| Wylie | e-texts based on the ACIP/ALL Input |
text in 3 volumes
volume 1 (rgyud 'grel (yi)) - volume 2 (rgyud 'grel (ri)) - volume 3 (rgyud 'grel (li)) -
དེ་ལྟར་འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པ་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ
་དང། རྡོ་རྗེ་དང། པདྨ་དང། ནོར་བུའི་རིགས་རྣམས་བཤད་ནས། ད་ནི་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཚུལ་གྱིས་འདུལ་བའི
་སེམས་ཅན་གྱི་ཁམས་ནས་བརྩམས་ཏེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པས་མིང་པོ་གསུམ་གྱི་རྟོག་པ
་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ་འདིར
་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་བཤད་པ་ཉིད་ཡིན་ནོ། །རྒྱལ་པོ
་རྡོ་རྗེ་འཛིན་ཅེས་བྱ་བ་ནི་གོ་བར་ཟད་དོ། །འཇིག་རྟེན་གསུམ་པོ་ཞེས་བྱ་བ་ནི་སེམས་ཅན་རྣམས་འདུལ་བའི་ཕྱིར། སའི་འཇིག་རྟེན
་དང། བར་སྣང་གི་འཇིག་རྟེན་དང། མཐོ་རིས་ཀྱི་འཇིག་རྟེན་དང། མིང་པོ་གསུམ་གྱི་ཚུལ་གྱིས་བཞུགས་ཤིང་དེའི་ཆོས་ཉིད་ཡིན
་པས་ན་འཇིག་རྟེན་གསུམ་མོ། །ཁམས་གསུམ་པ་ཞེས་བྱ་བ་ནི་སེམས་ཀྱི་དོན་དང། ཆོས་ཉིད་ཀྱིས་འདོད་པ་དང། གཟུགས
་དང་གཟུགས་མེད་པའི་ཚུལ་གྱིས་བཞུགས་པའོ། །བདག་པོ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བ་བརྙེས་པས་ན
་ཁམས་གསུམ་པའི་བདག་པོའོ། །རྒྱུ་བ་དང་མི་རྒྱུ་བ་དང་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན་ཐམས་ཅད་དོ། །ལྷ་ཆེན་པོ་ལ་སོགས་པ་འཇིག
་རྟེན་པ་གསུམ་པོ་ལ་ཚར་གཅོད་པ་དང། ཕན་འདོགས་པར་མཛད་པ་ནི་འཇིག་རྟེན་གསུམ་གྱི་སྟོན་པའོ། །ཆོ་ག་བཞིན་དུ་སྒོམ་གྱུར་ཅིང་ཞེས་བྱ
་བ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དེ་སྒོམ་ཞིང་མངོན་སུམ་དུ་མཛད་པའོ། །སེམས་ཅན་དོན
་ཕྱིར་ཆོ་གས་བཞུགས་ཞེས་བྱ་བ་ནི་མིང་པོ་གསུམ་གྱི་བག་ཆགས་དང་ལྡན་པའི་སེམས་ཅན་གྱི་ཁམས་རྣམས་ལ་མིང་པོ་གསུམ་རྟོགས་པ་བསྐྱེད་པར
་བྱ་བའི་ཕྱིར་ཆོ་ག་བཞིན་དུ་བཞུགས་པ་ནི་སེམས་ཅན་གྱི་དོན་དེ་བསྒོམ་པར་མཛད་པའོ། །ཇི་ལྟར་བསྒོམ་པར་མཛད་ཅེ་ན། འདོད་ཆགས་ཞེས
་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྣམས་ནི་རྣམ་པ་ཐམས་ཅད་དུ་གཟུང་བ་དང་འཛིན་པའི
་རྣམ་པར་རྟོག་པའི་ངོ་བོས་གནས་པས་ན་རྣམ་པར་གནས་ཤེས་བྱའོ། །མི་མཉམ་པའི་རྟེན་འགྱུར་ན་ཞེས་བྱ་བ་ནི་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས
་མངོན་སུམ་དུ་བྱས་པའོ། །དུག་ཉིད་དུ་འགྲོ་ཞེས་བྱ་བ་ལ་རྒྱུ་བ་དང་མི་རྒྱུ་བའི་དུག་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་སྲོག་འཕྲོག་པར་བྱེད་པས
་ན་དུག་གོ་།དེའི་ངོ་བོ་ཉིད་ཡིན་པས་ན་དུག་ཉིད་དོ། །ཉེ་བར་འགྲོ་ཞེས་བྱ་བ་ནི་དུག་གི་རང་བཞིན་མ་ཡིན་ཡང་འདི་དག་དུག་གི་བྱ་བ་བྱེད་པའི་ཐ་ཚིག་གོ་།བདུད་རྩི
་ཉིད་དུ་འགྱུར་བ་ཡིན་ཞེས་བྱ་བ་ལ་བདུད་ནི་འཆི་བའོ། །དེ་འདི་ལ་མེད་པས་ན་འཆི་བ་མེད་པ་སྟེ། མྱ་ངན་ལས་འདས་པ་བདུད་རྩིའོ། །དེའི་ངོ་བོ་ཉིད་ཡིན་པས་ནི་བདུད་རྩི་ཉིད་ཡིན་ནོ། །འང་ཞེས་བྱ་བའི་སྒྲ་ནི
་ཁྱད་པར་གྱི་དོན་ནོ། །འགྱུར་བ་ཡིན་ཞེས་བྱ་བ་ནི་འགྲོ་བའི་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་འགྱུར་ཞེན་བདུད་རྩི་ཉིད་ཀྱིས་བསྟེན་འགྱུར་ན་ཞེས་བྱ་བ་གསུངས་ཏེ་མྱ་ངན་ལས་འདས་པའི་དོན་དུ་རང་བཞིན་མེད
་པའི་ངོ་བོ་ཉིད་ཀྱིས་མངོན་སུམ་དུ་བྱས་པས་ན་བདུད་རྩི་ཉིད་དུ་བསྟེན་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྒྱལ་བར་བྱེད་པ་དང། སྦྲང་རྩིར་བྱེད་པ་དང། དོན
་ཐམས་ཅད་གྲུབ་པར་བྱེད་པའི་ཚུལ་དུ་ཡོངས་སུ་རྟོག་ཅིང་དངོས་པོ་ལ་མངོན་པར་ཞེན་པས་བརྟེན་ན་ནི་ངན་སོང་གསུམ་གྱི་རྒྱུར་གྱུར་པ་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་པར་བསྒོམས་པས་མངོན་སུམ
་དུ་བྱས་ནས་ཐར་པ་ཆེན་པོ་བསྐྱེད་པར་གྱུར་པ་ཡིན་ནོ། །འདོད་ཆགས་ཚངས་པ་འབྱིན་པའི་མཆོག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འདོད་ཆགས་ནི་ཏིང་ངེ་འཛིན་གྱིས་ཚངས་པ་ཡིན
་ཞིང་འཇིག་རྟེན་ཐམས་ཅད་ཀྱི་དམ་པ་ཡིན་པས་མཆོག་ཡིན་ལ་སྐྱེ་བས་ན་འབྱིན་པའོ། །དེ་གདུལ་བྱ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཚངས་པ་ཡིན་པར
་གསུངས་སོ། །ཞེ་སྡང་དྲག་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཞེ་སྡང་ནི་ཏིང་ངེ་འཛིན་གྱིས་ན་དྲག་པོ་ཡིན་ནོ། །ཏིང་ངེ་འཛིན་གྱིས་བྱ་བ་ནི་སྒོམ་པའི་སྟོབས་ཀྱིས་སོ། །གཏི་མུག་ཁྱབ
་འཇུག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཏི་མུག་ནི་ཁྱབ་འཇུག་གི་ཚུལ་དུ་བསྐྱེད་པ་ཡིན་ནོ། །བརྟན་མཛད་ནས་འཇིག་རྟེན་གསུམ་པོ་བྱིན་གྱིས་བརླབས་ཞེས་བྱ་བ་ནི་དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི
་མུག་འཚལ་བ་ལ་སོགས་པའི་ཚུལ་དུ་བསྐྱེད་ནས། དེ་ལ་མོས་པའི་སེམས་ཅན་རྣམས་མགུ་བར་བྱ་བའི་ཕྱིར་འཁོར་བ་ཇི་སྲིད་པར་དུ་བརྟེན་པར་མཛད་ནས་དེའི་རྗེས་ལ་རྒྱལ་བར་བྱེད་པ་དང། སྦྲང་རྩིར་བྱེད་པ་དང་དོན་ཐམས
་ཅད་སྒྲུབ་པར་བྱེད་པའི་ཚུལ་གྱིས་འདོད་ཆགས་ལ་སོགས་འཇིག་རྟེན་གསུམ་པོ་ཡང་དག་པར་བྱིན་གྱིས་བརླབས་ཤིང་བསྐྱེད་པར་མཛད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གི
་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་འཇིག་རྟེན་གསུམ་པོ་ནི་རྟག་པར་གནས་ཤིང་རྒྱུན་མི་འཆད་པ་ཉིད་དུ་གནས་དང། སྲིད་པ་གསུམ་སྟེ་འདོད་པ་དང། གཟུགས་དང་གཟུགས་མེད་པའི་སྲིད་པ
་རྣམ་པ་གསུམ་སྟེ། ཆོས་རྣམ་པ་གསུམ་གྱི་ཚུལ་གྱིས་བསྟེན་ཅིང་རང་བཞིན་དག་བས་མངོན་དུ་བྱ། མཆོག་གསུམ་སྟེ་རྒྱལ་བར་བྱ་བ་དང་། སྦྲང་རྩིར་བྱ་བ་དང། དོན་ཐམས་ཅད་གྲུབ་པར་བྱེད་པའི་རང
་བཞིན་དུ་འགྱུར་རོ། །ཆོས་མིན་བསྟེན་པས་ངན་སོང་གསུམ་ཞེས་བྱ་བ་ནི་རྒྱལ་བར་བྱེད་པ་དང། སྦྲང་རྩིར་བྱེད་པ་དང་དོན་ཐམས་ཅད་གྲུབ་པར་བྱེད་པའི་རང་བཞིན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པས་བསྟེན་པ་དང། དམྱལ་བ་དང། ཡི་དགས
་དང་བྱོལ་སོང་དུད་འགྲོའི་མཚན་ཉིད་ཅན་གྱི་ངན་སོང་གསུམ་དུ་འགྱུར་རོ། །འདོད་ཆགས་སྦྲང་རྩིར་བྱེད་པར་བཤད་ཅེས་བྱ་བ་ནི་འདོད་པའི་ལྷའི་གཟུགས་འཛིན་པའི་ཚངས་པ་ལ་ནི་སྦྲང་རྩིར་བྱེད་པ་ཞེས་བྱའོ། །ཞེ་སྡང་རྒྱལ་བར་བྱེད་ཅེས་གྲགས་ཅེས་བྱ་བའི་སྟོབས་བཟང
་གིས་གཟུགས་འཛིན་པའི་དྲག་པོ་ནི་རྒྱལ་བར་བྱེད་པ་ཞེས་བྱའོ། །གཏི་མུག་དེར་ནི་སྒྲུབ་བྱེད་ཡིན་ཞེས་བྱ་བ་ནི་དཔྱིད་ཀྱི་གཟུགས་འཛིན་པའི་ཁྱབ་འཇུག་གི་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །ཀུན་ཏུ་གསང་བའི་མིང་ཡིན་ནོ། །ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ
་ཡིན་གྱི། ཕྱོགས་བཅུ་ཐམས་ཅད་དུ་རྣལ་འབྱོར་པ་ཉིད་ལ་མིང་འདི་དག་གྲགས་པ་ཡིན་ནོ། །ད་ནི་འཇིག་རྟེན་གཅིག་པུ་ཉིད་ཅེས་བྱ་བ་ནི་སེམས་ཙམ་གྱི་ཚུལ་གྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཉིད་འཇིག་རྟེན་ཡིན་ནོ། །འཇིག་རྟེན་གསུམ་དུ་རབ་ཏུ་བཤད
་ཅེས་བྱ་བ་ནི་རྣམ་པར་དབྱེ་བའི་ཚུལ་ནི་འདོད་ཆགས་ནི་ཚངས་པ་ཞེ་སྡང་ནི་དྲག་པོའོ། །གཏི་མུག་ནི་ཁྱབ་འཇུག་ཡིན་ནོ་ཞེས་རབ་ཏུ་བཤད་ཅིང་ངས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྐྱེད་དེ་བཤད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།།
་ཡང་དེ་ལྟར་རྣམ་པར་ཤེས་པ་ཙམ་དུ་ནི་གཅིག་ཏུ་ཟད་ལ། དེའི་ཚུལ་གྱིས་ནི་རྣམ་པར་བཞག་པ་ཇི་ལྟར་ཤེས་ན། ད་ནི་འདོད་པ་གཅིག་པུ་ཉིས་ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་ཀྱིས་ནི་དོན་དམ་པར་གཅིག་བུ་ཉིད
་ཡིན་ཞིང་བྱང་ཆུབ་ཀྱི་མཚན་མ་མིང་ཅན་གྱི་སེམས་ཀྱི་ངོ་བོ་ཡིན་པས་ན་འདོད་པ་ཡིན་ལ། འདིའི་རྒྱུ་མཐུན་པ་ལས་བྱུང་པའི་འདོད་པའི་ལྷའི་གཟུགས་ཅན་གྱི་ཚངས་པ་ཡིན་པས་ན་འདོད་པའོ། །དྲག་པོ་ནི་སྟོབས་བཟང་གི་གཟུགས་ཅན་ནོ། །གཡུང་དྲུང་ནི་དཔྱིད་ཀྱི་
་གཟུགས་ཅན་ཁྱབ་འཇུག་གོ། དེ་བས་ན་རྒྱུ་གཅིག་གི་རྒྱུ་མཐུན་ལས་བྱུང་བ་ཉིད་ཀྱིས་ན་འཇིག་རྟེན་གསུམ་པོ་འདི་དག་གཅིག་བུ་ཉིད་ཡིན་ནོ་ཞེས་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་བཤད་ཅིང་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ
་སྟོན་པའི་ཚིག་ཡིན་ཏེ། དེ་ལྟར་འཇིག་རྟེན་གསུམ་གྱི་དེ་ཁོ་ན་ཉིད་བཤད་ནས་དེའི་རྗེས་ཐོགས་ཉིད་ལ། མིང་པོ་གསུམ་པོ་འདིའི་མཆོག་རྡོ་རྗེ་འཆང་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པ་ཡང་སྤང་བས་བྱང་ཆུབ་ཀྱི་མཚན་ཅན་གྱི་སེམས་རྟོགས་པ་ནི་སྦྱངས
་པ་སྟེ། དོན་དེའི་ཕྱིར་རྡོ་རྗེ་བཟང་པོ་ཞེས་བྱ་བ་སྟོང་པ་ཉིད་ཀྱི་རྡོ་རྗེ་ཤིན་ཏུ་རྫོགས་པར་མཛད་པས་ན་རྡོ་རྗེ་བཟང་པོ་འཛིན་པའོ། །གཟུགས་ནི་གསུམ་པོ་འདི་དག་ཉིད་ཅེས་བྱ་བ་རྒྱལ་བར་བྱེད་པ་དང། སྦྲང་རྩིར་བྱེད་པ་དང། དོན་ཐམས་ཅད་གྲུབ་པར་བྱེད་པའི་ལུས
་གསུམ་པ་སྟེ། དེ་དག་བསྐྱེད་པར་མཛད་པའོ། །ཉིད་ཅེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། གཟུགས་གསུམ་པོ་འདི་དག་ཁོ་ནའོ། །བདག་ཉིད་ཁོ་ན་ཕྱུང་བ་ཡིན་ཞེས་བྱ་བ་ནི་བདག་ཉིད་ཀྱི་རང་གི་རྒྱུད་རྒྱལ་བར་བྱེད་པ་དང། སྦྲང་རྩིར་བྱེད་པ་དང། དོན་ཐམས་ཅད
་གྲུབ་པའི་གཟུགས་སུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོར་བྱིན་གྱིས་བརླབས་ཤིང་ཕྱུང་ལ་བསྐྱེད་པར་མཛད་པ་ཡིན་ནོ། །ཅིའི་ཕྱིར་གཟུགས་གསུམ་པོ་དེར་བདག་ཉིད་ཀྱིས་བདག་ཉིད་བྱིན་གྱིས་རློབ་པར་ཅེ་ན། གང་ཕྱིར་འཇིག་རྟེན་འདི་དག་ནི། །རྟག་ཏུ
་ཡང་ནི་འདི་སྐད་སྨྲས་ཞེས་བྱ་བ་གསུངས་ཏེ། གང་ཕྱིར་ས་འོག་ས་བླ་མཐོ་རིས་པའི་རང་བཞིན་ཅན་གྱི་མིང་པོ་གསུམ་ལ་འཁོར་བ་ཐོག་མ་མེད་པ་ནས་རྟག་པར་ལྷག་པར་དད་པར་འདི་དག་གོ། ཡང་ཞེས་བྱ་བ་སྒྲ་ནི་ཁྱད་པར་དུ་བྱ་བའི་དོན་ཏོ། །དེ་བཞིན་གཤེགས
་པ་ལ་སོགས་པ་ལྷག་པར་མོས་པའི་སེམས་ལས་བལྟོས་པ་ཡིན་ནོ། །ཚངས་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཚངས་པ་ལ་སོགས་ཀྱིས་འདུལ་ཏེ། དྲག་པོ་དང་ཁྱབ་འཇུག་ལ་སོགས་པ་འདུལ་ཞིང་དེ་ལ་མོས་པའི་སེམས་ཅན་གང་ཡིན་པའོ། །ཡང་དག
་སངས་རྒྱས་བྱང་ཆུབ་སྣོད་མ་ཡིན་ཞེས་བྱ་བ་ནི་གཞན་དག་གིས་འདུལ་བའི་འཇིག་རྟེན་འདི་ནི་ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པ་སྣོད་མ་ཡིན་ཞིང་སྐལ་པ་མེད་པ་ཡིན་ལ་དེ་བས་ན་གཟུགས་གསུམ་པོར་བདག་ཉིད་ཀྱིས་བདག་ཉིད་བྱིན
་གྱིས་བརླབ་པར་མཛད་པ་ཡིན་ནོ། །དེ་རྣམས་སྦྱང་བའི་ཕྱིར་ཞེས་བྱ་བའི་གཟུགས་གསུམ་པོར་བདག་ཉིད་བྱིན་གྱིས་བརླབས་པས་སེམས་ཅན་དེ་རྣམས་ཀྱི་དངོས་པོ་ལ་མངོན་པར་ཞེན་པའི་སེམས་རྣམ་པར་བསམ་པར་མཛད་ནས་སངས་རྒྱས་པ་ཐོབ་པར་མཛད་པའི་ཕྱིར
་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རང་ཉིད་རྒྱལ་བར་བྱེད་པ་དང། སྦྲང་རྩིར་བྱེད་པ་དང། དོན་ཐམས་ཅད་གྲུབ་པར་བྱེད་པའི་གཟུགས་སུ་མཛད་པར་བྱེད་པའི་རྒྱུ་དེས་གཟུགས་གསུམ་ཉིད་ཀྱིས་ཚངས་པ་ལ་སོགས་པ་འདུལ་བ་དེ་རྣམས་ཀྱི་སེམས་རྣམ་པར་སྦྱངས་ནས
་བཅོམ་ལྡན་འདས་ཅི་ཞིག་མཛད་ཅེ་ན། ཕྱིས་ནི་སངས་རྒྱས་ཉིད་མི་འགྱུར་ཞེས་བྱ་བ་གསུངས་ཏེ། ཚངས་པ་ལ་སོགས་པ་དེ་རྣམས་དེ་བཞིན་ཉིད་རྟོགས་པའི་ས་བརྒྱད་པའི་རང་བཞིན་ཅན་གྱིས་སེམས་སུ་བསྐྱེད་པ་མཛད་ནས། ཕྱིས་ནས་སངས་རྒྱས་ཉིད་དུ་རྟག་ཅིང་མི་འགྱུར
་བསྐྱེད་པར་མཛད་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་དང། དེ་ལ་མོས་པའི་སེམས་ཅན་རྣམས་མིང་པོ་གསུམ་གྱི་ཚུལ་གྱིས་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ
་འཆང་བ་གཟུགས་གསུམ་པར་བདག་ཉིད་ཀྱིས་བྱིན་གྱིས་རློབ་པར་མཛད་པ་ཡིན་ནོ། །དེ་ནས་སེམས་ཅན་དེ་རྣམས་གཟུགས་གསུམ་པོར་འཛིན་པར་མཛད་པའོ། །རྡོ་རྗེ་སེམས་དཔའ་ལས་ཆོས་ཐོས་ནས་དེ་བཞིན་གཤེགས་པར་འགྱུར་བ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི
་དེ་མ་ཐག་པ་སྟེ་དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཚངས་པ་ལ་སོགས་པ་ལྷ་རྣམས་སངས་རྒྱས་ཉིད་ལ་རབ་ཏུ་བཞག་པའི་རྗེས་ཐོགས་ཉིད་ལའོ། །འཇིག་རྟེན་གསུམ་གྱི་མཆོག་ཀྱང་ཡིན་ལ་དབང་ཕྱུག་ཆེན་པོ་ཡང་ཡིན་པས་ན་འཇིག
་རྟེན་གསུམ་གྱིས་ཆོ་ག་དབང་ཕྱུག་ཆེན་པོའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་གསང་བའི་དཀྱིལ་འཁོར་དུའོ། །དེར་ཞེས་བྱ་བ་ནི་དཀྱིལ་འཁོར་དེར་རོ། །རང་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །གསང་བའི་སྙིང་པོ་ཞེས་བྱ་བ་ནི་གསང་བ་སྟོན་པར་བྱེད་པ་འམ་གསང་བསྐྱེད་པར
་བྱེད་པའི་སྙིང་པོའོ། །རང་གི་རབ་གྲུབ་ཕྱིར་རབ་ཕུལ་ཞེས་བྱ་བ་ནི་རང་ཉིད་གྲུབ་པར་བྱེད་པའི་ཕྱིར་སྙིང་པོ་ཕུལ་བ་སྟེ། མིང་པོ་གསུམ་གྱི་ཚུལ་གྱིས་གདུལ་བྱ་རྣམས་སངས་རྒྱས་ཀྱིས་བྱང་ཆུབ་ཏུ་གྲུབ་ཅིང་མངོན་པར་བྱང་ཆུབ་པ་ཐོབ་པར་བྱ་བའི་ཕྱིར་ཚངས་པ་ལ་སོགས་པས་རང་གི་སྙིང་པོ
་ཕུལ་ལོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ན་དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཅེས་བྱ་བ་ནས་བརྩམས་ཏེ། ཨོཾ་བྷུར་བྷུ་བ་སྭཱ་ཞེས་བྱ་བའི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །བསྡུ་བ་སྔོན་དུ་འགྲོ་བ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ
་འཛིན་གསུམ་གསུངས་པ་ནས་ད་ནི་དམ་ཚིག་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར། ཟུར་བཞི་པ་ལ་སྒོ་བཞི་པ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །ཟུར
་བཞི་པ་ལ་ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་ཁོ་ན་ཉིད་ནི་སྙིང་སྟོབས་རྡུལ་དང་མུན་པ་ཉིད། །ཚངས་པ་དྲག་པོ་གཡུང་དྲུང་སྟེ། །མིང་པོ་གསུམ་པ་འདི་ཉིད་ནི། །ནམ་ཡང་བརྙས་པར་མི་བྱའོ་ཞེས་བྱ་བ་འདི་ཉིད་ནི་གསང་བ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྩེ་གསུམ་བཅག་སྙིང་པོ་སྣོད་མིན་ལ་སྨྲས་སཾ
་ཇི་སྐད་སྨྲས་པའི་ཆོས་རྣམས་ནི། །གལ་ཏེ་འདི་ནི་མ་སྤྱད་དམ་ཞེས་བྱ་བའི་དམ་ཚིག་བྱིན་ལ་སློབ་མ་རྣམས་ལ་དེ་ཁོ་ན་ཉིད་གསང་བ་བརྗོད་པ་འདི་བྱ་ཞིང། བྷུར་བྷུ་བ་སྭཱ་ཡ་ཞེས་བྱ་བ་འཇུག་པའི་གླུ་དང་ཟློས་ཤིང་རྡོ་རྗེའི་ཤུགས་ཀྱིས་འདིར་འཇུག་པར་བྱའོ། ཆོ་ག་ལྷག་མ་རྣམས་ནི་སྔར་མང་པོ
་གསུམ་གྱི་ནང་དུ་བཤད་ཟིན་པས་དེ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་གསུམ་འབྱིན་པའི་རྒྱུད་བཤད་པ་རྫོགས་སོ།། །།དེ་ལྟར་འཇིག་རྟེན་གསུམ་འབྱིན་པའི་རྒྱུད་གསུངས་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྲིང་མོ་བཞི་པའི་འབྱིན
་པའི་རྒྱུད་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐབས་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་ལས་བཤད་བ་ཉིད་ཡིན་ནོ། །ཀུན་ཏུ་ཆགས་དང་ཞེ་སྡང་རྨོངས། །བསྟན་པར་བྱེད་པའི་རྒྱུད་ཡིན་ནོ་ཞེས་བྱ་བ་ནི
་མིང་པོ་གསུམ་གྱི་རྣལ་འབྱོར་པ་རྣམས་ཀྱི་ཡང་དག་པར་སྦྱོར་བའི་སྒོམ་པས་འདི་དག་སྒྲུབ་པའོ། །དེ་ལྟར་ཀུན་ཏུ་ཆགས་པ་དང་ཞེ་སྡང་གཏི་མུག་སྟེ་མིང་པོ་གསུམ་གྱི་རང་བཞིན་འདི་རྣམས་ཀྱིས་བརྟན་པར་བྱེད་པའི་རྒྱུ་ཡིན་ནོ། །དཀྱིལ་འཁོར་ཞེས་བྱ་བ་ནི་གོ་བར་ཟད་དོ། །གལ་ཏེ་གསང
་ཞིང་མ་བསྲུངས་ན། །གང་ཞིག་སེམས་ཅན་དོན་ཞུགས་དང། །གང་ཡང་དཀྱིལ་འཁོར་སྒྲུབ་བྱེད་པ། །དེ་རྣམས་ཁྱེད་ཀྱིས་གསང་བ་འགྱུར་ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་འདིའི་བཤད་པ་ནི་སྔར་བཤད་ཟིན་ལ་འདིར་ཁྱད་པར་ནི་འདི་ཙམ་དུ་ཟད་དོ། འདི་ལྟ་སྟེ་ཧྲི་ཧཱུཾ་ཤྲཱི་དྷཡོ་ཞེས་བྱ
་བ་ནི་འཇུག་པའི་གླུ་ཡིན་ནོ། །དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་གླུའི་དཀྱིལ་འཁོར་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔར་བཤད་པ་ཡིན་ནོ། །འདོད་ཆགས་ལ་སོགས་དུག་གཞིག་ཕྱིར་ཞེས་བྱ་བའི་འདོད་ཆགས་ལ་སོགས་པའི་དུག་བསལ་བ་ནི་དུག་གཞིག་པ
་སྟེ་དེ་ཕྱིར་རོ། །ཀུན་ནས་བདུད་རྩི་ཉིད་བྱའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་བཅུའི་གདུལ་བྱ་རྣམས་ཀུན་ནས་རང་བཞིན་གྱི་དག་པར་བསྒོམས་པས་ཐར་པ་མངོན་སུམ་དུ་བྱས་པ་ནི་བདུད་རྩིའོ། །དེའི་ངོ་བོ་ཉིད་ཡིན་པས་ན་བདུད་རྩི་ཉིད་ཏེ། །དེའི་དོན་དུའོ། །ཞེ་སྡང་ལས་བྱུང་གླུ་ཡིན་ནོ། །དཀྱིལ
་འཁོར་དམ་པ་ཕྱུང་བར་འགྱུར་ཞེས་བྱ་བ་ནི་འདི་ཡང་སྔར་བཤད་པའི་དེ་ཉིད་ལས་ཤེས་པར་བྱའོ། །འདིའི་ཁྱད་པར་ནི་འདི་ཡིན་ཏེ། འདི་ལྟ་སྟེ་ཕུ་ཕུ་ཞེས་བྱ་བ་འཇུག་པའི་གླུའི་མཆོད་པ་ཡིན་ནོ། །དེ་ལྟར་ཀླུའི་དཀྱིལ་འཁོར་གསུངས་ནས་ད་ནི་དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་པ
་ལ་སོགས་པས་བགེགས་ཐམས་ཅད་རྣམ་པར་གཞོམ་པའི་ཕྱིར་གདོན་གྱི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱའི་སྒྲ་ནི་སྔ་མ་བཞིན་དུ་ལོག་འདྲེན་ལ་སོགས་པ་གདོན་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་སྟེ། དེ་རྣམ་པར་བསལ་ཅིང་མེད་པར་མཛད
་པས་ན་སྡུག་བསྔལ་ཐམས་ཅད་བསལ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་བའོ། །སེམས་ཅན་ཀུན་ནི་བདེ་བའི་ཕྱིར་ཞེས་བྱ་བ་ནི། གདོན་ལ་སོགས་པ་ལས་འབྱུང་བའི་སྡུག་བསྔལ་དང་བྲལ་བས་སེམས་ཅན་ཐམས་ཅད་བདེ་བ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་རོ། །ནི་ཞེས་བྱ
་བ་ནི་ངེས་པར་གཟུང་བ་སྟེ། བདེ་བ་ཁོ་ནའི་ཕྱིར་རོ། །གདོན་གྱི་དཀྱིལ་འཁོར་ཕྱུང་བ་ཡིན་ཞེས་བྱ་བ་ནི་རིམས་ལ་སོགས་པ་ཡོངས་སུ་གང་བའི་དཀྱིལ་འཁོར་སྐྱེད་པར་མཛད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དམིགས་པ་ལ་སྤྱོད
་པའི་སེམས་ཅན་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་དུག་གི་གསོ་བ་མ་བྱས་པའི་ཉེས་བྱས་ཀྱིས་དུག་ཉིད་དུ་གྱུར་པ་ཡིན་ཞིང་སྔར་བཤད་པའི་ཚུལ་གྱིས་གདོན་དང་རིམས་དང་སྡིག་པ་དང། དམྱལ་པར་ཡང་ནི་འགྱུར་བ་ཡིན་ཞེས་བྱ་བ་ཡང་དེ་ཉིད་ཡིན་གྱིས་ཕྱི་རོལ
་གཞན་དག་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་དང་བཅས་པ་ལས་བྱུང་བའི་སྲིན་པོ་ལ་སོགས་པའི་གདོན་གྱི་ཚུལ་ཅན་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྣམ་པར་རྟོག་པ་དེ་རྣམས་གཞིག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་གདོན་གྱི་དཀྱིལ་འཁོར་ཕྱུང་བ
་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་ཏེ། གདུག་པ་སྐྱེད་པར་བྱེད་པ་ཡི་གེ་ཧྲིཾ?་ངོ། །དེ་ལྟར་དེ་ནས་སྟོན་པ་རྡོ་རྗེ་འཛིན་ཅེས་བྱ་བ་ནས་བརྩམས་ཏེ་ཧྲིཾ་ཞེས་བྱ་བའི་བར་གྱིས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བས་གསུམ་པ
་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྡུས་པ་སྲིན་པོ་ལ་སོགས་པའི་གདོན་རྣམས་བཀུག་སྟེ། རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་ལ་སོགས་པ་དགུག་པ་དང་གཞུག་པ་དང་བཅིང་དང། དབང་དུ་བྱ་བ་ལ་སློབ་དཔོན་གྱིས་སྲིན་པོ་ལ་སོགས་པའི་གདོན་གཞོམ་པར་བྱ་བའི་ཕྱིར་དཀྱིལ
་འཁོར་བྲིས་ལ། སྲིན་པོ་ལ་སོགས་པའི་གདོན་གཞོམ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར་ཟུར་བཞི་པ་ཞེས་བྱ་བ་ལ་སོགས་པས་གདོན་གཞོམ་པའི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་གསུངས་པ་ཡིན་ནོ། །ཟུར་བཞི་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་བར
་ཟད་དོ། །དེ་ནས་ཞེས་བྱ་བ་བཤད་མ་ཐབ་པའི་དཀྱིལ་འཁོར་དེའི་དབུས་དང་པོར་ཞེས་བྱ་བ་ལས་དཀྱིལ་འཁོར་འཇུག་པའི་ཐོག་མར་དཀྱིལ་འཁོར་དུ་འབྱུང་པོ་དང། །ཡི་དགས་དང། ཤ་ཟ་དང། གནོད་སྦྱིན་དང། སྲིན་པོ་དང། གྲུལ་བུམ་དང། ཀླུ་ལ་སོགས་པ་རིག་པ་མཆོག་གི་རྒྱུད
་ལས་གསུངས་པའི་གདོན་བཅོ་བརྒྱད་དང། སོགས་པའི་ཞེས་བྱ་བའི་སྒྲས་རིམ་པ་བརྒྱད་པོ་སྐྱེས་བུ་གཅེར་བུ་གདོང་གནག་བ་སྐྲ་གྱེན་དུ་བརྗེ་ས་པ། སྡིག་པ་ཞེས་བྱ་བ་ཡི་དགས་ཀྱི་ཁྱད་པར་རྣམས་དང། མནར་མེད་པ་ལ་སོགས་པའི་དམྱལ་བ་བརྒྱད་དང། ཉེ་འཁོར་བ་དམྱལ་བ་རྣམས་སོ། །དེ་རྣམས
་ཀྱི་ཆོ་ག་རྒྱས་པ་ནི་ཡུལ་དང། གྲོད་དང། འཇིག་རྟེན་གྱི་བཀོད་པའི་དབྱིབས་རྣམས་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་དེ་བྲིས་པའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་མེ་ལྟར་འབར་བའི་རྣལ་འབྱོར་པས་རྣལ་འབྱོར་ཆེན་པོ་བྱས་ལ། གཙུག་ཏོར་ལ་སོགས་པ་ཡང་རང་གི་ལུས་ལ་བཀོད་དེ། དེའི
་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་འདིར་སློབ་དཔོན་གྱི་འཇུག་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བཤད་ཅིང་གསུངས་པ་ཡིན་ནོ། །ཇི་ལྟར་འཇུག་པར་བྱ་ཞེ་ན། མྱུར་དུ་ཞེས་བྱ་བ་གསུངས་སོ། །མྱུར་དུ་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་འཛིན་པ་ཞུགས་ནས་ནི་ཞེས་བྱ་བ་གསུངས་ཏེ།
་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་རྡོ་རྗེ་ཐོགས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་སྡིགས་མཛུབ་བྱེད་པ་ལ་བརྩོན་པས་དེ་རྐང་པ་གཡོན་པས་ཉེ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཚེ་རྣལ་འབྱོར་པ་ལོག
་འདྲེན་ལ་སོགས་པ་ཉེ་བར་འཚེ་བར་འགྱུར་བ་དེའི་ཚེ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་པ་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས། རྡོ་རྗེ་ཤུགས་ཀྱི་བར་དུ་རང་གི་ལུས་ལ་བཀོད་ནས། རྡོ་རྗེ་སེམས་དཔའ་ཨི་ལྷ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བདག་ཉིད་རྡོ་རྗེ
་སེམས་དཔའ་རྣམ་པར་བསྒོམས་ལ་དེའི་རྗེས་ཐོགས་ཉིད་ལ་བདག་ཉིད་རྡོ་རྗེ་མེ་ལྟར་འབར་བར་སླར་ཡང་བསམས་ཏེ། དཀྱིལ་འཁོར་འདིར་རི་རབ་ཀྱི་སྟེང་དུ་ཧྲི་ལས་སྤྲུལ་པ་གསུང་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་བཞིས་གདོན་ལ་སོགས
་པའི་ཆོ་ག་རྒྱས་པས་བཀུག་ནས་བཅུག་སྟེ་བཅིངས་ལ་འཇུག་པའི་ཕྱག་རྒྱས་བཅིངས་ནས་ཧཱཾ?་བཛྲ་ཏིཥྛ་མཎྚ་ལ་ཨུཥྣ?་བ་ཡེ་ཤེས་བྱ་བས་དཀྱིལ་འཁོར་དེ་བར་སྣང་གི་ཕྱོགས་སུ་བཞག་ལ་རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་གིས་ཕྱག་རྒྱ་དང། ཡི་གེ་ཧཱུཾ་དང་བདག་ཉིད་བྱིན་གྱིས
་བརླབས་ལ་ཧཱུཾ་ཟློས་ཤིང་ཡོངས་སུ་བསྐོར་ནས་ཐིག་གདབ་པ་དང་ཚོན་དགྱེ་བ་བྱས་ཏེ། རིག་པ་མཆོག་གི་རྒྱུད་ལས་གསུངས་པའི་གདོན་བཅོ་བརྒྱད་དང། འཕགས་པ་དཔུང་བཟང་ལས་བཤད་པའི་ལོག་འདྲེན་རྣམས་དང། སྔར་བཤད་པའི་རིམས་བརྒྱད་དང། སྡིག་པ་དང། དམྱལ་བ་རྣམས
་ཡི་གེ་ཧཱུཾ་ཟློས་ཤིང་བྲི་བར་བྱའོ། །དེ་ནས་སྒོ་དབྱེ་བ་དད་བསྡུ་བ་བྱས་ལ། རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་ལ་སོགས་པས་དེ་དག་དགུག་པ་དང་བཅིང་བ་བྱས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་རྡོ་རྗེ་ཐོགས་ཏེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ་དང།།
་གླུའི་ཚིག་ཟློས་ཤིང་རབ་ཏུ་དགོད་པ་དང། དཀྱིལ་འཁོར་དེར་ཞུགས་ལ་ཁྲོས་པ་དང། རྐང་པ་གཡོན་པས་གཉེ་བར་བྱའོ། །དེ་ལ་གླུ་ནི་འདི་ཡིན་ཏེ། སརྦ་ཨ་གྷ་མནདྷ་ལ་མི་དཾ་བཛྲ་བྷ་ར། ཨ་ཀྲ་མ་བི་ཀི་ར་བི་ཀི་ར་བི་ཀིར་བྷན་བཛྲ་དྡྷ་ཡ་ན་ཤཱ་ཡ་ཧ་ན་ད་ཧ་ན་པ་ཙ་བྷསྨི་ཀུ་རུ་ཀྲུང་དང།
་ཧཱུཾ་ཀ་རམ?་དེ་ན། དེ་ནས་རྡོ་རྗེ་ཁུ་ཚུར་དང་རྡོ་རྗེ་གཙུག་ཏོར་གྱིས་བདག་ཉིད་བསྲུང་བ་བྱས་ལ་རང་གི་ལྷ་མོ་སྦྱོར་བས་གནས་པར་བྱའོ། །སྡུག་བསྔལ་ལས་གདོན་པའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི
་དཀྱིལ་འཁོར་རྣམས་བཤད་ནས། ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས
་བྱ་བའི་སྒྲ་ནི་དེ་མ་ཐག་པ་ཐག་པའི་ཚིག་ཡིན་ཏེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་པའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་གསུངས་པ་ཡིན་ནོ། །ཀུན་མཆོག་དམ་པའི་དབང་ཕྱུག་སྟེ། ཞེས་བྱ་བ་ནི་ཀུན་གྱི་མཆེག་ཀྱང་ཡིན་ལ་དམ
་པའི་དབང་ཕྱུག་ཀྱང་ཡིན་པས་ན་ཀུན་མཆོག་དབང་ཕྱུག་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ཡང་ཐམས་ཅད་ཀྱི་མཆོག་ཡིན་པས་ཀུན་མཆོག་གོ། དེ་ཉིད་ནི་དམ་པ་སྟེ་ཕུལ་དུ་ཕྱུང་བ་ཡིན་ཞིང་ཁམས་གསུམ་པ་མ་ལུས་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པས་ན་དབང་ཕྱུག་གོ། ཞེས་བྱ་བ་ནི
་རིགས་ལྔའི་ལྷ་རྣམས་ཀྱིས་འབུལ་པའི་སེམས་ཅན་ཀུན་ཡིན་ཏེ། དེ་རྣམས་ཀྱི་རབ་ཏུ་སྒྲུབ་པ་ནི་རིགས་ལྔ་རྟོགས་པར་གྱུར་པ་སྟེ་དེའི་དོན་དུའོ། །དཀྱིལ་འཁོར་ཐམས་ཅད་གསུངས་པ་ཡིན་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བས་བསྡུས?་པའི་དཀྱིལ་འཁོར་བཀའ་སྩལ་པའོ།།
་གཟུགས་ཀུན་གྱིས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་གཟུགས་ཀྱིས་སོ། །དུས་གང་གི་ཚེ་ན། གང་ཚེ་གསང་བ་ལྔ་ཞེས་བྱ་བ་གསུངས་ཏེ། གསང་བ་ཆེན་པོའི་དེ་ཁོ་ན་ཉིད་ལྔ་ནི་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང་པདྨ་དང། ནོར་བུའི
་རིགས་རྣམས་ཀྱིས་གང་གི་ཚེ་འབུལ་བར་ན་གྱུར་པའི་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ལ་འཇོག་པར་མི་ནུས་པ་དེའི་ཚེ་སྣ་ཚོགས་ཆེན་པོ་བསྡུས་པའི་དཀྱིལ་འཁོར་གྱིས་འདུལ་བའི་སྐྱེ་བོ་སྐལ་པ་ལྡན་པ་རྣམས་ལ་དམ་པ་སྟེ། མཆོག་འདི་མཛད་པ་ཡིན་ནོ། །དེ་ལྟར་ན་དེ་ནས་རྒྱལ
་བོ་རྡོ་རྗེ་འཛིན་ཅེས་བྱ་བ་ནས་བརྩམས་ཏེ། སྣ་ཚོགས་ཆེན་པོ་འགྲོ་བ་འདུལ་བའི་དམ་པ་ཡིན་ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྟོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྡུས་པའི་དཀྱིལ་འཁོར
་གྱི་ཏིང་ངེ་འཛིན་གསུམ་གསུངས་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་ཕྱིར། དེ་ནས་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ། །དེ
་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་སྟེ། ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །གང་ཕྱིར་ཞེས་བྱ་བ་ནི་རྒྱུ་དེ་གང་གི་ཕྱིར་བསྡུས་པའི་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་ངེས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་མི་འགྱུར་པས་དེའི་ཕྱིར་
་དཀྱིལ་འཁོར་ཆེན་པོ་སྟེ། བསྡུས་པའི་དཀྱིལ་འཁོར་དམ་པ་སྟེ་མཆོག་ཏུ་གྱུར་པས་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ་ཞེས་པའོ། །ཀུན་མཆོག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་ཡང་དག་པར་སྟོན་པ་ཡིན་ཞིང། གང་དུ་བཏུལ་བའི་སེམས་ཅན་ཀྱི་ཁམས་རྣཾས
་ལས་རྣམ་པར་རྒྱལ་བ་ཡིན་པས་ན་ཀུན་མཆོག་རྣམ་རྒྱལ་ལོ། །ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་གཟུགས་ནི་སྣ་ཚོགས་སོ། །དེ་ཉིད་ཀྱིས་ན་བསྡུས
་པའི་དཀྱིལ་འཁོར་འདི་ནི་ཀུན་མཆོག་དམ་པའི་དབང་ཕྱུག་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པའི་དཀྱིལ་འཁོར་ཆེན་པོ་བྲིས་ནས་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་བྲིས་ལ། དེའི་དབུས་སུ་ཞེས་བྱ་བའི་དཀྱིལ་འཁོར་དབུས་མའི་ལྟེ་བའི་ཕྱོགས་སུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ
་འཁོར་ཆེན་པོའི་ཐིག་བཏབ་ཅིང་ཀུན་ཏུ་བྲིས་ལ་མིང་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་དེའི་ལྟེ་བའི་ཕྱོགས་སུ་སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔར་རབ་ཏུ་བཞག་པར་བྱས་ཏེ་འདི་ནི་ཆོ་ག་བཞིན་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ཅིང་དེ་འབའ་ཞིག་གམ་ཞེ་ན། རྡོ་རྗེ
་ལྷ་མོ་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་རྡོ་རྗེ་དང། ཀི་ལི་ཀི་ལི་དང། རྡོ་རྗེ་དྲན་མ་དང། རྡོ་རྗེ་དྲན་མ་དང། རྡོ་རྗེ་འདོད་པའི་དབང་ཕྱུག་མ་ནི་རྡོ་རྗེ་ལྷ་མོའོ། །སོགས་པའི་སྒྲས་ནི་དུས་ཀྱི་མཆོད་པ་དང། རྡོ་རྗེ་སྒེག་མོ་རྣམས་དང། སྒོ་བསྲུངས་རྣམས་གཟུང་ངོ། །རྡོ་རྗེ་ལྷ་མོ་ལ་སོགས་པ་ཡོངས
་སུ་གང་བའི་དཀྱིལ་འཁོར་རམ། དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་རྡོ་རྗེ་ལྷ་མོ་ལ་སོགས་བའི་དཀྱིལ་འཁོར་ཏེ་དེར་རོ། །དེའི་ངོ་བོས་ནི་ཐམས་ཅད་དུ་ཞེས་བྱ་བ་ནི་རེའུ་ཆ་དབུས་མར་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་བྲིས་པ་དེའི་ཕྱོགས་བཞིར་དེ
་བཞིན་གཤེགས་པ་དང། རྡོ་རྗེ་འཛིན་པ་དང། འཇིག་རྟེན་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་ཀུན་མཆོག་ལྷག་པའི་སྐུ་རྣམས་ཀྱིས་མཚན་པའི་མཆོག་རྡོ་རྗེ་དང་བཅས་པ་འཁོར་ལོ་ལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་མཆོག་བཅས་མཚན་མ་རྣམས་རྡོ་རྗེས་མཚན་པའི
་འཁོར་ལོ་ལ་སོགས་པའི། །ཞེས་བྱ་བའི་ཐ་ཚིག་གོ། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་དེ་རྡོ་རྗེས་མཚན་པའི་མཚན་ཉིད་དོ། །སྐུ་གཟུགས་ལ་སོགས་བཞག་པར་བྱ་ཞེས་བྱ་བ་ནི་མི་བསྐྱོད་བ་ལ་སོགས་པ་རང་གི་རིགས་ཀྱི་ལྷའི་ཚུལ་གྱིས་ཡོངས་སུ་བསྐོར་པ་ནི་རང་གི་རིགས
་ཀྱིས་བསྐོར་བ་ཞེས་བྱའོ། །རྒྱལ་བ་རྡོ་རྗེ་?་མེད་བུའི། །གཟུགས་འཛིན་འཁོར་ལོ་བསྣམས་པ་བྲི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྲེད་མེད་ཀྱི་བུའི་གཟུགས་འཛིན་པ་ཕྱག་ན་འཁོར་ལོ་བསྣམས་བ་བཞག་པར་བྱའོ། །ཁྱབ་བདག་རྡོ་རྗེ་ཅན་རྡོ་རྗེ། །གཏུམ
་དབང་རྡོ་རྗེ་མདུང་བསྣམས་པ། །ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་རྡོ་རྗེ་གཏུམ་པའི་དབང་ཕྱུག་གི་གཟུགས་འཛིན་པ་རྡོ་རྗེ་མདུད་བསྣཾས་པ་བྲི་བར་བྱའོ། །རྡོ་རྗེ་པད་འབྱུང་པདྨ་ཅན། །རྡོ་རྗེ་འཛིན་པ་ཚངས་གཟུགས་ལྡན་ཞེས་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས
་དབང་ཕྱུག་གི་གཟུགས་འཛིན་བའི་རྡོ་རྗེ་འཆད་རྡོ་རྗེ་འཛིན་པ་ནི་ཚངས་པའི་གཟུགས་བྲི་བར་བྱའོ། །ནམ་མཁའ་ཨི་སྙིང་པོའི་འདོད་གཟུགས་ཅན། །རྡོ་རྗེ་དང་བཅས་མེ་ཏོག་མཆོག་ཅེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང་པོ་ནི་འདོད་པའི་ལྷའི་གཟུགས་འཛིན་པ་ལ་རྡོ་རྗེས
་མཚན་པའི་གཞུ་བསྣམས་ཏེ་བཞུགས་པ་བྲི་བར་བྱའོ། །གཞིའི་དཀྱིལ་འཁོར་གྱི་མེའི་མཚམས་སུ་རྡོ་རྗེ་དཔལ་མོ། །བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་དཀར་མོ། །རླུང་གི་མཚམས་སུ་རྡོ་རྗེ་སྒྲོལ་མ། དབང་ལྡན་གྱི་མཚམས་སུ་ནམ་མཁའ་ཨི་རྡོ་རྗེ་མ་བྲི་བར་བྱའོ། །དེ་ནས་འདི་རྣམས་ཀྱི
་ཞེས་བྱ་བ་ནི་གོ་བར་ཟད་དོ། །ཕྱིའི་དཀྱིལ་འཁོར་གནས་རྣམས་སུ་ཞེས་བྱ་བ་ནི་ལྷའི་སྣམ་བུའོ། །རྡོ་རྗེ་མཚན་མ་རང་ཕྱོགས་གནས་ཞེས་བྱ་བ་ནི་དྲག་པོ་ལ་སོགས་པའི་མཚན་མ་རྡོ་རྗེས་མཚན་པའི་ཏྲི་ཤུལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་མཚན་མ་སྟེ། དེ་ཤར་ལ་སོགS་པའི་ཕྱོགས་སུ་?་ནི་རང་གི་ཕྱོགས་སུ
་པ་ནས་པ་བྲི་བ་ཡིན་ནོ། །རྡོ་རྗེའི་མཚན་མ་རང་གི་ཕྱོགས་སུ་གནས་པར་བྲི་བ་དེ་གང་ཞིག་ཡིན་ཞེ་ན། ལྷ་དབང་ནི་མ་མོ་ཉིད་ཅེས་བྱ་བ་གསུངས་ཏེ། ཀླུའི་དབང་པོ་ནི་དྲག་པོ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པའོ། །དེ་རྣམས་ཀྱི་ཆུང་མ་ནི་མ་མོའོ། །དེ་ཉིད་ནི་ལྷའི་དབང་པོ་མ་མོ་དང་བཅས
་པའི་འཇིག་རྟེན་སྐྱོང་བ་རྣམས་ཡིན་ཏེ་དེ་རྣམས་དགོད་པར་བྱའོ། །ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་ཡིས། །རོལ་མོའི་ཆེ་བཅུ་བརྡུང་བྱེད་པ། །ཕྱི་ཡི་དཀྱིལ་འཁོར་ཁ་ཁྱེར་དང། སྒོ་དང་མཚམས་སཱུང་དེ་བྲིའོ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་སྒེག་མོ་ལ་སོགས
་པ་དང། སྒོ་རྣམས་སུ་ལྕགས་ཀྱུ་མ་ལ་སོགས་པ་བྲི་བར་བྱའོ། །སྒོ་རྣམས་ཀུན་ཏུ་འཇུག་པ་ནི། །རང་གི་ཕྱག་རྒྱས་རབ་ཏུ་འཇུག་ཅེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང་པདྨ་དང། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱའོ།།
་དང་པོ་སྦྱོར་བས་དཀྱིལ་འཁོར་ནི། །དམ་པ་ལྔ་བུ?་ཞེས་བྱ་བ་ནི་གཞིའི་དཀྱིལ་འཁོར་དུ་དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་འཇུག་པར་བྱའོ། །དེ་ནས་དབུས་སུ་གནས་གྱུར་ནས། །དགུག་པ་འདི་ནི་བྱ་བ་ཡིན། །འདི་ལྟར་དཀྱིལ་འཁོར་བྲིས་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ཏེ།
་ཇི་ལྟ་བ་བཞིན་དུ་ཞུགས་ཏེ། དེའི་རྗེས་ཚོགས་ཉིད་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་བསམས་པས་སྒོ་དབྱེ་བའི་ཕྱག་རྒྱས་དཀྱིལ་འཁོར་གྱི་སྒོ་རྣམས་ཕྱེ་ནས། དེ་རྗེས་ལ་འོག་ནས་བཤད་པའི་དགུག་པར་བྱའོ། །གསང་བའི་ལྕགས་ཀྱུ་དྲིལ་བཅས་པས། །འདི་ནི་ཞེས་བྱ་བ་ལ
་སོགས་པ་གོ་བར་ཟད་དོ། །དེ་དག་གོ་རིམས་ཇི་བཞིན་དུ། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ་ཞེས་བྱ་བ་ནི་རེ་ཞིག་དང་པོར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེ་བཞིན་ཉིད་དུ་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ
་དང་རྡོ་རྗེ་དང་པདྨ་དང། ནོར་བུའི་རིགས་ཀྱི་ལྷ་རྣམས་བསྒྲུབ་པར་བྱ་སྟེ། འདི་ནི་འདིར་གོ་རིམས་ཇི་བཞིན་བསྒྲུབ་པར་བྱ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །སྒྲུབ་པ་དག་ནི་ཐམས་ཅད་དང། །དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང
་པདྨ་དང། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་རྣམས་སུ་ལྷ་ཐམས་ཅད་ཀྱི་སྒྲུབ་པ་གསུངས་པ་དང། ལྷ་ཐམས་ཅད་ཀྱི་དངོས་གྲུབ་གསུངས་པ་དེ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡང་བདེ་བ་ཐམས་ཅད་མི་འགྱུར་གནས་ཞེས
་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་བདེ་བ་ཐམས་ཅད་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་བདེ་བ་གཉིས་སུ་མེད་པ་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་མི་འགྱུར་བའི་གནས་ཏེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ
་མ?་མེད་པའི་རང་བཞིན་སེམས་ཅན་གྱི་ཁམས་ཐམས་ཅད་དང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་མངོན་སུམ་དུ་བྱེད་པའི་གཞིར་གྱུར་པའོ། །བདེ་བ་ཆེན་པོ་ཞེས་བཤད་དོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །རྡོ་རྗེ་འདི་ནི་བསྒྲུབ་ལ་སོགས། །འདི་ནི་ཚེ་འདིར
་འགྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྡོ་རྗེའི་རང་བཞིན་ཡིན་པས་བདེ་བ་ཆེན་པོ་དེ་ནི་རྡོ་རྗེ་ཡིན་པ་དང། དེ་ལས་བྱུང་བའི་དཀྱིལ་འཁོར་འདི་ལ་ཡང་ཉེ་བར་བཏགས་པས་དེ་སྐད་ཅེས་བྱ་སྟེ། སྒྲུབ་པ་འདི་ལ་སོགས་པའི་དཀྱིལ་འཁོར་སྒྲུབ་པར་བྱེད་བར་བསྒྲུབས་ནས་སྒྲུབ་པ་པོ་ཚེ
་འདི་ཉིད་ལ་མངོན་པར་འདོད་པའི་དངོས་གྲུབ་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་བཤད་པའི་ཚུལ་གྱིས་འགྲུབ་པར་འགྱུར་བར་བཤད་དོ་ཞེས་སྦྱར་རོ། །སྣ་ཚོགས་པ་ཡང་ཡིན་ལ་དོན་དམ་པ་ཡང་ཡིན་པས། སྣ་ཚོགས་པའི་དོན་ཏེ། བསྡུས་པའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས
་དཔའ་ལ་སོགས་པའི་ཚུལ་ལོ། །དེས་རྣམ་པར་སྦྱང་བ་ནི་ལྷ་སྣ་ཚོགས་པ་ལ་མོས་པའི་སེམས་ཅན་གྱི་ཁམས་རྣམས་རིགས་ལྔ་པོ་རྟོགས་པས་འདོད་ཆགས་ལ་སོགས་པ་དང་བྲལ་བའོ། །དེའི་དོན་གྱི་ཆོ་ག་ནི་ལྷག་པར་གནས་པ་དང། ཕྱག་འཚལ་བ་དང་དཀྱིལ་འཁོར་དུ་འཇུག་པ
་ལ་སོགས་པའོ། །དེ་ལྟར་འགྲོ་བ་དཔག་ཏུ་མེད་པ་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་དེས་འདུལ་ཞིང། ལམ་རྟོགས་པ་ལ་བཞག་པ་ནི་འགྲོ་བ་དཔག་ཏུ་མེད་པ་ཀུན་བཏུལ་བ་སྟེ། དེ་ཉིད་ནི་མཛའ་མེད་པ་ཡང་ཡིན་ལ་སྣ་ཚོགས་པ་ཡང་ཡིན་པས་ནམ་མཛའ་མེད་པའི་སྣ་ཚོགས་པ་སྟེ། མཉམ
་པ་མེད་པའི་མཚུངས་པ་མེད་པའོ། །གསུངས་པ་ནི་བཤད་པའོ། །ཕུལ་དུ་གྱུར་པ་ནི་མཆོག་ཏུ་གྱུར་པའོ། །ཇི་ལྟར་ན་ཕུལ་དུ་བྱུང་བ་ཡིན་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་འཛིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འཛིན་པའོ།
་དེ་བྱེད་པ་ཡང་ཡིན་ལ་བདེ་བའི་མཆོག་ཀྱང་ཡིན་པས་ན་དེ་བྱེད་པའི་བདེ་བའི་མཆོག་གོ་།རྒྱལ་བ་ཐམས་ཅད་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྡུས་པའི་དཀྱིལ་འཁོར་འདི་བྱིན་གྱིས་བརླབས་ཤིང་བརྟན་པར་མཛད་པས་ན་སྲིད་པ་པའི་བདེ་བའི་མཆོག་བྱེད་པ
་སྟེ། གདུལ་བྱ་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བསྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་འདིའི་དོན་བརྗོད་པར་བྱས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་བཤད་བའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་པ་འདི་ལས་བཤད
་པའི་བྱིན་གྱིས་བརླབས་པ་དང། དབང་བསྐུར་བ་དང་དངོས་གྲུབ་ཀྱི་རྡོ་རྗེ་བཏུལ་ཤུགས་ཀྱང་བླངས་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང། ཕྱག་བཞིས་ཀྱང་ཕྱག་བྱས་ལ
་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་ནས་ཧཱུཾ་ཞེས་བྱ་ལན་གསུམ་བཟླས་ལ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱས་ནས་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་ཞུགས་ལ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་བཅིངས་ཏེ་ཧཱུཾ་ཨ་ཧཱུཾ་ཧྲི་ཧྲཾ་ཞེས་བརྗོད་དོ། །དེར་བསྡུས་པའི་དཀྱིལ་འཁོར་སྤྲུལ་ལ་ལྷ
་ཐམས་ཅད་ཀྱི་རང་རང་གི་གནས་སུ་རང་རང་གི་སྙིང་པོས་ལྷ་ཐམས་ཅད་རང་རང་གི་གཟུགས་སུ་བཀོད་ལ། ཨོཾ་བཛྲ་ཨཱདམ་ཀོ་ཧཾ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་གསུམ་བཟླས་ལ། སྔ་མ་བཞིན་དུ་དོན་གསུམ་བསྒོམས་ཏེ། བདག་ནི་རང་ཉིད་བསྡུས་པའི་དཀྱིལ་འཁོར་ཡིན་ནོ་ཞེས་ང་རྒྱལ
་བསྐྱེད་ལ་བསྡུས་པའི་དཀྱིལ་འཁོར་གྱི་སྙིང་པོ་ཟློས་ཤིང། དུས་ཇི་སྲིད་ཀྱིས་བདག་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱི་མངོན་སུམ་ལྟར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེའི་སྦྱོར་བས་བསྒོམ་པར་བྱའོ། །དེ་ནས་ཉིན་ཞག་བདུན་གྱི་བར་དུ་སྔར་བཤད་པའི་ཚུལ
་གྱིས་ཏིང་ངེ་འཛིན་གསུམ་བསྒོམས་པ་ནས་བརྩམས་ཏེ། བསྡུས་པའི་དཀྱིལ་འཁོར་བརྩམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྦྱང་ལ། སློབ་མ་ལྷག་པས་གནས་པ་དང། ལྷ་ལྷག་པར་གནས་པར་བྱས་ནས་ཉི་མ་?
