང་མཛད་ཉིད། སྤྱན་ལ་སོགས་པའི་གཟུགས་ཇི་ལྟར་བསམས་ལ། སྤྱན་ལ་སོགས་པ་ཡང་རང ་ཉིད་ཀྱི་གནས་ན་བཞུགས་པར་སྒོམ་མོ་འོད་ཟེར་ཅན་ལ་སོགས་པ། དཀྱིལ་འཁོར་གྱི་ལྷ་ལ་མ་གཏོགས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་གྱི་ནི། བྱང་ཆུབ་ཀྱི་སེམས་ཀྱི་རིམ་པར་ཕྱེ་བའི་རིམ་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ཡོངས་སུ་གྱུར་པ ་ཉིད་འོད་ཟེར་ཅན་ལ་སོགས་པའི་ལྷ་རྣམས་ཀྱི་གཟུགས་སུ་གྱུར་ནས། རང་གི་གནས་ན་བཞུགས་ལ་ལྷ་ལྷག་མ་རྣམས་ཀྱི་ཚུལ་ནི་དེ་བཞིན་དུ་བསམ་པར་བྱའོ། །འཕྲོག་མའི་དྲག་པོ་བསྒྲུབ་པའི་དཀྱིལ་འཁོར་དུ་ནི། ཇི་སྐད་དུ་བཤད་པ་ལས་དེའི་རིམ་པ ་བཞན་ཡིན་ཏེ། དེ་ཡང་ཁྲོ་བོའི་འཁོར་ལོར་གནོད་སྦྱིན་མོ་བརྒྱད་ཀྱི་དབུས་ན་འཕྲོག་མས་བརྒྱན། གནོད་སྦྱིན་བརྒྱད་ཀྱིས་རྣམ་པར་བརྒྱན། གནོད་སྦྱིན་མོ་ཀུན་སྒྲུབ་པར་བྱ་ཞེས་བཤད་པ་ཡིན་ནོ། །དེ་ལ་མ་གཏོགས་པར་བཤད་པའི་གནོད་སྦྱིན་དང་། ་གནོད་སྦྱིན་མོ་གཞན་དག་བསྒྲུབ་པ་ལ་ནི་ཚུལ་འདི་ཉིད་ཡིན་ཏེ། གནོད་སྦྱིན་ནམ་གནོད་སྦྱིན་མོ་གང་སྒྲུབ་པ་དེ་དབུས་སུ་བཀོད་ལ་དེའི་གནས་སུ་ནི་འཕྲོག་མའོ། གནོད་སྦྱིན་དང?། གནོད་སྦྱིན་མོར་བཤད་པ་ལ་མ་གཏོགས་པ། རིགས་གཞན་དག་སྒྲུབ་པ་ལ། ཐམས་ཅད་དུ ་?་འཕྲོག་མ་མེད་པར་དེའི་གནས་སུ་སྒྲུབ་པར་བྱ་བའི་གནོད་སྦྱིན་ནམ་གནོད་སྦྱིན་མོ་བསམ་པར་བྱའོ་ལ་ལ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བཏོན་ནས་དེའི་གནས་སུ་བཤད་པ་དང། མ་བཤད་པའི་གནོད་སྦྱིན་དང་གནོད་སྦྱིན་མོ་བཀོད་ལ་སྔོན ་དུ་འགྲོ་བས་བསྒྲུབ་པར་བྱའོ་ཞེས་ཟེར་ཏེ། ངེས་ནི་དྲག་པོའི་བསྒྲུབ་པའི་གཞུང་གི་དོན་ཡང་དག་པར་རྟོགས་པར་ཤེས་མོད་ཀྱི་སྔར་བཤད་པའི་དོན་དེ་ཉིད་གཞུང་དང་རྗེས་སུ་མཐུན་པར་མཐོང་ནོག། །ལྷ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་ལ་ནི་རྣམ་པར་སྣང ་མཛད?་ལ་སོགས་པའི་གནས་སུ་ཁྲོ་བོའི་རྡོ་རྗེ་དང། སྒྱུ་མའི་རྡོ་རྗེ་དང། རྡོ་རྗེ་དྲིལ་བུ་དང། མི་སྨྲ་བའི་རྡོ་རྗེ་དང། རྡོ་རྗེ་མཚོན་ཆ་གྲངས་ཇི་ལྟ་པ་བཞིན་དུ་དགོང་པར་ཤེས་པར་བྱ་སྟེ། དེ་ལ་རྡོ་རྗེ་དྲིལ་བུ་ནི་མདོག་དམར་བ་གདོང་དྲུག་པ། ལག་པ་བཞི་པ་གཡས་ན་མདུང་ཐུང་དང ་དྲིལ་བུ་ཐོགས་པ། གཡོན་ན་ཁྱིམ་བྱ་དང་བྲིལ་དུ་འཛིན་པ། རྨ་བྱ་ལ་ཞོན་པའོ། །རྡོ་རྗེ་མཚོན་ཆ་ནི་མདོག་སེར་སྐྱ་ལག་པ་བཞི་པ། གཡས་ན་རྡོ་རྗེ་དང་ལྕགས་ཀྱུ་ཐོགས་པ། གཡོན་གྱི་གཅིག་གིས་ནི་སྟན་ལ་བསྙེམས་ཐབས་སུ་འདུག་ལ། གཉིས་པ་ནི་རང?་རྡོ་རྗེ ་འཛིན་པ་གླང་པོ་ཆེ་དཀར་པོ་ལ་ཞོན་པའོ། །སྤྱན་མ་ལ་སོགས་པའི་གནས་སུ་ནི་འཇིགས་བྱེད་མ་ལ་སོགས་པ་ལྷ་མོ་བཞི་སྟེ། དེ་ལ་འཇིགས་བྱེད་མ་ནི་མདོག་ལྗང་གུ་གཡས་ཀྱིས་རྡོ་རྗེ་འཛིན་གཡོན་གྱིས་རལ་ཕུག་ཐོགས་པའོ། །དཔལ་མོ་ནི་མདོག་སེར་བ་གཡས་ན ་རྡོ་རྗེ་གཡོན་པདྨ་ཐོགས་པའོ། །དབྱངས་ཅན་མ་ནི་མདོག་ལྗང་གུ་གཡས་གཡོན་གཉིས་ན་རྡོ་རྗེ་དང་པོ་བར་ཐོགས་པའོ། །དཀའ་ཐུབ་མདོག་མ་ནི་མདོག་ལྗང་གུ་གཡས་ཀྱི་ལག་པ་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན་དུང་དང་བ་ཏི་ས ་ཐོགས་པ་སེར་གེ་ལ་ཚོན་པའོ། །རྡོ་རྗེ་སེམས་མ་ལ་སོགས་པའི་གནས་སུ་དྲག་མོ་དང་ཚངས་མ་དང་ཁྱབ་འཇུག་མ་དང་གཞོན་ནུ་མ་དང། ནག་མོ་དང་ནག་མོ་ཆེན་མོ་དང། གནོད་སྦྱིན་པོ་དང། སྲིན་མོ་རྣམས་དགོད་པར་ཤེས་པར་བྱའོ། །དེ་ལ་འདི་རྣམS ་ཀྱི་ལག་པ་ལ་ལག་ཆ་ནི་མདུད་རྩི?་གསུམ་པ་དང། ཕྲེང་བ་མེ?་དང་འཁོར་ལོ་དང་དྲིལ་བུ་དང། གྲི་དང་ཆུ་གྲི་དང་མཆེ་བ་བ་དང། ཁ་ཊཝཱཾ་ག་རིམ་བཞིན་ཐོགས་པ། གཡོན་གྱི་སྡིགས་མཛུབ་བསྒྲེང་བའི། །ཕྱིའི་དཀྱིལ་འཁོར་དུ་གཤིན་རྗེ་གཤེད་ལ་སོགས་པ ་དགོད་པ་ཡང་དེ་བཞིན་ཏེ། འདི་ནི་ཁྲོ་བོའི་རྡོ་རྗེའི་དྲག་པོ་སྒྲུབ་པའི་དཀྱིལ་འཁོར་རོ། །ཁྲོ་བོ་རྡོ་རྗེ་མ་གཏོགས་པའི་ལྷ་གཞན་སྒྲུབ་པ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དགོད་པར་ཤེས་པར་བྱའོ། །འདིར་མ་བཤད་པའི་སྒྲུབ་ཐབས་ལ་རྡོ་རྗེའི་རིགས་? ་མཆོ་བཏོན་ལ། དེའི་གནས་སུ་རང་གི་སྒྲུབ་པར་བྱ་བའི་འཇིག་རྟེན་པའི་ལྷ་གང་ཡང་རུང་བ་དགོད་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །འདི་ཡང་ལ་ལ་དག་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་དེ་བཏོན་པ། ལྷ་ཆེན་པོ་ལ་སོགས ་པ་གང་ཡང་རུང་བ་དགོད་པ་སྔོན་དུ་འགྲོ་བས་བསྒྲུབ་པ་ནི་ཤིན་ཏུ་འབྲེལ་པ་མེད་པས་སྨྲ་བ་ཡིན་པས། དེའི་གཞུང་ནི་མ་བྲིས་ཏེ། ཇི་སྐད་དུ་བཤད་པ་འདི་ཉིད་ཤིན་ཏུ་རིགས་པ་ཁོ་ནར་མཐོང་ངོ། །དེ་ཡང་རྡོ་རྗེ་ཏིང་འཛིན་བསྒོམས་ནས་ནི། །རྡོ་རྗེ་ཧཱུཾ་མཛད་ཀྱིས ་བསྐུལ་ནས། །མོད་ལ་དངོས་གྲུབ་ཐོབ་པར་འགྱུར་ཞེས་སྔར་བཤད་པ་ཡིན་ནོ། །ཞི་དང་ཞེས་བྱ་བ་ལ་སོགས་པ་ལ། རང་གི་དཀྱིལ་འཁོར་གྱི་བདག་པོའི་སྦྱོར་བས་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམས་ཏེ། ལས་དང་རྗེས་སུ་མཐུན་པར་ལྷ་རྣམས་སྤྲུལ ་ལ། ཆེ་གེ་མོའི་ཞི་བར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་བའི་ཚིག་དང་ལྡན་པར་གསང་སྔགས་བཟླས་ནས་ཞི་བ་ལ་སོགས་པའི་ལས་རྣམས་ལ། ལྷའི་འཁོར་ལོ་ངེས་བར་སྦྱར་བས་ལས་དེ་རྣམས་བྱའོ། །དེ་ལྟར་སྤྱིར་བསྟན་ནས་ད་ནི་ཞི་བ་སྤྱན ་དང་ཞེས་བྱ་བ་ལ་སོགས་པ་ལྷ་རྣམས་ཀྱི་སོ་སོར་ངེས་པ་ལས་དེ་ཉིད་གསུངས་པ་ཡིན་ཏེ། ཐམས་ཅད་དུ་ཡང་གསུམ་པའི་མཛའ་ཅན་གྱིས། བདག་གི་བྱ་ཞེས་འོག་ནས་བཤད་པ་དང་སྦྱར་རོ། །འོད་ཟེར་ཅན་དང་རི་ཁྲོད་མས་ཞེས་བྱ་བ་འདིར ་སྦྱར་བར་བྱ་བ་ཞེས་བྱ་བ་ནི་ལྷག་མའོ། །ཆགས་པ་རྡོ་རྗེས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་ཆགས་པའོ། །གསང་སྔགས་དེ་ཉིད་ཀྱིས་བསྐུལ་ན་ཞེས་བྱ་བ་ནི་གསང་སྔགས་ལ་ལས་དང་རྗེས་སུ་མཐུན་པར་བསྐུལ་བའི་ཚིག་བཅུག་པས་ཡང་དག་པར་བསྐུལ ་བའོ། །ལྷ་རྣམས་ཀྱིས་སོ་སོའི་ངེས་པར་བསྟན་ནས་ད་ནི་སྤྱན་དང་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་སྦྱོར་བའི་ངེས་པ་གསུངས་ཏེ། རིལ་པ་སྤྱི་བླུགས་ཀྱིས་བརྒྱན་པ་ཞེས་བྱ་བ་ནི། ཕྲེང་བ་དང་རིལ་བ་སྤྱི་བླུགས་ཀྱིས་མཛེས་པར་བྱས་པའོ། །དང་པོ་ཏིང ་ངེ་འཛིན་གྱིས་སྤྲུལ་ནས་ཞེས་བྱ་བ་ནི་དང་པོར་ཏེ། ཐོག་མར་ཏིང་ངེ་འཛིན་དེ་བསམ་གཏན་གྱི་སྤྲུལ་ཅིང་བསྐྱེད་ནས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བསམ་པ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་གནས་ན་འདུག་སྟེ་ཞེས་བྱ་བ་གསུངས ་པ་ཡིན་ནོ། །བུམ་པ་ཟླ་བ་མདངས་ལྡན་པ་ཞེས་བྱ་བ་ནི་ཟླ་བའི་འོད་འདྲ་བའི་བུམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདུད་རྩི་འོ་མས་རབ་བཀང་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་ཆུས་བཀང་བ་ལས་པ་གཉིས་ཀྱིས་འཛིན་པར་བསམ་མོ། །ཞེས་བྱ་བར་གྱུར་རོ། ། ་ལག་པ་གཉིས་པར་རྩ་དཀར་མཆོག་གི་ཞེས་བྱ་བ་ནི་ལག་པ་པདྨའི་རྩ་བའི་མདོག་ལྟར་དཀར་བའི་མཆོག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་ཏེ་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་དབང་པོ་ཞི?་ཞིང་སྐུ ་མདོག་དཀར་བང་བདག་ཉིད་བསྒོམས་ལ། རང་གི་སྙིང་གང་ནད་པ་བསམས་ཏེ། རང་གི་དམ་ཚིག་གི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་ལས་སྤྱན་དང་བསྐུལ་བྱེད་མའི་ངོ་ངོར་རྣམ་པར་བསམས་ལ། ཕྱག་གཉིས་ཀྱིས་ཇི་སྐྱད་དུ་བཤད་པའི ་དབུས?་བསྣམས་ཤིང། ཕྱག་བཞིར་ཕྲེང་བ་དང། རིལ་པ་སྤྱི་བླུགས་ཀྱིས་བརྒྱན་པ་སྤྲུལ་ལ། དེ་རྣམས་ཀྱིས་ནམ་མཁའ་བཀང་སྟེ། སྔགས་བརྗོད་པ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱི་བསྐུལ་ལ་བསྒྲུབ་པར་བྱ་བ་དབང་བསྐུར་ཏེ། དེར་རབ་ཏུ་ཞུགས ་ནས་ཡང་དེ་རྣམས་ཀྱི་བ་སྤུའི་བུ་ག་རྣམས་ལས་རྣམ་པར་སྣང་མཛད་ཁ་སྦྱར་གྱི་སྦྱོར་བས་ཕྱུང་པ་ལས་ཡང་དག་པར་བྱུང་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་རྣམས་ཀྱིས་དེ་ལ་དབང་བསྐུར་བར་བྱའོ། །དེ་ནས་དེ་རྣམས་ཀྱང་དེ་ཉིད་དུ་རབ་ཏུ་ཞུགས་པར ་ཡང་ཤེས་པར་བྱའོ། །སྦྱོར་བ་འདི་དག་དང་འབྲེལ་བ་གཞན་དག་ལས་ཀྱང། བ་སྦུའི་བུ་ག་རྣམས་ལས་ནི། སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ་ཞེས་བྱ་བ་ལ་སོགས་པས་བསྟོད་པ་ཡིན་ནོ། །དེ་ནས་དེ་བླ་ན་མེད་པའི་ཞི་བ་ཐོབ་པར་རྣམ་པར་བསམ་མོ།། ་རིན་ཆེན་མ་ངས་ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་དུ་དང་པོ་སྤྲུལ་ཅིང་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ། །རིན་ཆེན་མ་ཞེས་བྱ་བ་ནི་རིན་ཆེན་སྒྲོལ་མའོ། །ཕྱག་ན་རིན་ཆེན་པདྨ་ཅན་ཞེས་བྱ་བ་ནི་ཕྱག ་གཉིས་ཤེས་རབ་པདྨ་དང། རིན་པོ་ཆེ་རྣམས་ལ་ཅིག་ཤོས་གཉིས་ཀྱིས་ནི། ཇི་སྐད་བཤད་པའི་བུམ་པ་བསྣམས་པའོ། །བདུད་རྩི་རབ་ཏུ་གང་བ་དང་ཞེས་བྱ་བ་ནི་བསམ་མོ་ཞེས་སྔ་མ་དང་སྦྱར་རོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་གྱི་དབུས་སུ ་ཟླ་བའི་དཀྱིལ་འཁོར་སེར་པོའི་སྟེང་དུ། བདག་ཉིད་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོར་བསམས་ལ། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་བྱ་བར་བསམས་ནས། སྔ་མ་བཞིན་དུ་རིན་ཆེན་སྒྲོན་མ་དང་གོས་དཀར་མོའི་གཟུཌ ་ལ་ཕྱག་གཉིས་ན་བུམ་པ་ཐོགས་ཤིང། དེ་ལས་གཞན་པའི་ཕྱག་གིས། པདྨ་དང་རིན་པོ་ཆེ་བསྣམས་པ་སྤྲུལ་ལ། དེ་རྣམས་ཀྱིས་ནམ་མཁའ་མ་ལུས་པར་བཀོད་དེ། དེ་བཞིན་དུ་བཀུག་ནས་བསྒྲུབ་པར་བྱ་བ་བསྐུར་ལ། དེ་རྣམས ་དེར་རབ་ཏུ་གཞུག་གོ་།དེ་ནས་དེའི་བསྡུའི?་བུ་ག་རྣམས་ལས་རིན་ཆེན་འབྱུང་ལྡན་?་མ་བཞིན་དུ་ཕྱུང་ལ། དེ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཆུའི་རྒྱུན་གྱིས་མངོན་པར་དབང་བསྐུར་ལ། དེ་ཡང་དེར་བཞུགས་པར་བྱ་བར་ཤེས་པར་བྱ ་སྟེ། བ་སྤུའི་བུ་ག་རྣམས་ལས་ནི། རིན་ཆེན་སྤྲིན་ནི་སྤྲོ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ་བསྟན་པ་ཡིན་ནོ། །དེ་རྣམས་ཀྱིས་བླ་ན་མེད་པའི་སངས་རྒྱས་ཐོབ་པར་འགྱུར་བར་བསམ་མོ། །ལྷ་མོ་སྐུ་ཆེན་ཞེས་བྱ་བ་ལ་སོགས་པ་ལ། འོད ་དཔག་ཏུ་མེད་པ་སྐུ་མདོག་དམར་པོར་བསམ་ཞེས་བྱ་བ་ལ་ནི་ལྷག་མའོ། །སྒྲོལ་མ་དེ་བཞིན་ལུ་གུ་རྒྱུད་ཅེས་བྱ་བ་ནི་སྒྲོལ་མ་དང་ལུ་གུ་རྒྱུད་དང་བཅས་པར་བསམ་པར་བྱ་སྟེ། ཕྱག་གཉིས་ན་ནི་ཞགས་པ་དང་ལྕགས་ཀྱུ་འཛིན་པ། ?་གཅིག་ཤོས་གཉིས ་ན་ནི་མེ་ཏོག་ཅན་གྱི་མདའ་དང་གཞུ་བསྣམས་པའོ། །དེ་ནས་དེ་དག་བསམ་པ་ནི། བཀུག་སྟེ་མདའ་ཡིས་བསྣུན་ན་ནི་ཞེས་བྱ་བ་སྟེ། ལྕགས་ཀྱུས་བཀུག་ལ་མངའ་བསྣུན་པའོ། །ཉེ་བར་མཚོན་པ་འདིས་ན་ཞགས་པ་བཅིངས་པས་ཀྱང་སྐད་ཅིག་གིས་དབང ་དུ་མཛད་པའོ། །འདི་སྐད་སྟོན་ཏེ་རང་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་པདྨ་དམར་པོའི་མདོག་ཅན་དེའི་སྟེང་དུ་བདག་ཉིད་འོད་དཔག་མེད་པ་མདོག་དམར་བའི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་པདྨ་དམར་མོ་མདོག་ཅན་ལ་བསྒྲུབ་པར་བྱ་བ ་བསམས་ནས། སྔ་མ་བཞིན་དུ་སྒྲོལ་མ་དང། ལུ་གུ་རྒྱུད་ཀྱི་གཟུགས་ཅན་མ་ཇི་སྐད་དུ་བཤད་པའི་མཚོན་ཆ་ཐོགས་པ་སྤྲུལ་ནས། ངེས་ནམ་མཁའ་མ་ལུས་པར་གང་བས་བསྒྲུབ་པར་བྱ་བ་བཅིངས་ནས་བཀུག་སྟེ་རང་གི་སྙིང་གར་བཅུག་ནས། ་སྔ་མ་བཞིན་དུ་མངའ་ཨི་སྦྱོར་བས་བསྣུན་ནས་དེ་རྣམས་དེར་གཞུག་གོ་།དེ་ནས་ཡང་དེའི་བ་སྦུའི་བུ་ག་རྣམས་ལས་འོད་དཔག་ཏུ་མེད་པ་ཇི་ལྟ་བ་བཞིན་དུ་ཕྱུང་ལ། དེ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཆུའི་རྒྱུན་གྱིས་དེ་དབང་བསྐུར་ནས། དེའང་དེར ་གཞུ་གོ?་ཞེས་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དེ་བླ་ན་མེད་པའི་དབང་དུ་འགྱུར་བ་ཐོབ་པར་བསམ་པར་བྱའོ། །ཡམས་དང་ཞེས་བྱ་བ་ལ་སོགས་པ་ལ། ཡམས་ནི་ནད་འགོ་བའི་འཆི་བས་འཆི་བ་དང། ཁྱིམ་ལ་སོགས་པར་སྲིན་པོ་ལ་སོགས ་པ་མཐོང་བ་སྟེ། དེ་བྱས་པའི་ཉེ་བར་འཚོ་བ་ནི་གནོད་པ་སྟེ། ཉེ་བར་འཚེ་བ་དེ་རྣམས་གཞིག་ཅིང་བསྐྱབ་པའི་ཕྱིར་འོད་ཟེར་འོད་ཟེར་ཅན་དང་རི་ཁྲོད་ཀྱི་ཤིང་ལོ་མ་རབ་ཏུ་སྦྱར་བར་བྱའོ་ཞེས་ཤེས་པར་བྱའོ། །ཇི་ལྟར་ཞེ་ན་སྐུ་ཆེན་གྱིས་ཀྱང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་ཚུལ་དུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་ཚུལ་དུ་མཚོན་ཆ་ལ་སོགས་པ་བསྣམས་པར་བསམ་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། བདུད་རྩི་ཡིས་ཀྱང་རྣམ་པར་བཟློག་ཅེས་བྱ་བ ་གསུངས་ཏེ། བདུད་རྩིའི་ཆར་འབེབས་པར་རྒྱུར་གྱུར་པས་ཡམས་དང་གནོད་པའི་རྣམ་པ་བཟློག་པར་བྱའོ་ཞེས་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལྗང་གུ་དེའི་སྟེང་དུ ་བདག་ཉིད་དོན་ཡོད་པར་གྲུབ་པ་སྐུ་མདོག་མརྒད་ལྟ་བུའི་མདོག་ཅན་གྱི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་མདོག་ལྗང་གུ་ལ་བསྒྲུབ་པར་བྱ་བ་བསམས་ཏེ། འོད་ཟེར་ཅན་དང་རི་ཁྲོད་ཀྱི་ལོ་མ་ཅན་གྱི་གཟུགས་ལ་ཁྲོ་བོ་ཇི་ལྟ་བ་བཞིན་སྐུར་སྤྲུལ་པ་དེ་རྣཾS? ་ཀིས་ནམ་མཁའ་མ་ལུས་པར་བཀང་སྟེ། དེའི་ལུས་ལས་བྱུང་བའི་ཁྲོ་བོ་འབར་བ་རྣམས་གདུག་པ་རྣམས་ཀྱིས་མིག་དང་ཁ་འཚེམ་ཞིང་ཐལ་བར་བྱས་པར་རྣམ་པར་བསམས་ལ་འོད་ཟེར་ཅན་ལ་སོགས་པའི་ལྷ་མོའི་ཚུལ་གྱིས་ཞི་པ་ལ་གཟུགས ་སུ་ཡོངས་སུ་གྱུར་ནས། བུམ་པ་ཐོགས་པ་བཀུག་ནས་དབང་བསྐུར་ཏེ། དེ་རྣམས་དེར་གཞུག་གོ། དེ་ནས་ཡང་དེའི་བ་སྤུའི་བུ་ག་རྣམས་ནས་དོན་ཡོད་པར་གྲུབ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན ་གྱིས་དབང་བསྐུར་ཏེ། དེ་ཡང་དེར་རབ་ཏུ་གཞུག་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དེ་ཉེ་བར་འཚེ་བ་དང་བྲལ་བ་རྣམ་པར་བསམ་མོ། །མརྒད་ལྟ་བུའི་མདོག་ཅན་ལ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྐུ་མདོག་ལྗང་གུའི་རྣམ་པ་རྣམས ་ལ་བཤད་མ་ཐག་པའི་སྦྱོར་བ་བྱའོ་ཞེས་སྟོན་པ་ཡིན་ནོ། །ལ་ལ་དག་ནི་མི་བསྐྱོད་པ་མརྒད་ཀྱི་མདོག་ལྟ་བུའོ་ཞེས་ཟེར་ཏེ། དེ་ནི་མདོག་དང་རྗེས་སུ་མི་མཐུན་པས་མི་རིགས་སོ། །ཧཱུཾ་ཞེས་བྱ་བའི་སྒྲ་སྒྲོགས་པ་ཞེས་བྱ་བ་ནི། ཡི་གེ་ཧཱུཾ་འདོན་པ་ལ་བརྩོན ་པ་སྟེ། མི་བསྐྱོད་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟ་བུར་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ་རྡོ་རྗེ་བསྡིགས་པར་བརྩོན་པ་ཡིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་འདི་ནི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་མཚོན་ཆ་བསྣམས་པར་རིགས་སོ། །འདི ་?་སྟོན་ཏེ་རང་གི་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་མི་བསྐྱོད་པ་སྐུ་མདོག་སྔོན་པོར་བསམས་ལ། རང་གི་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་བསྒྲུབ་པར་བྱ་པ་བསྲུང་བ་དང་བྲལ་ཞིང་ལྷས་སྤངས་པ་བསམས་ལ་སྔ་མ་བཞིན་དུ་།ཁྲོ ་གཉེར?