་བའི་དུས་སུ་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེ་ལ་རེ་ཞིག་དང་པོར་རྡོ་རྗེ་སེམས་དཔའ་ཨི་ལྷ་མོའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེ་ལ་དཀྱིལ་འཁོར་དབུས་མའི་དབུས་ཀྱི་རེ་ཆལ་ཡང་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གཉིས་པ་འདོད་ཆགས་རྡོ་རྗེ་མའི་གནས་སུ་རྣམ་པར་སྣང་མཛད་ཀྱིས་དཀྱིལ
་འཁོར་ཀཱི་ལི་ཀཱི་ལའི་གནས་སུ་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར། རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གནས་སུ་འཕགས་པ་ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེ་ནས་ཚོན་སྣ་ལྔའི་ཕྱེ་མས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་བྲིས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས
་དཔའ་འཁོར་དང་བཅས་པ་རང་གི་ཚོགས་རང་གི་དཀྱིལ་འཁོར་དུ་དགོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་ནག་པོ་ཁྱབ་འཇུག་གི་གཟུགས་ཅན། ཕྱག་བཞི་པ་ཕྱག་གཡས་པ་གཉིས་ན་རྡོ་རྗེ་འཁོར་ལོ་དང་དབྱུག་པ་བསྣམས་པ། གཡོན་གཉིས་ན་གཅིག་གིས
་མདུད་བསྣམས་པ། གཉིས་པས་གདན་ལ་སྙེམས་པའི་ཚུལ་གྱིས་གནས་པ་དཀྱིལ་འཁོར་གྱི་དབུས་ནས་ཤར་ཕྱོགས་སུ་གཟིགས་ཏེ་གཞུག་པར་བྱའོ། །ོཾ་བཛྲ་གདྷ་ཡན་ཚིནབྷ་ཨ་པྲ་ཏི་ཧ་ར་བཛྲ་ཙག་ཀྲེན་ཧོ་བྷ་ག་བ་ན་བཛྲ་ཏ་ཐཱ་ག་ཏ་ཛ(རྒྱུད་འགྲེལ་བཤད་པའི་སྙིང་པོས་རང་གི་གནས་སུ་?་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བ་གཏུམ་པའི་དབང་ཕྱུག་གི་གཟུགས་འཛིན་པ། སྐུ་མདོག་སྔོ་བ། སྤྱན་གསུམ་པ་ཕྱག་བཞི་པ། རྡོ་རྗེ་རྩེ་གསུམ་དང་རྡོ་རྗེ་འབར་བ་བསྣམས་པ། གཡོད་ཀྱི་གཅིག་གིས་ཐོད་པ་བསྣམས་པ།
་གཉིས་པས་རལ་གྲི་བསྣམས་པ་སྙིང་པོ་འདིས་དགོད་པར་བྱའོ། །ཧཱུཾ་བཛྲ་ཀྲོ་ཏ་མཧཱ་ཡོ་གི་ནི། ག་ནེ་ཤྭ་ར་མ་ཧཱ་བཛྲ་ཤུ་ལོ་གྲཝ་པ་ནེ་ཧོ་བྷ་ག་བཱ་ན་བཛྲ་ཙན་དྷེ་ཤར་ར་ཨ་ཧ་ཧ་ཧ་ཧ་ཧོ། རྡོ་རྗེ་མཚོན་ཆ་ཨ་ལ་སོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་བྲི་བར་བྱའོ། །རྡོ་རྗེ་གཙུག་ཏོར་ལ་སོགས
་བ་ཡང་ཐིག་བདུན་གྱི་ནང་དུ་བྱའོ། །དེ་ནས་འཇིག་རྟེན་དབང་ཕྱུག་ཚངས་པའི་གཟུགས་འཛིན་པ། སྐུ་མདོག་དཀར་པོ་ཞལ་བཞི་པ་ཕྱག་གཡས་པ་གཉིས་ན་ཕྲེང་བ་དང་དབྱུག་པ་བསྣམས་པ། གཡོན་གཉིས་ན་སྤྱི་བླུགས་དང་པདྨ་བསྣམས་པ། རང་གི་དཀྱིལ་འཁོར་གྱི་དབུས་སུ་སྙིང་པོ་འདིས
་དགོད་པར་བྱའོ། །ཧྲི་བཛྲ་པདྨ་དྷ་བྷ་བ་ག་ན། བཛྲ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ་མ་ཧཱ་པྲ་མ་སིདྡྷ་ཨོཾ་བྷུར་བྷ་བ་སྭ་སྭ་ཏི་ན་མ་སྭཱཧཱ། པདྨའི་ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་སྔ་མ་ཁོ་ན་ལྟར་བྲི་བར་བྱའོ། །དེ་ལྟར་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་བྲིས་ནས
་འཕགས་པ་ནམ་མཁའ་ཨི་སྙིང་པོ་རང་གི་དཀྱིལ་འཁོར་གྱི་དབུས་ན་འདོད་པའི་དབང་ཕྱུག་གི་གཟུགས་འཛིན་པ་སྐུ་མདོག་དམར་པོ་ཕྱག་མཚན་རྡོ་རྗེ་མེ་ཏོག་དང་བཅས་པའི་སྙིང་པོ་འདིས་བྲི་བར་བྱའོ། །ཧེ་བཛྲ་ཀུ་སུ་མ་ཨ་སུ་དྷ་སརྦ་ཀརྨ་ན་མེ་སདྷ་ཡ་ཧི་བ་ག་བཱན་བཛྲ་ཨརྐ་ཤ
་གརྦྷ་ཌ་ཌ་ཏྲཾ་།དབང་བསྐུར་བའི་རིན་པོ་ཆེ་ལ་སོགས་པ་གཞན་དག་ནི་དེ་བཞིན་དུ་བྲི་བར་བྱའོ། །ཡང་གཞིའི་དཀྱིལ་འཁོར་གྱི་མེའི་མཚམས་སུ་བཅོམ་ལྡན་འདས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མོའི་གཟུགས་འཛིན་པ། སྐུ་མདོག་གསེར་བཙོ་མའི
་མདོག་འདྲ་བ་ཕྱག་གཡས་ན་འཁོར་ལོ་བསྣམས་པ་སྙིང་པོ་འདིས་བྲི་བར་བྱའོ། །ན་མོ་ཡེ་ན་སདྷི་ན་བྷ་ག་བ་ཏི་པྲཛྙཱ་པ་ར་མི་ཏ་སྤུ་ཏ་ཚིནདྷ་བཛྲ་ནི་ཙག་ཀྲེ་ན། ཊེ་ན་སད་?་བ་བ་ཀན་ཨོཾ་དྷི་ཤྲཱི་ཤུདྡྷ་བི་ཛཱ་ཡེ་སྭཱཧཱ། དེ་བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་འཛིན་མ་ཨུ་མའི་གཟུགས་འཛིན་མ
་གསེར་གྱི་མདོག་ཅན་ཕྱག་གཡས་ན་རྡོ་རྗེ་རྩེ་གསུམ་བསྣམས་པ། གཡོན་ན་མདུད་རྩེ་གསུམ་པ་བསྣམས་པའི་སྙིང་པོ་འདིས་བྲི་བར་བྱའི། །ོཾ་བཛྲ་གོ་རིམ། ཧི་བ་དྷེ་ཏྲཻ་ལོ་ཀྱ་བཛྲ་ཡེ་ཤ་རི་བཛྲ་ཀྲོ་དྷ་ཨགནི་ས་མ་ཡེ་བཛྲ་དྷ་རིན་མོ་སྟུ་སྟེ། ཏདྱ་ཐཱ། ཧི་ལི་མི་ལི། ལེ་ལི་ལ་ལོའི་བར་ཀམ
་ཀ་ཡེ་སྭཱཧཱ། རླུང་གི་མཚམས་སུ་སྒྲོལ་མ་སྐུ་མདོག་ལྗང་གུ་ཕྱག་གཡོན་གྱིས་པདྨ་བསྣམས་པ། ཕྱག་གཡས་ཀྱིས་མཆོག་སྩོལ་པ། སྙིང་པོ་འདིས་བྲི་བར་བྱའོ། །ན་མོ་ཡི་ནས་སྭད་?་མ་བྷ་ག་བ་ཏི་བུདྡྷ་དྷ་པོ་དྷི་ར་བུདྡྷ་ར་བཛྲ་དྷརྨ་བྲ་མོ་གོན་ཏེ་ན་སྭད་དྷེ་ན་སིདྡྷ་མཾ་ཨོཾ་ཏ་རེ་ཏུཏྟ་རེ་ཏུ་རེ
་སྭཱཧཱ། དེ་ནས་དབང་ལྡན་གྱི་མཚམས་སུ་ནམ་མཁའ་རྡོ་རྗེ་མ་དགའ་བའི་གཟུགས་འཛིན་པ། སྐུ་མདོག་དམར་པོ་རྡོ་རྗེ་དང་བཅས་པས་མཚོན་ཆ་བསྣམས་པ་སྙིང་པོ་འདིས་བྲི་བར་བྱའོ། །ཾ་ཀརྨ་བཛྲ་ནི་སི་ད་སི་བི་ཤུདྡྷ་སི་ས་བ་བ་ཏ། ག་གོ་མོད་བྷ་བ་ཡོད་ཀེ་ན་སིང་དྷ་མཾ་བར་མ་ཀ་རེ་ཏ་དྱ་ཐཱ། ག་ག་ནི
་བི་ཤུདྡྷ་སརྦ་ཨ་ཕི་པྲ་ཡ་པ་རི་པུ་ར་ནི་སྭཱཧཱ། །དེ་བཞིན་དུ་བཞིའི་དཀྱིལ་འཁོར་ཕྱིའི་མཚམས་བཞིར་སྒེག་མོ་ལ་སོགས་པ་ཡང་དག་པར་བྲི་བར་བྱའོ། །ཕྱི་དང་ནང་གི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་དགོད་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་འདོད་པའི་ལྷ་དང། ཚངས་པའི་བདག་པོ་དང། བདེ་བྱེད་ལ་སོགས་པ་ཆུང་མ་དང་བཅས་དུམ་བུ་དང་པོའི་རྡོ་རྗེ་སེམས་དའི?
་དཀྱིལ་འཁོར་ལས་བཤད་པའི་ཚུལ་དུ་བྲ་བར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཁ་ཁྱེར་ལ་རྡོ་རྗེ་ཚོགས་ཀྱི་དབང་ཕྱུག་མ་པི་ཝང་ལེན་པ་ལ་བརྩོན་པ་བཅུ། གླིང་བུ་ལེན་པ་ལ་བརྩོན་པ་བཅུ། མུར་ཉྫ་ལེན་པ་བཅུ། ཆ་ལང་འཁྲོལ་བ་བཅུ། རྔ་བོ་ཆེ་བརྡུད་བ་བཅུ། རྫ་རྡ་བརྡུད་བའི་སྦྱོར་བས་གནས་པ་བཅུ། གླུ་རིངས་ལེན་པས་གནས་པ་བཅུ། ཏི་ལེ་མ་ལེན་པ་བཅུ
་སྟེ། རྡོ་རྗེ་ཚོགས་ཀྱི་དབང་ཕྱུག་བཅུ་ཧཱུཾ་ཞེས་བྱས་ས་གནས་པ་བྲི་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་སྒོ་ཕྱེ་ལ་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། གསང་བའི་ལྕགས་ཀྱུ་མའི་རྡོ་རྗེ་དྲིལ་བུ་མ་དང་བཅས་པས་དཀྱིལ་འཁོར་གྱི་ལྷ་ཐཾས་ཅད་བཀུག་སྟེ། སྙིང་པོ་འདིས་དཀྱིལ་འཁོར་དུ་ཞུགས་པར་བྱའོ
་ཨོཾ་མ་ཧཱ་ས་ཁུ་བཛྲ་སཏྭ་སིདྡྷི་ཧཱུཾ་སརྦ་ཏ་ཐཱ་ག་ཏ་ན་ས་མཱ་ཀ་ར་ཤ་ཡ་ཛ། སརྦ་བཛྲ་ཀུ་ལ་ཨ་ཏི་བཾ་དམ་ཡི་དང་པྲ་བྷེ་ཤ་ཡ་ཧཱུཾ། སརྦ་ལོ་ཀེ་ཤ་རཾ། པྲ་བེ་ཤ་ཡ་ས་མ་ཡ་བར་བཱན་དན་ག་སརྦ་རཏན་ཨ་དྷི་བཾ་མ་ནི་རོ་ཛ་པ་ཤི་ཀུ་རུ་ཧོ་ཧཱུཾ་ཨ་ཧཱུཾ་ཧྲི་ཏྲཾ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་བྱས་ལ་རྡོ་རྗེ་ཁུ་ཚུར་གྱིས་སོ། རྣམས་བཅད་དེ
་རྡོ་རྗེ་གོ་ཆས་བསྲུང་བ་ཐཾས་ཅད་ཡང་དག་པར་བསྲུངས་པ་བསྡུས་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོས་མཆོད་ཡོན་ཕུལ་ཏེ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣཾས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་ཆུ་ལྷའི་བར་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རང་རང་གི་དཀྱིལ་འཁོར་ལས་བཤད་པ་ལྟར་བསྒྲུབ་པར་བྱའོ། །འདོད་པའི་ལྷ་དང་ཚངས
་པ་ལ་སོགས་པ་ནི་ཧཱུཾ་ཏྲི་ཤུ་ས་མ་ཡ་སྟཝཾ་ས་མ་ཡ་ཧོ་?་ཛ(རྒྱུད་འགྲེལ་རྒྱ་རྣམས་ཀྱིས་དབང་བསྐུར་རོ། །རྡོ་རྗེ་སྲེད་མེད་ཀྱི་བུལ་སོགས་པ་བཞིན་ནོ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་རོ། །དེ་ནས་སློབ་དཔོན་གྱི་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །རིགས་ལྔའི་དཀྱིལ་འཁོར་དུ་བཤད་པ་ལས་ཁྱད་པར་ནི་འདི་ཡིན་ཏེ། ཇི་ལྟར་གཞིའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་བསྡུས
་པའི་དཀྱིལ་འཁོར་དུ་འཇུག་པའི་གླུའི་མཆོད་པ་ཟློས་ཤིང་འཇུག་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དུ་རང་གི་ཆོ་གས་སོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པའོ། །དེ་ནས་སློབ་མ་བསྡུས་པའི་དཀྱིལ་འཁོར་དུ་བཤད་པའི་གླུའི་མཆོད་པ་གཞིའི་དཀྱིལ་འཁོར་དུ་བཅུག་ལ། དེའི་འོག
་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་ཆོ་གས་རིགས་ལྔའི་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་ཐཾས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྫོགས་སོ།། །།བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོག་ཤོ། །།རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར
་བཅུ་པོ་བཤད་མ་ཐག་པ་ཉིད་དོ། །དེ་ཉིད་ནི་རྒྱུད་ཕྱི་མ་ཡིན་ལ་དེ་བས་ན་རྩ་བའི་རྒྱུད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་རྟོག་པ་ཐཾས་ཅད་ཀྱི་རྒྱུད་ཕྱི་མ་དང། རྩ་བའི་རྒྱུད་བཤད་ནས་ད་ནི་དེ་ལས་ཀྱང་ལས་ཀྱི་སྒྲིབ་པའི་དབང་གིས་རྣལ་འབྱོར་པས་མ་གྲུབ་ན། གསང་བའི་ལེའུ་ཡི་དཀྱིལ་འཁོར་འདོད་པའི་དངོས་གྲུབ་ཐཾས་ཅད་བསྒྲུབ་པར་བྱེད་པའི
་ཁྱད་པར་གྱི་རང་བཞིན་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀུན་ནི་འཇིག་རྟེན་གྱི་ཁམས་ཐཾས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉེ་པའི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གསང་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་གསང་བ་ཆེ་ཏེ། སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ལྷ་མོ་བཞི་དང
་ལྷན་ཅིག་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོ། །དམ་ཚིག་མཆོག་ཅེས་བྱ་བ་ནི་དེ་ཉིད་དམ་ཚིག་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པས་ན་དམ་ཚིག་མཆོག་གོ། །དེའི་སྒྲུབ་པ་ནི་དཔལ་དགྱེས་པ་ཆེན་པོའི་གནས་ཏེ་དེར་བཞུགས་པའོ། །དེ་གང་ཡིན་ཞེ་ན། རྒྱལ་པོ་མཆོག་ཅེས་བྱ་བ་དང་སྦྱོར་རོ། །སླར་ཡང་གནས་ཀྱི་ཁྱད་པར་བསྟན་པར་བྱ་བའི
་ཕྱིར་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་ནི་རྡོ་རྗེ་སེཾས་དཔའ་འོ། །དེའི་གཞལ་ཡས་ཁང་པ་ནི་བདེ་བ་ཆེན་པོའི་གཞལ་ཡས་ཁད་དོ། །དངོས་གྲུབ་ཀུན་གྱི་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ཏེ། དེ་དག་གིས་མངོན་པར་འདུ་བྱས་པ་ནི་རྫོགས་པ་འམ་དེའི་དོན་དུ་འཇིག་རྟེན་གྱི་ཁམས་ཐཾས་ཅད་ཀྱི
་རྡུལ་ཕྲ་རབ་དང་མཉམ་པའི་རྣཾ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་འདུས་ཏེ་བྱོན་པ་ནི། དེ་བཞིན་གཤེགས་མཆོག་ཆེན་པོའི་རིན་ཆེན་རྒྱལ་པོའོ། །སོགས་པའི་སྒྲས་ནི་གཟུགས་དང། རིག་པ་དང། རྡོ་རྗེ་འཆང་ཆེན་པོ་དང། བྱམས་པ་ལ་སོགས་པའི་བྱང་ཆུབ་སེཾས་དཔའ་རྣམས་ཀྱང་གཟུང་བར་བྱའོ
་དེ་བཞིན་གཤེགས་མཆོག་ཆེན་པོ་ཡི། །རིན་ཆེན་རྒྱལ་པོ་ལ་སོགས་པ་དེ་རྣམས་ཀྱིས་བརྒྱན་པ་དེ་ཡིན་ནོ། །བདེ་བ་ཆེན་པོ་ཆགས་པ་ཆེ་ཞེས་བྱ་བ་ལ། བདེ་བ་ཆེན་པོ་ཡང་ཡིན་ལ་ཆགས་པ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། བདེ་བ་ཆེན་པོ་ཆགས་པ་ཆེ་སྟེ། ལྷ་མོའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དངོས་གྲུབ་ཀུན་ལ
་རྗེས་ཆགས་ཕྱིར། བཅོམ་ལྡན་འདས་ནི་ཆགས་པ་ཆེ། །དམར་དང་སྣ་ཚོགས་མཛེས་པའི་འོད། །དཔལ་རྡོ་རྗེ་སེཾས་དཔའ་ཨི་ཕྱག་རྒྱ་འདི་ཞེས་འོག་ནས་གསུངས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་དེའི་གླུ་ནི་འོག་ནས་འཆད་པར་འགྱུར་བའི་མཚན་ཉིད་ཅན་ཡི་གེ་ཧཱུཾ་གི་གླུ་དང་རོལ་མོ་སྟེ། དེ་དག་གི་རྗེས་སུ་ཆགས་པ་ནི་རྗེས་སུ་སྒྲུབ་པ་བདེ་བ་ཆེན་པོ་ཆགས་པ་ཆེན་པོའི་གླུ་དང
་རོལ་མོ་རྗེས་སུ་ཆགས་པ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །བླ་མེད་དགའ་བ་ཆེན་པོ་ཡི། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ཅེས་བྱ་བ་ལ་བླ་ན་མེད་པའི་དགའ་བ་ཆེན་པོའི་ཡིད་བདེ་བས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་བཅུ་གཉིས་དང། ཕྱིའི་མེ་ཏོག་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་པ་གང་ཡིན
་པ་དེ་རོ། །དགའ་བ་ཆེན་པོ་ཞེས་བྱ་བ་ལ། །ཆེན་པོ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐུགས་དང་སེམས་ཅན་གྱི་དོན་ལ་ཆགས་པས་ནི་དགའ་བ་ཆེན་པོས་རྡོ་རྗེ་སེཾས་དཔའ་ཨོ། །དེའི་དཔལ་གྱི་གནས་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ཚོགས་དང་ལྡན་པའི་གཞལ་ཡས་ཁང་པའོ། །དེ་ལྟ་བུའི་གནས་ཀྱི་མཆོག་དེ་ལ་བཅོམ་ལྡན་འདས་བཞུགས
་པ་ཡིན་ནོ། །རབ་ཏུ་དགའ་བའི་རྒྱལ་པོ་མཆོག་ཅེས་བྱ་བ་ནི་ཇི་ལྟར་བཤད་པ་བཞིན་དུའོ། །མི་འགྱུར་མཆོག་ནི་རྟག་པའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་བདག་རང་ཉིད། །རབ་ཏུ་དགའ་བ་མི་འགྱུར་མཆོག། ཀུན་ཏུ་བཟང་པོ་འཁོར་བ་དང། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་ཞེས་བྱ་བའོ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་ཅེས་བྱ
་བ་ལ་དངོས་གྲུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དངོས་གྲུབ་ཆེན་པོ་སྟེ། དེ་ཉིད་ཐམས་ཅད་ཀྱི་མཆོག་ཡིན་བས་ན། །དངོས་གྲུབ་ཀུན་གྱི་མཆོག་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་པོ། །དེས་རྡོ་རྗེ་སྙེམས་པ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་དང་ལྷ་མོ་རྡོ་རྗེ་སྙེམས་མའི་བདག་པོ་ནི་བཅོམ་ལྡན་འདས་བྱང་ཆུབ་ཆེན་པོའི་ཐུགས
་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའོ། དེ་ཉིད་རིགས་ཀྱི་ལྷ་མོ་ཐཾས་ཅད། བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། དེ་རྣམས་ཀྱི་ཡང་བདག་པོ་ཡིན་ནོ་ཞེས་བྱ་བ་བདག་པོའི་སྒྲ་གཉིས་པས་བསྟན་པ་ཡིན་ནོ། །དེ་ལྟར་ན་ཐཾས་ཅད་ཅེས་བྱ་བ་ནས་བདག་པོ་ཡི་བདག་ཅེས་བྱ་བའི་བར་དུ་བཤད་པས་ཏིང་ངེ་འཛིན་དང་པོ་བསྟན་པ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས
་པའི་ལྷ་ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཀུན་མཆོག་གོ། ཀུན་མཆོག་ཀྱང་ཡིན་ལ་ཆགས་པ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཀུན་མཆོག་ཆགས་པ་ཆེན་པོའོ། །དེའི་དངོས་གྲུབ་ནི་གདུལ་བྱའི་སྐྱེ་བོ་ཡི་རྒྱུད་ལ་རྫོགས་པའོ། །དེས་གདུལ
་བྱ་དེ་ལ་ལུས་ཤིང་ལུས་ང་མེད་པའི་ཁམས་གསུམ་གྱི་བདག་པོ་ཉིད་དོ། །དེ་རྗེས་སུ་བསྒྲུབ་པ་ནི་རྫོགས་པར་མཛད་པའོ། །གླུ་དང་རོལ་མོ་ཞེས་བྱ་བའི་ཡི་གེ་ཧཱུཾ་གི་གླུ་གསུངས་པ་དང། པི་ཝང་ལ་སོགས་པའི་རོལ་མོ་སྟོན་པར་བྱེད་པའི་ཧཱུཾ་སྟེ། དེ་ཉིད་རོལ་མོའོ།།
་དེ་ཉིད་ནི་དོན་དམ་པར་དབུས་དང་མཛའ་མེད་པའི་ཕྱིར་ཐོག་མཛའ་མེད་པ་སྟེ། སྔར་གསུངས་པ་ཡིན་ཡང་སྦྱོར་བའི་ཁྱད་པར་གྱིས་སླར་ཡང་གསུངས་པ་ཡིན་ནོ། །དེ་གང་ཡིན་ཞེ་ན་ཧཱུཾ་ཞེས་པའོ། །དེ་ཐམས་ཅད་འཛིན་པ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་
་དང། ཆགས་པའི་རྡོ་རྗེ་མ་དང། ཀཱི་ལི་ཀཱི་ལ་དང། རྡོ་རྗེ་དྲན་མ་དང། རྡོ་རྗེ་འདོད་བའི་དབང་ཕྱུག་མ་རྣམས་ཀྱི་དེ་བཞིན་ཉིད་དང་རོ་གཅིག་པའི་ཡེ་ཤེས་རྣམས་ནི་རྡོ་རྗེ་ཐམས་ཅད་དོ། །དེ་རྣམས་དང་རྒྱུ་མཐུན་པའི་དང་པོའི་རྡོ་རྗེ་ནི་རྡོ་རྗེ་ཐཾས་ཅད་དོ། །དེ་འཛིན་པར་མཛད་དུ?
་ན་རྡོ་རྗེ་ཐཾས་ཅད་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་ཐམས་ཅད་འཛིན་པ་དེ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་སྟེ། རྡོ་རྗེ་ཐམས་ཅད་འཛིན་པ་ཁོ་ནའོ་ཞེས་བྱའོ། །གསང་བ་ལྔའི་དེ་ཉིད་ཆེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང། དེ་སོ་སོར་རྟོགས་པ་དང། མངོན་དུ
་བྱ་བ་དང། ཡོངས་སུ་མི་སྤང་བ་དང། ཐོབ་པའི་མཚོན་ཉིད་ཅན་གྱི་ཡེ་ཤེས་རྣམས་སོ། །དེ་ལས་བྱུང་བའི་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་ཆགས་པའི་དམ་ཚིག་གིས་འདོད་པའི་ཆགས་པའི་དམ་ཚིག་གིས་འདོད་པའི་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་བཞི
་པའི་རྡོ་རྗེ་མདའ་ལ་སོགས་པ་ཉེ་བར་མཚོན་པ་རྣམས་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་ཕྱག་རྒྱའི་ལྷ་མོ་རྣམས་སོ། །དེ་དག་རྡོ་རྗེ་ཐམས་ཅད་འཛིན་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་པས་བྱུང་བ་ཡིན་ནོ། །ཇི་སྐད་དུ་རྡོ་རྗེ་འཆང་ནི་ཆེན་པོ་ཡི། །སྐུ་གསུངས་?
་ཀྱི་རྡོ་རྗེ་ལས། །དེ་ཉིད་ཕྱག་རྒྱ་བྱུང་བ་ཡིན། ཞེས་འོག་ནས་གསུངས་པའི་ཕྱིར་རོ། །རྟག་པ་ཡང་ཡིན་ལ་ཆགས་པ་ཡང་དེ་ཉིད་ཡིན་པས་རྟག་ཏུ་ཆགས་པས་ཏེ་དེ་ལྟར་བྱུང་བའི་རང་བཞིན་གྱིས་རྟག་ཏུ་བཞུགས་པ་ཀུན་མཆོག་སོ་སོར་རྟོགས་པའི་ལྷ་མོའི་གཟུགས་ཅན་གྱི་རྡོ་རྗེ
་སེམས་དཔའ་ཨོ། །དངོས་གྲུབ་ཀྱང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་དང་སེམས་ལས་བྱུང་བ་མངོན་དུ་བྱ་བའི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་དམ་པ་མའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའ་ཨོ། །
་རྣམ་རྒྱལ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་རང་བཞིན་དག་པའི་སོ་སོར་རྟོགས་ནས་སྤོང་པ་འམ་མི་གནས་པའི་མྱ་ངན་ལས་འདས་པས་འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བ་སྟེ། ཀུན་མཆོག་རྣམ་པར་རྒྱལ་བ་མཐོང་བའི་ལྷ་མོའི་གཟུགས་ཅན་སེམས་དཔའ་ཨོ། །
་ཕྱུག་ནི་འཇིག་རྟེན་དང་འཇིག?་ལས་འདས་པའི་ཕུན་སུམ་ཚོགས་པའི་བདག་པོ་ཉིད་ཏེ། ཐམས་ཅད་ཀྱི་དབང་ཕྱུག་མཆོད་པ་ཆེན་པོའི་ལྷ་མོའི་གཟུགས་ཅན་བཅོམ་ལྡན་འདས་ཡིན་ནོ། །རྟག་ཏུ་ཆགས་པ་དང། དངོས་གྲུབ་ཆེན་པོ་དང། རྣམ་པར་རྒྱལ་བ་དང། དབང་ཕྱུག
་ནི་རྟག་ཏུ་ཆགས་དང་དངོས་གྲུབ་ཆེ། རྣམ་རྒྱལ་དབང་ཕྱུག་ཆེ་རྣམས་སོ། །དེ་རྣམས་ཀྱི་ལྷག་པའི་ལྷ་ནི་ལྷག་པའི་ལྷའོ། །དེ་དག་གང་ཡིན་ཞེ་ན། བཞི་པོ་རྣམས་སོ། །ཕྱག་རྒྱ་དམ་པ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའོ། །ཕྱག་རྒྱ་དམ་པ་བཞི་པོ་དེ་དག་ཇི་ལྟ་བུ་ཡིན
་ཞེ་ན། སེམས་དཔས་བྱིན་གྱིས་བརླབས་པའི་སྐུ་ཞེས་བྱ་བ་སྨོས་ཏེ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ། དེས་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱའོ། །དེའི་དོན་དུ་རིག་པའི་ལྷ་མོ་སྐུ་གཟུགས་ཅན་ཡིན་པས་ན་སེམས་དེ་བས་བྱིན་གྱིས་བརླབས་པའི
་སྐུ་གཟུགས་ཡིན་ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། འདི་རྣམས་དཔལ་རྡོ་རྗེ་སེམས་དཔའ་ཨི་ཡན་ལག་ཡིན་ནོ་ཞེས་བྱ་བའོ། །ཀུན་མཆོག་སོ་སོར་རྟོགས་པ་དང་ཞེས་བྱ་བ་ལ། ཐམས་ཅད་ཀྱི་མཆོག་ནི་ཀུན་མཆོག་སྟེ། ཐོག་མ་དང་ཐམ་མེད་པ་ཆོས་ཀྱི
་དབྱིངས་བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རང་བཞིན་ཅན་རྡོ་རྗེ་སེམས་དཔའ་ཨོ། །དེའི་སོ་སོར་རྟོག་པ་ནི་དེའི་རང་བཞིན་མངོན་དུ་བྱེད་པའི་གཟུགས་ཅན་ཆོས་བདག་མེད་པ་སྒོམ་པའི་རང་བཞིན་ཅན་འདོད་ཆགས་རྡོ་རྗེ་མའོ་ཞེས་བྱ་བའི་ཐ་ཚིག
་གོ། དངོས་གྲུབ་ཀུན་གྱི་བདེ་བའི་མཆོག་ཅེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རྣལ་འབྱོར་པ་རྣམས་ཀྱིས་མངོན་སུམ་དུ་བྱ་བ་གང་ཡིན་པ་དེ་ནི་དངོས་གྲུབ་ཀུན་ཏེ་དེ་ཉིད་བདེ་བའོ། །གཟུགས
་དེས་མཆོག་ནི་བཅོམ་ལྡན་འདས་མ་ཀཱི་ལི་ཀཱི་ལའོ།། །ཀུན་མཆོག་རྣམ་རྒྱལ་མཐོང་བ་མ་ཞེས་བྱ་བ་ལ། དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཨི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་གང་རྣལ་འབྱོར་བས་རྟོགས་པར
་འགྱུར་བ་དེ་ནི་ཀུན་མཆོག་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་རོ། །དེས་རྣམ་པར་རྒྱལ་བ་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་དང་བཅས་པ་སྤོང་བ་དང། འཆི་བདག་གི
་བདུད་ལས་རྣམ་པར་རྒྱལ་བ་སྟེ། དེའི་མཐོ་བའི་ཡང་མཐོ་བ་སྟེ། དེ་ལས་བྱུང་བའི་རྒྱལ་བའི་བ་དན་གྱིས་ཉེ་བར་མཚན། །བཅོམ་ལྡན་འདས་མ་རྡོ་རྗེ་དྲན་པ་མའོ། །ཐམས་ཅད་དབང་ཕྱུག་མཆོད་པ་ཆེ་ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིད་ལ་དབང
་ཕྱུག་ཀྱང་དེ་ཉིད་ཡིན་པས་ན་ཐམས་ཅད་དབང་ཕྱུག་སྟེ། །སངས་རྒྱས་སྤྲུལ་པ་དང་སེམས་ཅན་གྱི་དོན་མཛད་པ་ལ་བདག་པོ་ཉིད་དོ། །དེ་ཡིས་མཆོད་པ་ཆེན་པོ་ནི། །ཐམས་ཅད་དབང་ཕྱུག་མཆོད་པ་ཆེ་བ་སྟེ། །བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པའི་དབང
་ཕྱུག་མའོ། །དངོས་གྲུབ་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འདོད་ཆགས་རྡོ་རྗེ་མའི་གཟུགས་ཀྱིས་སོ། །བདེ་བ་དང་ཡིད་བདེ་བ་ཉམས་སུ་མྱོང་བའི་རང་བཞིན་ཅན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཀཱི་ལི་ཀཱི་ལ་མའི
་གཟུགས་ཀྱིས་སོ། །འདོད་ཆགས་ལ་སོགས་པ་ལས་རྣམ་པར་རྒྱལ་བ་ལས་འདོད་པའི་འབྱུང་བའི་དགའ་བ་ཐམས་ཅད་ནི་རྡོ་རྗེ་དྲན་པ་མའི་གཟུགས་ཀྱིས་སོ། །ཐམས་ཅད་ཀྱི་བདག་པོ་ཉིད་ཀྱི་རང་བཞིན་ཅན་གྱི་བདག་པོ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གཟུགས་ཀྱིས་སོ། །རྡོ་རྗེ་ལྷ་མོ་ཐོག་མཛའ་
་མེད་ཅེས་པ་ནི། དཔུས་དང་མཛའ་དང་བྲལ་བ་ད་ལྟར་བྱུང་བའི་རང་བཞིན་གྱིས་རྟག་ཏུ་ཞུགས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་མཆོག་གི་སྐུ་དེ་རྣམས་ཡིན་ནོ། །སླར་ཡང་དེ་དག་གསང་བའི་མཆོག་གི་མཚན་རྣམས་བསྙན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས
་པ་གསུངས་ཏེ། དགའ་བ་ཆེན་པོ་ཡང་ཡིན་ལ་དཔལ་རྡོ་རྗེ་དོན་ཡོད་ཀྱང་དེ་ཉིད་ཡིན་བས་ན་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་ཏེ། རྡོ་རྗེ་སེམས་དཔའ་ཨོ། །དེ་ལ་ཆགས་པ་ནི་དགའ་བ་སྟེ། །དེའི་དམ་ཚིག་ནི་འདོད་པའི་རྡོ་རྗེ་མའོ། །རྡོ་རྗེ་སེམས་དཔའ་ཨི་ཐུགས་ཀྱི་དཀྱེས་པ་བསྐྱེད་བར
་བྱེད་པས་རྒྱུར་གྱུར་བ་བྱང་ཆུབ་སེམས་བསྒོམ་པའི་རང་བཞིན་ཅན་ཐུགས་གཞན་དུ་འགྱུར་བ་མེད་པ་བཅོམ་ལྡན་འདས་མ་འདོད་ཆགས་རྡོ་རྗེའོ། །དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པ་ལ་ཆགས་པར་སྐྱེད་པའི་ཕྱིར་རྒྱུའི་དམ་ཚིག་རྣམ་པར་གྲོལ་བའི་ལས་ཀྱི་རང་བཞིན་ཅན་བཅོམ
་ལྡན་འདས་མ་རྡོ་རྗེ་ཀཱི་ལི་ཀཱི་ལ་སྟེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཨི་ཡི་དབང་བ་དང་ཡིད་མི་ཕྱེད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགའ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེའི་དགའ་བའི་དམ་ཚིག་ནི་དགའ་བའི་རྒྱ་སྟེ། རྣམ་པར་རྒྱལ
་བའི་རྡོ་རྗེ་མ་སྟེ་འདོད་ཆགས་ལ་སོགས་པ་ལས་རྣམ་པར་རྒྱལ་བས་མི་བྱེད་པ་རྡོ་རྗེ་དྲན་པ་མའོ། །དགའ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དེ་གཞིན་ནོ། །རྡོ་རྗེ་འདོད་པ་ནི་ཐམས་ཅད་ལས་སུ་རུང་བའི་གཟུགས་དང། སྒྲ་དང། བྲི་དང་རོ་དང། རེག་བྱ་རྣམས་གང་དག་བཅོམ་ལྡན
་འདས་རྡོ་རྗེ་སེམས་དཔས་སྤྲུལ་བ་དེ་རྣམས་ཀྱི་དབང་ཕྱུག་མ་གང་ཡིན་པ་དེ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མ་སྟེ། དགའ་བ་ཆེན་པོ་དཔའ་རྡོ་རྗེ་དོན་ཡོད་པ་ནི་རྡོ་རྗེ་སེམས་དཔའ་དང། གདུལ་བྱ་རྣམས་ཀྱི་དགའ་བསྐྱེད་པའི་ཕྱིར་རྒྱུ་ཡིན་ནོ་ཞེས་བྱ་བའོ། །འདི་རྣམས་ཞེས་བྱ་བ་ལ
་སོགས་པ་ལ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་འདས་མ་ཐག་ཏུ་བཤད་པའི་མཚན་རྣམས་ལ་དད་ཅིང་ལྷག་པར་མོས་ནས་མཆན་གྱི་དོན་གང་ཞིག་བུད་མེད་དམ། སྐྱེས་པ་འམ་ཁྱེའུ་འམ་བུ་མོ་འམ་གང་ཟག་མཁས་པ་གང།
་མཚན་གྱི་དོན་ཤེས་པས་ཀློག་པ་དེ་ནི་དེ་ཉིད་དོ། །གཞན་མ་ཡིན་པའི་ཕྱག་རྒྱ་ཐམས་ཅད་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་བདག་པོ་རྡོ་རྗེ་སེམས་པར་འགྱུར་རོ། །དེ་ལྟར་ན་ཀུན་མཆོག་ཆགས་པ་ཆེན་པོ་ཞེས་བྱ་བ་ནས་བརྩས
་ཏེ། གསང་བའི་མཆོག་ཅེས་བྱ་བ་ནི་བར་དུ་བསྟན་པས། ཏིང་ངེ་འཛིན་གཉིས་པ་བསྟན་ཏོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བསྟན་ནས། ད་ནི་དན་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་པ་དང། བསྒོམ
་པ་བྱ་བ་ཡིན་ནོ་ཞེས་བྱ་བའི་ཆོ་ག་འདིས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་འདིར་ནི་བསྒྲུབ་ཅེས་བྱ་བ་ལ་སོགས་བས་སློབ་དཔོན་གྱ་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པར་བརྗོད
་པར་བྱེད་པ་སྟེ། སྔོན་དུ་བསྙེན་པ་འདས་མ་ཐག་པ་ཁོ་ན་ཡིན་ནོ། །འདིར་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུའོ། །གང་གིས་བསྒྲུབ་པར་བྱ་བ་དེ་ནི་བསྒྲུབ་པ་སྟེ་དཀྱིལ་འཁོར་གྱི་ཆོ་གའོ། །སྒྲུབ་པ་གང་གིས་དཔལ་རྡོ་རྗེ་སེམས་དཔའ་ཉིད་རྟོགས་པར་འགྱུར་བ་དེ
་བཤད་པར་བྱའོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཉིན་རེ་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་བྱས་པའི་རྣལ་འབྱོར་བས་དཀྱིལ་འཁོར་བྲིས་ལ་ཉིན་རེ་བཞིན་དུ་ཇི་སྲིད་དཀྱིལ་འཁོར་བསྒྲུབ་པ་དེ་སྲིད་སྒྲུབ་པ་བདུན་གྱི་བར་དུ་བྱས་ནས་དེ་ནས་འགྲུབ་པར
་འགྱུར་རོ། །ཟླ་བ་རེ་རེ་འམ་ཞེས་བྱ་བ་སྔ་མ་བཞིན་སྔོན་དུ་བསྙེན་པ་བྱས་ཀྱང་གལ་ཏེ་དང་པོའི་བསྒྲུབ་པས་གྲུབ་པར་མ་གྱུར་ན་ཡང་དང་ཡང་དུ་ཟླ་བའི་བར་བསྙེན་པ་བྱས་ལ་ཉ་དང་ཉ་ལ་དཀྱིལ་འཁོར་འདི་བྲིས་ཏེ། མཚན་ཐོག་ཐག་བསྒོམ་པར་བྱ་སྟེ། དེ་ལྟར་ན་སྒྲུབ་པ་བདུན་ལ
་ངེས་བར་འགྲུབ་པར་འགྱུར་རོ། །དེ་བཞིན་ལོ་ནི་རེ་རེ་ལ་ཞེས་བྱ་བ་ལ། ཡང་ལོ་གཅིག་གི་སྔོན་དུ་བསྙེན་བ་བྱ་སྟེ། གལ་ཏེ་དང་པོ་ལ་སོགས་པའི་སྒྲུབ་པས་གྲུབ་པར་མ་གྱུར་ན། སླར་ཡང་ལོ་གཅིག་གི་བར་དུ་བསྙེན་པ་བྱས་ཏེ། དེ་སྲིད་སྒྲུབ་པ་བྱས་ན། ཇི་སྲིད་སྒྲུབས་བདུན་པ་ལས་ཡོངས
་སུ་རྫོགས་པར་འགྱུར་རོ། །ཇི་སྲིད་མངོན་པར་འདོད་པ་བསྒྲུབ་པར་བྱ་ཞེས་བྱ་བ་ལ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒྲུབ་བྱའི་དངོས་པོ་རྣམས་ཀྱི་ནང་ན་རྣལ་འབྱོར་པས་གང་ཞིག་མངོན་པར་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །ཇི་སྙེད་པ་ཞེས་བྱ་བ་ནི་ཕྱིའི་ཕུན་སུམ
་ཚོགས་པ་ཇི་ལྟར་འཐོབ་པ་སྟེ། ཆུང་དུ་འམ་འབྲིང་དམ། མང་པོའི་ཕྱིའི་ཕུན་སུམ་ཚོགས་པས་མཆོད་པར་བྱས་ནས་བསྒྲུབ་པར་བྱའོ། །ཅི་བདེ་བ་ཞེས་བྱ་བ་ལ་དཀའ་ཐུབ་མ་ཡིན་པ་དང་ངེས་པ་མེད་པས་བསྒྲུབ་པར་བྱའོ། །རས་ལ་བཅོམ་ལྡན་འདས་བྲི་བར་བྱ་ཞེས
་བྱ་བ་ནི་རས་རིས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྲི་བར་བྱའོ། །ཀུན་བདག་དམ་ཚིག་དབང་ཕྱུག་གོ་ཞེས་བྱ་བ་ལ། ཀུན་ནི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་སོ། །དེའི་བདག་ཉིད་རང་བཞིན་ཏེ། ཀུན་བདག་ཉིད་དོ། །དེ་ཡང་ཐོག་མ་དང་ཐ་མ་མེད་པའི
་ཆོས་ཀྱི་དབྱིངས་སོ། །དེའི་དམ་ཚིག་གི་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཏེ་དེ་ལས་བྱུང་བའི་ཕྱིར་རོ། །ཀུན་བདག་དམ་ཚིག་ཀྱང་ཡིན་ལ་དེ་ཉིད་དབང་ཕྱུག་ཀྱང་ཡིན་པ་སྟེ། ཀུན་བདག་དམ་ཚིག་དབང་ཕྱུག་གོ། གང་ཞིག་ཅེས་བྱ་བ་ལ་གང་ཞིག་བྲིས
་ནས་རྟག་པ་དང་མཆོག་ཏུ་འགྱུར་བའི་ཐར་པར་འགྱུར་རོ། །བཞེད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རབ་ཏུ་དགའ་བ་དང་བདེ་བའི་སྐུ་ཞེས་བྱ་བ་ལ་རབ་ཏུ་དགའ་བ་ནི་ཡིད་བདེ་བའོ། །བདེ་བའི་ལུས་ཀྱི་ཚོར་བ་བདེ་བ་དང་བདེ་བ་ཆེན་པོའི
་བདེ་བ་ཡང་ངོ། །རབ་ཏུ་དགའ་བ་དང་བདེ་བ་དག་ནི་རབ་ཏུ་དགའ་བ་དང་བདེ་བ་དག་གོ། དེ་སྟོན་པར་བྱེད་པ་དང། དེ་ལས་བྱུང་བ་དང། དེ་ཐོབ་པར་བྱེད་པའི་སྐུ་ནི་རབ་ཏུ་དགའ་བ་དང་བདེ་བའི་སྐུའོ། །དང་པོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མའོ། །གཞན་ཞེས
་བྱ་བ་ནི་ཀཱི་ལི་ཀཱི་ལའོ། །གཞན་ནི་རྡོ་རྗེ་དྲན་པ་མའོ། །རྡོ་རྗེ་སྙེམས་པའི་འཛིན་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །དང་པོ་ནི་འདོད་ཆགས་རྡོ་རྗེ་མའོ། །གཉིས་པ་ནི་ཀཱི་ལི་ཀཱི་ལའོ། །གསུམ་པ་ནི་རྡོ་རྗེ་དྲན་པ་མའོ། །བཞི་པ་ནི་རྡོ
་རྗེ་འདོད་པའི་དབང་ཕྱུག་མའོ། །དབུས་ཀྱི་རང་ལྷ་དགྱེས་པས་སྤྲོ་ཞེས་བྱ་བ་ལ་དབུས་ཀྱི་རང་གི་ལྷ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ལས་མ་ཁྱུད་པ་དགྱེས་ཤིང་སྤྲོ་བ་གང་ལ་ཡོད་པ་དེ་ནི་དབུས་ཀྱི་རང་ལྷ་དགྱེས་པར་སྤྲོ་བ་སྟེ། རྡོ་རྗེ་ཀཱི་ལི་ཀཱི་ལ་དགོད་པར་བྱའོ།།
་དེའི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཀཱི་ལི་ཀཱི་ལ་དེའི་ལྷོའི་ལོགས་ལ། རྡོ་རྗེ་ཆེའི་མདའ་ནི་གསོར་བ་ལ་བརྩོན་པ་ཞེས་པ་ལ། རྡོ་རྗེ་རྩེ་གཅིག་པའི་མདེའུ་ཅན་གྱི་མདའ་ནི་རྡོ་རྗེ་ཆེན་པོའི་མདའ་སྟེ། དེ་གྱེན་དུ་བསྟོད་པས་གསོར་བར་མཛད་ཅིང་དེ་ལ
་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཆེན་པོའི་མངའ་གསོར་བ་ལ་བརྩོན་པ་སྟེ། འདོད་ཆགས་རྡོ་རྗེ་མའོ། །དེ་ཀཱི་ལི་ཀཱི་ལའི་ལྷོ་ཕྱོགས་ལ་དགོད་པར་བྱའོ། །སྙེམས་པའི་ཕྱག་གིས་ཡོངས་མཁྱུད་པའི། །ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས་ཞེས
་བྱ་བ་ལ་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བ་དང་བཅས་པའི་སྐུ་གང་ལ་མངའ་བ་དེ་ནི་ཆུ་སྲིན་གྱི་རྒྱལ་མཆན་བསྒྲིང་བའི་སྐུ་ཅན་ནོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྙེམས་པའི་ཕྱག་གིས་ཡོངས་སུ་འཁྱུད་པ་གང་ཡིན་པ་དེའོ། །སྙེམས
་པའི་ཕྱག་གིས་ཡངས་སུ་འཁྱུད་པ་ཡང་དེ་ཡིན་ལ་ཆུ་སྲིན་རྒྱལ་མཆན་བསྒྲེང་བ་དང་བཅས་པ་ཡང་དེ་ཡིན་པས་ན། སྙེམས་པའི་ཕྱག་གིས་ཡོངས་སུ་འཁྱུད་པ་ཡི། །ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས་པ་སྟེ། བཅོམ་ལྡན་འདས་མ་རྡོ་རྗེ་དྲན་པ་མའོ
་དེ་ཡི་ལོགས་ལ་བཞད་དང་བཅས། །མཆོད་པས་བདག་པོ་ལ་བརྡེག་པ་ཞེས་བྱ་བ་ལ། རྡོ་རྗེ་དྲན་པ་མ་དེའི་གཡོན་གྱི་ལོགས་ནི་དེའི་ལོགས་ཏེ། དེའི་ལོགས་དེར་བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པའི་དབང་ཕྱུག་མ་རྡོ་རྗེ་དྲིལ་བུ་དང་བཅས་པའི་གཡོན
་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙེམས་པ་མཛད་ཅིང་གཡས་པའི་ཕྱག་ན་བསྣམས་པའི་མཆོད་པའི་མེ་ཏོག་གིས་ཕྲེང་བས་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བརྡེག་པ་དགོད་པར་བྱའོ། །སངས་རྒྱས་རིན་ཆེན་དབང་བསྐུར་གྱིས། །མཚན་མ་ཐམས་ཅད་ཅེས་བྱ་བ་ལ། འདོད་ཆགས་རྡོ་རྗེ
་མ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་ལྡན་པ་དང། ཀཱི་ལི་ཀཱི་ལ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང་ལྡན་པ་དང། རྡོ་རྗེ་དྲན་པ་མ་ནི་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་དང་ལྡན་པ་དང། རྡོ་རྗེ་འདོད་པའི་དབང་ཕྱུག་མ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ
་པ་དང་ལྡན་པའི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ནོ། །སྤྱན་གྱི་ཕྱག་རྒྱ་ལ་གཟིགས་པ་ཞེས་བྱ་བ་ལ་འདི་རྣམས་རྡོ་རྗེ་མདའ་ལ་སོགས་པའི་ཕྱག་རྒྱ་ལ་གཟིགས་པའི་སྦྱན་གང་ལ་མངའ་བ་དེ་ནི་སྤྱན་གྱི་ཕྱག་རྒྱ་ལ་གཟིགས་པའོ། །རང་བདག་ལ་ནི་ཐུགས་གཏད་པ་ཞེས་བྱ
་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཐུགས་གཏང་པའོ། །ཟུར་དུ་བལྟ་ཞིང་བཞུགས་པའི་ཞེས་བྱ་བ་ལ། དེ་ལ་མིག་ལྟ་ཞིང་དེ་བཞིན་དུ་ཆགས་པ་བསྐྱེད་པའི་ཕྱིར་ལུགས་སུ་བལྟ་ཞིང་བཞུགས་པ་སྟེ། རང་གི་ཕྱག་རྒྱལ་སྤྱན་གཏད་ནས་བཞུགས་པ་ཡིན་ནོ།།
་རས་རིས་འདི་ནི་མཐོང་བ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཆོ་གས་རས་རིས་འདི་ཐམས་ཅད་གཟིགས་པ་རྣམས་ཀྱི་རས་རིས་འདི་མཆོད་པ་ཆེན་པོའི་དཔལ་གྱིས་རོལ་པར་བྱེད་ཅེས་སྦྱར་རོ། །མཆོག་ཅེས་བྱ་བ་ལ
་སོགས་པས་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ཡིན་ཏེ། མཆོག་ཀྱང་ཡིན་ལ་དགའ་བ་ཡང་དེ་ཉིད་ཡིན་པས་ན་མཆོག་གི་དགའ་བ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་དགའ་པའོ། །དེ་ཉིད་ཕུལ་དུ་བྱུང་བའི་འདོད་པ་ནི་ཀུན་མཆོག་སོ་སོར་རྟོག་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའ་
་འདོད་པ་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་ཕུལ་དུ་བྱུང་བའི་འདོད་པ་ཅན་ནོ། །ཡང་ན་མཆོག་ཏུ་དགའ་བས་བསྐྱེད་པའི་ཕུལ་དུ་བྱུང་བའི་འདོད་པ་ནི་ཀུན་མཆོག་སོ་སོར་རྟོག་པའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་ཨི་འདོད་པ་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་དུལ?་དུ
་བྱུང་བའི་འདོད་པ་ཅན་ཏེ། དེ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མཆོག་ནི་ཆོས་ཀྱི་དབྱིངས་དང། སེམས་ཅན་ཡོངས་སུ་སྨིན་པ་ལ་ཆགས་པས་ན་མཆོག་ལ་ཆགས་པ་སྟེ། ཀཱི་ལི་ཀཱི་ལའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔལ་ལོ། །དེའི་དགའ་བ་མཆོག་ནི
་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་བསལ་བའོ། །དེའི་དངོས་གྲུབ་ནི་རྫོགས་པ་སྟེ། དེའི་གྲུབ་པ་ནི་རྫོགས་པར་གྱུར་བའོ། །ཀཱི་ལི་ཀཱི་ལའི་རང་བཞིན་གྱི་དཔལ་རྡོ་རྗེ་སེམས་དཔའ་ཨི་དགའ་བ་མཆོག་གི་དངོས་གྲུབ་ཀྱི། གདུལ་བྱ་རྣམས་ལ་རྫོགས་པའོ་ཞེས
་བྱ་བའི་ཐ་ཚིག་གོ། གསལ་བར་ནི་དངོས་པོ་ཐམས་ཅད་འཛིན་པའི་མངོན་པར་ཞེན་པ་དང་བྲལ་བས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལས་རྣམ་པར་རྒྱལ་བ་དང། འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བ་རྡོ་རྗེ་དྲན་པ་མེའི་རང་བཞིན་གྱི་རས་རིས་ཆེན
་པོ་གང་ལ་ཡོད་པ་དེ་ནི་གསལ་ཞིང་རྣམ་པར་རྒྱལ་བའི་རས་རིས་ཆེན་པོའོ། །རས་རིས་འདིས་ཞེས་བྱ་བ་འདས་མ་ཐག་ཏུ་བཤད་པའི་མཚན་ཉིད་ཅན་གྱི་རས་རིས་གཙོ་བོར་གཟུང་བ་ཉིད་ཀྱིས་བསྟན་པ་ཡིན་ཏེ། རས་རིས་འདི་ཁོ་ནས་རོལ་པར་བྱེད་པ་ཡིན་ཏེ
་གཞན་ནི་མ་ཡིན་ནོ། །ཐམས་ཅད་གཟིགས་པའི་མཆོད་པ་ཆེན་པོའི་དཔལ་ཞེས་བྱ་བ་ལ། ཐམས་ཅད་གཟིགས་པས་ན་ཐམས་ཅད་གཟིགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་རང་གི་རས་རིས་འདི་རོལ་པར་བྱེད་པ་ནི་སྒྲུབ་པར་བྱད་པའོ། །
་ཅི་སྒྲུབ་པར་བྱེད་ཅེ་ན། མཆོད་པ་ཆེན་པོའི་དཔལ་ཞེས་བྱ་བ་ལ། མཆོད་པ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་མཆོད་པ་ཆེན་པོ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ་སོར་རྟོགས་པའི་རང་བཞིན་ཅན་འདོད་པའི་དབང་ཕྱུག་མའི་ངོ་པོ་བཅོམ་ལྡན
་འདས་རྡོ་རྗེ་འཆང་ངོ། །དེའི་དཔལ་ནི་དེ་རྣམས་ཏེ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་བསྒྲུབ་པར་བྱེད་པའོ། །ལྷ་མོ་བཞི་དང་འདུས་པའི་སྦྱོར་བས་བཅོམ་ལྡན་འདས་གནས་གང་དུ་རས་རིས་ལ་བྲི་བར་བྱ་ཞེ་ན། འཁོར་ལོ་དེ་ནི་བརྟག་བྱས་ནས་ཞེས་བྱ་བ་ལ་བཅོམ
་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལྷ་མོའི་དཀྱིལ་འཁོར་གང་བཤད་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་ཐིག་གདབ་པ་ཡང་དག་པར་བྲིས་ལ། སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་གསང་བའི་དཀྱིལ་འཁོར་མཆོག་ཏུ་ཕུལ་དུ་བྱུང་བ་གང་ཡིན་པ་དེ་བརྟགས་ནས་བཅོམ་ལྡན་འདས་འདི་དབུས་ཀྱི
་དཀྱིལ་འཁོར་གྱི་ཕྱོགས་སུ་ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་སྦྱོར་བས་རས་རིས་ལ་བྲི་བར་བྱའོ། །འཁོར་ལོ་དེ་ཡང་གནས་གང་དུ་བརྟག་པར་བྱ་ཞེ་ན། རྣམ་པར་དབེན་པའི་ཁང་པ་འམ་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་མི་ཤེས་པ་ལ་སོགས་པའི་སེམས་ཅན་དང་བྲལ་བ་ནི་རྣམ་པར་དབེན་པ
་སྟེ། ཁང་པ་སུམ་བརྩེགས་ཀྱི་ཁང་བཟང་དེར་རོ། །ཡང་ན་སྐྱེད་མོས་ཚལ་ལ་སོགས་སུ་ཞེས་བྱ་བ་ལ་སྐྱེད་མོས་ཚལ་ཐོག་མར་གང་ལ་ཡོད་པ་དེ་ནི་སྐྱེད་མོས་ཚལ་ལ་སོགས་པའོ། །སྐྱེད་མོས་ཚལ་ལ་སོགས་པ་དང་བཅས་པའི་ས་ཕྱོགས་གང་ཡིན་པ་དེ་ནི་སྐྱེད་མོས་ཚལ་དང་བཅས་པའི་ས་ཕྱོགས་སོ།
་སོགས་པའི་སྒྲས་ནི་གཙུག་ལག་ཁང་དང། ཀུན་དགའ་ར་བ་དང། རི་བོ་དང། ཆུའི་འགྲམ་དང། རྒྱ་མཚོ་དང། རྒྱལ་པོའི་ནགས་ཚལ་ལ་སོགས་པ་ཁང་པ་མེད་པ་རྣམས་བཟུང་བར་བྱའོ། །ཡང་གི་སྒྲས་ནི་སྔ་མ་ལས་ཁྱད་པར་དུ་བསྟན་པའི་དོན་དུའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ནི་བཤད་ཟིན
་ཏོ། །རྡོ་རྗེ་?་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཐམས་ཅད་རྗེས་སུ་ཆགས་པའི་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་བྱུང་བ་ཡིན། །རབ་ཏུ་དགའ་བ་འགྲོ་བ་ཀུན་གྱི་བདེ་ཆེན་པོ། །བརྟ་མཐོ་དེ་རིང་བདག་ལ་མྱུར་གྲུབ་མངོན་ཕྱོགས་མཛོད་ཅེས་བྱ་བའི་རྡོ་རྗེའི་གླུ་རྒྱུར་འདི་ཉིད་ལས་གསུངས
་བ་དང། སངས་རྒྱས་ཐམས་ཅད་འདུས་པའི་རྒྱུད་ལས་ཀྱང་གསུངས་པ་ཡིན་ཏེ་དེ་དག་གིས་མཆོད་པར་བྱའོ། །གླུ་ནི་འཇིག་རྟེན་པའི་གླུའོ། །རོལ་མོ་ནི་པི་ཝང་ལ་སོགས་པའི་རོལ་མོའོ། །རྣམ་འཕྲུལ་ནི་གར་ཏེ། རྣམ་འཕྲུལ་བར་དུ་རབ་ཏུ་བཤད་ཅེས་བྱ་བ་གསུངས་པའི་ཕྱིར་རོ། །བླུ་དང་རོལ་མོ་དང་རྣམ་པར
་འཕུལ་པ་ནི་གླུ་དང་རོལ་མོ་རྣམ་པར་འཕྲུལ་པ་རྣམས་སོ། །རྡོ་རྗེ་གླུའི་མཆོད་པ་ལ་སོགས་པ་དང། གླུ་དང་རོལ་མོ་དང་རྣམ་པར་འཕྲུལ་པ་ནི་རྡོ་རྗེའི་གླུའི་མཆོད་སོགས་དང། བླུ་དང་རོལ་མོ་རྣམས་འཕྲུལ་པ་རྣམས་སོ། །དེ་དག་ཁང་བཟང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མེ་ཏོག་དང་སྦོས་དག་གིས
་ཕུལ་དུ་བྱུང་བའི་སྦྱོར་བ་ནི་རབ་ཏུ་སྦྱོར་བའོ། །མེ་ཏོག་དང་སྤོས་ཀྱི་རབ་ཏུ་སྦྱོར་བ་དེ་དག་གི་མཆོད་པ་ཐོག་མར་གང་ལ་ཡོད་པ་དེ་ནི་མེ་ཏོག་དང་སྤོས་དང་རབ་ཏུ་སྦྱོར་བ་དེ་དག་གི་མཆོད་པ་ཐོག་མར་གང་ལ་ཡོད་པ་དེ་ནི་མེ་ཏོག་དང་སྤོས་དང་རབ་ཏུ་སྦྱོར་བ་ལ་སོགས་པ་མར་མེའི་སྦྱོར་བ་འོ། །དེ་ཡིས་ཡང་དག་པར་མཆོད་པ་གང་ཡིན་པ་དེ་ནི། མེ་ཏོག་སྤོས་དང་རབ་སྦྱང
་སོགས། །མར་མེའི་སྦྱོར་བས་ཡང་དག་མཆོད་སྟེ་དེ་ལྟ་བུའི་དཀྱིལ་འཁོར་གྱི་ཁང་པ་སུམ་བརྩེགས་དེར། །མཆོག་སྟེ་ཕུལ་དུ་བྱུང་བའི་གསང་བའི་དཀྱིལ་འཁོར་མདུན་དུ་བྲི་བར་བྱས་ལ་མཚན་ཐོག་ཐག་སྒོམ་པའི་སྦྱོར་བས་རབ་ཏུ་བསྒྲུབ་པར་བྱ་བ་ནི་རང་ལ་རག་ལས་པར་བྱའོ། །ཡང་ན་བདག
་ཉིད་མཆོག་གྱུར་པས། །རང་གི་ལྷ་ཉིད་བསྒོམ་བྱ་ཞིང་ཞེས་བྱ་བ་ལ། ཡང་ན་ཞེས་བྱ་བ་ཕྱོགས་གཞན་བསྟན་པ་ཡིན་ནོ། །བདག་ཉིད་ཆོ་ག་མཆོག་ནི་ཕུལ་དུ་བྱུང་བ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེ་ཉིད་རང་གི་ལྷ་དེ་འདོད་པའི་ལྷ་བསྒོམ་ཞིང་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་ཁད
་པ་སུམ་བརྩེགས་སུ་གསང་བའི་དཀྱིལ་འཁོར་རབ་ཏུ་བསྒྲུབ་པར་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ལ་ཚོགས་ཀྱི་དཀྱིལ་འཁོར་གྱི་རབ་ཏུ་སྦྱོར་བས་སྔོན་དུ་བསྙེན་པ་བྱ་སྟེ། མཚན་མ་ཐོབ་བའི་རྣལ་འབྱོར་པས་ཇི་ལྟར་བཤད
་བའི་ཁང་པ་གསུམ་བརྩེགས་སུ་གསང་བའི་དཀྱིལ་འཁོར་བྲིས་ནས་རང་ཉིད་ཀྱིས་ལྷ་མོ་བཞི་དང། ཡང་དག་པར་འདུས་པའི་སྦྱོར་བས་རབ་ཏུ་བསྒྲུབ་པའི་རབ་མྱོས་མ་རྣམས་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་དབུས་སུ་ཞུགས་ཏེ། དུས་ཀྱི་མཆོད་པ་ལ་སོགས་པའི་སྦྱོར་བ
་དང་ལྡན་པའི་གཟུངས་མ་རྣམས་སམ། སློབ་མའི་ཚོགས་རང་རང་གི་གནས་སུ་བཀོད་ལ་ཆོ་ག་ཐམས་ཅད་རྗེས་སུ་སྦྱང་བར་བྱའོ། །འཇུག་པའི་དུས་ནི་རང་གི་སློབ་དཔོན་རྡོ་རྗེ་སེམས་དཔའ་ཨི་གནས་སུ་བཀོད་ལ། བདག་ཉིད་འཇུག་པ་ལ་སོགས་པའི་ཆོ་ག་རྫོགས་པར་བྱས་ཏེ།
་ཕྱི་ནས་དེར་འདུག་ལ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ནས་འཁོར་ལོར་མ་ཞུགས་ཀྱང། །རང་ཉིད་ཀྱིས་ནི་རབ་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ་མཆོག་ཏུ་གསང་བ་དམ་པ་ཞེས་བྱ་བ་ལ། མཆོག་ནི་ཐོག་མ་མེད་པའི་སངས་རྒྱས་འབྱུང་བ་དམ་པ་ལ་བཞུགས་པའི
་ཕྱིར་རོ?། །གསར་བ་ནི་རྡོ་རྗེ་ལྷ་མོའི་ཚོགས་ནང་བཞུགས་པའི་བཅོམ་ལྡན་འདས་ཀྱི་སྐུའོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བ་སྟེ། དེའི་དམ་པ་ནི་དཔལ་དམ་ཚིག་གསུམ་གྱི་གསང་བའི་དཀྱིལ་འཁོར་ཏེ། དེར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷ་མོ་བཞིའི་?
་དབུས་ན་བཞུགས་པའོ། །དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་དམ་ཚིག་སྟེ། དེད་ཉེ་བར་མཚོན་པའི་གསང་བའི་དཀྱིལ་འཁོར་ནི་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་མོ། །དེར་ཞུགས་པའི་ཕྱིར་མཆོག་ཏུ་གསང་བསྟོན་པར་བྱེད་བའི་རྡོ་རྗེའི་གླུའི་མཆོད་པའོ། །དེ་ཁྱད་པར་ཇི་ལྟ་བུ་དང
་ལྡན་ཞེ་ན། མཆོག་ཏུ་གྲུབ་པ་ཞེས་བྱ་བ་ལ། ཇི་ལྟ་བ་བཞིན་དུ་རྡོ་རྗེ་སྙེམས་པས་རྡོ་རྗེ་གླུ་ལེན་ཅིང་འཇུག་པའི་ཕྱག་རྒྱས་མེ་ཏོག་རྣམས་བླངས་ལ་གསང་བའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །བཅོམ་ལྡན་འདས་བདེ་ཆེན་ཁྱོད་ནི་རབ་ཏུ་འཇུག་ཅེས་བྱ་བ་ལ་རྡོ་རྗེ་སེམས་དཔར་བྱས་པའི་རང་གི་རྒྱུད
་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་འཇུག་པའི་བདག་ཉིད་ལ་བོད་པ་ཡིན་ཏེ། ཐར་བའི་གྲོང་ཁྱེར་གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིག་པའོ། །ཐར་པའི་གྲོང་ཁྱེར་དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བ་ཞེས་བྱ་བ་ལ་དཔལ
་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྟོགས་པ་ནི་དངོས་གྲུབ་ཡིན་ནོ། །དེ་ལས་བྱུང་བའི་བདེ་བ་ནི། དངོས་གྲུབ་ཀུན་གྱི་བདེ་བའོ། །དེས་དགའ་པར་བྱེད་པས་ན་ཉམས་དགའ་བ་སྟེ། ཡིད་དང་རྗེས་སུ་མཐུན་པའོ། །མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས་ཞེས་བྱ་བ་ལ།
་ཕྱི་མའི་མཛའ་ཨི་བར་དུ་སྐད་ཅིག་མ་རེ་རེ་ལ་སྤྲུལ་པའི་སྦྲིན་རྣམས་ཀྱི་དེ་བཞིན་གཤེགས་པའི་ཐམས་ཅད་ལ་མཆོད་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱ་བ་ནན་ཏན་བསྒྲུབ་པའི་ཡེ་ཤེས་མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་བསྒྲུབ་བོ། །དེ་ཉིད་རྒྱུར་གྱུར་པས་དེར་བཞུགས་ཤིག
་ཅེས་བྱའོ། །ཀུན་གྱི་མཆོག་སོ་སོར་རྟོགས་པའི་རང་བཞིན་ཉིད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་རྣམས་མངོན་དུ་བྱས་ན་རིགས་པ་ཡིན་ནོ། །ཀཱི་ལི་ཀཱི་ལའི་རང་བཞིན་བདེ་བ་ཆེན་པོའོ། །རྡོ་རྗེ་དྲན་པ་མའི་རང་བཞིན་གྱི་དངོས་གྲུབ་ཀུན་བདེ་བ
་ཉམས་དགའ་བའོ། །རྡོ་རྗེ་སྙེམས་པའི་རང་བཞིན་གྱིས་མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་པོ། །ཛ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་དགུག་ཅིང་བཅུག་ལ་བཅིངས་ནས་དབང་དུ་བྱ་སྟེ། ཛ་ཧཱུཾ་བཾ་ཧོ། རྣམས་ཀྱིས་མཆོག་ཏུ་གྲུབ་བར་གྱུར་པ་ནི་རབ་ཏུ་གྲུབ་པར་མཛོད་ཅིག་ཅེས་བྱའོ། །ཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེ་འདས
་མ་ཐག་ཏུ་བཤད་པའི་ཆོ་ག་སྟེ་མགོན་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་བྱའོ། །གཡོན་པའི་མིག་གི་རྡོ་རྗེས་སོ་ཞེས་བྱ་བ་ལ། གཡོན་བའི་རྡོ་རྗེ་ལྟ་བས་སོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། གཡོན་པ་སྙེམས་པས་ཞེས་བྱ་བ་ལ་སོགས་པ་ལ། གཡོན་སྙེམས་པ་ནི་གོ
་སླ་སྟེ་དེ་དང་བཅས་པའི་ཅུང་ཟད་བཞད་པ་གང་ཡིན་པ་དེ་དང་ལྡན་པར་བསྟོད་ཅིང་མཛེས་པ་སྟེ། སྒེག་པ་དང་བཅས་པའི་མིག་བཙུམ་པ་གང་ལ་ཡོད་པ་དེ་ནི་གཡོན་པ་སྙེམས་པས་ཅུང་ཟད་བཞད། བསྟོད་ཅིང་མཛེས་པའི་མིག་བཙུམས་པའོ། །དེ་དག་གང་ཡིན་ཞེ་ན། གཡོན
་པའི་མིག་གི་རྡོ་རྗེ་སྟེ། ལྟ་བ་དེ་དང་ལྡན་པའི་རྣལ་འབྱོར་པས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །ཅི་བརྗོད་ཅིང་བྱ་བ་ཡིན་ཞེ་ན། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་དེ་ལ་བར་མཆོད་པར་འོག་ནས་འཆད་པར་འགྱུར་བ་འདི་ཡིན་ཏེ། མཆོག་ཏུ་གསང་བ་དམ་པའི
་དཔལ་དམ་ཚིག་གསུམ་ནི་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །དེ་ཉིད་དུ་མེ་ཏོག་གི་སིལ་མ་གཏོར་བ་ནི་མ་རྒྱུས་པའི་མེ་ཏོག་དོར་བའོ། །ཕྱག་བྱ་བ་དང་མེ་ཏོག་སིལ་མདོར་བ་དེ་དག་གི་མཆོག་ནི་ཐོག་མ་དང་ཐ་མ་མེད་པའི་གསང་བ་སྟེ། སྐྱེ་བོ་གཞན
་གྱི་སྔོན་དུ་མར་གྱུར་པས་རྡོ་རྗེ་སེམས་དཔའ་ལ་སོགས་བསྟོན་པར་བྱེད་པ་དང། མི་བྱེད་པའི་གླུའི་མཆོད་པའོ། །མཆོག་ཏུ་གྲུབ་པ་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་དུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ་ཞེས་བྱ་བའི་སྒྲས་ནི་ཡོངས་སུ་བཅད་པ་ལའོ།།
་མཆོག་ཏུ་བདེ་བ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང། དེ་དང་རྒྱུ་མཐུན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས་སྟེ། དེ་ལ་སེམས་དཔའ་ནི་ཐོབ་པའི་འདུན་པའོ། །མཆོག་ཏུ་བདེ
་བའི་བསམ་པ་དེས་མཛེས་པ་དང་བཅས་པའི་སྒེག་པ་དང་བཅས་པའི་གར་ལས་བྱུང་བའི་ཕྱག་བྱ་བ་དེ་དག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་བྱའོ། །ཛ་ཧཱུཾ་བཾ་ཧོ། ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཧི་ཧི་ཧི་ཧི་ཧི་ཞེས་བྱ་བ་ནི་ཡི་གེ་ཧི་བཞི་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང
་བཞིན་ཅན་གྱི་བཅོམ་ལྡན་འདས་བསྟན་པ་ཡིན་ནོ། །ཧེ་ཞེས་བྱ་བ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ཅན་བདུད་བཞི་ལས་རྣམ་པར་རྒྱལ་བ་དེ་ཉིད་བསྟན་པའོ། །མགོན་པོ་སྙིམ་པའི་མེ་ཏོག་ཞེས་བྱ་བ་ལ། འདིར་སྙིམ་པའི་མེ་ཏོག་ནི་ཕྱག་བྱ་བའོ། །མེ་ཏོག་དོར་བའི་དུས་ནི
་སྙིམ་པའི་མེ་ཏོག་ཁོ་ན་མེ་ཏོག་གི་སྙིམ་པ་སྟེ། དེ་བཞེས་པ་ནི་བླང་བར་མཛོད་ཅིག་པའོ། །སེམས་ཅན་ཐམས་ཅད་སྐྱབ་པར་མཛད་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བརྩོལ་བས་ན་མགོན་པོའོ། །དེ་ལ་མཆོག་ཏུ་བདེ་བ་དང་ཧཱུཾ་ཞེས་བ་འདིས་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་མོ།
་སེམས་དཔའ་ཞེས་བྱ་བ་དང་ཇི་ཞེས་བྱ་བས་འདོད་ཆགས་རྡོ་རྗེ་མའི་རང་བཞིན་བསྟན་ཏོ། །མཛེས་པ་དང་བཾ་ཞེས་བྱ་བས་རྡོ་རྗེ་དྲན་མའི་རང་བཞིན་བསྟན་ཏོ། །རྣམ་པར་རོལ་པའི་ཕྱག་གིས་ཕྱག་བྱའོ། །ཞེས་བསྟན་པ་འདི་དང། ཧི་ཧི་ཧི་ཧི་ཧི་ཞེས་བྱ་བས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང
་བཞིན་ཉིད་དུ་བཅོམ་ལྡན་འདས་ཚིག་གི་ཟུར་གྱི་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་བྱས་ལ། དེ་ཉིད་ཕྱག་བྱས་པའི་གླུའི་མཆོད་པ་བརྗོད་ཅིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་དག་བླངས་ཏེ་རང་གི་མགོ་ལ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། དཀྱིལ
་འཁོར་བལྟས་ལ་འཇུག་པའི་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཆུ་དང། ཕྱག་རྒྱ་དང། ཅོད་པན་དང། རྡོ་རྗེ་དང། བདག་པ་དང། མིང་གི་དབང་བསྐུར་བ་བླང་བར་བྱ་བའི་ཕྱིར་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས
་བའི་མཆོད་པའི་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་རྣམས་བླངས་ལ། རང་གི་སྙིང་གར་ལན་གསུམ་བསྐོར་བར་བྱའོ། །དེ་ཁོ་ན་ཉིད་ལ་སོགས་པ་གསུམ་པོ་ནི་འོག་ནས་གསུངས་པ་ཡིན་ནོ།
་རྡོ་རྗེ་ལ་སོགས་ཐོབ་པ་བཟུང་ཞེས་བྱ་བ་ལ་རྡོ་རྗེ་ཐོར་པ་ནི་སྙེད་པའོ། །སོགས་པའི་སྒྲས་ནི་དྲིལ་བུ་དང་ཕྱག་རྒྱ་བཤད་པ་ཡིན་ནོ། །རྡོ་རྗེ་ལ་སོགས་པ་ཐོབ་པ་ཉིད་གཟུང་བ་ཡིན་ནོ། །རྡོ་རྗེ་ལ་སོགས་པའི་གཟུང་བ་དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་གཉིས་པ་འདྲ་ཞེས་བྱ་བ་ནི་རྣལ
་འབྱོར་པ་རྡོ་རྗེ་སེམས་དཔའ་གཉིས་པ་དང་འདྲ་པར་འགྱུར་རོ། །རྡོ་རྗེ་ཐམས་ཅད་འཛིན་པ་ནི་དང་པོའི་རྡོ་རྗེ་འཛིན་པའོ། །རྒྱལ་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའོ། །རྡོ་རྗེ་ཅན་གྱིས་བྱིན་གྱིས་བརླབས་འགྱུར
་ཞེས་བྱ་བ་ལ། །རྡོ་རྗེ་ཅན་ནི་རྡོ་རྗེ་སེམས་དཔའ་སྟེ། དེས་དེ་མ་ཐག་ཏུ་ཕྱིན་གྱིས་བརླབས་པར་འགྱུར་རོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་ཐོབ་མ་ཐག་ཏུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་བའི་རྣལ
་འབྱོར་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་བརྟན་པར་མཛད་པར་འགྱུར་རོ། །མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་ནི་གསང་བའི་དཀྱིལ་འཁོར་ཏེ། དེར་བདག་བྱིན་གྱིས་བརླབ་པ་ནི་འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་སློབ་དཔོན
་རང་ཉིད་རྡོ་རྗེ་སེམས་དཔའ་ཉིད་དུ་བྱའོ། །བསྒྲུབ་པ་ཅིག་པུ་ཞེས་བྱ་བ་ནི་སློབ་མ་གཞན་དུ་གཞུག་པ་ལ་སོགས་པའི་ཆོ་ག་དང་བྲལ་བའོ། །དེ་ཉིད་ཀྱི་ཆོ་ག་ནི་ཆོ་གའི་ཚིག་གོ། མཆོག་ཏུ་གྲུབ་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ཀྱི་སྒྲ་ནི
་སྐབས་སུ་བབ་པ་སྟེ། གསང་བའི་དཀྱིལ་འཁོར་དུ་བདག་ལ་བྱིན་གྱིས་བརླབ་པ་ཆོ་ག་གཅིག་པུའི་སྐབས་ལའོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུའོ། །གང་གིས་སྒྲུབ་པར་བྱ་བ་ནི་སྒྲུབ་བས་ཏེ་བཅོམ་ལྡན་འདས་ཀྱི་མདུན་དུ་བདག་ལ་བྱིན
་གྱིས་བརླབ་པ་ལ་སོགས་པ་གང་ཡིན་པ་དེ་བཤད་པར་བྱའོ་སྟེ། བརྗོད་པར་བྱའོ། །དངོས་གྲུབ་ཤིན་ཏུ་རྟག་པ་ཡང་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཐོག་མ་དང་ཐ་མ་མེད་པ་བཤད་པར་བྱའོ། །སྒྲུབ་པ་དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། གང་གི་ཞེས་བྱ་བ་ལ
་སོགས་པ་ལ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་རང་བཞིན་གྱི་སྒྲུབ་པ་གང་གིས། སྲིད་པས་སྟེ་སྐྱེ་བ་འདི་ཉིད་ལ་ཐོག་མ་དང་ཐ་མ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཤིན་ཏུ་རྟག་པ་ཐོབ་པར་འགྱུར་ཏེ། དེ་ལྟར་གྱུར་པའི་སྒྲུབ་པ་དེ་བཤད་པར་བྱའོ།།
་སླར་ཡང་སྒྲུབ་པ་དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་གང་གིས་དཔལ་རྡོ་རྗེ་སེམས་དཔས་གསུངས་པའི་དཀྱིལ་འཁོར་གྱི་བསྒྲུབ་པ་པོ་མཆོག་ནི་བསོད་ནམས་དང་ལྡན་པའི་སྒྲུབ་བ་པོ་རྣམས་བྱུང?་བ་ཁོ་ནར་འགྲུབ
་པར་འགྱུར་རོ། །སྡིག་ཆེན་བྱེད་པ་རྣམས་ཀྱང་ནི་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་དང་དམ་པའི་ཆོས་སྤོང་བར་བྱེད་པ་ལ་སོགས་པ་རྣམས་སོ། ཀྱང་གི་སྒྲས་ནི་གང་ཞིག་བསོད་ནམས་དང་ལྡན་ཞིང་སྡིག་ཆེན་པོ་བྱེད་པ་མ་ཡིན་པ་དེ་རྣམས་ནི་ཤིན་ཏུ་ཡང་འགྲུབ་པར་འགྱུར་བར
་བསྟན་པ་ཡིན་ནོ། །ནིའི་སྒྲས་ནི་ངེས་པར་བཟང་བའོ། །མ་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་དང། དུམ་བུ་གཉིས་པ་རྩ་བའི་རྒྱུད་དང། རྒྱུད་ཕྱི་མ་དང། རྟོག་པ་ཐམས་ཅད་ཀྱི་རྩ་བའི་རྒྱུད་དང། རྒྱུད་ཕྱི་མ་ལས་གསུངས
་བའི་སྒྲུབ་པ་ཇི་ལྟ་བ་བཞིན་དུ་བཤད་པ་དེས་གལ་ཏེ་གྲུབ་པར་མ་གྱུར་ན་དེའི་ཚེ་མ་གྲུབ་པའོ། །ཀྱང་གི་སྒྲ་ནི་སྒྲུབ་པ་སྟེ་ཤིན་ཏུ་གྲུབ་པར་འགྱུར་རོ་ཞེས་བྱ་བའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སྔར་བཤད་པའི་སྒྲུབ་པས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་ཏེ།
་གསང་བའི་དཀྱིལ་འཁོར་གྱི་སྒྲུབ་པས་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །ཇི་ལྟར་སྒྲུབ་པར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ཞེས་བྱ་བ་ལ། ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་བཞིན་དུའོ། །ལུགས་མ་འམ་ནི་བརྡུངས་མ
་འམ?། །འདུས་བྱས་པ་འམ་བྲིས་པ་འམ། །དང་པོའི་སེམས་དཔའ་བཞུགས་གསོལ་ནས། །དེ་ཡི་མདུན་དུ་ཆོ་ག་བཞིན་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའོ། །མ་གྲུབ་པ་རྣམས་ཀྱང་འདིས་གྲུབ་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །ད་ནི་སྒྲུབ་པ་རྣམ་པར་བཤད་པའི་ཕྱིར། །རྟག་ཏུ
་རྡོ་རྗེ་དྲིལ་འཆང་ཞིང་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དང་པོའི་རྡོ་རྗེ་ནི་རྡོ་རྗེ་སྟེ། དང་པོའི་རྡོ་རྗེ་དང་ལྡན་པའི་དྲིལ་བུ་ནི་དྲིལ་བུའོ། །འདི་གཉིས་འཛིན་པས་ན་རྡོ་རྗེ་དང་དྲིལ་བུ་འཆང་བའོ། །རྟག་ཏུ་ཞེས་བྱ་བ་ནི་བདག་དང་གནས་བསྲུང་བ་ནས་བརྩམས་ཏེ་ལྷ་གཤེགས་སུ་གསོལ་བ་ལ་ཐུག་གི་བར
་གྱི་དུས་སུའོ། །གཞན་དུ་ནི་རང་གི་རིགས་ཀྱི་ཕྱག་རྒྱས་མཚན་པ་འཛིན་ཅིང་དེ་ཡིས་མཆན་པའི་དྲིལ་བུ་འཛིན་པ་ནི་རྟག་ཏུའོ། །དངོས་གྲུབ་མཆོག་ནི་སྒྲུབ་པར་བྱ་ཞེས་བྱ་བ་ལ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་ནི་རང་ལ་རག་ལས་བར་བྱ་བ་ཡིན་ནོ། །བྱེད་པར་འགྱུར་བ་གང
་དག་གིས་བསྒྲུབ་པར་བྱ་ཞེ་ན། ཐམས་ཅད་དགུག་པ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་དགུག་པ་ནི་ཐམས་ཅད་དགུག་པས་ཏེ། འདོད་པའི་ལྷའི་རང་བཞིན་ཅན་གྱི་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་ཞུགས་པའོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་ཆེ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ
་མ་ལ་སོགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱི་མཆོད་པ་སྟེ་མཆོད་པ་ཆེན་པོའོ། །དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པ་ནི་བདག་བྱིན་གྱིས་བརླབ་པའོ། །སོགས་པའི་སྒྲས་ནི་སྒྲུབ་པ་ཆེན་པོ་དང། རྗེས་སུ་སྒྲུབ་པ་དང། ཕྱག་རྒྱ་ཆེན་པོ་དང། དམ་ཚིག
་དང། ཆོས་དང། ལས་ཀྱི་ཕྱག་རྒྱ་དང། དབང་བསྐུར་བ་དང། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་དང། ཕྱག་བྱ་བ་རྣམས་གཟུང་བར་བྱའོ། །ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བདག་ལ་བྱིན་གྱིས་བརླབ་པ་ནི་ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བདག་བྱིན་གྱིས
་བརླབ་པ་རྣམས་སོ། །དེ་ལ་ཐོག་མར་གང་ལ་ཡོད་པ་དེ་ནི། ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་བརླབས་སོགས་བསྒྲུབ་པ་རྣམས་སོ། །དེ་དག་གིས་མཆོག་གི་སྒྲུབ་པ་བསྒྲུབ་པར་བྱའོ། །ད་ནི་ཐམས་ཅད་དགུག་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས
་སྟེ། དེ་ལ་ཞེས་བྱ་བའི་ནི་དཀར་བའོ། །ཇི་ལྟར་ཞེས་བྱ་བ་ནི་དྲི་བའོ། །མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་ནི་གསང་བའི་དཀྱིལ་འཁོར་ཏེ། དེའི་དངོས་གྲུབ་ཐམས་ཅད་ནི་ཡེ་ཤེས་སེམས་དཔའ་དགུག་པ་སྟེ་སྤྱན་དྲང་བའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཆོགས་ནི་རྒྱུའོ། །དེ་ཇི་ལྟར་ཤེས་པར
་བྱ་ཞེས་ཁ་བསྐང་ངོ། རང་གི་ལྷག་པའི་ལྷ་ནི་འདོད་པའི་ལྷ་སྟེ། དེའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཅན་གྱི་ལྷག་པར་མོས་པ་ནི་ཇི་ལྟ་བ་བཞིན་དུ་སྦྱོར་བ་སྟེ། རྣལ་འབྱོར་ཞེས་བྱ་བའི་དོན་ཏོ། ཐམས་ཅད་དགུག་པའི་ཕྱག་རྒྱ་ནི་དྲིལ་བུ་དང་བཅས་པའི་གསང་བའི་ལྕགས་ཀྱུ་སྟེ།
་ཐམས་ཅད་དགུག་པའི་ཕྱག་རྒྱ་དེ་རང་གི་ལྷའི་རྣལ་འབྱོར་གྱི་སྤྱི་བོར་སྒེག་པའི་གར་བྱ་ཞིང་སྤྱན་དྲང་བའི་གླུ་བརྗོད་ནས་ཡེ་ཤེས་སེམས་དཔའ་བཀུག་ལ་རང་གི་ལུས་གཞུག་པར་བྱའོ། དེ་ནས་ཀྱི་སྒྲ་ནི་སྐབས་སྐབས་སུ་བབ་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས
་གྲུབ་ཀྱི་དོན་དུ་དགུག་པ་ནི་སྤྱན་དྲངས་པ་སྟེ། དེའི་དོན་དུ་མཆོག་ཏུ་གསང་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོན་པར་བྱེད་པས་འདའ་བར་དཀའ་བ་དང། མི་ཕྱེད་པའི་གླུའི་མཆོད་པ་འདི་ཡིན་ཏེ། ཛ་མཆོག་དང་པོ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་རབ་ཏུ་དགའ་བ་ཁྱོད་བདག་མཆོག་དང
་པོ་ཞེས་བྱ་བའི་བར་དུའོ། །དེ་ལ་ཛ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཀུན་མཆོག་སོ་སོར་རྟོགས་པའི་མཚན་ཉིད་ཅན་གྱི་ལམ་བསྟན་པ་ཡིན་ནོ། །མཆོག་ནི་ཐོག་མ་དང་ཐ་མ་མེད་པའོ། །དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པ་ནས་སྔོན་དུ་ཡང་ད་ལྟར
་བྱུང་བའི་རང་བཞིན་དུ་བཞུགས་པའོ། །ལམ་དེ་ཉིད་ཀྱི་རང་བཞིན་གྱི་དེ་བཞིན་ཉིད་ཀྱི་རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཆང་ངོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོགས་པས་བསྐྱེད་པར་མི་ནུས་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཨོ། །མཆོག་དང་པོའི་རྡོ་རྗེ་འཆང་ཡང་དེ་ཡིན་ལ་རྡོ་རྗེ་སེམས
་དཔའ་ཡང་དེ་ཉིད་ཡིན་པས་མཆོག་དང་པོའི་རྡོ་རྗེ་འཆང་གི་རྡོ་རྗེ་སེམས་དཔའ་ཨོ། བདེ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཐམས་ཅད་ལས་མཆོག་ཏུ་གྱུར་བ་རབ་ཏུ་རྟོགས་པར་མཛོད་ཅིག་ཅེས་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ
་སེམས་དཔའ་ལ་བོད་པའོ། །འདིར་སངས་རྒྱས་ནི་རྡོ་རྗེ་འཆང་བསྟན་པ་ཡིན་ཏེ། འདིར་འདོད་ཆགས་རྡོ་རྗེའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཧཱུཾ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མའི་རང་བཞིན་གྱི་ཀུན་མཆོག་སོ་སོར་རྟོག་པའི་མཚན་ཅན་གྱི་ལམ་གྱི་ཡུལ་དུ་བྱས
་བའི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོར་རྟོགས་པའོ། །དེ་ཉིད་མཆོག་སྟེ་ཕུལ་དུ་བྱུང་བའི་རྡོ་རྗེ་ནི་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཅན་གྱི་ལས་མངོན་དུ་བྱ་བའི་རང་བཞིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེས་བྱ་བ་བསྟན
་པའི་ཕྱིར་མཆོག་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གསུངས་ཏེ། མཆོག་ཀྱང་ཡིན་ལ་མི་འགྱུར་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་མི་འགྱུར་བ་སྟེ་ཐོག་མ་དང་ཐ་མ་མེད་པའོ། །དེ་ཟད་པ་མེད་པའི་སྲིད་པ་རབ་ཏུ་བསྒྲུབ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པའོ།།
་ཟག་པ་མེད་པའི་སྲིད་པ་རབ་ཏུ་བསྒྲུབ་པ་དེའི་དོན་དུ་ཟག་པ་མེད་བའི་བདེ་བའི་རང་བཞིན་གྱི་དམ་ཚིག་དང་པོ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་དེའི་ལས་སོ། །དེའི་ཕྱིར་གསོལ་བ་བཏབ་པ་ནི་བདག་ལ་སྒྲུབས་ཤིག་ཅེས་བྱ་བ་སྟེ། ཀཱི་ལི་ཀཱི་ལའི་རང་བཞིན་གྱི་རྡོ་རྗེ་འཆང་བསྟན་ཏོ། །བཾ་ཞེས
་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྲིད་པ་ཕྱི་མའི་མཛའ་ཨི་མུར་ཐུག་པའི་སེམས་ཅན་ལ་བལྟོས་པའི་རང་བཞིན་གྱི་དམིགས་པ་མེད་པའི་ཐུགས་རྗེའི་ཆེན་པོའི་བཅིངས་པས་འཆིང་བར་མཛོད་ཅིག། པདྨའི་རྒྱལ་པོ་སྐྱེ་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི
་ཕྱིར་མཆོག་ཏུ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ནི་མཆོག་ཏུ་བདག་སྟེ་དེའི་སྐུ་ནི་དེ་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་དེ་འཛིན་པར་བྱེད་པས་ན་མཆོག་ཏུ་བདག་གི་སྐུ་འཛིན་པའོ།།
་ཐམས་ཅད་རྣལ་འབྱོར་ནི་རྡོ་རྗེ་འཆང་ཆེན་པོས་སྟེ། དེ་རྣམ་པར་རྒྱལ་བ་ནི་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་ལ་སོགས་པའི་བདུད་ལས་རྣམ་པར་རྒྱལ་བའོ། །དེ་བསྒྲེང་བ་ནི་རྡོ་རྗེ་ཆུ་སྲིན་གྱི་རྒྱལ་མཚན་གྱིས་ཉེ་བར་མཚན་པའི་རྡོ་རྗེ་དྲན་པའི་རང་བཞིན་ཅན་གྱི་རྡོ་རྗེ
་སེམས་དཔའ་ཨི་སྐུའོ། །མཆོག་ཏུ་བདག་གི་སྐུ་འཛིན་པ་ཡང་དེ་ཡིན་ལ་རྣལ་འབྱོར་ཐམས་ཅད་རྣམ་པར་བསྒྲེང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་བདག་གི་སྐུ་འཛིན་པའི་རྣལ་འབྱོར་ཐམས་ཅད་རྣམ་པར་རྒྱལ་བའི་བསྒྲེང་བའོ། །དེ་ཉིད་ཀྱི་ཉོན་མོངས་པའི་དྲི་མའི་བག་ཆགས་དང་བྲལ་བས
་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱི་ངོ་བོས་རབ་ཏུ་མཆོག་གིས་དག་པ་སྟེ། དེས་བདེ་བ་གང་ལ་ཡོད་པ་དེ་ནི་བདེ་བ་དང་ལྡན་པ་སྟེ། དེ་ལྟར་གྱུར་པ་ནི་ཁྱོད་ནི་པདྨའི་རྒྱལ་པོ་སྟེ། གྱུར་ཅིག་ཅེས་བྱ་བ་ནི་སྒྲུབ་པར་གྱུར་ཅིག་ཅེས་བོད་བའོ། །པདྨ་བཞིན་དུ་འཇིག་རྟེན་གྱི་ཆོས་ཀྱི་དྲི་མ
་རྣམས་ཀྱིས་མ་གོས་པས་མཛེས་པ་སྟེ། འདིས་ནི་རྡོ་རྗེ་དྲན་པ་མའི་རང་བཞིན་ཅན་གྱི་རྡོ་རྗེ་འཆད་བསྟན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སྙེམས་པས་སེམས་ཅན་གྱི་དོན་མཛད་པའི་ངོ་བོ་དང་སངས་རྒྱས་སྤྲུལ་པའི་མཆོད་པའི་རང་བཞིན་ཅན་གྱི་ལས
་དབང་དུ་མཛད་པས། ཡི་གེ་ཧོ་ཡིན་ནོ། །དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར་རབ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་མཆོག་ནི་ཕུལ་དུ་བྱུང་བའོ། །རབ་མཆོག་ལས་ཀྱང་ཕུལ་དུ་བྱུང་བས་ནས་མཆོག་གི་མཆོག་གོ། དངོས་གྲུབ་ཀྱང་དེ་ཡིན་ལ་ཐམས་ཅད་ཀྱང་དེ
་ཡིན་པས་དངོས་གྲུབ་ཐམས་ཅད་དེ། སེམས་ཅན་གྱི་དོན་བྱེད་པའི་སངས་རྒྱས་ལ་མཆོད་པས་སངས་རྒྱས་ཀྱིས་སྤྲུལ་པ་རྫོགས་པའི་རང་བཞིན་ཅན་ནོ། །དེས་མཆོག་ཀྱང་ཡིན་ལ་དབང་ཕྱུག་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གོ། དངོས་གྲུབ་ཐམས་ཅད་ཀྱི་དབང
་ཕྱུག་དམ་པའི་རང་བཞིན་ཅན་ནམ་མཁའ་ཨི་སྙིང་པོ་ཀྱེ་བདག་ལ་གྱུར་ཅིག་ཅེས་བྱ་བ་ནི་བོད་པའོ། །ནམ་མཁའ་ནི་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་དང་མཉམ་པའི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་སྟེ། སྐྱེད་པའི་གནས་གང་ལ་ཡོད་པ་དེ་ནི་ནམ་མཁའ་ཨི་སྙིང་པོ་སྟེ་།
་སྤྲུལ་པའི་སྐུའི་རང་བཞིན་འཛིན་པའི་རྡོ་རྗེ་འཆད་དོ། །རྟག་ཏུ་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ཉིད་དུ་བདག་ལ་གྲུབ་གྱུར་ཅིག་པའོ། །དེ་ཡང་ཇི་ལྟར་ཞེ་ན། དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་དམ་པའི་གཟུགས་ཀྱིས་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་སློབ་དཔོན་གྱིས་བོད་པ་ཡིན་ཏེ། འདིས
་རྡོ་རྗེ་འདོད་པའི་དབང་ཕྱུག་གི་རང་བཞིན་རྡོ་རྗེ་འཆང་བསྟན་ཏོ། །མདོར་བསྡུས་ན་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཇི་ཞེས་བྱ་བ་དང། ཀཱི་ལི་ཀཱི་ལའི་རང་བཞིན་ཧཱུཾ་ཞེས་བྱ་བ་དང། རྡོ་རྗེ་དྲན་པ་མའི་རང་བཞིན་བཾ་ཞེས་བྱ་བ་དང། རྡོ་རྗེ་འདོད་པའི་དབང་ཕྱུག་གི་རང་བཞིན
་ཅན་གྱི་རྡོ་རྗེ་འཆང་རྒྱས་པར་བསྟན་པ་སྟེ། མདོར་བསྡུས་ན་ཧ་ཧོ་ཞེས་བྱ་བའོ། །ལྷ་མོ་བཞིའི་རང་བཞིན་དེ་ཉིད་འབབ་པར་མཛོད་ཅིག་ཅེས་བྱ་བ་གསུངས་ཏེ། ཧུ་ལུ་ཧུ་ལུ་ཞེས་བྱ་བ་དང། སྒྲུབས་ཤིག་ཅེས་བྱ་བ་ཐམས་ཅད་དགུག་པའི་སྒྲུབ་པས་བདག་ལ་སྒྲུབས་ཤིག་ཅེས་བྱའོ། །དེ་ཉིད
་བསྟན་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་རྣམས་ཀྱིས་ཡང་དག་དགུག་ཅེས་བྱ་བ་གསུངས་ཏེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་སྟོན་པའི་ཡི་གེ་རྣམས་ནི་དམ་ཚིག་ཆེན་པོ་རྣམས་སོ། །དམ་ཚིག་ཆེན་པོའི་དེ་དག་གིས་ཕྱོགས་བཅུ་ནས་འདྲེན་ཅིང་ཡང་དག་པར
་དགུག་པ་ནི་བཅོམ་ལྡན་འདས་ཀྱེ་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ལ། སློབ་དཔོན་གྱིས་གསོལ་བ་བཏབ་པ་ཡིན་ནོ། །བདག་རང་བཞིན་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་དང། སྦྱིན་པའི
་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ཀྱི་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པཱི་སྐུ་གསང་བའི
་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ངོ། །རབ་ཏུ་དགའ་བ་ཁྱོད་ནི་བདག་ལ་ཞེས་བྱ་བ་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བས་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུའི་གསང་བའི་རང་བཞིན་ཅན་ཁྱོད་གང་ཡིན་པ་དེ་ཉིད་བདག་ཡིན་ནོ་ཞེས་བྱ་བ་འདིས་དེ་དང་ལྷན་ཅིག་ཏུ་གྱུར་བ
་ཉིད་དུ་བསྟན་པ་ཡིན་ནོ། །མཆོག་དང་པོ་ཞེས་བྱ་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བོད་པའོ། །དེ་ལྟར་ཐམས་ཅད་དགུག་པ་བསྟན་ནས་ད་ནི་མཆོད་པ་ཆེན་པོ་བཤད་པར་བྱ་བའི་ཕྱིར། ཞེས་བྱ་བ་ལ་སོགས་གསུངས་ཏེ། དཔལ་དམ་ཚིག་གསུམ་གྱི་གསད་བའི་དཀྱིལ
་འཁོར་དུ་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་མཆོད་པ་ཆེན་པོ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱ་བཅུ་གཉིས་ཀྱིས་མཆོད་པ་སྟེ། དེའི་ཆོ་ག་ནི་རྣམ་པ་བཅུ་གཉིས་ཀྱིས་ཕྱག་རྒྱའི་མཆོད་པ་ལ་བྱའོ། །རང་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག
་གིས་འདོད་པའི་ལྷའི་རང་བཞིན་ཅན་དུ་བདག་ཉིད་སྒོམ་པ་ནི་འདིར་ལྷའི་རྣལ་འབྱོར་ཇི་བཞིན་དུ་བྱའོ། །ཐམས་ཅད་ཀྱང་ཡིན་ལ་མཆོད་པ་ཡང་དེ་ཉིད་ཡིན་པས་ན་མཆོད་པ་ཐམས་ཅད་སྟེ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་མཆོད་པའོ། །དེ་དག་གི་མཆོག་གི་སྐུ་ནི
་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅུ་གཉིས་སོ། །དེ་རྣམས་ཀྱིས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་བདག་ཉིད་ཡང་དག་པར་མཆོད་ལ་ཡང་གླུ་དང་རོལ་མོ་རྣམ་པར་འཕྲུལ་པ་ནི་འོག་ནས་འཆད་པར་འགྱུར་བའི་མཚན་ཉིད་ཅན་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས
་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་སྟེ། མཆོད་པའི་སྐབས་འདི་ལ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་སྟེ། དེའི་དོན་དུ་མཆོད་པ་ཆེན་པོ་ནི་འདས་མ་ཐག་ཏུ
་བཤད་པའི་ཕྱག་རྒྱའི་མཆོད་པའོ། །ཟེའི?་ཆོ་ག་ནི་ཕྱག་རྒྱའི་མཆོད་པའོ། །དེར་མཆོག་ཏུ་གསང་བ་དང། འདའ་བར་དཀའ་བ་དང། མི་ཕྱེད་བའི་གླུའི་མཆོད་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱང་ཡིན་ལ་རྗེས་སུ་ཆགས་པ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་རྗེས་སུ་ཆགས་པས
་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒོམ་པའོ། །དེ་ཉིད་བདེ་བས་ཏེ་རྡོ་རྗེ་སེམས་དཔའ་ལ་མཆོད་པའི་རང་བཞིན་ཅན་གྱི་བདེ་བ་མངོན་དུ་གྱུར་པའི་རྒྱུ་ཉིད་ཡིན་པའི་ཕྱིར། །དེས་རྡོ་རྗེ་སེམས་དཔའ་ཉིད་ལ་བོད་པའོ། །ཐམས་ཅད་རྗེས་སུ་ཆགས་པའི་བདེ་བ་དེ་གང་ཡིན་ན། དམ་པའི་ཐུགས་ཞེས་བྱ
་བ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་མཆོག་ཏུ་གྱུར་པའི་ཐུགས་གང་ལ་མངའ་བ་དི་ནི་དམ་པའི་ཐུགས་ཏེ་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ཁྱོད་ནི་བདག་ལ་གྱུར་ཅིག་ཅེས་བྱ་བ་འདིས་ཀུན་མཆོག་སོ་སོར་རྟོག་པའི་རང་བཞིན་ཅན་ལ་སློབ་དཔོན
་གྱིས། གསོལ་བ་བཏབ་པ་ཡིན་ནོ། །རབ་ཏུ་དགའ་བ་ཞེས་བྱ་བ་ནི་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ཏེ། དེ་ཉིད་འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་གོ། བདེ་བ་ཆེན་པོ་བདག་ལ་གྱུར་ཅིག་ཅེས་བྱ་བ་ནི་བོད་པའོ། །བརྟན་མཐོ་ཞེས་བྱ་བ་ནི་མི་ཕྱེད་པའི་སྐུ་བདག་ལ་གསོལ་བར་མཛོད
་ཅིག་པ་སྟེ། འདིས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་རྡོ་རྗེ་དྲན་མ་བདག་ལ་གསོལ་ཅིག་པའོ་ཞེས་གསོལ་བ་བཏབ་པ་སྟེ། བརྟན་པ་དང་མཐོ་པ་ལ་སོགས་པ་གསོལ་བ་ལ་མངོན་པར་ཕྱོགས་པར་མཛོད་ཅིག་པའོ། །བརྟན་པ་དང་མཐོ་བ་ལ་སོགས་པའི་དངོས་གྲུབ་ཀྱིས་མྱུར་དུ་སངས
་རྒྱས་ཀྱི་སྤྲུལ་བས་སེམས་ཅན་གྱི་ལས་ལ་རབ་ཏུ་འདུད་པ་ནི་མཆོག་ཏུ་འདུད་པར་མཛད་པ་སྟེ། འདིས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་ཅན་གྱི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་པའོ། །དེ་ལྟར་མཆོད་པ་ཆེན་པོ་བསྟན་ནས་བདག་ལ་བྱིན་གྱིས་བརླབ་པ་རྣམ་པར་འགྲེལ་པར་བྱ་བའི
་ཕྱིར་དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབས་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ་སྟེ། དེ་སྟོན་པར་བྱེད
་པའི་སྒྲུབ་པ་ཆེན་པོའི་རྒྱུད་ཇི་ལྟར་ཤེས་པར་བྱ་ཞེ་ན། རང་ལྷའི་སྦྱོར་བ་ཇི་བཞིན་དུ་ཞེས་བྱ་བ་ལ་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་གྱི་མཚན་ཉིད་དང། རྣལ་འབྱོར་ཆེན་པོའི་མཚན་ཉིད་ཅན་ནོ། །དེ་ཉིད་ཆོས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། བསྟན
་པར་བྱ་བ་གང་ཡིན་པ་དེ་ནི་ཕྱག་རྒྱ་ཀུན་གྱིས་བྱིན་གྱིས་བརླབས་པའོ། །དེ་ཉིད་ཆེན་པོའི་མཆོག་གིས་ནི། རང་ཉིད་བསྒྲུབས་ཏེ་སྙིང་པོ་བཟླ་ཞེས་བྱ་བ་ལ། རང་གི་ལྷའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཀུན་གྱིས་བྱིན་གྱིས་བརླབས་པའི་རང་གི་བདག་ཉིད་གང་ཡིན་པ་དེ་ཉིད། དེ་ཁོ་ན་ཉིད
་དང། ཆོས་དང། དམ་ཚིག་གི་མཚན་ཉིད་ཅན་གྱི་མཆོག་གི་དེ་ཁོ་ན་ཉིད་ཆེན་པོས་རབ་ཏུ་བསྒྲུབས?་པ་ནི། ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་ནས་རང་གི་ལྷའི་སྙིང་པོ་ཧཱུཾ་ལ་སོགས་པའི་རང་བཞིན་གྱིས་བཟླས་པ་ནི་མངོན་པར་བསྔགས་པར་བྱའོ། །དེ་ཡང་དེ་ཉིད་ཀྱིས་མི་རྡོན?
་གཟུང། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་རྣམས་ཀྱིས་བདག་ཉིད་རབ་ཏུ་བསྒྲུབས་ལ། དམ་ཚིག་གསུམ་གྱིས་ཀླུའི་མཆོད་པ་བྱའོ་ཞེས་བྱ་བའི་ཆོ་ག་འདིར་རབ
་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པའོ། །དེའི་དོན་དུ་བྱིན་གྱིས་བརླབས་པ་ནི
་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ནུས་པ་བསྐྱེད། །དེའི་མཆོག་གི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་མཆོག་གི་གསང་པ་གང་ཡིན་པ་དེ་དམ་ཚིག་གི་རྡོ་རྗེའི་གླུའི་མཆོད་པ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། མཆོག་ཏུ་གྲུབ་པ་ཞེས་བྱའོ།།
་ཨོཾ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མདངས་ཀྱིས་དཔལ་ཞེས་བྱ་པའི་དོན་ཏོ།། ནམ་མཁའ་སྐྱེ་བའི་མཚན་ལྡན་ཕྱི་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་སྐྱེ་བའི་མཚན་ལྡན་ཕྱིར་ཞེས་བྱ་པ་ལ་སོགས་པ་ལ། ཇི་ལྟར་ནམ་མཁའ་ནི་རྫས་ཐམས་ཅད་དང་བྲལ་པའི་རང་བཞིན། རྩིག
་པ་ལ་སོགས་པའི་རྫས་ཞིག་པས་སྐྱེ་བོ་ཞེས་འདོགས་པ་དེ་བཞིན་དུ། དེ་བཞིན་ཉིད་ཀྱིས་རྡོ་རྗེའི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་དྲི་མ་དང་བྲལ་པས་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེ་བོའོ་ཞེས་འདོགས་པ་ཡིན་ཏེ། དེ་ན་ནམ་མཁའ་སྐྱེ་བའི་མཚན
་མ་དང་ལྡན་པའི་བཅོམ་ལྡན་འདས་ཡིན་ནོ། །ནམ་མཁའ་སྐྱེ་བའི་མཚན་ཉིད་དང་ལྡན་པ་དེ་ཉིད་ཀྱིས་ཐོག་མ་དང་ཐ་མ་མེད་པའོ། །འཇིག་རྟེན་ལ་གྲགས་པ་གཞན་དག་ཀྱང་ཐོག་མ་དང་ཐ་མ་མེད་པར་ཡོངས་སུ་བརྟགས་པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མེད་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ
་དེའི་ཕྱིར་དེ་རྣམས་ལས་ཁྱད་པར་དུ་བསྟན་པའི་ཕྱིར་མཆོག་ཅེས་བྱ་བ་གསུངས་ཏེ། དོན་དམ་པར་ཐོག་མ་དད་ཐ་མ་མེད་པའི་མཆོག་ཅེས་བྱ་བ་ཡིན་ནོ། །དེ་ལྟ་བུ་གང་ཡིན་ཞེ་ན། སེམས་དཔའ་ཨི་རྡོ་རྗེ་ཆེ་རང་བཞིན་ཞེས་བྱ་བ་དེ་བཞིན་ཉིད་ཀྱི་རྡོ་རྗེའི་རང་བཞིན་གྱི་སེམས་དཔའ་ནི་སེམས་དཔའ་ཨི་རྡོ་རྗེ
་ཆེན་པོའི་རང་བཞིན་ཏེ། དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཅན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད་ཅེས་བྱ་བ་ནི་སྒྲུབ་པ་པོས་གསོལ་བ་བཏབ་པོ། །གཞུང་འདི་ཙམ་གྱིས་ནི། ཐོག་མཛའ་མེད
་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་བཤད་པ་ཡིན་ནོ། །ད་ནི་དགའ་བ་ཆེ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་མཆོག་ནི་ཀུན་མཆོག་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད
་ཀྱི་མཆོག་ཏུ་གྱུར་པ་བྱང་ཆུབ་ཆེན་པོའི་རང་བཞིན་ཅན་གྱི་དངོས་གྲུབ་ཀུན་མཆོག་ཀྱང་ཡིན་ལ་དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་ཀུན་མཆོག་དངོས་གྲུབ་ཆེན་པོའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་གཞན་གྱི་དབང་དུ་མ་གྱུར་པ་ཉིད
་ཀྱི་ཕྱིར་དབང་ཕྱུག་ཆེན་པོ་སྟེ། སྐུ་ཐམས་ཅད་བསྟན་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གཙོ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་རྒྱུ་མཐུན་པའི་ལྷ་ནི་ལྷག་པའི་ལྷ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཅན་གྱི་ལྷག་པའི་ལྷའོ། །གསང་བ་ལྔའི
་དེ་ཁོ་ན་ཉིད་ཆེན་པོའི་རང་བཞིན་དང་པོའི་རྡོ་རྗེ་ན་རྡོ་རྗེ་ཐམས་ཅད་ཏེ། དེ་འཛིན་པས་ན་རྡོ་རྗེ་ཐམས་ཅད་འཛིན་པའོ། །དེ་ཡང་རིགས་ཐམས་ཅད་ཀྱི་བདག་པོའི་ཚུལ་གྱིས་ཐམས་ཅད་ལས་རྒྱལ་བས་ན་རྒྱལ་པོའོ། །འདིར་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པར་བྱས་ནས་ཕྱག་རྒྱ
་ཆེན་པོའི་གཟུགས་སུ་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་གླུས་བསྟན་པ་ཡིན་ནོ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད་ཅེས་བྱ་བ་པོད་པའོ། །ད་ནི་ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པ་བདག་པོ་བདག་ཅེས་བྱ་བ་འདིའི་དོན་དྲན་པར་བྱ་བའི་ཕྱིར། ཉེས་པ་མི
་མངའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ན་སྐྱོན་མེད་པ་སྟེ་རང་བཞིན་ངེས་རྟག་པ་ཁྱོད་ཡིན་ནོ། །འདིས་ནི་ཀུན་ཏུ་བཟང་པོའི་དོན་བསྟན་པ་ཡིན་ནོ། །ཚུལ་གང་གི་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ཉིད་ཀྱིས
་འདུལ་བའི་ཕྱིར། འདོད་ཆགས་ཀུན་གྱིས་རྗེས་ཆགས་སྟེ། འདིས་ནི་ཐམས་ཅད་བདག་ཅེས་བྱ་བ་ལ་སོགས་པའི་དོན་ཏོ། །ཆགས་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད་ཅེས་བྱ་བས་པོད་པ་དང་བཅས་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་པའི་དོན་ཏོ། །དེ་ལྟར་དེ་ཁོ་ན་ཉིད
་ཀྱི་གླུའི་མཆོད་པ་བསྟན་པར་བྱ་བའི་ཕྱིར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་མའི་མཛའ་ཨི་བར་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བའི་ཕྱིར་ཤིན་ཏུ་དག་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་མཆོག་ཏུ
་གྱུར་པས་ནས་ཀུན་མཆོག་གོ། གདོད་ནས་གྲོལ་བ་དེ་བཞིན་གཤེགས་ཞེས་བྱ་བ་ལ། ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་རྟག་ཏུ་འཆིང་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་གདོང་ནས་གྲོལ་བའོ། །དངོས་པོའི་རང་བཞིན་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས
་ཀྱི་རང་བཞིན་དང་ཐབས་ཀྱི་རང་བཞིན་དུ་དངོས་པོ་རྣམས་གནས་པ་མཁྱེན་པས་ན་དེ་བཞིན་གཤེགས་པའོ། །གཞན་ཡང་གཞན་དག་ལ་དེ་བཞིན་དུ་གསུངས་པ་རབ་ཏུ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པའོ། །ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཀུན
་ནས་བཟང་པོའི་དགའ་བ་གང་ལས་བྱུང་བ་དེ་ནི་ཀུན་ཏུ་བཟང་པོའོ། །བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བཞུགས་པས་ན་ཀུན་བདག་ཉིད་དོ། །བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨོ། །རབ་ཏུ་སྒྲུབས་ཞེས་བྱ་བས་གསོལ
་བ་བཏབ་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་གླུའི་མཆོད་པ་བསྟན་ནས། ད་ནི་དམ་ཚིག་གི་གླུའི་མཆོད་པ་བསྟན་པར་བྱ་བའི་ཕྱིར་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱི་མཆོག་ཀྱང་དེ་ཡིན་ལ་དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ་།
་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་རྟོགས་པའོ། །དེ་ཉིད་དབང་ཕྱུག་ཆེན་པོ་སྟེ་དེ་ཡོད་པས་ཕྱག་རྒྱའི་མཆོག་གང་ཡིན་པ་དེ་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའོ། །དེ་ཉིད
་ཀྱིས་གྲུབ་པར་གྱུར་ཅིག་པའོ། །དེ་ཇི་ལྟར་ཞེ་ན། རྡོ་རྗེ་ཆེར་བསྟོད་པ་ཞེས་བྱ་བ་ལ། ཇི་ལྟ་བ་བཞིན་དུ་བཤད་པའི་དང་པོའི་རྡོ་རྗེ་ཆེར་བསྟོད་པ་ནི་རྡོ་རྗེ་ཆེར་སྟོད་པའོ། །ལག་པ་གཡས་པའི་སོར་མོ་དབུས་མའི་ཁ་ཊཝཱཾ་ག་རང་གི་སྙིང་གར་བསྟོད་པའི་ཚུལ་འཛིན་པ་ནི་རྡོ་རྗེ་ཆེར་བསྟོད
་པ་སྟེ། རྡོ་རྗེ་ཆེར་བསྟོད་པ་དེས་སྒྲུབས་ཤིག་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས་རྡོ་རྗེ་སྙེམས་པའི་བདག་པོ་ཀྱེ་བདག་ལ་སྒྲུབས་ཤིག་ཅེས་བྱ་བ་ལ་བོད་པ་དང་བཅས་པས་བཅོམ་ལྡན་འདས་ལ་སྒྲུབ་པ་པོས་གསོལ་བ་བཏབ་པ་ཡིན་ནོ། །དེ་ལྟར་དམ་ཚིག་གསུམ
་གྱི་གླུའི་མཆོད་པ་བསྟན་ནས། ད་ནི་དེ་ཉིད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་མཆོག་དང་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྟེ། དེའི་གླུ་ནི། ཨོཾ་ནམ་མཁའ་སྐྱེ་མེད་མཚན་ལྡན
་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཀླུ་སྒྲུབ་པ་པོས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གྱུར་པའི་ཡོན་ཏན་བརྗོད་ཅིང། དོན་དམ་པར་དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་གི་དོན་ལ་ལྷག་པར་མོས་པས་གླུ་བླངས་ན་ཇི་ལྟར་འགྱུར་ཞེས་བྱ་བ་བཤད་པར་བྱ་བའི་ཕྱིར། དེ་ནི་དངོས་གྲུབ་ཀུན་གྱི
་མཆོག་འགྱུར་ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །ནི་ཞེས་བྱ་བའི་སྒྲ་ངེས་པར་གཟུང་བ་ལ་བྱ་སྟེ། དེ་ཉིད་ཁོ་ནར་གྱུར་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་གྱི་དངོས་གྲུབ་ཀྱི་དངོས་གྲུབ་ཀུན་གྱི་མཆོག་སྟེ། རྡོ་རྗེ་དབང་ཕྱུག
་ཆེན་པོའི་སྐུ་ཐམས་ཅད་སྟོན་པར་བྱེད་པས་སེམས་ཅན་གྱི་དོན་ནོ། །དབང་ཕྱུག་ཆེན་པོ་དེ་དང་ལྡན་ཞིང་དབང་ཕྱུག་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །མཆོག་ཀྱང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཉིད་ཡིན་པས་ན་མཆོག
་གི་དེ་ཉིད་ཡིན་པས་མཆོག་གི་དེ་ཉིད་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་ཉིད་གསང་བའི་མཆོག་ནི་འཇིག་རྟེན་ཐམས་ཅད་དང་ཐུན་མོངས་མ་ཡིན་པའོ། །དེའི་གླུ་ཆེན་པོ་ནི་དམ་ཚིག་གསུམ་གྱི་བླུའི་མཆོད་པའོ། །མཆོག་ཏུ་གྲུབ་པ་ཞེས་བྱ་བ
་ནས་མཆོག་ཏུ་གྲུབ་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་འདི་ཡང་མཆོག་ཏུ་གྲུབ་པའོ། །མཆོག་ཏུ་གྲུབ་པ་ཡང་མངོན་དུ་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མཆོག་གི་གླུ་འདི་ཡང་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་ཆོ་ག་འདི་ཡིས་ནི་ཞེས་བྱ་བ་ལ། དངོས་གྲུབ
་ཀྱི་དོན་གྱི་ཆོ་ག་ནི་དངོས་གྲུབ་ཀྱི་ཆོ་ག་སྟེ་གླུའི་མཆོད་པའོ། །མཆོག་གི་དངོས་གྲུབ་ཀྱི་ཆོ་ག་འདིས་རྡོ་རྗེ་སེམས་དཔའ་ཡང་དག་པར་རྗེས་སུ་རྣལ་འབྱོར་རང་གི་མཚན་ཉིད་ཅན་ནི་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་ནི་རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་སྟེ། དེས་དབང་ཕྱུག་ཆེན་པོ་ནི་བག
་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ཁམས་གསུམ་ཐམས་ཅད་དུ་གཟུགས་ཐམས་ཅད་སྟོན་པས་སེམས་ཅན་བྱེད་པའོ། །ཡུལ་དེར་རྡོ་རྗེ་སེམས་དཔའ་དང་ཡང་དག་པར་འདུས་པའི་སྒྲུབ་པ་པོས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་དམ་ཚིག་གསུམ་གྱི་གླུའི་མཆོད་པ་འདིས་ཀུན
་ནས་འོད་ཟེར་སྟོན་སོགས་དང་ཞེས་བྱ་བ་ལ། ཆོ་འཕྲུལ་བརྒྱ་རྩ་བརྒྱད་ཀྱི་རྣམ་པ་ཅན་དང། སོ་སོར་སྟོན་པའི་རྨད་དུ་བྱུང་བ་རྣམས་ནི་ངོ་མཚར་བར་གྱུར་པ་རྣམས་སྒྲུབ་པ་པོའི་རྡོ་རྗེ་སློབ་དཔོན་གྱིས་རང་གི་ལྷ་དཔལ་རྡོ་རྗེ་སེམས་དཔའ་ལས་མཐོང་བར་འགྱུར་རོ། །རྟོག་པ་ཀུན་ཞེས་བྱ་བ་ནི
་གསང་པའི་དཀྱིལ་འཁོར་གྱི་རྟོག་པ་སྣ་ཚོགས་ཆེན་པོའི་དངོས་གྲུབ་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་དངོས་གྲུབ་བོ། །དེའི་དབང་ཕྱུག་ནི་ཇི་ལྟ་བ་བཞིན་དུ་བཤད་པ་སྟེ། དེ་ལས་བྱུང་བའི་བདེ་བ་ནི། །རྟོག་པ་ཀུན་གྱི་སྣ་ཚོགས་ཆེ། །དངོས་གྲུབ་དབང་ཕྱུག་བདེ་བ་རྣམས།
་ནིའི་སྒྲ་ནི་དེས་པར་གཟུང་བས་ཏེ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་ཉིད་ཀྱིས་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དངོས་གྲུབ་ཀྱི་བདེ་བ་རྣམས་དཔལ་རྡོ་རྗེ་སེམས་དཔའ་ཨི་ལེགས་པར་བྱིན་གྱིས་བརླབས་པས་རྡོ་རྗེ་སློབ་དཔོན་གྱིས་རྟག་ཏུ་འཐོབ་པ་ཡིན་ནོ། །དེ་ལྟར་བདག་ལ
་བྱིན་གྱིས་བརླབ་པ་བསྟན་ནས། ད་ནི་རྣལ་འབྱོར་ཆེན་པོ་སྒྲུབ་པའི་རང་བཞིན་ཅན་སྒྲུབ་པ་ཆེན་པོའི་རྒྱུད་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱང་ཡིན་པ་བདག་ལ་བྱིན་གྱིས་བརླབས་ལ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད
་བདག་ལ་བྱིན་གྱིས་བརླབ་བ་སྟེ། རང་གི་རིགས་ཀྱི་ལྷ་ཐམས་ཅད་སྒྲུབ་པ་པོའི་ལུས་ལ་དགོད་པའོ་།དེའི་དོན་དུ་ལྷ་རྣམས་ཀྱི་སྒྲུབ་པ་ཆེན་པོ་ནི་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རང་ལ་རག་ལས་པར་བྱ་བ་དེ་ནི་ཐམས་ཅད་བདག་ལ་བྱིན་གྱིས་བརླབ་པའི་ལྷའི་སྒྲུབ་པ
་ཆེན་པོའོ། །དེ་སྟོན་པར་བྱེད་པའི་རྒྱུད་ཇི་ལྟར་ཤེས་པར་བྱ་ཞེ་ན། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ་ཞེས་བྱ་བ་ལ་བདག་ཉིད་ཀྱིས་རང་གི་ལྷ་ནི་འདོད་པའི་ལྷའོ། །རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་ནས་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ནས་རང་གི་སྙིང་གར་རྡོ་རྗེ་དབབ་པའི
་བྱ་བ་རྒྱས་དཔྲོལ་བར་བྱས་ལ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་ཕྱག་རྒྱ་ཐམས་ཅད་བརྡེག་པར་བྱའོ། དེ་ནས་སྡིག་པ་དང་དྲལ་བའི་ཕྱག་རྒྱས་སྡིག་པ་རྣམས་དྲལ་བར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་པ
་དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་དང་ནམ་མཁའ་དང་མཉམ་པར་སྒོམ་པར་བྱའོ། །དེ་ནས་ནམ་མཁའ་ཨི་ཕྱོགས་སུ་རང་གིས་སེམས་ཡི་གེ་ཧཱུཾ་གི་རྣམ་པར་བསམ་ལ་དབྱངས་བཅུ་དྲུག་དང་བཅས་པའི་ཡི་གེ་ཧཱུཾ་གིས་རང་གི་སེམས་ཟླ་བའི་དཀྱིལ
་འཁོར་གྱི་རང་བཞིན་དུ་བསམ་པར་བྱའོ། །དེའི་སྟེང་དུ་ཀ་ལ་སོགས་པའི་ཡི་གེ་དང་བཅས་པའི་ཡི་གེ་ཧཱུཾ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་ཡི་གེ་ཧཱུཾ་དང་བཅས་པའི་རྡོ་རྗེ་སྟེ། རྡོ་རྗེ་དབུས་སུ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲི་སྟེ་གསང་བ་ལྔའི་དེ་ཁོ་ན་ཆེན་པོ་དང་པོའི་རྡོ
་རྗེ་ཞེས་བྱ་བསྒོམ་ཞིང་རྡོ་རྗེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་གསང་བའི་དཀྱིལ་འཁོར་རྣམས་སྤྲོས་ཏེ། དེ་དག་གིས་སེམས་ཅན་གྱི་ཁམས་ཐམས་ཅད་གསང་བའི་དཀྱིལ་འཁོར་རྟོག་པས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བྱས་ལ་དེ་རྣམས
་རྡོ་རྗེ་ལ་བཞུགས་པར་བྱའོ། དེ་ནས་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ལ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ་ཞེས་བཟླ་བར་བྱའོ། དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་སླར་ཡང་ས་མ་ཡོ་ཨ་ཧཾ་ཞེས་བྱ་བ་བཟླ་བར་བྱའོ། །དེ་ནས་དང་པོ་ཡི
་རྡོ་རྗེའི?་སྙིང་ག་དང། སྨིན་མཚམས་དང། མགྲིན་པ་དག་སྦྱི་བོ་རྣམས་སུ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་རྣལ?་འབྱོར་པའི་རང་གི་ལྷའི་སྦྱོར་པ་ཇི་ལྟ་བ་བཞིན་ཡིན་ནོ། །གཞན་ལ་ནི་རང་གི་ཆོགས་རང་གི་ལྷ་ཕྱིར་རྐྱ
་ཆེན་པོ་བཅིང་བར་བྱ་སྟེ། འདིས་རང་གི་ལྷའི་སྐུའི་གསང་པ་ཇི་ལྟ་བ་བཞིན་དུ་སྐུ་མདོག་དང། དབྱིབས་དང། གཟུགས་དང་ལྡན་པའི་རང་གི་ལྷའི་སྦྱོར་བ་ཇི་ལྟ་བ་བཞིན་བསྟན་པ་ཡིན་ནོ། །ལྷ་ཡང་ཡིན་ལ་ཀུན་ཡང་དེ་ཉིད་ཡིན་པས་ན་ལྷ་ཀུན་ཏེ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་རྣམས
་ཀྱི་བདག་ཉིད་ཀྱི་སྦྱིན?་སྐུའི་གསང་བ་རྣམས་སོ། །རང་གི་ལྷའི་སྦྱོར་བ་ཇི་བཞིན་པ་དང། ལྷ་ཀུན་གྱི་བདག་ཉིད་ཀྱི་སྐུ་རྣམས་ནི་རང་གི་ལྷའི་སྦྱོར་བས་ཇི་བཞིན་པའི་ལྷ་ཀུན་གྱི་བདག་ཉིད་ཀྱི་སྐུ་རྣམས་ཏེ། །དེ་དག་གིས་རང་གི་ལྷའི་སྦྱོར་བའི་བདག་ཉིད་ཅན་གྱི་རྣལ་འབྱོར་བ་དེ་རང
་གི་ལྷའི་དཀྱིལ་འཁོར་གྱི་བསྒྲུབ་པར་བྱ་བ་ཡིན་ཏེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། རང་གི་ལྷའི་རྣལ་འབྱོར་ཙམ་བྱས་ལ་ནམ་མཁའ་དད་མཉམ་པ་ཉིད་ཀྱི་སྦྱོར་བས་ནམ་མཁའ་དང་མཉམ་པའི་རང་གི་སྙིང་གའི་ཟླ་བ་ལ་ཞུགས་ཏེ། ཡི་གེ་ཧཱུཾ་གིས
་དང་པོའི་རྡོ་རྗེ་བཅིངས་ནས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་ས་ལ་རབ་ཏུ་བཞག་པར་བྱས་ནས་དཔལ་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་སྙིང་གར་རྫོགས་པར་བྱའོ། །དེ་ནས་མུུག་ཏུ་ཕྱག་རྒྱ་བཅིངས་ནས། དེར་ཞུགས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང
་བའི་བར་དུ་རང་གི་ཚོགས་རྫོགས་པར་བྱ་སྟེ། སྔར་བཤད་པའི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ལ་གསུངས་པའི་རྣལ་འབྱོར་ཆེན་པོའི་གནས་རྣམས་སུ་གསང་བའི་ལྕགས་ཀྱུ་ནས་དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པའི་གླུ་བརྗོད་ཅིང། རང་གི་ལུས་ལ་རྡོ་རྗེ་སེམས
་དཔའ་ལ་སོགས་པ་བཅུག་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་སྔ་མ་བཞིན་དུ་བཅུག་སྟེ་དམ་ཚིག་གི་
་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། དང་པོའི་རྡོ་རྗེ་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབས་ཏེ། བརྟན་པར་བྱེད་པའི་སྙིང་པོར་བརྟན་པར་བྱས་ལ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་སྐུར་ཏེ། རྡོ་རྗེ
་དང་བདག་པོ་དང། མིང་གི་དབང་བསྐུར་བ་དང། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་བླངས་ལ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། སྒེག་མོ་དགའ་བའི་རྡོ་རྗེ་མའི་ཕྱག་བཞིས་ཕྱག་བཙལ་བར་བྱས་ནས། དེ་ཁོ
་ན་ཉིད་དང། ཆོས་དང། དམ་ཚིག་རྣམས་ལ་ཡི་གེ་ཧཱུཾ་ལན་གསུམ་བརྗོད་དེ། དམ་ཚིག་གསུམ་གྱི་མཆོད་པ་བྱས་ལ་རྡོ་རྗེའི་བདག?་ཉིད་དང། རང་བཞིན་དག་པ་དང། ཐམས་ཅད་མཉམ་པའི་བདག་ཉིད་རྣམ་པར་བསྒོམས་ལ། ཇི་ལྟ་བ་བཞིན་དུ་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་ཡི་གེ
་ཧཱུཾ་ཡིད་ཀྱིས་བྲིས་ནས་རབ་ཏུ་དགའ་བའི་དག་གི་བརྗོད་ཅིང་བསྒོམ་པར་བྱ་བ་ཡིན་ནོ། །དེ་དག་ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བདག་ལ་བྱིན་གྱིས་བརླབས་པ་དང། སྒྲུབ་པ་ཆེན་པོ་རྣམས་བསྟན་ནས། ད་ནི་བ་ར་ཏ་དང་བེ་ཤ་ཁི་ལ་ལ་མཁས་པའི་རྗེས་སུ
་བསྒྲུབ་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །གསང་བ་དམ་ཡིག?་ཆོག་གི་དཔལ་དམ་ཚིག་གསུམ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བརྟན་པར་བྱེད་པའི་གསང་བའི་དཀྱིལ
་འཁོར་དེར་མཆོག་གི་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའོ། །དེ་ཉིད་བདག་པོ་ཉིད་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་པའི་གང་གི་དང་པོར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ
་ཉིད་ཡིན་པས་ནས་དངོས་གྲུབ་ཐམས་ཅད་ཏེ། ཕྱག་རྒྱ་ཆེན་པོ་དང། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གྱི་དངོས་གྲུབ་རྣམས་སོ། །ལས་རྣམས་ཀྱི་ཚོགས་ནི་ལས་ཀྱི་ཚོགས་ཏེ་གསང་བའི་དཀྱིལ་འཁོར་དང་འབྲེལ་བའི་འོག་ནས་འཆད་པར
་འགྱུར་བའི་ལས་རྒྱུའི་རྒྱུན་ནོ། །མི་འགྱུར་བ་མང་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་མི་འགྱུར་མཆོག་སྟེ། ཐོག་མ་དང་ཐམ་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་དམ་པ་ནི་ཕུལ་དུ་བྱུང་པའོ། །འདི་ལ་གོང་ན་མེད་པས་བླ་ན་མེད་པའོ། །དགའ་བ་དང་རབ་ཏུ་དགའ་བ་ཞེས་བྱ་བ་ལ། དགའ་བ་ནི་ཡིད་བདེ
་བའོ། །རབ་ཏུ་དགར་བ་ནི་དགའ་བའོ། །བདེ་བ་ཐམས་ཅད་ནི་འཇིག་རྟེན་ལས་འདས་པའི་འོ། །དེ་ཡང་དམ་པ་དང། བར་མ་དང། མཆོག་གིས་དབྱེ་བས་ཕྱེ་བ་ཡིན་ནོ། །ཡིད་བདེ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བླ་ན་མེད་པའི་དགའ་བ་དང་རབ་ཏུ་དགའ་བ་ལས་ཁྱད་པར་ཅི་ཡོད་ཅེ་ན།
་འདི་ནི་དམན་པ་དང། བར་མ་དང། མཆོག་གི་དབྱེ་བ་རྣམ་པ་གསུམ་ཏེ། དེ་ནི་བླ་ན་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཁྱད་པར་ཡིན་ནོ། །མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་ནོ། །ཇི་ལྟ་བ་བཞིན་དུ་བཤད་པའི་དངོས་གྲུབ་ཐམས་ཅད་དང
་པས་ཀྱི་ཚོགས་དང། མི་འགྱུར་བ་མཆོག་གི་དམ་པ་བླ་ན་མེད་པའི་དགའ་བ་དང་རབ་ཏུ་དགའ་བ་དང། ཡིད་བདེ་བ་དང་མཆོག་གི་དངོས་གྲུབ་རྣམས་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཀྱི་མི་འགྱུར་བ
་མཆོག་གི་དམ་པ་བླ་ན་མེད་པའི་དགའ་བ་རབ་ཏུ་དགའ་བ་དང། བདེ་བ་ཐམས་ཅད་དང། ཡིད་བདེ་བ་མཆོག་གི་དངོས་གྲུབ་རྣམས་སོ། །དེ་དག་གི་ཆོ་ག་རྒྱས་བ་ནི་རྡོ་རྗེ་སུ་ཆགས་པ་ལ་སོགས་པའི་གླུ་དང་རོལ་མོ་ཡི་ཆོ་ག་རྣམ་གསུམ་མོ། །དེ་ཉིད་རྗེས་སུ་བསྒྲུབ་པ་ནི་ཕྱི་ནས
་བསྒྲུབས་པས་ན་རྗེས་སུ་བསྒྲུབ་པ་སྟེ། ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བདག་ལ་བྱིན་གྱིས་བརླབས་པ་དང། སྒྲུབ་པ་ཆེན་པོ་ལས་ཕྱིས་བྱ་བའི་ཕྱིར་རོ། །དེ་ཉིད་མཆོག་གི་དངོས་གྲུབ་ཀྱི་རྒྱུད་གྱུར་པའི་ཕྱིར་མཆོག་ཏུ་གྲུབ་པ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་བཤད
་པའི་རྣལ་འབྱོར་ཆེན་པོ་བྱས་ལ་རང་གི་ལྷའི་དཀྱིལ་འཁོར་ཆོ་ག་བཞིན་དུ་མདུན་དུ་བཞག་ལ་དེ་ཉིད་སྒོམ་པ་ནི་འདི་རང་གི་ལྷའི་སྦྱོར་བ་ཇི་ལྟ་བ་བཞིན་གང་ཡིན་པ་དང། ཚོགས་ཀྱི་དཀྱིལ་འཁོར་བསྒོམ་བའོ། །རྡོ་རྗེ་ཀུན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཏེ། དེ་དག་གི
་མཆོག་གི་སྐུ་ནི་མཚན་མའི་ཕྱག་རྒྱའོ། །དེ་ཡང་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྟོན་པར་བྱེད་པའི་ཕྱིར་རོ། །རང་གི་ལྷའི་སྦྱོར་བ་ཇི་བཞིན་པ་དང། རྡོ་རྗེ་ཀུན་གྱི་མཆོག་གི་སྐུ་ནི་རང་ལྷའི་སྦྱོར་བ་ཇི་བཞིན་དང། རྡོ་རྗེ་ཀུན་གྱི་མཆོག་སྐུའོ། །བྱེད
་པར་གྱུར་པ་དེ་རྣམས་ཀྱིས་བླུ་དང་རོལ་མོའི་ཆོ་ག་གང་ཞིག་རྣལ་འབྱོར་པས་བྱ་བ་དེ་ནི་དེ་ལ་རྡོ་རྗེ་རྗེས་སུ་ཆགས་པ་ཡིན་ཏེ། ཤིན་ཏུ་རྣལ་འབྱོར་གྱི་སྦྱོར་བས་མངོན་དུ་གྱུར་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟ་བཤད་པར་འགྱུར་ཏེ། ཇི་ལྟར་བཤད་པའི་ཆོ་གས་མདུན་དུ
་དཀྱིལ་འཁོར་བཞག་པ་འམ། ཚོགས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་དབུས་སུ་འདུག་སྟེ། ཐོག་མཛའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པ་བདག་པོའི་བདག་ཅེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ
་འབྱོར་པས་ཡི་གེ་ཧཱུཾ་གི་གླུ་བརྗོད་ཅིང་བསྒོམ་པར་བྱའོ། །དྲིལ་བུ་དང་བཅས་པའི་པི་ཝང་ལ་སོགས་པའི་རོལ་མོ་ཉིད་ཐོག་མ་དང་ཐ་མ་མེད་པའི་གཟུགས་ཅན་གྱི་རྡོ་རྗེ་ངེས་རྗེས་སུ་ཆགས་པར་འགྱུར་རོ། །གཞན་གྱི་རྣལ་འབྱོར་པས་ནི་རང་གི་ལྷའི་ཡི་གེ་བརྗོད་ཅིང་རང་གི་རིགས་ཀྱི
་དེ་ཁོ་ན་ཉིད་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་རྡོ་རྗེའི་རྗེས་སུ་བསྒྲུབ་པ་བསྟན་ནས། ད་ནི་དྲིལ་བུའི་རྗེས་སུ་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར། རང་ལྷའི་སྦྱོར་བ་ཇི་བཞིན་དུ། །དབྱངས་ཀྱི་རྩ་བ་རྣམས་སད་པས་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ལྷའི་སྦྱོར་བ་ནི་བཤད་ཟིན་ཏོ།།
་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨམ་ཎཱཾ། ཨཱ་རྱ?་ནུ་དྡན?་ཏྭཏ་ཅེས་བྱ་བ་ནི་ལྷག་པར་མོས་པ་རྣམས་ནི་དབྱངས་ཀྱི་རྩ་བ་རྣམ་པར་སང་པ་སྟེ། དབྱངས་ཀྱི་རྩ་བ་རྣམ་པར་སང་པ་དེ་དག་དང་བཅས་པའི་གླུ་དང་རོལ་མོའི་ཆོ་ག་རྣལ་འབྱོར་པས་གང་བྱེད་པ་དེ་དག་དྲིལ་བུ་ཉིད་ཀྱིས་རྗེས་སུ་བླངས་ཏེ
་དྲིལ་བུའི་སྒྲ་དང་ལྷན་ཅིག་ཏུ་གླུ་ལན་པའོ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་མེད། ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། ཞེས་བྱ་བ་བསྟན་པ་ཡིན་ཏེ། དེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་ལྟར་སྔར་བཤད་པར་འགྱུར
་ཏེ། སྔ་མ་བཞིན་དུ་རང་གི་དཀྱིལ་འཁོར་མདུན་དུ་བཞག་པ་འམ་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་འདུག་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས། ཡི་གེ་ཧཱུཾ་བརྗོད་ཅིང་དྲིལ་བུ་དཀྲོལ་བ་ལ་བརྩོན་པས་སྒྲའི་རྗེས་སུ་འབྲང་པའི་ཤེས་རབ་བསྒོམ་པར་བྱ་བ་དང། པི་ཝང་ལ་སོགས་པ་རོལ་མོའི་སྒྲ
་རྣམས་ཀྱིས་དེ་ཉིད་མངོན་དུ་བྱ་བ་ཡིན་ནོ། །དེ་ལྟར་དྲིལ་བུའི་བསྒྲུབ་པ་བསྟན་ནས་ད་ནི་དམ་ཚིག་གི་རྗེས་སུ་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར་ཡང་ལྷ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ལྷའི་སྦྱོར་བ་ཇི་བཞིན་དུ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྣ་ཚོགས་རྡོ་རྗེ་སེམས་དཔའ་སྟེ་ཕྱག་རྒྱ་ནི་ཕྱག་རྒྱ
་ཆེན་པོའོ། །དེའི་བདག་བོའི་ནི་སྣ་ཚོགས་ཕྱག་རྒྱའི་བདག་པོ་ཏེ་ཕྱག་རྒྱ་ཆེན་པོའི་བདག་པོ་ཕྱག་རྒྱ་ཆེན་པོ་རྫོགས་པར་བྱེད་པའི་བདག་པོ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། མཆོག་ཏུ་གླུ་དང་རོལ་མོའི་ཆོ་ག་ཞེས་བྱ་བ་ལ། མཆོག་གི་ཕུལ་དུ་བྱུང་བ་སྟེ་ཕྱག་རྒྱ་ཆེན་པོ་སྟོན་པ་།བྱེད་པའི་ཡི་གེ་ཧཱུཾ
་གི་གྲུ་དང། རྡོ་རྗེ་དྲིལ་བུ་དང་བཅས་པའི་པི་ཝང་ལ་སོགས་པའི་རོལ་མོ་ནི་གླུ་དང་རོལ་མོའི་ཆོ་གའོ། །དེ་ཡང་སློབ་མའི་ཚོགས་དང་བཅས་པའི་རྣལ་འབྱོར་པས་བྱ་བ་ཡིན་ནོ། །དམ་ཚིག་གིས་ནི་རྗེས་སུ་བསྒྲུབ་ཅེས་བྱ་བ་ལ། དེ་ཉིད་རྣལ་འབྱོར་པས་དམ་ཚིག་གི་གཟུགས་བརྙན་དང་འདྲ་བའི་སྐུའི
་གསང་བའི་བསྒོམ་པས་རྗེས་སུ་བསྒྲུབ་པར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ་དེ་བཞིན་དུ་མདུན་དུ་དཀྱིལ་འཁོར་ཡོངས་སུ་བརྟག་པ་འམ། ཡང་ན་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡི་གེ་ཧཱུཾ་བརྗོད་ཅིང་ཆོས
་དབྱིངས་ཀྱི་རྒྱུ་མཐུན་པ་གཟུགས་བརྙན་དང་མཚུངས་པའི་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་གཟུགས་སྒོམ་པ་དང། དྲིལ་བུའི་སྒྲ་དང་བཅས་པའི་པི་ཝང་ལ་སོགས་པའི་རོལ་མོས་དོན་དེ་ཉིད་བསྟན་པར་བྱའོ། །གླུ་དང་རོལ་མོའི་ཆོ་ག་འདི་ཉིད་ཀྱི་མཚན་ཉིད་ནི་འོག་ནས་འཆད་པར་འགྱུར་རོ།།
་དེ་ནི་རྗེས་སུ་བསྒྲུབ་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར་འདིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་གསུམ་གྱི་རྗེས་སུ་བསྒྲུབ་པ་འདིས་རྟོག་པ་ཐམས་ཅད་ནི་རིགས་ལྔའི་རང་བཞིན་གྱི་དམིགས་པའི་རྐྱེན་རྣམས་སོ། །རྡོ་རྗེ་འབེབས་པས་རབ་ཏུ་སད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དང
་ཆོས་དང་དམ་ཚིག་དང། ཡེ་ཤེས་རྣམས་ཀྱིས་བསྐུལ་ཞིང་མངོན་དུ་གྱུར་པའོ། །རང་གི་ལྷའི་དམ་ཚིག་ནི། །ཐམས་ཅད་བཞིར་འགྱུར་འགྲུབ་པར་འགྱུར། ཞེས་བྱ་བ་ལ་གྲུབ་པ་ནི་སྒྲུབ་པ་པོ་ལ་རག་ལས་པ་ཡིན་ནོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི
་ཕྱག་རྒྱའི་རང་བཞིན་ཅན་གྱིས་དམ་ཚིག་གོ། རང་གི་ལྷ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་རྣལ་འབྱོར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་རྣམས་སོ། །རྗེས་སུ་བསྒྲུབ་པ་གང་ཞིག་དང་བྲིལ་བས་ཟླ་བ་བཞིས་འགྲུབ་པར་འགྱུར་བ་ངེས་རྗེས་སུ་བསྒྲུབ་པ་དེ་ཉིད་ཀྱིས་ཟླ་བ
་གཅིག་གིས་འགྲུབ་པར་འགྱུར་ཏེ། དེ་བས་ནི་མི་འགྱུར་རོ་ཞེས་བྱ་བ་གསུངས་སོ། །མཆོག་ཏུ་གསང་བ་དམ་པའི་དཔལ། །དམ་ཚིག་གསུམ་གྱི་དཀྱིལ་འཁོར་དུ་གླུ་དང་རོལ་མོ་སྟེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་དེ་བཞིན་དུ་རྫོགས་པ་ནི་ཆོ་ག་སྟེ། འདི་མཆོག་ཏུ
་གསང་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པར་བྱེད་པས། མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་དངོས་གྲུབ་ཀྱི་རྒྱུ་ཉིད་རྫོགས་པ་ཡིན་པས་ན་མཆོག་ཏུ་གྲུབ་པའོ། །དེ་ལྟར་ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བདག་ལ་བྱིན་གྱིས
་བརླབས་པ་དང། སྒྲུབ་པ་ཆེན་པོ་དང། རྗེས་སུ་བསྒྲུབ་པ་རྣམས་ཀྱིས་བདག་ཉིད་དང་དཀྱིལ་འཁོར་རྫོགས་པར་བྱས་ལ། ཉིན་རེ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་མངོན་དུ་གྱུར་པ་ལྟ་བུར་ཉིན་རེ་སྒོམ་པའི་དུས་སུ་མཐོང་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་འདི་བྲི
་བར་བྱའོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་མཚན་མ་ཐོབ་མ་ཐག་པ་ཁོ་ནའོ། །དེ་ཞེས་བྱ་བ་ནི་ཇི་སྲིད་མ་ཐོབ་པའི་གོང་དུ་མ་ཡིན་པའོ། །གསང་བ་མཆོག་གི་དགྱེས་པ་ན། སངས་རྒྱས
་ཀུན་གྱིས་རྗེས་བརྟེན་པའི། །རྡོ་རྗེ་སེམས་དཔའ་ཨི་རང་གནས་སུ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བའི་གནས་འདི་འོག་ནས་འཆད་པར་འགྱུར་རོ། །དེ་ལྟ་བུའི་ཇི་བཞིན་པའི་གནས་སུ་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བདག་ཉིད་ཅེས་བྱ
་བ་ལ་སོགས་པ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྒྱན་རྣམས་ཀྱི་བདག་ཉིད་ཡང་དག་པར་བརྒྱན་ལ། །ཇི་ལྟར་འདོད་པ་འམ་ཇི་ལྟར་ཐོབ་པའི་སྣ་ཚོགས་པའི་གོས་གྱོན་པ་དང། མེ་ཏོག་གི་ཕྲེད་བ་དང་ལྡན་ཞིང་ཁ་དྲི་ཞིམ་པོ་བསྒོམ་པས་ལུགས་མ་འམ་བརྡུངས་མ་ལ་སོགས་པའི་རང་བཞིན་ཅན་གྱི་བཅོམ་ལྡན
་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ཇི་སྐད་བཤད་པའི་ཁང་པ་སུམ་བརྩེགས་སུ་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་རྡོ་རྗེ་བཞག་ནས་དེ་ཉིད་ཀྱི་མདུན་དུ་ཇི་ལྟ་བ་བཞིན་བཤད་པའི་སྒྲུབ་པའི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། བརླ་གཉིས་ལ་དྲིལ་བུ་སྟེ
་བརླ་གཉིས་པོ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འབེབས་པ་བསྐྱེད་པར་བྱེད་པའི་དྲིལ་བུའི་སྒྲ་སྒྲོགས་པར་བྱེད་ཅིང། ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔར་བཤད་པའི་མཚན་ཉིད་ཅན་བསྒྲུབ་པར་བྱའོ། །སྔོན་དུ་ཞེས་བྱ་བ་ལ
་སོགས་པ་ལ་དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་བདག་ཉིད་དང་དཀྱིལ་འཁོར་དང་པོར་ལྷན་ཅིག་ཏུ་བསྒྲུབ་པ་བྱས་ནས་བསྒོམས་པས་ལ་ལ་དེའི་རྗེས་ལ་ཁྲུས་ལ་སོགས་པ་རང་གི་ལྷའི་ང་རྒྱལ་གྱིས་རྫོགས་པར་བྱས་ནས། སླར་ཡང་ཞུགས་ཏེ་ཉིན་རེ་བཞིན་དུ་མཆོད་པ་ཐམས་ཅད
་ཀྱིས?་དཀྱིལ་འཁོར་ཡང་དག་པར་མཆོད་ལ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་ཟླ་བ་གཅིག་གི་བར་དུའོ། །མཐར་ཉ་ལ་མཚན་ཐོག་ཐག་བསྒོམ་པར་བྱ་སྟེ། ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདིས་ནི་འདོད་པ་ཀུན་དབང་ཕྱུག
་འགྲོ་དང་འོད་དང་འདོད་ན་འཕུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འདས་མ་ཐག་ཏུ་བཤད་པའི་སྒྲུབ་པའི་ཆོ་གས་དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པདྨའི་རབ་ཏུ་ཆེ། །མཆོག་གི་རྒྱལ་མཚན་བསྒྲེང་བས་གང་ཞིག་རྗེས་སུ་བསྟན་པ་སྟེ། །མཆོག་གི་དངོས
་གྲུབ་དབང་ཕྱུག་ཆེན་པོ་ཉིད་དེ་ཉམས་མྱོང་བ་།ཞེས་བྱ་བ་སྦྱར་རོ། །མཆོག་ཀྱང་ཡིན་ལ་རྫས་སུ་ཆགས་པ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་རྗེས་སུ་ཆགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་བསྒོམ་པའོ། །འདིས་ནི་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས?
་དཔའ་བསྟན་པ་སྟེ། དེས་བསྐྱེད་པའི་དགའ་བ་ནི་མཆོག་ཏུ་རྗེས་སུ་ཆགས་པའི་དགའ་བའོ། །དེ་ཉིད་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བས་པདྨ་ལྟ་བུ་ཡིན་པས་ན་པདྨའོ། །དེས་ན་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པར་བྱེད་པའི་ནམ་མཁའ་དང
་མཉམ་པའི་ཡེ་ཤེས་ཀྱི་རིན་པོ་ཆེའི་ས་གཞི་ཁྱབ་པས་ན་དགའ་པའི་པདྨའི་ར་བ་ཆེན་པོའོ། །དགའ་བའི་པདྨའི་ར་བ་ཆེན་པོ་ནི་དགའ་བའི་པདྨའི་ར་བ་ཆེན་པོའོ། །དེ་ཉིད་མཆོག་ཏུ་གསང་བ་གྲུབ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དངོས་གྲུབ་ལ་ཆགས་པས་ན
་བླ་ན་མེད་པའི་དངོས་གྲུབ་ལ་ཆགས་པ་སྟེ། འདིས་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་གྱིས་རྡོ་རྗེ་སེམས་དཔའ་བསྟན་ཏོ། མཆོག་གི་རྒྱལ་མཚན་བསྒྲེངས་པས་གང་ཞིག་རྗེས་སུ་བསྟེན་པ་སྟེ་ཞེས་བྱ་བ་ལ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་སྒྲུབ་པ་རྣལ་འབྱོར་པ་གད་གིས་ཕྱིན་ཅི
་མ་ལོག་པར་བསྟེན་པ་ནི་བསྒོམ་པར་བྱེད་པས་སྟེ། མཆོག་ཀྱང་ཡིན་ལ་རྒྱལ་མཚན་ཡང་དེ་ཉིད་ཡིན་པས་ན་མཆོག་གི་རྒྱལ་མཚན་ཏེ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུའོ། དེ་ཉིད་དེའི་རྣལ་འབྱོར་གྱིས་བསྒྲེང་བས་ཏེ། མཐོན་པའི་སྐུ་གང་ལ་ཡོད་པ་དེ་ནི་མཆོག་གི་རྒྱལ་མཚན་བསྒྲེང
་བ་རྣམས་ཏེ། འདིས་རྡོ་རྗེ་དྲན་མའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་ཚིག་གི་ཟུར་གྱིས་བསྟན་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་རྣལ་འབྱོར་གྱི་ཇི་ལྟ་བ་བཞིན་དུ་བཤད་པའི་སྒྲུབ་པ་མངོན་དུ་བྱེད་པ་དེ་རྣམས་ཅིར་འགྱུར་ཞེ་ན། མཆོག་གི་དངོས་གྲུབ་ཆེན་པོ་ཉིད་དེས་ཉམས
་སུ་མྱོང་བ་ཞེས་བྱ་བ་ལ། །སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་ནི་རྣལ་འབྱོར་བ་རྣམས་ཀྱི་རིག་པ་ཡིན་ནོ། །མཆོག་ཀྱང་ཡིན་ལ་དངོས་གྲུབ་ཀྱང་དེ་ཉིད་ཡིན་པས་ན་མཆོག་གི་དངོས་གྲུབ་སྟེ་རྡོ་རྗེ་འཆང་ཆེན་པོ་ཡི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར་གྱི
་དངོས་གྲུབ་བོ། །དེས་དངོས་གྲུབ་ཆེན་པོ་ནི་མཆོག་གི་དངོས་གྲུབ་ཀྱི་དབང་ཕྱུག་ཆེན་པོའོ། །དེའི་དངོས་པོ་ནི་དབང་ཕྱུག་ཆེན་པོ་ཉིད་དེ་དེ་དག་གི་ཉམས་སུ་མྱོང་བ་ཡིན་ནོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་སངས་རྒྱས་སྤྲུལ་པ་དང་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ་ཞེས
་བྱ་བའི་དོན་ཏེ། འདིས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་བསྟན་ཏོ། །དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གནས་གང་དུ་གསང་བའི་དཀྱིལ་འཁོར་བྲིན་རྣལ་འབྱོར་པས་དངོས་གྲུབ་བསྒྲུབ་པ་དེ་བསྟན་པའི་ཕྱིར། གསང་བ་ཞེས་བྱ་བ་ལ་སོགས
་པ་གསུངས་ཏེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་དཔལ་གྱི་ཆོ་གས་དང་ལྡན་པས་ན་གསང་བ་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་ཉིད་ཀྱིས་བཞུགས་པའོ། །མཆོག་ནི་ཕུལ་དུ་ཕྱུང་བའོ། །ཡིད་དང་རྗེས་སུ་མཐུན་པར་སྤྱད་ན་དགྱེས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད
་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟེན་པས་ན་སངས་རྒྱས་ཀུན་གྱི་བསྟེན་པའོ། །རྡོ་རྗེ་སེམས་དཔའ་རང་གི་ཡེ་ཤེས་ལས་བྱུང་བའི་བཞུགས་པ་ནི་རྡོ་རྗེ་སེམས་དཔའ་ཨི་རང་གི་གནས་སོ། །ཐམས་ཅད་ནི་རིགས་ལྔའི
་ལྷ་རྣམས་ཀྱི་བདག་ཉིད་ནི་ཐམས་ཅད་ཀྱི་བདག་ཉིད་དེ། བྱང་ཆུབ་ཆེན་པོའི་སེམས་ལ་སོགས་པ་ལས་བྱུང་བ་ཉིད་ཀྱིས་བྱང་ཆུབ་ཆེན་པོའི་སེམས་ལ་སོགས་པའི་ངོ་བོ་ཉིད་འདི་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཐམས་ཅད་བདག་ཉིད་དེར་ད་ལྟར་བྱུང་བའི་ངོ་བོས་རྟག
་ཏུ་སྟེ་ཐམས་ཅད་དུ་བཞུགས་པས་ན་རྟག་ཏུ་བཞུགས་པ་ཡིན་ནོ། ཐོག་མཛའ་མེད་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདི་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་ནོ། །རང་བྱུང་ཞེས་བྱ་བ་ནི་སྒོམ་པ་ལས་རང་ཉིད་ཁོ་ན་བྱུང་བ་ཡིན་གྱི་གཞན་ལས་མ་སྐྱེས་པ་ན་རང
་བྱུང་ངོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ལྷག་པའི་ལྷ་ནི་གཅིག་པུ་ཉིད་ཅེས་བྱ་བ་ལ། འདི་ལས་མཆོག་ཏུ་གྱུར་པ་གཞན་མེད་པས་ན་ལྷག་པའི་ལྷའོ། །དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དབང་སེམས་ལས་བྱུང་བའི་རང་བཞིན་ཉིད་ཀྱིས་རྒྱུད་ཐ་མི་དད་པས་ན
་གཅིག་པུ་ཉིད་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་འདི་ཇི་ལྟར་བཤད་པའི་ཡོན་ཏན་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བཤད་པའི་གསང་བ་དང། ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་རང་གི་གནས་སུ་རྟག་ཏུ་བཞུགས་པ་གྲུབ་པར་འགྱུར་
་བདེའི་ཕྱིར་ཇི་སྐད་དུ་བཤད་པའི་ཁང་པ་སུམ་བརྩེགས་སུ་གསང་བའི་དཀྱིལ་འཁོར་བྲིས་ལ། རྣལ་འབྱོར་པས་བཅོམ་ལྡན་འདས་བསྒྲུབ་པར་བྱ་སྟེ། གཞན་དུ་མ་ཡིན་ནོ་ཞེས་བྱ་བའོ། །རབ་ཏུ་དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པདྨའི་ར་བ་ཆེ། མཆོག་ཏུ
་གསང་བ་བསྒྲུབ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བསྒྲུབ་པ་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར། བླ་ན་མེད་པའི་དངོས་གྲུབ་སྟེ་དེ་ཉིད་བདེ་བའོ། །གང་ཞིག་རྗེས་སུ་བསྟེན་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རབ་ཏུ་དགའ་བ་ནི་རྡོ
་རྗེ་སེམས་དཔའ་སྟེ་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའོ། །དེ་ཉིད་འདོད་ཆགས་ཀྱིས་འདོད་ཆགས་སྤོང་བའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་རྟགས་སུ་གྱུར་པས་ན་རྒྱལ་མཚན་ཏེ། དེ་བསྒྲེད་བ་ནི་དེའི་སྐུ་གང་ལ་ཡོད་པ་དེ་ནི་རབ་ཏུ་དགའ་བའི་རྒྱལ་མཚན་བསྒྲེད་བའི་རྣལ
་འབྱོར་པ་རྣམས་སོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་ལྷ་མོ་བཞི་ཡང་དག་པར་འདུས་པའི་རྣལ་འབྱོར་ལས་བྱུང་བའི་བདེ་བ་ནི་དངོས་གྲུབ་མཆོག་གི་བདེ་བ་ཆེན་པོ་སྟེ། དེའི་དངོས་པོ་ནི་བདེ་བ་ཆེན་པོ་དེ་ཉིད་དོ། །དངོས་གྲུབ་མཆོག་གི་བདེ་བ་ཆེན་པོ་ཉིད་རྣལ་འབྱོར་པ་དེ་རྣམས་ཀྱིས
་ཉམས་སུ་མྱོང་བ་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ་ཇི་ལྟ་བ་བཞིན་དུ་བཤད་པའི་ཁང་པ་སུམ་བརྩེགས་སུ་གསང་བའི་དཀྱིལ་འཁོར་བྲིས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ལྷ་མོ་བཞི་དང་ཀུན་ནས་འདུས་པའི་རྣལ་འབྱོར་གྱིས་མདུན་དུ་བཅོམ་ལྡན་འདས
་བཞུགས་སུ་གསོལ་ལ། གསང་བའི་དཀྱིལ་འཁོར་དབུས་སུ་དེའི་རྣལ་འབྱོར་གྱིས་དེའི་རང་བཞིན་ཅན་གྱིས་བདག་ཉིད་གང་གིས་བསྒོམ་པ་དེ་ནི་དེའི་རང་བཞིན་དུ་འགྱུར་རོ། །དགའ་བ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་དོན་ཡོད་པ་ཡང་དེ་ཉིད་ཡིན་པས་ན་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད
་པ་སྟེ། གསང་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་དགའ་བ་གང་ཡིན་པ་དེས་དམ་ཚིག་ཅན་ནི་རིགས་ལ་བསྐྱེད་པའི་རྒྱུའོ། །རྣལ་འབྱོར་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་རྣལ་འབྱོར་ཐམས་ཅད་དེ། རྣལ་འབྱོར་དང
་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་ནི་རྣལ་འབྱོར་ཐམས་ཅད་དོ། །དེ་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོས་ཏེ་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་ཐམས་ཅད་ཀྱང་དེ་ཡིན་ལ་རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག་ཀྱང་དེ་ཡིན་པས་ནི
་དགའ་བ་ཆེན་པོའོ། །རྡོ་རྗེ་དོན་ཡོད་པའི་དགའ་པའི་དམ་ཚིག་དང། རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག་གོ། །དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་དཀྱིལ་འཁོར་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་ནི
་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པ་ལྷ་མོ་ཐམས་ཅད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་རྡོ་རྗེ་སེམས་དཔའ་ཨི་སྐུའོ། དེ་ཉིད་ཀྱི་རང་གི་དམ་ཚིག་གི་དཀྱིལ་འཁོར་མཆོག་ཏུ་གསང་བ་འདི་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་བསྟན་ནས། ད་ནི་སློབ་མ་གཞུག་པ་ལ
་སོགས་པའི་ཆོ་ག་རྒྱས་པར་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའོ། །འདིར་ཡང་དོན་འདི་བཤད་པ་ཡིན་ཏེ། གལ་ཏེ་སློབ་མ་གཞུག་པའི་དོན་དུ་རྣལ་འབྱོར་པས་དཀྱིལ་འཁོར་བརྟགས་པ་ཡིན་ལ། དངོས་གྲུབ
་ཀྱི་དོན་དུ་ནི་མ་ཡིན་ན། དེའི་ཆོ་ག་འདིས་རྣལ་འབྱོར་པས་སློབ་མ་གཞུག་པར་བྱའོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་སྟེ། གསང་བའི་དཀྱིལ་འཁོར་འདི་བྱང་ཆུབ་ཆེན་པོའི་སེམས
་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་དམ་ཚིག་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་རོ། །དེར་སློབ་མ་རྣམས་གཞུག་པ་ལ་སོགས་པའི་ཆོ་ག་སྟེ། དེ་རྒྱས་པ་ནི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པ་ལ་སོགས་པའི་རྒྱུན་ཏེ། དེ་བཤད་པར་བྱའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས
་གསུངས་པ་ཡིན་ནོ། །དེ་ལ་དང་པོ་ཁོ་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིགས་ལྔའི་མཚན་པ་རྣམས་ནི་འདོད་པ་ཀུན་ཏེ་འདོད་པ་དེ་རྣམས་ལ་བྱང་ཆུབ་ཀྱི་མཚན་ཅན་གྱི་རྡོ་རྗེ་གྲུབ་པ་ཡིན་ཏེ། དང་པོའི་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་རིགས་ཀྱི་སློབ་པ་ཐམས་ཅད་ཀྱི་སྙིང
་གའི་ཟླ་བ་རྣམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དང་དེ་བཞིན་གཤེགས་པ་དང། ཁྲོ་བོའི་རྡོ་རྗེ་དང། པདྨའི་རྡོ་རྗེ་དང། རིན་པོ་ཆེའི་རང་བཞིན་དུ་འཛིན་པ་ཡིན་ནོ། །གར་ཞེས་བྱ་བ་ནི། ?
་གསུམ་མཆོག་སྦྱོར་བ་ཡིས། སྒེག་བཅས་མཛའ་མ་ལ་སོགས་བཀྲོལ། །གློག་འགྱུ་མཆོག་ཏུ་བསྐོར་བ་ནི། །རྡོ་རྗེ་གར་ཞེས་དེ་བཤད་དོ། །ཞེས་བྱ་བ་འདིས། །རང་གི་ལུས་ལ་སྐོར་བའི་གར་ཕྱོགས་བཞིར་བྱས་ནས་ཕྱག་བྱ་བའི་ཐལ་མོ་དེ་གང་ལ་ཡོད་པ་དེ་ནི་གར་གྱི་ཐལ་མོ་རྣམས་སོ།།
་དེ་གནས་གང་དུ་ཞེས་བྱ་ན། སྤྱི་བོ་ཞེས་བྱ་བ་སྟེ། གང་གྱི་ཐལ་མོ་སྦྱར་བ་དེ་དག་རང་གི་སྤྱི་བོར་བཅིངས་པའི་རྡོ་རྗེ་གར་ལས་བྱུང་བའི་ཕྱག་བྱ་བའི་ཐལ་མོ་རྣམས་སོ། །ཞེས་བྱ་བའི་ཐ་ཚིག་གོ། གོས་ཀྱིས་གདོང་ནི་གཡོགས་པ་རྣམས་ཞེས་བྱ་བ་ལ། །ཇི་ལྟ་བ་བཞིན་དུ་བཤད་པའི་རས
་གྱིས་གདོང་གཡོགས་པ་སྟེ་དེ་ལྟར་གྱུར་པ་དེ་རྣམས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་དངོས་གྲུབ་འདོད་པ་ཇི་ལྟར་འདོད་པའི་དངོས་གྲུབ་འདོད་པས་ཏེ། སློབ་མ་དེ་རྣམས་ཐམས་ཅད་རང་གི་ཆོ་གས་གཞུག་པར་བྱའོ།། །།གང་གིས་དཔལ
་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་གང་འདོད་པ་ནི་འདིར་ཅི་འདོད་པ་སྟེ། དེ་ལྟ་བུའི་འདོད་པའི་དངོས་གྲུབ་སློབ་མའི་ཚོགས་ལ་བསམ་ཞིང། སློབ་དཔོན་གྱིས་སློབ་མ་རྣམས་མེ་ཏོག་དོར་དུ་གཞུག་པར་བྱའོ། །སངས་རྒྱས་རིན་ཆེན་དབང་བསྐུར་གྱིས། །དམ་ཚིག་གསུམ
་ནི་གསལ་བར་སྦྱིན། །ཞེས་བྱ་བ་ལ། སངས་རྒྱས་ཉིད་ནི་རིན་པོ་།དམ་ཚིག་གསུམ་ནི་གསལ་བར་སྦྱིན། །ཞེས་བྱ་བ་ལ། སངས་སངས་རྒྱས་རིན་ཆེན་དབང་བསྐུར་པའོ། །སངས་རྒྱས་ལྔའི་ཕྱག་རྒྱའི་དབང་བསྐུར་བ་དང། ཅོད་པན་ལ་སོགས་པའི་དབང་བསྐུར་བས་སངས་རྒྱས་རིན་ཆེན་དབང
་བསྐུར་བས་།དེ་དང་བཅས་པའི་དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོན་པར་བྱེད་པ་རྣམས་ཐོག་མཛའ་མེད་པ་ཞེས་བྱ་བ་ལ་སོགས་པའི་འོག་ནས་འཆད་པར་འགྱུར་པའི་དམ་ཚིག་གསུམ་གྱི་བཤད་པའི་གཞུང
་གིས་དེ་དག་སྦྱིན་པར་བྱའོ། །དེ་ལྟར་དམ་ཚིག་གསུམ་ནི་གསལ་བར་སྦྱིན་པར་འགྱུར་རོ། །འདི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་དམྱལ་བའི་ཆུ་ཡིན་ཏེ། ཁྱོད་དམ་ཚིག་ལས་འདས་པའི་རྒྱུས་དམྱལ་བ་ཁྱོད་ལ་སྲེག་པར་བྱེད་དོ། །དེ་ཡང་ཟངས་འབར་ཞིང་ཞུ་བའི་ཆུར་འགྱུར་རོ། །དམ་ཚིག་བསྲུངས་ན་ཞེས་བྱ་བ་ལ
་དམ་ཚིག་དང?་མི་ཤེས་པ་རྣམས་ལ་རྡོ་རྗེ་ལ་སོགས་པ་མ་བསྟན་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དངོས་གྲུབ་རྫོགས་པའི་ཕྱིར་དངོས་གྲུབ་རྡོ་རྗེའི་བདུད་རྩིའི་ཆུ་ནི་ཐར་པ་ཆེན་པོའི་བདུད་རྩིའི་ཆུ་སྟེ། དམ་ཚིག་བསྲུངས་ན་ཁྱོད་ལ་འགྲུབ་པ་ཡིན་ནོ། །དམ་ཚིག་དེ་གང་ཞིག་ལས་འདས་པས་བདག་ལ
་སྐྱོན་ཅིང་འགྱུར་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ཐམས་ཅད་ཀྱི་རྡོ་རྗེ་ཕྱག་མཚན་རྣམས་ནི་རྡོ་རྗེའོ། །རིགས་ཐམས་ཅད་ཀྱི་མཚན་མས་མཚན་པ་ནི་དྲིལ་བུའོ། །ཆོས་དད་ལས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་རྣམས་ཏེ། ཁྱད་པར་དུ་ལྷ་ཐམས་ཅད་ཀྱི་སྐུའི་གསང་བ་ནི་ཕྱག་རྒྱར
་བརྗོད་པ་ཡིན་ནོ། །དམ་ཚིག་དེ?་གང་ཞིག་ལས་འདས་པས་བདག་ལ་སྐྱོན་ཅིར་འགྱུར་ཞེ་ན། ཕྱག་རྒྱ་ལ་སོགས་པ་རྣམ་པ་གསུམ་པོ་འདི་དག་གལ་ཏེ་དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཁྱོད་ཀྱིས་སྨྲས་སམ། དད་པ་མེད་པས་གཞན་གཞང་གང་བྱེད་ཅེས་བྱ་བ་ལ། རྡོ་རྗེ་ལ་སོགས་པ་འདིས་ཅི
་ཞིག་བྱ། སྒོམ་པ་ཁོ་ན་གཙོ་བོར་འགྱུར་བ་ཡིན་ཏེ། ལག་པ་རྣམ་པར་འགྱུར་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་སྐྱེ་བོའི་ཚོགས་ཀྱི་ནང་དུ་གནས་ནས་སྨོད་པ་གང་ཡིན་པ་འདི་ནི་དམ་ཚིག་ལས་འདས་པའོ། །ཞེས་བྱ་བས་མནའ་བསྒག་གོ། དེ་ལྟར་དབང་བསྐུར་བའི་ཆུས་ཆུ་བླུད་ལ་དམ
་ཚིག་རབ་ཏུ་བསྟན་ནས། ཕྱག་རྒྱའི་དབང་བསྐུར་པ་ལ་སོགས་པ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་སྦྱིན་པར་བྱའོ་ཞེས་བྱ་བར་བསྟན་པར་བྱ་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གོ་སླའོ། །དེ་ལྟར་དབང་བསྐུར་བ་ལ་སོགས་པ་བྱིན་ནས་དེ
་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་རྣམས་སྦྱིན་པར་བྱའོ། །ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་དག་ཉེ་བར་དགོད་པ་ལའོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་འོག་ནས་འཆད་པར་འགྱུར་བ་ཐུགས་ལ
་བཞག་པར་མཛད་ནས་འདི་ལྟར་གསུངས་སོ། །མཆོག་ནི་ཐོག་མ་དང་ཐ་མ་མེད་པའོ། །གསང་བར་གྱུར་པས་ན་གསང་བས་ཏེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །མཆོག་ཀྱང་ཡིན་ན་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག
་ཏུ་གསང་པའོ། །དེ་ཉིད་ཀྱི་ཕྱིར་དམ་པ་སྟེ་ཕུལ་དུ་བྱུང་བའོ། །དེ་གང་ཡིན་ཞེ་ན། དཔལ་དམ་ཚིག་གསུམ་སྦྱིན་པའི་ཞེས་བྱ་བ་ལ་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་དཔལ་དམ་ཚིག་གསུམ་སྟེ། དེ་སྦྱིན་པ་ནི་ཐོག
་མཛའ་མེད་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་དམ་ཚིག་གིས་སློབ་མའི་རྒྱུད་ལ་གཏད་པའོ། །ཐོག་མ་ནི་དང་པོ་སྐྱེ་བའོ། །ཐ་མ་ནི་པར་མཆོད་པའི་འཇིག་པའོ། །ཐོག་མ་དང་ཐ་མ་དེ་དག་གང་ལ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པའོ། །དེ་གང་ཡིན་ཞེ་ན། སེམས་དཔའ་ཞེས་བྱ
་པའང་དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སེམས་དཔའ་སྟེ། གཟུང་བ་དང། འཛིན་པའི་རྣམ་པར་རྟོག་པས་མི་བསྐྱོད་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་དེ
་བཞིན་ཉིད་དོ། །དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སེམས་དཔའ་ཨོ། །རྡོ་རྗེ་ལ་སེམས་དཔས་ན་རྡོ་རྗེ་སེམས་དཔའ་ཨོ། །དེ་ཉིད་དམིགས་པ་མེད་པའི་ཐུགས་རྗེའི་རང་བཞིན་ཉིད་ཀྱི་སེམས་ཅན་གྱི་དོན་ཆེན་པོ་ལ་ཆགས་པས་ན་དགའ་བ་ཆེ?