་ཅན་དང་མཱ་མ་ཀཱིའི་གཟུགས་ཀྱིས་སྤྲུལ་པས་ནམ་མཁའ་ལུས་པར་བཀང་སྟེ། དེ་བཞིན་དུ་བཀུག་ནས་རྡོ་རྗེ་མེའི་ཆར་གྱིས་བསྲེགས་ལ་དེ་རྣམས་དེར་གཞུག་གོ། ཡང་དེའི་བ་སྦུའི་བུ་ག་རྣམས་ལས་མི་བསྐྱོད་པ་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། དེ་བཞིན་རྡོ་རྗེ་མེའི ་ཆར་འབེབས་པར་བྱ་སྟེ། དེའི་ལུས་ལ་དེ་གཞུག་པས་སྐམས་ཤིང་ཤི་བར་བསམ་མོ། །ཡན་ལག་གཞིག་པ་ལ་ཡང་ཆོ་ག་འདི་ཉིད་བྱའོ། །འདི་ནི་ནང་གི་ཞི་བ་ལ་སོགས་པའི་ཆོ་ག་སྟེ། བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ་ལས་ལྔ་བ་བྱ་བ་ནི་ཕྱིའི་ཆོ་གའོ།། ་བྱིན་རླབས་ཞེས་བྱ་བ་ལ་སོགས་པ་ལ་བྱིན་གྱིས་བརླབས་པའི་ངོ་བོ་ཉིད་ནི་རྡོ་རྗེ་སེམས་མའོ། །དམ་ཚིག་དང་དབང་བསྐུར་བའི་ངོ་བོ་ཉིད་ནི་རིན་ཆེན་སེམས་མའོ། །དེ་ཉིད་འོག་ནས་གསུངས་པ་ནི། རྡོ་རྗེ་སེམས་མ་རིན་ཆེན་འཆང་ཞེས་བྱ་བ་ཡིན་ནོ། །ཆོས་དང་རྡོ་རྗེ ་ལས་མོས་མ་ཞེས་བྱ་བ་ནི་ཆོས་ཀྱི་སེམས་མ་དང། ལས་ཀྱི་སེམས་མ་སྟེ། དེ་ལྟར་ལྷ་མོ་བཞི་པོའི་འདི་ཉིད་སྦྱར་རོ། །ཇི་ལྟ་ཞེ་ན། སྦྱོར་བ་ཞེས་བྱ་བ་གསུངས་ཏེ། བཤད་མ་ཐག་པའི་ཞི་བ་ལས་བཞིའི་ཚོགས་སྦྱར་བར་བྱའོ་ཞེས་དོན་ཏོ། །བཅུ་དྲུག་ཅེས་བྱ ་བ་ནི་ཉེ་པར་མཚོན་པ་འདིས་ནི་ཚད་གསུངས་པ་ཡིན་ཏེ། བྱམས་པ་ལ་སོགས་པ་གཟུང་ངོ། །རང་གི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་བྱམས་པ་ལ་སོགས་པས་ཞི་བ་དང། རྒྱས་པ་དང། དབང་དང། ་ཡམས་རང་མཚོན་པ་ཉེ་བར་ཞི་བ་ལས་ངེས་པར་བྱེད་པའོ། །འབྲས་བུ་དོན་ཡོད་སྦྱིན་བྱེད་པའི། །ཁྲོ་བོའི་ལུས་ལ་ལེགས་གནས་ཏེ། །ཞེས་བྱ་བ་ལ་སོགས་པས་ནི། དོན་ཆེན་པོ་འདི?་ཡིན་པའི་ཕྱིར་བསྟན་པའི་དོན་དུ་སླར་ཡང་མངོན་སྤྱོད་ཀྱི་ལས་བྱ་བ ་གསུངས་པ་ཡིན་ཏེ། ཁྲོ་བོའི་ལུས་ལ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྐུར་ལེགས་པར་གནས་པར་བྱས་ལ། ཁྲོ་བོའི་རྒྱལ་པོ་ལས་ལ་ངེས་པར་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ ་ཚིག་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བའི་ལུས་ལ་གནས་ཤིང། སྐུ་གསུང་ཐུགས་བསྒོམས་པས་རྣམ་པར་བསྒོམ་པའོ། །བསྐུལ་ནི་བཅོམ་ལྡན་འདས་འདི་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའོ་ཞེས་བྱ་བ་ལ་སོགས་པའི་བསྐུལ? ་པ་རྣམས་ཀྱིས་ཕྱུང་སྟེ་ཞེས་བྱ་བའི་དོན་ཏོ། །དེའི་རས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་སོ། །དེའི་གཟུགས་བརྙན་བཅིང་བར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ཀྱི་རྣམ་པ་དང་འདྲ་བར་བྱས་ལ་བྱའོ། །ཕུར་བུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་མངོན་པར་འདུས ་བྱས་པས་སོ། །མེ་འབར་བ་ལ་ཞེས་བྱ་བ་ནི་འབར་བའི་མེ་ལ་སྟེ། སྐམ་པ་དང་བཅས་པ་ནི་སྔ་མ་བཞིན་ཏེ། གོང་ནས་གོང་དུ་ཕུལ་དུ་བྱུང་བའི་སྦྱོར་བས་སོ། །རུས་སྤལ?་གྱིས་ནི་རྐང་སྟབས་སྦྱར་ཞེས་བྱ་བ་ནི་ཙོག་ཙོག་པོར་འདུག་སྟེང་རྐང་པ་གཡོན?་པའི་སྟེང་དུ་རྐང་པ་གཡS་པ ་བཞག་པར་བྱ་བ་ནི་རུས་སྦལ་གྱི་རྐང་སྟབས་ཀྱི་མཚན་ཉིད་དོ། །ལས་འདི་ཞེས་བྱ་བ་ནི་ལས་རྣམས་སོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེ་གཤེད་ལ་སོགས་པའི་གང་ཡང་རུང་བའི་སྦྱོར་བས་འདུག་ལ། དཀོན་མཆོག ་གསུམ་ལ་གནོད་པ་བྱེད་པའི་བསྒྲུབ་བྱ་མདུན་དུ་བསམས་ཏེ། དེའི་སྙིང་གར་དེ་རང་གི་ལྷ་འདོད་པའི་རྒྱལ་པོས་བཀུག་ལ་དེའི་མགོར་འཁོར་ལོ་འམ་པདྨ་འམ?་རྡོ་རྗེ་འབར་བ་ཀུན་ཏུ་འཁྲུག་པ་རྣམ་པར་བསམས་ལ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས ་པས་ཇི་ལྟ་བ་བཞིན་དུ་བཟློག་ལ་བསྒྲུབ་པར་བྱ་བའི་སྙིང་གའི་ཟླ་བ་ལ་དེའི་མིང་བྲིས་ལ། ཨོཾ་མ་ཎི་རི་ཏི་ན?་ར་པ?་ཏི་རཱ་ཛྙོ་གི་ནི་ཛ:སྭཱཧཱ། ཞེས་བྱ་བ་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་ཀྱིས་མིང་དྲངས་ནས་བཀུག་པའི་ཚུལ་དུ་རིགས་སྔགས་དང་སྤེལ་བས་རང་གི ་རྐང?་པའི་འོག་ཏུ་བཞག་གོ། དེ་ནས་བྱང་ཆུབ་ཀྱི་སེམས་དང་ཇི་ལྟ་བ་བཞིན་དུ་དཔྲལ་བ་སྔོན་དུ་འགྲོ་བས། མགོ་དང་སྤྱི་གཙུག་ལ་སོགས་པའི་བསྲུང་བ་བསལ་ལ། ཇི་སྐད་བཤད་པའི་ཚུལ་གྱིས་དེའི་གཟུགས་བརྙན་བསྐྱེད་དེ་རྣམ་པར་ཤེས་པའི་རླུང་དང་འདྲ་ཞིང་སྲིན་བུ་མེ་ཁྱེར ་ལྟ་བུར་ལྕགས་ཀྱུས་?་ནས། ཞགས་པས་གཞུག་ཅིང་ལྕགས་སྒྲོག་གིས་བཅིངས་ཏེ། གཟིར་བ་འདི་ལྟ་བུ་ཞག་བདུན་གྱི་བར་དུའོ། །དེ་ནས་རྐང་པས་མནན་ལ། དུས་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་པོ་སོན་ཆའི་ཚེར་མས་ཕུག་ལ་དུས་དེ་སྲིད་ཀྱི་བར་དུ ་བཟླའོ། །དེ་ནས་ཕུར་བུས་བཏབ་ལ་དེ་བཞིན་དུ་བཟླའོ། །དེ་ནས་མེས་གདུང་བར་བྱའོ། །དེ་ནས་བཅད་དོ། །དེ་ནས་སྦྱིན་སྲེག་བྱེད་ཅིང་ཞག་བདུན་བཟླའོ། །དེ་ལྟར་ཉིན་ཞག་བདུན་ཁྲོ་བོའི་ང་རྒྱལ་བྱས་ལ་འབར་བའི་ལུས་ཀྱིས་ལས་བྱས་ན་ངེས་པར་འཇིག་པར ་འགྱུར་བར་གདོན་མི་ཟའོ། །ཆོ་ག་བཞིན་དུ་དགུག་པར་བྱ་ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་གསོ། །རྡོ་རྗེ་གཞན་གྱིས་ཞེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའོ། །བསྣུན་པར་ཕྱེད་པ་ཞེས་བྱ་བ་ནི་བརྡེག་བཞིན་པའོ། །གཏུབ་པ་དང་ཞེས་བྱ་བ་ནི་རྣམ་པར ་གཞིག་གོ། རྒྱུ་མ་ལོང་ནར་བར་བསམས་ཞེས་བྱ་བ་ནི་རྒྱུ་མ་དང་ཡན་ལག་ཀུན་དབྲལ་ཞིང་ནད་ལ་བསྒྲུབ་པར་བྱ་བ་འཇིགས་པས་རྣམ་པར་མོས་པར་བསམ་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ། །འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེ་གཤེད་ལ ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག?་ལ་བསྒྲུབ་པར་བྱ་བ་མདུན་དུ་བསམས་ཏེ། བསྲུང་བ་ལ་སོགས་པ་དང་ཕྲལ་ལ། ཇི་སྐད་དུ་བཤད་པའི་ཁྲོ་བོ་སྤྲུལ་ནས། ལ་ལས་ནི་ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ་ཁྲིད་པར་གྱུར་པ་དང། ལ་ལས་ནི་རྡོ ་རྗེས་བརྡེག་བཞིན་པ་དང་ནི་གཏུན་ཤིང་གིས་བརྡུང་བཞིན་པ་དང་ལ་ལས་ནི་འཁོར་ལོས་གཅོད་བཞིན་པ་དང། ལ་ལས་ནི་ལྕགས་ཀྱུ་ལ་སོགས་པས་འདྲེན་བཞིན་པ་དང། ལ་ལས་ནི་ཟ་བཞིན་པར་རྣམ་པར་བསམས་ལ། སྔར་བཤད་པའི་རྡོ་རྗེ་གནོན ་སྦྱིན་གྱི་ཕྱག་རྒྱས་བཅིངས་ཏེ། འབར་བའི་ཚུལ་གྱིས་ཇི་སྐད་དུ་བཤད་པའི་གསང་སྔགས་བཟླས་ནས། དཀྱིལ་འཁོར་གྱི་ལྷ་རྣམས་དེ་གསོད་པར་བརྩོན་པར་བསམ་པར་བྱའོ། །མིང་ནས་བསྐུལ་བར་བྱ་ཞེས་བྱ་བ་ནི་ཆེ་གེ་མོ་ཟོ་ཞིག་ཅེས་བྱ་བ་ལ་སོགས ་པས་བསྐུལ་བ་སྟེ། སྔར་བཤད་པའི་བསྐུལ་བའི་སྦྱོར་བ་འདི་དང་སྦྱར་རོ། །རླུང་གི་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་གསུངས་པའོ། །རྡོ་རྗེ་ཁྲོ་བོས་ཞེས་བྱ་བ་ནི་དབྱུག་སྔོན་ལ་སོགས་པའོ། །དཀྲི་བར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་བསམ ་ཞེས་བྱ་བ་ནི་ལྷག་མ་སྟེ། འདི་ནི་བསམ་གཏན་གྱིས་སྤོང?་པའོ། །འདི་སྐད་སྟོན་ཏེ། ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། བསྒྲུབ་པར་བྱ་བ་དེ་བཞིན་དུ་མགོ་དང་གཙུག་ལ་སོགས་པའི་བསྲུང་བ་གསལ་ལ། ཡཾ ་ལས་རླུང་རིག་དཀྱིལ་འཁོར་བསྐྱེད་པ་ལ་བསྐྱོན་ཏེ། རྡོ་རྗེ་རྔ་མོའི་རྒྱབ་ཏུ་བསྐྱོན་ཏེ། གཅེར་བུ་སྤྱི་གཙུག་སྐྲ་གྲོལ་བ་ཏིལ་མར་གྱིས་ལུས་བསྐུས་ལ། བསྒྲུབ་པར་བྱ་བའི་ཁ་དང་མདོག་དང། ལག་པ་གཉིས་དང། སྙིང་ག་དང། ལྐོག་མར ་ཡི་གེ་ཡཾ་དུ་བའི་མདོག་ཅན་བསམས་ལ། དབྱུག་སྔོན་གྱིས་རྡོ་རྗེ་མཚན་པའི་དབྱུག་པས་རྡོ་རྗེ་རྔ་མོ་འདས་པས་ལྷོ་ཕྱོགས་སུ་ཁྱེར་ཞིང་རྔ་མོའི་གཅིན་གྱིས། དེའི་ལུས་ཡོངས་སུ་གཡེངས་པར་གྱུར་བར་བསམས་ཏེ། དེ་ཉིད་དང་ལྷན་ཅིག་ཏུ ་ཡུལ?་གཞན་དུ་ཕྱིན་པར་བསམ་པར་བྱ་ཞིང་ཁ་གདོང་མ་བཀྲུས་ཤིང། ཇི་སྲིད་དུ་བྱ་རོག་མ་ལངས་པ་དེ་སྲིད་དུ། ཨོཾ་བྷེ་རི་བྷེ་རི་གཎྜ་རི་ཙཎྜ་ལི། མ་ཏཾ་གི་སྭཱཧཱ་ཞེས་བརྗོད་ལ་ཁའི་དབུགས་ཀྱིས་བསྒྲུབ་པར་བྱ་བ་བཏེག་ནས་ངེས་པར་སྤྲོད? ་པར་འགྱུར་རོ། །དེའི་རྐང་རྗེས་སུ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བའི་དོན་ནི་བཤད་ཟིན་ཏོ། །དེ་ལྟར་ན་དེའི་སྦྱོར་བའི་ལས་ཞེས་བྱ་བ་ནི་འདི་སྐད་དུ་བཤད་ཆོ་གས་བསྟན་པའི་གསང་སྔགས་བྲི་བ་ལ་སོགས་པའི་ལས་ཀྱིས་བསྐྲད་པར་འགྱུར་རོ ་ཞེས་ཀྱང་སྦྱར་རོ། །བསྒོམ་ཞིང་ཆོ་ག་བཞིན་བྱས་ན་ཞེས་བྱ་བ་ནི་རང་གི་སྦྱོར་བས་དེ་བཞིན་དུ་འདུག་ལ་བསམ་གཏན་གྱིས་བསྐྲད་པའི་སྦྱོར་བ་བསྒོམས་པས་སྐྲོད་པར་འགྱུར་རོ་ཞེས་འོག་ནས་སྨོས་པ་དང་སྦྱོར་རོ། །དེའི་མིང་གསང་སྔགས་དང་སྤེལ་ཞིང་ཞེས་བྱ་བ་ནི ་བསྒྲུབ་པར་བྱ་བའི་མིང་དང་སྔགས་སུ་སྤེལ་བ་སྟེ། འདིས་ཀྱང་ཕྱི་དང་ནང་གི་རྣམ་པའི་བྱེ་བྲག་ཅན་གྱི་སྦྱོར་བ་མ་ལུས་པར་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས། རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྲུང་བ ་ལ་སོགས་པ་བསལ་ཏེ། ཏཱ་ལའི་ལོ་མ་ལ་སོགས་པ་ཕྱག་རྒྱ་གཏོར་བའི་ཚུལ་ལམ་ཡི་གེ་བཟློག་པའི་ཚུལ་གྱིས་བདུད་རྩི་འཁྱིལ་པ་ལ་སོགས་པ་གང་ཡང་རུང་བའི་སྔགས་ཆེ་གེ་མོས་སྐྲོད་ཅིག་བྱ་བའི་ཚིག་དང་སྤེལ་བའི་སྦྱོར་བས་དུག་ལ་སོགས་པ ་དང་བྲིས་ལ་ནིམ་པའི་ལོ་མ་སྨེ་བར་བྱས་པ་དང། ཁྲག་ལ་སོགས་པ་བསྐུས་ལ། ཏ་ལའི་ལོ་མ་དེ་འུག་པའི་སྤྲོས་མ་དགེ་སྦྱོང་གི་སྐྲས་དཀྲི་ཤིང་སྤེལ་བ་བྱས་ལ། ཉི་མ་ཕྱེད་དམ་མཚན་ཕྱེད་ལ་ཁྱིམ་གྱི་དབུས་ལ་སོགས་པར་བརྐོས་ནས་ཇི་སྐད་བཤད་པའི་བསམ ་གཏན་གྱི་བཀོད་པའི་སྦྱོར་བས་བསྒོམ་པར་བྱའོ། །ཐལ་མོ་འགྱེད་པར་ཞེས་བྱ་བ་ནི་ལྷའི་གཟུགས་སུ་བསྒོམས་པས་གནས་ལ་འཐབ་བཞིན་པར་ཡོངས་སུ་བསམ་མོ་ཞེས་སྦྱར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར ་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྒྲུབ་པར་བྱ་བའི་བསྲུང་བ་ལ་སོགས་པ་བསལ་སྟེ། དེའི་གནས་དང་ཉེ་བར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་གཉིས་བསམས་ལ། དེའི་སྙིང་གར་ཡི་གེ་ཧཱུཾ་དམར་པོ་དང་ནག་པོ་བསམས་ལ་བསྒྲུབ ་པར་བྱ་བའི་དཔྲལ་བར་ཡཾ་བཀོད་ནས། ཁྲོ་བོ་གཉིས་འཐབ་བཞིན་པར་བསྒྲུབ་པར་བྱ་བ་བྱེ་ཞིང་འབྲས་པར་བསམ་མོ། །རང་གི་ལག་པའི་སེན་མོ་ལ་དེའི་མིང་གི་ཡི་གེ་ཕྲེང་བ་ཕྱིན་ཅི་ལོག་ཏུ་བཀོད་ལ། ཕན་ཚུན་འདར་ནས་ཆེ་གེ་མོ་འགྲས་བར་གྱུ ་ཅིག་ཅེས་བསྐུལ་ལ་ཁྲོས་པས་རང་གི་གསང་སྔགས་བཟླས་པར་བྱའོ། །ཧཱུཾ་ཞེས་བྱ་བས་གང་བའི་ཞེས་བྱ་བ། ནི་ཡི་གེ་ཧཱུཾ་བརྗོད་པས་སོ། །རྡོ་རྗེ་ཕྲ་མོ་བསྒོམས་བྱས?་ན་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་ནས་འབྲུ་ཙམ་གྱི་རྡོ་རྗེ་རྩེ་མོ་ལྔ་པ ་འབར་བ་བསམས་བས་དགང་བར་བྱའོ་ཞེས་འོག་མ་དང་སྦྱར་རོ། །གང་དུ་ཞེ་ན། སྣའི་རྩེ་མོ་ནས་བཏོན་ཏེ་ཞེས་བྱ་བ་གསུངས་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་སྣའི་རྩེ་མོར་བསྒོམས་པས། རྡོ་རྗེ་ཕྲ་མོ་བསྐྱེད་ནས་ངེས་དུས་ཕྱིས་དགང་བར་བྱའོ། ། ་སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ནི་རེ་རེ་ཞིང་རྩེ་མོ་ལྔ་པ་ལ་ཁ་བཞི་པའི་རྡོ་རྗེའོ། །ཡང་ན་རེ་རེ་ཞིང་རྩེ་གསུམ་པའི་ཁ་བཞི་བའི་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །བཅིངས་ནས་སུ་ཞེས་བྱ་བ་ནི་ལག་པའི་དབུས་ལ་སོགས་པའོ། །རྡོ་རྗེ་འབར་བ་ཞེས ་བྱ་བ་ལ་སོགས་པ་ལ་ཇི་སྐད་དུ་བཤད་པའི་རྡོ་རྗེ་ལས་བྱུང་བའི་འབར་བས་བསྒྲུབ་པར་བྱ་བའི་ལུས་སྐེམས་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ཕྲ་མོ་བསྒོམས་པས་བསྐྱེད་ལ ་དེ་བཞིན་དུ་ཁྲོ་བོ་གང་ཡང་རུང་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ། བསྲུང་བ་ལ་སོགས་པ་བསལ་ནས། ཧཱུཾ་ཞེས་བརྗོད་ལ་སྣའི་དབུགས་ཀྱིས་ཇི་སྐད་དུ་བཤད་པའི་རྡོ་རྗེས་དྲངས་ཏེ ་དེ་བསྒྲུབ་པར་བྱ་བ་བསྐང་བ་ལ་སོགས་པའི་གནས་སུ་སྣ་ཚོགས་རྡོ་རྗེ་རྣམ་པར་སྤྲོས་ལ། བསྒྲུབ་པར་བྱ་བའི་དེའི་གཤེར་བའི་རྫས་རྣམས་རྡོ་རྗེ་མཁའ་གྲོ་མས་བཞིབས་བར་བསམས་ལ་ཇི་སྐད་བཤད་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས ་ནས་ཁྲོ་བ་ལ་ཞེས་པས་ཨོཾ་ཞེས་བྱ་བ་ལ་སོགས་པར་བསྟན་པའི་གསང་སྔགས་ངེས་བསང་པ་ལ་སོགས་པའི་སྦྱོར་བས་གདོན་བར་བྱའོ། །མཁས་བས་ཞེས་བྱ་བ་ནི་མཁས་པས་བྱའོ། །ཞེས་སྔ་མ་དང་སྦྱར་བ་འམ། དེ་ནས་མཁས་པS ་བཀབ་ཅེས་སོགས་དང་སྦྱར་རོ། །རླུང་གི་ཕྱོགས་སོང་སྟེ་ཞེས་བྱ་བ་ནི་རླུང་གི་ཕྱོགས་ཀྱི་ཆ་སྟེ། རླུང་ལྷས་ཕྱེ་བའི་མཚམས་སོ། །དེ་དག་ཅེས་བྱ་བ་ནི་ཐིག་ལེའོ། །དེ་ནི་ཞེས་བྱ་བ་ནི་ཁམ་པོར་དེ་བསམ་མོ་ཞེས་སྦྱར་ཏེ། དེ་ཞེས་བྱ་བ་ནི་རི་རབ་ཀྱིས་མནན་པར་བསྒོམ་མོ་ཞེས ་པར་བྱའོ། །ཡང་ཞེས་བྱ་བ་ལ་སོགས་པ་ལ། ཡཾ་ལས་བྱུང་བའི་རླུང་བདུན་འོག་གི་ཆར་གནས་པ་རྣམས་ཀྱིས་ཡོངས་སུ་གཡོབ་བ་དང་རི་རབ་དེ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རླུང་མནན་པར་བྱ་བའི་དོན་ཏོ། །ནང་དུ་རླུང་རྣམས་ངེས་པར་ཆུང་པར་བྱ་ཞེས་བྱ་བ་ནི་བྱ་བའི ་ཁྱད་པར་ཀྱིས་ན་གཉིས་པ་ཡིན་ཏེ། ནང་སྟེ་དབུས་སུ་རླུང་རྣམས་ཆུད་ཅིང་སྦས་པ་སྟེ། རླུང་ཚོགས་རི་རབ་ཀྱིས་གཡོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་དེ་ཉིད་ཁྱད་པར་ནི། ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ་ཡི་གེ་ལས་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གང་ཡིན་པ་དེར་རོ། །འདི་སྐད་སྟོན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཇི་སྐད་དུ་བཤད་པའི་ཕྱོགས་སུ་སོང་ལ། དྲིའི་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། དེར་འཁོར་ལོ་སྦྱོར་བས་མཛའ་ ་མར་དྲུག་དབུས་སུ་གཅིག་བྱས་ཏེ། དེ་རྣམས་ལ་ཡང་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་རླུང་ལྷ་རྣམས་སུ་བསམས་ཏེ། འདོད་པའི་རྒྱལ་པོས་གཉིས་བ་ཡང་བཀུག་ནས་གཞུག་པ་དང། བཅིང་བ་དང། དམ་ཚིག་དང། བཀའ་བསྒོ་པ་ཇི་ལྟ་བ ་བཞིན་དུ་བྱས་ཏེ། ཧཱུཾ་སུམ་ཧཱུཾ་ཞེས་བྱ་བ་ལས་བསྐྱེད་པའི་ཁམ་ཕོར་ལས་རིའི་རྒྱལ་པོ་རི་རབ་ཁ་ཐུར་དུ་བལྟས་པ་ལ་ཡི་གེ་ཧཾ་བཟླས་ལ་རབ་ཏུ་བཀབ་སྟེ། དེའི་སྟེང་དུ་ཡི་གེ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་པ་ཁ་དོག་སེར་པོ་བསམS ་ལ། དབང་ཆེན་གྱི་དཀྱིལ་འཁོར་དེ་ཡང་ཁྲོ་བོའི་རྡོ་རྗེ་ཆེན་པོ་རྩེ་ལྔ་བས་མནན་པར་རྣམ་པར་བསམས་ལ། དེའི་སྟེང་དུ་རྐང་པ་གཡོན་པ་བཞག་ནས། འཕགས་པ་མི་གཡོ་མགོན་གྱི་གསང་སྔགས་ལ་རྗེས་སུ་མཐུན་པའི་བསྐུལ་ཚིག་ལས ་བཅས་པ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་བསྟན་པ་འདི་ནི་དེ་གཙོ་བོར་བསྟན་པ་ཡིན་གྱི། སྦྱོར་བ་གཞན་གྱིས་བྱ་བ་ལ་ཡང་ཉེས་པ་མེད་དོ། །ཀླུ་བརྒྱད་དགོང་དབུས་ཞེས་བྱ་བ་ནི་ཤར་གྱི་འདབ་མ་ནས་བརྩམས་ཏེ་སྔར་བཤད་པའི ་ཀླུ་བརྒྱད་དགོད་བའོ། །རྡོ་རྗེ་ཁྲོ་བོའི་སྐུ་ཞེས་བྱ་བ་ནི་གཙོ་བོར་ཁྲོ་བོ་སྟོབས་པོ་ཆེའི་སྐུས་སོ། །གཟིར་ནས་སུ་ཞེས་བྱ་བ་ནི་གཟིར་བ་བསམ་མོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་རང་གི་དཀྱིལ་འཁོར་གྱི་དབུས་སུ་སྟོབས ་པོ་ཆེའི་སྦྱོར་བས་དུག་ལ་མདུན་དུ་སྤང་ལེབ་ལ་སོགས་པའི་གཞི་ལ་མེའི་དཀྱིལ་འཁོར་དེའི་འོག་ཏུ་རླུང་དེར་ཡང་ཆུའི་དབུས་སུ་ཇི་སྐད་དུ་བཤད་བའི་པདྨ་བྲིས་ལ། དེའི་འདབ་མ་བརྒྱད་ལ་ཇི་སྐད་དུ་བཤད་པའི་ཀླུ་བརྒྱད་ཡི་གེ་ན་ཧཱུཾ་གཉིས་ཀྱི ་རབ་ཏུ་བཅུག་པའི་རྣམ་པར་བཀོད་ལ། དེར་ཡང་སྟོབས་པོ་ཆེས་ཀླུ་དགུག་པ་ལ་སོགས་པ་བྱས་ཏེ། རྟིང་པས་བརྡེག་པར་བསམས་ལ། ཧཱུཾ་གིས་རབ་ཏུ་གཟིར་པར་གྱུར་པས་།ཀླུའི་བདག་པོ་སྐྱུགས་པར་གྱུར་པ་རྣམ་པར་བསམས་ལ ་ཆར་ཕོབ་ཅིག་ཅེས་བྱ་བའི་བསྐུལ་ཚིག་དང་བཅས་པར་སྔགས་བཟླའོ། །དབུས་སུ་ཞེས་བྱ་བ་ནི་ལྟེ་བ་ལའོ། །ཀླུ་རྣམས་ཀྱི་སྙིང་པོ་ཡོངས་བཅུག་ཅེས་བྱ་བ་ནི་ཀླུའི་ས་བོན་གྱི་ཡི་གེ་ཧཱུཾ་གཉིས་དང་སྤེལ་བ་ཉིད་ཡོངས་སུ་བཀོར་རོ། །ཧཱུཾ་ཞེས ་བྱ་བ་བཟླས་བརྗོད་བྱས་ན་ནི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དང་སྤེལ་ལ་ཡི་གེ་ན་བཟླས་ཤིང་བསམས་ན། ཀླུའི་ཚོགས་རྣམས་ཀྱིས་ཆར་འབེབས་སོ། །བཤད་མ་ཐག་པའི་སྦྱོར་བ་འདིས་ནི་བཙུན་པ་མར་མེ་མཛད་སེང་གེས་ཀྱང་དེ་སྐད་དུ ་བཤད་དོ། །འདི་སྐད་སྟོན་ཏེ། གལ་ཏེ་སྔར་བཤད་པའི་སྦྱོར་བས་ཆར་མི་འབབ་ན། ཐམས་ཅད་དེ་བཞིན་དུ་བསྐྱེད་ལ་དབུས་ཀྱི་ནའི་ནང་དུ། བརྒྱད་ཆར་བཅུག་ལ་ཧཱུཾ་ན་ཧཱུཾ་ཞེས་བྱ་བ་བཟླ། སྟོབས་པོ་ཆེ་བསྒོམས་ལ་རང་ཉིད་ཀྱིས་བཟླས་པ ་བྱའོ། །བཀུག་ནས་ཞེས་བྱ་བ་ནི་དགུག་པའོ། །འབྱུང་བ་ཞེས་བྱ་བ་ནི་རྣམ་པར་འབྱིན་པའོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ། རླུང་གི་དཀྱིལ་འཁོར་དབུས་སུ་རྟ་མགྲིན་གྱི་གཟུགས་ཁམས་གསུམ་པའི་ཚད་ཙམ་གྱིས་གནས་ལ། ལྕེའི་དབུས་སུ་ཡི་གེ་ཧཱུཾ་འབར་བའི་ཕྲེང་བས་ཁྱབ ་བར་བཀོད་ལ། ཇི་སྐད་དུ་བཤད་པའི་ཁ་དོག་ཁ་གདངས་པའི་དབུགས?