་ཇི་སྐད་དུ་རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང། །སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་ནི་ཡང་དག་སྒྲུབ?་བྱེད་མཆོག། ཐུགས་རྗེའི་རྟག་ཏུ་རྣམ་པར་འཛེས་བྱ་བ་འབྱུང་ངོ། །འདིས་ནི་བཅོམ་ལྡན་འདས་གཞན་གྱི་དོན་གྱི་ཐབས་ཀྱི་རང
་བཞིན་དུ་བསྟན་ཏོ། །དགའ་ཆེན་པོའི་དོན་ཉིད་བསྟན་པའི་ཕྱིར་ཀུན་ཏུ་བཟང་པོ་ཞེས་བྱ་བ་གསུངས་ཏེ། ཀུན་ནས་བཟང་པོའི་དགེ་བ་གང་ལས་བྱུང་བ་དེ་ནི་ཀུན་ཏུ་བཟང་པོའོ། །ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་ཀུན་བདག་ཉིད་དོ། །རིགས་ལྔའི་ལྷ་རྣམས་ཀྱི་རང་བཞིན
་གྱིས། འོད་གསལ་བའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་དང། བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་སེམས་དཔའ་ཨི་རིག་པའི་ལྷ་མོ་ནི་རྡོ་རྗེ་སྙེམས་པ་མ་སྟེ། དེའི་བདག་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས
་དཔའ་ཨོ། །བདག་ཅེས་བྱ་བ་ནི་བདག་པོའོ། །འདི་ལྟར་འཆང་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་ནི་ཕྱག་རྒྱ་ཆེན་པོ་བསྐྱེད་པའི་རྒྱུ་ཉིད་ཡིན་པས་བདག་པོ་ཞེས་བྱའོ། །མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་ཞེས་བྱ་བ་ལ། རྒྱུ་ལ་འབྲས་བུ་ཉེ་བར་བརྟགས
་པ་བྱས་ནས་ཆོས་ཀྱི་དབྱིངས་ཉིད་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བསྟན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བརྗོད་དོ་ཞེས་བྱ་བ་དང་སྦྱོར་རོ། །གང་གིས་བརྗོད་པར་བྱ་ཞེ་ན། མཆོག་གི་དེ་ཁོ་ན་ཉིད་ཀྱིས་ཞེས་བྱ་བ་ལ་གང་ཞིག་ཐོག་མཛའ་
་མེད་པ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་སོ་ཞེས་བྱ་བའི་བར་གྱིས་བསྟན་པ་འདི་ནི་མཆོག་གི་དེ་ཁོ་ན་ཉིད་དེ། དེས་སློབ་མ་རྣམས་ལ་རྡོ་རྗེ་སྦྱིན་པར་བྱའོ། །ཅི་བྱས་ནས་ཤེ་ན། གསང་བ་ལྔའི་དེ་ཁོ་ན་ཉིད་བཤད་ནས་ཞེས་བྱ་བ་ལ།
་རྡོ་རྗེ་སེམས་དཔའ་དང། འདོད་ཆགས་རྡོ་རྗེ་མ་དང། རྡོ་རྗེ་ཀཱི་ལི་ཀཱི་ལ་དང། རྡོ་རྗེ་དྲན་མ་དང། རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་ཅན་གྱི་གསང་པ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་འདི་འོག་ནས་འཆད་པར་འགྱུར་བའི་ཚིག་གིས་སློབ་མ་རྣམས་ལ་ཡང་དག་པར་བསྟན་ལ། དེ་ནས་མཆོག
་གི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་སྦྱིན་པར་བྱའོ། །དེ་ལྟར་མཆོག་གི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བྱིན་ནས། ཆོས་ཀྱི་དྲིལ་བུ་སློབ་མ་རྣམས་དཀྲོལ་དུ་གཞུག་གོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། འདི་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་མ་ཐག་ཏུ་བཤད་པའི་ཐོག
་མ་དང་ཐ་མ་གང་ཡིན་པ་དེ་ནི་འདི་ལྟ་སྟེ་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་སོ། །མཆོག་ནི་ཐོག་མ་དང་ཐ་མ་མེད་པའོ། །སྲིད་པའི་བདག་པོ་ཞེས་བྱ་བ་ནི་ཁམས་གསུམ་མ་ལུས་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་རོ། །ཐམས་ཅད་ཀྱི་མཆོག་ཀྱང་ཡིན་ལ་དབང་ཕྱུག་དམ
་པ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་དམ་པའོ། །ཉན་ཐོས་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་ཕུལ་དུ་བྱུང་བས་ན། ཐམས་ཅད་ལས་ཕུལ་དུ་བྱུང་བ་ཐམས་ཅད་ཀྱི་མཆོག་གོ། །ཁམས་གསུམ་པ་མ་ལུས
་པའི་བདག་པོ་ཉིད་ཐོབ་པས་དབང་ཕྱུག་དམ་པའོ། །དེས་ཅི་མཛད་ཅེ་ན་མཆོག་ཆོས་བཀའ་སྩོལ་པ་ཡིན་ནོ་ཞེས་བྱ་བ་ལ། མཆོག་ཀྱང་ཡིན་ལ། ཆོས་ཀྱང་དེ་ཉིད་ཡིན་པས་ན། མཆོག་ཆོས་ཅེས་ཏེ་རིགས་ལྔའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་ཕྱོགས་བཅུ་ཀུན་ཏུ་གདུལ་བྱ་རྣམས་ལ་བཀའ་
་སྩལ་པ་ནི་རྟོགས་པར་མཛད་པའོ། །དེ་ཡང་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་སོ། །དེས་མཆོག་གི་ཆོས་ཇི་ལྟར་བཀའ་སྩལ་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ། གང་གི་ཕྱིར་དེ་ནི་ཇི་ལྟར་རིགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་དང། ཆོས་ཀྱི་དབྱིངས
་ཀྱི་བདག་པོ་ཉིད་དུ་ཞུགས་པ་དེ་བཞིན་དུ་མཁྱེན་ཅིང་གཞན་དག་ལ་ཡང་དེ་བཞིན་དུ་སྟོན་པར་མཛད་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་ཆོས་ཅིའི་ཕྱིར་གསུང་པ་མ་ཡིན་ཞེ་ན། རང་བཞིན་དག་པ་ཞེས་བྱ་བ་ལ་ཆོས་ཀྱི་སེར་སྣ་ལ་སོགས་པའི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ན་རང
་བཞིན་གྱིས་དག་པའོ། །ནིའི་སྒྲ་ནི་གང་གི་ཕྱིའི་དོན་ཏོ། །སྲིད་པ་ནི་ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས་ཞེས་བྱ་བ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་ནི་སྲིད་པ་རྣམས་སོ། །དེ་དག་གི་ངོ་བོ་ཉིད་རྣམས་ནི་ཡང་དག་པས་ཡིན་པའི་ཀུན་ཏུ་རྟོག་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས
་བྱུང་བས་ཏེ། དེ་དག་དང་བྲལ་པའོ། །དེ་ལྟར་འཆད་པར་འགྱུར་ཏེ། གང་གི་ཕྱིར་མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་དེ་རང་བཞིན་གྱིས་དག་པ་དང། སྲིད་པའི་རང་བཞིན་རྣམས་དང་བྲལ་བ་དེའི་ཕྱིར་མཆོག་གི་ཆོས་བཀའ་སྩོལ་བ་ཡིན་ནོ། །སྐྱོན་ཟད་པ་ནི་རྫུན་གྱི་ཚིག་བརྗོད་པའི་རྒྱུ་མེད
་བའི་ཕྱིར་རོ། །མཆོག་དང་པོའི་སྐྱེས་བུ་བཅོམ་ལྡན་འདས་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་གང་གིས་སྲིད་པ་མཆོག་མཛད་པ་ཡིན་ཞེ་ན། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོག་ནི་མཛད་པ་ཡིན་ཞེས་བྱ་བ་ལ། དོན་དམ་པར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ།།
་དང་བྲལ་བའི་ཕྱིར་རང་བཞིན་གྱིས་དག་པའི་སེམས་དཔའ་མཆོག་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །སེམས་དཔའ་མཆོག་དེ་དེ་དག་གིས། །སྲིད་པ་མཆོག་ཏུ་མཛད་པ་ཡིན་ཞེས་བྱའོ། སྲིད་པ་ནི་མཆོག་དང་པོའི་སྐྱེས་བུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དུ་མཛད་པ་ནི་རྟོགས་པར་མཛད་པ་ཡིན་ཏེ། དངོས
་པོ་ལ་མངོན་པར་ཞེན་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་མ་ཡིན་ནོ། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ཞེས་བྱ་བ་གང་ཡིན་ཞེ་ན། དྲིལ་བུ་སྟེ། སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་སྟོན་པར་བྱེད་པའི་རྡོ་རྗེ་དྲིལ་བུའོ། །ཇི་སྐད་དུ། རྡོ་རྗེ་དེས་རྟོགས་ཤེས་རབ་ནི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར
་བཤད། །བདག་གཞན་དོན་ནི་རབ་བསྒྲུབ་པའི། །སངས་རྒྱས་མཆོག་ཉིད་འདི་ཡིན་ནོ་ཞེས་གསུངས་སོ། །དེ་དུས་གང་གི་ཚེ་དཀྲོལ་བར་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་རིགས་ལྔའི་ལྷ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ལ་མེ་ཏོག་ལ
་སོགས་པ་དང། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱ་བཅུ་གཉིས་ཀྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པ་འམ། རྗེས་སུ་རྣལ་འབྱོར་གྱི་སྦྱོར་བས་རང་གི་ལུས་ལ་ཡེ་ཤེས་སེམས་དཔའ་བཅུག་ལ་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་སྒྲུབས་ཏེ། ཇི་སྐད་བཤད་པའི་དབྱངས་ཀྱི་རྗེས་སུ
་འགྲོ་བའི་ཤེས་རབ་ཀྱི་མཚན་ཉིད་ཅན་གྱི་ཆོས་ཀྱི་དྲིལ་བུ་དགྲོལ་བར་བྱ་སྟེ། སློབ་མ་རྣམས་ལ་བསྟན་པར་བྱའོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ་བས་ཅེ་བྱེད་ཅེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སད་པའི་འབེབས་པ་རྣམས་ཀྱིས་དྲིལ་བུ་དེས་རྣལ་འབྱོར་པའི་སྒྲིབ་པ་ཐམས་ཅད་རྣམ་པར
་དག་པར་བྱེད་པ་ཡིན་ནོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་ཆོས་ཐམས་ཅད་སྟེ། །རིགས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་དག་གི་དེ་ཁོ་ན་ཉིད་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་སྟེ། དེ་ཐོག་མ་དང་ཐ་མ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་འོག་ནས
་གསུངས་པ་ཡིན་ནོ། །གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་བཞིན་ཉིད་དུ་ཕུལ་དུ་བྱུང་བས་རབ་ཏུ་སད་པ་ནི་གདུལ་བྱ་རྣམས་ཀྱི་དེའི་རང་བཞིན་མངོན་དུ་བྱེད་པའི་ཕྱིར་འབེབས་པ་ནི་ཡེ་ཤེས་བསྐྱེད་པའོ། །བྱེད་པར་འགྱུར་པའི་འབེབས་པ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་གོགས་བྱེད་
་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ནི་དྲིལ་བུ་དེའི་སྒྲུབ་པ་པོའི་སྒྲིབ་པ་སྤོང་བར་བྱེད་པ་ཡིན་ནོ། །འདི་ཡང་ཇི་ལྟར་འགྱུར་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གི་ཕྱིར་དེ་དཔའ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན
་ཅན་གྱི་རྡོ་རྗེ་ཐམས་ཅད་རྣལ་འབྱོར་པའི་རྒྱུད་ལ་འབེབས་པར་བྱེད་པའི་ཕྱིར་དེ་ཉིད་དུ་རྡོ་རྗེ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །དབང་དུ་བྱེད་པ་ནི་རང་ལ་རག་ལས་པར་བྱེད་པའོ། །རབ་ཏུ་དང་པར་བྱེད་པ་ནི་རྡོ་རྗེ་ཐམས་ཅད་ཀྱི་སྤྱོད་ཡུལ་དེར་རྣལ་འབྱོར་པའི
་སེམས་དང་པར་བྱེད་པ་དེ་ཉིད་ཡིན་ནོ་ཞེས་བྱ་བའི་སྒྲ་ནི་ངེས་པ་ལ་དེ་ལྟར་ངེས་པར་བསྐྱེད་ནས་བསྒྲུབ་པ་པོ་གྲུབ་པར་འགྱུར་རོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ་བ་བསྟན་ནས། དམ་ཚིག་གིས་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་པ་བསྟན་པར་བྱ་བའི་ཕྱིར། ཞེས་བྱ་བའི
་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དྲིལ་བུ་གཅིག་ཅེས་བྱ་བ་བསྟན་ནས་དེའི་རྗེས་ཐོགས་ཉིད་དུ་སྲིད་པ་རྣམ་པར་དག་པ་མི་གནས་པའི་མྱ་ངན་ལས་འདས་པའི་མཆོག་གི་ཐབས་ཞེས་བྱ་བ་ནི
་མཆོག་ཀྱང་ཡིན་ལ་ཐབས་ཀྱང་དེ་ཉིད་ཡིན་པས་མཆོག་གི་ཐབས་སོ། །དེ་ཇི་ལྟ་བུ་ཞེ་ན། རྟོག་པ་ཐམས་ཅད་ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དམ་ཚིག་ནི་གསང་བ་ཆེན་ནོ་ཡང་ཡིན་ལ་དེ་ཚིག་ཀྱང་ཡིན་པས་ན་གསང་བ
་ཆེན་པོ་?་དམ་ཚིག་གོ་རྟོག་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་ནི་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དམ་ཚིག་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུའི་གསང་བའི་རང་བཞིན་ཅན་ནོ་དེ་ཉིད་ནག་ཏུ་རྣལ་འབྱོར་གྱི་བསྒོམ་པས་བར་མཆོད་པར་བསྟན་པར་བྱ་སྟེ། ཤིན
་ཏུ་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་དག་གིས་མངོན་དུ་བྱའོ་ཞེས་བྱ་བ་སློབ་ཏུ་གཞུག་གོ། འདི་ལ་འདི་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཁྱོད་ལ་ཞེས་བྱ་བ་ནི་ཁྱོད་ཀྱི་དམ་ཚིག་གོ། ཞེས་བྱ་བའི་ཐ་ཚིག་གོ། དེ་གང་ཡིན་ཞེ་ན། སྲིད་པ་ཞེས
་བྱ་བ་ལ་སོགས་པ་འབྱུང་བས་ན་སྲིད་པས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི་སྐུའི་གསང་བའི་རང་བཞིན་ནོ། །ཤིན་ཏུ་མྱུར་བ་ནི་མྱུར་བ་ཁོ་ནར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བའི་རྒྱུ་ཡིན་པས་ན་ཤིན་ཏུ་མྱུར་བར་བདེ་བའོ། །ནིའི་སྒྲ་ནི་ངེས་པར
་བཟུང་པ་ལ་སྟེ་མྱུར?་བ་ཁོ་ནར་བདེ་པའོ། །སྡུག་བསྔལ་ཆེན་པོ་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གོང་ནས་གོང་དུ་རྣམ་པ་བཅུའི་སྡུག་བསྔལ་ཐོག་མ་མེད་པའི་འཇིག་རྟེན་ལས་བྱུང་བ་གང་ཡིན་པ་དེ་སྒྲུབ་པ་པོའི་རྒྱུད་ལ་སྤོང་བའི་ཕྱིར་རྣམ་པར་དག་པའོ། །གང
་གི་ཕྱིར་ཤིན་ཏུ་བདེ་བ་དམ་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐབས་ནི་རྒྱུའོ། །དེ་ཡང་དམ་ཚིག་འདི་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཅན་གྱི་སྲིད་པ་འདི་ཡིན་ཏེ། དེའི་ཕྱིར་འདི་རྟག་ཏུ་བཟུང་ཞེས་བྱ་བ་ནི། རྟག་ཏུ་རྣལ་འབྱོར་གྱི་བར་མཆོད་པ་ཉིད
་དུ་བསྒོམས་ཤིག་པའོ། །དེ་ཇི་ལྟར་ཞེ་ན། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ལ། འདོད་པའི་ལོངས་སྤྱོད་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་སྟེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་བཅུ
་གཉིས་དང། དཔལ་རྡོ་རྗེ་སེམས་དཔའ་སྒྲུབ་པ་དང་རྗེས་སུ་མཐུན་པའི་རྒྱན་དང། དབྱིབས་དང། མེ་ཏོག་དང། སྤོས་དང། དྲི་ལ་སོགས་པའོ། །དེ་ལ་འདོད་པ་ནི་རྡོ་རྗེ་སེམས་དཔའ་སྟེ། མངོན་པར་འདོད་པར་བྱ་བས་ན་འདོད་པའོ། །ཇི་སྐད་དུ་སེམས་དཔའ་འདོད་པ་བཅོམ་ལྡན་འདས
་ཞེས་གསུངས་སོ། །གཞན་ཡང་ཁམས་གསུམ་པ་ནི་མ་ལུས་པ། ཐམས་ཅད་དེ་ཡི་ལོངས་སྤྱོད་ཡིན་ཞེས་གསུངས་སོ། །ཅིའི་འདོད་པ་ནི་བརྟེན་བཞིན་དུ་ཞེས་བྱ་བ་ལ། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྒྱན་རྣམས་ཀྱིས་བདག་ཉིད་བརྒྱན་ཅིང། རྣལ་འབྱོར་དང་རྗེས་སུ་མཐུན་པའི
་གོས་ལ་སོགས་པ་ལ་ལོངས་སྤྱོད་པ་དང། རང་གི་ལྷ་མོའི་ཆགས་ལ་ཡང་ཤིན་ཏུ་རྣལ་འབྱོར་གྱི་བསྒོམས་པས་རོལ་ཅིང་བསྟེན་པའོ། །དེ་ཡང་ཇི་ལྟར་བསྟེན་པར་བྱ་ཞེ་ན། ཅི་འདོད་པ་ཞེས་བྱ་བ་ལ་འདོད་པ་མ་ལུས་པའི་ལོངས་སྤྱོད་ཐམས་ཅད་བསྟན་པ་འམ། ཕྱོགས་གཅིག
་གི་ནུས་པ་དང་རྗེས་སུ་མཐུན་པར་བྱེད་པར་གྱུར་པ་དེ་རྣམས་ཀྱིས་མཆོད་པར་བྱའོ། །ཞེས་བྱ་བ་དང་སྦྱར་རོ། །རྣལ་འབྱོར་གང་གིས་དེ་རྣམས་ལ་བསྟེན་པས་རང་གི་ལྷ་ཡི་སྦྱོར་བ་ཡིས་ཞེས་བྱ་བ་ལ། རང་གི་ལྷ་ཡི་སྦྱོར་བ་ནི་རྣལ་འབྱོར་ཆེན་པོའམ། རྣལ་འབྱོར
་གཅིག་གིས་བྱས་ནས། དེའི་རྗེས་ལ་རང་གི་བདག་ཉིད་དམ་པ་གཞན་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སློབ་མའི་ཚོགས་དེ་དག་གིས་མཆོད་པར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། རང་གི་ལྷའི་རྣལ་འབྱོར་གྱི་ཡེ་ཤེས་སེམས་དཔའ་གཅིག་པུ་རང་གི
་ལུས་ལ་གཞུག་པའམ། རྣལ་འབྱོར་ཆེན་པོ་བྱས་ལ་རང་གི་རིགས་ཀྱི་དཀྱིལ་འཁོར་བ་ཐམས་ཅད་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ་ཕྱག་བྱས་ནས་རང་གི་ལྷ་མོའི་ཚོགས་ཐམས་ཅད་དང། །བདག
་ཉིད་གཟུགས་བརྙན་དང་མཉམ་པར་བསམས་ལ། དེ་དང་རང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བར་བསྒོམ་ཞིང། བདག་ཉིད་དང་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སོ་སོར་རྟོགས་པའི་མཆོད་པར་བྱའོ། །དམ་ཚིག་གང་གིས་རང་དང་གཞན་གྱི་མཆོད
་པ་བདག་གི་བྱ་བའི་དམ་ཚིག་དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དེ་གཞིན་གཤེགས་པ་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས
་ཅད་ཀྱི་རྡུལ་ཕྲ་རབ་དད་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་ཡེ་ཤེས་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པའི་ངོ་བོ་ནི་མཆོག་ཏུ་གསང་བ་བླ་ན་མེད
་པའི་ཐེག་པ་ཆེན་པོའོ། །མཆོག་ཏུ་གསང་བ་ཡང་ཡིན་ལ་བླ་ན་མེད་པའི་ཐེག་པ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའོ། །དེ་ལས་ཀྱང་ཕུལ་དུ་བྱུང་པས་ན་ཐེག་པ་ཆེན་པོའི་ཡང་ཆེན་པོས་ཏེ། །དེ་གང་གི་ཕྱིར
་ཐེག་པ་ཆེན་པོ་དེས་བསྐལ་པ་གྲངས་མེད་པ་གསུམ་གྱི་སངས་རྒྱས་ཉིད་ཐོབ་པོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྡོ་རྗེ་ཐེག་པ་འདིས་ནི་སྐྱེ་བ་འདི་ཉིད་ལའོ། །བྱ་བ་གསུངས་པ་ཡིན་ནོ། །དེ་ལ་ཡང་རིགས་ལྔའི་དེ་བཞིན་ནི་རྡོ་རྗེ་སྟེ། དེ་སྟོན་པར་བྱེད་པའི་རྩེ་ལྔ་པ་ནི་འདིར་རྡོ་རྗེ
་ཡིན་ནོ། །དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པའི་ཐེག་པའོ། །དེ་ཉིད་ན་ནམ་མཁའ་ཨི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཐམས་ཅད་དུ་འགྲོ་བས་ན་དམ་ཚིག་ཆེན་པོའོ། །དེའི་རྣལ་འབྱོར་ནི་རྒྱུ
་མཐུན་པའི་འབྲས་བུས་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་དང་ལྡན་པའོ། །དམ་ཚིག་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྐུའི
་གསང་བ་གཟུགས་བརྙན་དང་མཚུངས་པར་སོ་སོར་སྣང་བ་ཙམ་དམ་ཚིག་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ཅན་གྱི་འཁོར་བའི་ངོ་བོ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་རྒྱུ་གང་གི་ཕྱིར་ཆོས་ཀྱི་དབྱིངས་ལས་བྱུང་བའི་ངོ་བོ་ཁོ་ན་དམ་ཚིག
་ཡིན་གྱི་འཁོར་བ་ལས་བྱུང་པ་ནི་མ་ཡིན་ནོ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་འདའ་བར་དཀའ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ། །གང་གིས་འདའ་བར་དཀའ་ཞེས་ན།
་དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཀུན་ཀྱང་དེ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་འོ།།
་དེ་དག་གིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ལས་བྱུང་བའི་སྐུའི་གསང་བའི་ཕྱག་ནི་འདའ་བར་དཀའ་བ་ཡིན་ནོ། །ཀྱང་གི་སྒྲས་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་གཟུང་ངོ།།
་འདིས་ནི་དོན་འདི་འཆད་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་དཀའ་བ་དེའི་ཕྱིར་དམ་ཚིག་ཅེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ
་རྣམས་ཀྱིས་ཀྱང་དེ་འདའ་བར་དཀའ་པ་ཡིན་ཞེ་ན། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། ནིའི་སྒྲ་ནི་ཅིའི་ཕྱིར་གྱི་དོན་དུའོ། །གང་གི་ཕྱིར་ཡིད་ཀྱི་གཟུགས་བརྟན་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཁོ་ན་དམ་ཚིག་ཏུ་བརྗོད་པ་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས
་ཀྱང་འདའ་བར་དཀའ་བ་ཡིན་ནོ། །དེ་ལ་རང་གི་ཕྱག་རྒྱ་ཆེན་པོར་བསྐྱེད་པས་དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པ་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་མཛད་པའི་ཕྱིར་ཕྱག་རྒྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོའོ།།
་དེ་ལྟར་གཞན་དུ་ཡང་ཤེས་པར་བྱའོ། །དམ་ཚིག་ནི་བཤད་ཟིན་ཏོ། །དེ་ཉིད་རབ་ཏུ་བརྗོད་པ་མཐར་ཐུག་པའི་དོན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །ཡིད་ཅེས་བྱ་བ་ནི་དམིགས་པ་མེད་པའི་ཐུགས་རྡོ་རྗེ་ཆེན་པོའི་མཚན་ཉིད་ཅན
་གྱི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་འདིར་ཡོད་དོ། །དེའི་གཟུགས་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་སྟེ་དེ་ནི་དེ་ལས་བྱུང་བའོ། །བསྟན་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་རྣམས་ཀྱིས་མི་ཕྱེད་པ་ཉིད་དེ། ཡིད་ཀྱི་གཟུགས་བརྟན་པའི
་རྒྱུ་དེ་ཉིད་ཀྱི་ཕྱིར་རོ། །འདིས་ནི་འདི་སྐད་འཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་རིགས་རྣམས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་བས་ཏེ། །དེའི་ཕྱིར་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་གདུལ་བྱ་སེམས
་ཅན་རྣམས་འདུལ་བར་མཛད་པའི་ཕྱིར། ངེས་པ་ཉིད་དུ་དེ་བཞིན་གཤེགས་པ་དང། རིགས་ཐམས་ཅད་ཀྱིས་དེའི་གཟུགས་སུ་བཞུགས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྒོམས་པ་ཙམ་ཉིད་ཀྱིས་ཆོས་བདག་མེད་པའི་ཡེ་ཤེས་སྐྱེ་བ་ཡིན་ཏེ། དེ་ཉིད་ཀྱིས་བག
་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ཀྱི་བུད་ཤིང་སྲེག་པར་འགྱུར་ཏེ། དེ་བས་ན་ཆོས་དང་དམ་ཚིག་གི་བསྒོམ་པ་དོན་མེད་པ་ཡིན་ནོ་ཞེས་རྣམས་པར་བརྟག་པ་དེའི་ལན་གདབ་པར་བྱ་བའི་ཕྱིར་དེ་ལ་འདི་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་སོ། །འདི་ཅི་བརྗོད་པ།
་བྱ་ཞེ་ན། ཇི་སྲིད་འཁོར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྔར་བཤད་ཟིན་ཏོ། །འདི་ལྟར་འཆད་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པས་ནི་ཆོས་ཐམས་ཅད་ཀྱི་དངོས་པོའི་རང་བཞིན་རྟོགས་པར་འགྱུར་བ་ཡིན་ཏེ། ངེས་ཀྱང་ཤིན
་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་དུ་འགྱུར་པའི་ཕྱིར་གཞན་གྱི་དོན་གྱི་ཐབས་སུ་འགྱུར་བ་དང། མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་པར་བྱེད་པ་ཆོས་དང་དམ་ཚིག་ཀྱང་བསྒོམ་པར་བྱ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཤེས་རབ
་ཀྱིས་འཆིང་པ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །འཁོར་བར་ཡོངས་སུ་མཐར་ཐུག་པ་ཉིད་ཀྱི་ཕྱིར། ཐབས་ཀྱིས་ཀྱང་འཆིང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་འཁོར་པ་ལ་གནས་པར་མི་བྱ། མྱ་ངན་ལས་འདས་པ་ལ
་ཡང་གནས་པར་མི་བྱའོ་ཞེས་བྱ་བས་ཤེས་རབ་དང་ཐབས་ཟུང་དུ་འཇུག་པར་བྱེད། ལམ་བསྒོམ་པར་བྱའོ་ཞེས་བྱ་བ་དང། འཕགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ལས་ཀྱང། ཀྱེ་འཕགས་པ་དག་སྟོང་པ་ཉིད་གཅིག་པུའི་ཏིང་ངེ་འཛིན
་གྱིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་བ་སྒྲུབ་པར་བྱེད་ཅིང་སྡུག་བསྔལ་ནི་ཟད་པ་སྐྱེད་པར་བྱེད་ལ། སངས་རྒྱས་འབྱུང་པ་རྙེད་པར་དཀའ་བར་བྱེད་པ་ཡིན་ཏེ། དེ་བས་ན་ཤེས་རབ་དང་ཐབས་ཟུང་དུ་འཇུག་པར་བྱེད་པའི་ལམ
་ཡིན་ནོ་ཞེས་བྱ་བའི་ཆོས་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ། །དེ་ནས་མ་རྟོགས་པའི་སེམས་ཅན་དེ་རྣམས་ཀྱིས་ཆོས་བསྟན་པ་འདི་ཐོས་ནས་མི་བཟང་བ་སྡུག་བསྔལ་དེ་ལས་གྲོལ་བར་འགྱུར་བ་ཡིན་ནོ། །དམ་ཚིག་འདི་ནི་མཆོག་བསྒྲུབ་ཅིང་ཞེས་བྱ་བ
་ལ། གཟུགས་བརྙན་དང་མཚུངས་པའི་དཔལ་རྡོ་རྗེ་སེམས་དཔའ་བསྒོམ་པའི་མཚན་ཉིད་ཅན་གྱི་དམ་ཚིག་འདི་ལྟ་སྟེ་འདས་མ་ཐག་ཏུ་བཤད་པས། མཆོག་ནི་ཕུལ་དུ་བྱུང་བ་དཔལ་རྡོ་རྗེ་སེམས་དཔའ་བསྒྲུབ་པ་ནི་རང་ལ་རག་ལས་པར་བྱ་བའོ། །ནིའི
་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱའོ། །ཅི་བདེ་བ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཀྱི་སྐབས་མེད་པ་ཞེས་བྱའོ། །དེ་ལྟར་ཅིར་འགྱུར་ཞེ་ན། ཉེས་པར་སྤྱད་པ་དང་སྡིག་པ་ཞེས་བྱ་བ་ལ་སོགས་པ་ལ་མི་རིགས་པར
་ཡོངས་སུ་སྤྱོད་པ་ནི་ཉེས་པར་སྤྱོད་པ་སྟེ་ངན་པར་སྤྱད་པའོ། །ཇི་སྐད་དུ་ཤཱ་རིའི་བུ་ཁྱོད་ཀྱིས་ཉེས་པར་སྤྱད་དོ་ཞེས་བྱ་བ་གསུངས་སོ། །ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་ནི་སྡིག་པ་སྟེ་དེ་དག་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བསྒོམས
་པའི་སྟོབས་ཀྱིས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱས་པ་དང། བྱེད་དུ་བཅུག་པ་དང། རྗེས་སུ་ཡི་རང་བའི་སྡིག་པ་ཐམས་ཅད་གྲོལ་བར་འགྱུར་བ་གཅིག་པུར་མ་ཟད་ཀྱི། འདོད་པ་ཆེན་པོ་གྲུབ་པར་འགྱུར་ཞེས་བྱ་བ་ལ
་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ནི་འདོད་པ་ཆེན་པོ་སྟེ། དེ་ཡང་རྣལ་འབྱོར་པ་ལ་གྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཀུན་བདག་དམ་ཚིག་དབང་ཕྱུག་ཅེས་བྱ་བ་ནི་ཀུན་བདག་ཉིད་ཀྱང་ཡིན་ལ་དམ་ཚིག་དབང་ཕྱུག་ཀྱང་ཡིན
་པས་ན་ཀུན་བདག་དམ་ཚིག་དབང་ཕྱུག་སྟེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཕྱག་རྒྱ་ཐམས་ཅད་བསྐྱེད་པའི་རྒྱུའི་དབང་ཕྱུག་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཀུན་མཆོག་དབང་ཕྱུག་དམ་པ་ཞེས
་བྱ་བ་ནི་ཀུན་མཆོག་ཀྱང་ཡིན་ལ་དབང་ཕྱུག་དམ་པ་ཡང་དེ་ཉིད་ཡིན་པས་ན་ཀུན་མཆོག་དབང་ཕྱུག་དམ་པ་སྟེ། མ་ལུས་སྒྲུབ་པས་གྲུབ་འགྱུར་ཏེ་ཞེས་བྱ་བ་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས་ཏེ་ལས་བརྒྱའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། བདག་གཞན་ཐམས་ཅད
་རྒྱས་བཏབ་པས་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་དམ་ཚིག་དེས་རང་གིས་རྒྱུས་ལ་རྒྱས་བཏབ་པ་དང། དེ་བཞིན་གཤེགས་པ་ལ་སོགས་པ་གཞན་རྣམས་ལ་རྒྱས་བཏབ་པས་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་རྣམས་ཀྱིས་བཅོམ་ལྡན་འདས་སྒྲུབ་པ་པོ་ལ་མྱུར་དུ་འགྲུབ་པར་འགྱུར་རོ། །ཡང་ན
་སྒྲུབ་བྱ་ཀུན་ལ་ཡང་ཞེས་བྱ་བ་ལ་ཡིད་བཞིན་གྱི་ནོར་བུ་དང། བུམ་བ་བཟང་པོ་དང། རལ་གྲི་དང། ཏྲི་ཤུལ་དང། འཁོར་ལོ་དང། རྡོ་རྗེ་དང། པདྨ་དང། བསྒྲུབ་བྱ་ལ་སོགས་པའི་བསྒྲུབ་བྱ་རྣམས་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་བསམས་ན་བསྒྲུབ་བྱ་དེ་རྣམས་འགྲུབ་པར་འགྱུར་རོ།།
་རྒྱུ་གང་གིས་དེ་རྣམས་འགྲུབ་པར་འགྱུར་ཞེ་ན། དོན་ཡོད་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དེ་དོན་ཡོད་ཅིང་མཆོག་སྟེ་ཐོག་མ་དང་ཐ་མ་མེད་པའོ། །གྲུབ་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབྲས་བུ་རྫོགས་པར་མཛད་པའི་ཕྱིར་རྫོགས་པའོ་རྣལ་འབྱོར་ཐམས་ཅད་རྗེས་སུ་སྒྲུབ་ཅེས
་བྱ་བ་ནི་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་རྫོགས་པར་མཛད་པའོ། །དཔལ་ལྡན་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕུན་སུམ་ཚོགས་པ་དང་ལྡན་པའོ། །སྡུག་བསྔལ་ཀུན་འཕྲོག་ཅེས་བྱ་བ
་ནི་འཆིལ་བ་སོགས་པའི་སྡུག་བསྔལ་ཐམས་ཅད་འཕྲོག་པར་མཛད་པའོ། །དམ་ཚིག་འདའ་བར་དཀའ་བའོ་ཞེས་བྱ་བ་ནི་ཇི་ལྟར་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་དམ་ཚིག་དངོས་གྲུབ་ཐམས་ཅད་རྫོགས་པར་བྱེད་པ་ལ་འདའ་བར་དཀའ་བ་ཡང་ཡིན་ནོ། །རྡོ་རྗེ་ལ་སོགས་ཐོབ་པ
་འཛིན་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བཤད་པའི་དམ་ཚིག་གསུམ་གྱི་རྡོ་རྗེ་ལ་སོགས་པ་ཐོབ་པ་གང་ཡིན་པ་དེ་ཉིད་འཛིན་པ་སྟེ། རྡོ་རྗེ་ལ་སོགས་པ་ཐོབ་པ་འཛིན་པ་དེ་ཉིད་ལས་ཕྱག་རྒྱ་ཆེན་པོ་ལས་བྱུང་བའི་དངོས་གྲུབ་ཐམས་ཅད་ལས་བྱུང་བའི་བདེ་བ་རྣམས་རྡོ་རྗེ་སློབ་མས་དཀྱི་འཁོར
་དུ་ཉམས་སུ་མྱོང་བ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་ལྟེ་བ་ལ་སོགས་པ་ཐོབ་ཅིང་བཟུང་བ་ཁོ་ན་ཞེས་བྱ་བའོ། །ཀུན་ཏུ་འཕེབས་པ་ཞེས་བྱ་བ་ནི་ཀུན་ནས་འབེབས་པ་ནི་ཀུན་ནས་འབེབས་སྤས?་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་རྡོ་རྗེ་སློབ་མའི་རྒྱུད་ལ་འཇུག་པའོ། །ཀུན་ཏུ་
་འབེབས་པའི་རྒྱུ་དེ་ཉིད་ལས་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རྣམས་དཀྱིལ་འཁོར་དུ་ཉམས་སུ་མྱོང་བྱ?་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་རྡོ་རྗེ་སློབ་མ་རྣམས་ཀུན་ཏུ་འབེབས་པས་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རྣམས་དཀྱིལ་འཁོར་དུ་ཉམས་སུ་མྱོང
་བ་དེའི་ཕྱིར། གཟེར་བསྟོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལུང་བསྟན་པར་བྱའོ། །ཞེས་བྱ་བ་དང་སྦྱོར་རོ། །ཀྱང་གི་སྒྲ་ནི་བསྡུ་བ་སྟེ། དམ་ཚིག་གསུམ་སྦྱིན་པར་བྱ་བ་དང། གཟེངས་བསྟོད་པ་དང་ལུང་བསྟན་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། ཀུན་ཞེས་བྱ་བ་ལ
་སོགས་པ་ལ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་མིང་གི་མིང་དབང་བསྐུར་བ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ལུང་བསྟན་པར་བྱའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་བྱ་སྟེ།
་རྡོ་རྗེ་སློབ་མ་དེ་རྣམས་དེ་བཞིན་གཤེགས་པ་ཁོ་ནར་ལུང་བསྟན་པར་བྱ་སྟེ། །དེ་བཞིན་གཤེགས་པ་མ་ཡིན་པར་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཆོག་ཏུ་གསང་བའི་ཆོ་ག་ནི་དཀྱིལ་འཁོར་ཏེ། །དེར་སློབ་མ་དང། །སློབ་དཔོན་གྱིས
་གཟེངས་བསྟོང་པས་ལུང་བསྟན་པར་བྱས་ན། དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ལུང་སྟོན་པར་མཛད་དོ། །ཞེས་བྱ་བ་དང་སྦྱར་རོ། །རྡོ་རྗེ་སེམས་དཔའ་ཐོག་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་དག་ཀྱང་གང་ཡིན་ཞེ་ན། །དེ་བཞིན་གཤེགས
་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་འཆང་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་དང་ལྷན་ཅིག་པས་ན་རྡོ་རྗེ་འཆང་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་ཞེས་བྱ་བ་ནི
་འཕགས་པ་བྱམས་པ་ལ་སོགས་པ་དང་ལྷན་ཅིག་ཏུ་བཞུགས་པས་ན་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ནི་རིགས་ལྔའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་སློབ་དཔོན་རྣམས་ནི
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་རྣམས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཇི་ལྟ་བ་བཞིན་དུ་བཤད་པ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །མཉམ་པར་ཞེས་བྱ་བ་ནི་དུས་གཅིག་ཏུའོ། །དེ་ཉིད
་བཤད་པར་བྱ་བའི་ཕྱིར་མགྲིན་གཅིག་ཏུ་ཞེས་བྱ་བ་གསུངས་པ་ཡིན་ནོ། །རི་སྐད་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་གཅིག་པ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ་ཞེས་བྱ་བ་དང
་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །གང་གི་སྟོབས་ཀྱིས་ཞེ་ན། ཇི་ལྟ་བ་བཞིན་དུ་བཤད་པའི་གཟེངས་བསྟོད་པ་དང་ཕྱག་རྒྱ་ཆེན་པོའི་སྟོབས་ཀྱིས་སོ། །མཆོག་ཏུ་གསང་བ་དམ་པའི་དངོས་གྲུབ་ཀྱིས་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ། མཆོག་ཏུ་གསང་པ་ནི་ཇི་ལྟ་བ་བཞིན
་དུ་བཤད་པའི་དཀྱིལ་འཁོར་འདི་ལྟ་སྟེ། དེར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་སློབ་པའི་རྒྱུད་ལ་རྫོགས་པ་གང་ཡིན་པ་དེ་ནི་དངོས་གྲུབ་དམ་པ་སྟེ། གཟེངས་བསྟོད་པའི་ཕྱག་རྒྱ་ཆེན་པོ་དེ་ཉིད་ཀྱིས་འདི་བྱིན་གྱིས་བརླབས་པ་ཡིན་ཏེ། བྱིན་གྱིས
་བརླབས་པ་དེའི་སྟོབས་ཀྱིས་ཞེས་བྱ་བ་དང་སྦྱར་རོ། །ོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན་ཞེས་བྱ་བ་ལ་སོགས་པའི་སྔགས་འདི་ཉིད་ཀྱིས་དང་པར་བྱ་བ་ནི་རྡོ་རྗེ་སློབ་མ་ཐམས་ཅད་ཀྱིས་རྟོགས་བར་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་འདས་མ་ཐག་ཏུ་གང་དང་གང་དཔལ
་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོ་གས་ཇི་ལྟར་བཞིན་དུ་ཞུགས་པ་དེ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་སྟེ་དེ་འཇུག་པ་ལ་སོགས་པའི་ཐོག་མ་གང་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པ་ལ་སོགས་པ་སྟེ། དེ་ཡང་དབུགས་དབུད?
་བ་ནི་གདུལ་བྱ་རྣམས་ལ་གང་གིས་དགའ་བ་བསྐྱེད་པར་བྱེད་པས་ན་དབུགས་དབྱུང་བ་སྟེ། དེ་ཉིད་སློབ་མ་རྣམས་ལ་སློབ་དཔོན་གྱིས་གསལ་བར་བསྟན་པར་བྱའོ་ཞེས་བྱའོ། །རང་གི་དམ་ཚིག་ནི་ཡི་གེ་ཧཱུཾ་སྟེ། དེས་རྗེས་སུ་ཆགས་པ་ནི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བྱས
་པའོ། །དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཕྱོགས་བཞིར་དགུག་པ་ནི་དྲངས་པའོ། །དེ་ཉིད་ཀྱི་སྟོབས་ཀྱིས་གསང་བའི་དཀྱིལ་འཁོར་འདིར་དེ་རྣམས་སྒོ་བཞི་ནས་འཇུག་པའོ། །དབང་དུ་བྱས་པ་ནི་དེ་ཉིད་ཀྱི་སྟོབས་ཀྱིས་སློབ་དཔོན་གྱིས་རང་ལ་རག་ལས་པར་བྱས་པའོ།།
་སྒྲུབ་པ་ནི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པས་སྒྲུབ་པའོ། །རྗེས་སུ་སྒྲུབ་པ་ནི་གླུ་དང་རོལ་མོའི་ཚོགས་སོ། །རྡོ་རྗེ་དབྱིངས་ཐམས་ཅད་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སོ། །དེ་རྣམས་ཀྱི་བསྟན་པ་ཉིད་ནི་མི་ཕྱེད་པས་ཏེ། ཕྱེད་པར
་བྱ་བ་དང་ཕྱེད་པར་བྱེད་པའི་ངོ་བོ་ཉིད་མེད་པ་དེས་དཔལ་གསང་བའི་དཀྱིལ་འཁོར་འདིར་བསྟན་པར་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་རྣམས་ཀྱིས་འདིར་མི་ཕྱེད་པར་འགྱུར་བ་ཡིན་ནོ། །ཆོས་ཀྱི་དབྱིངས་ཐམས
་ཅད་ཅེས་བྱ་བ་ལ། ཆོས་ཀྱི་དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཆོས་ཀྱི་དབྱིངས་ཐམས་ཅད་དེ་དེ་ཉིད་དོ། །དེ་ཀུན་ཏུ་སྟེ་ཕྱོགས་བཅུར་ཀུན་ཏུ་འགྲོ་ཞིང་བཞུགས་པའོ། །དེའི་དངོས་པོ་ནི་ཀུན་ཏུ་བཞུགས་པ་ཉིད་དེ། དེ་གསང་བའི་དཀྱིལ་འཁོར
་འདིར་མཛའ་ཡས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་ཀུན་ནས་བཞུགས་པ་ནི་ཁྱབ་པ་ཡིན་ནོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། ཆོས་བདག་མེད་པའི་ཡེ་ཤེས་དང། དེའི་འབྲས་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང
་བཞིན་ཅན་གང་ཡིན་པ་དེས་ནི་ཐམས་ཅད་དུ་ཁྱབ་པ་ཡིན་པས་མཛའ་ཡས་པའི་རྒྱུད་ལས་བྱུང་བའི་ཕྱིར་མཛའ་ཡས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་འཇིག་རྟེན་ལས་འདས་པ་ལ་རབ་ཏུ་གྲགས་པའི་ཆོས་ཀྱི་དབྱིངས་ཀུན་ཏུ་བཞུགས་པ་ཉིད་ཀྱིས་དེ
་བཞིན་གཤེགས་པ་རྣམས་ཀྱི་ཚད་མེད་པ་ཉིད་བསྟན་ནས་ད་ནི་འཇིག་རྟེན་ལས་རབ་ཏུ་གྲགས་པའི་མཛའ་ཡས་པ་ཉིད་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཨི་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས
་ན་ནམ་མཁའ་ཨི་ཁམས་ཐམས་ཅད་དེ། འཇིག་རྟེན་ལས་རབ་ཏུ་གྲགས་པའོ། །དེའི་རྒྱ་ཆེན་པོ་ཉིད་གང་ཡིན་པ་དེ་ནི་ནམ་མཁའ་ཨི་ཁམས་ཐམས་ཅད་ཀྱི་རྒྱ་ཆེན་པོ་ཉིད་དེ་ཕྱོགས་བཅུ་ནམ་མཁའ་ཨི་མཛའ་ཡས་བའི་དངོས་པོ་ཉིད་དོ། །རྒྱ་ཆེན་པོ་དེ་ཉིད་ཀྱིས་གསང་བའི་དཀྱིལ་འཁོར་འདིར་དཔག་ཏུ་མེད་པའི
་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་བཞུགས་ཤིང། རབ་ཏུ་བཞུགས་པ་ནི་ཤིན་ཏུ་བཞུགས་པའོ། །དེ་རྣམས་ཀྱིས་ཁྱེར་ཅག་ལ་དབུགས་དབྱུང་བར་མཛད་པ་ཡིན་ཏེ། དེ་ལ་དད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཅི་མཛད་ནས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས
་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ནི་བཤད་ཟིན་ཏོ། །དེ་ལྟར་སློབ་དཔོན་ནི་དཀྱིལ་འཁོར་སློབ་དཔོན་དེ་ལ་རག་ལས་པ་ནི་དེའི་དབང་དུ་གྱུར་པ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་གདུལ་བྱ་རྣམས་ལ་མངོན་དུ་མཛད་ནས། དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་འདི་ཉིད་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་པ་བྱིན་གྱིས་བརླབས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་དཀྱིལ་འཁོར་བསྟན་པར་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན
་ནི་རང་གི་དམ་ཚིག་གི་སློབ་དཔོན་དང་མགྲིན་གཅིག་ཏུ་འདའ་བར་དཀའ་བའི་སློབ་དཔོན་གྱི་ཞལ་གྱིས་ཁྱེད་རྣམས་ལ་དབུགས་དབྱུང་བར་མཛད་པ་ཡིན་ཏེ། ཁྱེད་ཀྱིས་དད་པར་བྱ་བ་ནི་ཐེ་ཆོམ་མི་བྱའོ། །མཐོང་བ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་མ་ནས་རྡོ་རྗེ་སེམས་དཔའ་ཨི་བར
་དུ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་རྟེན་དང་རྟེན་པའི་དཀྱིལ་འཁོར་བལྟའོ། །རབ་ཏུ་ཞུགས་པ་ཞེས་བྱ་བ་ནི་ཕྱི་དང་གསང་བའི་འཇུག་པས་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་དུ་ཞུགས་པར་བྱའོ། །དེ་ཡང་གང་ཡིན་ཞེ་ན། གསང་བ་དམ་པའི
་དཀྱིལ་འཁོར་རོ། །སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་དང་བྲལ་བས་ཁྱེད་དང་ལེགས་པར་གནས་པ་སྟེ། དུས་འདི་ནས་གཟུང་ནས་བྱང་ཆུབ་སྙིང་པོ་ཐོབ་ཀྱི་བར་དུ་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ཞིང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་དང་རྗེས་སུ་མཐུན་པའི
་ལྷ་དང་མིའི་སྲིད་ལས་ཡིད་དགའ་བས་གནས་པས་ལེགས་པར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྣམས་སླར་ཡང་འཆི་པ་མེད་སྨེ་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་མཐོང་བ་དང་དེ་ཉིད་དུ་ཞུགས་པའི་ཕྱིར་ཁྱེད་རྣམས་ལ་སླར་ཡང་ཤི་བ་ཡོད་པ་མ་ཡིན་ནོ།
་བདེ་ཆེན་ཐེག་པ་འདིར་ཞུགས་པས་ཞེས་བྱ་བ་ནི་ཐར་པ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་ཐེག་པ་བདེ་བ་ཆེན་པོ་འདི་ལ་ཞུགས་པའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར་མི་ཚུགས་པ་ནི་ཐེག་པ་བཞག་འདོད་པའི་བསམས་པས་མི་ཐུབ་པའི་ཕྱིར་རོ། །མི་སོད་པ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བདེ
་ཆེན་པོའི་ཐེག་པ་འདི་ལས་ལྷུང་བར་མི་འགྱུར་པའོ། །རོལ་བར་གྱིས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲིབས་པར་གྱིས་ཤིག་པའོ། །ཅིས་ཀྱང་འཇིགས་པ་མེད་པ་ནི་སྲིད་པའི་སྡུག་བསྔལ་ཉིད་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་སྡུག
་བསྔལ་ལྡོག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཐོང་བ་དང་ཞུགས་པ་འདིས་འདོད་པའི་སྲིད་པ་ལ་སོགས་པའི་སྡུག་བསྔལ་མཛའ་མེད་པ་འདི་ཁྱོད་རྣམས་ལ་ལྡོག་པ་མེད་པའི་ཕྱིར་རོ། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས
་འདས་པ་གྲུབ་པའི་ཕྱིར། སྟོན་པ་མཆོག་ཏུ་གྱུར་པ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕུལ་དུ་བྱུང་བ་ཁྱེད་ཡིན་ནོ། །ཤིན་ཏུ་ནི་ཕྱི་མའི་མཐར་གནས་པའོ། །དེ་གང་ཡིན་ཞེ་ན། སྲིད་པ་གྲུབ་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི
་རང་བཞིན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་རྫོགས་པ་ནི་སྲིད་པའི་དངོས་གྲུབ་རྣམས་སོ། །འདི་ལྟར་འཆད་པར་འགྱུར་ཏེ་གསང་བའི་དཀྱིལ་འཁོར་མཐོང་བ་དང་ཞུགས་པ་དག་གིས་སྡིག་པ་ཐམས་ཅད་དང་བྲལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་སྣོད
་དུ་གྱུར་བ་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་ཕྱིར་མི་ལྡོག་པར་ཁྱེད་རྣམས་རྫོགས་པ་ཡིན་ནོ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་དམ་ཚིག་དང་སྡོམ་པ་ཐུགས་ལ་གནས་པ་གསུངས་པ་ཡིན་ནོ། །ཁྱེད་ཀྱིས་རྟག་ཏུ་དེ་སྐད་ཅིག་མ་དེ?
་བསྲུང་བ་ནི་ཡོངས་སུ་བསྐྱང་པའོ། །གྲུབ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྩོལ་བས་ནི་རྫོགས་པའོ། །དམ་ཚིག་དང་སྡོམ་པ་དེ་ཡང་སངས་རྒྱས་ཀུན་ཏེ་ཇི་ལྟ་བ་བཞིན་དུ་བཤད་པ་རྣམས་ཀྱིས་མཐུན་པ་ནི་དུས་གཅིག་ཏུ་མགྲིན་གཅིག་གིས་གསུངས་ཏེ་བསྟན་པ་ཡིན་ནོ།།
་བཀའ་ནི་བཀའ་སྩལ་པའོ། །མཆོག་ཏུ་རྟག་པ་ནི་དེས་པའི་དོན་ཡིན་གྱི་དྲང་བའི་དོན་མ་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ། བྱང་ཆུབ་སེམས་ནི་གཏང་མི་བྱ་ཞེས་བྱ་བ་ལ་སོགས་པ་གང་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་རྟག་པའི་བཀའ་
་བའི་གསུངས་པ་དེ་ཉིད་དམ་ཚིག་དང་སྡོམ་པ་ཁྱེད་ལ་རྟག་ཏུ་གྲུབ་པས་བསྲུང་བར་བྱ་བ་ཡིན་ནོ། །བྱང་ཆུབ་ནི་རང་གི་སེམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏེ། དེའི་རང་བཞིན་ཅན་དང་དེ་ཐོབ་པའི
་རྒྱ་བྱང་ཆུབ་ཀྱི་སེམས་དེ་སྨོན་པ་བྱང་ཆུབ་ཀྱི་སེམས་དང། །འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་སྤོང་བར་མི་བྱའོ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ་ཞེས་བྱ་བ་ནི་གང་ཞིག་སྟོང་པ་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཡོངས་སུ་བརྟགས་ནས་ཟླ་བའི
་དཀྱིལ་འཁོར་གྱི་སྟེང་དུ་ཏིཥ?་བཛྲ་ཞེས་བྱ་བས་བསྐྱེད་པར་བྱ་བ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི་ཞེས་བྱ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡོངས་སུ་བརྟགས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བག་ཆགས་བསྐྱེད་པས་དུས་གསུམ་ན་བཞུགས་པའི
་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་དེ་ལྟར་བྱུང་བའི་སངས་རྒྱས་ཉིད་དུ་རྣལ་འབྱོར་པས་ཤེས་པར་བྱའོ། །འདི་ལ་ཐེ་ཚོམ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་གྱུར་པའི་བྱང་ཆུབ་ཀྱི་སེམས་དེ་རྣལ་འབྱོར་པས་སྤང་བར་མི་བྱའོ། །དམ་པ
་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་དེ་ཐེག་པ་གསུམ་དུ་བསྟན་པའི་ཆོས་སོ། །དེ་སྨད་པར་མི་བྱ་བའི་འདི་ཆོས་མ་ཡིན་ཏེ་འདིས་ཅི་ཞིག་བྱ་ཞེས་བརྗོད་པར་མི་བྱའོ། །ནམ་ཡང་སྤང་བར་མི་བྱའོ་ཞེས་བྱ་བ་ནི་བདག་ལ་འདི་དགོས་པ་མེད་པས་འདི་བདག་གིས་སྤང
་བར་བྱ་ཞེས་པའི་དག་གམ་ཡིད་ཀྱི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་སྤང་མི་བྱའོ། །ཐེག་པ་གསུམ་གྱི་ཆོས་ཡོངས་སུ་སྤང་བར་མི་བྱའོ། ཞེས་བྱ་བ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ལས་གསུངས་པ་འམ། རང་སངས་རྒྱས
་ཀྱི་ཐེག་པ་ལས་གསུངས་པ་འམ། ཐེག་པ་ཆེན་པོ་ལས་གསུངས་པའི་དམ་པའི་ཆོས་ལ་སུན་འབྱིན་ན་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང། ཕམ་པར་གྱུར་ཅིང་མནར་མེད་པ་ལ་སོགས་པ་ཡིན་ནོ་ཞེས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་མདོ་ལས་གསུངས་པའི
་ཕྱིར་རོ། །མི?་ཤེས་པ་ཞེས་བྱ་བ་ནི་ཐོས་པའི་ཤེས་པས་མ་དེས་པའོ། །རྨོངས་པ་ནི་མཐོས་པ་དང། བསམ་པ་དང་སྒོམ་པའི་རང་བཞིན་གྱི་ཤེས་རབ་མེད་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐེག་པ་གསུམ་གྱི
་ཆོས་ལ་ཇི་ལྟར་བཤད་པའི་སྒྲུབ་པ་པོ་དེས་སྨད་པར་མི་བྱའོ། །རང་ཞེས་བྱ་བ་ལ་ཕྱིའི་དངོས་པོ་ཡང་རང་གི་སྒྲས་བརྗོད་པས་དེ་རྣམ་པར་བཅད་པའི་ཕྱིར་བདག་ཉིད་ཅེས་བྱ་བ་གསུངས་ཏེ། ཕུང་པོ་ལྔའི་རང་བཞིན་གྱི་བདག་ཉིད་ལུས་དང་སྲོག་ལ་བལྟོས་པ་མེད་པ
་ཉིད་ཀྱིས་བྱ་བའི་རྒྱུད་ལས་གསུངས་པའི་མི་བཟད་པའི་དཀའ་ཐུབ་བཅོ་བརྒྱད་པོ་དང། རླུང་གི་ཡལ་ག་དང་པའི་ལྕི་པའི་ཟས་དང། རྣལ་འབྱོར་གྱི་གཉེན་པོར་གྱུར་པའི་བཟའ་བ་ལ་སོགས་པའི་དཀའ་ཐུབ་རྣམས་ཀྱིས་ཡོངས་སུ་སྤངས་ནས་གདུང་བར་མི
་བྱའོ། །འོ་ན་བདག་ཉིད་ཇི་ལྟར་གཟུང་བར་བྱ་ཞེ་ན། ཅི་བདེ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ། དཀའ་ཐུབ་དང་དཀའ་བ་སྤྱོད་པ་མེད་པ་ནི་ཅི་བདེ་བ་སྟེ། དེས་གཟུང་བའི་རྣལ་འབྱོར་པ་དང་རྗེས་སུ་མཐུན་པའི་མལ་དང་གནས་དང། བཟའ་བ་དང། བཏུང
་པ་ལ་སོགས་པ་རྣམས་ཀྱིས་བདེ་བར་གཟུང་སྟེ། ཡང་དག་པར་འཕེལ་བར་བྱའོ། །འདི་ནི་མ་བྱོན་རྫོགས་སངས་རྒྱས་ཞེས་བྱ་བ་ལ་འདི་ནི་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་དེ་ཇི་ལྟ་བ་བཞིན་དུ་བཤད་པའི་རིག་པས་ཕྱིར་མི་ལྡོག་པ་དེས་པའི་ཕུང་པོ་ལ་རྣམ
་པར་གནས་པའི་ཕྱིར་མ་བྱོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས་ཡང་དག་པར་འཕེལ་བར་བྱའོ། །བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་དང་པོའི་རྡོ་རྗེའི་རང་བཞིན་ཅན་གྱི་ཕྱག་མཚན་ནི་རྡོ་རྗེའོ། །དང་པོའི་རྗེས་མཚན་པའི་དྲིལ་བུ་ཤེས་རབ་སྟོན་པར་བྱེད་པའི་སྒྲ་ནི
་རྗེས་སུ་འགྲོ་བའི་ཕྱག་མཚན་ནི་དྲིལ་བུའོ། །དམ་ཚིག་དང། ཆོས་དང། ལས་དང་ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་སྟེ། ཕྱག་རྒྱ་ལ་སོགས་པ་གསུམ་པོ་འདི་དག་སྤོང་བར་མི་བྱའོ། །བསམ་པ་ཙམ་གྱིས་འདི་ཐམས་ཅད་འགྲུབ་པ་ཡིན་ཏེ། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ་ཞེས
་བྱ་བ་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །གང་གིས་རྣལ་འབྱོར་པ་དཀྱིལ་འཁོར་དུ་འཇུག་པར་བྱེད་པའི་སློབ་དཔོན་དེ་ལ་ཁྱོད་ཚུལ་ཁྲིམས་འཆལ་བ་དང། བརྩོན་འགྲུས་ཞན་པ་དང། རྨོངས་པ་ཡིན་ནོ་ཞེས་སྨོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
་དེ་ནི་སངས་རྒྱས་ཀུན་དང་མཉམ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར། སྒྲུབ་པ་པོས་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པ་བྱ་བ་དེ་བཞིན་དུ་རང་གི་དམ་ཚིག་གི་སློབ་དཔོན་ཡང་མཉེས་པར་བྱ་བ་ཡིན་ནོ
་དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། ཅེས་བྱ་བས་དེ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཡིན་ནོ། །སློབ་དཔོན་ལ་གང་རྨོད་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་སློབ་དཔོན་ལ་བརྙས་པར་བྱེད་པ་དེས་ནི
་རྟག་ཏུ་སྡུག་བསྔལ་འཐོབ་ཅེས་བྱ་བ་འདིས་ཀྱང་སློབ་དཔོན་ལ་བརྙས་པ་གང་ཡིན་པ་དེ་ལ་ཡང་མི་བྱ་བའོ། །བག་མེད་པས་གལ་ཏེ་བྱས་ན་དེའི་ཚེ་སློབ་དཔོན་ལ་ཞལ་ཟས་བསྟབས་ལ་གང་དང་གང་ཡིད་དུ་འོང་བ་དེ་དང་དེ་སློབ་དཔོན་ལ་དབུལ་བར་བྱའོ། །དེ་ལྟར་ན
་རིམས་ལ་སོགས་པའི་སྡུག་བསྔལ་རྣམས་དེ་ལ་སླར་ཡང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང་ཞེས་བྱ་བ་ནི་རང་གི་ལྟག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རང་གི་དམ་ཚིག་སྟེ། དེ་རྟག་ཏུ་རྣལ་འབྱོར་པས་རང་ལ་རག་ལས་པར་བྱ་བ་ཡིན་ནོ།།
་རྟག་ཏུ་དེ་བཞིན་གཤེགས་པ་མཆོད་ཅེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་དང། ཕྱིའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བྱས་པ་ལ་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ
་རྣམས་ཡང་དག་པར་མཆོད་པར་བྱའོ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར་ཞེས་འོག་ནས་གསུངས་པའི་ཕྱིར་རོ། །མཉམ་པ་ཞེས་བྱ་བ་ནི་མཚུངས་པའོ། །གང་དང་མཉམ་ཞེ་ན། དམ་ཚིག་ལྷ་ཞེས་བྱ་བ་ནི་དམ་ཚིག་ཀྱང་ཡིན་ལ་ལྷ་ཡང་ཡིན་བས་ན་དམ་ཚིག་ལྷ་སྟེ་རིགས་ལྔའི
་སྐུའི་གསང་བའི་ཕྱག་རྒྱའི་རང་བཞིན་ནོ། །དམ་ཚིག་གི་ལྷ་དེ་དག་དང་མཉམ་པའོ། །དེ་རིང་སྐྱེ་བ་ནི་དཀྱིལ་འཁོར་མཐོང་བ་དང་དེར་འཇུག་པའི་དུས་ནས་བརྩམས་ཏེ་རང་བྱུང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་ཚིག་གི་ལྷ་གང་ཡིན་པ་དེ་དག་དང་ལྷན་ཅིག་ཏུ་ཁྱེད
་རྣམས་མཉམ་པོར་འགྱུར་བ་ཡིན་ནོ། །དེ་རིང་ཁྱེད་རྣམས་ལ་གསང་བའི་དབང་བསྐུར་བས་དབང་བསྐུར་བ་འཛིན་པ་ཡིན་ནོ། །གང་གིས་ཤེས་ན། སངས་རྒྱས་རྡོ་རྗེ་འཛིན་བཅས་པས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་འཆང་ཆེན་པོ་དང་བཅས་པ་སངས་རྒྱས་ཐམས
་ཅད་ཀྱིས་སོ། །འདོད་པ་དང། གཟུགས་དང། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་གྱི་ཁམས་གསུམ་བའི་རྒྱལ་སྲིད་ཆེན་པོ་ཐོབ་པའི་ཕྱིར་རྒྱལ་པོའི་བདག་པོ་སྟེ། འདོད་པའི་ཁམས་ཀྱི་དབང་ཕྱུག་གི་རྒྱལ་པོའི་བདག་པོ་རྣམས་སོ། །བརྟན་པ་ནི་རྟག
་བས་ཉེ་དཀྱིལ་འཁོར་འདིར་ཞུགས་ནས་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་དེ་ནི་བདུད་ལས་རྣམ་རྒྱལ་ཏེ་ཞེས་བྱ་སྟེ། བདུད་ལས་རྣམ་པར་རྒྱལ་ཞིང་གསང་བའི་དཀྱིལ་འཁོར་གྱི་གྲོང
་ཁྱེར་མཆོག་ཏུ་རབ་ཏུ་ཞུགས་པས་ཁྱོད་རྣམས་ཀྱིS་དེ་རིང་ཁོ་ན་སངས་རྒྱས་ཉིད་ཐོབ་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གི་དཔལ་དམ་ཚིག་གི་གསང་བའི་དཀྱིལ་འཁོར་ནི་འདི་ཉིད་དོ། །དེ་ལ་སློབ་དཔོན་དང་སློབ་མའི་མཆོག་དག་ནི་སློབ་དཔོན
་དང་སློབ་མའི་མཆོག་སྟེ། དེ་དག་གི་དབུགས་དབྱུང་བ་ནི་འདི་ཡིན་ཏེ། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏཔ་ཏ་ཡ་མི་ཞེས་བྱ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་ཉིད་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཏུ་བསྐྱེད་པ་ཡིན་ནོ། །གང་དང་ལྷན་ཅིག་ཏུ་ཞེ་ན། བྱང་ཆུབ་ཀྱི་སེམས་བསྐྱེད
་བའི་མཚན་ཉིད་ཅན་གྱི་ཕྱིར་མི་ལྡོག་པའི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སངས་རྒྱས་ཉིད་རྟོགS་པར་བྱ་བ་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །རྟོགས་པར་བྱ་བ་ནི་ཤེས་པར་བྱ་བའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། མཁས་ཤིང་མཆོག་ཏུ་རྟག་པའོ་ཞེས་བྱ་བ་ནི་བུདྡྷ་ནི་རྟོགས་པ་ལ་བྱ
་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་ཆེན་པོ་རྟོགས་པ་ཉིད་ཀྱི་ཕྱིར་མཁས་པའོ། །མཆོག་ཏུ་རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །དེའི་རྒྱུ་གང་ཡིན་ཞེ་ན་ཞེས་བྱ་བ་ལ་རྒྱུ་གང་གིས་བདག་ཅག་གི་བདག་ཉིད་ཐམས་ཅད་བྱང་ཆུབ་ཏུ་སེམས
་བསྐྱེད་བ་ཉིད་ཀྱིས་མཆོག་ཏུ་རྟག་པའི་སངས་རྒྱས་ཉིད་དུ་རྟོགས་པར་བགྱི་ཞེས་བྱ་བའོ། །དེའི་ཕྱིར་ཁྱེད་རྣམས་ཀྱིས་ཕུང་པོ་ལྔའི་རང་བཞིན་ཅན་གྱི་བདག་ཉིད་ཐམས་ཅད། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏབ་ཏེ་ཡ་མི་ཞེས་བྱ་བ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི
་སེམས་བསྐྱེད་པ་ཙམ་གྱི་མཐུས་བསམ་པ་དང། བསྒོམ་པ་དང་བྲལ་བར་བྱ་བའི་ཕྱིར་མི་ལྡོག་པར་འགྱུར་རོ། །དེའི་ཕྱིར་ངེས་པའི་ཕུང་པོ་གནས་པས་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ངེས་པ་ཉིད་ཀྱིས་མ་བྱོན་པའི་སངས་རྒྱས་དུས་གསུམ་གྱི་དེ་བཞིན་གཤེགS
་པ་དང་མཉམ་པ་ཉིད་ཀྱིས་ཁྱེད་རྣམས་ཀྱིས་བདག་ཉིད་ཐམས་ཅད་འདི། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཉིད་དུ་རྟོགས་པར་བྱ་བ་ཡིན་ནོ། །ཇི་ལྟར་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པའི་མཐུས་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་ཀྱིས་ད་ལྟར་བྱུང
་བའི་དེ་བཞིན་གཤེགས་པ་ཉིད་དུ་རྗེས་སུ་རྟོགས་པར་བྱ་བ་དེ་བཞིན་དུ། ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་བསྒྲུབ་པས་ད་ལྟར་བྱུང་བ་ཉིད་དུ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་མངོན་པར་སངས
་རྒྱས་ཉིད་དུ་རང་གི་བདག་ཉིད་ཐམས་ཅད་ཁྱེད་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོ་ནི་བཤད་ཟིན་ཏོ། །དེ་ཉིད་དམ་ཚིག་ཆེན་པོ་སྟེ། དེ་ལས་བྱུང་བའི་དཔལ་རྡོ
་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱི་རང་བཞིན་གྱི་ཚུལ་སོ་སོར་རྟོགS་པའི་ངོ་བོས་ཡང་དག་བར་མཆོད་ལ། རང་གི་བདག་ཉིད་ཐམས་ཅད་བདེ་བར་གཟུང་ཞིང་འཕེལ་བར་བྱ་སྟེ། བར་མཆོད་པར་ཤིན
་ཏུ་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་རྒྱུན་གོང་ནས་གོང་དུ་རང་གི་རྒྱུད་ལ་བྱ་བ་ཡིན་ནོ། །རང་གི་དམ་ཚིག་གི་སྦྱོར་བ་གང་གིས་ཁྱེད་རྣམས་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཅན་དཔལ་རང་གི་དམ་ཚིག་བླ་ན་མེད་པའི་དངོས་གྲུབ་འགྲུབ་པར་འགྱུར་ཏེ།
་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། མཆོག་ཏུ་རྟག་པ་ཞེས་བྱ་བ་ལ་ཐོག་མ་དང་ཐ་མ་མེད་པའི་འདའ་བར་དཀའ་བའི་དམ་ཚིག་གང་ལ་ལྷ
་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱ་བསྒོམ་པའི་རྣལ་འབྱོར་གྱི་རང་བཞིན་ཅན་གྱི་དམ་ཚིག་གང་ཡིན་པ་དེ་ཉིད་འདའ་བར་དཀའ་བ་ཡིན་ནོ། །དེ་མངོན་དུ་བྱས་ན་དེས་པ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རྡོ
་རྗེ་སེམས་དཔའ་ཨི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པའི་ངོ་བོས་སྒྲུབ་པ་པོའི་རྒྱུད་ལ་མངོན་སུམ་དུ་འགྱུར་བ་ཡིན་ཏེ། འཁོར་བའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ནི་མ་ཡིན་ནོ། །དེའི་ཕྱིར་ན་དམ་ཚིག་འདི་འདའ་བར་དཀའ་བ་ཞེས་བྱ་བའོ། །དེ་ལྟར་འདས་མ་ཐག་ཏུ་བཤད
་པའི་ཚུལ་གྱིས་དཀྱིལ་འཁོར་མཐོང་བ་དང་དེར་ཞུགས་པ་དང། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་རང་གི་ལྷའི་རྣལ་འབྱོར་བསྒོམས་པ་རྣམས་ཀྱིས་ངེས་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འགྱུར་རོ། །དེའི་ཕྱིར་ད་ལྟར་གྱི་ཞེས་བྱ་བ་གསུངས་སོ། །ཅི་ཞིག་བྱ
་ཞེ་ན། ཡིད་ནི་རབ་དང་རྡོ་རྗེ་ཞེས་བྱ་བ་ལམ་དང་བའི་དྲི་མ་དང་བྲལ་བ་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་རྫོགས་པར་བྱེད་པའི་རང་གི་ཡིད་རྣམ་པར་རྟོགས་པ་ཐམས་ཅད་ཀྱིས
་མི་བྱེད་པར་གྱིས་ཤིག་པའོ། །རང་གི་དམ་ཚིག་ནི་ལྷ་མོ་ཐམས་ཅད་ཀྱི་ཚོགས་དང་བཅས་པས་རྡོ་རྗེ་སེམས་པའོ། །མི་ཟད་བདེ་གསོལ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་བདེ་བ་གསལ་བའོ། །བསྟེན་པ་ནི་བསྒོམས་ཤིག་པའོ། །འགྲོ་བའི་བདེ་བ་ཆུང་བ་ནི་སེམས་ཅན་གྱི་ཁམས་ལ
་བདེ་བ་ཆུང་བའོ། །དེར་ནི་ད་ལྟ་ཁོ་ནར་སངས་རྒྱས་ཐམས་ཅད་མཚུངས་པས་ཏེ་སངས་རྒྱས་ཐམས་ཅད་དང་འདྲ་བའོ། །སངས་རྒྱས་ཐམས་ཅད་དང་མཚུངས་པ་ཡང་དེ་ཡིན་ལ་རྟག་པ་ཡང་དེ་ཡིན་པས་སངས་རྒྱས་ཐམས་ཅད་དང་མཚུངས་པར་རྟག་པ། །ཏེ། དེ་དག་གི་དངོས་པོ་ནི་རྟག
་པ་ཉིད་དོ། །དེ་ཁྱོད་རྣམས་ཀྱིས་ཐོབ་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །དོ་ནི་ཕྱིའི་རོ་དང་སྒེག་པ་ལ་སོགས་པའི་ཉམས་རྣམས་སོ། །བཟའ་པ་ནི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །སྤྱོད་པ་ནི་རྡོ་རྗེ་གར་ལ་སོགས་པའི་རང་བཞིན་ཅན་གྱི་འདུག་སྟངས་ལ་སོགས་པའི
་ཡང་བཞིན་ཅན་གྱི་འདུག་སྟངས་ལ་སོགས་པའི་ཡིད་ལས་བྱུང་བ་རྣམས་སོ། །གླུ་ནི་ཡེ་གེ་ཧཱུཾ་གླུ་ལ་སོགས་པའི་གླུ་སྟེ། རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་དང་བཅས་པའོ། །རོལ་མོའི་མཆོད་པ་ནི་རོལ་མོའི་ཆ་བྱད་བཞིའི་མཆོད་པ་རྡོ་རྗེ་དང་དྲིལ་བུ་མ་གཏོགས་པ་རྣམས་སོ། །སོགས་པའི
་སྒྲས་ནི་ཕྱག་རྒྱའི་མཆོད་པ་སྣ་ཚོགས་པ་གཟུང་བར་བྱའོ། །རོ་དང་བཟའ་བ་དང་སྤྱོད་པ་དང་གླུ་དང། རོལ་མོའི་མཆོད་པ་ལ་སོགས་པ་ནི་རོ་དང་བཟའ་བ་དང་སྤྱོད་པ་དང་རོལ་མོའི་མཆོད་པ་ལ་སོགས་པ་དེ་རྣམས་ཀྱིས་མགོན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ཡང་དག་པར
་མཆོད་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དེ་རྣམས་ཕུལ་ནས་རྡོ་རྗེ་སློབ་དཔོན་ཆེན་པོ་ནི། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་ལ་གནས་པའི་རང་རང་གི་བདག་ཉིད་དང། གཞན་ཏེ་སློབ་མ་རྣམས་ཀྱང་ཡང་དག་པར་མཆོད་པར་བྱའོ། །མྱོས་བྱེད་ཅེས་བྱ
་བ་ལ་སོགས་པ་ནི་གོ་སླའོ། །ཅི་བཞིན་རྗེས་འགྲོ་བཟླས་པ་བཟླ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བཟླས་པའི་དོན་བསྒོམ་པའོ། །རྒྱུ་གང་གིས་རོ་དང་བཟའ་བ་ལ་སོགས་པས་མཆོད་ཅིང་བཟླས་པ་བྱ་བ་ཡིན་ཞེ་ན། རང་གསང་ཆོ
་ག་བླངས་བ་ཡི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་གསང་བའི་ཆོ་གས་བླངས་པའི་གླུ་ལ་སོགས་པ་དང། ཇི་སྲིད་འདོད་པའི་ལོངས་སྤྱོད་རྣམས་ཀྱིས་མཆོད་པ་བྱས་ནས་རབ་ཏུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །ད་ནི་རང་གི་གསང་བའི་ཆོ་གའི་གླུ་བསྟན་པ་ཡིན་ཏེ་།
་ཧཱུཾ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རིགས་ཀྱི་རྣལ་འབྱོར་བ་རྣམས་ཀྱིའོ། ། ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ཧི་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ོཾ་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་རྣལ
་འབྱོར་པ་རྣམས་ཀྱིའོ། །ཧ་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྟེ་དེ་དག་གིས་དེ་ལྟ་བུའི་གླུ་བྱ་བ་ཡིན་ནོ། །རྣལ་འབྱོར་གང་ལ་ལ་བ་ར་ཏ་དང། ཝེ་ཤའི་ཁི་ལ་ལ་མཁས་པའི་སློབ་མའི་ཚོགས་སམ། བུད་མེད་ཀྱི་ཚོགས་ཡོད་ན། དེ
་གཡས་པའི་རོལ་མོས་འགྲུབ་པར་འགྱུར་རོ། །ཅི་བྱས་ནས་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་དྲིལ་བུ་མཉམ་སོགས་ཞེས་བྱ་བ་ལ་མཉམ་པ་ནི་དུས་གཅིག་སྟེ། རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་དང་བཅས་པས་རྣམ་པར་དབེན་པའི་བུ་སུམ་བརྩེགས་སུ་བྷ་ར་ཏིའི
་མཚན་ཉིད་དག་པས་རྣམ་པར་དབེན་པར་དག་པའི་པི་ཝང་ལ་སོགས་པའི་རང་བཞིན་ཅན་གྱི་རོལ་མོ་བརྡུང་བར་བྱ་སྟེ། བྱེད་པར་གྱུར་པ་དེ་རྣམས་ཀྱིས་ཡི་གེ་ཧཱུཾ་གི་གླུ་ལ་སོགས་པའི་རང་བཞིན་ཅན་གྱི་རོལ་མོ་བརྡུང་བར་བྱ་སྟེ། བྱེད་པར་གྱུར་པ་དེ་རྣམས་ཀྱི
་ཡི་གེ་ཧཱུཾ་གི་གླུ་ལ་སོགས་པའི་རང་གི་གསང་བའི་ཆོ་གའི་གླུ་ལེན་པར་བྱེད་ཅིང་གཡས་པའི་རོལ་མོས་རྣལ་འབྱོར་བ་གྲུབ་པར་འགྱུར་རོ། །དེ་ཡང་རང་གི་གསང་བའི་ཆོ་གའི་གླུ་རང་གི་དམ་ཚིག་གྲུབ་པས་སོ། །དེ་ལྟར་གླུ་དང་རོལ་མོའི་མཆོད་པའི
་རང་བཞིན་ཅན་གྱི་རྗེས་སུ་བསྒྲུབ་པ་བསྟན་ནས། ད་ནི་རྡོ་རྗེ་གར་གྱི་རང་བཞིན་ཅན་ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པའི་ངོ་བོས་སོ་སོར་རྗེས་སུ་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གར་ཞེས་བྱ་བ་ལ་སོགས་པས་བྷ་ར་ཏ་དང། ཝེ་ཤ་ལེ་ལ་ལ་མཁས་སློབ་མའི་ཚོགས་དང་བཅས
་པའི་རྣལ་འབྱོར་པ་གསུངས་ཏེ། བ་དང་གསུམ་མཆོག་ཆུལ་གྱིས་ནི། །སྒེག་བཅས་མཛའ་མ་ལ་སོགས་དཀྲོལ། །གློག་འགྱུ་རྩེ་མོ་བསྐོར་བ་ཡིས། །རྡོ་རྗེ་གར་ཞེས་དེ་བཤད་དོ། །ཞེས་བྱ་བ་འདི་རྡོ་རྗེ་གར་གྱི་མཚན་ཉིད་ཡིན་ནོ། །རྡོ་རྗེ་གར་གྱི་མཚན་ཉིད་འདིར་རང་གི་ལྷའི་རྣལ
་འབྱོར་གྱིས་རྡོ་རྗེ་གར་རབ་ཏུ་བྱ་ཞེས་རབ་ཏུ་མཆོད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །འཛིན་པ་དང་བཅས་བཟུང་བ་ཆེ་ཞེས་བྱ་བ་ལ་རང་གི་ལྷའི་ང་རྒྱལ་གྱིས་གར་བྱས་ཤིང་བསམས་པ་དང། གར་གྱི་ཉམས་དང། ལྟ་བ་དང། སྨིན་མ་དང། སོ་དང། རྒོད་པ་དང། མཆུ་དང
་ལག་པའི་རིམ་པ་ལ་སོགས་པ་དང་ལྡན་པའོ། །འཛིན་པ་དང་བཅས་གཟུང་བ་ཆེན་པོ་གང་ལ་ཡོད་པ་དེ་ནི་འཛིན་པ་དང་བཅས་གཟུང་བ་ཆེན་པོ་སྟེ། དེས་ཡོངས་སུ་བསྐོར་ནས་རབ་ཏུ་མཆོད་པར་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། དཀྱིལ་འཁོར་འདྲ་བའི་གར་བྱས་ན་ཞེས་བྱ་བ་ལ
་དཀྱིལ་འཁོར་དང་འདྲ་བའི་གར་གྱི་མན་ངག་ལས་ཤེས་པར་བྱ་སྟེ། དེ་བྱས་ནས་ཡོངས་སུ་བསྐོར་ལ། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་འགྱུར་བར་བྱས་ནས་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་བཅིང་པར་བྱའོ། །དེ་ལྟར་ན་རྡོ་རྗེ་གར་གྱི་མཆོད་པས་དཀྱིལ་མཆོད་པར་འགྱུར་རོ། །ཚོགས་ཀྱི
་དཀྱིལ་འཁོར་གྱི་སྦྱོར་བས་ཕྱག་རྒྱ་ཚོགས་ཀྱི་མཆོད་པ་གཏམ་རྒྱུད་དང། ཕྱག་མཆན་དང། ཕྱག་རྒྱ་དག་གིས་བྱ་ཞིང། མཚན་ཐོག་ཐག་བསྒྲུབ་པར་བྱའོ། །ལུགས་མ་འམ་བརྡུངས་པ་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་པོ་དང་བཅས་པའི་རང་རང་གི་ལྷའི་དཀྱིལ
་འཁོར་བྲི་བར་བྱའོ། ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བའི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནས་བརྩམས་ནས། ཇི་སྲིད་ལྷ་མོ་རིན་ཆེན་དྲིལ་བུ་མའི་མཐར
་ཐུག་པའི་བར་གྱི་རིགས་ཐམས་ཅད་ཀྱི་ལྷ་མོ་རྣམས་ཀྱི་སྣ་ཚོགས་པའི་ངོ་བོ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྣ་ཚོགས་པའི་དབྱེ་བས་ཕྱེ་བར་གྱུར་པའི་ཕྱག་རྒྱའི་མཆོད་པ་ནི་ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷ་ཞེས་བྱ
་བ་ལ་སོགས་པས་འདི་ཉིད་རྣམ་པར་འགྲེལ་བ་ཡིན་ཏེ། རྡོ་རྗེ་སེམས་དཔའ་རིགས་ལྔའི་རང་བཞིན་ཅན་གྱི་ལྷ་རྣམས་ཀྱི་ཐོག་མ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནས་བརྩམས་ཏེ། ཇི་སྲིད་ལྷ་མོ་རིན་ཆེན
་དྲིལ་བུ་མའི་ཕྱག་རྒྱ་ཆེན་པོ་ཡི་བར་རོ། །དེ་རྣམས་ཀྱི་རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ནས་རྟོག་པ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང། དམ་ཚིག་དང། ཆོས་དང། ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་དག་གི་རྣམ་པར་འཕྲུལ་པ་ནི་གཟུགས་ཐམས་ཅད
་སྟོན་པས་སེམས་ཅན་གྱི་དོན་མཛད་པའོ། །རྟོག་པ་ཐམས་ཅད་རྣམ་པར་འཕྲུལ་པ་དེ་རྣམས་ཀྱིས་གར་བྱས་པ་གང་ཡིན་པ་དེ་རོལ་མོ་ཞེས་བྱ་བ་དང་སྦྱར་རོ། །བྱེད་པར་གྱུར་པ་གང་གིས་དེ་བྱ་ཞེ་ན། གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡི་ཞེས་བྱ་བ་ལ། དེ་ལ་གཏམ
་རྒྱུད་ནི་སྔོན་གྱི་ལོ་རྒྱུས་བསྟན་པའི་རང་བཞིན་ཅན་ནོ། །དང་པོའི་རྡོ་རྗེ་ལ་སོགས་པའི་རང་གི་ལྷའི་མཚོན་ཆ་ནི་ཕྱག་མཚན་ནོ། །རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་པའི་མཐར་ཐུག་པའི་སྔོན་གྱི་ལོ་རྒྱུས་ཀྱི་ཚུལ་བསྟན་པ་ནི་ཕྱག་རྒྱའོ། །གཏམ་རྒྱུད་དེ་དང་ཕྱག
་མཚན་དང། ཕྱག་རྒྱ་དག་གིས་རང་གི་ལྷའི་གར་གྱི་ཉམས་དང། བསམ་པ་དང། ལྟ་པ་དང། རྒོད་པ་དང། མཆུ་དང། སོ་དང། སྨིན་མ་དང། གདོང་དང། དགའ་བ་ལ་སོགས་པ་ཕྱག་རྒྱ་དང་བཅས་པའི་ཡན་ལག་རྣམ་པར་འགྱུར་བ་གང་ཡིན་པ་དེ
་འདིར་རོལ་མོ་ཞེས་བྱ་བར་འདོད་པ་ཡིན་ནོ། །དེ་ཡང་སངས་རྒྱས་ཀྱི་བྱང་ཆུབ་བསྒྲུབ་པར་བྱེད་པ་ཡིན་ཏེ་སོ་སོར་རྗེས་སུ་སྒྲུབ་པ་འདིས་རང་གི་དངོས་གྲུབ་སྒྲུབ་པར་བྱའོ། །དབྱིབས་གང་གིས་ཕྱག་རྒྱ་སྣ་ཚོགས་ཀྱིས་མཆོད་པར་བྱ་ཞེ་ན། གསེར་ཞེས་བྱ་བ་ལ་སོགས་པ
་གསུངས་ཏེ། གང་དག་གི་ལྷ་གསེར་གྱི་ཁ་དོག་ཅན་ཡིན་ལ། དེ་དག་གིས་རང་ལྷའི་གསེར་གྱི་གདོང་བརྙན་དུ་བྱས་ལ་རང་གི་གདོད་གཡོགས་ལ་ཕྱག་རྒྱ་སྣ་ཚོགས་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །གང་དག་གིས་ཁ་དོག་དཀར་པོ་ཅན་ཡིན་ན་དེ་དག་གི་དངུལ་གྱིས་བྱ་བ་ཡིན་ཏེ། དེ་ལྟར་གཞན
་དག་ལ་ཡང་ཤེས་པར་བྱའོ། །ཡང་ན་རང་གི་ལྷའི་གདོང་བརྙན་ཤིང་གི་དངོས་པོ་ལ་དཀར་པོ་ལ་སོགས་པའི་ཚོན་གྱིས་བསྒྱུར་ལ་རང་གི་གདོང་ལ་བགོས་ལ་རང་གི་ལྷའི་ཞལ་གྱི་རྣམ་པ་ཅན་དེ་དག་གིས་དངོས་གྲུབ་ཀྱི་དོན་དུ་ཕྱག་རྒྱའི་གར་བྱའོ། །དཀྱིལ་འཁོར་གང་ལ་ཞེ་ན། དཀྱིལ་འཁོར
་གང་དང་གང་ཞེས་བྱ་བ་ལ་རིགས་ལྔའི་ལྷ་རྣམས་ཀྱི་དཀྱིལ་འཁོར་གང་དང་གང་ལ་བརྟེན་པ་ནི་བསྒོམ་པ་སྟེ། ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པས་དཀྱིལ་འཁོར་དེ་དང་དེར་གཏམ་རྒྱུད་དང། ཕྱག་མཚན་དང། ཕྱག་རྒྱ་དག་གི་མཐར་རང་གི་ལྷའི་སྙིང་པོ་བཟླ་ཞིང་སློབ་མའི་ཚོགས་ཐམས
་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །དེ་ཡང་དངོས་གྲུབ་ཀྱི་ཕྱག་རྒྱའི་གར་གྱི་དངོས་པོ་སོ་སོར་རྟོག་པའི་མཆོད་པ་འདིས་མཆོད་པར་བྱ་བ་ཡིན་ནོ། །དངོས་གྲུབ་ནི་ཀུན་མཆོག་སོ་སོར་རྟོག་པའི་རང་བཞིན་ཅན་ནོ། །ཕུན་སུམ་ཚོགས་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་ཆེན་པོའི་ངོ་བོ
་འོ། །དགའ་བ་ནི་ཀུན་མཆོག་རྣམ་པར་རྒྱལ་བ་བསྒྲེང་བའི་རང་བཞིན་ཅན་ནོ། །བདག་པོ་ནི་ཕུན་སུམ་ཚོགས་པ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་པོ་འདིས་ཐོབ་པར་འགྱུར་རོ། །དེ་ལྟར་ན་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཉིད་མཆོག་སྟེ། ཀུན
་མཆོག་སོ་སོར་རྟོག་པ་ལ་སོགས་པ་བསྡུ་བའི་རང་བཞིན་ཅན་གྱི་རྣལ་འབྱོར་མཆོག་སྒྲུབ་པ་པོས་ཐོབ་པས་ཏེ་མངོན་དུ་བྱ་བ་ཡིན་ནོ། །དེ་ནས་ཀྱི་སྒྲ་སྐབས་སུ་བབ་པ་སྟེ། ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པ་རྫོགས་པར་བྱ་བ་འདི་ལའོ། །རིགས་ཐམས་ཅད་ཀྱི་འདོད་པའི་ལྷ
་རྣམས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། སོ་སོ་རང་གི་དཀྱིལ་འཁོར་དུ་ཞུགས་པའི་དེ་དག་གི་གླུའི་མཆོད་པའི་ཆོ་ག་རྒྱས་པ་མངོན་དུ་བརྗོད་པ་ནི་མངོན་པར་ཕྱོགས་པར་བླངས་ནས་དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་མཛད་པ་འམ། སངས་རྒྱས་ཐམས་ཅད་དང་མཉཾ
་པའི་སྦྱོར་བ་ལ་སོགས་པའི་རྒྱུད་ལ་སོགས་པའི་གླུ་དང་རོལ་མོའི་ཆོ་ག་བདག་ཉིད་ཀྱིས་ཇི་ལྟར་འདོད་པ་རྒྱུར་གྱུར་པ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོད་པ་ནི་སྣ
་ཚོགས་པའི་ཕྱག་རྒྱའི་མཆོད་པ་སྟེ། མཆོག་ཏུ་གྲུབ་པ་ཡིན་ནོ། །རྟོག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་གླུའི་མཆོད་པ་ཇི་ལྟ་བུ་ཡིན་ཕྱག་རྒྱ་སྣ་ཚོགས་ཀྱི་མཆོད་པའི་དུས་སུ་གད་མངོན་པར་བརྗོད་ནས་དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་བརྩམས་པ
་འམ། རྟོག་པ་གཞན་ལས་གསུངས་པ་མངོན་པར་བརྗོད་པར་བྱ་ཞེ་ན། དེ་ལ་རེ་ཞིག་ཐོག་མ་ཁོ་ནར་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་མཆོག་ཏུ་གསང་བ་ཏེ་དཀྱིལ་འཁོར་རོ། །དེ་ཉིད་དམ་ཚིག་སྟེ་དེར་འཇུག་པ་ནི
་ཕྱི་དང་གསང་བའི་འཇུག་པའོ། དེའི་དོན་དུ་རྡོ་རྗེའི་གླུའི་མཆོད་པ་འདི་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། རང་གི་དཀྱིལ་འཁོར་དུ་འཇུག་པའི་གླུ་བརྗོད་ཅིང་འཛུག་པའི་ཕྱག་རྒྱ་བཅིངས་ལ་གླུ་དེ་ཉིད་ལེན་ཅིང་དཀྱིལ་འཁོར་དུ་འཇུག་པར་བྱའོ།།
་ཡང་བྱ?་དེ་ཉིད་བརྗོད་ནས་དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་བརྩམས་པ་འམ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལ་སོགས་པའི་རྒྱུད་ལས་གསུངས་པའི་གླུ་བརྗོད་ནས་གཏམ་རྒྱུད་དང་ཕྱག་མཚན་དང་ཕྱག་དང་གིས་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ
་སློབ་མའི་ཚོགས་དང་བཅས་པའི་སློབ་དཔོན་གྱི་བྱ་བ་ཡིན་ནོ། །ཐམས་ཅད་རྗེས་སུ་ཆགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པ་སྟེ། དེ་ལས་བྱུང་བའི་བདེ་བ་ནི་རྣལ་འབྱོར་གྱི་བདེ་བའོ། །དེ་གང་ཡིན་ཞེ་ན། དམ་པའི་ཐུགས་ཏེ་དེ་བཞིན
་གཤེགས་པ་རྣམས་ཀྱིའོ། །རྡོ་རྗེ་སེམས་དཔའ་ལས་གཞན་པ་ཡིན་ནམ་ཞེ་ན། རྡོ་རྗེ་སེམས་དཔའ་ཁྱོད་ཅེས་བྱ་སྟེ། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་རྗེས་སུ་ཆགས་པའི་བདེ་བ་ཉིད་རྡོ་རྗེ་སེམས་དཔའ་ཁྱོད་ཡིན་གྱི་གཞན་ནི་མ
་ཡིན་ནོ། །རབ་ཏུ་དགའ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན་གྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ངོ་བོའོ། །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང། འདའ་བ་རུ་ནི་མི་མཛད་པས་ཞེས་བྱ་བ་འདིས་ཀྱང། དེ་ཉིད་དམ་ཚིག་ཡིན་ནོ། །བདག་གྱུར་ཅིག་ཅེས་བྱ་བ་ནི་ཐམས
་ཅད་རྗེས་སུ་ཆགས་པ་དང། རབ་ཏུ་དགའ་བ་དང། བརྟན་ཞིང་མཐོབ་དག་ལ་གྱུར་ཅིག་ཅེས་བྱ་བ་དང་སྦྱར་རོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བོད་པའོ། །བརྟན་ཞིང་མཐོ་བ་ནི་མི་དམིགས་པའི་མྱ་ངན་ལས་འདས་པ་སྟེ། དེ་གསོལ་བས་ན་བརྟན་ཞིང་མཐོ་བ་གསོལ་བའོ། །སོ་སོར
་རྟོག་པ་ནི་སེམས་ཅན་གྱི་དོན་མཛད་པ་དང་སངས་རྒྱས་ཀྱི་མཆོད་པ་ལའོ། །སྒྲུབས་ཤིག་ཅེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པའི་དངོས་གྲུབ་ཀྱིས་མྱུར་དུ་བསྒྲུབས་ཤིག་པའོ། །ཕྱག་འཚལ་བ་ནི་སྔོན་དུ་གྱུར་པའོ། །དེ་ལ་ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས
་རྡོ་རྗེ་མའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་བསྟན་ཏོ། །བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་བསྟན་ཏོ། །བརྟན་ཞིང་མཐོ་བ་ཞེས་བྱ་བས་རྡོ་རྗེ་དྲན་མའི་རང་བཞིན་ཅན་བསྟན་ཏོ། །སོ་སོར་རྟོག་པས་མྱུར་དུ་བསྒྲུབས་ཤིག་ཅེས་བྱ་བ་དང
་འཚལ་བས་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་རང་བཞིན་བསྟན་ཏོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ལ་འཇུག་པའི་གླུའི་མཆོད་པ་བསྟན་ནས་དེ་ནས་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ལ་འཇུག་པའི
་གླུའི་མཆོད་པ་གསུངས་པ་ཡིན། རྡོ་རྗེ་སེམས་དཔའ་ཨི་བསྡུས་པ་ནི་རྡོ་རྗེ་སེམས་དཔའ་བསྡུས་པ་སྟེ། བྱང་ཆུབ་ཆེན་པོ་ཡི་སེམས་བསྐྱེད་པའོ། །རྡོ་རྗེ་རིན་ཆེན་བླ་ན་མེད་ཅེས་བྱ་བ་ནི་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་ནི་རྡོ་རྗེ་ཆོས་ཏེ། དེ་དག་གི་གླུ་བླངས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བྱ་བ་སོ་སོར་རྟོག་པའི་ངོ་བོའོ། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པ་དེ་དག་གིས། རྡོ་རྗེ་ལས་ནི་བྱེད་པ་ཡིན་ཞེས་བྱ་བ
་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ལས་ལ་རྫོགས་པར་མཛོད་ཅིག་ཅེས་བྱ་བ་བསྒྲུབ་པ་པོ་རང་གི་ལ་བོད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང། རིན་ཆེན་འགྱུར
་ལྡན་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པ་རྣམས་ལ་དེའི་རིགས་ཀྱང་བསྟན་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་གླུ་བསྟན་ནས། རྡོ་རྗེ་རིགས་ལ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི
་གཞུ་ནི་གཞུའོ?། །མདའ་ནི་གོ་སླའོ། །དེ་དག་གིས་ཉེ་བར་མཚོན་པའི་རྡོ་རྗེ་གཞུ་དང་མདའ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་སྟེ། རྡོ་རྗེ་འདོད་པ་མེ་ལྟར་འབར་བའི་གཟུགས་ཅན་ནོ། །དངོས་པོ་ཐམས་ཅད་ཐལ་བར་རློག་པར་མཛད་པ་དེ་ལ
་ཕྱག་འཚལ་བ་ནི། ཧཱུཾ་བཛྲ་ཀརྨ་ཀ་ཤཱ་ར་ཡ་ན་མ:སྒོམ་པའི་ལམ་གྱི་རང་བཞིན་རྡོ་རྗེ་འདོད་པ་མེ་ལྟར་འབར་བས་ཡུལ་དུ་བྱས་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རང་བཞིན་ཅན་གྱི་དོན་རྡོ་རྗེ་འདོད་པ་ཆེན་པོ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱའི་རལ་གྲིས
་ཕྱག་གཉིས་ཀྱིས་སྐུ་དབུས་མ་གཟུང་སྟེ་བསྟོད་པ་ནི་དཔལ་རྡོ་རྗེ་ཆགས་པས་ཏེ། དེས་ཉེ་བར་མཚོན་པའི་དམ་ཚིག་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་ཡིན་ཏེ་དེ་ལ་ཕྱག་འཚལ་བའོ། །རྡོ་རྗེ་འདོད་པ་ཆེན་པོ་མེ་ལྟར་འབར་བ
་ཐལ་པར་ཀློག་པའི་མཚན་དང་ལྡན་པའི་ལྷ་མོ་ཆེན་མོས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཆེན་པོས་ཁ་ཊཝཱཾ་ག་བཟུང་བ་ངེས་གདུག་པ་ཅན་དང་དྲག་པོ་རྣམས་སངས་རྒྱས་ཉིད་ཐོབ་པར་བྱེད་པ་ལ་གེགས་སུ་གྱུར་པ་གང་ཡིན་པ་དང། དངོས་པོ་ཐམས་ཅད་ཐལ་བར་མཛད
་པ་ནི་ཁ་ཊཝཱཾ་ག་དང་རྡོ་རྗེ་གློག་པ་སྟེ། ངེས་ཉེ་བར་མཚོན་པའི་བཅོམ་ལྡན་འདས་ཁ་ཊཝཱཾ་ག་དང་རྡོ་རྗེ་འཇིགས་པས་ཏེ་དེ་ལ་ཕྱག་འཚལ་པའོ། །རྡོ་རྗེ་འདོད་པ་ཆེན་པོ་མེ་ལྟར་འབར་བའི་ཐལ་བར་རློག་པའི་འཆི་བ་གསོ་པར་མཛད་པའི་མིང་དང་ལྷ་མོ་གཡོན
་བསྙེམས་ནས་ཕྱག་གཡས་པས་རང་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་དཀྲོལ་བ་ལ་བརྩོན་པ་ནི་དཔལ་རྡོ་རྗེ་དྲིལ་བུ་བསྐྱོད་པས་ཏེ། དེས་ཉེ་བར་མཚོན་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དཔལ་རྡོ་རྗེ་དྲིལ་བུ་བསྐྱོད་པས་ཏེ། དཔལ་རྡོ་རྗེ་དྲིལ་བུ་བསྐྱོད་པ་དེ་ལ་ཕྱག་འཚལ་བའོ། །དེ་ལྟར་རྡོ་རྗེའི་རིགས་ལ
་འཇུག་པའི་གླུ་བསྟན་ནས་ད་ནི་པདྨའི་རིགས་ལ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་དྲག་པོ་ཡི་སྐུ་ཞེས་བྱ་བ་ནི་ཞི་པའི་གཟུགས་འཛིན་པའི་དོན་ཡོད་ཞགས་པའོ། །སྐྱེ་བོ་མེ་རུངས་པའི་སྲོག་འཕྲོག་པ་ཞེས་བྱ་བ་ལ།
་གཞན་ལ་གནོད་པ་བྱེད་པ་ལ་བརྩོན་པའོ། །དེ་དག་གི་སྲོག་འཕྲོག་པའི་ཤིན་ཏུ་དྲག་པོའི་སྐུ་ཁ་ཅིག་ཏུ་མཛད་པ་དེ་དབང་ཕྱུག་ཆེན་པོ་ཡི་གཟུགས་སུ་བདག་ཉིད་ཀྱི་སྐུ་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞི་བའི་གཟུགས་འཛིན་པའི་དོན་ཡོད་ཞགས་པའི་རང
་བཞིན་ཅན་གྱི་འཇིག་རྟེན་གྱི་དབང་ཕྱུག་བསྟན་པ་ཡིན་ནོ། །ཁ་ཅིག་ཏུ་ནི་འགྲོ་བ་མཛའ་ཡས་པ་འདུལ་བར་མཛད་པའི་ཕྱིར་རོ། །ཤིན་ཏུ་རྣོ་བའི་འཁོར་ལོ་འཛིན་པའི་སྐུ་ཞེས་བྱ་བ་ལ། ཁྱབ་འཇུག་གི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ཤིན་ཏུ་རྣོ་བའི་འཁོར
་ལོ་འཛིན་པའི་སྐུ་སྟེ། ཁ་ཅིག་ཏུ་སྐུ་དེ་འཛིན་པར་མཛད་པའོ། །དེ་ཡང་ཁྱབ་འཇུག་གི་གཟུགས་ཀྱིས་འདུལ་བའི་སེམས་ཅན་གྱི་ཁམས་མཛའ་ཡས་པ་འདུལ་བར་མཛད་པའི་ཕྱིར་རོ། །འདིས་ནི་ཁྱབ་འཇུག་གི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་བསྟན
་པ་ཡིན་ནོ། །ཁ་ཅིག་ཏུ་ནི་པདྨའི་གདན་གྱི་ནི་ཤིན་ཏུ་ཞི་པའི་སྐུ་སྟེ་འགྱུར་བ་མེད་པ་སྟེར་ཞེས་བྱ་བ་ལ། ཚངས་པའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ཞི་བའི་སྐུ་སྟེ་འགྱུར་བ་མེད་པའི་ཐར་པ་གསོལ་བའོ། །པདྨའི་གདན་ནི་ཚངས་པས་སྟེ། དེའི་གཟུགས་འགྱུར་པ
་མེད་པ་སྟེར་བ་ཁ་ཅིག་ཏུ་མཛད་པ་ཡིན་ནོ། །འདིས་ནི་ཚངས་པའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་བསྟན་ཏོ། །ཁ་ཅིག་ཏུ་ནི་ཤིན་ཏུ་འབར་བའི་འདོད་པའི་དམ་ཚིག་ཅེས་བྱ་བ་འདོད་པའི་ཁམས་ཀྱི་དབང་ཕྱུག་མའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ཤིན
་ཏུ་འབར་བའི་དམ་ཚིག་གི་གཟུགས་ཏེ། ཁ་ཅིག་ཏུ་སྟེ་སེམས་ཅན་གྱི་ཁམས་མཛའ་ཡས་པ་གདུལ་བར་མཛད་པའི་ཕྱིར་མཛད་པ་ཡིན་ནོ། །པདྨའི་རྒྱལ་པོ་བདག་སྒྲུབས་ཤིག་ཅེས་བྱ་བ་འདིས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སློབ་དཔོན
་གྱིས་པོས་ནས་གསོལ་བ་བཏབ་པ་ཡིན་ནོ། །དེ་ལྟར་པདྨའི་རིགས་ཀྱིས་འཇུག་པའི་གླུ་བསྟན་ནས། ད་ནི་ནོར་བུའི་རིགས་ཀྱིས་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ནོར་བུའི་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་ཐམས་ཅད་དབང་ཕྱུག་དམ་པ་ལས་ཞེས
་བྱ་བ་ལ་དབང་བསྐུར་བ་ཡང་དེ་ཉིད་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དབང་སྐུར་བ་ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བའི་ལྷ་མོའོ། །དེ་ཡིས་དབང་ཕྱུག་ཀྱང་ཡིན་ལ་དམ་པ་ཡང་དེ་ཉིད་ཡིན་པས་ན་དབང་ཕྱུག་དམ་པ་སྟེ། དབང་ཕྱུག
་ཐམས་ཅད་ཀྱི་དབང་ཕྱུག་དམ་པ་ནི་ནམ་མཁའ་ཨི་སྙིང་པོའོ། །ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་སྐུར་བ་ཐོབ་པས་ཁམས་གསུམ་པའི་བདག་པོ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུ་དེའི་ཕྱིར་ཡང་དབང་སྒྲུབས་ཤིག་མི་ཟད་གཏེར་གྱི་མཆོག་ཅེས་བྱ་བ་ནི་གཏེར་གྱི་ལྷ་མོ་ཡི
་གཟུགས་ཀྱིས་སོ། །མཆོག་ནི་ཕུལ་དུ་བྱུང་བའོ། །ནོར་གྱི་ཕུང་པོ་ཐམས་ཅད་མཛའ་ཡས་པ་ནི་མི་ཟད་པའོ། །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་མཐོ་བ་ལས་ཞེས་བྱ་བ་ལས། ཀུན་མཆོག་རྒྱལ་མཚན་ནི་ཡིད་བཞིན་ནོར་བུའི་རྒྱལ་མཚན་ནོ། །ངེས་རྣམ་པར་རྒྱལ་བ་ནི་དབུལ
་བའི་སྡུག་བསྔལ་ཐམས་ཅད་རྣམ་པར་སྤོང་བའོ། །དེས་ཉེ་བར་མཚན་པའི་མཐོ་བའི་སྐུ་གང་ལ་ཡོད་པ་དེ་ནི་ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་མཐོ་བ་སྟེ་རྒྱལ་མཚན་མཆོག་མའི་གཟུགས་འཛིན་པའི་ནམ་མཁའ་ཨི་སྙིང་པོའོ། །རྒྱུ་དེ་ཉིད་ཀྱི་ཕྱིར་རྡོ་རྗེ་རིན་ཆེན་དཔལ་བདག་ལེགས
་མཆོད་འགྱུར་ཞེས་བྱ་བ་ལ། དབང་སྐུར་བ་ལ་སོགས་པའི་ལྷ་མོ་ཡི་ཚོགས་ཀྱི་མདངས་དང་ལྡན་པ་འཕགས་པ་ནམ་མཁའ་ཨི་སྙིང་པོའི་སྐུ་ནི་དཔལ་རྡོ་རྗེ་རིན་ཆེན་སྟེ། བདག་གི་ལེགས་པར་གྱུར་ཅིག་ཅེས་བྱ་བ་ནི་སློབ་དཔོན་གྱིས་བོད་པ་དང་བཅས་དེ་ལ་གསོལ་བ་བཏབ་པ
་ཡིན་ནོ། །དེ་ཡང་མཆོད་པ་ཆེན་པོའི་རང་བཞིན་གྱི་ལྷ་མོ་ཡིས་ལེགས་པར་མཆོད་པ་ཡིན་ཏེ། བདག་ལ་དེའི་ངོ་བོར་གྱུར་ཅིག་པའོ་ཞེས་བྱའོ། །དེ་ལྟར་རིན་པོ་ཆེའི་རིགས་ཀྱི་འཇུག་པའི་གླུ་བསྟན་ནས། ད་ནི་མིང་པོ་གསུམ་ལ་འཇུག་པའི་བླུ་བསྟན་པར་བྱ་བའི་བྷུ་བྷུ་ཝ་སྭ་ཞེས་བྱ་བ་གསུངས་སོ། །སྲིང་མོ
་རྣམས་ཀྱི་གླུ་བསྟན་པར་བྱ་བའི་ཕྱིར་ཧྭཱ་ཧཱུཾ་ཤྲཱི་བྷཡོ་ཞེས་བྱ་བ་གསུངས་སོ། །ཀླུའི་དཀྱིལ་འཁོར་གྱི་གླུ་ནི་ཕུ་ཕུ་ཞེས་བྱ་བར་གསུངས་སོ། །སྡིག་པ་ཐམས་ཅད་ཅེས་བྱ་བ་ནི་སྡིག་པ་ཐམས་ཅད་ལས་བྱུང་བའི་རིམས་ལ་སོགས་པས་ཏེ། བཛྲ་དྷ་ར་ཨ་ཀྲ་མ་ཞེས་བྱ་བ་ནི་ཟུང་ཞིག་པའོ། །ཝེ་མར་དྷ། ཞེས
་བྱ་བ་ནི་ཚིར་ཅིག་པའོ། །བི་ཀིཛ་བི་ཀི་རེ་ཞེས་བྱ་བ་ནི་དེ་དང་དེར་དོར་ཅིག་པའོ། །བིཛ?་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཆོམས་ཤིག་པའོ། །ུཏཔ་ད་ཡ་ཞེས་བྱ་བ་ནི་སླར་ཡང་མི་འབྱུང་བར་མཛོད་ཅིག་པའོ། །ན་ཤ་ཡ་ཞེས་བྱ་བ་ནི་དམིགས་པ་མེད་པར་མཛོད་ཅིག་པའོ། །ཧ་ན་ཞེས
་བྱ་བ་ནི་འཚོགས་པར་མཛོད་ཅིག་པའོ། །ད་ཧ་ཞེས་བྱ་བ་ནི་ཁྲོས་པའི་མེས་ཐལ་བར་མཛོད་ཅིག་པའོ། །པ་ཙ་ཞེས་བྱ་བ་ནི་འཚེར་ཅིག་པའོ། །ཇི་ལྟར་ཞེ་ན། ཁྲོས་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་མེ་ལྟར་འབར་བའི་ཁྲོ་བོས་སྙོམས་པར་ཞུགས་པའི་ཡི་གེ་ཧཱུཾ་ཙམ་གྱིས་སོ། །དེ་ལྟར་རིགས
་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་གླུ་བསྟན་ནས་ད་ནི་བསྡུས་པའི་དཀྱིལ་འཁོར་དུ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་གསུངས་པ་ཡིན་ནོ། །ལ་ལར་ཞེས་བྱ་བ་ལ་སོགས་པ་ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་གི་འོད
་གྱིས་སྐུ་ནི་རྣམ་པར་མཐོས། ཞེས་བྱ་བ་ནི་ཕྱོགས་ལ་ལར་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་སྟོང་རྣམས་ཟླ་བའི་ཁ་དོག་དང་འདྲ་བའི་མདངས་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་རྣམ་པར་མཛེས་པ་སྡེ་གསལ་ཞིང་མཛེས་པའོ། །ལ་ལར་འཇིག་དུས་ཉི་མ
་འཆར་ཀར་བྱེད་པའི་འོད་ཟེར་ཚོགས་ནི་འཇིགས་ཆེན་འབར་ཞེས་བྱ་བ་ནི་འཇིག་པའི་དུས་ཀྱི་རིང་པོར་མི་ཐོགས་པར་ཤར་བའི་ཉི་མ་བྱ་བ་རྣམས་ཀྱི་འོད་ཟེར་ཚོགས་གང་ཡིན་པ་དེ་དང་འདྲ་བ་འབར་བ་སྔོན་པོ་ཡི་ངོ་བོ་ནི་འཇིག་རྟེན་གསུམ་སྲེག་པར་ནུས་པ་དང། རྡོ་རྗེ་ཏྲཱི་ཤུ་ལ
་འཛིན་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་སྐུས་ཕྱོགས་ལ་ལར་རྣམ་པར་མཛེས་པ་ཡིན་ནོ། །ཕྱོགས་ལ་ལར་དེ་ལྟ་བས་ཆོག་མི་ཤེས་པའི་སྐུའི་རང་བཞིན་གྱི་འོད་ཟེར་དང་ལྡན་པའི་འབར་བའི་མདངས་ཀྱིས་མཛེས་པའི་འཁོར་ལོ་འཛིན་པའི་རྒྱལ་བའི་སྐུ
་ཆང་གཟུག་པ་མེད་པའི་བདེ་བ་དང་ལྡན་པ་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ཞི་བའི་སྐུ་རྡོ་རྗེ་སེམས་དཔའ་ཁྱོད་རྣམ་པར་མཛེས་པ་ཡིན་ནོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །མཛེས་པའི་གཟུགས་འཛིན་པས་ན་གཟུགས་མཛེས་པ་འཆང་བ་སྟེ།
་འདོད་པའི་ལའོ། །མཛེས་པའི་གཟུགས་འཆད་པ་དེ་ཉིད་མཆོག་གི་མདངས་དང་ལྡན་པས་ཏེ། དེས་ལ་ལར་རྣམ་པར་མཛེས་པ་ཡིན་ནོ། །ལ་ལར་རྡོ་རྗེ་དང་པདྨ་ལས་བྱུང་བའི་གཟུགས་ཀྱིས་ནམ་མཁའ་བཞིན་དུ་ཐམས་ཅད་བཞུགས་པའོ། །གཟུགས་ཐམས་ཅད
་བསྟན་པས་འགྲོ་བའི་སེམས་ཅན་འདུལ་བར་མཛད་པའི་བརྩོན་འགྲུས་དང་ལྡན་པས་ཡིན་ནོ། །སེམས་ཅན་དེ་རྣམས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལས་སེམས་རྣམ་པར་སྤྱད་པའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཁྱོད
་བཞུགས་པ་ཡིན་པའི་ཕྱིར་རོ། །བདག་ཀྱང་སེམས་ཅན་གྱི་ཁོངས་སུ་གཏོགས་པས་མ་ལུས་པ་འདུལ་བ་ལ་མཁས་པ་བདེ་བ་དམ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་བདག་བསྒྲུབས་ཞེས་བྱ་བ་སློབ་དཔོན་གྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ཡིན་ནོ།
་དེ་ཡང་སེམས་ཅན་གྱི་ཐམས་ཅད་འདུལ་བར་མཛད་པ་ལ་མཁས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། མ་ལུས་པ་འདུལ་བ་ལ་མཁས་པ་དེ་རྣམས་ཀྱི་བདེ་བ་དམ་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་སེམས
་དང་སེམས་ལས་བྱུང་བ་རྣམས་སོ། །དེ་རྫོགས་པའི་དོན་དུ་བཅོམ་ལྡན་འདས་ཁྱོད་བདག་ལ་བསྒྲུབས་ཤིང་ཅེས་བྱའོ། །དེ་ལྟར་བསྡུས་པའི་དཀྱིལ་འཁོར་གྱི་གླུ་བསྟན་ནས། ད་ནི་གླུ་དེ་ཉིད་ཀྱིས་རས་རིས་ཀྱི་དཀྱིལ་འཁོར་འདིར་འཇུག་པ་ནི་ཐམས་ཅད་རྗེས་སུ་ཆགས
་པ་ཞེས་བྱ་བ་ལ་སོགས་པ་ངེས་པར་བཟུང་བའི་དོན་དུ་སླར་ཡང་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་གླུ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བའི་ཆོ་ག་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བཤད་ཟིན་ཏོ། །དེ་ལྟར་རོ། །མཆོག་ཏུ་གསང་བའི་ཆོ་ག་ནི་གསང་བའི་དཀྱིལ་འཁོར་ཏེ
་འཁོར་དུ་འཇུག་པའི་གླུའི་མཆོད་པ་བསྟན་ནས། ད་ནི་དུས་ཀྱི་ངེས་པ་བསྟན་པར་བྱ་བའི་ཕྱིར་དུས་གང་ལ་གླུའི་མཆོད་པ་འདི་སྟེ། གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡིས་ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་པའི་ཕྱག་རྒྱས་མཆོད་པར་བྱ་བ་གང་ཡིན་པ་དེ་ཉིད་ནི་དེ
་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པས་ཏེ། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་སྐབས་འདིར་རོ། །མཆོག་ཏུ་གསང་བའི་ཆོ་ག་ནི་གསང་བའི་དཀྱིལ་འཁོར་ཏེ་དེར་མཆོག་ཏུ་གསང་བ་ཡིན་ལ། བླ་མ་དམ་པ་ཡང་དེ་ཉིད་ཡིན
་པས་ན་མཆོག་ཏུ་གསང་བ་བླ་མ་དམ་པའོ། །དེ་ཡང་གང་ཡིན་ཞེ་ན། དཔལ་རང་གི་དམ་ཚིག་ནི། དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་ཏེ། དེའི་བླ་མེད་མཆོག་ཏུ་གསང་བ་རྡོ་རྗེ་གླུའི་མཆོད་པ་དེ་ནི་བཅོམ་ལྡན་འདས་བདེ་ཆེན་ཐར་པའི་གྲོང་ཁྱེར་དུ
་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་བཞིན་དུ་གསུངས་པའོ། །དེ་ཡང་ཤིན་ཏུ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་སྟེར་བྱའི་ཕྱིར། །གླུ་དེ་བླངས་ལ་ཕྱག་རྒྱ་སྣ་ཚོགས་པའི
་མཆོད་པ་བྱ་བ་ཡིན་ནོ། །ཅི་བྱས་ནས་ཞེ་ན། མཆོག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་མཆོག་གི་དེ་ཁོ་ན་ཉིད་དམ་པ་ཡང་དེ་ཉིད་ཡིན་ལ་རྡོ་རྗེའི་གླུའི་མཆོད་པ་ཡང་དེ་ཉིད་ཡིན་པས་ན། མཆོག་གི་དེ་ཁོ་ན་ཉིད་དམ་པའི་རྡོ་རྗེ་གླུའི་མཆོད་པས་ཏེ། ཨཽཾ་ན་མའི?