་རྡུབ?་པའི་རླུང་སྒྲ་དང་བཅས་པས་མནད་ར་ལ་སོགས་པའི་ཇི་སྐད་བཤད་པའི་སྤྲིན་རྣམས་བཀུག་ལ་དབུགས་དབྱུང་བའི་རླུང་གིས་ཤིང་བལ་བཞིན་གཏོར་ལ་རང་གི་ཕྲེང་བའི་སྔགས་བཟླས་ཏེ། སྦྱོར་བ་འདི ་ལ་གཙོར་ནི་རྟ་མགྲིན་སྦྱར་རོ། །བཅད་གཏུ་བས་ཏེ་ཞེས་བྱ་བ་ནི་སྤྲིན་རྣམས་གཏུབ་པོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་འདུག་ལ་ཉི་མའི་དཀྱིལ་འཁོར་ལ་དེའི་མདོག་ཅན་གྱི་ཡི་གེ་ཧཱུཾ་བཀོད་ལ། སྡིགས་མཛུབ ་བྱ་བའི་ཚུལ་གྱིས། རང་གི་གསང་སྔགས་བཟླས་པས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པས་སྤྲིན་རྣམས་གཏུབ་པར་བསམས་ཏེ། སྦྱོར་བ་འདི་ལ་གཙོར་ནི་བདུད་རྩི་ཐབ་སྦྱོར་སྦྱར་རོ། །རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་སྦྱོར་བས་གནས ་བར་བསམ་པའོ། །མངའ་གཞུ་ཞེས་བྱ་བ་ལ་སོགས་པ་ལ། མདའ་གཞུ་ལ་སོགས་པ་ཐོགས་ནས། དེ་དང་དེས་འཕེན་ཅིང་དྲག་པོའི་འཆར་རབ་ཏུ་འབེབས་པའོ། །དེ་ཉིད་ཀྱིས་ནི་བདུད་ལས་རྣམ་པར་རྒྱལ་བ་སྟེ། ཕྱག་དྲུག་ཅེས་གསུངས་པས་ན། གཡོན་གྱི ་གཅིག་གིས་ནི་སྡིགས་མཛུབ་མཛད་པར་ཡང་ཤེས་པར་བྱ་བའོ། །སྐྲག་མཛད་ཅེས་བྱ་བ་ནི་འཇིགས་པར་མཛད་པའོ། །དེ་ལྟ་བུར་བསམས་ནས་ཅི་ཞིག་བྱེད་ཅེ་ན། འཇིགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་གདུག་པ་རྣམས ་ཡིན་པར་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་འདུག་ལ། ཡི་གེ་ཧཾ་ལས་དཔྲལ་པ་ལས་མི་གཡོ་བ་བྱུང་སྟེ། ཡི་གེ་ཧཱུཾ་ལས་སྒྲ་བསྒྲོགས་པ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྱིས་སྐོར་ཏེ་བཞུགས་པ་དེའི་ཕྱག་ཏུ? ་ཡི་གེ་ཁ་ལས་རལ་གྲིར་ཡོངས་སུ་བརྟགས་པ་དག་ཀྵཱིཾ?་ལས་ཞགས་པ་ཧཱུཾ:དང་སྤེལ་པའི་དྷི་ལས་གཞུ། ཧོ་སྔ་མ་བཞིན་དུ་སྤེལ་བ་ལས་མངའ་། ཧཱུཾ་ལས་རྡོ་རྗེ་བྱུང་པས་བསྣམས་པ་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བར ་བསྒོམ་ནས། ཞགས་པས་བཀུག་ནས་འགེགས་རྣམས་ཀུན་ནས་རལ་གྲི་ལ་སོགས་པས་བཏུབ?་བར་བསམས་ཏེ། གསང་སྔགས་བཟླས་བརྗོད་བྱའོ། །ཕུར་བུ་ཞེས་བྱ་བ་ནི་ཕུར་པོས་གདབ་པ་བྱས་པའོ། །འོད་ཟེར་ཅན་གྱི་གསང་སྔགས་བཟླས་བ ་ཡིས་ཞེས་བྱ་བ་ནི། འོད་ཟེར་ཅན་གྱི་གསང་སྔགས་འདོན?་པས་ལན་ཉི་ཤུ་རྩ་གཅིག་པ་མངོན་པར་བསྔགས་པའི་ཕུར་བུ་སྟེ། དེས་མིག་ཏུ་གདབ་པ་ཞེས་སྦྱར་རོ། །ཕྱི་བཞིན་རྡོ་རྗེ་གཏུན་ཤིང་དག་གིས་བརྡུང་ཞེས་བྱ་བ་ནི། རྡོ་རྗེ་གཏུན་ཞིང ་ཐོགས་པའི་ཁྲོ་བོས་རྒྱབ་ནས་བཟུང?་བར་བསམ་པར་བྱའོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག་པ། རྐང་རྗེས་ཀྱིས་དང་མིའི་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་རྣམས་ལས་མིང? ་གཟུགས་བྱས་ལ་། མི་རུས་ལས་བྱས་པའི་ཕུར་བུ་ཇི་སྐད་དུ་བཤད་པའི་གཟུགས་ཅན་ལ། འོད་ཟེར་ཅན་གྱི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དེས་མིག་གཉིས་སུ་ཕུར་བུས་གདབ་པའི་མིའི་གཟུགས་བརྙན་རྡོ་རྗེ་ཁྲོ་བོ ་རྡོ་རྗེ་གཏུན་ཤིང་ཐོགས་པས་བརྡུང་ཞིང་དེ་རེངས་པར་བྱའོ། །ཚོགས་ཀྱི་བདག་པོ་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་ནས་གདུག་པའི་ཁར་བཅུག་པར་ཡང་བསམ་ལ། ཇི་སྐད་དུ་བཤད་པའི་གསང་སྔགས་བཀའ་ལུང་བསྐོ་བའི་ཚུལ་གྱིས ་?་?། ཞུགས་པའི་འོག་ཏུ་ངེས་ཟོས་པར་བསམ་མོ། །ལས་འདིས་བསམས་པས་མདོ་ལས་ནི་ཇི་སྐད་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བསམ་གཏན་གྱིས། གཟུགས་བརྙན་བྱ་བ་ལ་སོགས་པའི་ལས་རྣམས་ཀྱིས་སོ། །མཁའ་ལ་ཞེས ་བྱ་བ་ནི། བདག་ཉིད་ནམ་མཁའ་ཨི་ཕྱོགས་སུ་གནས་ལ་བརྒྱ་བྱིན་དུ་བསམ་མོ། །ཞེས་བྱ་བའི་དོན་ཏོ། །ཀླུ་བརྒྱད་དག་དང་ཆར་སྤྲིན་དག་ལ་བསྒོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བཀའ་བསྒོ་བར་བསམ་མོ་ཞེས་བཤད་པའི་ཚིག་གིས་སྔ་མ་དང་སྦྱར་རོ། །དེ་ནས་ཅི་ཞིག ་བྱ་ཞེ་ན། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲིན་ཚོགས་ཞེས་བྱ་བ་ནི་ཀླུ་ལ་བྱ་བར་འདོད་དེ། །དེ་ཅིའི་ཕྱིར་ཞེ་ན། སྔར་དེ་ཉིད་ལས་བསྒོ་བའི་ཕྱིར་རོ། །འདབ་མ་བཀབ་ནས་ནི་ཞེས་བྱ་བ་ནི། གཤོག་པའི་རླུང་གིS་དེ་བཀང?་བའོ། །མཆུས་གོས?་ཞེས་བྱ་བ་ནི། མཆུ ་བཙུགས་པའོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ནམ་མཁར་གནས་པའི་བརྒྱ་བྱིན་དུ་བདག་ཉིད་རྣམ་པར་བསམས་ལ། བར་སྣང་ལ་གནས་ནས་འོག་ཏུ་ཇི་སྐད ་དུ་བཤད་པའི་ནམ་མཁའ་ལྡིང་དང། ཀླུའི་ཁྱིམ་ལ་སོགས་པ་ཚིག་པ་སྤེལ་བར་བྱེད་པ་བསམས་ལ། །ཇི་སྐད་དུ་བཤད་པའི་སྔགས་བཟླས་ཤིང་བཀའ་བསྒོ་བས་ཆར་གྱི་རྒྱུན་གྱིས་མི་གསོང་ཅིང། ཀླུའི་ཚོགས་རྣམས་ནམ་མཁའ་ལྡིང་གི་གཤོག་པའི ་རླུང་གཡོབས་པ་དང་མཆུས?་བཙུགས་པས་དེ་བྱེད་པར་བསམ་མོ། །ལྟ་ལ་བཞི་པོས་ཡོངས་སུ་བསྐོར་ཅེས་བྱ་བ་ནི། རྡོ་རྗེ་མཚོན་ཆ་ལ་སོགས་པས་ཡོངས་སུ་བསྐོར་བའོ། །དེ་ཉིད་གསུངས་པ་ནི། སྙེམས་མ་ཞེས་བྱ་བ་ལ་སོགས་པ་སྟེ། བསྙེམས ་མ་དང་རྡོ་རྗེ་མཚོན?་ཆ་མ་དང། རྡོ་རྗེ་བྱམས་མ་དང། རྡོ་རྗེ་ཀཱི་ལི་ཀཱི་ལའོ། །ཆུ་སྲིན་རྒྱལ་མཚན་ནི་རྡོ་རྗེ་བྱམས་མའོ། །མེ་ཏོག་གི་གཞུ་དང་རོལ་པས་མཚན་མ་དང། རྡོ་རྗེ་བསྙེམས་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །གཡས་པའི་ཕྱག་གིས་ཤེས ་ཞེས་བྱ་བ་ནི་གཡས་པ་རྡོ་རྗེ་བསྣམས་པའོ། །གཡོན་པས་རྡོ་རྗེ་དྲིལ་བུ་ཀུན་འཇོག་པའོ་ཞེས་བྱ་བ་ནི་རྐང་པའི་ཕྱོགས་སུ་རྡོ་རྗེ་དྲིལ་བུ་འཇོག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ཀྱི་ཕྱག་ལྷག་མ་དག་ལ་ནི་མེ་ཏོག་ཅན་གྱི་མད? ་དང་གཞུ་བསྣམས་པའོ། །ལྡེམ་བག་ཅེས་བྱ་བ་ལ་སོགས་པ་ལ། ལྡེམ་བག་གི་ལྷ་མོ་རྣམས་གྱིས་འཇོ་ཚུལ་གྱིས་ཡོངས་སུ་བཤད་ལ། དེས་སྒེག་ཅིང་རོལ་པ་དང་བཅས་པའོ། །སེམས་དཔའ་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་སེམས་དཔའ་ནི་རྡོ་རྗེ ་སེམས་དཔའ་ལ་སོགས་པ་སྟེ། དེ་བྱུང་བ་ན་སྤྲུལ་པའོ། །དེའི་སྤྲིན་ནི་དེའི་ཚོགས་སོ། །དེ་དང་འབྲེལ་བ་ནི་རབ་ཏུ་འབྲེལ་པར་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་ཆེན་ཅོད་པན་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་བའི་ཕྱིར་ཡིན་ཐད་ཆེ ་བའི་རིན་པོ་ཆེའི་ཅོད་པན་ཅིངས་ཤིང་དར་དབྱངས་རྣམ་པ་གཉིས་ཀྱི་མཐར་འཕྱང་བ་གང་ཡིན་པ་དེ་སྐད་ཅེས་བྱའོ། །ནམ་མཁའ་ལས་འབབས་པའི་ཞེས་བྱ་བ་ནི། ནམ་མཁའ་ཨི་ཕྱོགས་ལས། རྡོ་རྗེའི་ཐོག་འབབ་པ་བཟློག་པར་བྱེད་པ་བསམ་པའོ། །ོཾ ་ཞེས་བྱ་བ་ལ་སོགས་པ་ལ། ཆེ་གེ་མོ་ཞེས་བྱ་བའི་སྒྲ་ནི་སེམས་ཅན་གྱི་སྒྲ་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །དེ་ནས་ནི་ཡི་གེ་ཛ:ཛ:དེ་ནས་ཡི་གེ་ཧཱུཾ་བཀོད་པ་བྱས་ལ། སུ་ར་ཏ་ཞེས་བྱ་བའི་སྒྲའི་མཐར་སྟཝཾ་ཞེས་རབ་ཏུ་སྦྱར་རོ། །གལ་ཏེ་རྒྱུད་གཞན་དག ་ལས་བཤད་པ་སུ་ར་ཏ་སྟཾ?་ཞེས་པ་རྣམ་པར་དགོད་དམ་ཞེ་ན། བནདྷ་ཞེས་བྱ་བ་གསུངས་ཏེ། བནདྷ་ནི་འཆིང་བའི་བདག་ཉིད་ཅན་ཏེ། ཡི་གེ་པོཾ་རྣམ་པར་བཀོད་ལ་རྒྱུད་གཞན་དག་དང་རྗེས་སུ་མཐུན་པར་ཡི་གེ་ཧོ་ཡང་གཟུང་བར་བྱ་སྟེ། ལས་དང་རྗེས་སུ ་མཐུན?་པར་བསྐུལ་བའི་ཚིག་གཞུག་གོ་།དེ་ནས་མཛའ་མར་ཕཊ་ཅེས་བྱ་བས་ཏེ། སྔགས་འདི་དག་རིགས་པར་སྦྱར་བ་ནི། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛ:ཧཱུཾ་བཾ་ཧོ:སུར་ཏ་སྟཝཾ་ཆེ་གེ་མོའི་བཛྲ་པ་ཏ་མ་ཎི་པ་ར་ཡ་ཕཊ་ཅེས་བྱའོ། །དེ་ལྟར་ཞེས་བྱ་བ་ལ ་སོགས་པ་ལ། ཐོག་མ་དང་ཐ་མ་མེད་ཅིང། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་བླ་ན་མེད་པ་དེ་ཉིད་ནི་ས་བོན་གྱི་ངོ་བོ་ཉིད་པས་གོ་འཕང་སྟེ་གནས་པ་ཡིན་ལ། དེ་རྒྱས་པར་བྱེད་པ་ནི་རྣལ་འབྱོར་པའི་རྒྱུད་ལ་རྒྱ་ཆེར་གནས་པར ་བྱེད་ཅིང་གཉིས་སུ་རྟོག་པའི་འཆིང་བ་སེལ་བར་བྱེད་པ། རྣལ་འབྱོར་པ་རབ་ཏུ་སད་པར་བྱེད་པས་རྒྱས་པར་བྱེད་པ་སྟེ། ཇི་སྐད་དུ་བཤད་པའི་སྦྱོར་བ་རིམ་པ་འདིས་བསྒོམ་ཞིང་བསམས་ལ། ནམ་མཁའ་ལས་ནི་བབ་པ་ཡིས། །ཐོག་ཐོག་རྣམ་པར་བཟློག་པར་བྱ་ཞེས་སྔ ་མ་དང་སྦྱར་རོ། །འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་དཀྱིལ་འཁོར་གྱིས་དབུས་སུ། རྡོ་རྗེ་སེམས་དཔའ་ཨི་སྦྱོར་བས་འདུག་ལ། བསྒྲུབ་པར་བྱ་བའི་སྟེང་གི་ནམ་མཁའ་ཨི་ཕྱོགས་སུ་ཇི་སྐད་དུ་བཤད་པའི་ལྷ་མོ་བཞིས་ཡོངས་སུ་བསྐོར་པའི་བདེ་བ་ཆེན་པོའི་རྣམ་པར ་བསམས་ལ། སེར་བ་འབབ་པ་བཟློག་པའི་ཕྱིར་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གདོན་པས་བཅོམ་ལྡན་འདས་བསྐུལ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་སོ་ཞེས་མི་མངོན་པའི་ཚིག་གིས་སྦྱར་རོ། །ཅི་ཞིག་མཛད་ཅེ་ན་མི ་འཁྲུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པའི་རྒྱལ་པོ་དང། སྔགས་ཀྱི་སེམས་དཔའ་ཨི་བསྐལ་པ་བཟང་པོ་པ་བཅུ་དྲུག་ནི་ཉེ་བར་མཚོན་པ་ཙམ་མོ། །ཁྲོ་བོ ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །རིགས་པའི་རྒྱལ་མོ་ནི་སྤྱན་ལ་སོགས་པའི་རིག་པའི་ལྷ་མོའོ། །ཐམས་ཅད་ལྡན་པ་ནི་ཐམས་ཅད་དང་བཅས་པའོ། །རྣམ་པར་གཟིགས་པ་ནི་ལྟ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་བྱ་བ་ནི། །རྡོ་རྗེ་ཅན ་ནི་རྡོ་རྗེ་འཛིན་པའི་དགྱེས་ཤིང་རོལ་པའོ། །སྨིན་མ་མཛེས་པར་བསྐྱོད་ནས་སུ་ཞེས་བྱ་བ་ནི། སྨིན་མ་མཛེས་པར་བསྐྱོད་ཅིང། རྣམ་པར་རྩེ་བའི་ཁྱད་པར་རྩོམ་པས་རབ་ཏུ་འཛིན་པས་གཡོན་པའི་སྨིན་མ་བསྐྱོད་ཅིང་འཇིགས་པ་བསྐྱོད་པ་སྟེ། ་ངེས་ཤེས་འོག་དང་སྦྱར་རོ། །ཡན་ལག་འཕྲོག་མའི་འཛུམ་མཛད་ནས་ཞེས་བྱ་བ་ནི། ཡན་ལག་རྣམ་པར་དགོད་པ་རྣམས་ཀྱིས་ཏེ། ཚིག་སྔ་མ་རྣམས་དང་སྦྱོར་རོ། །ཐུགས་ཀྱི་སེམས་ནི་དགའ་བ་མཛད་ཅེས་བྱ་བ་ནི། གཉིས་སུ་མེད་པའི་རྡོ་རྗེ་ཡེ་ཤེས ་ཀྱི་ངོ་བོ་ཉིད་ཀྱི་ཐུགས་ཀྱིས་བདག་ཉིད་ཀྱི་སེམས་རྡོ་རྗེ་སེམས་དཔའ་དང་འབྲེལ་པའི་དགའ་བ་མོད་པར་མཛད་པའོ་ཞེས་བྱ་བར་ཤེས་པར་བྱའོ། །བསྒྲིབས་ནས་རྡོ་རྗེ་གསོར་ནས་ངེས་ཞེས་བྱ་བ་ནི་རྡོ་རྗེའི་འདེབས་པས་སོ། །ལྡེམ་བག ་ཅེས་བྱ་བ་ལ་སོགས་པས་སུ་སྨོས་ལ། ལྡེམ་བག་དང་སྒེག་པ་དང་བཅས་པས། རྡོ་རྗེའི་ལྟ་བའི་རོལ་པས་བལྟས་པའི་ངོ་བོ་གང་ཡིན་པ་དེ་ནི་ལྡེམ་བག་འཇོ་ཚུལ་གྱི་བལྟས་པའོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིS ་ཀྱིས་པདྨ་བསྐོར་བའི་ཚུལ་དུ་ཡོངས་སུ་བསྐོར་ནས་སྤྱི་བོར་མེ་ཏོག་གི་ཐལ་མོ་སྦྱར་བ་བྱས་ཏེ་གསོལ་བ་ཞེས་བྱ་བར་སྦྱར་རོ། །ཇི་སླང་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི། ཕྱི་དང་ནང་གིས་སོ། །ཟུར་གྱིས་རྣམ་པར་གཟིགས་པ་དང་ཞེས་བྱ་བ ་ནི་རྣམ་པར་ལྟ་བ་ནི་གཟིགས་པ་སྟེ། གཞད་པ་ཆེན?་པོ་དང་ཟུར་གྱིས་གཟིགས་པ་ཅིའི་ཕྱིར་མཛད་ཅེས་བྱ་བའི་དོན་ཏོ། །སྣིན་མ་བསྐྱོད་པས་འཛུམ་པ་མཛད་པ་ཞེས་བྱ་བ་ནི་སྨིན་མ་བསྐྱོད་ཅིང་འཛུམ་པ་དང་བཅས་པ་འཛུམ་པ་དང་འབྱེད ་པ་ལ་སོགས་པའི་མཚན་ཉིད་ཅན་གྱིས་སོ། །བརྟན་བཞིང་ཟབ་པའི་གསུང་གིས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྟོན་པའི་གསུང་གིས་ཟབ་མོའི་དོན་སྟོན་པས་སོ། །བདེ་བས་བྱང་ཆུབ་ཐོབ་འགྱུར་ལྡན་ཞེས་བྱ་བ་ནི། དངོས་སུ་བསྟན་པས་སོ།། ་ཉོན་ཅིག་ཅེས་བྱ་བ་ནི་ཚིག་ཡོངས་སུ་བསྒྱུར་ནས་སྦྱར་རོ། །གང་ལ་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་གང་གི་ཆོས་བདག་མེད་པའི་མཆན་ཉིད་ཅན་གྱིས་ངོ་བོ་ནི་གཉིས་སུ་མེད་པའི་མཚན་ཉིད་དེ། བརྟགས་པའི་ངོ་བོར་མེད་པའོ། ། ་མཛའ་གཉིས་ཀྱི་ནི་མཆན་མེད་ཅེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་ཏེ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའོ། །དེ་ལ་ཡང་འགའ་ཞིག་འཁྲུལ་པར་འགྱུར་ཞེ་ན། དེའི་ཕྱིར་དབུལ་ལ་སྤྱོད་པ་མེད་པ་དག་ཅེས་ཏེ། སྐད་ཅིག་མ་རེ་རེ ་ཞིང་འཇིག་པས་ན་སྐད་ཅིག་མ་གསུམ་གྱི་གནས་སྐབས་ཀྱི་དབུས་མེད་དོ། །དེ་མེད་པས་ན་དེ་ལ་མངོན་པར་ཞེན་པ་རིང་དུ་སྤངས་པ་ཉིད་ཡིན་ནོ། །ཡང་ན་འཇུག་པ་དང་ལྡན་པའི་སེམས་དག་གི་དབུས་ན་ཇི་སྐད་དུ་བཤད་པའི་ཡེ་ཤེས་རྟོགས་པའི་བདག ་ཉིད་ཅན་གྱི་གནས་པའི་སེམས་མཛའ་གཉིས་ལ་བལྟོས་པ་དེའི་དབུས་ན་ཞེན་པར་བྱེད་པ་རྣམ་པར་རྟོག་པ་མེད་དེ། དགའ་བ་མེད་པའི་ཕྱིར་རོ། །དུས་གསུམ་ཉིད་ལ་གནས་པའི་དུས་གསུམ་པོ་མེད་པས་དུས་གསུམ་འདས་པའོ་ཞེས་སྔ་མ་དང་སྦྱར་རོ། ། ་ཐམས་ཅད་དུ་ཁྱབ་པས་ན་ནམ་མཁའ་འདྲའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་འདི་ལྟ་བུའི་ཡེ་ཤེས་ལ་གནས་པར་གྱུར་ན། དེ་རྟོགས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཉམས་སུ་མྱོང་བར་བྱ་བ་མེད་པས། རྣམ་པར་སྣང་མཛད་ལ་སོགས ་པ་སྒོམས་པའི་ཐབས་ཀྱི་ཡེ་ཤེས་དང་བྲལ་བ་ཡིན་ཏེ། དེ་བས་ཇི་སྐད་དུ་བཤད་པའི་དེའི་ཡེ་ཤེས་རྟོགས་པར་འདོད་པའི་ཐབས་རྣམས་ངས་བཤད་པར་བྱའོ་ཞེས་པའོ། །ཕུང་པོ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལྔའི་བདག་ཉིད་ཀྱི་གཟུང་བ ་དང་འཛིན་པའི་རྣམ་པས་སོ་སོར་སྣང་བར་གྱུར་པའི་དངོས་པོ་ནི་དངོས་པོ་མེད་པ་སྟེ། དོན་དམ་པར་སེམས་ཅན་དམིགས་སུ་མེད་པས་དངོས་པོ་དེ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །སེམས་ཅན་ལ་ཕན་འདོགས་པར་བྱེད་པ་སྦྱོར་བ་ལ ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་སུ་གྱུར་པ་སྤྲུལ་པ་དང་བཅས་པས་སེམས་ཅན་ལ་རྗེས་སུ་ཕན་འདོགས་པར་བྱེད་དེ། དེ་བཞིན་གཤེགས་པ་ལ་སོགས་པའི་སྤྲུལ་པའི་རྒྱུ་མཛད་པའི་ངག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སྐུ་གསུམ་གྱི ་མཆོག་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས། བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྡུས་པ་ལས་བསྐྱེད་པར་བྱའོ། །ཐབས་ཉེ་བར་བསྟན་ནས། ད་ནི་སེམས་རིན་པོ་ཆེའི་བདག་ཉིད་ཆེ་བར་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྐུ་ནི་ཞེས་བྱ་བ་ནི་སྐུ་རྡོ་རྗེའོ། །སེམས་ཀྱིས་ཆོས་རྣམས་བསྟན་པ་ཡིས་ཞེས་བྱ་བ་ནི་ཆོས་སྟོན་པའི་ངོ་བོ་གསུང་རྡོ་རྗེ་ཐོབ་པའོ། །སེམས་ཀྱིས་བྱང་ཆུབ་ཐོབ་འགྱུར་བས་ཞེས་བྱ་བ་ནི་ཐུགས་རྡོ ་རྗེའི་ངོ་བོ་ཉིད་དོ། །སྐུ་རྡོ་རྗེ་ལ་སོགས་པ་དེ་རྣམས་ལ་ཡང་དངོས་པོར་མངོན་པར་ཞེན་པར་མི་བྱའོ། །ཞེས་བསྟན་པའི་ཕྱིར། དེ་བཞིན་ཉིད་ཀྱི་རྣམ་པར་བསྒོམ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ཀྱི་རྣམ་པར་བསྒོམ་པའོ། །གཉིས་སུ ་མེད་པའི་ཡེ་ཤེས་ལ་མངོན་པར་ཞུགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་ཇི་ལྟར་བསྒོམ་ཞེ་ན། སེམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་སེམས་སྐུ་རྡོ་རྗེ་ལ་སོགས་པའི་རྣམ ་པར་ཡོངས་སུ་གྱུར་པ་ནི། སྒྱུ་མ་ལྟ་བུའི་རྣམ་པར་རང་དབང་དུ་གྱུར་པར་མོས་པས་རབ་ཏུ་བསྒོམ་ཞིང་བསམ་པར་བྱའོ། །དེ་བས་སྐུ་རྡོ་རྗེ་ལ་སོགས་པར་མངོན་པར་བྱང་ཆུབ་བ་ཡང་སྒྱུ་མ་དང་འདྲ་བའོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ ་ནི་དཔེ་གསུངས་པའོ། །གྱོ་མེ་ཞེས་བྱ་བ་ནི་གྱོ་མོ་ལ་སོགས་པའི་སྦྱོར་བས་སོ། །ཞེན་པའི་སེམས་ལ་ཞེས་བྱ་བ་ནི་སེམས་ཆོས་ཉིད་ཀྱིས་ཉེ་བར་བསྒོམ་པས་སོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི་དཔེས་བསྟན་པའི་དོན ་གསུངས་ཏེ། བསོད་ནམས་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ངོ་བོ་ཉིད་དང། ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཚོགས་ཀྱིས་ཞེས་བྱ་བ་བལྟ་བར་བྱའོ། །ཚོགས་ཀྱིས་བསྒོས་པའི་སེམས་ཞེས་བྱ་བ་ནི་སྔར་བཤད ་པའི་ཚོགས་དང་ལྡན་པས་སོ། །སེམས་རང་བཞིན་གྱི་འོད་གསལ་ཉིད་དུ་བསྟན་ནས། ད་ནི་གློ་བུར་གྱི་དྲི་མ་ཅན་ཉིད་དུ་བསྟན་པའི་ཕྱིར། དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་དེ་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་ནི་བརྟགས ་པའི་ངོ་བོ་ཉིད་དང་བྲལ་བ་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅན་ཡིན་པར་མི་ཤེས་པས་གཟུགས་ལ་སོགས་པ་མི་བདེན་ཞིང་ཡོད་པ་མ་ཡིན་པའི་དངོས་པོ་ལ་རྣམ་པར་རྟོག་པས་གཟུང་བ་དང་འཛིན་པར་ཞེན་པའི་བག་ཆགས་ཀྱིས་བསྒོས་པས ་རིན་པོ་ཆེའི་སེམས་དྲི་མ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྣལ་འབྱོར་དེ་སྤྱོད་པའི་གཞུང་གིས་ཀྱང་དངོས་པོ་རྣམས་ངོ་བོ་ཉིད་མེད་པར་བསྟན་ནས་ད་ནི་མདོ་སྡེ་པའི་གཞུང་སུན་འབྱིན་པས་ཀྱང་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་གསུངས་པ་ནི་འབྱུང་བ་ཆེན་པོ ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ཆེན་པོ་བཞི་ནི་ས་ལ་སོགས་པའོ། །དངོས་པོ་ཐམས་ཅད་ནི་གཟུགས་ལ་སོགས་པ་ཐམས་ཅད་དོ། །ལྡན་པ་འདྲེས་པའོ། །གཟུགས་ཞེས་བྱ་བ་ནི་བསྟན་པའོ། །དེ་ལྟ་ན་ཡང་དངོས་པོ་དེ་རྣམས་ལ་གཙང་བ་དང་མི ་གཙང་བ་ལ་སོགས་པར་ཡོངས་སུ་བརྟགས་པའི་མི་ཤེས་པའི་སྟོབས་ཀྱིས་སྒྲོ་བཏགས་པ་ཡིན་ནོ། །སོགས་པའི་སྒྲས་ནི་གཅིག་དང་དུ་མ་ལ་སོགས་པའི་དངོས་པོར་ཡོངས་སུ་བཏགས་པ་ནི་མི་རིགས་ཏེ། གཅིག་དང་དུ་མའི་དངོས་པོ་དག་ནི་ཕན་ཚུན ་ལ་གལ་བ་ཡིན་ནོ། །ཞེས་ཤེས་པར་མི་བྱའོ། །སོ་སོར་སྣང་བའི་དབང་གིས་ཡོད་པ་ཡིན་ནོ། །ཞེས་ཀྱང་ཤེས་པར་མི་བྱ་སྟེ། ཟླ་བ་གཉིས་སུ་མཐོང་པ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །འབྱུང་བ་ཆེན་པོ་བཞིའི་ཕྲ་རབ་ཆ་ཤས་དང་ཆ་ཤས་ཅན་མ ་ཡིན་པ་དང་ཇི་ལྟ་བ་བཞིན་བརྟག་པར་བྱ་བ་མ་ཡིན་པ་ལ་སོགས་པ་རྒྱ་ཆེར་སྦྱར་བར་བྱའོ། །དེ་བས་ན་རིག་པ་རྗེས་སུ་ཞུགས་པ་རྣམས་ཀྱིས་རྣམ་པར་བརྟག་པ་ཐམས་ཅད་ནི་སེམས་ཅན་ཉིད་ཡིན་པས་གནས་སོ། །དེའི་ཕྱིར་གང་འདི་གཟུང་བ་ལ ་སོགས་པར་ཡོངས་སུ་བརྟགས་པ་དེ་ནི་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ། ཉེ་བར་མཚོན་པ་འདིས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་མངོན་པར་ཞེན་པས་ཆོས་ཀྱི་དེ་ཁོ་ན་ཉིད་མི་རྟོགས་ཤིང་མུ་སྟེགས་ལ་སོགས་པའི་ཚུལ ་དུ་བྱས་པས་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར་ཞེས་པའོ། །ལས་དང་རྗེས་སུ་འབྲེལ་བ་གསུངས་པ་ནི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ནི་རྣམ་པ་གཉིས་ཉིད་དུ་གསུངས་ཏེ། གང་གི་ཕྱིར་འདི་ལས་གཞན་པའི་བྱང་ཆུབ་ནི་དེ་རྣམ ་ཀྱིས་འགྱུར་བས་དེ་ཡང་བྱ་བ་མ་ཡིན་ནོ། །ཞེས་བྱང་ཆུབ་ཀྱི་མཚན་ཉིད་བསྟན་པའི་ཕྱིར་འདི་སྐད་གསུངས་ཏེ། ཇི་སྲིད་དུ་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཀུན་ཏུ་སྤྱོད་པ་དེ་སྲིད་དུ། །ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ལྡོག་པར་མི ་འགྱུར་རོ། །དེ་མི་ལྡོག་གྲོལ་བར་གལ་འགྱུར་ཞེས་བྱ་བར་དགོངས་སོ། །རྒྱ་ཆེར་ནི་འདི་ཉིད་གཞན་དག་ལས་སྟོན་པས་དེར་བརྟག་པར་བྱ་སྟེ། འདིར་ནི་ཞིབ་ཏུ་མ་བཤད་དོ། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། ཞེས་བྱ་བ་ལ་སོགས་པ་ཡོངས་སུ་གདུང་བའི་བདག ་ཉིད་ཅན་གྱི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པའི་བག་ཆགས་མེད་པས་ནམ་མཁའ་ལྟར་དྲི་མ་མེད་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་ནི་ལྷག་མ་དང་བཅས་པའི་བྱང་ཆུབ་ཡིན ་པར་ཤེས་པར་བྱ་སྟེ། ཕུང་པོ་ངོ་བོ་ཉིད་ཅེས་གོང་མ་དང་སྦྱར་བར་བྱའོ། །གཟུང་བ་དང་འཛིན་པའི་རྣམ་པ་ལས་ལྡོག་ཅིང་ཕུང་པོ་ལྔ་ཉིད་དུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དྲི་མ་མེད་པ་གང་ཡིན་པ་དེ་ལ་ནི་ལྷག་མ་མེད་པའི་བྱང་ཆུབ་ཡིན་ནོ་ཞེས་ཤེས ་པར་བྱ་སྟེ། འདི་ནི་ཕུང་པོ་མེད་པ་ཡིན་ལ་འདི་ཉིད་ཀྱིས་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གཟུང་སྟེ། ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་གཉིས་དེ་དག་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང ་སྤང་ཤིང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་སེམས་ཅན་རྣམས་ལ་རྗེས་སུ་ཕན་འདོགས་པར་བྱེད་པའི་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱོགས་ཀྱིས་གྱུར་པ་དང་ཆོས་བདག་མེད་པ་བསྒོམ་པ་ལ་མངོན་པར ་བརྩོན་པས་ཐོབ་པར་འགྱུར་རོ། འདི་ལྟར་དེ་དག་ཐམས་ཅད་ནི་ཐེག་པ་དམན་ལ་མེད་དེ། དེ་རྣམས་ནི་ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱིས་འདུལ་བའི་སྣོད་དུ་གྱུར་པ་མ་ཡིན་ནོ། །བླ་མེད་བྱང་ཆུབ་འདི་ལྟ་བུར་ཞེས་བྱ་བ་ནི་བྱང་ཆུབ་རྣམ་པ་གཉིས་པོ་འདི་དག་ཉིད་དོ། །རྡོ་རྗེ་ཡེ་ཤེས ་རྣམས་ཀྱིས་ཐབས་ཞེས་བྱ་བ་ནས། མཁའ་ལྟར་འདྲི་མ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་དོན་བྱང་ཆུབ་ཀྱི་སེམས་རིམ་བར་ཕྱེ་བ་ལས་གསུངས་མོད་གྱི། དེ་ལྟར་གསུངས་པའི་དྲག་པོ་བསྒྲུབ་པའི་བྱ་བ་ལ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་རྟོགས་པ་ཉིད་ཀྱིས་བྱའོ ་ཞེས་བསྟན་པའི་ཕྱིར་རོ། །དེའི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་ཞིག་ཇི་སྐད་དུ་བཤད་པའོ། །བསྒོམ་པ་དང། བཟླས་པ་ལ་རབ་ཏུ་ཞུགས་པས་བསྒྲུབ་པ་བདུན་གྱི་བར་གྱིས་ཀྱང་མ་གྲུབ་ན་དེ་ཇི་སྐད་དུ་བཤད་པའི་བྱང་ཆུབ་པའི་ཕྱིར ་དབང?་ལས་སྣ་ཚོགས་པ་བྱ་བའི་དོན་དུ་དྲག་པོ་བསྒྲུབ་པའི་ཆོ་ག་མ་ལུས་པར་གསུངས་པ་ཡིན་ནོ། །བདེ་བའི་ཐབས་ཀྱིས་ཞེས་བྱ་བ་ནི་ཐབས་བདེ་བས་སོ། །འདི་ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱི་ཕྱག་རྒྱ་རྣམས་དང། སྔར་བསྟན་པའི་བསྒོམ་པ་རྣམས་ཀྱིས་དྲག་བོ ་བསྒྲུབ་པ་ལ་སོགས་པའི་ལས་ལ་སྦྱར་བར་བྱའོ། །དམ་ཚིག་ཅེས་བྱ་བ་ནི་རང་གི་བདེན་པའི་ཚིག་ཡོངས་སུ་སྐྱོ་པས་རྒྱལ་བས་བསྟན་པའི་ལས་བཞི་པོ་བྱེད་པའོ། །ལས་གང་ལ་རབ་ཏུ་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སོ་སོའི་ངེས ་པའི་ལས་གསུངས་པ་ནི་གསང་སྔགས་རིག་པས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཏཱུཾ་མཛད་ལ་སོགས་པའི་སྦྱོར་བས་གནས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་བཏང་པས་དགུག་པར་བྱའོ། །ཞེས་ཤེས་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། འདི་ནི་ཞེS ་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བཅིངས་པས་བཅིང་བར་བྱ་ཞེས་བྱ་བ་ནི་གཞུག་པའི་འོག་ཏུ་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་བྱའོ། །ཞེས་ཤེས་པར་བྱའོ། །རྡོ་རྗེ་ལྕགས་ཀྱུའི་འོག་ཏུ་ནི་རྡོ་རྗེ་ཞགས་པ་གསུངས་པ་ཡིན་པས། རྡོ་རྗེ་ཁུ་ཚུར ་གྱིས་གཟུང་ནས་ཞེས་བྱ་བ་འདིར། རྡོ་རྗེ་ཁུ་ཚུར་གྱི་གཟུང་ནས་བཙིར་བར་བྱ་བར་ཤེས་པར་བྱའོ། །རྡོ་རྗེ་ནག་མོ་ལ་སོགས་ནི་འདིར་བསྒྲུབ་པོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་འཁོར་ཐམས་ཅད་ཀྱི་དྲག་པོ་བསྒྲུབ ་པའི་ཆོ་གས་ཐོས་ནས་ཐམས་ཅད་ཀྱིས་བསམ་པ་གཅིག་གིས་ལེགས་སོ་ཞེས་བྱ་བ་ལ་སོགས་པས་གསོལ་ཏོ། །གཙོ་བོ་རྡོ་རྗེ་རྣམ་སྣང་མཛད་ཅེས་བྱ་བ་ལ་སོགས་པ་འདི་དག་ལས་ལེགས་སོ་ཞེས་བྱ་བ་དང་པོས་ནི་སྐུའི་སྒོ་ནས་སོ། །གཉིས་པས་ནི་གསུང་གི ་སྒོ་ནས་སོ། །གསུམ་པས་ནི་ཐུགས་ཀྱི་སྒོ་ནས་སོ། །བཞི་པས་ཇི་སྐུ་དང་གསུང་དང་ཐུགས་ཀྱི་སྒོ་ནས་སོ། །ཐུགས་རྡོ་རྗེའི་ལྕགས་ཀྱུས་ཀུན་ནས་འབར་ཞེས་བྱ་བ་ནི་ཐུགས་རྗེ་ཉིད་ལྕགས་ཀྱུ་དང་འདྲ་བས་གདུལ་བྱའི་སྐྱེ་བོ་འགུགས་པའི་ཕྱིར་གང་འདི་ལྟར་འབར ་པར་གྱུར་པ་དེ་ལེགས་སོ། །གསར་ཆེན་ཞེས་བྱ་བ་ནི་ཐམས་ཅད་ལ་མི་སྟོན་པས་སོ། །ཐེག་པའི་ཚུལ་འདི་ལ་གནས་ན་ཞེས་བྱ་བ་ནི། ཡེ་ཤེས་འདི་ཐེག་པའི་སྦྱོར་བའི་མཚན་ཉིད་ལ་གནས་པའོ། །བདེ་བས་ཞེས་བྱ་བ་ལ་སོགས་པ་ལ། བླ་ན་མེད ་པའི་བྱང་ཆུབ་བདེ་བས་ཐོབ་པའོ། །སྔགས་འདི་རྣམས་ཀྱི་ཕྱག་རྒྱ་ནི་སྔར་སྨྲས་པ་དང་མཐུན?་ནོ?། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་རྣལ་འབྱོར་པས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བས། རང་གི་དཀྱིལ་འཁོར་གྱིས་དབུས་སུ་འདུག ་ལ་བསྒྲུབ་པར་བྱ་བའི་ལྷ་མདུན་དུ་བསམས་ཏེ། གཉིས་པ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང། ཕྱག་རྒྱས་དགུག་པ་དང་གཞུག་པ་དང་བཅིང་བ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བས་ཡང་དག་པར་གཟུང་ནས། གནས་ལྡར་ཕུར་བུས་གདབ་ཅིང ་བཟུང?་བ་དང། སྡིགས་མཛུབ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ། །ཡེ་ཤེས་སྙིང་པོའི་སྙིང་པོ་ཅན་ཞེས་བྱ་བ་ནི་དྲག་པོ་བསྒྲུབ་པའི་ཡེ་ཤེས་ཀྱི་སྙིང་པོའི་སྙིང་པོ་ཅན་གྱི། གསང་སྔགས་ཀྱི་མཆོག་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ། །འདི་དག་སུ་ལ ་བསྟན་མི་བྱ་ཞེས་བྱ་བ་ནི་གང་ཡང་རུང་བ་འགའ་ཞིག་མི་བསྟན་པ་དང། བསྒྲུབ་པ་ལ་དང་པོས་ཞུགས་མ་ཐག་པ་རྣམས་ལ་བསྟན་པར་མི་བྱའོ། །སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་ཞི་བ་ལ་སོགས་པའི་སྦྱོར་བའི་ཐབས་ཀྱིས་ཇི་སྐད་དུ་བཤད་པའི་ངོ་བོ་ཉིད་བསྒྲུབ ་པ་སྡེ། དེ་སྟོན་པའི་གཞུང་ལེའུ་ལ་རིམ་པར་ཕྱེ་བའི་སྒྲར་བཤད་དེ། །ལེའུ་བརྒྱད་པའི་འགྲེལ་པའོ།། །།སྦྱོར་བས་ཡང་སྦྱིན་སྲེག་གི་ཡོངས་སུ་རྫོགས་པར་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པར་རིམ་པར་ཕྱེ་བ་དགུ་པ་གསུངས ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད། །ཞེས་ཉེ་བར་མཚོན་པའི་ཚིག་གིས་སྦྱོར་རོ། །ཅི་ཞིག་མཛད་ནས་ཤེ་ན། སྦྱོར་བའི་ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ནི་རྣམ་པར་དགོད་པའི་ཁྱད་པར་རོ།། ་ལས་ཐམས་ཅད་ནི་དབབ་པ་ལ་སོགས་པའོ། །དའི་ཚོགས་ནི་ལས་མང་པོའོ། །དེའི་རྗེས་སུ་འབྲེང་བ་ནི་འདི་ལྟར་བྱའོ་ཞེས་པའི་ངེས་པའོ། །དེ་ཉིད་ནི་རྡོ་རྗེའི་ངོ་བོ་སྟེ། དེ་ལས་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ། ་དབབ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཞག་པ་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དབབ་པ་ལ་སོགས་པའི་ལས་བྱ་བ་འདི་བཤད་དོ་ཞེས་བྱ་བ་ལ་འདིར་ཡེ་ཤེས་སྙིང་པོ་ཅན ་ཁྱོད་ཉོན་ཅིག་ཅེས་གསུངས་སོ། །ཞེས་ན་ཚམས་སྦྱོར་རོ། །ོཾ་ཞེས་བྱ་བ་མགོར་བཞག་སྟེ་ཞེས་བྱ་བ་ལ་སོགས་པ་ལ་གང་གི་མགོར་ཡི་གེ་ཨོཾ་བཞག་པ་དང། ཁའི་པདྨ་ལ་ཡི་གེ་ཨ་བཞག་པ་དང་སྙིང་གར་ཡི་གེ་ཧཱུཾ་བསྐུལ་བར་བཞག་པ ་གང་ཡིན་པའོ། །ཞེས་སྦྱར་བ་ཐམས་ཅད་དུ་བྱའོ། །ཡཾ་ནི་རླུང་གི་དཀྱིལ་འཁོར་ལ་ཞེས་བྱ་བ་ལ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རོ། །བཞག་ནས་ཞེས་བྱ་བ་ནི་དེར་འཇོག་པས་ན་དེ་སྐད་ཙམ་བྱ་སྟེ། དར་བསྒྲུབ་པར་བྱ་པ ་བསམ་མོ་ཞེས་བྱ་བར་ཤེས་པར་བྱའོ། །དབབ་སྣོད་བསྐུལ་བྱེད་བཟུང་བ་དེའི་ཞེས་བྱ་བ་ནི་དབབ་པའི་སྣོད་དེ་སྐུལ་བྱེད་མའི་གཟུགས་སུ་བསམ་པའོ། །གཟུགས་ཀྱི་ངོ་བོར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་ཡོངས་སུ ་གྱུར་ནས་སྐུལ་བྱེད་མའི་ངོ་བོར་བསམ་པའོ། །རྡོ་རྗེ་འཆང་བའི་ང་རྒྱལ་གྱིས་ཞེས་བྱ་བ་ནི་རྡོ་རྗེ་འཆད་པ་ནི་བདག་གོ་ཞེས་ང་རྒྱལ་དུ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་དུ་སློབ་མ་གཞུག་པ་དང ་དམ་ཚིག་བསྟན་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ། དེའི་མགོ་ལ་རྣམ་པར་སྣང་མཛད་ལྐོག་མར་གསུང་རྡོ་རྗེ་སྙིང་གང་ཐུགས་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསམས་ལ། རྐང་པའི་འོག་ཏུ་ཡི་གེ་ཡཾ། མཛའ་མ་གཉིས་སུ་ཧ་རྣམ་པར ་བཞག་སྟེ། པ་དན་དང་རླུང་གི་དཀྱིལ་འཁོར་དུ་བསམས་ལ། བསྒྲུབ་པར་བྱ་བ་སྐུལ་བྱེད་མའི་སྐུ་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། དྲིལ་བུ་དཀྲོལ་པ་ལ་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་གྱིས་ཇི་སྐད་དུ་བཤད་པའི་ཕྲེང་བའི་སྔགས ་བཟླས་པར་བྱའོ། །དབང་ཆེན་དཀྱིལ་འཁོར་ལ་གནས་ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་གནས་བརྒྱད་དུ་ཨོཾ་དང་འབྲེལ་པའི་རྣམ་པ་དགོད་པས་ལྟེ་བའི་ནང་ན་གནས་པའོ། །དབུས་སུ་ཞེS ་བྱ་བ་ནི་དགུག་པ་བྱ་བའི་མིང་ངོ། །ཧཱུཾ་བཞི་ཡིས་ནི་རྣམ་པར་མཛེས་ཞེས་བྱ་བ་ནི་ཕྱོགས་བཞི་ནས་ཧཱུཾ་གིས་བསྐོར་བའོ། །བསྒོམ་ཞིང་གསང་སྔགས་བསྐུལ་གྱིས་ཞེས་བྱ་བ་ནི་ཆེ་གེ་མོ་རེངས་པར་གྱིས་ཤིག་ཅེས་བྱ་པའི་བསྐུལ་པའི་ཚིག ་དང་བཅས་པའི་གསང་སྔགས་ཀྱིས་ཏེ། བཟླས་པ་ཞེས་བྱ་བ་ནི། བཟླས་བརྗོད་བྱས་པའི་ཡི་གེ་བའི་སྲད་བུས་ཤེས་བྱ་བར་སྦྱར་རོ། །དཀྲི་བར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རེངས་པར་བསྒོམ་ཞིང་དཀྲི་བའོ། །ངེས་ཅི་ཞིག་བྱེད་ཅེ ་ན་འདིས་ནེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག་ལ་ཁམ་པོར་ཅིག་ལ་ཡི་གེ་ཡཾ་ཡོངས་སུ་བཟླས་པའི་རུང་བའི་ཁུ་བས་དབང་ཆེན་གྱི་དཀྱིལ་འཁོར་བྲིས་ལ། ་དེའི་ཕྱོགས་བརྒྱད་དུ་ཨོཾ་བརྒྱད་དེའི་དབུས་སུ་དེ་ཉིད་ཀྱི་པདྨ་འདབ་མ་བརྒྱད་པ་བྲི། འདབ་མ་དེ་ལ་ཡི་གེ་བཾ་བརྒྱད། །ལྟེ་བ་ལ་ཕྱོགས་བཞིན་ཡི་གེ་ཧཱུཾ་བཞི་བཞི་བཀོད་པས་བསྐོར་བའི་བསྒྲུབ་པར་བྱ་བའི་མིང་བྲིས་ལ། ཇི་སྐད་དུ་བཤད་པའི་མིའི་མིང་གིས ་དེའི་སྙིང་དྲངས་ལ། གཞུག་པ་དང་བཅིང་བ་བྱས་ནས་དེའི་མིང་ཡོངས་སུ་གྱུར་པའི་བསྒྲུབ་པར་བྱ་བ་དེའི་མགོར་ཡང་ཡི་གེ་ཧཱུཾ་བཞག་པ་ལས་རྡོ་རྗེ་འཆང་ཁྲོས་པར་གྱུར་པ་དེས་ཀྱང་མནན་པར་བསམས་ལ། ཁམ་ཕོར་གཉིས་པ་ཡང་དེ་བཞིན་བྲིས ་སྟ། དེས་སྔ་མ་བཀབ་ལ་ཡི་གེ་བ་ལས་བྱུང་བའི་སྲད་བུ་སེར་མོས། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གསང་སྔགས་བསྐུལ་བའི་ཚིག་དང་བཅས་པར་བརྒྱ་རྩ་བརྒྱད་པས། དབུགས་མི་གཏོང་བར་དཀྲིས་ལ་མདུད་པ་བྱས་ཏེ། ་རྐང་པ་གཡོན་པར་མནན་ནས་དེ་བཞིན་དུ་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །སྐུ་གསུམ་ལྡན་པའི་མངའ་ཐོགས་ཤིང་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཡི་གེ་གསུམ་བཀོད་པའི་མངའ་དེའི་ཕྱག་གཡས་ཀྱིས་ཡོངས་སུ་འཛིན ་པའོ། །གཡོན་ལ་ཡིས་ནི་ཞེས་བྱ་བ་ནི་གཡོན་གྱིས་སོ། །འདོད་པས་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སོ། །བཅག་སྟེ། ཞེས་བྱ་བ་ནི་མདུན་དུ་འཇོག་པའོ། །པདྨ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་དེས་ན་གནས་ལྡང་རོ། །རྣལ་འབྱོར་ཅན་གྱིས་ཞེས་བྱ ་བ་ནི་རྣལ་འབྱོར་པས་སོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ། འདོད་ཆགས་རྡོ་རྗེ་ཅན་གྱི་གཟུགས་ཀྱི་མདའ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་འཛིན་ཅིང་མདུན་དུ་བུད་མེད་?་བསྒོམས་ལ། དེ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཛཾ?་ཞེས་བྱ་བ་བཀོད་? ་དེ་ལས་བྱུང་བའི་འོད་ཟེར་དམར་པོའི་ཚོགས་ཀྱིས་གནས་བཅུ་བདུན་དུ་རྟོགས་པའི་དྲེགས་པས་སད་པར་བྱས་པས་ངེས་ཀྱང་དེ་རྒྱལ་བར་བྱས་ཤིང་དྲེག་པ་འདིར་བར་བསམས་ལ་སྔ་མ་བཞིན་དུ་རྡོ་རྗེ་མདའི་སྦྱོར་བས་གནས་ལྔར་དབུག་པར ་བྱའོ། །ངོས་གཉིས་ལ་པདྨ་བྲིས་ཞེས་བྱ་བ་ནི་ངོས་གཉིས་སུ་པདྨ་བྲི་བའོ། །མཛེས་པར་བྱ་ཞེས་བྱ་བ་ཉེ་བར་མཛེས་པའོ། །བྲི་བ་ནི་པདྨའི་ལྟེ་བ་ལ་བྲི་བའོ། །མི་ཡི་སྐྲ་ཡིས་བཏགས་ནས་ནི་ཞེས་བྱ་བ་ནི་མི་སྐྲས་བཅིངས་ནས་ཟླུམ་པོར་བྱས་པས།། ་མཐིང་རིལ་གྱིས་རྐང་དུས་ཀྱིས་ཞེས་བྱ་བ་ནི་མཐིང་རིལ། ཞེས་བྱ་བ་ནི་བྱའི་རྐང་པའི་རུས་པས། ཁྲེཾ་ཧཱུཾ་མིང་ནས་བརྗོད་ཅིང་བརྡུང་ཞེས་བྱ་བ་ནི་ཟས་སྦྱིན་མ་ཁུག་ཅིག་ཁྲོཾ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་བརྡུང་དོ། །ཅི་ཞིག་བྱས་ནས་ཤེས་ན། ལམ་གྱི་སུམ་མདོར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པ་ཞེས་བྱ་བ་ནི་རྐང་པ་གཡོན་པས་སོ། །འགུགས་པར་བརྩོན་པ་ཞེས་བྱ་བ་ནི་ཟས་སྦྱིན་མ་འགུགས་པར་བརྩན་པའོ། །ལྕགས་ཀྱུས་བྱ་ཞེས་བྱ་བ་ནི་རྐང་པ་གཡོན་པའི་མཐེ་བོང་ཉིད་ཀྱིས་རྡོ་རྗེས ་མཚན་པའི་ལྕགས་ཀྱུ་བྲིའོ་ཞེས་མ་དང་སྦྱར་རོ། །གཟུགས་ཅན་གྱིས་ནི་རྟིང་པར་བརྡུང་ཞེས་བྱ་བ་ནི་རྣལ་འབྱོར་པས་རྐང་པས་འགུགས་པའི་ཚུལ་དུ་བྱའོ། །འདིས་ནི་ཁམས་གནས་པའི་ཞེས་བྱ་བ་ནི་ཁམས་གསུམ་ན་གནས་པའི་ཟས་སྦྱིན ་པ་རྣམས་སོ། །འདི་སྐད་སྟོན་ཏེ་མིའི་མགོ་ཐོང་གཉིས་ལས་ཅང་ཏེའུ་བྱས་ལ། །སྤྲེའུའི་པགས་པ་གཡོགས་ནས་བུད་མེད་ན་ཚོད་དང་ལྡན་པའི་ཁྲག་གིས་ངོས་གཉིས་སུ་པདྨ་བྲིས་ལ། དེར་ཡང་ཡི་གེ་ཁྲོ་བཀོད་ནས་ཧེ་རུ་ཀའི་སྦྱོར་བ་བྱས་ལ། དེའི་སྔགས ་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། ཉི་མ་ཕྱེད་དམ་མཚན་ཕྱེད་ལམ་གྱི་སུམ་མདོར་རྐང་པ་གཡོན་པའི་མཐེ་བོས་དཀྱིལ་འཁོར་ཟླ་བ་ཕྱེད་པ་དང་འདྲ་བར་བྱས་ལ། དེའི་གྲུང་ཡང་རྡོ་རྗེས་མཚན་པའི་ལྕགས་ཀྱུ་བྱས་ལ། དེའི་དབུས་སུ་འདུག་ལྟ།? ་རྐང་པས་འགུགས་པའི་ཚུལ་དུ་བྱས་ནས། ཁྲག་འཐུང་གི་སྔགས་ཀྱི་མཐར་ཟས་སྦྱིན་མ་བཀུག་ལ། ཁྲེཾ་ཧཱུཾ་ཞེས་བྱ་བ་དང། མིའི་སྐྲས་འཁོར་ལོར་བྱས་ལ། མཐིང་རིལ་གྱི་རྐང་པའི་རུས་པས་བརྡུངས་པ། ཁྲག་འཐུང་གིས་ཟས་སྦྱིན་མ་བསྣམས་ཏེ། བྱོན་པར ་བསམ་པར་བྱའོ། །རྣལ་འབྱོར་པ་སེམས་ལ་དབང་དུ་གྱུར་པ་ཐོབ་པས་ཚིག་ཙམ་ལ་སོགས་པས་ཐམས་ཅད་དབང་དུ་གྱུར་པ་བསྟན་པའི་ཕྱིར། གང་ཡང་རུང་བའི་གཟུགས་བརྙན་ལ། གནས་པ་ཡི་ནི་ང་རྒྱལ་གྱིས་ཞེས་བྱ་བ་གསུངས་ཏེ། རྣམ་པར་སྣང ་མཛད་ལ་སོགས་པ་གང་ཡང་རུང་བའི་གཟུགས་བརྙན་དུ་གནས་པའི་ང་རྒྱལ་གྱིས་སོ། །ཚིག་གི་རྣམ་པ་ཙམ་གྱིས་ཀྱང་ཞེས་བྱ་བ་ནི་ཚིག་གམ་ལུས་ཀྱི་རྣམ་པས་ཀྱང་ལྷ་ལ་སོགས་པ་མདག?་གཞུག་ཏུ་འགྱུར་ཞིང་ཐམས་ཅད་བྱེད་པར་འགྱུར་རོ་ཞེས ་ཚིག་རྣམ་པར་བསྒྱུར་བར་སྦྱར་པར་བྱའོ། །གང་ཚེ་ཡང་ཉིད་ལ་གནས་པ་ཞེS་བྱ་བ་ནི་དབང་ཉིད་ལ་གནས་པS་གནས་པའོ། །མ་ཙམ་གྱིས་ཀྱང་གཅོད་པའི་མཆོག་ཅེས་བྱ་བ་ནི་གསོད་པས་འདུལ་བ་མ་ཙམ་ཀྱང་བཟོད་པའི་མཆོག་གོ། གླུ་དང་གར་ཞེས་བྱ་བ་ནི་བསྒོམས་པས ་སྒྲུབ་པར་བྱ་བ་དང་གཅིག་ཏུ་གྱུར་ནས། བདག་ཉིད་ཇི་ལྟ་བ་བཞིན་དུ། གར་རབ་ཏུ་བྱས་པས་འགྲོ་བའི་གཟུགས་ལྷའི་ཡེ་ཤེས་སུ་བསྒྲུབ་པའོ། །དེ་ལ་དང་པོར་སྦྱིན་སྲེག་བྱ་བ་ནི་མེ་ནི་ལྷའི་ཞལ་ཡིན་པས་ཞེས་བྱ་བ་ནི་དེ་ལ་སྦྱིན་སྲེག་དང་པོ་བྱས ་ནས། གཞན་དག་ལ་སྦྱིན་སྲེག་བྱ་བ་ཡིན་པས་འདི་སྐད་ཅེས་བཤད་དོ། །གཅུག?་ཤིང་ལས་ནི་བྱུང་པའི་མེ་ཞེས་བྱ་བ་ནི་ཞི་བའི་བུད་ཤིང་གཙུབས་པ་ལས་བྱུང་བའི་མེའོ། །དགེ་བ་ཡི་ནི་ལས་རྣམས་བྱེད་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས ་སུ་གང་གསུངས་པ་དེ་ཉིད་ནི། དགེ་བའི་ལས་ཏེ་དེ་བྱེད་པའོ། །གདོལ་པ་འམ་དུར་ཁྲོད་ལས་བྱུང་བའི་ཞེས་བྱ་བ་ནི་རིགས་ངན་གྱི་ཁྱིམ་ལས་བྱུང་བ་དང། དུར་ཁྲོད་ཀྱི་ཤིང་ལ་སོགས་པ་ལས་བྱུང་བའོ། །ཐབ་ཁུད་ཟླུམ་པོ་ཞེས་བྱ་བ་ལས ་བ་ལ། ཞི་བའི་ཐབ་ཁུང་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་ཟུར་བཞི་པ། །དབང་གི་དོན་དུ་ཟླ་གམ་སྟེ། །མངོན་སྤྱོད་ལས་ནི་གྲུ་གསུམ་མོ་ཞེས་བཤད་པའོ། །ཞི་བའི་ཐབ་ཁུང་དུ་ནི། འདི་ལྟར་བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ཞི་བ་ཤེས་པ ་བྱ་བའོ། །དཀྱིལ་འཁོར་ཟུར་བཞི་ཁ་ཁྱེར་ལ། །རྡོ་རྗེའི་མཚན་མ་དག་གིས་བརྒྱན་ཞེས་བྱ་བ་ནི་རྡོ་རྗེ་ཞེས་བྱ་བའི་ཉེ་བར་མཚོན་པས་ཁ་ཁྱེར་དང་དཀྱིལ་འཁོར་གྱི་མཚམས་སུ། ལས་ཀྱི་རྗེས་སུ་མཐུན་པར་རྣམ་པར་སྣང་མཛད་ལ་སོགས་པའི་མཚན ་མ་བཞག་པའོ། །ལ་ལ་དག་ནི་ཐམས་ཅད་དུ་ཡང་རྡོ་རྗེ་རྩེ་ལྔ་པ་ཉིད་ཀྱིས་བརྒྱན་པར་བྱའོ་ཞེས་ཟེར་རོ། །སྦྱིན་སྲེག་དེ་ཉིད་ཚུལ་རིག་པས་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའོ། །པདྨའི་ཞེས་བྱ་བ་ལ་སོགས་པ་ལ། ཞི་བ་ཡི་ནི་གཙུག་ཏོར་རོ། །དབང་གི ་ནི་པདྨའོ། །མངོན་སྤྱོད་ཀྱི་རྡོ་རྗེ་རྩེ་ལྔ་པར་གྲགས་པའི་རྡོ་རྗེའོ། །རྡོ་རྗེ་ནི་བདུད་དང་ཡམས་ཀྱིས་འཚེ་བ་ཉེ་བར་ཞི་བའི་དོན་དུའོ། །རྒྱས་པ་ནི་རིན་པོ་ཆེ་སྟེ། དེ་དག་ཐམས་ཅད་ཀྱང་ཞི་བ་ལ་སོགས་པའི་ཐབ་ཁུང་གི་དབུས་སུ་པདྨའི་སྟེང་དུ་བྱའོ། ། ་ཇི་ལྟར་རིག་པར་འདུག་ནས་སུ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ལ་ཀུ་ཤའི་ཆུན་པོའི་སྟན་ལ་སོགས་པ་ལ་འདུག་པའོ། །དགང་གཟར་མར་གྱིས་བཀང་ནས་ནི། །བླུགས་གཟར་བགང་སྟེ་དེ་བཞིན་བསྲེག་ཅེས་བྱ་བ་ནི་དགང་གཟར་མེར་གྱིས ་ཡོངས་སུ་བཀང་པས་རིགས་ཀྱི་སྙིང་པོའི་གསང་སྔགས་བརྗོད་ལ། རིམ་གྱིས་བླུགས་གཟར་ཡོངས་སུ་བཀང་བར་སྲེགས་ལུགས་དབུལ་པར་བྱ་སྟེ། དེས་མེའི་གཟི་བརྗིད་བསྐྱེད་པར་བྱ་སྟེ། སྦྱིན་སྲེག་ལ་དགོས་གཡས་སུ་གཞག་ཅེས་བྱ་བ་ནི་ལས་ཀྱི་ཆོ ་ག་ཇི་ལྟ་བས་སྦྱིན་སྲེག་གི་རྫས་དྲི་དང་མེ་ཏོག་ལ་སོགས་པ་བཞག་གོ་།གཡོན་དུ་ཆུ་ཡི་སྣོད་དག་གོ་ཞེས་བྱ་བ་ནི་བསང་གཏོར་གྱི་ཚུའི་སྣོད་དོ། །ལས་ཀུན་བྱེད་པས་བཟླས་ནས་སུ་ཞེས་བྱ་བ་ལས་ཐམས་ཅད་པ་སྟེ་རིགས་ཐཾས་ཅད་ཀྱིས་ལས་ཐམས་ཅད་བྱེད་པས་སོ།། ་བསང་གཏོང་དང་ནི་འཐོར་?་བྱས་ཞེས་བྱ་བ་ནི་བསང་གཏོར་བྱ་བ་ཉིད་ཀྱིས་འཐོར་འཐུང་ལ་སོགས་པར་བྱའི་གཞན་མི་དགོས་སོ། །ལ་ལ་ནི་གཉིས་པ་ལ་ཡང་ལས་ཐམས་ཅད་བྱེད་པ་དང། རང་གི་གསང་སྔགས་དང་རིགS་ཀྱི་སྙིང་པོའི་རིག་པ་དག་བཟླས ་བརྗོད་བྱ་བར་ཤེས་པར་བྱའོ་ཞེས་འདོད་དོ། །ཀུ་ཤའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་ལ་ཐབ་ཁུང་འཁོར་བ་ཡོངས་སུ་བསྐོར་བ་སྟེ། དང་པོར་ཤར་དུ་རྩེ་བསྟན་དགྲམ། །གཉིས་པ་ལྷོ་རུ་ཁ་བལྟས་པ། །གསུམ་པ་རྩེ་མོ་ནུབ་དུ་བལྟ། །བཞི་པ་བྱས་དུ་རྩེ་མོ་བལྟས་པའོ་ཞེS ་བྱ་བའི་ཚུལ་འདིས་སྐུར་ཤའི་རྩེ་མོས་མནན་པའི་ཐབ་ཁུང་བྱའོ། །གཡས་པ་མི་འཇིགས་མཐེབ་བསྐྱོད་ཅིང་ཞེས་བྱ་བ་ནི། ལག་པ་གཡོན་པས་ལག་པ་གཡས་པའི་མཁྲིག་མ་བདུད་ལ། ལག་པ་གཡས་པ་བརྐྱང་སྟེ། མི་འཇིག་པ་སྦྱིན་པའི་ཚུལ་དུ་བྱས་ལ། མ་ཧེ ་འོད་ལག་པའི་མཐིལ་དུ་བཞག་སྟེ། སྤྱན་འདྲེན་པའི་ཚུལ་གྱིས་བསྐྱོད་པར་བྱའོ། །ལག་གཡོན་རྡོ་རྗེ་བསང་གཏོར་ཞེས་བྱ་བ་ནི། བདུད་རྩི་ཐབ་སྦྱོར་གྱི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ། །དེ་ལ་ལག་ལ་གཡས་པས་ཇི་བཞིན་དུ་བསངས་ལ། ་ཕྱག་རྒྱ་བཞི་མངོན་པར་རྒྱས་གདབ་པོ། །མཆོད་ཡོན་རྣམ་པ་ལྔས་དབུལ་ཞེས་བྱ་བ་ནི། མཆོད་ཡོན་དང་ཞབས་བསིལ་དང། བསང་གཏོར་ཕུལ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་དོ། །ཐོག་མ་དང་ཐ་མར་དེ་ཇི་ལྟར་བསམ་ཞེ་ན། ་མེའི་ཕྱོགས་ནས་ཡོད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེའི་ཕྱོགས་ནས་ཇི་སྐད་དུ་གསུང་པའི་གཟུགས་སོ། །ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་ལ་དཀར་པོ་ལ་སོགས་པའི་འོད་ཟེར་རྣཾས་ཀྱིས་བརྒྱན་ཅིང ་སླུད་པའོ། །དེའི་ཕྱག་ཇི་ལྟར་བསམ་ཞེ་ན། ལག་པ་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས། །བཞུགས་སུ་གསོལ་ཞེས་བྱ་བ་ནི་སྤྱན་དྲངས་པའི་འོག་ཏུའོ། །དེ་ལ་སྦྱིན་སྲེག་ལ་དགོངས་པ། །ཀུན་ལ་ལན་གསུམ་བསྲེག་བླུགས་ཞེས་བྱ་བ་ནི། མཆོད་ ་ཡོན་ལ་སོགས་པ་ཕུལ་བའི་འོག་ཏུ་བགེགས་དང་བཅས་པ་དང། བགེགས་མེད་པ་བརྟག་ལ་སྦྱིན་སྲེག་གི་ཡོ་བྱད་མར་ལ་སོགས་པ་ཐམས་ཅད་ལས་སྲེག་བླུགས་ལན་གསུམ་དབུལ་ལོ། །རིམ་པ་འདིའི་ཚུལ་གྱིས་ནི། མཁས་པས་ལྷ་རྣམས་ཚིམ ་པར་བྱ་བ་ནི། དེ་ནས་པདྨ་དང་ཟླ་བ་ལ་ལྷ་རྣམས་ཇི་ལྟ་བ་བཞིན་དུ་བསམས་ཏེ། རང་གི་གནས་ནས་སྤྱན་དྲངས་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས། དང་པོ་ལས་དང་རྗེས་སུ་མཐུན་པའི་སྔགས་ཀྱིས་དགང་བླུགས་ཕུལ་ལ། ཕྱི་ནང་རང་གི་གསང་སྔགS ་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་སྦྱིན་བྱས་ལ། མཁས་པ་དག་གིས་ལྷ་རྣམས་ཚིམ་པར་བྱའོ། །ལེགས་པར་ཚིམ་བྱས་བཟོད་པར་གསོལ་ཏེ། ཞེས་བྱ་བ་ནི་ཡོ་བྱད་མ་ཚང་པ་ལ་སོགས་པ་ཉེས་པར་མི་གཟུང་བའི་ཕྱིར་བཟོད་པ་མཛོད་ཅིག་ཅེས ་བརྗོད་དོ། །འདོད་པའི་དངོས་གྲུབ་གསོལ་བ་གདབ་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པའི་ཕྱིར་གསོལ་བ་བཏབ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བར་བྱའོ་ཞེས་ཤེས་པར་བྱའོ། །འཁྱིལ་བ་ཞེས ་བྱ་པ་ནི་འཁྱིལ་བར་གྱུར་པའོ། །བསྒོམ་དང་བཟླས་འབད་པར་བྱ་ཞེས་བྱ་བ་ནི་དེའི་འོག་ཏུའོ། །ོཾ་ཞེས་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཨོཾ་གྱིས་གླུའི་རྣམ་པ་སྔགས་ཀྱི་མཐར་བྱ་བ་ནི་རྒྱས་པའི་ལས་ལ་སྦྱོར་རོ། །སྭཱ་ཧཱ་ནི་ཞི་བ་ལའོ། །ཧོ་ནི ་དར?་ལ་ཤེས་པར་བྱའོ། །མངོན་སྤྱོད་ལ་ནི། ཡི་གེ་ཧཱུཾ་གིས་སོ། །བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ཞི་བ་ལ་ཡི་གེ་ཕཊ་ཀྱིས་རབ་ཏུ་ཞི་བར་བྱས་པའོ། །དེ་ལྟར་བྱས་ནས་དེའི་འོག་ཏུ་ཞི་བའི་སེམས་ཀྱིས་ཞི་བ་ལ་ཞེས་བྱ་བ་ནི། སྔགས་པས་ཞི ་བའི་ལས་ལ་སེམས་ཞི་བ་སྟེ། བདུད་དང་ཡམས་ཀྱིས་འཚེ་བ་ཉེ་བར་ཞི་བ་ཡང་བསྐུལ་བའི་ཚིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆེ་གེ་མོ་ཞི་བར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་པའི་ཚིག་དང། གསང་སྔགས་སྤེལ་པ་དང་ལྡན་པས ་ལས་བྱའོ། །སྔགས་བསྒྲུབ་ཅེས་བྱ་བ་ལ་སོགས་པ་ལ། ཞི་བ་ལ་སོགས་པའི་ལས་སྣ་ཚོགས་པ་གང་ཡིན་པ་ལ། རྣམ་པར་སྣང་མཛད་ལ་སོགས་པ་ངེས་པར་སྤང་བ་ལ། ལས་གང་ཡིན་པ་དེ་ཉིད་ཡོངས་སུ་རྫོགས་ནས་མཆོད་པར་བྱའོ། །བཤད་གཅི་ལ་སོགས ་པའི་སྦྱིན་སྲེག་བྱས་པས། ཇི་ལྟར་སྡིག་པར་མི་འགྱུར་ཞེས་འགའ་ཞིག་སོམ་ཉི་སྐྱེ་བར་འགྱུར་བ་ཇི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་སྟེ་ཡེ་ཤེས་སེམས་དཔའ་ཨི་ཞལ། །མི་གཙང་བ་ཡིས་བཀང་ན་ཀོ་ཞེས་བྱ་བ་ནི་ཞལ་ཡོངས་སུ་བཀད་པའི་ཕྱིར། ་ཅིའི་ཕྱིར་སྔགས་པར་བྱ་བ་མ་ཡིན་པ་ཡོངས་སུ་གཟུངས། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གསུངས་བ་སྟེ། གལ་ཏེ་སྡིག་པ་ཡིན་ན་མངོན་པར་འདོད་པའི་འབྲས་བུ་ཇི་ལྟར་འབྱུང་སྟེ། དེ་བས་ན་མེད་དོ་ཞེས་སྟོན་ཏེ། ཆོས་ནི་རང་བཞིན ་གྱིས་དག་སྟེ། སྐྱེ་བ་མེད་ཅིང་གནས་མེད་ཀྱང་ཞེས་བྱ་བ་ནི་དོན་དམ་པར་རོ། །སེམས་ཅན་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམས་ཀྱིས་ལྷག་པར་མོས་པའི་འབྲས་བུའི་ཡེ་ཤེས་རབ་ཏུ་གྲུབ་པའི་ཕྱིར་བསྟན་ཏོ། །དམ་པའི་དོན ་དུ་དགེ་སྤངས་ན་ཞེས་བྱ་བ་ནི། གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་སུ་བག་ཆགས་ཐམས་ཅད་རྩ་བ་ནས་འབྱིན་པས་སོ། །སྨོས་ཅི་དགོས་ཞེས་བྱ་བ་ནི་འཛིན་པར་རྟོག་པའོ། །དཔེ་བསྟན་པའི་ཕྱིར་དཔེར་ན་ཆུ་ཀླུང་ཞེས་བྱ་བ་ལ་སོགས་པ་གསུངས ་སྟེ། ཆུས་གང་ཆུ་ཀླུང་གིས་ཞེས་བྱ་བ་ནི་འདིར་མཐོར་ངོ་ཞེས་ཤེས་པར་བྱའོ། །ཆུ་ལས་བརྒལ་བའི་གཟིངས་བྱས་ནས་ཞེས་བྱ་བ་ནི་ཆུ་དེ་ལས་བརྒལ་བའི་ཕྱིར་རོ། །དཔེ་བསྟན་པའི་དོན་གསུངས་པ་ནི། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ་ཆོས་ཀྱི་ལམ་ནི་བསྐྱེད་བྱས་ཀྱང་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོས་ཀྱི་ལམ་ལ་གནས་པས་འཁོར་པའི་ཕ་རོལ་སོན་པའོ། །ཆོས་དང་ཆོས་མིན་རྣམས་སྤངས་ནས་ཞེས་བྱ་བ་ནི་དེ་གཉིས་ཀའི་རྣམ་པར་རྟོག་པ་དང་བྲལ་པའོ། །འདི་སྐད་སྟོབས? ་བག་ཆགས་ཐམས་ཅད་རྩ་ནས་འདོན་པའི་ཕྱིར། བསོད་ནམས་ཀྱང་སྤང་བར་བྱ་ན་གཞན་དག་ལྟ་ཅི་སྨོས། ད་ནི་དེ་ལྟར་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །ཞེས་སོམ་ཉི་དང་བྲལ་བའི་བསམ་པས་རབ་ཏུ་འཇུག ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ལུང་གིས་ཆོས་ལ་གོམས་པའི་རྒྱུད་ཀྱིས་ཟབ་མོའི་ཆོས་རྣམ་པར་འཕེལ་བར་བྱའོ། །ལས་ཀྱི་རིམ་པ་བརྒྱ་པས་བསྟན་པ་ནི་འདིར་མ་བྲིས་སོ། ། ་དེ་ནི་དམ་ཚིག་མེད་ན་དངོས་གྲུབ་དུ་མི་འགྱུར་བར་བསྟན་པའི་ཕྱིར་དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་ང་རྒྱལ་གྱིས་གཟི་བྱིན་བསྐྱེད་ཅིང་འབར་བར་གྱུར་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང ་གིས་ལྷའི་སྐུར་བསྒོམས་པའི་ཡེ་ཤེས་ཀྱི་ཚེ་འདི་ཉིད་ལ་ཡེ་ཤེས་རྫོགས་པར་བྱའོ་ཞེས་སྦྱར་རོ། །དམ་ཚིག་འདི་དག་ཐམས་ཅད་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་གསུམ་དུ་ཡང་འགྱུར་བས། ལས་ལས་བྱུང་པར་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དགེ་བ་དང་མི་དགེ་བའི་ལས་ལས་བྱུང་བའི་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དཔག་ཏུ་མེད་པ་མཐོང་པ་ནི་དེ་ཉིད་ཀྱི་སྤྲུལ་པ་སྟེ། དེ་བས་ན་སྐུ་རྡོ་རྗེ་ཉིད་ལུས་ཐམས་ཅད་ཀྱི་ངོ་བོ ་ཡིན་ནོ་ཞེས་རྣལ་འབྱོར་པས་ལྷག་པར་མོས་པ་བྱས་ཏེ། དེ་ནས་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལ་གནས་ཤིང་ཞེས་གཞན་དག་ལས་གསུངས་པས་སོ། །དོན་རྟོགས་ཞེས་བྱ་བ་ལ ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་བརྟག་པ་དང་བདག་ལ་སོགས་པའི་དྲ་བ་རྣམས་དང། དབྱུག་པ་དང་ཐལ་ལྕག་ལ་སོགས་བརྡུང་ཞིང་སྨད་པ་དང། སུན་འབྱུང་བར་མི་བྱའོ། །བདག་ཉིད་ཀྱིས་ཀྱང་སྨད་པར་མི་བྱ་སྟེ། སྡུག ་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མི་འདོད་བཞིན་དུ་རྒྱུན་དུ་འབྱུང་པ་ལས་ཅི་ནུས་པར་རང་གི་བདག་ཉིད་ཐམས་ཅད་ལ་རྟག་ཏུ་བསྲུང་བར་བྱའོ། ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ཡང་ཐུགས་རྡོ་རྗེ་ཡང་གང་ཡིན་པ་དེ་ཉིད་ནི་སེམས ་ཅན་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ། །དེ་ཡང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐུགས་རྡོ་རྗེ་ཁམས་གསུམ་པ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་ཞེས་གསུངས་པའི་ཕྱིར། སྲིད་པས་བསྐྱེད་རྩུབ་ཅེས་བྱ་བ་ལ་སོགས་པ་ལ། ་སྲེད་པ་ནི་ནོར་སོ་སོར་བསྒྲུབ་པ་ལ་བསྡུ་ཞིང་ལྷུར་ལེན་པ་ཡིན་པར་ཤེས་པར་བྱའོ། །ཚིག་ནི་དག་གི་རྣམ་པའོ། །ཇི་སྐད་དུ་བཤད་པའི་ཕ་རོལ་པོའི་ཚིག་ཀྱང་སྨོས་པར་མི་བྱའོ་ཞེས་ཀྱང་ཤེས་པར་བྱའོ། །གཏན་ཚིགས་ཀྱང་འདིར་དེ ་ཡིན་ན་དུ་ཁོང་དུ་ཆུད་པར་བྱའོ། །རང་གི་ལུས་རྟོག་པའི་ཤ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་བསམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལུས་པོའི ་ཤ་ལ་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་ཇི་ལྟ་པ་བཞིན་དུ་བསམ་པར་བྱའོ། །རྐང་ནི་མི་བསྐྱོད་པའི་གནས་ཞེས་བྱ་བ་ནི། རྐང་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་མི་བསྐྱོད་པའི་བཞུགས་གནས་ཡིན་པས་ན་གནས་སོ། །དེ་ཡང་འདི ་སྐད་དུ་སྟོན་ཏེ། རྐང་ལ་ཡི་གེ་ཧཱུཾ་ལས་མི་བསྐྱོད་པས་།བསམ་པར་བྱའོ་ཞེས་པའོ། །རིན་ཆེན་འབྱུང་བ་ཞེས་བྱ་བ་ནི་ཡི་གེ་ཏྲཾ་ལས་རིན་ཆེན་འབྱུང་ལྡན་བསམ་མོ། །སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱིས ་ཕུང་པོའི་རུས་གོང་ཡི་གེ་ཨ་ལས་སྣང་བ་མཛའ་ཡས་བསམ་པའོ། །རྩའི་ཞེས་བྱ་བ་ལ་སོགས་པ་ལ་རྩའི་ཚིག་རྣམས་ཀྱིས་རྒྱུན་ལ་ཁམ་ལས་དོན་ཡོད་གྲུབ་པ་བསམ་མོ། །གང་འདིར་རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱིས་རྣམ་པར་སྣང་མཛད ་སོགས་པར་བསྟན་མོད་ཀྱི་འོན་ཀྱང་དེའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །དམ་ཚིག་མཁས་པ་ཞེས་བྱ་བ་ལ་སོགས་པ་ལ། ཤལ་སོགས་པའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པར་སྔགས་པ་རྣམས་ཀྱིས་གསང་བ་ཡིན་པར ་བསྟན་ཏོ། །རྟེན་ཅིང་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་ལ་སོགས་པས་མཆོད་ནས། སྦྱང་བ་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བྱ་སྟེ། བཟའ་བར་བྱའོ་ཞེས་གཞན་དག་འདོད་མོད་ཀྱི་དེ་ཉིད་མི་རིགས་པར་འདི་ཉིད་ཀྱི་འོག་ནས་སྟོན་ཏོ། །འདོད ་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་རྡོ་རྗེའི་ཆོས་སོ། །ཞེ་སྡང་ནི་རྡོ་རྗེ་སེམས་དཔའ་ཨོ། །རྨོངས་པ་ནི་རྣམ་པར་སྣང་མཛད་དོ། །སྲེད་པ་ནི་ཡིད་ཀྱིས་མངོན་པར་འདོད་པ་སྟེ། དེ་ཡང་རྡོ་རྗེ་རིན་ཆེན་ནོ། །འདུ་བྱེད་ནི་ཕྲག་དོག་སྟེ། དེ་ཡང ་སྣ་ཚོགས་རྡོ་རྗེའོ། །གསུང་རྡོ་རྗེ་ལ་སོགས་པ་འདི་དག་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཇི་ལྟར་ཡིན་པ་ནི། བཅོམ་ལྡན་འདས་ཀྱིས་ཟླ་གསང་ཐིག་ལེའི་རྒྱུད་ལས་གསལ་བར་བསྟན་ཏེ། དེ་འདིར་གཏན་ཚིགས་ཀྱི་ཚུལ་གྱི་བྲི ་པར་བྱ་སྟེ། ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །སེམས་ཅན་ཐམས་ཅད་དགའ་མཛད་ཅིང། །པདྨས་པདྨ་སད་མཛད་པས། །དེ་ཕྱིར་འདོད་ཆགས་ཞེས་བརྗོད་དོ། །ངན་སོང་གསུམ་གྱིས་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང ་བྱེད་པས། །དེ་ཡི་ཕྱིར་ན་རྡོ་རྗེ་ཆེ། ཞེ་སྡང་ཞེས་ནི་བསྒྲགས་པ་ཡིས། །ངན་སོང་འཇིགས་པ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པས། །དེ་ཡི་ཕྱིར་ནི་གཏི་མུག་ཆེ། །རྟག་པ་ཐུབ་པ་མཆོག་ཡིན་ནོ། །བདེ་ཆེན་སྦྱིན་པའི་སྦྱིན་གྱིས ་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའ་བདེ་བ་བསྡུ་བའི་ཕྱིར། །དེ་ཕྱིར་མཁས་ཆེན་ང་རྒྱལ་ཡིན། །རོལ་སོགས་པ་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་གནོད་མི་ཟ། །སྣ་ཚོགས་པ་ན་ཕྱེ་བའི་ཕྱིར། །དེ་ཡི་ཕྱིར་ནི་སྣ ་ཚོགས་ཆེ་ཞེས་གསུངས་པ་ཡིན་ནོ། །ལ་ལ་ནི་འདོད་ཆགས་ལ་སོགས་པ་ཉིད་བྱང་ཆུབ་ཀྱི་ངོ་བོར་བསྒོམ་པ། ཁྱད་པར་དུ་བསློབས་ནས། གསུང་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཆོས་ལྔའི་ཐར་པ་ཐོབ་པར་བྱེད་པ་བསྟན་ལ། དེ་ལ་མངོན་པར ་ཞེན་པ་མ་སྤངས་པས་ནི་སྡིག་པ་དང་བཅས་ཤིང་ཉོན་མོངས་པ་ལ་བརྟེན་པར་བརྟེན་པས་ནི་མི་ཤེས་པ་ཐོབ་པར་བྱེད་པའི་ངོ་བོ་ཉིད་ཡིན་པར་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ། །དེ་ཡང་ཐབས་ཆེན་རྣམས་དང་ལྡན་གྱུར་ན། ཉོན ་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁར་བའང་ཞི་བའི་མཚན་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །བཤད་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤད་པ་ལ་སོགས་པ་རྟག་ཏུ་ཡོངས་སུ ་འཛག་པའི་ཆོས་ཅན་དུ། གྱུར་པ་འབྱུང་བ་ཆེན་པོའི་བདག་ཉིད་ཅན་གྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་བསྟེན་པར་འོས་པ་ཉིད་དུ་བསྐྱེད་ཅིང་བསྒོམ་པ་ལ་བརྩོན་པས་དེ་མན་ངག་བཞན་དུ་སྦྱར་བ་དང། རྟོགས ་པ་དང་རབ་ཏུ་འབར་བར་བྱས་ནས་བཟའ་བར་བྱའོ། །དཀྱིལ་འཁོར་ལ་སོགས་པ་ལ་ཡང་རྫས་དེ་ཉིད་ཀྱིས་སློབ་མ་རྣམས་ལ་དམ་ཚིག་གི་ཕྱིར། སྦྱིན་པར་བྱ་སྟེ་དམ་ཚིག་གི་གསང་སྔགས་རྣམས་གྲུབ་པར་འགྱུར་རོ། །ཞེས་གསུངས་པས ་འདིར་སོམ་ཉི་མི་བྱའོ། །སྦྱིན་སྲེག་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི། སྦྱིན་སྲེག་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ། །ལེའུ་དགུ་བའི་འགྲེལ་བའོ།། །།སྦྱིན་སྲེག་བྱས་ཀྱང་ཆོ་ག་མ་ཚང་བས་ཀྱང་དངོས་གྲུབ་ཀྱི་སྣོད་དུ་མི་འགྱུར་བས་དེ ་ནས་ཞེས་བྱ་བ་ལ་སོགས་པས་བཅུ་པ་ཆོ་ག་ཐམས་ཅད་བསྟན་པའི་རིམ་པར་ཕྱེ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། ཏིང་ངེ་འཛིན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །དེ་རྣམས་ཀྱི་དངོས་གྲུབ་ནི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་བོ། །དེ་ཉིད་ནི་དམ་པའི་རྡོ་རྗེའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི ་བཤད་ཟིན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དམ་ཚིག་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཀྱི་ལྷ ་ཐམས་ཅད་ཀྱི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་གསུངས་སོ། །ཞེས་བྱ་བའི་དོན་ཏེ། གསང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས། རང་གི་ལྷའི་སྐུ་གསུང་ཐུགས་བསྒོམ་པ་ལ་མངོན་པར་བརྩོན་པས། འཁོར་ལོ་ལ་སོགས་པའི ་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་བྱ་བའི་བསྐུལ་ཚིག་དང་བཅས་པར་གསང་སྔགས་བརྗོད་ལ་དེའི་འོག་ཏུ་འཁོར་ལོ་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་གཞུག་ཅིང་བསྒོམ་པའི་རྣལ་འབྱོར་བྱས་ནས། རང་གི་དཀྱིལ་འཁོར་གྱི་དབུས་སུ ་འཁོར་ལོ་ལ་སོགས་པའི་རྫས་བསྒྲུབ་པར་བྱའོ། །དངོས་གྲུབ་བསྒྲུབ་པའི་ཐབས་གསང་ཆེན་ཞེས་བྱ་བ་ནི་བུ་མོ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པའི་ཐབས་ཀྱང་ཉོན་ཅིག་ཅེས་འདིར་དང་གི་སྒྲ་ཡོད་པར་བལྟའོ། །དེ་ཉིད་གསལ་བར་བསྟན ་པའི་ཕྱིར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་གོ་སླའོ། །འདི་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པའི་སྦྱོར་བས་ལྷའི་རྣལ་འབྱོར་བྱས་ལ། ཚེས་གྲངས་དང་རྒྱུ་སྐར་ལ་སོགས་པ་ཤིས་པས་འཁོར་ལོའི་དངོས་གྲུབ་ཀྱི ་ཕྱིར། སྐུ་རྡོ་རྗེ་ལ་མཆོད་ཡོན་ཕུལ་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་བཀའ་ཐོབ་པ་དེ་སྲིད་ཀྱི་བར་དུ་གསང་སྔགས་དམ་པ་བཟླས་པ་འམ་བསྒོམ་པར་བྱའོ། །དེ་ནས་བཀྲ་ཤིས་དང་དགེ་མཚན་དག་བྱ་ཞིང། འདུལ་བའི་སྟོང་ལམ་ཕུན་སུཾ? ་ཚོགས་པས་བདག་ཉིད་སོང་ལ་རིན་ལ་མི་བརྩེགས་པར་གནམ་ལྕགས་ཉོའོ། །དེ་ནས་བཟོ་བོ་བཟང་པོ་གླ་རྔན་ལམ་བརྩེགས་པར་འཁོར་ལོ་རྩི་བས་བརྒྱད་པའམ། དྲུག་པ་མཐོ་གང་བ་བྱས་ནས་ལས་ཐམས་ཅད་བཟླས་པའི་ཆུ་དང་སྤྱན་གྱིས་གསང་སྔགས་བཟླས་པའི་ཆུས ་བསང་གཏོར་བྱའོ། །དེ་ནས་ཐམས་ཅད་བཟླས་པའི་རྣམ་ལྔས་བཀྲུའོ། །དེ་ནས་ཏིལ་གྱི་ཆུས་སོ། །དེ་ནས་སྤོས་ཀྱི་ཆུས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་སྙིང་པོ་བཟླས་སྤོས་ཆུས་བཀྲུའོ། །དེ་ནས་ཤིན་ཏུ་སྔགས་པའི་སྣོད་ཀྱི་སྟེང་དུ་བཞག་ལ་ཐུན་བཞིན་བཟླས་པ་དང་བསྒོམ ་པའི་ལྟ་བ་བཞིན་དུ་བྱས་ནས། གསང་སྔགས་ཚིམ་པར་བྱ་བའི་ཕྱིར་རྫས་དང་རྗེས་སུ་མཐུན་པའི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཨོཾ་ཏེ་ཛེ་ཏེ་ཛེ་སྔ་ནི་སིདྡྷེ་སཱ་དྷཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་འདི་སྦྱིན་སྲེག་བྱས་ལ་རྫས་གཟི་བྱིན་བསྐྱེད་དོ། །མེ་ཏོག་ལ་སོགས་པས་ཀྱང ་མཆོད་ནས་ལས་ཐམས་ཅད་པས་ཀྱང་བཟླས་པའི་ཆུ་དང་ལག་པས་དྲན་ཞིང་རེག་པར་བྱའོ། །དེ་ནས་བསྒྲུབ་པ་ལ་བབ་པའི་དུས་སུ་རི་བོ་ལ་སོགས་པ་དཀྱིལ་འཁོར་བྲིས་ལ། འཁོར་གྱི་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱ་སྟེ། བདག ་ཉིད་དབང་བསྐུར་བ་ལ་སོགས་པ་བྱས་ནས། རྣམ་པར་སྣང་མཛད་དང་སྤྱན་གྱི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དང་ལྡན་པས་འཁོར་ལོ་ལ་སྦྱིན་སྲེག་དབུལ་ལོ། །དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཡང་རྫས་དང་རྗེས་སུ་མཐུན་པར་སྦྱིན་སྲེག་བྱའོ། །དེ ་ནས་ཇི་སྐད་བཤད་པའི་གསང་སྔགས་ཀྱིས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་པས། གཟི་བྱིན་བསྐྱེད་པ་ལེགས་པར་བསྲུངས་ནས། ཇི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་ཉེ་བར་བསྡུ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སར་ཞུགས་ལ་མཆོད་ཡོན་དབུལ ་པ་ལ་སོགས་པའི་མཆོད་པ་བྱས་ནས་ཕྱག་བྱས་ཏེ། འཁོར་ལོ་མདུན་དུ་བཞག་ལ་དེར་ཡང་སྐུ་རྡོ་རྗེ་ལ་སོགས་བཞུགས་པར་བསྒོམས་ནས། ཨོཾ་ཛི་ན་ཛི་ཀ། ཙཀྲ་སིདྡྷི་མེ་པྲ་ཡཙྪ། ཞེས་བྱ་བའི་གསང་སྔགས་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །དེ་ནས་ཉི་ ་མ་འཆར་བ་ན་འཁོར་ལོ་འབར་བར་མཐོང་ན་ལངས་ཏེ། སྤྱན་གྱི་གསང་སྔགས་བརྗོད་ཅིང་དེ་བླངས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱས་ནས། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱས་ཏེ། སངས་རྒྱས་ལ་སོགས་པ་ལ ་མཆོད་པའི་ཕྱིར་རྫས་རྣམ་པར་བགོ་བར་བྱ་ཞིང། བླ་མ་ལ་ནི་རིན་པོ་ཆེ་ལ་སོགས་པ་བདག་ཏུ་བཟུང་བ་ཡོད་པས་མཆོད་ལ་ཕྱག་བྱས་ནས་དེའི་སྐལ་བ་བླང་བར་བྱའོ། །བསྒྲུབ་པའི་གྲོགས་མཆོག་ལ་ནི་ནོར་སྦྱིན་པ་འམ། བླ་མའི་ཡང་དག་པའི་མན ་ངག་བྱིན་པས་ངའི་སྐལ་བ་བླུས་ལ། རྣམ་པར་སྣང་མཛད་ཀྱི་སྔགས་ཟློས་ཤིང་གང་དུ་འདོད་པས་སོང་ན། ཇི་སྐད་འདོད་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །རྡོ་རྗེ་ལ་སོགས་པ་བསྒྲུབ་པ་ཡང་དེ་བཞིན་ནོ། །སྐུ་གསུམ་རྣམ་པར་འཕེལ་འགྱུར་ཞིང་ཞེ ་བྱ་བ་ནི། ཨོཾ་ཨཱ:ཧཱུཾ་ཞེས་བྱ་བས་སྐུ་རྡོ་རྗེ་ལ་སོགས་པ་རབ་ཏུ་ཞུགས་པར་འཕེལ་བར་འགྱུར་རོ། །རྫས་ཀྱི་དངོས་གྲུབ་བསྟན་ནས། ད་ནི་བུ་མོ་བསྒྲུབ་པ་བསྟན་པའི་ཕྱིར། །རྫས་ཀྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོའི ་རྡོ་རྗེ་ཐོགས་ལ། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པའོ། །རྣལ་འབྱོར་ཆེ་ལ་རྣམ་གནས་པས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ལུས་ལ་དགོད་ཅིང་འཇོག་པས་སོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཆེན་པོ་ནི་འདི་ཡིན་ཏེ། ་ལྷ་ཐམས་ཅད་ཀྱི་གནས་སུ་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་ལ་སོགས་བར་བཀོད་ལ། སྙིང་གར་མི་བསྐྱོད་པ་རྣམ་པར་བསམ་མོ། །དཔྲལ་བར་ནི་རིན་ཆེན་འབྱུང་ལྡན་ལྐོག་མར་ནི་འོད་དཔག་མེད་པ། སྤྱི་བོར་དོན་ཡོད་པར ་གྲུབ་པ་མིག་གཉིས་སུ་སངས་རྒྱས་སྤྱན། མི་བསྐྱོད་པའི་གཡོན་ལོགས་སུ་མཱ་མ་ཀཱིའོ་།འོད་དཔག་མེད་ཀྱི་གཡོན་ལོགས་སུ་གོས་དཀར་མོ། །དོན་ཡོད་པར་གྲུབ་པའི་གཡོན་ལོགས་སུ་སྒྲོལ་མ། མི་བསྐྱོད་པ་ལ་སོགས་པའི་གཡོན་ལོགས་སུ་རྡོ་རྗེ་སེམས ་མ་ལ་སོགས་པ་བཞི་མི་བསྐྱོད་པཱི?་རྒྱབ་ཏུ་བསྐུལ་བྱེད?