་སྐྱེ་བ་མཚན་?་ཕྱིར་ཞེས་བྱ་བ་ལ་སོགས་པས་ཇི་ལྟ་བ་བཞིན་དུ་རིབསྟན་པའོ། །དེ་དང་བཅས་པའི་ཇི་ལྟ་བ་བཞིན་དུ་བཤད་པའི་གླུ་དང་རོལ་མོའི་ཆོ་ག་ནི་མཆོག་གི་དེ་ཁོ་ན་ཉིད་དམ་པའི་རྡོ་རྗེའི་གླུའི་མཆོད་པ་དང་རོལ་མོའི་ཆོ་ག་སྟེ། སྔར་བཤད་པའི་ཚུལ་དེ་
་ཉིད་ཀྱིས་རྗེས་སུ་བསྒྲུབ་པར་བྱས་ནས་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྒྲུབ་པར་བྱ་སྟེ། དེའི་འོག་ཏུ་སྔར་བཤད་པའི་དཀྱིལ་འཁོར་བསྐོར་བའི་གང་དང། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པས་སོ་སོར་རྗེས་སུ་བསྒྲུབ་པར་བྱའོ། །འདི་ལྟར་འཆད་པར་གྱུར་ཏེ། ཇི་ལྟ་བ
་བཞིན་དུ་གསང་བའི་དཀྱིལ་འཁོར་གྱི་སྒོམ་པས་སྔོན་དུ་བསྙེན་པར་བྱས་ནས་གསང་བའི་དཀྱིལ་འཁོར་བྲིས་ཏེ་རབ་ཏུ་འཇུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྫོགས་པར་བྱས་ནས་སློབ་མའི་ཚོགས་དང་བཅས་པའི
་སྔོན་དུ་སྤྱོད་པ་བྱས་ཤིང་ཤིན་ཏུ་བསླབས་པའི་སྐྱེས་པ་དང་བུད་མེད་ཀྱི་ཚོགས་དང་བཅས་པས་ཡི་གེ་ཧཱུཾ་གི་གླུའི་ཆོ་ག་དང་རོལ་མོའི་ཆོ་ག་དེ་ཁོ་ན་ཉིད་གླུ་དང་བཅས་རྗེས་སུ་སྤྱད་པར་བྱའོ། །དེ་ནས་རྡོ་རྗེ་གླུའི་མཆོད་པ་དཀྱིལ་འཁོར་བསྐོར་བའི་གར་གྱིས་བྱས
་ལ་བཅོམ་ལྡན་འདས་བདེ་ཆེན་ཞེས་བྱ་བ་ལ་སོགས་པའི་ཀླུ་བླངས་ཏེ་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་དེ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཏེ། དེ་རྣམས་ཀྱི་ཆོ་ག་ནི་ཤིན་ཏུ
་གསང་བ་བླ་ན་མེད་པའི་རྟོག་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་ཨི་ལྷ་ཐམས་ཅད་ཀྱི་གཟུགས་ཐམས་ཅད་སྟོན་པའོ། །རང་བཞིན་ཅན་གྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོ་རྣམས་ཀྱི་ཆོ་ག་ནི་ཕྱག་རྒྱ་བསྒྲུབ་པའི་ཆོ་ག་འདི་ཡིན་ནོ། །ཞེས་བྱ་བ་འདིས་དཔེ་ཙམ་དུ
་བསྟན་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡང་དངོས་པོ་འདི་ཐུན་མོང་ཡིན་པའི་ཕྱིར་རོ། །སྣ་ཚོགས་ཆོ་ག་འདི་ཡིས་ནི་ཞེས་བྱ་བ་ནི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པས་སོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི
་གསང་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་རོ། །ཀུན་མཆོག་སྣ་ཚོགས་ཆེན་པོའོ། །རྣལ་འབྱོར་དབང་ཕྱུག་རབ་བསྒྲུབས་ཞེས་བྱ་བ་ལ། ཀུན་མཆོག་ཀྱང་ཡིན་ལ་དབང་ཕྱུག་ཀྱང་ཡིན་པས་ན་ཀུན་མཆོག་སྣ་ཚོགས་ཆེན་པོའོ། །དེའི་རྣལ་འབྱོར་ནི་ཤིན་ཏུ་རྣལ་འབྱོར་གྱི
་ཏིང་ངེ་འཛིན་གྱི་ངོ་བོ་སྟེ། དེས་ནི་དབང་ཕྱུག་ནི་གཟུགས་ཐམས་ཅད་སྟོན་པར་བྱེད་པས་སེམས་ཅན་གྱི་དོན་ཏེ་དེ་སྒྲུབ་པར་འགྱུར་རོ། །ད་ནི་བསྡུ་བའི་ཚིགས་སུ་བཅས་པས་འདས་མ་ཐག་ཏུ་བཤད་པའི་རྟོག་པ་རྒྱས་པའི་དོན་བསྟན་པར་བྱ་པའི་ཕྱིར། ད་ལྟར་ཞེས་བྱ་བ་ལ་སོགས་པ
་གསུངས་ཏེ། དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་ཐམས་ཅད་དགུག་པ་ལ་སོགས་པ་དང། མཆོད་པ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་གྱི་དཔལ་མཆོག་དང་པོའི་རྟོག་པའི་ཆོ་ག་རྒྱས་པ་སྟེ། དེས་སྣ་ཚོགས་པ་ནི་རྣམ་པ་སྣ་ཚོགས་པའི་གཏམ་རྒྱུད་ཅན་ནོ།།
་སྣ་ཚོགས་པའི་གཏམ་རྒྱུད་ཅན་གྱི་ཆོ་ག་རྒྱས་པ་ཉིད་མཆོག་ཏུ་གསང་བའི་རོལ་མོ་སྟེ། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་རང་བཞིན་ཅན་ནོ། །དེ་ཉིད་དང་ལ་རྡོ་རྗེ་སེམས་དཔའ་ཨོ། །དངོས་གྲུབ་ཀྱི་ཉམས་དང་ལྡན་པའོ། །དེ་ལྟ་བུ་དེ་ཇི་ལྟ་བ་བཞིན་དུ་བཤད་པའི
་སྒྲུབ་པ་དང། རྗེས་སུ་སྒྲུབ་པ་དང། སོ་སོར་རྗེས་སུ་སྒྲུབ་པ་རྣམས་ཀྱིས་རྣལ་འབྱོར་པ་གང་གིས་མངོན་དུ་བྱེད་པ་ནི་བསྟེན་པ་སྟེ། དེ་དག་དཔལ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན་གྱི་དངོས་གྲུབ་ཀྱི་བདེ་བ་ཆེན་པོ་ཉིད་ཐོབ་པ་ཡིན་ནོ་ཞེས་བྱ
་བ་དང་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྣ་ཚོགས་པའི་རྒྱན་མཐོ་བ་དང་ལྡན་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་མཆེན་དང་བཅས་པའི་སྣ་ཚོགས་པའི་སྐུ་མཐོ་པ་དང་ལྡན་པ་གང་ཡིན་པ་དེ་དག་གིས་མཆོག་གི་དངོས་གྲུབ
་ཀྱི་བདེ་བ་ཆེན་པོ་ཉིད་ཉམས་སུ་མྱོང་བ་ཡིན་ནོ། །དོན་ཡོད་ཞེས་བྱ་བ་ནི་དོན་ཡོད་པ་ཡིན་ཏེ། འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པའོ། །མཆོག་གི་ཇི་ལྟ་བ་བཞིན་དུ་བཤད་པའི་ཐོག་མ་དང་ཐ་མ་མེད་པའོ། །བསོད་ནམས་ལྡན་ཞེས་བྱ་བ་ནི་སྡིག་པ
་ཐམས་ཅད་ཀྱི་དྲི་མ་སྦྱོར་བར་ཕྱེད་པའོ། །དེ་གང་ཡིན་ཞེ་ན། ཆོ་ག་ཞེས་བྱ་བ་ནི་ཐམས་ཅད་དགུག་པ་ལ་སོགས་པའི་དོག་གོ། མཆོག་ཏུ་རྟག་པ་ནི་ཤིན་ཏུ་ཐོག་མ་དང་ཐ་མ་མེད་པའོ། །མཆོག་ཏུ་རྟག་པ་དེ་གང་གིས་བསྒྲུབ་པར་བྱེད་པ་དེ་དག་གིས་ཤིན
་ཏུ་དམ་པ་འདོད་པའི་དངོས་གྲུབ་དབང་ཕྱུག་ཅི་བདེར་ཐོབ་ཅེས་བྱ་བ་དང་སྦྱར་རོ། །ཀུན་མཆོག་གསང་བ་ཆེན་པོ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་རོ། །དེ་ཉིད་དངོས་གྲུབ་ཐམས་ཅད་མྱུར་སྒྲུབ་བྱེད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི
་དངོས་གྲུབ་ཐམས་ཅད་མྱུར་དུ་སྒྲུབ་པར་བྱེད་པའོ། །དེ་ལྟ་བུའི་གྲོང་ཁྱེར་མཆོག་ཏུ་ཞུགས་ན་སྒྲུབ་པ་པོ་གང་གིས་སྒྲུབ་པར་བྱེད་པ་དེ་དག་གིས་ཐོག་མ་དང་ཐ་མ་མེད་པའི་དངོས་གྲུབ་ཀྱི་དབང་ཕྱུག་གི་བདེ་བ་རྣམས་ཐོབ་པ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ
་དེ་རྣམས་ཁོ་ནས་ཐོབ་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །སྒྲུབ་པ་པོ་གང་ལ་སྒྲུབ་པའི་ཆོ་ག་གཞན་དག་དང། སྒྲུབ་པ་བདུན་གྱིས་ཀྱང་འགྲུབ་པར་མ་གྱུར་པ་དང། དངོས་གྲུབ་རྫོགས་པར་བྱེད་པའི་བསོད་ནམས་དང་མི་ལྡན་པ་དང། ཡོ་བྱང་ལ་སོགས་པ་ཕུན་སུམ
་ཚོགས་པ་ཡང་མེད་པས་དཔལ་རྡོ་རྗེ་སེམས་དཔའ་ཨི་མཆོག་གི་དཀྱིལ་འཁོར་དུ་ཞུགས་ཀྱང་གྲུབ་པར་མ་གྱུར་པ་དང། བསོད་ནམས་མེད་པ་དང། ཕུན་སུམ་ཚོགས་པ་དང། མི་ལྡན་པའི་སྒྲུབ་པ་པོ་གསང་བའི་དཀྱིལ་འཁོར་འདིར་མངོན་པར་འདོད་པའི་དངོས
་གྲུབ་བསྒྲུབས་ནས་རབ་ཏུ་འགྲུབ་བར་འགྱུར་རོ། །དེའི་ཕྱིར་མ་ཞུགས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཀྱང་གི་སྒྲས་བསྟན་ནོ། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། སྙིང་པོ་སོགས་ཀྱིས་མ་གྲུབ་ན་ཞེས་བྱ་བ་ལ། གལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་
་དང། ཕྱག་རྒྱ་དང། སྔགས་དང། རིག་པ་རྣམས་ཀྱིས་མཆོག་སྟེ་ཕུལ་དུ་བྱུང་གྲུབ་པར་མ་གྱུར་པ་དང། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་དང་བཅས་པ་བསྒྲུབ་པར་བྱ་བ་སྒྲུབ་པ་པོ་ལ་གལ་ཏེ་གྲུབ་པར་མ་གྱུར་ན་གསང་བའི་དཀྱིལ་འཁོར་འདིར
་སྒྲུབ་པ་པོ་ཞུགས་ཏེ། ཉེ་བའི་སྙིང་པོ་མེད་ན་ཡང་དེ་འགྲུབ་པར་འགྱུར་རོ། །དཔལ་མཆོག་དང་པོའི་རྩ་རྒྱུད་དུ། དེ་དེ་ལྟར་མྱུར་དུ་གྲུབ་པ་མིན་ཞེས་བྱ་བ་ལ་སོགས་པ་ལ། དཔལ་མཆོག་དང་པོའི་རྩ་བའི་རྒྱུད་ལས་ཇི་ལྟ་བ་བཞིན་དུ་བཤད་པའི་སྒྲུབ
་པའི་རྣམ་པ་རྩ་བའི་རྒྱུད་ལས་གསུངས་པ་གང་ཡིན་པ་དེས་མྱུར་དུ་གྲུབ་པ་མ་ཡིན་ཏེ། ཇི་ལྟར་དང་པོའི་ཁང་པར་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་གྱི་སྒྲུབ་པ་པོ་ཇི་ལྟར་གྲུབ་པ་དེ་ལྟར་དཔལ་མཆོག་དང་པོའི་རྩ
་པའི་རྒྱུད་ལ་གྲུབ་པ་མ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་ཡིས། དེ་ལྟར་ཐམས་ཅད་གྲུབ་པ་མིན་ཞེས་བྱ་བ་ལ་གསང་བའི་དཀྱིལ་འཁོར་མ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་ཆོ་ག་གཞན་དག་གིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེ་ལྟར་གྲུབ་པར་འགྱུར་བ་མ
་ཡིན་ཏེ། ཇི་ལྟར་མཆོག་ཏུ་གསང་བའི་དཀྱིལ་འཁོར་གྱི་ཁང་པ་མཆོག་འདི་མཐོང་བ་ཉིད་ཀྱིས་སོ། །དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་བསྟན་པ་དང། སློབ་དཔོན་ལ་བརྙས་པ་ལ་སོགས་པའི་རང་བཞིན་ཅན་གྱི་དམ་ཚིག་ཉམས
་?་པ་སྨོད་པ་ནི་སྒྲིབ་པ་ཐམས་ཅད་ཀྱིས་སྨད་པའོ། །བདུད་སོགས་གདོན་གྱིས་རེག་པ་ཞེས་བྱ་བ་ལ། རིག་པ་མཆོག་ལས་གསུངས་པའི་གདོན་བཅོ་བརྒྱད་ཀྱིས་རེག་པ་གང་ཡིན་པ་དེ་དག་ཀྱང། གལ་ཏེ
་གསང་བའི་དཀྱིལ་འཁོར་དུ་ཞུགས་ནས་སྒྲུབ་པར་བྱེད་ན་ངེས་པ་ཁོ་ནར་གྲོལ་བར་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པའི་རྟག་པའོ། །དཀྱིལ་འཁོར་དུ་ནི་མ་ཞུགས་པའམ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་གཞན་དུ་མ་བསྒྲུབས་པ་འམ། །དཀྱིལ
་འཁོར་གཞན་བསྒྲུབས་པས་དཀྱིལ་འཁོར་མ་གྲུབ་པ་གང་ཡིན་པ་དེ་རྣམས་ཀྱང་གསང་བའི་དཀྱིལ་འཁོར་དུ་ཞུགས་པ་སྟེ། གལ་ཏེ་སྒྲུབ་པར་བྱེད་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན། བསྒྲུབ་བྱ་མིན་འདིར་ཅུང་ཟད་མེད་ཅེས་བྱ་བ
་ལ་སོགས་པ་ལ། གང་གི་ཕྱིར་གསང་བའི་དཀྱིལ་འཁོར་འདིར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བ་མ་ཡིན་པ་གང་ཡང་མེད་པའི་ཕྱིར་རོ། །ལས་ནི་རྣམ་པ་སྣ་ཚོགས་པའོ། །བདེ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྟེ། བསྒྲུབ་པར
་བྱ་བ་མ་ཡིན་པ་མོད་པ་མ་ཡིན་ནོ། །དེའི་ཕྱིར་གྲུབ་པའི་ལས་ཀྱི་བདེ་བ་རྣམས། རྟོག་པ་ཐམས་ཅད་ལས་ཉེ་བར་ཐོབ་ནས་བསྒྲུབ་པར་བྱའོ། །དེ་ལྟར་སྒྲུབ་པར་བྱེད་པའི་སྒྲུབ་པ་པོ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བཞི་འགྱུར་འགྲུབ་པ་ཡིན
་ནོ། །དེ་ལྟར་འཆད་པར་འགྱུར་ཏེ། རྟོག་པ་གཞན་རྣམས་ལ་གང་ཞིག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཟླ་བ་བཞིས་འགྲུབ་པར་འགྱུར་བ་དེ་ཉིད་གསང་བའི་དཀྱིལ་འཁོར་དུ་ཞུགས་ན་ཟླ་བ་གཅིག་གིས་འགྲུབ་པར་འགྱུར་རོ། །སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པ
་རྫོགས་སོ།། །།སླར་ཡང་གསལ་བར་བྱ་བའི་ཕྱིར་ཆོ་ག་ཐམས་ཅད་བརྗོད་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་བདག་བསྲུང་བ་དང། གནས་བསྲུང་བ་དང། ཁྲུས་དང་ཇི་སྐད་བཤད་པའི་གོས་དང་རྒྱན་རྣམས་ཀྱིས་བརྒྱན་པར་བྱས་ལ། རྡོ་རྗེ་དང་དྲིལ་བུ་འཆང་བས
་ཡང་དང་རྗེས་སུ་མཐུན་པའི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་འམ། གཅིག་པུ་ལུགས་མ་འམ་བརྡུངས་མ་ལ་སོགས་པའི་དངོས་པོ་བཞུགས་སུ་གསོལ་ལ། སླར་ཡང་བདག་བསྲུང་བ་བྱས་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲི་བཟང
་གི་ཆུ་ལྷའི་མཆོད་པ་ལྔས་ཡོངས་སུ་བསངས་ལ། རྡོ་རྗེ་མེ་ལན་གསུམ་ཡོངས་སུ་བཟླས་ལ། མེ་ཏོག་ལ་སོགས་པའི་རིག་པ་རྣམས་ཀྱིས་སླར་ཡང་ཡོངས་བཟླས་ཏེ། ཨརྒའི་ཕྱག་རྒྱས་ཡི་གེ་ཧཱུཾ་ལན་བདུན་བཟླས་པ་ཨརྒ་ལ་སོགས་པ་ཡོངས་སུ་བཟླས་པ་བཞག་ཏེ།
་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲི་བཟང་གི་ཆུ་ལྷའི་ཁང་པའི་སྒོར་ཡངས་པའི་ཕྱིར་བཞག་སྟེ། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང། །ཐམས་ཅད་དགུག་དང་མཆོད་ལ་ཆེ། །བདག་བྱིན་བརླབ་སོགས་བསྒྲུབ་པ་ཡིས། །མཆོག་གིས་དངོས་གྲུབ་བསྒྲུབ་པར་བྱ།།
་དེ་ལ་དང་པོ་ཡི་གེ་ཧཱུཾ་བརྗོད་ཅིང་དང་པོ་ཡི་རྡོ་རྗེ་བཅིངས་ཏེ་ས་ལ། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་གསང་བའི་དཀྱིལ་འཁོར་རྫོགས་པར་བྱས་ནས། ཕུན་སུམ་ཚོགས་པ་ཡོད་ན་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་ཏེ། སྡོམ་པ
་བཟུང་བའི་བར་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་པའི་མཐར་ཐུག་པའི་ཕྱག་རྒྱ་བཅིང་བར་བྱས་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་བསྟོད་པ་སྔ་མ་བཞིན་དུ་རྗེས་སུ་སྤྱད་ལ། ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ
་བཅིང་བར་བྱའོ། །དེ་ནས་ཡིད་ཀྱི་ནམ་མཁའ་དང་མཉམ་པའི་རང་གི་སྙིང་གའི་ཟླ་བ་ལ། ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཚུལ་གྱིས་བཞུགས་ཏེ། དང་པོའི་རྡོ་རྗེས་དེར་གསང་བའི་དཀྱིལ་འཁོར་རྫོགས་པར་བྱས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་མཐར་ཐུག་པའི་ཆོ་ག་རྫོགས
་ནས། །དཀྱིལ་འཁོར་དེ་རང་གི་སྙིང་ག་ན་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་ཁོངས་སུ་ཆུད་པར་བསམས་ལ། རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སྐབས་སུ་ཡི་གེ་ཧྲི་ལས་བྱུང་བའི་སྣ་ཚོགས་པདྨ་རྣམས་རྫོགས་པར་བྱས་ཏེ། རྟེན་པའི་ལུས་པོའི་ཕྱི་རོལ་གྱི་མདུན་དུ་སྣ་ཚོགས
་པདྨའི་གདན་གྱི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་སྤྲུལ་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དབུག་པ་དང་གཞུག་པ་དང། བཅིང་བ་དང་དུ་བྱས་ནས། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བལྟ་བར་བྱས་ལ
་གསང་བའི་ལྕགས་ཀྱུ་མ་བཅིངས་ནས། ཛ:དཔལ་མཆོག་དང་པོ་རྡོ་རྗེ་འཆང་ཞེས་བྱ་བའི་གླུས་འཁོར་དང་བཅས་པའི་རྡོ་རྗེ་སེམས་དཔའ་རང་གི་ལུས་ལ་རང་རང་གི་གནས་སུ་བཅུག་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་རྒྱ
་ཆེན་པོ་རྣམས་ཀྱིས་བཏབ་ནས་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྟེན་པའི་ལུས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་རབ་ཏུ་བཅུག་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དང་པོའི་ཡི་གེ་རྡོ་རྗེས་སྙིང་ག་དང། སྨིན་མཚམས་དང། མགྲིན་པ་དང་སྤྱི
་པོར་རང་གི་བདག་ཉིད་དེ་བཞིན་དུ་བྱིན་གྱིས་བརླབས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ནས་དབང་བསྐུར་པའི་ཕྱག་རྒྱས་སངས་རྒྱས་སྣའི་ཅོད་པན་གྱི་དབང་བསྐུར་བ་བླངས་དེ། ཡི་གེ་གཉིས་ཀྱི་གོ་ཆས་བདག་ཉིད་གོ་བགོས་ནས་དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག
་རྣམས་བླངས་ཏེ་དམ་ཚིག་གསུམ་གྱི་གླུའི་མཆོད་པ་དང། རྗེས་སུ་བསྒྲུབ་པ་བྱས་ནས་རང་གི་སྙིང་གར་སྔ་མ་བཞིན་དུ་དཀྱིལ་འཁོར་རྫོགས་པར་བྱས་ལ་ལྷ་དགོད་པའི་ཆོ་གས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྡོ་རྗེ་དྲིལ་བུ་མའི་བར་རྣམས་རང་གི་ཕྱག་རྒྱ་རྣམས་ཀྱིས
་དགོད་པར་བྱས་ནས་དེ་བཞིན་དུ། བཛྲ་ཨཱདམ་ཀོ་ལ་སོགས་པའི་སྙིང་པོ་གསུམ་བརྗོད་ཅིང་དེའི་དོན་གསུམ་རྣམ་པར་བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བདག་ཡིན་ནོ། །ཞེས་བྱ་བ་རང་ཉིད་ཀྱིས་བརྗོད་ཅིང་རྡོ་རྗེ་སེམས
་དཔའ་གསང་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་བདག་ཉིད་ངེས་པར་བྱས་ནས་ལྷ་མོ་ཐམས་ཅད་ཀྱི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་རྣམ་པར་བསམས་ཏེ། དེ་ཉིད་ཡིད་ཀྱིས་རྡོ་རྗེའི་དག་གམ་རབ་ཏུ་དགའ་བའི་རྡོ་རྗེའི་དག་གིས་བརྗོད་ཅིང། ཇི་སྲིད་དུ་ཉིན་རེ
་ལན་ཅིག་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱ་སྟེ། ཇི་སྲིད་མངོན་དུ་གྱུར་པ་བཞིན་དུ་ཉིན་རེ་བསྒོམ་པའི་དུས་སུ་དཀྱིལ་འཁོར་མཐོང་བར་འགྱུར་རོ། །དེ་ནས་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཚུལ་གྱིས་མངོན་པར་ཤེས་པ
་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་མངོན་དུ་བསྙེན་པ་བྱས་པར་འགྱུར་བ་ཡིན་ནོ། །ཡང་ན་ཏིང་ངེ་འཛིན་གསུམ་གྱི་སྒོམ་པ་ནས་བརྩམས་ལ་དེ་ཇི་སྲིད་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱས་ཏེ་ཇི་སྲིད་མངོན་དུ་མཐོང་བར་འགྱུར་བའོ། །དེ་ནས་དེ་བཞིན་དུ་མངོན་པར་ཤེས་པ་བསྒྲུབ
་པར་བྱ་བ་ཡིན་ནོ། །ཡང་ན་ཚོགས་ཀྱི་འཁོར་ལོའི་ཚུལ་གྱིས་སྔོན་དུ་བསྙེན་པ་བྱས་ལ་མངོན་པར་ཤེས་པ་བསྒྲུབ་པར་བྱའོ། །དེ་ནས་ཇི་སྐད་བཤད་པའི་ཁང་པ་སུམ་བརྩེགས་སུ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྒྱན་རྣམས་ཀྱིས་བདག་ཅིང་བརྒྱན་པར་བྱས་ལ། སྡོམ་པ
་གཟུང་བའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་ཆེན་པོ་དང། གཞལ་ཡས་ཁང་པ་དང། གདན་རྣམས་རྫོགས་པར་བྱས་ལ་བརླ་གཉིས་ལ་དྲིལ་བུ་གཉིས་བཅིངས་ཏེ། དབུས་སུ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ་བ་དང
་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་བཞིན་དུ་།དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བར་བྱས་ལ་ཡན་ལག་བྲིས་ཕྱག་བྱས་ལ་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང། ལས་ཀྱི་རྒྱལ་པོ་མཆོག་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡི་གེ་ཧཱུཾ་བརྗོད་ཅིང་དེ
་ལ་བརྩོན་པས་གསང་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་བྲི་བའི་ཕྱིར། བདག་ཉིད་ལ་གསོལ་བ་གདབ་པར་བསམ་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །བཅོམ་ལྡན་ཁྱོད་ལ་གསོལ་བ
་ནི། །སྙིང་པོ་འདི་ཡི་རྟོག་པ་ནི། །བདེ་བ་ཆེན་པོ་མྱུར་སྒྲུབ་བྱེད་ཅེས་བྱ་བའི་ཚིག་འདིས་སོ། །དེ་ནས་ལངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་བར་བྱས་ནས། བདག་ནི་རང་ཉིད་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ནས་བདག་རྡོ་རྗེ་ཆེན་པོ་བདག་ཅེས
་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལ་དང་པོའི་རྡོ་རྗེས། ཧཱུཾ་བཛྲ་ཏིཥྛ་སརྦ་ཏ་ཐཱ་ག་ཏཱ་ཤྲཱི་མཧྣ་ས་མ་ཡ་མཎྚ་ལ་ཨུཏྠ་པ་ཡ་ཞེས་བརྗོད་ཅིང་གསང་བའི་དཀྱིལ་འཁོར་བཏེག་ལ། ནམ་མཁའ་ཨི་ཕྱོགས་སུ་བཞུགས་སུ་གསོལ་ཏེ་སྔ་མ་བཞིན་དུ་དང་པོའི་རྡོ་རྗེ་གནས་གཞིར་ཡི་གེ་ཧཱུཾ
་དང་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་ལ། སླར་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་ཏིཥྛ་མ་ཊ་ཅེས་བྱ་བ་མིག་གཉིས་སུ་རྣམ་པར་བསམས་ལ། ཕྱག་རྒྱ་ལ་གནས་ཏེ་བཞིན་ལས། །ཀུན་ཏུ་རྣམ་པར་བལྟས་ནས་ནི། །ཡི་གེ་ཧཱུཾ་ནི་བརྗོད་བྱ་ཞིང།
་བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་གསང་བའི་དངོས་པོའི་དཀྱིལ་འཁོར་བཀུག་ལ། བྱིན་གྱིས་བརླབ་པའི་ཕྱག་རྒྱས་བྱིན་གྱིས་བརླབ་སྟེ། སྔ་མ་བཞིན་དུ་ཕུར་བུས་གདབ་པར་བྱའོ། །དེ་ནས་བགེགས་བསྐྲད
་པ་ལ་སོགས་པ་དང། སྒོ་བཅད་པ་དང། དཀྱིལ་འཁོར་གྱི་བསྲུང་བ་ཐམས་ཅད་བྱས་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པའི་དཀྱིལ་འཁོར་གྱི་སྒོ་ཡོངས་སུ་གསང་བའི་དོན་དུ་བཞག་ལ། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་དྲི་ཞིམ་པོའི་ཆུས་དཀྱིལ་
་འཁོར་གྱིས་ས་གཞི་བྱུག་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལན་བདུན་གྱིས་མངོན་པར་བསྔགས་པའི་དྲིའི་མཎྜལ་རྣམས་ལྷ་ཐམས་ཅད་ཀྱི་གནས་རྣམས་སུ་བྱའོ། །མཎྜལ་དེ་རྣམས་ལ་དཔལ་རྡོ་རྗེ་སེམས
་དཔའ་ལ་སོགས་པ་རྣམས་དང་རང་གི་སྙིང་པོ་བཀོད་ལ། མཆོད་པ་ལྔ་ཡིས་ཡང་དག་པར་མཆོད་ལ་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་མེ་དང། རྡོ་རྗེ་སེམས་དཔའ་རྣཾས
་སོ་སོར་ལན་བརྒྱ་རྩ་བརྒྱད་བཟླས་པ་དེའི་ཆོ་གས་ལྷག་པར་གནས་པར་བྱས་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་མདུན་དུ་བཞག་ནས་རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་སེམས་དཔའ་དང། སངས་རྒྱས་སྤྱན་རྣམས་ཀྱི་རེ་རེ་ཞིང་ཡང་མར་ལ་སོགས་པ་བརྒྱ་རྩ་བརྒྱད་ཀྱིས་སྦྱིན
་སྲེག་བྱའོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས་རྣམ་པ་བཅུ་གཉིས་ཀྱི་ཕྱག་རྒྱའི་མཆོད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་ཅིང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་མཆོད་ཡོན་ཕུལ་ལ། སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །དེ་བཞིན་དུ
་ལྷག་པར་གནས་པར་བྱའོ། །སླར་ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ཅིང་ཕྱག་བྱ་སྟེ། ཟབ་པ་དང་རྒྱ་ཆེན་པོའི་ཆོས་སློབ་མ་རྣམས་ལ་བསྟན་པར་བྱས་ལ
་སློབ་མའི་ཚོགས་དང་བཅས་པའི་སློབ་དཔོན་གྱིས་དཀྱིལ་འཁོར་གྱིས་གཞིའི་མཐར་རྨི་ལམ་བརྟག་པར་བྱའོ། །དེ་ནས་སྐྱ་རེང་འཆར་བའི་དུས་སུ་མལ་ནས་འདས་ཏེ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ
་འཁོར་ཆེན་པོའི་ཚོགས་དེ་བཞིན་དུ་ནམ་མཁའ་ཨི་ཕྱོགས་སུ་དཀྱིལ་འཁོར་བཞག་ལ་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་རྡུལ་ཚོན་དགྱེ་བར་བྱ་སྟེ། དཀྱིལ་འཁོར་གྱི་དབུས་ཀྱི་ལྟེ་བ་ལྷ་མོ་བཞི་དང། ཡང་དག་པར་འདུས་པའི་སྦྱོར་བས་བྲིས་ལ། དཔལ་རྡོ་རྗེ་སེམS
་དཔའ་ཨི་རས་རིས་དེ་ཤར་ཕྱོགས་སུ་མངོན་པར་ཕྱོགས་པར་བཞག་ལ། ཨོཾ་སུ་ར་ཏསྟཝཾ་ཧཱུཾ་ཞེས་བྱ་བ་ཟློས་ཤིང་ནམ་མཁའ་ཨི་ཕྱོགས་ནས་ཕབ་སྟེ། དཔལ་རྡོ་རྗེ་སེམས་དཔའ་རས་རིས་དེ་ལ་དགོད་པར་བྱའོ། །འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ
་ལས་གསུངས་པའི་སྙིང་པོ་རྣམས་ཀྱིས་སོ། །དེ་ལ་གཡས་ཕྱོགས་ན་བཞུགས་པའི་ཀཱི་ལི?་ཀཱི་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁྱུད་ནས་སྤྲོ་བ་བསྐྱེད་པར་འགྱུར་བར་བྲི་བར་བྱའོ། །ཀཱི་ལི་ཀཱི་ལའི་གཡས་ཕྱོགས་ན་འདོད་ཆགས་རྡོ་རྗེ་མ་དང། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་རྡོ
་རྗེ་གཞུ་བླངས་ཏེ། ཕྱག་གཡས་པས་རྡོ་རྗེ་རྩེ་གཅིག་པའི་མདེའུ་དང་ལྡན་པའི་མདའ་གསར་བ་ལ་བརྩོན་པའོ། །རྡོ་རྗེ་དྲན་མ་ནི་ཕྱག་གཡོན་པས་ཆུ་སྲིན་གྱི་རྒྱལ་མཚན་འཆད་པ་སྟེ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་བཅོམ་ལྡན་འདས་ཀྱི་བསྙེམས་པའི་ཕྱག་གིས་ཡོངས་སུ
་འཁྱུད་པའོ། །རྡོ་རྗེ་དྲན་མའི་གཡོན་ལོགས་སུ་རྡོ་རྗེ་འདོད་པའི་དབང་ཕྱུག་མ་སྟེ། གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་བསྙེམས་པ་མཛད་ནས། ཕྱག་གཡས་པས་མེ་ཏོག་གི་ཕྲེང་བ་བླངས་ཏེ། དེས་བཅོམ་ལྡན་འདས་བསྣུན་བར་མཛད་པར་བྲི་བར
་བྱའོ། །རྡོ་རྗེ་སེམས་དཔའ་ཨི་མཚམས་རྣམས་སུ་དུས་ཀྱི་མཆོད་པ་དགོད་པར་བྱའོ། །རབ་ཏུ་དགའ་མའི་དགའ་བ་དང། །སྤྱན་དང་དེ་བཞིན་དཔལ་ཆེན་ནོ། །མེ་ཏོག་སྤོས་དང་མར་མེ་ཆེ། །དྲི་རྣམས་སྟེང་དུ་ཀ་བུ་ཏས། །ལྷ་མོ་རྡོ་རྗེ་རྒྱལ་མོ་རྣམས། །དེ་ཡི་ཕྱག་རྒྱ་བཤད
་པར་བྱའོ། །ཏེ་བཛྲ་ར་ཏི་མ་ཧཱ་ར་ཏི་བཛྲ་ཧོ། །ོཾ་བཛྲ་ལོ་ཙ་ནི། མཧཱ་ཤྲཱི་བཛྲ་ཧཱ། སྒེག་མོ་གཞད་མ་གླུ་མཆེ། །གར་མ་ལྟ་ཡི་བུ་མོའི་ཚོགས། །འདི་དག་སྒེག་མའི་རྡོ་རྗེ་མ། །ཕྱི་ཡི་མཚམས་སུ་དགོད་པར་བྱ། །ཧེ་ར་ཏི་བཛྲ་བི་ལས་ནི་ཏྲཊ། བི་ག་པ་ཏི་བཛྲ་ཧ་ས་ཧ་ཧ།
་ཧེ་ར་ཏི་བཛྲ་གི་ཏེ་ཏེ་ཏེ། ཧེ་རི་ཏེ་བཛྲ་ནི་ཏི་པེ་པ་པེ་པ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་མ། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུམ། །སྒོ་བསྲུངས་མ་ནི་བཞི་པོ་དག། སྒོ་རྣམས་ལ་ནི་བཞུགས་པ་ཡིན། །བཛྲ་ཨཾ་ཀུ་ཤི་ཛ་།བཛྲ་པ་ཤ་ཧཱུཾ་།བཛྲ་ཤཾ་ཀ་ལེ་བཾ། བཛྲ་གནདྷE་ཧོ་ཞེས་བྱ་བའོ། །རྡོ་རྗེ
་སེམས་དཔའ་ཨི་དཀྱིལ་འཁོར་ལས་གསུངས་པ་ཁོ་ནའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་བྲི་བར་བྱ་ཏེ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་དང་ལྷ་མོ་བཞི་པོ་ནི་རབ་ཏུ་གྲགས་པ་ཡིན་ནོ། །རབ་ཏུ་དགའ་མ་དང། སྒེག་མོ་དང། ལྕགས་ཀྱུ་མ་རྣམས་ནི་སྐུ་མདོག་དཀར་དམར་རོ།།
་དགའ་མ་དང། བཞང་མ་དང། ཞགས་པ་མ་ལ་སོགས་པར་རྣམས་ནི་བླ་ཀ་ཤ་ལྟར་དཀར་བའོ། །སྤྱན་དང་གླུ་མ་དང། ལྕགས་སྒྲོག་མ་རྣམས་ནི་ཨུཏཔ་ལ་སྔོན་པོའི་འདབ་དང་མཚུངས་པའི་མདོག་ཅན་ནོ། །དཔལ་ཆེན་མོ་དང། གར་མ་དང། དྲིལ་བུ་མའི་སྐུ་མདོག་སེར་མོའོ།།
་དེ་ལྟར་དཀྱིལ་འཁོར་བྲིས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ། ཇི་ལྟ་བ་བཞིན་དུ་ཞུགས་ཏེ། སྒོ་དབྱེ་བར་བྱ་སྟེ། སླར་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམས་ཏེ། འདུད་པ་བྱས་ནས
་མཚན་བརྒྱ་?་བསྟོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་མདུན་དུ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གོས་འདུག་སྟེ། །རྡོ་རྗེ་དྲིལ་བུ་དང་བཅས་པའི་གསང་བའི་ལྕགས་ཀྱུ་མ་བཅིངས་ཏེ། ཛ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པའི་སྤྱན་འདྲེན
་པའི་གླུ་ཡིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དགུག་ལ་དཀྱིལ་འཁོར་དུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲང་པ་ལ་སོགས་པ་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྒོ་རྣམས་བཅང་ལ། །རྡོ་རྗེ་གོ་ཆས་གོ་བཀོན་ནས་ཡི་གེ་ཧཱུཾ་བརྗོད་ཅིང་བཅོམ
་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ། །དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ།
་དེ་ལ་བཅོམ་ལྡན་འདས་དང། འདོད་ཆགས་རྡོ་རྗེ་མ་དང། རབ་ཏུ་དགའ་མ་དག་།སྒེག་མོ་དང། ལྕགས་ཀྱུ་མ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་བའོ། །ཀཱི་ལི་ཀཱི་ལི་དང། དགའ་མ་དང། བཞད་མ་དང། ཞགས་པ་མ་ནི་དེ་བཞིན
་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་བའོ། །རྡོ་རྗེ་དྲན་མ་དང། སྤྱན་མ་དང། གླུ་མ་དང། ལྕགས་སྒྲོག་མ་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་པའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མ་དང། དཔལ་ཆེན་མོ་དག
་གར་མ་དང། རྡོ་རྗེ་དྲིལ་བུ་མ་ནི་དེ་བཞིན་གཤེགས་པ་དོན་ཡོད་པར་གྲུབ་པའི་ཅོད་པན་གྱི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་བ་བུམ་པ་གང་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་བཞིན་དུ་ཡང
་དག་པར་མཆོད་ལ། ཕྱི་རོལ་ཏུ་གཏོར་མ་བཏང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་མེ་དང། སངས་རྒྱས་སྤྱན་རྣམས་ཀྱིས་དེ་བཞིན་དུ་སྦྱིན་སྲེག་བྱས་ཏེ། ཐབ་ཁུང་གི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ཡི་གེ་ཧཱུཾ་ལ་སོགས་པ
་བརྗོད་ཅིང་མེ་ཏོག་གི་དཀྱིལ་འཁོར་གྱི་ཚུལ་དུ་བཀོད་ལ། མར་ལ་སོགས་པའི་རྫས་རྣམས་རེ་རེ་ཞིང་ཡང་ཡི་གེ་ཧཱུཾ་གིས་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་བྱའོ། །འདོད་ཆགས་རྡོ་རྗེ་མ་སོགས་ཀྱི། །སྙིང་པོ་རྣམས་ཀྱིས་བདུན་བདུན་སྲེག། དེ་ནས་ཡི་གེ་ཧཱུཾ་ལ་སོགས་པ
་བརྗོད་ཅིང་མེ་ཏོག་དག། བོ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་བྲིས་པའི་དཀྱིལ་འཁོར་དང་གཅིག་ཏུ་བྱས་ཏེ། ཇི་ལྟ་བ་བཞིན་དུ་རང་གི་གདོང་གཡོགས་བཅིང་བ་ལ་སོགས་པ་བྱས་ལ། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་པ་སྔ་མ
་བཞིན་དུ་བླངས་ནས། ཨོཾ་སརྦ་ཡོ་ག་ཅི?་དྷཱ་ཨུཏཔ་ཏ་ཡ་མི་ཞེས་བྱ་བས་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་ནས། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ཏེ། རང་གི་སྙིང་གར་ཡི་གེ་ཧཱུཾ་གི་ས་བཀོད་ལ་འདི་ལྟར་བརྗོད་པར་བྱ་སྟེ། སུར་ཏེ་ས་མ་ཡ་སྟྠཾ?་ཧོ་བཛྲ
་སིདྡྷཡ་ལ་ཊཱ་སུ་ཁམ་ཞེས་བྱའོ། །དེ་ནས་སྒོའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བླངས་པ་ངེས་ཡི་གེ་ཧཱུཾ་བརྗོད་ཅིང་བདག་ཉིད་ལ་དབང་བསྐུར་ཏེ། ཇི་ལྟར་བཤད་པའི་མཚན་ཅན་གྱི་རྡོ་རྗེ་ཤུགས་ཀྱིས་རྡོ་རྗེའི་གར་ཀྱི་སྦྱར་བ་ཡིས
་སྤྱི་བོར་མེ་ཏོག་ག་སུ་ཏ། །རྡོ་རྗེ་གླུ་ཡིས་གར་བྱ་ཞིང། །གྲོང་ཁྱེར་དུ་ནི་རབ་འཇུག་བྱ། །དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་པའི། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག་།མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། ཛ:ཧཱུཾ་བཾ་ཧོ:རབ་ཏུ
་གྲུབ་པར་མཛོད་ཅེས་བྱ་བ་དང། ཤར་གྱི་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ལྕགས་ཀྱུ་མས་བདག་ཉིད་བཀུག་པར་བསམ་པར་བྱའོ། །དེ་ནས་ལྷོའི་སྒོ་ནས་དེ་བཞིན་དུ་འཇུག་པ་དང། རྡོ་རྗེ་ཞགས་པ་མའི་སྙིང་པོ་ཡང་བརྗོད་པར་བྱའོ། །དེ
་ནས་དེ་བཞིན་དུ་ནུབ་ཀྱི་སྒོ་ནས་འཇུག་པ་དང། རྡོ་རྗེ་ལུ་གུ་རྒྱུད་མའི་སྙིང་པོ་ཡང་བརྗོད་པར་བྱའོ། །དེ་ནས་སླར་ཡང་བྱང་གི་སྒོ་ནས་དེ་བཞིན་དུ་འཇུག་པ་དང། རྡོ་རྗེ་དྲིལ་བུ་མའི་སྙིང་པོ་ཡང་བརྗོད་པར་བྱའོ། །སླར་ཡང་ཤར་གྱི་སྒོ་ནས་དེ
་བཞིན་དུ་ཞུགས་ནས་འདི་ལྟར་བརྗོད་པར་བྱ་སྟེ། མ་ཧཱ་ར་ཏ་སུ་ཏྲི་ཏ་སུ་ཏྲོ་ཤ་སུ་སུ་ཁོ་བཛྲ་ས་ཏྭ་ཨ་དྱ་སིདྡྷ་མཾ་ཞེས་བྱ་བའོ། །དེ་ནས་རྡོ་རྗེ་གར་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། གཡོན་པའི་རྡོ་རྗེ་མིག་གིས་ནི། །དེ་ཡི་མགོན
་པོ་ལ་ཕྱག་བྱ། །གཡོན་བསྙེམས་བཞིན་པས་བསྟོད་པ་ཡིས། །སྒེག་མའི་མིག་ནི་བཙུམ་པའོ། །ོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛ་ཧཱུཾ་བཾ་ཧོ། ཧེ་ཧེ་ཧེ་ཧེ་ཧི། མགོན་པོ
་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །སླར་ཡང་འཇུག་པའི་ཕྱག་རྒྱ་བཅིངས་ལ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་ལ་དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་པར་བྱ་སྟེ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ
་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེན་པོ། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ་ཅེས་བྱའོ། །འདི་ཡང་བརྗོད་པར་བྱ་སྟེ། ཛ་ཧཱུཾ་བཾ་ཧོ། པྲ་ཏི་སིདྡྷ་མཾ་ཞེས་བྱའོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་དཔའ་
་རྡོ་རྗེ་མའི་ཕྱག་རྒྱ་བྲལ་ཞིང་ཧཱུཾ་ཨ་ཞེས་བྱ་བས་ལན་བརྒྱ་བརྗོད་ཅིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་མེ་ཏོག་སིལ་མ་གཏོར་བར་བྱ་སྟེ། ཀ་པུ་ཏའི་ཐལ་མོ་ནི། །སྤྱི་བོར་བཞག་སྟེ་ཕབ་ནས་ཀྱང། །སྒེག་བཅས་མཐེ་བོང་མཐེ་ཆུང་བར། །བཟོལ?་ནས་རྡོ་རྗེ་འཛིན་ལ་དབུལ།།
་དེ་ནས་ཕྱག་འཚལ་བའི་སྔགས་བརྗོད་ཅིང་བྱའོ། །དེ་ནས་ཕྲེང་བ་དེ་སྔགས་འདིས་རང་གི་སྤྱི་བོར་བཅིང་བར་བྱ་སྟེ། འདོད་པ་ཀུན་གྱི་དབང་ཕྱུག་ཉིད། །སེམས་ཅན་ཀུན་ལ་བདེ་སྩོལ་བ། །ཐམས་ཅད་གྲུབ་ཕྱིར་རྡོར་འཛིན་གྱི། །དེ་རིང་ཁྱེད་ལ་དབང་བསྐུར་མཛད།།
་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་སུ་ར་ཏ་སྟཝཾ་ཞེས་བྱ་བའོ། །དེ་ནས་བཛྲ་ཙཀྵུ་ས་མ་ཡ་སརྦ་སུ་ར་ཏ་སྟཝཾ་བྱ་བ་འདིས་གདོད་གཡོགས་དགྲོལ་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ལས་མིག་གཉིས་སུ་རྡོ་རྗེ་རྣམ་པར་བསམས་ལ་ཧེ་བཛྲ་པ་ཤ་ཞེས་བརྗོད་ཅིང། རྡོ་རྗེ་ལྕགས
་ཀྱུ་མ་ནས་བརྩམས་ཏེ་དཔལ་རྡོ་རྗེ་སེམས་དཔའ་ཨི་མཐར་ཐུག་པའི་བར་གྱི་དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་འཇུག་པའི་ཕྱག་རྒྱ་བཅིངས་ཏེ་དགྲོལ་བར་བྱའོ། །རྡོ་རྗེ་ཐལ་མོ་བསྐོར་བ། །ཤིས་པར་བརྗོད
་པ་སྦྱིན་པའི་ཚུལ་གྱིས་སྙིང་གའི་ཕྱོགས་སུ་བཟུང་ཞིང་མཚན་བརྒྱ་རྩས་བཅོམ་ལྡན་འདས་ལ་བསྟོད་དེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་གསང་བའི་མཆོད་པ་བཞི་དང། གླུ་དང་གར་གྱིས་མཆོད་པས་ཡང་དག་པར་མཆོད་ལ། རང་གི་བདག་ཉིད་རྡོ་རྗེ་སེམS
་དཔར་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རང་གི་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོའི་སྦྱོར་པས་དེ་བཞིན་དུ་ལུས་ཀུན་ལ་ཡང་དག་པར
་བཅུག་ལ་བཞག་ཏེ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ཤར་གྱི་སྒོར་མངོན་པར་ཕྱོགས་པར་སྣ་ཚོགས་པདྨ་བྲིས་ཏེ། དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོས་ཉེ་བར་འདུག་པ་འམ། ཡང་ན་དབང་བསྐུར་བའི་དཀྱིལ་འཁོར་དུ་སྣ་ཚོགས་པདྨ་བྲིས་པའི་?
་གྱིས་བཀབ་པའི་སེང་གེའི་གདན་ལ་འདུག་སྟེ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བའི་མཆོད་པ་ལྔས་བདག་ཉིད་ཡང་དག་པར་མཆོད་ལ། རྣམ་པར་རྒྱལ་པའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་ཆུ་བླངས་ཏེ། དབང་བསྐུར་བར་བྱ་ཞིང། ཆུ་དེ་བཏུང་བར་ཡང་བྱའོ།།
་དེ་ཡང་ཨོཾ་བཛྲ་ཨ་བྷིའི་ཉྩ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་ཞེས་བྱ་བ་ལ་སོགས་པ་མནའ་བསྒག་པའི་སྙིང་པོ་ཡང་བརྗོད་ཅིང་བྱའོ། །དེ་ནས་གསོ་དང་རྒྱན་རྣམས་ཀྱིས་བདག་ཉིད་བརྒྱན་ལ། སངས་རྒྱས་ལྔའི་ཅོད་པན་གྱི་ཕྱག་རྒྱའི་དབང་བསྐུར
་བ་དང། ཕྱིའི་ཡང་དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང་རང་དབྱངས་ཀྱིས་དབང་བསྐུར་བ་བླངས་ནས། རྡོ་རྗེ་དང་བདག་པོ་དང། མིང་གི་དབང་བསྐུར་བ་དང། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱང་གཟུང་བར་བྱའོ། །དེ་ནས་ཕྱིའི་མེ་ཏོག་ལ་སོགས་པས་བདག
་ཉིད་ཡང་དག་པར་མཆོད་ལ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཆོས་དང་དམ་ཚིག་རྣམས་བླངས་ལ་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གསུམ་གྱི་གྲུའི་མཆོད་པ་བྱ
་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་སྙིང་པོ་དང་ཕྱག་རྒྱ་བཞིའི་ཡེ་ཤེས་བཅོམ་ལྡན་འདས་ལས་བླངས་ལ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནས་པ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་བླངས་ཏེ། སླར་ཡང་བདག་བྱིན་གྱིས་བརླབས
་པ་ལ་སོགས་པ་དང། ཇི་ལྟར་མངོན་པར་འདོད་པའི་བཟླས་པ་བྱས་ཏེ་བྱུང་བར་བྱའོ། །སློབ་དཔོན་གྱིས་ལས་ཀྱི་ཆོ་ག་ཡོངས་སུ་རྫོགས་པའོ།། །དེ་ནས་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་བྱ་སྟེ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ནས།།
་སྙིང་གར་བཞག་སྟེ། གདོང་བསྐྱོད་པའི། །སྤྱི་བོར་ཡང་དག་ཕྱག་བྱས་ན། །དངོས་གྲུབ་ཐམས་ཅད་རབ་གྲུབ་པའོ། །བདེ་བ་ཆེན་པོ་ཆགས་པ་ཆེ། །འགྲོ་ཀུན་ལ་ཡང་འགྲུབ་འགྱུར་ཞེས། །ལན་གསུམ་བསྐོར་བ་བྱས་ནས་ནི། །བསྟོད་དཀྱིལ་འཁོར
་དུ་གཞུག?་པ། །དེ་ནས་དུས་ཀྱི་མཆོད་པ་ཡིས། །བདེ་ཆེན་ཡང་དག་མཆོད་ནས་ནི། །རྡོ་རྗེ་གཟུང་ནས་དབང་བསྐུར་ཕྱིར། །དེ་བཞིན་སློབ་མ་འཇུག་པར་བྱ། །དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་པའམ། དགེ་ཚུལ་ལ་མི་དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་བའི་སློབ་མ་ཇི་ལྟ་བ་བཞིན་དུ
་ལྷག་པར་གནས་པར་བྱས་པས་སྡོམ་པ་གཟུང་བར་བྱ་བ་ཡིན་ནོ། །ངེས་ཀྱང་སློབ་དཔོན་ལ་ཕྱག་བྱས་ནས། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ་།བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མ་ཡིན?་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་ཉིད་?་བདག
་ལ་སྩོལ། །སྡོམ་པ་ཡང་ནི་བདག་ལ་སྩོལ་ཞེས་བྱ་བའོ། །དེ་ནས་རྡོ་རྗེ་གཅོད་སྦྱིན་ཡོངས་སུ་བཟླས་པའི་སྣ་ཚོགས་པའི་གོས་ཀྱིས་སྟོང་གཡོགས་བྱས་ཞིང། །རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་ཡོངས་སུ་བཟླས་པའི་སྣ་ཚོགས་པའི་གོས་ཀྱིས་གདོང་གཡོགས་དཔལ་ལྡན་ཞིང་།མེ་ཏོག་གི་ཕྲེང
་བ་དང་བཅས་པའི་ཁ་དྲི་ཞིམ་པོར་བྱས་པའི་སློབ་མ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེའི་རྗེས་ལ། ཨོཾ་སརྦ་ཡོ་ག་ཙིཏ་ཨུཏྠ་ཏ་ཡ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཞག་གོ། དེ་བཞིན་དུ་དེའི་སྙིང་གང་སུར་ཏེ་ས་མ་ཡ
་སྟཝཾ་ཧཾ་བཛྲ་སིདྡྷི?་ཡ་ཐཱ་སུ?་ལཾ་ཞེས་བྱ་བས་རྡོ་རྗེ་བསྐྱེད་ལ། ?་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབ་སྟེ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་ཡོན་གྱི་མཆོག་བླངས་ལ་རྡོ་རྗེ་ཤུགས་ཀྱི་རང་འཇུག་པའི་ཚུལ་བུ་བཙུག་ནས། དགའ་བ་ཆེན་པོ་ནི་ཞེས་བྱ་བ་ལ་བརྗོད་དུ་གཞུག་གོ། དེ
་ནས་དེ་ལ་ཇི་ལྟར་བཞིན་དུ་དབབ་པ་བསྐྱེད་ལ། དེ་བཞིན་དུ་སློབ་མ་མེ་ཏོག་དོར་དུ་གཞུག་གོ་།དེ་ནས་ཕྲེང་བའི་དབང་བསྐུར་བ་དེ་ལ་བྱིན་ནས་དེའི་གདོང་གཡོགས་དཀྲོལ་བར་བྱས་ལ་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་སླར་ཡང་འཇུག་པའི་ཕྱག་རྒྱ་བཅིང་དུ་བཅུག
་ནས་དེ་ཉིད་ཀྱི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་དེ་བཞིན་དུ་དེ་ཉིད་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་དེའི་ལུས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་གནས་ཇི་ལྟ་བ་བཞིན་དུ་དམ་ཚིག་གིས་ཕྱག་རྒྱ་རྣམས་ཀྱིས་བཀོད་ལ། དེ་བཞིན་གཤེགས་པ་རྣམས་ཀྱང
་ཇི་ལྟ་བ་བཞིན་དུ་བཀོད་དེ། སློབ་དཔོན་དབང་བསྐུར་བའི་ཆོ་གས་ཡོན་གྱི་མཆོག་བླངས་ཏེ། ཆུའི་དབང་བསྐུར་བ་དང། ཕྱག་རྒྱ་དང། ཅོད་པན་དང། དར་དབྱངས་དང། རྡོ་རྗེ་དང། བདག་པོ་དང། མིང་གི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས
་དེ་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང། འདོད་ཆགས་རྡོ་རྗེ་མ་ལ་སོགས་པས་དེ་ཡང་དག་པར་མཆོད་ལ། གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་བཤད་པ་བྱས་ལ་དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་རྣམས་དེ་ལ་སྦྱིན་ཏེ
་དམ་ཚིག་གསུམ་གྱིས་རྡོ་རྗེའི་གླུའི་མཆོད་པ་སློབ་ཏུ་གཞུག་གོ་།དེ་ནས་ཚིགས་བཅད་ལྔས་རྗེས་སུ་གནང་བ་དང། མནའ་སྔོན་དུ་སོང་བའི་སྙིང་པོ་དང། ཕྱག་རྒྱ་བཞིའི་ཡེ་ཤེས་བྱིན་ལ། གཟེངས་བསྟོད་པ་དང། ལུང་བསྟན་པས་ལུང་བསྟན་པར་བྱའོ། །དེ་ནས་ཇི་ལྟར་ཞུགས་པ
་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དབུགས་དབྱུང་བ་དང། སྔོན་དུ་སྤྱོད་པ་བྱས་པའི་སློབ་མའི་ཆོ་ག་དང་བཅས་པས་རྗེས་སུ་བསྒྲུབ་པ་དང། སོ་སོར་རྗེས་སུ་བསྒྲུབ་པ་བྱིན་ལ། ཚོགས་ཀྱི་དཀྱིལ་འཁོར་བྲིས་པའི་དཀྱིལ་འཁོར་དམ། ལུགས་མ་འམ།
་བཅུངས་པའི་ལྷའི་སྐུ་དང་ལྡན་པའི་དཀྱིལ་འཁོར་དུ་ཞུགས་ཏེ། རྡོ་རྗེ་དང་དྲིལ་བུ་གཉིས་བརླ་གཉིས་ལ་བཅིངས་ཏེ། ངེས་དེ་རྒྱུན་མ་ཆད་པར་དཀྲོལ་ཞིང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དོན་བསྒོམ་པར་བྱའོ། །སླར་ཡང་གཡས་པའི་རོལ་མོ་དང་བཅས་པའི་རྡོ་རྗེ་དང
་དྲིལ་བུ་དང་ལྡན་པའི་པི་ཝང་ལ་སོགས་པ་དང། དེ་ཁོ་ན་ཉིད་ཀྱི་གླུ་དང་བཅས་པའི་ཡི་གེ་ཧཱུཾ་གི་གླུས་རྗེས་སུ་བསྒྲུབ་པར་བྱས་ལ། །སྣོད་དུ་གྱུར་པའི་སློབ་མའི་ཆོ་གས་རྗེས་སུ་བསྒྲུབ་པའམ་རྣལ་འབྱོར་གྱིས་བཞག་པར་བྱས་ལ། སློབ་མའི་ཚོགས་དང་ལྷན་ཅིག་ཏུ་དཀྱིལ
་འཁོར་བསྐོར་བ་ལྟ་བུའི་གར་བྱས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གདོང་བརྙན་རང་གི་གདོང་ལ་བསྒོམ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྒྱན་རྣམས་ཀྱིས་བདག་ཉིད་ཡང་དག་པར་བརྒྱན་པ་དེའི་རྣལ
་འབྱོར་དང་ལྡན་པའི་ཕྱག་རྒྱ་སྣ་ཚོགས་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །དང་པོ་རེ་ཞིག་རྒྱལ་མཚན་གྱི་མིང་ཅན་གྱིས་རྗེས་སུ་སྒྲུབ་པ་པོས་གནས་གང་དུ་རྡོ་རྗེ་སེམས་དཔའ་བཞུགས་པ་དང། ཇི་ལྟ་བུ་ཡིན་།ཅི་མཛད་ཅེས་བྱ་བ་དྲི་བར་བྱའོ། །དེ་ནས་སྒྲུབ་པ་པོས། །དངོས་གྲུབ་ཀུན་གྱི་བདེ་བ
་ཉམས་དགའ་བའི། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག་།མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཛ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་རྒྱུད་གཞན་ལས་གསུངས་པའི་ཇི་ལྟར་རྟོགས་པའི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་དང། རྗེས་སུ་མཐུན་པའི་གླུའི་མཆོད་པ་བྱའོ། །དེ་ནས་སློབ་དཔོན་གྱིས། །སངས་རྒྱས་ཀུན་གྱི་གསང་བ་ཆེ། །དམ་ཚིག་མཆོག་ནི་སྒྲུབ་པ་པོ་ཞེས་བྱ་བ་ནས་ཇི་སྲིང་གསང་བ་མཆོག་ཅེས
་བྱ་བའི་བར་གྱིས་གསང་བའི་དཀྱིལ་འཁོར་གྱི་གཏམ་བྱ་བ་ཡིན་ནོ། །དཀྱིལ་འཁོར་གཞན་དུ་ནི་རབ་ཏུ་འཇུག་པའི་གླུའི་མཆོད་པ་བྱས་ལ། དང་པོ་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་པར་བྱེད་པའི། དེ་ནས་དང་པོའི་གནས་ཉམས་དགའ་
་ཞེས་བྱ་བ་ལ་སོགས་པའི་གཏམ་བྱ་བ་ཡིན་ནོ། །རང་གི་མཚན་མ་གཟུང་ཏེ། དོན་གྱི་ཚུལ་གྱིས་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སྙིང་པོ་བརྗོད་པར་བྱའོ། །དེ་ལྟར་འདོད་ཆགས་རྡོ་རྗེ་མ་ལ་སོགས་པས་རང་གི་ལྷའི་གཏམ་གྱིས་ཕྱག་མཚན་བླངས་ཏེ་དོན་གྱི་ཚུལ
་སྦྱིན་པར་བྱའོ། །ཕྱི་ནས་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་ལྷའི་སྙིང་པོ་བཟླས་ལ་དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་བསྒོམ་པས་ངལ་ན་སླར་ཡང་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་བྱའོ། །དེ་ནས་དཀྱིལ་འཁོར་བསྒོམ་པར
་བྱའོ། །དེ་ནས་ངལ་བསོས་ལ་ཡི་གེ་ཧཱུཾ་གི་གླུ་དེ་ཉིད་དེ་ཁོ་ན་ཉིད་ཀྱི་གླུ་དང་བཅས་པས་བརྗོད་ཅིང། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་བྱས་ན། ཉི་མ་འཆར་བའི་དུས་སུ་རང་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །གལ་ཏེ་གྲུབ་པར་མ
་གྱུར་ན་ངལ་བ་བསོ་ཞིང་ཁྲུས་ལ་སོགས་པ་བྱས་ལ་ཟླ་བ་གཅིག་གི་བར་དུ་བསྒོམ་པར་བྱའོ། །མཐར་ཉ་ལ་མཚན་ཐོག་ཐག་ངལ་བསོ་ཞིང། ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་སྦྱོར་བས་བསྒྲུབ་པར་བྱའོ། །དེ་ནས་ཉི་མ་འཆར་བའི་དུས་སུ་བཅོམ་ལྡན
་འདས་འཁོར་དང་བཅས་པས་བྱོན་ཏེ་ཚོགས་དང་བཅས་པའི་སྒྲུབ་པ་པོའི་ལུས་དང་ངག་དང་ཡིད་ཀྱི་རྡོ་རྗེ་ལ་ཞུགས་པ་ཡིན་ནོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ། །དཔལ་མཆོག་དང་པོ་ནི་བཤད་ཟིན་ཏོ། །དེ་ལ་དེ་བཞིན་གཤེགས་པ
་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རང་བཞིན་ཅན་ཏེ། དེ་དག་གི་དཔལ་དམ་ཚིག་ཆེན་པོའོ་དཀྱིལ་འཁོར་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་ལྷ་མོ་བཞི་དང་ཡང་དག་པར་སྦྱོར་བ་ཉེ་བར་མཚོན་པ་གང་ཡིན་པ་དེའི་ཆོ
་ག་ནི་རྟོག་པ་སྟེ། དེའི་གྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་སྟོན་པའི་ངོ་བོ་ཡོངས་སུ་རྫོགས་པ་ནི་མཐར་ཐུག་པ་གསང་བ་ཞེས་བྱའོ། །དཔལ་མཆོག་དང་པོའི་རྒྱལ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དེ་བཞིན་གཤེགས?