་མ། རིན་ཆེན་འབྱུང་ལྡན་གྱི་གཡོན་ལོགས་སུ་རིན་ཆེན་སྒྲོལ་མ། དེ་བཞིན་གཤེགས་པ་ལྷག་མའི་རྒྱབ་ཏུ་ཁྲོ་གཉེར་ཅན་མ་དང་རྡོ་རྗེ་ལུ་གུ་རྒྱུད། ལྟེ་བར་གཤིན་རྗེ་གཤེད། མཛོད་སྤུར་གཞན་གྱི་མི་? ་པ། ཁ་ལ་རྟ་མགྲིན་གསང་བའི་གནས་སུ་བདུད་རྩི་ཐབ་སྦྱོར། །རྐང་པ་གཉིས་སུ་སྟོབས་པོ་ཆེ། །དཔྲལ་བའི་སྟེང་དུ་མི་གཡོ་བ། །མི་བསྐྱོད་པའི་མདུན་དུ་འདོད་པའི་རྒྱལ་པོ། །དཔུང་པ་གཉིས་སུ་དབྱུག་སྔོན་ཅན། །མི་བསྐྱོད་པ་དང་འདོད་པའི་རྒྱལ་པོའི་བར་དུ། གནོད་མཛེས་རྒྱལ ་པོ། སྤྱི་གཙུག་གི་སྟེང་དུ་འཁོར་ལོས་སྒྱུར་བ། སྤྱི་གཙུག་གི་དབུས་སུ་རྣམ་པར་སྣང་མཛད་བསམ་པར་བྱའོ། །དེ་ནས་ཛ:ཧཱུཾ:བཾ་ཧོ:ཞེས་བརྗོད་ལ། ཡིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་སེམས་དཔའ་ཕབ་སྟེ། རྣམ་བར་སྣང་མཛད་ལ་སོགས ་པ་དགུག་པ་དང་གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་ཇི་ལྟ་བ་བཞིན་དུ་བྱས་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །གང་འདི་བུ་མོ་བསྒྲུབ་པར་བསྟན་པ་ཡིན་མོད་ཀྱི་འོན་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ལ་ཡང་ཤེས་པར་བྱའོ། ། ་རང་གི་ལྷའི་རྣལ་འབྱོར་གྱིས་དུས་ཇི་སྲིད་དུ་གྲུབ་པ་མ་གྱུར་ན། རྣལ་འབྱོར་ཆེན་པོའི་ཚུལ་གྱིས་དངོས་གྲུབ་འཐོབ་སྟེ། སློབ་དཔོན་གྱི་དབང་བསྒྲུབ་པས་དབང་བསྐུར་བ་ཉིད་ཀྱིས་རྣལ་འབྱོར་ཆེན་པོ་བསྒོམ་པར་བྱ་བ་ཡི། རང་གི་རིག་པའི་དབང་བསྐུར ་བས་ནི་མ་ཡིན་ནོ། །ཤི?་བསྐོད་པ་ལ་སོགས་པའི་རྣལ་འབྱོར་ཆེན་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་བཙུན་མོ་ཚ?་ཞེས་བྱ་བ་ནི་སངས་རྒྱས་སྤྱན་ནོ། །ཞེ་སྡང་རིགས་ནི་འདྲེན་མཛད་པ། རྡོ་རྗེ་གདན་ཅན་མཱ་མ་ཀཱི་ཞེས་བྱ ་བ་ནི་ཞེ་སྡང་གི་རིགས?་འཐོབ་མར?་བྱེད་པའོ། །ཞེས་སྦྱར་རོ། །རིན་ཆེན་འབྱུང་པའི་ལྷ་མོ་དང་ཞེས་བྱ་བ་ནི་གོས་དཀར་མོའོ། །ལྷ་མོ་འགྲོ་ལ་དབང་མཛད་མ་ཞེས་བྱ་བ་ལ་སོགས་པ་ནི། སྒྲོལ་མ་ལ་སོགས་པའི་ལྷ་མོའོ། །བུ་མོ་འདི་དག་ཅེས་བྱ་བ་ལ་སོགས་པ ་ནི། སྤྱན་ལ་སོགས་པའི་རྣལ་འབྱོར་མ་སྟེ། བུ་མོ་ནི་ངེས་པར་སྤྱན་ལ་སོགས་པའི་ཚིག་གི་སྒྲར་བརྗོད་དོ། །དེ་བས་ན་བུ་མོ་འདི་དག་སྟེ་སྤྱན་ལ་སོགས་པའི་རྣལ་འབྱོར་མ་ནི། མིག་ཡངས་ཤིང་མཛེས་ལ་ལོ་བཅུ་དྲུག་ལོན་པའི་ན་ཚོད ་དང་ལྡན་པ། གཟུགས་དང་ན་ཚོང་ལང་ཚོས་བརྒྱན་པ། གསང་སྔགས་ཀྱི་རྒྱུད་ལ་ཤིན་ཏུ་བྱང་བ། གཞན་ཡང་རང་གི་དམ་ཚིག་དང་ཕྱག་རྒྱ་ཤིན་ཏུ་ལེགས་པར་བསླབས་པ་བླངས་ལ། རྡོ་རྗེ་དང་ནི་པདྨ་བསྐུལ་ཞེས་འོག་ནས་སྨོས་པའི་ཚིག ་དང་འབྱོར་རོ། །རང་གི་ཕྱག་རྒྱའི་ཁྱད་པར་བསྟན་པའི་ཕྱིར། ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་མོ་བྱི་དོར་ལེགས་བྱས་ཏེ་ཞེས་བྱ་བ་ནི། རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་ནི་བྱི་དོར་རོ། །རིགས་ལྔ་ནི་ཚོགས་ཆེན་མ་ཞེས་བྱ་བ་ནི ་རྣལ་འབྱོར་ཆེན་པོར་བྱས་ལ་བཞག་སྟེ། གསང་བ་བསྐུལ་ལོ་ཞེས་འོག་ནས་སྤྲོས་པ་སྦྱར་རོ། །ཇི་སྐད་བསྐུལ་ཞེས་ན་བཞག་སྟེ་སྤྲད?་པའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་བསྟན་པ་ནི་པདྨ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ་དམ་ཚིག་གི་ཕྱག་རྒྱའི་གསང་བའི་པདྨ་དེར་རྡོ་རྗེ་གཞུག་པ་བྱས་ལ་དེ་དང་ལྷན་ཅིག་སྤྲོད་པ་དང་འཁྱུད་ནས་རྡོ་རྗེ་དང་པདྨ་བསྐུལ་བར་བྱའོ་ཞེས་བྱ་བར་ཤེས་པར་བྱའོ། །འདི་ཉིད་གསུངས་པ་ནི་གར་གྱི་ཚུལ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་རུས་སྦལ ་བསྐོར་བ་བཅིངས་པ་ལ་སོགས་པའི་གར་གྱི་ཚུལ་གྱིས་བསྐོར་བ་ལ་སོགས་པའི་རིམ་གྱིས་མཆན་ཁུང་བསྡམས་པའི་གར་རོ། །དེ་བཞིན་སྤྲོས་པ་དང་བསྡུ་བ་ཡིས་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བསམས་པའི ་སངས་རྒྱས་ལ་སོགས་པ་ལ་སོགས་པ་ལ་དགའ་བས་མཉེས་པར་བྱ་སྟེ། ནམ་མཁའ་མངོན་པར་འཕགས་པའི་ཚུལ་དུ་བྱའོ། །ཞེས་ཐམས་ཅད་དུ་གནས་སོ། །མདོ་ལ་སྒྱུ་མ་དྲེགས་མྱོས་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་སྐད་ཅིག་གིས ་ལྷ་མོའི་ཡང་དག་པའི་བདེ་བས་ཚིམ་པས། རྡོ་རྗེ་ལས་བྱུང་བའི་བདུད་རྩི་དེ་ཉིད་ཕྱུང་ལ་དེ་ཇི་ལྟ་བ་བཞིན་དུ་ལེགས་པར་རྟེན་ཏེ་རབ་ཏུ་འབར་བར་བྱས་ཏེ། པདྨ་ལ་གནས་པ་ཉིད་ཁས་བཏུང་ཞིང་རང་གི་ལྷའི་ང་རྒྱལ་དང་ལྡན་པའི་ཚིམ་པར་བྱ་སྟེ། རྣལ་འབྱོར་མས་ཀྱང་ཚུལ ་འདི་བཞིན་རྡོ་རྗེ་ལས་བདུད་རྩི་བླངས་ལ་བཏུང་བར་བྱའོ། །འཐུངས་པ་ཙམ་ཉིད་ཀྱིས་ཞེས་བྱ་བ་ནི་འཐུངས་པའི་འོག་ཏུ། དེ་བཞིན་གཤེགས་པ་ལྔའི་སྐུར་ཡོངས་སུ་གྱུར་པ་འཐོབ་པ་ནི་ཁྱད་པར་གྱི་འབྲས་བུ་ཉིད་བསྟན་པ་ཡིན་ནོ། །དེ་ཡང་འདི་སྟོན་ཏེ། དང་པོ་རྡོ་རྗེ་ཕྲ ་མོའི་ཏིང་ངེ་འཛིན་བསྒོམས་པས། སེམས་རྩེ་ཅིག་པ་ཐོབ་ཅིང་བརྟན་པར་བྱས་ནས། ཚུལ་འདི་ལྟར་སྔར་ཏིང་ངེ་འཛིན་ཉི་ཚེ་ཙམ་གྱིས་བློ་བྱང་བར་བྱས་ལ། དེའི་འོག་ཏུ་དངོས་སུ་བྱ་བ་ཡིན་གྱི། གཞན་དུ་ནི་དངོས་གྲུབ་ཏུ་མི་འགྱུར་ཏེ། དེ་ཡང་གཞན་དུ ་འདོད་པའི་ལོངས་སྤྱོད་ལ། །མངོན་པར་ཞེན་པ་སྐྱེ་འགྱུར་ན། །མ་བསླབས་དབང་གིས་སྔགས་པ་ནི། །ཉམས་པར་འགྱུར་གྱི་འགྲུབ་མི་འགྱུར། །སློབ་མ་བཟང་ལའང་རྣམ་ཀུན་ཏུ། །སྦྱོར་བ་འདི་ནི་མི་བསྟན་ཏེ། །བསམ་པར་ཁྱད་པར་ཤེས་བྱས་ན། ་མནའའགྱུགས་ནས་ནི་བསྟན་པར་བྱ། །ཞེས་གསུངས་པ། དང་པོར་རྡོ་རྗེའི་ཏིང་ངེ་འཛིན་གྱིས། སེམས་རྩེ་གཅིག་པ་ཐོབ་ཅིང་སེམས་སྤྱད་བ་དང་འབར་བའི་ནུས་པ་ཡོད་པར་བྱས་ན་དངོས་གྲུབ་ཏུ་མི་འགྱུར་གྱི། གཞན་དུ་འདོད་པའི་ཡུལ་གྱིས་སེམས ་ཕྲོགས་ཏེ་ཉོན་མོངས་པའི་དབང་དུ་གྱུར་པ་ཅན་དངོས་གྲུབ་ཉམས་ཤིང་ཐེ་ཚོམ་གྱི་གཞིར་གྱུར་པས་སེམས་ཅན་དམྱལ་པ་ལ་སོགས་པར་སྐྱེ་བར་འགྱུར་བས། དུས་ལ་བབ་ཅིང་སེམས་དབང་དུ་གྱུར་ན། གདོད་ཅིག་མངོན་སུམ་དུ་བྱ་བ་ཡིན་ནོ། །ནམ་མཁའ་ ་འདྲ་བའི་ཆོས་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་དང་འདྲ་བར་རྣམ་པར་རྟོག་པ་དང་བྲལ་བའི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཐབས་སུ་ལྡན་པས། བཤད་མ་ཐག་པའི་ཆོ་ག་རྣམ་པར་སྤེལ་ཞིང་རྫོགས་པར་བྱའོ། །རྡོ་རྗེ་པདྨས་བྱིན་རླབས་པས་ཞེས ་བྱ་བ་ནི། བྱང་ཆུབ་ཀྱི་སེམས་མངོན་དུ་འགྲོ་བས་བྱེད་པ་ནི་ཚིག་མི་མངོན་པར་བྱས་པས་སྦྱར་རོ། །རྗེས་སུ་ཆགས་བ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཕྱག་རྒྱ་ནི་རྗེས་སུ་ཆགས་པས་རྗེས་སུ་མཉེས་པར་བྱས་ནས་འགྲུབ་པར་འགྱུར་རོ་ཞེས་སྔ ་མ་དང་སྦྱར་རོ། །ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། བདེ་བ་ཐབས་ཞེས་བྱ་བ་གསུངས་ཏེ། འདི་ཡང་བྱ་བའི་ཁྱད་པར་གྱིས་གཉིས་པ་ཡིན་ནོ། །ཁྱད་པར་བསྟན་ནས། ད་ནི་ཐུན་མོངས་དུ་བསྟན་པའི་ཕྱིར། སྦྱོར་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདི་ལྟར་རྡོ་རྗེ་སེམས་མ་ལ་སོགས་པ་བཞི་འམ་བསྐུལ་བྱེད་མ་ལ་སོགས་པ་བཞིའི་སྦྱོར་པའི་ཁྱད་པར་གྱིས་ལམ་གསུམ་དུ་འཇུག་པ་སྟེ། དུས་གསུམ་དུ་གཤེགས་པའི་གསང་སྔགས་རྣམས་འགྲུབ་པར་འགྱུར་རོ། །ཞེས་འོག ་མ་དང་སྦྱར་རོ། །ལས་ཀྱི་ཕྱག་རྒྱ་ངས་བཤད་དང་ཞེས་བྱ་ནི་ཕྱག་རྒྱ་རིམ་པར་ཕྱེ་བ་ལས། ལས་ཀྱི་ཕྱག་རྒྱའི་དེ་ཁོ་ན་ཉིད་དེའི་ཚུལ་དུ་བསྟན་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ལག་པའི་ཕྱག་རྒྱ་དག་གིས་བྱ་བ་ནི་ལག་པས ་བྱས་པའི་དམ་ཚིག་གི་ཕྱག་རྒྱའི་དེ་ཁོ་ན་ཉིད་ཀྱི་ཚུལ་ལོ། །ཡེ་ཤེས་ཕྱག་རྒྱས?་སྔ?་རབ་བསྐུལ་བས་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཕྱག་རྒྱས་རབ་ཏུ་བསྐུལ་པས་སོ། །དམ་ཚིག་མཆོག་གི་འགྲུབ་པར་འགྱུར་ཞེས་བྱ་བ་ནི། རང་གི་བདག ་པོ་དང་ལྡན་པས་སོ། །འདིས་རྣལ་འབྱོར་པ་ཅིར་འགྱུར་ཞེ་ན། ཐུགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱི་དང་ནང་གི་ས་ལ་སོགས་པའི་ཁམས་ལྔ་པོ་རྣལ་འབྱོར་པས་སྤྱན་ལ་སོགས་པའི་ངོ་བོར་རྣམ་པར་བསྒོམ་པར་བྱའོ། །ཞེས ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་ཞེས་བྱ་བ་ནི། སྲིད་པ་གསུམ་པོ་འདི་ཉིད་ནི་ཁམས་གསུམ་སྟེ། དེར་དམ་ཚིག་འཁོར་ལོ་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་གང་ཡིན ་པའོ། །སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་ལ། སྒྲོལ་མ་རླུང་དུ་རབ་ཏུ་བསྒྲགས། གོས་དཀར་མོ་ནི་མེ་ཞེས་བརྗོད་ཅེས་བྱ་བར་སྦྱར་ཏེ། གཞན་དག་ལས་འདིར། གོས་དཀར་ཅན་དང་སྒྲོལ་མ་ནི། མེ་དང་རླུང་དུ་རབ་ཏུ་བསྒྲགས་ཞེས་གསུངས་པས་སོ། །མཁའ་དབྱིངས ་ཞེས་བྱ་བ་ནི་ནམ་མཁའ་ཨི་དབྱིངས་ནི་ཚས་ཀྱི་དབྱིངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་རྡོ་རྗེ་འཆང་བར་བཤད་ཅེས་བྱ་བ་ནི་རྫས་ཐམས་ཅད་དང། བྲལ་བས་ནམ་མཁའ་རྡོ་རྗེ་སྟེ། དངོས་པོ་མེད་པས་ལས་ནམ་མཁའ་རྡོ་རྗེ་ཞེས་བྱ་བར་གཞན ་དག་གི་རྗེས་སུ་འགྲངས་ནས་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པའིའོ། །མཉམ་པ་ཉིད་དུ་གནས་པ་ནི་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ ་དེ་ཉིད་ལ་གནས་པ་ནི་ཐམས་ཅད་དུ་རྟག་ཏུ་ཞུགས་པའི་ཕྱིར་རོ། །དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཅིག་ཏུ་དམིགས་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །བྱམས ་པ་ལ་སོགས་པ་ཁྱེད་ཐམས་ཅད་ཀྱིས་ཏིང་འཛིན་འདི་ཉིད་མངོན་དུ་བྱའོ་ཞེས་བསྟན་པར་བྱ་པའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོ་ལ་རྣམ་པར་གཟིགས་ནས་ཅང་མི་གསུང་པར་གྱུར་པ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་བདག་མེད་པའི་ཡེ ་ཤེས་རྒྱུ་མཐུན་པ་ཉེ་བར་བསྟན་ནས་ཆོས་རྣམས་དེ་ཉིད་ཉེ་བར་བསྡུ་བའི་སྒོ་ནས་དེར་རྫོགས་པར་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དུས་པའི་འོག་ཏུ་བྱམས་པ་ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ ་ནི་དགེ་བའི་བཤེས་གཉེན་ལ་རག་ལུས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་རྣམ་པར་བསམས་ན། སློབ་དཔོན་གྱིས་སློབ་མ་ལ་སངས་རྒྱས་ལ་སོགས་པ་སྟེར་བ་ཡིན་པར་ཤེས་ཏེ། དེ་བཞིན་གཤེགས་པ་ལྟར་གུས་པ་བསྐྱེད་པར་བྱའོ་ཞེས་བསམས་ནས ་དེ་བཞིན་གཤེགས་པས་དེ་གསུངས་པར་འདོད་ནས་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པ་ནི་གདུལ་བྱའི་སྐྱེ་བོའི་ཐེ་ཚོམ་བཟློག་པའི་ཕྱིར་རང?་ཉིད་ཀྱིས་མ་གསུངས་སོ་ཞེས་ཤེས་པར་བྱའོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས ་སུ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཉིད་ལ་སོགས་པ་ཐོབ་པར་བྱེད་པས་སམ། སློབ་མ་དམ་བཅས་པ་དེ་བྱས་པ་ནི་དེའི་སྒྲས་གསུངས་པ་ཡིན་ནོ། །དེས་ཀྱང་འདི་ལྟར་བལྟ་བར་བྱའོ། ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། བྱམས་པ་བྱང་ཆུབ་ཀྱི ་སེམས་རྡོ་རྗེ་དང་སློབ་དཔོན་དང་གཉིས་སུ་མེད་པའི་ཕྱིར་རོ། ཞེས་བྱ་བ་འོག་མ་དང་སྦྱར་རོ་གང་གི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱིS་སེམས་དང། དེ་གཉིས་ནི་མཉམ་པའི་ཚུལ་གྱིས་གནས་པས་ན། གཉིས་བྱར་མེད་པའི་ཕྱིར་རོ་ཞེས ་གསུངས་སོ། །བར་ནས་ཞེས་བྱ་བའི་སྒྲའི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པ་ཉིད་དོ་ཞེས་རིགས་པ་དང་ལྡན་པར་ཡོངས་སུ་གཟུང་ངོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་དངོས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་ཐམས་ཅད་དུས་གསུམ་དུ་བྱོན་ནས་འདི་སྐད་གསུངས་ཏེ། ཀུན་ནས་ཀྱང་རྣལ་འབྱོར་ཆེན་པོའི་རྣམ་པར་བཞག་པས་བཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྗེས་སུ་འཛིན་པའི་མཚན་ཉིད་རྣམས་ཀྱི་ཡང་དག་པར ་མཆོད་ཅིང་རྗེས་སུ་གསུངས་ནས་ཡང་སླར་གཤེགས་པར་མཛད་པའོ། །འདི་སྐད་སྟོན་ཏེ། སློབ་མས་སློབ་དཔོན་ནི་སངས་རྒྱས་ལ་སོགས་པ་ཡང་བཀའ་བཞིན་བྱེད་པའོ། །ཞེས་ཁོང་དུ་ཆུད་ནས་སངས་རྒྱས་ལ་སོགས་པ་བསྒྲུབ་པར་འདོད་པS ་སློབ་དཔོན་ཉིད་ཀུན་ནས་བཟུང་བར་བྱའོ་ཞེས་བྱ་བ་སྟེ། དོན་འདི་ཉིད་གསལ་བར་བྱེད་པའི་ཕྱིར། །འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་པའི་རིམ་གྱིས་བདག་ཅག་ལ་མན་ངག་སྟོན་པ་རྩོལ་བར་བསྐྱེད་པར་མཛད་པས་ན ་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་ཡིན་ནོ། །བདག་ཅག་གི་མ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པས་གསུངས་པ་འམ། དཀྱིལ་འཁོར་དུ་བཤད་པའི་སྒྲུབ་པའི་ཐབས་ཀྱི་རིམ་གྱིས་རྫོགས་པར་བྱས་པས་ན། དེ་སྐད་གསུངས་སོ། །ཇི་སྲིད་ཀྱི་སྒྲས་ནི་བདག་གི་དོན་ནི་སེམS ་ཅན་གྱི་དོན་བྱས་པ་སྟེ། མཆོག་ཏུ་ཕན་བཏགས་པའོ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་གཟུང་ངོ། །བདག་ཅག་ནི་སྟོན་པའོ་ཞེས་བྱ་བ་ནི་དམ་ཚིག་ལས་འདའ་བར་བྱེད་པའི་སློབ་མ་མཐོང་ནས། དངོས་གྲུབ་སྦྱིན་པའི་ཕྱིར་རང་གི་ལུང་བསྒོ་བ་ལ་འཇོག་པས་བདག་གི་སྟོན་པའོ། ། ་དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་བཞི་ལ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་སྐྱེ་བས། སློབ་དཔོན་གྱི་བ་སྦུའི་ཁུང་བུ་གཅིག་ནས་བསོད་ནམས་ཕུང་པོ་སྐྱེ་བ་གང་ཡིན་པ་དེ་ནི་སྔ་མ་པས་ཆེས་ལྷག་པའི་བསོད་ནཾS? ་ཀྱི་ཕུང་པོ་སྐྱེ་བར་འགྱུར་རོ་ཞེས་པ་སྟེ། སྒྲུབ་པ་པོས་དེ་བཞིན་གཤེགས་པ་རྣམས་ལས་སློབ་དཔོན་འདི་ཆེས་ལྷག་པར་བལྟ་བར་བྱ་སྟེ། དེ་རྣམས་གྱི་དམ་ཚིག་ཐོབ་པ་ནི་དེ་ལ་རག་ལུས་སོ། །ཞེས་འདི་ལྟར་མཆོག་ཏུ་བསྟན་པའི་ཚིག་གི་ངོ་བོ་དངོས་སུ་ཁོང་དུ་ཆུད་པར ་མི་ནུས་པའི་ཕྱིར། སེམས་ཅན་གྱི་ཁམས་ཤིན་ཏུ་དད་པ་མེད་པས། གཞན་ཡང་བྱས་པ་དེ་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་འོག་མ་སྦྱར་ཏེ། ཇི་སྲིད་ཀྱི་སྒྲས་སངས་རྒྱས་ལ ་སོགས་པ་འཐོབ་པའི་རྒྱུར་གྱུར་པ་ཞེས་བྱ་བ་ལ་སོགས་པར་ཡོངས་སུ་གཟུང་སྟེ། དེ་ཡང་སློབ་དཔོན་ཡིན་ནོ། །ཞེས་བྱ་བར་དགོངས་སོ། དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་མཐུ་ཆེན་པོ་དད་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ལ། བརྙས་པའི་སེམས་ཅུང་ཟད་བསྐྱེད ་པ་ཙམ་གྱིས་ཡུན་རིང་པོར་དམྱལ་བའི་གནས་སུ་གནས་པར་འགྱུར་རོ་ཞེས་གདུལ་བྱ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱིས་སློབ་དཔོན་ལ་ནན་ཏན་དུ་བྱ་བ་བསྟན་ནས། ་དེ་ལ་སངས་རྒྱས་ཐམས་ཅད་ཀྱི་གཞུང་མ་ཡིན་པར་གདུལ་བའི་སྐྱེ་བོ་འགའ་ཞིག་སོམ་ཉི་སྐྱེ་བར་འགྱུར་བས། དེ་བཟློག་པར་བྱ་བའི་ཕྱིར་།ད་ནི་མི་བསྐྱོད་པ་ལ་སོགས་པ་ཡང་དོན་དེ་ཉིད་གསུངས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །དེ་བཞིན་གཤེགས་པ་དཔག་མེད་དང། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་སྒྲའི་སྣང་བ་མཛའ་ཡས་སོ། །རྡོ་རྗེ་འཆང་ཞེས་བྱ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པ། ་ཐམས་ཅད་ཀྱི་རྡོ་རྗེ་འཆང་བ་ནི་ཡེ་ཤེས་འཛིན་པ་སྟེ། དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་པོ། །དེའི་དམ་ཚིག་རྒྱུར་གྱུར་བ་ནི་སློབ་དཔོན་ཏེ། དེ་ལ་དམིགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་དེ་ཉིད་རྡོ་རྗེ་སྟེ་ཏིང ་འཛིན་གང་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་འདི་སྐད་སྟོན་ཏེ། དམ་ཚིག་གང་ལ་ཡིན་པ་མངོན་སུམ་དུ་མཛད་པ་སྟེ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་གྲུབ་དང། དམ་ཚིག་གི་སློབ་དཔོན་ལ་དམིགས་པའི་རྣམ ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །ཕྱོགས་བཅུ་དུས་གསུམ་གྱི་བྱུང་བའི་ཞེས་བྱ་བའི་ནི་སྔ་མ་བཞིན་དུ་མཆོད་པར་བྱེད་པའོ། །མཆོད་པ་མཛད་ཅིང་ཕྱག་འཚལ་བར་མཛོད་ཅེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་རིམ་གྱི ་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པར་འཇུག་པ་ལ་ཕྱག་འཚལ་བ་སྟེ། ཐམས་ཅད་ཀྱིས་གུས་པ་བསྐྱེད་པར་བྱ་བའི་ཕྱིར་ཞེས་བྱ་བ་སྟེ། སྤྱིའི་དོན་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་སློབ་དཔོན་ལ ་ནན་ཏན་བུ?་བྱ་བ་ལས་ལྡོག་པར་མི་བྱ་སྟེ། བདག་ཅག་རྣམས་ཀྱིས་སློབ་དཔོན་འདི་ཉིད་ལས་མི་འབྲལ་པ་ལས། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་འདི་ལྟ་བུའི་བསམ་པས་འཇུག་པའི་གདུལ ་བྱ་རྣམས་ལ། དེ་བྲལ་བས་གསང་སྔགས་ཀྱི་དངོས་གྲུབ་མེད་དོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྟན་པར་བཞེད་ནས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ ་དེ་དག་ལ་འོག་ནས་བཤད་པའི་དོན་གསལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་གྲུབ་གང་ལ་གནས་ཤེ་ན། གསང་བ་གསུམ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རྡོ་རྗེ་ལ་སོགས་པ་གསང་བ་གསུམ་དང་ལྡན་པའི་སློབ་དཔོན་གྱི་ལུས་ལ་སོགས་པ་ལ་གནས་པའོ། །ལུས་དང་ངག་དང་ཡིད་ཀྱི་རྡོ་རྗེའི་གསང་བ་གང་ལ་གནས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དང། སློབ་དཔོན་གྱིས་ཡང་ཞེས་ཤེས་པར་བྱའོ། །གང ་གྱི?་མ་ཡིན་ནོ། །ཞེས་བྱ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །ཞེས་སྔ་མ་དང་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་རྡོ་རྗེ་ལ་སོགས་པ་ཇི་ལྟར་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ཡིན་པས་གང་ལ་ཡང་མི་གནས་སོ། །དེ ་?་དུ་སློབ་དཔོན་གྱི་ཡང་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས་དེ་ཡང་སོ་སོར་ངེས་པའི་ཕྱོགས་ན་གནས་པ་མ་ཡིན་པས་གང་ན་ཡང་མི་གནས་སོ་ཞེས་བརྗོད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ལ་སོགས་པའི ་?་རྡོ་རྗེ་ལ་སོགས་པའི་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟག་པའི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ལ། སློབ་དཔོན་གྱི་ལུས་དང་ངག་དང་ཡིད་ཀྱང་དོན་དམ་པར་མེད་པ་ཉིད་ཡིན་པ་ལས། ཀུན་རྫོབ་ཏུ་དངོས་གྲུབ་དེ་འབྱུང་བར་འགྱུར་བ་ནི། ་སྔགས་ཀྱི་ཚུལ་གྱི་ཆོས་ཉིད་ཀྱི་ཆེ་བའི་བདག་ཉིད་ཡིན་ལང་མཐོང་ནས་དགའ་བ་ཐོབ་པར་ངོ་མཚར་དུ་གྱུར་པ་དང། གཞན་ཡང་ཆོས་ཉིད་ནི་སོ་སོར་རང་གིས་རིག་པའོ། །ཞེས་རབ་ཏུ་བསྟན་པའི་ཕྱིར། ཅིའང་མི་ཟེར་བ་འཁོད་དོ་ཞེས་བྱ་བ་ནི་འདི་ཉིད ་ཀྱི་རྣམ་གྲངས་སོ། །འདི་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པའི་བཞིན་སློབ་དཔོན་ལ་ནན་ཏན་དུ་བྱས་ཏེ། དངོས་གྲུབ་རྣམས་ནི་དེ་ལ་རག་ལས་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་རྒྱུད་གཞན་དག་ལས་སློབ་དཔོན་ལ་སྨོད་པ་བྱེད་པ་ལ་ནི ་དངོས་གྲུབ་ཐམས་ཅད་གཞན་དུ་འགྱུར་བར་གསུངས་སོ། །སྟང་སྟབས་ཞེས་བྱ་བ་ནི་ཡན་ལག་གི་འགྱུར་བ་སྟེ། བརྐྱང་བསྐུམ་ལ་སོགས་པའི་མཚན་ཉིད་ཅན་ནོ། །འདུག་སྟངས་ཞེས་བྱ་བ་ནི་གནས་པའོ། །ལས་ལ་སྦྱར་བ་ཞེས་བྱ་བ་ནི་ཞི་བ་ལ ་སོགས་པའི་ལས་རྣམས་ལ་ངེས་པར་སྦྱར་བའོ། །སླར་བསྡུ་བ་ཞེས་བྱ་བ་ནི་ཉེ་བར་བསྡུ་པའོ། །བཅུ་ཡིན་པར་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་ཉིད་བཅུ་སྟེ། རང་གི་ལྷའི་སྦྱོར་བ་ཙམ་དང་འབྲེལ་བ་ཡིན་པར་སངས་རྒྱས་རྣམས ་གསུངས་པས། འདིས་ནི་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་མཐུན་པའི་གཞུང་དུ་བསྟན་པ་ཡིན་ནོ། །དུས་གསུམ་དུ་བྱུང་པའི་རྒྱལ་བ་ཐུགས་རྗེ་རོ་གཅིག་པ་རྣམས་ཀྱིས་ཞེས་བྱ་བ་འདི་ནི་སྡུད་པར་བྱེད་པའི་ཚིག་ཡིན་ནོ། །གསང་བ་དང་གསང་ཆེན ་དང་ཡེ་ཤེས་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་སྟེ་དེ་ཁོ་ན་ཉིད་རྣམ་པ་བཅུ་གསང་བ་སྟེ། རང་གི་དམ་ཚིག་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དང་ལྡན་པའི་སྦྱོར་བ་ཡང་དག་པ་འབྲེལ་པར་གསུངས་སོ་ཞེས་སྔ་མ་དང་སྦྱར་རོ། །གསང ་བ་རྣམ་པ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་དང་འབྲེལ་པའི་དཀྱིལ་འཁོར་ལ་སོགས་པ་བཅུ་ནི་གསང་ཆེན་ཡིན་ནོ་ཞེས་དེ་བཞིན་དུ་སྦྱར་རོ། །དེ་བས་ན་འདི་ལྟར་རྣམ་པ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དཀྱིལ་འཁོར་གྱི་དེ ་ཁོ་ན་ཉིད་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་སྙིང་པོའི་ངོ་བོ་བསྟན་པ་ཡིན་ནོ། །བླ་མས་དམ་ཚིག་ཇི་ལྟ་བའི་དབང་དུ་བྱས་ནས་བཤད་པར་བྱའོ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སོགས་པ་ལྷག་པར་མོས་པ་རྣམས་ལ་དེ་ཁོ་ན་ཉིད་ལ་སོགས ་པའི་རིམ་གྱིས་མངོན་པར་འདུ་བྱས་པ་དང་བཅས་པས་བསྟན་པར་བྱའི་མོས་པ་དང་མི་མཐུན་པར་གཞན་དུ་བསྟན་ན། དམ་ཚིག་ཉམས་ཤིང་དེ་ཡང་བསླུས་པར་འགྱུར་རོ། །དེ་ཁོ་ན་ཉིད་ལ་སོགས་པ་ཉིད་གསུངས་པ་ནི་སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་ ་སོགས་པ་ཡིན་ཏེ། རྣལ་འབྱོར་གྱི་རིམ་པ་ནི་རང་གི་ལྷའི་རྣལ་འབྱོར་ཙམ་གྱི་རིམ་པའོ། །ལྷག་པའི་རྣལ་འབྱོར་གྱི་རིམ་པ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཡང་དག་པའི་སྦྱོར་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་གྱི་རིམ་པའོ། །རྣལ་འབྱོར་ཆེན་པོའི་རིམ་པ་ནི ་གསང་བ་ལྔའི་བདག་ཉིད་ཀྱི་རང་གི་ལྷའི་རིམ་པས་ཏེ། འདི་དག་གིས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་གནས་སྐབས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཅུང་ཟད་བསྟན་པ་ཙམ་གྱིས་ཉུང་དུ་བསྟན་པ་ཡིན་ཏེ། འདིར་བཤད ་པའི་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་ལ་སོགས་པ་སློབ་དཔོན་གྱི་ཁ་ལས་རྒྱ་ཆེར་ཤེས་པར་བྱ་སྟེ། གཞུང་མངས་ཀྱི་དོགས་པས་འདིར་མ་བྲིས་སོ། །བཤད་མ་ཐག་པའི་དོན་དེ་ཉིད་རྣམས་ནི། ཐམས་ཅད་ཡང་ཡོད་པར་བསྟན་པའི ་ཕྱིར་འདི་དག་གི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་འདི་དག་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་གསལ་བ་ཕྱེ་བ་ལས་ལྟོས་པ་ཡིན་པས་སོ། །དམ་ཚིག་ཐམས ་ཅད་ཉམས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདི་ལྟར་སྦྱར་བར་བྱ་སྟེ། སེམས་ཅན་ལ་མཆོག་ཏུ་ཕན་འདོགས་པར་བྱེད་པ་བསྔགས་ཤིང། ཡིད་དུ་འོང་བ་ལ་སོགས་པ་ཡུལ་དུ་བྱས་ནས་བསོད་ནམས་བསགས་པའི་རྒྱུར་གྱུར ་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱད་པ་ཡིན་ནོ། །དེ་ལས་བསླུས་ཤིང་ཡང་དག་པའི་ཚུལ་མ་བསྟན་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་ལས་ཉམས་ཤིང་ཡོངས་སུ་ཟད་པར་འགྱུར་རོ། །དེའི་དམ་ཚིག་ལས་ཉམས་པ་ལ ་གདུང་དང་མཁའ་འགྲོ་ལ་སོགས་པས་ཡོངས་སུ་བཟུང་སྟེ། དེ་ནས་དེ་གསོད་ལ་དེ་ལྟར་སྐྱེས་བུ་ཤི་བར་གྱུར་ནས་ཀྱང་སེམས་ཅན་དམྱལ་བ་མི་ཟད་པ་སྟེ། མནར་མེད་པ་ལ་སོགས་པའི་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་པར་བྱས་ནས ་ཞེས་བྱ་བ་ནི། གང་གི་ཕྱིར་སེམས་ཅན་བསླུ་བ་ནི་ཉེས་པ་ཆེན་པོ་ཡིན་ཏེ། དེ་བས་ན་དེ་རྣམས་དེ་བཞིན་གཤེགས་པའི་ལམ་ཡང་དག་པར་སྤྱོད་པ་ལ་གཟུང་ཅིང་ཡང་ནས་ཡང་ཐོས་པས་ཞེས་བྱ་བ་དང་འཛིན་དུ་གཞུག་པ་དང། ཇི་ལྟར ་ཐོས་པ་དེ་བཞིན་དུ་མན་ངག་བྱིན་པས་དེ་ཉིད་ལས་བརྟེན་པ་ལ་སོགས་པའི་རིམ་གྱིས། གསང་སྔགས་ཀྱི་ཚུལ་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་སྦྱང་ཞིང་གཞུག་པར་བྱའོ། །རྡོ་རྗེ་ཐེག་པ་ལ་ཞུགས་པའི་རྣལ་འབྱོར་པས་བཟླས་པ ་དང་བསྒོམ་པ་ལ་མངོན་པར་མི་དགའ་ན་བྱང་ཆུབ་ཐོབ་པར་དཀའ་ཨོ་ཞེས་བསྟན་པའི་ཕྱིར་དང། རྒྱུད་ཀྱི་མཐར་ཇི་སྐད་དུ་བཤད་པའི་དངོས་གྲུབ་བསྒྲུབ་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་གང་ཞིག་འདི་ལ་བརྩོན་པ་མ་བྱས་པ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་གསང་སྔགས་ཀྱི་ཚུལ་གྱི་བདུད་རྩིའི་རོ་ཐོས་པ་དང་ཤེས་ཤིང་རྟོགས་པ་ཐོས་པས་སྡིག་པ་གཞོམ་པའི་ཕྱིར་བཟླས་པ་དང་བསྒོམ་པ་ལ་བརྩོན་པས་མི་བྱེད་པ་དེ་དཀའ་ཐུབ་ཀྱི་སྤྱོད་པ་ལ་སོགས ་པས་ཇི་ལྟར་མངོན་པར་བྱང་ཆུབ་པར་འགྱུར་ཞེས་ཤེས་པར་བྱ་སྟེ། གང་བདེ་བླག་གི་སྦྱོར་བས་མི་ནུས་པ་གང་ཡིན་པ་སྟེ། དགའ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་གཞན་གྱིས་བྱང་ཆུབ་པ་མེད་དོ་ཞེས་བཀག་ནས། ད་ནི་གང ་གིས་རྣལ་འབྱོར་བསྒོམ་པར་བྱ་བ་དེ་བསྟན་པའི་ཕྱིར། རྣལ་འབྱོར་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་ཤེས་པར་བྱས་ལ། སྐྱེ་བོ་མེད་པར་སོང་སྟེ་སྒྲའི་ཚེར་མ་ལ་སོགས ་པ་དང་བྲལ་བའི་གནས་སུ་ཕྱིན་ནས་འདུ་འཛི་ཐམས་ཅད་དང་བྲལ་བར་བྱས་ཏེ། དངོས་གྲུབ་ཀྱི་ཆོ་ག་གང་གིས་སྐྱེ་བ་གང་ལ་བཟླས་བརྗོད་ལ་སོགས་པ་ལ་བཞུགས་པའི་སྐྱེ་བོ་དེ་ཉིད་ལ། སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང། མི་འཇིགས་པ་ལ་སོགས་པ་རྣམ ་དང་ལྡན་ཞིང?་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་བསོད་ནམས་ཀྱི་ཚོགས་བསགས་པ་རྙེད་ཅིང་ཐོབ་པར་འགྱུར་བར་བྱའོ། །རྣལ་འབྱོར་གྱི་ཁྱད་པར་ཡང་ཇི་ལྟ་བུ་ཞེ་ན། དེའི་ཁྱད་པར་བསྟན་པའི་ཕྱིར་ཆོས་བདག་མེད་པ་བསྒོམས་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གང་ཆོས་བདག་མེད་པ་ཁོང་དུ་ཆུད?་པ་མཁས་པས་སོ། །ཤེས་རབ་དང་ཡེ་ཤེས་ཀྱི་འཇོ་ཚུལ་གྱིས་ཤེས་པ་ནི་ཐབས་དང་བཅས་པའི་ཤེས་རབ་དང། ཡེ་ཤེས་ཀྱིས་རྣམ་པར་རྩེ་ཞིང་རོལ་པ་གང་ཡིན་པའོ། །སྤྲོས་པ་དང་བསྡུ་བ་དང ་གསང་བ་ལྔའི་བདག་ཉིད་ཅན་གྱི་གཙོ་བོ་ལ་མཆོད་པར་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ལ་མཆོད་པ་མེ་ཏོག་ལ་སོགས་པ་སྤྲོ་བ་དང་བསྡུ་བ་དང་གསང་པ་ལྔའི་བདག་ཉིད་ཅན་གྱི་གཙོ་བོ། །རང་གི་ལྷག་པའི་ལྷ་བསྒོམ་པའི་སྦྱོར་བས་མཆོད་པ ་གང་ལ་ཡོན་པ་དེ་ཉིད་ཐོབ་ལས་མཆོད་དོ་ཞེས་སྦྱར་རོ། །གཞན་ཡང་དེ་ཉིད་ཁྱད་པར་བསྟན་པའི་ཕྱིར་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ན། དཀྱིལ་འཁོར་གྱི་དེ་ཁོ་ན ་ཉིད་ལ་སོགས་པ་བཞི་བཅུ་སྟེ། དེ་ཁོ་ན་ཉིད་བཅུའི་གཞི་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིམ་གྱིས་སྦྱོར་བ་གོམས་པས་དངོས་པོ་ཐམས་ཅད་ཀྱི་དོན་རྟོགས་པའོ། །ཟླ་གསང་ཐིག་ལེ་ཚུལ་གྱིས་རྡོ་རྗེ་དང་པདྨས་དབང་བསྐུར་བ་ཉིད་ནི། ་བཤད་གཅི་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པར་ལྷག་པར་མོས་ནས་སྤྱང་པ་ལ་སོགས་པ་བྱས་ཏེ། ཉིན་རེ་ཞིང་སྤྱད་དེ་སངས་རྒྱས་ཀྱི་ཐབས་མཁས་བསམ་གྱིས་མི་ཁྱབ་པས་འདི་ལྟ་སྟེ། འདི་ཉིད ་ཀྱིས་ཀྱང་འབྲས་བུ་རབ་ཏུ་རྩོལ་བར་འགྱུར་ཏེ། གསང་སྔགས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་ཡིད་ལ་བྱས་བས་བདུད་རྩི་ལྔ་རྣམས་ཀྱི་དགའ་བ་དང་མགུ་བར་བྱེད་དོ། །བདུད་རྩི་ལྔས་དགའ་བར་བྱེད་དོ་ཞེས་བྱའོ། ་ལ་ལ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྒྱུ་མཐུན་པ་དེས་རིགས་ལྔའི་ངོ་བོ་ཉིད་བདུད་རྩི་ལྔ་སྟེ། ངེས་དགའ་བའི་བྱེད་པའོ་ཞེས་བྱ་བ་ནི་སྔ་མ་ཡིན་ནོ། །གསང་བར་བྱ་བའི་ཆོས་གསང་བ་ཞེས་བྱ་བ་ནི་འོག་ནས་ཤིན་ཏུ་གསང་ཞིང ་སྦས་པར་བྱས་ཏེ། ཞེས་པ་སྐལ་པ་ངན་པའི་སྐྱེ་བོ་རྣམས་ཀྱིས་ཕྱིར་སྔོན་པར་མི་བྱེད་ཀྱི། རང་ཉིད་སྦས་པས་འཇོག་པའོ། །གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལ་བལྟས་པ་དང་རེག་པས་བལྟ་བར་བྱ་བའི་གཟུགས་དང་རྣ་བས་མཉན་པར་བྱ་བ་ཐམS ་ཅད་དོ། །རེག་པ་ནི་རེག་བྱས་རེག་པའོ། །འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལ་སྤྱད་ནས། རྣལ་འབྱོར་ལ་གནས་ཤིང། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཉིད་ནི་འདོད་པར་བྱ་བ་ཡིན་པས་ན་འདོད་པའོ། །དེ་ཉིད་བརླབ་ཅིང་གོམས ་པར་བྱ་བས་ན་ཡོན་ཏན་ནོ། །དེ་རྣམས་ཀྱི་རྣམ་པ་ནི་གཟུགས་བརྙན་ལ་སོགས་པའི་མཚན་ཉིད་དེ། ཟ་བ་ལ་སོགས་པའི་རྣལ་སེམས་ཤིང། རང་གི་ལྷའི་སྦྱོར་བ་བསྒོམས་པས་སྤྱོད་ཅིང་རྣམ་པར་འགྱུར་བ་སྟེ། ཐམས་ཅད་རྟོགས་ཤིང ་ཁོང་དུ་ཆུད་པའི་ཚུལ་ལོ། །འདི་སྐད་སྟོན་ཏེ། གཟུགས་ལ་སོགས་པ་ཡུལ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཅན་དུ་རྣལ་འབྱོར་པ་ཐམས་ཅད་དུ་བསྒྲུབ་པར་བྱའོ་ཞེས་པའོ། །བལྟས་དང་ཁུ་ཚུར་རྣམ་པ་ཡིས། སེམས་ཅན ་ཐམས་ཅད་དབང་དུ་བྱེད་ཅེས་བྱ་བ་ནི་བལྟ་བ་ནི་མཐོང་བའོ། །ཁུ་ཚུར་ནི་བཅིང་པའོ། །ཉེ་བར་མཚོན་པ་འདིས་ནི་སྨིན་མ་བསྐྱོད་པ་ལ་སོགས་པ་ཡོངས་སུ་གཟུང་སྟེ། ཚུལ་དེ་དག་གིས་སེམས་ཅན་ཐམས་ཅད་དབང་དུ་བྱེད་པས་ནི་འདི་སྐད ་ཅེས་བྱའོ། །འདི་སྐད་སྟོན་ཏེ། མཉམ་པར་མ་བཞག་པའི་སྦྱོར་བས་གང་གི་ཚེ་རྣལ་འབྱོར་པ་སྤྱོད་པ། དེའི་ཚེ་མཐོང་བ་ལ་སོགས་པས་རང་གི་ལྷའི་ང་རྒྱལ་དུ་བྱས་པས་སེམས་ཅན་ཐམས་ཅད་རང་དབང་དུ་བྱེད་དེ། དེའི་བདག་ཉིད་ཀྱི་ལྷའི་ང་རྒྱལ་ཉིད་ཀྱིས ་སེམས་པར་བྱེད་དོ། །དེ་ནས་གང་གི་ཆོས་བདག་ལ་སོགས་པ་མངག་གཞུག་པར་གྱུར་པ་དེའི་ཚེ། བདག་ཉིད་ཀྱི་ཕྱོགས་བཅིང་བ་དང། སྔ་མ་བཞིན་དུ་བཟླས་པ་དང་བསྒོམ་པ་ལ་སོགས་པ་ལ་བརྩོན་འགྲུས་ཀྱིས་བསྒྲུབས་པའི་མཚན་མ་ཐོབ་པའི་བྱས་ནས ་བསྒྲུབ་པ་ལ་འདུག་པར་བྱའོ། །འཁོར་ལོ་ལ་སོགས་པའི་དངོས་གྲུབ་གྲུབ་ཐམས་ཅད་ཀྱི་བྱ་བའི་ཐབས་ནི་ཆོ་ག་ཐམས་ཅད་དེ། དེ་སྟོན་པའི་གཞུང་གི་ལེའུ་ལ་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས ་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྒྱུད་གསུངས་པས་ཡང་དག་པའི་དོན་རྫོགས་པ་མཐོང་བས་ཡིད་དགའ་བར་གྱུར་པ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་པ་མངོན་པར་དགའ་པ་སྟེ། ཇི་སྐད་དུ་གསུངས་པ་རང་གིས་རྗེས་པའི་ཡེ ་ཤེས་མངོན་སུམ་དུ་ཐོས་ཤིང་ཡིད་ལ་འཇོག་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལས་ཐོས་པས་ན། བྱམས་པ་ལ་སོགས་པ་མངོན་པར་དགའ་གྱུར་པ་སྟེ། བསྟོད་དེ་ཞེས་བྱ་བ་ནི་སྒྲ་ནི་ཡོངས་སུ་རྫོགས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ ་དྲ་བའི་རྒྱ་ཆེར་བཤད་པ་རྫོགས་སོ།། །།སློབ་དཔོན་མཁས་པ་ཆེན་པོ་ཀུན་དགའ་ཨི་སྙིང་པོས་མཛད་པ། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་