་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོ་ཡི་དཀྱིལ་འཁོར་གྱི་ཆོ་གའི་བཤད་པ་རྫོགས་སོ།། །།དེ་ནས་འདོད་ཆགས་ཀྱི་འདོད་ཆགས་སྤང་བའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ཅན་གྱི་དེ་བཞིན
་གཤེགས་བ་ཐམས་ཅད་ཀྱི་དཔལ་ཆེན་པོའི་དཀྱིལ་འཁོར་བསྟན་ནས་ད་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་པ་རྣམས་ལ་མྱུར་དུ་དངོས་གྲུབ་སྒྲུབ་པར་བྱེད་པ་དེའི་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ
་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་བརྗོད་པར་བྱེད་པ་སྟེ། དང་པོ་སྦྱོར་བ་འདས་མ་ཐག་པ་ཉིད་དུའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཡིན་ནོ། །དེའི་ཕྱིར་ཞེས་བྱ
་བ་ནི་རྒྱུ་ལའོ། །གང་གི་ཕྱིར་མཆོག་ཏུ་གསང་བའི་ཆོ་ག་འདིས་དེ་བཞིན་གཤེགས་པའི་བཟློས་པ་པོས་སུམ་འགྱུར་གྱི་དངོས་གྲུབ་གྲུབ་པར་འགྱུར་བའི་རྒྱུ་དེའི་ཕྱིར། མཆོག་དེ་ཕུལ་དུ་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཏེ།
་དེ་དགག་དམ་ཚིག་ཆེན་པོ་གསུམ་ནི་ནམ་མཁའ་ཨི་ཁམས་ཐམས་ཅད་དུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སེམས་དཔའ་དང། འཇིག་རྟེན་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོའི་གཟུགས་ཀྱིས་བྱིན་གྱིས་བརླབས་པ་གང་ཡིན་པ་དེའི་དངོས་གྲུབ་ཀྱི་དོན་དུ་གསང་པའི
་ཆོ་གར་གྱུར་པ་ནི་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་གྱི་རྟོག་པ་སྐབས་སུ་བབ་པར་གྱུར་པའོ། །ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོ་གསུམ་གང་ཡིན་ཞེ་ན། སངས་རྒྱས་དང་ཆོས་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད
་གྱིས་རྟོགས་པར་གྱུར་པས་ན་སངས་རྒྱས་ཏེ། བྱང་ཆུབ་ཆེན་པོའི་སེམས་ཀྱི་མཚན་ཉིད་ཅན་གྱི་རྡོ་རྗེ་འཆད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞུགས་པའི་རང་བཞིན་ཅན་གྱི་རྡོ་རྗེ་འཆད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་པའི་རང་བཞིན་ཅན
་གྱི་འཇིག་རྟེན་གྱི་དབང་ཕྱུག་སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ནི་ཆོས་སོ། །རང་བཞིན་གྱིས་འོད་གསལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ལས་བྱུང་བ་གཟུགས་ཐམས་ཅད་སྟོན་པའི་སྤྲུལ་པའི་སྐུའི་རང
་བཞིན་ནི་དགེ་འདུན་ནོ། །གསུམ་པ་དེ་དག་ནམ་མཁའ་ཨི་ཁམས་ཐམས་ཅད་ལ་ཁྱབ་ནས་བཞུགས་ཏེ། དེའི་ཕྱིར་དམ་ཚིག་ཆེན་པོ་གསུམ་པོ་འདི་ཡིན་ནོ། །དཀོན་མཆོག་གསུམ་པོ་འདི་དག་གཟུགས་གང་གིས་གང་དུ་བྲི་བར་བྱ་ཞེ་ན། རས་ཞེས་བྱ་བ་ལ
་སོགས་པ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོག་གི་གཟུགས་ཅན་གྱི་དཀོན་མཆོག་གསུམ་པོ་འདི་ནི་རས་ལ་བྲི་བར་བྱའོ། །ཇི་ལྟ་བུ་ཞེ་ན། གོ་ཆ་བཅས་ཏེ་གོ་ཆ་དང་ལྡན་པའོ། །རྡོ་རྗེ་མཚོན་ཆ་མཆོག
་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རབ་ཏུ་མཛེས་ཤིང་ལེགས་པར་བརྒྱན་པ་བྲི་པར་བྱའོ། །དེའང་ཕྱག་མཚན་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། རྡོ་རྗེ་མཚོན་ཆ་སྟོད་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྩེ་གཅིག་པའི་མདེའུ་དང་ལྡན་པའི་མངའ་ནི་རྡོ་རྗེ་མཚོན
་ཆ་སྟེ། དེ་བསྟོད་པ་ནི་གྱེན་དུ་འདེགས་པའོ། །རྡོ་རྗེ་མཚོན་ཆ་བསྟོད་པ་དང། པདྨ་དམ་པ་དང། རིན་པོ་ཆེ་ཆེན་པོ་འཆང་བ་ནི། རྡོ་རྗེ་མཚོན་ཆ་བསྟོད་པ་དང། པདྨ་རིན་ཆེན་འཆང་བའོ། །མཆོག་ནི་ཕུལ་དུ་བྱུང་པའོ། །འདིར་བཤད་པར་འགྱུར་ཏེ། རས་ཀྱི་དབུས་སུ
་སྣ་ཚོགས་པདྨའི་སྟེང་དུ་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་གཞུ་བཟུང་ནས། ཕྱག་གཡས་པས་མངའ་བསྟོད་པ་ལ་སོགས་པ་བརྩོན་པའི་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཅན་གྱི་དེ་བཞིན་གཤེགས་པ་བྲི་བར་བྱའོ། །པདྨ་དེ་ཉིད་དུ་རྡོ་རྗེ་སེམས་དཔའ་ཨི
་གཡས་ལོགས་སུ་པདྨ་ཁ་འབྱེད་པའི་ཚུལ་གྱིས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་འཛིན་པའི་ཆོས་བྲི་བར་བྱའོ། །པདྨ་དེ་ཉིད་དུ་རྡོ་རྗེ་སེམས་དཔའ་ཨི་གཡོན་ལོགས་སུ་རྡོ་རྗེ་རིན་པོ་ཆེ་འཛིན་པའི་ནམ་མཁའ་ཨི་སྙིང་པོའི་གཟུགས་འཛིན་པའི་དགེ
་འདུན་བྲི་བར་བྱའོ། །དེ་དག་ཐམས་ཅད་འོད་ཀྱི་འཁོར་ལོ་གཅིག་དང། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་དང་ལྡན་པ། སེམས་དཔའ་ཨི་དཀྱིལ་མོ་ཀྲུང་གིས་བཞུགས་པའོ། །གནས་གང་དུ་རས་ལ་དཀོན་མཆོག་གསུམ་འདི་བྲི་བར་བྱ་བ་ཡིན་ཞེ་ན། འཁོར་ལོ
་དེ་ནི་བརྟགས་ནས་སུ། །གསང་བའི་དཀྱིལ་འཁོར་དམ་པའོ་ཞེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་དམ་པ་སྟེ་ཕུལ་དུ་བྱུང་བ་ཡང་དག་པར་བྲིས་ལ། དེའི་དབུས་གྱི་རེ་མིག་ལ་དཀོན་མཆོག་གསུམ་གྱི
་རས་རིས་བྲི་བར་བྱ་ཡི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་བྲིས་ནས་དེའི་རྗེས་ལ་ཇི་ལྟར་བྱ་ཞེ་ན། ཅི་རིགས་པར་ནི་བསྒྲུབས་བྱས་ན། །སུམ་འགྱུར་དུ་ནི་འགྲུབ་པར་འགྱུར། ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་ནི་ཅི་རིགS
་པ་ཏེ། དེ་ལས་མི་འདའ་བར་དཀོན་མཆོག་གསུམ་འདི་སྒྲུབ་པར་བྱ་སྟེ། དེ་ལྟར་བསྒྲུབས་ན་སུམ་འགྱུར་དུ་འགྲུབ་པ་སྟེ། རྫོགས་ཤིང་མངོན་དུ་འགྱུར་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སུམ་འགྱུར་ཏེ། དེ་དང་ལྡན་པའི་རྡོ་རྗེ་འཆང
་ལ་སོགས་པའི་གཟུགས་འཛིན་པའི་དཀོན་མཆོག་གསུམ་ནི་སུམ་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་ངས་རྣལ་འབྱོར་པ་ལ་འགྲུབ་པར་འགྱུར་རོ། །སྙིང་པོ་གང་གིས་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་འདི་སྤྲུལ་ནས
་བྲི་བར་བྱ་སྟེ་ཞེ་ན། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་བྱ་བའི་སྒྲ་ནི་དག་ཉེ་བར་དགོད་པ་ལའོ། །འདི་ཞེས་བྱ་བ་ནི་ཐུགས་ཀ་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་གསུམ་རྫོགས་པར་བྱེད་པའི་ངེས་པའི་ཤེས
་པ་ནི་དམ་ཚིག་ཆེན་པོ་ཞེས་བྱ་བའི་མཆོག་གི་སྙིང་པོ་སྟེ། དེ་སྟོན་པར་བྱེད་པའི་སྒྲ་ཡང་ཉེ་བར་བཏགས་ནས་དེ་ཉིད་ཡིན་ནོ། །དེ་ཡང་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། མཆོག་གི་དངོས་གྲུབ་མ་ལུས་པར་གསོལ་པའོ། །ཞེས་བྱ་བ་ལ། དཀོན
་མཆོག་གསུམ་གྱི་དངོས་གྲུབ་བཟུང་བས་རིགས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བས་ན་མཆོག་གི་དངོས་གྲུབ་མ་ལུས་པར་གསོལ་བའི་སྙིང་པོ་དེ་ཡིན་ནོ། །ོཾ་བྷུ་ཁཾ་ཞེས་བྱ་བ་ལ། ཡི་གེ་ཨོཾ་ནི་རྡོ་རྗེ་འཆང་ངོ། །ཡི་གེ་བྷུ་ནི་རྡོ་རྗེ་དབང་ཕྱུག་གོ།
་ཡི་གེ་ཁཾ་ནི་ནམ་མཁའ་འཕགས་པ་ནམ་མཁའ་ཨི་སྙིང་པོའོ། །ཇི་སྐད་དུ་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང། །དམ་ཚིག་གསུམ་པོ་མཆོག་ཡིན་ཏེ། །ོཾ་བྷུ་ཁ་དུཾ་ཡང་དག་བཤད། །སངས་རྒྱས་ཕྱག་རྒྱ་བརྡ་རུ་བྱས་ཞེས་བྱ་བས་གསུངས་སོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ
་ནས་བརྩམས་ཏེ་ཇི་སྲིད་ཨོཾ་བྷཱུ་ཁཾ་ཞེས་བྱ་བའི་བར་དུ་བསྟན་པས་ཏིང་ངེ་འཛིན་གཉིས་བསྟན་པ་ཡིན་ནོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱའོ།། །།དམ་ཚིག་དང་དབང་སྐུར་བ་ཐོབ་པས་འདིར་བཟླས་པ་དང། ?
་པ་བྱ་བ་ཡིན་ནོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། ཁྱིམ་འམ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱིས་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་ཏེ། ཕྱི་མ་ཞེས་བྱ་བ་ནི་རབ
་ཏུ་གྲགས་པའོ། །ནགས་ཚལ་ཞེས་བྱ་བ་ནི་སྣ་ཚོགས་པའི་རིགས་ཅན་གྱི་ཤིང་དྲུང་གི་ཚོགས་སོ། །དེ་དག་འདིར་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་པའི་དཀྱིལ་འཁོར་གྱིས་ཆོ་གས་ཉེ་བར་མཛེས་ཤིང་ཡང་དག་པར་བརྒྱན་ལ། སྔ་མ་བཞིན་དུ་དཔལ
་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་ཆོ་གས་རང་འཇུག་པའི་ཆོ་ག་ཐམས་ཅད་དང། སློབ་མ་གཞུག་པའི་ཆོ་ག་རྗེས་སུ་སྤྱང་ལ། མཆོག་གི་མཚོན་ཆའི་ཆོ་གས་ཐམས་ཅད་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལྔའི་བཤད་པ
་བྱས་ལ། འདི་བརྗོད་པས་ཏེ་སློབ་མ་རྣམས་ལ་བསྟན་པར་བྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ནི་དངོས་པོའི་རིགས་པས་བདུད་བཞི་ལས་རྣམ་པར་རྒྱལ་བའི་བཅོམ་ལྡན་འདས་རྣམས་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་དུའོ། །བྱང
་ཆུབ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་དང། འཇིག་རྟེན་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་རྣམས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྣམས་ནི་རྣམ་པར་སྣང་མཛད་དང། མི་བསྐྱེད་པ་དང། རིན་ཆེན་འབྱུང་ལྡན་དང།
་སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པའི་རང་བཞིན་ཅན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པ་དང། ལྷའི་བུ་དང། ཕུང་པོ་དང། འཆི་བདག་གིས་བདུད་བཅོམ་པར་མཛད་ན་བཅོམ
་ལྡན་འདས་ཏེ། དེའི་ཕྱིར་འཆི་བདག་གི་བདུད་ལ་སོགས་པ་དང་བྲལ་བས་འཁོར་བའི་ཕྱི་མའི་མཐར་ཐུག་གི་བར་དུ་རྟག་ཏུ་རྡོ་རྗེ་འཆང་དང། འཇིག་རྟེན་དབང་ཕྱུག་དང། བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོའི་གཟུགས་འཛིན་པ་ཡིན་ནོ་ཞེས་བྱ
་བ་ཡིན་ནོ། །དེ་དག་ཅི་མཛད་ཅེ་ན། ལྟ་ངན་ཞེས་བྱ་བ་ལ་སོགས་པ་ལ། འཁོར་བ་ལ་རྟག་པའི་འདུ་ཤེས་ཅན་གང་ཡིན་པ་དེ་ནི་ལྟ་བ་ངན་པ་དང་ལྡན་པའི་སེམས་ཅན་རྣམས་སོ། །དེ་དག་གི་རྟག་པའི་འདུ་ཤེས་དང་བྲལ་མཛད་པའི་ཕྱིར། ཤཱཀྱའི་རིགས་ལ་སོགས་པའི་སྐྱེ་བ
་ཡོངས་སུ་བཞེས་པ་མཛད་ནས་སྤྲུལ་པའི་སྐུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་མཛད་དོ། །ལོངས་སྤྱོད་རྫོགས་པའི་སྐུས་ནི་མ་ཡིན་ནོ། །རྡོ་རྗེ་འཆང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་གཟུགས་ཀྱིས་ལྟ་བ་ངན་པ་དང་ལན་པ་རྣམས་ལ་ཕན་པའི
་དོན་དུ་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་འཛིན་ཅིང་མྱ་ངན་ལས་འདས་པ་སྟོན་པར་མཛད་པ་ཡིན་ནོ། །མ་ལུས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དེ། དེ་འདུལ་བ་དང་ནི་ལུང་དང་རྟོགS་པ་ལ་རབ་ཏུ་བཞག་པའོ། །དེའི་དོན་དུ་བརྩོན་པ་ནི་སྤྲོ་བའི
་བརྩོན་འགྲུས་ཏེ། དེར་བརྟན་པའི་ངེས་པ་ནི་མི་ཕྱེད་པའི་ཡེ་ཤེས་ཏེ། ངེས་གོ་ཆ་དང་བཅས་པ་ནི། སེམས་ཅན་གྱི་དོན་དུ་གོ་ཆ་དང་ལྡན་པའོ། །ཤིན་ཏུ་སྲིང་པ་ལ་གནས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ཉིད་མཆོག་ཏེ་ཕུལ་དུ་བྱུང
་བའི་གོ་ཆ་ལ་སོགས་པ་གང་ཡིན་པ་བགོས་པ་དེ་ནི། ཤིན་ཏུ་སྲིད་པའི་གནས་མཆོག་གི། གོ་ཆ་ལ་ཆོས་བགོས་པའོ། །སོགས་པའི་སྒྲས་ནི་ཙོང?་པན་དང། རྣ་རྒྱན་དང། གདུ་བུད་དང། དབུ་རྒྱན་ལ་སོགས་པ་གཟུང་བར་བྱའོ། །དཀོན་མཆོག་གསུམ་ཉིད་ཉེ་བ
་འགྲོ་བ་ནི་ཐོབ་པའོ། །དཀོན་མཆོག་གསུམ་ཉིད་ཉེ་བར་འགྲོ་བ་དེ་གང་ཡིན་ཞེ་ན། སངས་རྒྱས་ཆོས་དང་དགེ་འདུན་རྣམས་ཞེས་བྱ་བའོ། །དེ་དག་ལ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱའི་སྐྱེ་བོའི་རྒྱུད་ལ་ཐོག
་མ་དང་ཐ་མ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པ་བསྐྱེད་པ་ནི། ཤིན་ཏུ་སྲིད་པ་གྲུབ་པས་ཏེ། དེ་ཉིད་རྣམ་པར་དག་པའི་དཔལ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་གྱི་མདངས་གང
་ཡིན་པ་དེ་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྫོགས་པར་བྱེད་པའོ། །རྣམ་པར་དག་པའི་དཔལ་མཛད་པ་ཡིན་ནོ། །མཆོག་ནི་ཕུལ་དུ་བྱུང་བས་ཏེ། རྡོ་རྗེ་འཆང་ལ་སོགས་པའི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་དེ་དག་ཡིན་ནོ་ཞེས་བྱའོ། །དེ་ཁོ་ན
་ཉིད་འདི་བརྗོད་པ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ནི་གསང་བའི་རྡོ་རྗེའོ་ཞེས་བྱ་བ་ལ། རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་དང། དོན་ཡོད་གྲུབ་པ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ།
་དེ་རྣམས་ཀྱི་མཆོག་ནི་ཕུལ་དུ་བྱུང་བ། ཐོག་མ་དང་ཐ་མ་མེད་པ་གཉིས་སུ་མེད་པའི་ཐུགས་རང་རིག་པའི་རང་བཞིན་གྱི་ཕྱིར་གསང་བའི་རྡོ་རྗེ་དེ་ཉིད་ཡིན་ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་རོ། །རྡོ་རྗེའི་དོན་འདི་མངོན་དུ་བྱས་ཤིང་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ
་འབྱོར་པས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ཏེ་གཟུང་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་གཟུང་སྟེ། དེ་བཞིན་གཤེགས་པའི་དྲིལ་བུ་ཆོས་ཀྱི་དྲིལ་བུ་དཀྲོལ་ཅིག་ཅེས་བྱ་བའི་ཆོ་གས་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ
་གསང་བའི་ཆོས་ཉིད་ཀྱི་དྲིལ་བུའོ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ་པའོ། །མཆོག་ཏུ་གསང་བའི་ཆོས་ཉིད་ནི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་བོ། །དེ་སྟོན་པར་བྱེད་པའི་ཕྱག་རྒྱ་ནི་དྲིལ་བུའོ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་ཅན་ཞེས་བྱ་བ་ལ། འདུས་བྱས
་དང་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་དོན་དམ་པར་ནམ་མཁའ་ཨི་རང་བཞིན་ཅན་ནོ། །ནམ་མཁའ་ཨི་རང་བཞིན་འདི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ནམ་མཁའ་ཡང་ནི་མཚན་ཉིད་མེད་ཅེས་བྱ་བ་ལ། རྫས་ཐམས་ཅད་མེད་པའི་མཚན་ཉིད་ཅན་ནི་ནམ་མཁའ་ཨི་མཚན་ཉིད་ཅན་ནོ། །ཇི་ལྟར
་ནམ་མཁའ་ཨི་མཚན་ཉིད་མེད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་མཚན་ཉིད་མེད་པ་ཡིན་ནོ་ཞེས་བྱ་བ་ཡང་གི་སྒྲས་ནི་སྟོན་པ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་གདོང་མ་ནས་མ་སྐྱེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ནམ་མཁའ་མཉམ་པ་ཉིད
་ནི་དེ་བཞིན་ཉིད་དེ། དེའི་སྦྱོར་བ་ནི་རྣལ་འབྱོར་བའི་སེམས་དང་སེམས་ལས་བྱུང་བ་དེ་བཞིན་ཉིད་ནི་རོ་གཅིག་པའོ། །རྒྱུ་དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་དེས་ཀུན་མཆོག་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ། དེ་ལ་གསལ་ནི་ཁྱབ་པར་གྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ
་ལ། སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་ནམ་མཁའ་དང་མཉམ་པ་ཉིད་དུ་ཁྱབ་པར་གང་རྣལ་འབྱོར་པས་ཐོབ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལྷག་པར་མོས་པ་འདིས་རྣལ་འབྱོར་པས་དྲིལ་བུ་དཀྲོལ་བར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། ཐམས་ཅད་ནམ
་མཁའ་ཨི་མཚན་ཉིད་ཅན། །ནམ་མཁའ་ཨི་ཡང་ནི་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ་ཞེས་བྱ་བ་དེ་ལྟ་བུའི་སྒྲ་ནི་དྲིལ་བུ་སྒྲོགས་པ་ཡིན་ནོ། །ཞེས་བྱ་བས་དྲིལ་བུ་དཀྲོལ་བར་བྱ་ཞིང། དེའི་སྒྲ་ལ་ལྷག་པར་མོས་པར་བྱ
་བ་ཡིན་ནོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ་ཅིག་ཅེས་བྱ་བ་བསྟན་ནས། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་ཤིག་ཅེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་དམ་ཚིག་ཆེན་པོ་གསུམ་གྱི་སྡོམ་པའོ། ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི
་སྒྲ་ནི་སྔ་མ་བཞིན་ནོ། །ཆེན་པོ་ཡང་དེ་ཡིན་ལ། དམ་ཚིག་གསུམ་ཡིན་པས་ན། དམ་ཚིག་ཆེན་པོ་གསུམ་ཏེ། དཀོན་མཆོག་གསུམ་གྱི་སྐུའི་གསང་པའོ། །དེའི་རང་བཞིན་ཅན་གྱི་བསྒོམ་པ་ནི་སྡོམ་པས་ཏེ་དེ་བརྗོད་པར་བྱའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །
་ལོངས་སྤྱོད་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ལོངས་སྤྱོད་ཀུན་ཏེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་གཟུགས་ཀྱི་རང་བཞིན་ནོ། །དེ་རྣམས་ལ་ལོངས་སྤྱོད་པ་ནི་དེའི་རང་བཞིན་ལ་ལྷག་པར་མོས་པའོ། །ནིའི་སྒྲ་ནི་ངེས་པར་གཟུང་བའོ། །ལོངས་སྤྱོད་ཐམས་ཅད་ལ་ལོངས
་སྤྱོད་པའི་?་འགྱུར་བ་ཁོ་ནས་ཞེས་བྱ་བའོ། །དེ་དག་གི་དཀོན་མཆོག་གསུམ་ལ་མཆོད་ལ་མཆོད་པར་བྱའོ་ཞེས་བྱ་བ་བརྗོད་ཅིང་རང་ཉིད་མཆོད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །དེ་དག་ཁྱབ་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བསྟེན་པར་ཏེ་བསྒོམ་པར་བྱ་བ་རྣམས་ཀྱིས
་སོ། །རང?་གི་བདག་ཉིད་ལས་སུ་གྱུར་པའོ། །བདག་ཉིད་ནི་བྱེད་པར་གྱུར་པས་སོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མཆོད་པ་ནི་དཀོན་མཆོག་གསུམ་ལ་མཆོད་པའོ། །མཆོག་ནི་དམ་པས་ཏེ་ནང་དུ་བརྗོད་པའི་རྣམ་པས་བརྗོད་པས་ནི་བསམ་ཞིང་བསྒོ?
་པའི་མཚན་ཉིད་ཅན་གྱི་སོ་སོར་རྟོགས་པའི་མཆོད་པ་འདིས་བདག་ཉིད་མཆོད་པར་བྱའོ། །དམ་ཚིག་ཆེན་པོ་གསུམ་གྱི་སྡོམ་པ་འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རྣལ་འབྱོར་བསྒྲུབ་པའོ་ཞེས་བྱ་བ་ལ། རྣམ་པར་སྣང་མཛད
་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྣལ་འབྱོར་ཏེ། དེ་སྒྲུབ་པ་ནི་རྫོགས་པའི་རྒྱུའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་རྣལ་འབྱོར་པ་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ
་པར་འདོད་པས། ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། གཟུགས་གང་དང་གང་གིས་སེམས་ཅན་གདུལ་བར་འགྱུར་བའི་གཟུགས་དེ
་དང་དེ་རྣམས་ཀྱིས་རྣམ་པར་སྤྱད་པར་བྱའོ། །དེ་ནས་བདག་ཉིད་ཀྱིས་བྱ་བ་བྱས་པ་ལྟ་བུའི་དེ་བཞིན་གཤེགས་པར་བསམས་ལ་བཟླས་པའམ་བསྒོམ་པ་བྱ་བ་ཡིན་ནོ། །ཐབས་ཀྱི་ཆོ་ག་འདི་ཡིས་ནི་ཞེས་བྱ་བ་ལ་དེ་ཁོ་ན་ཉིད་དང། ཆོས་དང། དམ
་ཚིག་གཟུང་བའི་རང་བཞིན་ཅན་གྱིས་ཐབས་ཀྱི་ཆོ་གས་འདོད་པའི་ཡོན་ཏན་ལྔ་ནི། རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པ་རིགས་དང་བཅས་པ་རྣམས་འདོད་པའི་ཡོན
་ཏན་ལྔ་གསང་བ་སྲ་ཞིང་མཐོ་པའི་རྒྱུད་དུ་གསུངས་པའི་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་ཀྱང་གྲུབ་པར་འགྱུར་རོ། །ཀྱང་གི་སྒྲས་ནི་གཅིག་ལ་ཡང་ངོ་ཞེ་བསྟན་ཏོ། །བཟའ་མིན་པ་ཡང་བཟའ་བྱས་ན་ཞེས་བྱ་བ་ལ། བཟའ་བར་བྱ་བས་ན་བཟའ་བ་སྟེ།
་རྣལ་འབྱོར་པས་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷའི་གཟུགས་ཀྱིས་ནམ་མཁའ་ཨི་ཁམས་གང་བར་བྱས་ལ། དེ་ཡིས་སེམས་ཅན་གྱི་ཁམས་མ་ལུས་པར་རང་རང་གི་རིགས་ཀྱི་ལྷའི་དཀྱིལ་འཁོར་གྱི་གཟུགས་སུ་བྱས་ཏེ། རང་གི་རང་བཞིན་དུ་བསྒོམ་པར་བྱའོ་ཞེས
་བྱ་བའི་དོན་ཏོ། །བཟའ་བར་བྱ་བ་མ་ཡིན་པས་ན་བཟའ་བར་མི་བྱ་བ་སྟེ། རིགས་གཞན་གྱི་དཀྱིལ་འཁོར་གྱི་ལྷའི་གཟུགས་རྣམས་སོ། །བཟའ་བར་མི་བྱ་བ་དེ་རྣམས་ཀྱང་བཟའ་ཞིང་རིགས་ལྔའི་དཀྱིལ་འཁོར་གྱི་ལྷའི་རང་བཞིན་ཅན་གྱི་བདག་ཉིད་རྣམ་པར་བསྒོམ
་པར་བྱ་སྟེ། དེ་བཞིན་གཤེགས་པའི་དངོས་གྲུབ་སངས་རྒྱས་ཉིད་ཀྱི་མཚན་ཉིད་ཅན་རྟག་པ་ནི་ཐོག་མ་དང་ཐ་མ་མེད་པ་ཏེ། དེ་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གང་ཞིག་དེ་ཁོ་ན
་ཉིད་ལ་སོགས་པ་གསུམ་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་པའི་དམ་ཚིག་ཆེན་པོ་གསུམ་པོ་ནི་ཞེས་བྱའོ། །དེ་ལྟར་བརྗོད་ནས་ཞེས་བྱ་བ་ནི་སློབ་དཔོན་གྱིས་སློབ་མ་རྣམས་ལ་བསྟན་ནས། སྙིང་པོ་བྱིན་པ་དེ་དག་ཕྱག་རྒྱ་ཆེན
་པོ་བཅིང་བ་ལ་སོགས་པ་སློབ་ཏུ་བཅུག་ནས། དེའི་རྗེས་ལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་བསྒྲུབ་པའི་ཆོ་གས་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སློབ་མའི་ཚོགས་དང་བཅས་པའི་སློབ་དཔོན
་གྱིས་བསྒྲུབ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ལ་སྙིང་པོ་བྱིན་ནས་ཕྱག་རྒྱ་བཞི་ཡི་ཡེ་ཤེས་ཚིགས་སུ་བཅད་པ་གཞན་ཉིད་དེ་བཞིན་གཤེགས་པའི་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་འཆང་གི་སློབ་དཔོན་རྡོ་རྗེ་འཆང་གི
་སློབ་དཔོན་ཏེ་ངེས་སྦྱིན་པར་བྱའོ། །ཇི་ལྟར་ཞེ་ན་རྡོ་རྗེ་མཆོད་པས་མཆོད་ནས་ནི་ཞེས་བྱ་བ་ལ། རེ་དང་བཟའ་བ་དང་རྣམ་པར་རོལ་པ་དང། གླུ་དང་རོལ་མོའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་ཡང་དག་པར་མཆོད་པ་བྱས
་ནའོ། །དེ་ནས་ཇི་ལྟར་བྱ་ཞེ་ན། ཅི་འདོད་སྤྱོད་པའི་མཆོད་པ་ཡིས། །སློབ་མ་ཐམས་ཅད་མཆོད་དུ་གཞུག་ཅེས་བྱ་བ་ལ། ཕྱིའི་མེ་ཏོག་ལ་སོགས་པ་རྣམས་དང། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ
་གཉིས་སློབ་མའི་ཚོགས་ཐམས་ཅད་མཆོད་པ་བྱེད་དུ་གཞུག་གོ། ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་ཀྱང་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཀྱང་གི་སྒྲ་ནི་བསྡུ་བ་ལའོ། །ཁྱབ་པར་ཇི་ལྟ་བུ་དང་ལྡན་པས་ཞེ་ན། དཀོན་མཆོག་གསུམ་ལ
་ཕུལ་བ་ཞེས་བྱ་བ་ལ། མཛེས་པའི་དཀོན་མཆོག་གསུམ་ནི་དཀོན་མཆོག་སྟེ། སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གཞན་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལས་སྤྲུལ
་པའི་ལོངས་སྤྱོད་ལ་ལོངས་སྤྱོད་པ་རྣམས་ནི་ཕྱིའི་རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ཀྱིས་རང་གི་བདག་ཉིད་དང། གཞན་རྣམས་འདོད་པས་ཏེ། གལ་ཏེ་མངོན་པར་འདོད་ན་ཡང་དག་པར་མཆོད་ན་སློབ་དཔོན་དེ་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ
་སྒྲུབ?་ཅིང་གྲུབ་པར་འགྱུར་རོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། སྔ་མ་བཞིན་དུ་སྡིག་པ་བྲལ་བའི་མཐར་ཐུག་པའི་ཆོ་གས་ཐམས་ཅད་རྗེས་སུ་སྤྱད་ནས། རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ། ཨོཾ་བྷུ་ཁཾ་ཞེས་བྱ་བ་ལ་རྣམ་པར་བསམས་ལ།
་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རྡོ་རྗེ་བསྡམས་པ་ཁ་གྱེན་དུ་ལྟ་བ་སྐྱིལ་མོ་ཀྲུང་གི་སྟེང་དུ་ཡང་དག་པར་བཞག་ལ། རྡོ་རྗེའི་དབུས་སུ་བཀོད་པའི་སྙིང་པོ་དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པ་བསྒོམ་པར་བྱ་སྟེ། དབྱངས་བཅུ
་དྲུག་དང་བཅས་པའི་དེ་ཉིད་ལས་ཟླ་བའི་དཀྱིལ་འཁོར་གྱི་བདག་ཉིད་ཅན་དུ་རང་གི་སེམས་བསམས་པར་བྱའོ། །སླར་ཡང་དེའི་སྟེང་དུ་སྙིང་པོ་དེ་ཉིད་ཀྱིས་མངོན་པར་བྲིས་ལ། ཡི་གེ་ཀ་ལ་སོགས་པ་དང་བཅས་པའི་དེ་ལས་ཟླ་བའི་དཀྱིལ་འཁོར་གཉིས
་པ་སྟེ། སླར་ཡང་སྙིང་པོ་ད་དང་བཅས་པའི་དེ་བཞིན་གཤེགས་པའི་རྡོ་རྗེ་སྟེ། སླར་ཡང་སྙིང་པོ་དེ་རྡོ་རྗེའི་དབུས་སུ་རྣམ་པར་བསམས་ལ་རྡོ་རྗེའི་ང་རྒྱལ་བསྒོམ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཁམས་དེ་རྣམས་རྡོ་རྗེ་དེ་ལས་སྤྲོས་ཏེ། དེ
་དག་གིས་སེམས་ཅན་གྱི་དོན་བྱ་བ་ལ་སླར་ཡང་རྡོ་རྗེའི་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་དེ་ལ་ཨོཾ་བྷུ་ཁཾ་ཞེས་བྱ་བ་བཟློས་ཤིང། སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་རང་བཞིན་དུ་བདག་ཉིད་བསམས་ལ། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བརྗོད་པར
་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག། བཅིངས་ནས་ས་མ་ཡ་ཧཾ་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་ཉིད་ཀྱིས་སྙིང་ག་དང། མཛེད་སྦུ་དང། མགྲིན་པ་དང། སྤྱི་བོ་རྣམས་སུ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མི་ཞེས་བྱ་བ་རང་གི་བདག་ཉིད་ལ་བྱིན
་གྱིས་བརླབ་པར་བྱའོ། །དེ་ནས་སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་ཕྱག་རྒྱ་ཆེན་པོ། །ོཾ་བྷུ་ཁཾ་ཞེས་བྱ་བ་བཟླས་ཤིང་བཅིང་བར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ། སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་གསང་པའི་དཀྱིལ་འཁོར།
་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བསྐྱེད་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པར་རང་འཇུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱའོ།།
་དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱི་མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་འཚལ་བ་སྔོན་དུ་བྱ་སྟེ། དེ་ཁོ་ན་ཉིད་དང། ཆོས་དང།
་དམ་ཚིག་རྣམས་ལ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམ་སྟེ། སླར་ཡང་འདུས་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ། གསང་བའི་དཀྱིལ་འཁོར་འདི་ཉིན་རེ་ཞིང་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་ཉིན་རེ་ཞིང་དེ་བཞིན་དུ་མངོན་དུ་གྱུར་པ་དེ་བཞིན
་དུ་མཐོང་བར་འགྱུར་རོ། །དེ་ནས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བའི་འཁོར་ལོ་ཟླུམ་པོ་ཀ་པ་བརྒྱད་ཀྱིས་ཉེ་བར་མཛེས་པ་བྲིས་ལ། རས་ལ་དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས
་པདྨའི་གདན་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་དཀོན་མཆོག་གསུམ་བྲི་བར་བྱའོ། །དེ་ཉིད་ནང་གི་དཀྱིལ་འཁོར་གྱི་མཚམས་བཞི་རུ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་སྔར་བཤད་པའི་སྙིང་པོ་བཞིས་བྲི་བར་བྱའོ། །ཕྱིའི
་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་མཚམས་བཞི་པོ་ལ་སྔ་མ་བཞིན་དུ་སྒེག་མོ་ལ་སོགས་པ་བཞི་བྲི་བར་བྱའོ། །སྒོ་རྣམས་སུ་ལྕགས་ཀྱུ་མ་ལ་སོགས་པ་བཞི། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྙིང་པོ་རྣམས་ཀྱིས་བྲི་བར་བྱའོ། །དེ
་ནས་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་འདུས་པ་དང། མཆན་བརྒྱ་རྩ་བརྒྱད་དང། དགུག་པ་ལ་སོགས་པའི་ཆོ་ག་བྱས་ལ། རང
་འཇུག་པའི་ཚོག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱའོ། །མཆོག་ཏུ་གསང་བའི་ཆོ་ག་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་རང་བཞིན་ནི་མཆོག་ཏུ་གསང་བའོ། །དེའི་ཆོ་ག་ནི་སྒྲུབ
་པར?་བྱ་བ་ལ། སྒྲུབ་པའི་རྟོག་པ་སྟེ། དེ་ཡང་ཡོངས་སུ་རྫོགས་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དཀོན་མཆོག་གསུམ་གྱི་གསང་བའི་དཀྱིལ་འཁོར་གྱི་བཤད་པ
་རྫོགས་སོ།། །།དེ་ལྟར་མྱུར་དུ་དངོས་གྲུབ་བསྒྲུབ་པར་བྱེད་པ་ལ། དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་ལ་མྱུར་དུ་དངོས་གྲུབ་སྒྲུབ་པར་བྱེད་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི
་དཀྱིལ་འཁོར་བཤད་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྒྱལ་པོ་མཆོག་གི་ཆོ་ག་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་འདས་མ་ཐག་པ་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ཁོ་ན་ལ་ཞེས་བྱ་བའོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས
་དཔའ་གསང་པའི་དཀྱིལ་འཁོར་ལས་གསུངས་པ་ཁོ་ནའོ། །ཆེན་པོ་ཡང་དེ་ཡིན་ལ་ཁྲོ་བོའི་རྒྱལ་པོ་ཡང་དེ་ཉིད་ཡིན་པས་ན། རྡོ་རྗེ་ཁྲོ་བོ་ཆེན་པོ་ཡི་ཁྲོ་བོའི་རྒྱལ་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའོ། །དེའི་མཆོག་ཀྱང་དེ་ཡིན་ལ། གསང་བའི་ཆོ་ག
་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བའི་ཆོ་ག་སྟེ། སྒྲུབ་པར་བྱ་བ་དང། སྒྲུབ་པའི་ངོ་བོར་གསང་བའི་དཀྱིལ་འཁོར་རོ། །འདི་ལྟར་བཤད་པར་འགྱུར་ཏེ། ཡི་གེ་ཧཱུཾ་བརྗོད་ཅིང་གསང་བའི་དཀྱིལ་འཁོར་འདི་རྫོགས་པར་བྱས་ལ། ལྷ་ཐམས་ཅད་ཀྱི
་སྙིང་པོ་བརྗོད་ཅིང་རང་རང་གནས་སུ་ལྷ་ཐམས་ཅད་ཀྱི་གཟུགས་དགོད་ཅིང་དྲངས་ཏེ། འདི་ནི་འདིར་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བསྟན་ནས། ད་ནི་རས་ལ་བཅོམ་ལྡན
་འདས་བྲི་བར་བྱ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་བཤད་པར་བྱ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ལ་དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་བཅོམ་ལྡན་འདས
་རྡོ་རྗེ་སེམས?་ལྟར་འབར་བ་རས་ལ་བྲི་བར་བྱའོ། །མཆོག་ཅེས་བྱ་བ་འདི་ཕུལ་དུ་བྱུང་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གསང་བའི་ཆོ་ག་འདི་རྒྱ་ཆེ་བའི་འཇིགས་པས་འཇིགས་པ་རྣམས་ལ་མདོར་བསྡུས་པས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས
་གྲུབ་རྫོགས་པར་བྱེད་པ་དེའི་ཕྱིར་མཆོག་སྟེ་ཕུལ་དུ་བྱུང་བ་ཡིན་ནོ། །རྡོ་རྗེ་ཉི་མ་མི་ལྟར་འབར་བ་དེའི་སྣ་ཚོགས་པདྨའི་གདན་གཅིག་ཁོ་ནའི་གཡས་དང་གཡོན་གྱི་ལོགས་དག་ལ་བཞུགས་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་དེའི་འོད་ཀྱིས་དཀྱིལ་
་འཁོར་ལ་བརྟེན་པར་བྲི་བར་བྱའོ། །དེ་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་བྲི་བར་བྱའོ། །དེའི་ལྷ་མོ་དང་པོ་ནི་དམར་བ་དང་དཀར་བའོ། །གཉིས་པ་ནི་ཐལ་བ་ལྟར་དཀར་པའོ། །གསུམ་པ་ནི
་དཀར་བ་དང། ལྗང་བའོ། །བཞི་པ་ནི་གསེར་ལྟར་དྲི་མ་མེད་པའི་སྐུ་མཆོག་ཅན་བྲི་བར་བྱའོ། །རྡོ་རྗེ་གཏུམ་པའི་དབང་ཕྱུག་གྲུབ་ཅེས་བྱ་པ་ལ། ཁ་ཊཝཱཾ་ག་འཛིན་པའི་རྡོ་རྗེ་གཏུམ་པའི་དབང་ཕྱུག་མ་སྟེ། དེ་གྲུབ་པ་ནི་རྫོགས་པའོ། །དེ་ཉིད་རྡོ་རྗེ་ཁ་ཊཝཱཾ་ག་སྒྲེང་བ
་དང་བཅས་པ་བྲི་བར་བྱ་སྟེ། རྡོ་རྗེ་ཁ་ཊཝཱཾ་ག་སྒྲེང་བ་དང་བཅས་པའི་སྐུ་གང་ལ་མངའ་བ་དེ་ནི་ཁ་ཊཝཱཾ་ག་བསྒྲེང་བ་དང་བཅས་པའོ། །དེ་ནི་ཐལ་བ་ལྟར་མདོག་དཀར་བ་བཅོམ་ལྡན་འདས་ཀྱིས་གཡས་ལོགས་སུ་བྲི་བར་བྱའོ། །དེའི་ཡང་གཡས་ལོགས་སུ་དམར་པ
་དང་དཀར་བའི་སྐུ་མདོག་ཅན་མདའའཛིན་པ་རྡོ་རྗེ་འདོད་པ་མེ་འབར་བ་ཞེས་བྱ་བའི་མིང་ཅན་གཡོན་པའི་ཕྱག་གི་གཞུ་འཛིན་ཅིང་གཡས་པ་རྡོ་རྗེ་གཅིག་པ་མདེའུ་དང་ལྡན་པའི་མདའ་བསྟོད་པ་ལ་བརྩོན་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ
་རྡོ་རྗེ་ཁྱབ་འཇུག་མས་སྟེ། སྐུ་མདོག་དཀར་བ་དང་ལྗང་བ་དང། ཕྱག་གཡོན་གྱི་སོར་མོ་དབུས་མའི་རྩེ་མོས་རྡོ་རྗེ་འཁོར་ལོ་བསྟོད་པ་ལ་བརྩོན་པ། ཕྱག་གཡས་པས་གདན་ལ་བརྟེན་པ་དང་བཅས་པས་བཞུགས་པའོ། །དེའི་གཡོན་ལོགས་སུ་དྲི་མ་མེད
་པའི་གསེར་གྱི་མདོག་ཅན། རྡོ་རྗེ་དྲིལ་བུའི་བ་དན་ཞེས་བྱ་བའི་ལྷ་མོ་རྡོ་རྗེ་དྲིལ་བུ་དང་བཅས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པས་བཞུགས་པ། ཕྱག་གཡས་པས་དྲིལ་བུ་དང་བཅས་པའི་བ་དན་འཛིན་པ་བྲི་བར་བྱའོ། །དེ་དག་ཐམས
་ཅད་ཀྱང་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཅུང་ཟད་མཆེ་བ་གཙིགས་པའོ། །ཁྲོ་དང་བཅས་པའི་ཞལ་བཞད་པ་རང་བདག་ལ་ནི་ཐུགས་གཏད་ཅིང། །སྐུ་ནི་ཟུར་གྱིས་ཕྱོགས་པར་བཞུགས། །གསང་པའི་དཀྱིལ་འཁོར་འདིར་སྤྲུལ་པ་ལ
་སོགས་པའི་ལས་ཐམས་ཅད་རྫོགས་པར་བྱེད་པའི་སྙིང་པོ་ནི་ཡི་གེ་ཧཱུཾ་ངོ། །ཉེ་བའི་སྙིང་པོ་ནི་ཧི་སྟེ་ལྷ་ཐམས་ཅད་ཀྱིའོ། །དེ་ལ་ཡི་གེ་ཧཱུཾ་གིས་བསྒྲུབ་པ་ནི་ཕྲ་མོའི་ཆོ་ག་གཉིས་པ་ལས་འོག་ནས་འཆད་པར་འགྱུར་བ་དེ་ཉིད་འདིར་ཤེས་པར་བྱའོ། །ཉེ་བའི་སྙིང
་པོའི་བསྒྲུབ་པ་བཤད་པར་བྱ་བའི་ཕྱིར་མཉམ་པོ་ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་ལ་མཉམ་པོ་ནི་དུས་ཅིག་ཏུ་རྡོ་རྗེ་དང་བཅས་པའི་དྲིལ་བུ་ལ་སོགས་པའི་རོལ་མོ་བརྡུང་ཞིང། སློབ་མའི་ཚོགས་མཁས་པ་དང་བཅས་པས་ཡི་གེ་ཧཱུཾ་གི་གླུ་དང་རོལ་མོ
་བྱ་ཞིང་ཟུར་བཞི་བའི་གླུའི་སྦྱོར་བར་ཉེ་བར་མཚོན་པའི་རྣལ་འབྱོར་པ་ནི་ཟུར་བཞི་པ་སྟེ་རབ་ཏུ་གྲུབ་པར་འགྱུར་རོ། །དེ་ལྟར་ཡང་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དངོས་གྲུབ་ཀྱིས་ཏེ། རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་དཀྱིལ་འཁོར་འདི་བཟླས་པའི
་ཆོ་ག་ཡིན་ནོ། །གནས་གང་དུ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་རས་ལ་བྲི་བར་བྱ་ཞེ་ན། འཁོར་ལོ་དེ་ནི་བརྟགས་བྱས་ནས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་འབར་བའི་ཇི་ལྟ་བ་བཞིན་དུ་བཤད་པའི་འབར་བའི
་འཁོར་ལོ་དེ་ནི་གསང་བའི་དཀྱིལ་འཁོར་རོ། །དེ་ཉིད་དམ་པ་ནི་ཕུལ་དུ་བྱུང་བས་ཏེ། བརྟགས་པ་ནི་ཡང་དག་པར་རྟགས་ནས་གསང་བའི་དཀྱིལ་འཁོར་བྲིས་ཏེ། དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་བཅོམ་ལྡན་འདས་བྲི་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །
་འདིར་དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞེ་ན། མཚོན་ཆ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་ནི་མཚོན་ཆ་དམ་པའི་ཆོ་ག་སྟེ། སྒྲུབ་པར་བྱ་བ་དང་སྒྲུབ་པའི་རིམ
་པའི་ཆོ་ག་དེས་རྡོ་རྗེའི་རིགས་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཐམས་ཅད་འདིར་ཤེས་པར་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ཨི་གསང་པའི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས་རྡོ་རྗེའི་རིགས་ལས་གསུངས་པ་རང་འཇུག་པ་ལ་སོགས་པའི
་ཆོ་ག་ཐམས་ཅད་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་དེ་ཁོ་ན་ཉིད་ལ་སོགས་པ་གསུམ་པོ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ལ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ
་སོགས་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའོ། །དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་ནི་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་རྣམས་སོ། །དེ་རྣམས་ཀྱི་ཆོ་གས་སྦྱིན་པ་ནི་ཆོ་ག་རབ་ཏུ་སྦྱིན་པས་ཏེ་སློབ་མ་རྣམས་ལ་མན་ངག་སྦྱིན་པའོ། །དམིགས་པ་མེད
་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཀྱི་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ནི་རྟག་ཏུ་ཆགས་པ་སྟེ། དེ་ལས་བྱུང་བ་སྟེ་སྐྱེ་བ་གང་ལ་ཡོད་པ་དེ་རྟག་ཏུ་ཆགས་པ་ལས་བྱུང་བའི་ཁྲོ་བོ་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའོ། །དེའི་རྡོ་རྗེ
་མེའི་ཕུང་པོ་ནི་རྡོ་རྗེ་འབར་བ་འབར་བའི་ཚོགས་ཏེ། དེའི་རང་བཞིན་ཅན་གྱི་སྐུ་ནི་སྐུ་རྣམས་ཉིད་དོ། །དེ་དག་གང་ཡིན་ཞེ་ན། རྡོ་རྗེ་འབར་བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྡོ་རྗེ་ནི་རྡོ་རྗེ་མེ་ལྟར་འབར་བ་སྟེ། དེའི་རྣལ་འབྱོར
་ཆེན་པོའི་མཁའ་འགྲོ་མ་ནི་དེ་ལས་བྱུང་བའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཕྱོགས་བཅུ་དང་ནམ་མཁའ་ཨི་ཁམས་ལ་བཞུགས་པའོ། །འབར་བ་ཞེས་བྱ་བ་ནི་གདུག་པ་རྣམས་འདུལ་པའི
་གཟུགས་ཀྱིས་ཐོགས་པ་མེད་པའོ། །དེ་ནི་རྡོ་རྗེའི་རིགས་ཞེས་བྱ་བ་ལ་དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་ཤེས་པར་བྱ་སྟེ། ལྷག་པར་མོས་པ་འདིས་དེ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་བར་བྱའོ་ཞེས་བསྟན་ནས
་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ་བྱ་བ་བསྟན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་ཆོས་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་ཅན། །ནམ་མཁའ་ཡང་ནི་མཚན་ཉིད་མེད་ཅེས་བྱ་བ་ནི་བཤད་ཟིན་ཏོ། །ནམ་མཁའ་དང་མཉམ་པ་ཉིད་ནི་ཆོས་ཐཾས་ཅད
་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་སྦྱོར་བའོ། །དེ་གང་ལ་ཡོད་པ་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་སྦྱོར་བ་དང་ལྡན་པ་ཡིན་ནོ། །དེས་ཐམས
་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །མྱུར་བ་ནི་མྱུར་བ་ཉིད་དུ་བསྒྲུབ་པར་བྱེད་པའི་ཡིན་ཏེ། དེ་ལྟར་དྲིལ་བུ་སྒྲ་བསྒོམ་ཞིང་དྲིལ་བུ་དཀྲོལ་བར་བྱའོ། །དེ་ལྟར་ཆོས་ཀྱི་དྲིལ་བུ་དཀྲོལ་ཞེས་བྱ་བས་བསྟན་ནས། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར་བྱིན་གྱིས
་བརླབས་ཞེས་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱང་དེ་ཡིན་ལ་ནམ་མཁའ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་ནམ་མཁའ་ཏེ། རྫས་ཐམས་ཅད་ཀྱི་དངོས་པོ་མེད་པའི་རང་བཞིན་ཅན་གྱི་ནམ
་མཁའ་དང་མཉམ་པའི་རང་བཞིན་གྱིས་འོད་གསལ་བའི་སེམས་སོ། །དེའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་ཐམས་ཅད་ནམ་མཁའ་ཨི་མཆོག་གི་སྦྱོར་བའོ། །ཐམས་ཅད་ནམ་མཁའ་ཨི་ཞེས་བརྗོད་ཅིང་ཞེས་བྱ་བ་ལ་ཐམས་ཅད་ནམ་མཁའ་ཨི་མཆོག་གི་སྦྱོར་བ་ངེས་འདུས
་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་ནམ་མཁའ་དང་མཉམ་པའོ་ཞེས་བྱ་བ་ནང་དུ་བརྗོད་པའི་རྣམ་པས་མངོན་དུ་བྱ་ཞིང། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་ཆོས་དང། ལས་དང་དམ་ཚིག་དང། ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་རིགས
་ཀྱི་རང་བཞིན་གྱི་རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་རྒྱས་བཏབ་པ་ནི་རང་གི་རང་བཞིན་དུ་བྱས་པའི་འཇིག་རྟེན་གསུམ་ཡང་ས་འོག་ས་སྟེང་ས་བླའི་རང་བཞིན་ཅན་ཟ་བ་ནི་སྣང་བར་བྱེད་པ་ཡིན་ནོ། །ཡང་གི་སྒྲས་ནི་ཕྱོགས་གཅིག་གི་དངོས་པོ་ཤིན་ཏུ་ཟ་བར་བྱེད་པ་ཡིན་ནོ།།
་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ནི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་ཏེ། དེ་དག་གི་མཆོག་ཏུ་གསང་བའི་དམ་ཚིག་ནི་འདའ་བར་དཀའ་བའི་ཉེ་བར་སྦྱོར་བའོ། །འདིས་ནི་དོན་འདི་འཆང་བར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཀྱིས
་རྡོ་རྗེ་བཟུང་ལ་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབྱོར་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་ནམ་མཁའ་དང་མཚུངས་པ་རྣམ་པར་བསམས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད
་རྡོ་རྗེའི་རིགས་ཀྱི་རང་བཞིན་ཅན་བདག་ཉིད་ཀྱི་གཟུགས་སུ་བསམས་ཏེ་བསྒོམ་པར་བྱའོ། །ཆོ་ག་འདི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་ཆོས་དང། དམ་ཚིག་གཟུང་བའི་མཚན་ཉིད་ཀྱི་མཆོག་ཐམས་ཅད་དེ། མ་ལུས་པ་བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱའོ། །ཤིན་ཏུ་མཉམ་པར
་བཞག་པ་ནི་སེམས་རྩེ་གཅིག་པའོ། །བསྒྲུབ་པར་བྱ་བ་དེ་གང་ཡིན་ཞེ་ན། ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིགས་ཀྱི་ཆོས་དང། ལས་དང་དམ་ཚིག་དང། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས་ནི་ཀུན་མཆོག་ཆེན་པོ་རྣམས་སོ། །རྡོ་རྗེ་ཉི་མ་མེ་ལྟར་འབར
་བའི་ལས་བརྒྱ་ལ་སོགས་པའི་རྒྱན་ནི་ལས་ཀྱི་ཚོགས་སོ། །ཀུན་མཆོག་དངོས་གྲུབ་ཆེན་པོ་རྣམས་དང། ལས་ཀྱི་ཚོགས་ནི་ཀུ་མཆོག་དངོས་གྲུབ་ཆེན་པོའི་ལས་ཀྱི་ཚོགས་སོ། །དེ་ཡང་མི་ཟད་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པར་འགྲུབ་པར་བྱའོ། །དེ་ནས་ཇི་ལྟ་བ
་?་དུ་དེ་བཞིན་གཤེགས་པའི་ཆོ་གས་དང་ཕྱག་རྒྱ་རྣམས་ཀྱིས་གོང་དུ་ཉེ་བར་བསྡུ་བའི་མཆོད་པ་བྱས་ནས། རབ་ཏུ་འགྲུབ་པར་འགྱུར་ཞེས་བྱ་བ་ལ། འདིས་ནི་དོན་འདི་འཆད་པར་འགྱུར་ཏེ། སྔ་མ་བཞིན་དུ་སྡིག་པ་དྲལ་བའི་མཐར་ཐུག་པའི་ཆོ་ག་ཐམས
་ཅད་རྗེས་སུ་སྤྱད་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་རྣམ་པར་བསྒོམས་ལ། །དམ་ཚིག་སེམས་དཔའ་བྱིན་གྱིས་བརླབ་པ་བྱས་ལ། རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་ཉི་མ་མེ་ལྟར
་འབར་བའི་གསང་བའི་དཀྱིལ་འཁོར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་རྫོགས་པར་བྱས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་རང་འཇུག་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་འཇིག་རྟེན་གསུམ
་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལྷ་རྣམས་ཀྱི་རྣལ་འབྱོར་ཆེན་པོ་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱི་སྐུ་རང་གི་ལུས་ལ་བཅུག་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་པར་བྱས་ལ་འཇིག་རྟེན་གསུམ་ལས་རྣམ་པར
་རྒྱལ་བའི་ཕྱག་རྒྱ་དང། དང་པོ་ཡི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་སྔ་མ་བཞིན་དུ་བདག་ཉིད་ལ་བྱིན་གྱིས་བརླབས་ཏེ་དབང་བསྐུར་བ་ཐམས་ཅད་བཟུང་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ་ཁྲོ་བོ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་མཆོད་པའི
་ཕྱག་རྒྱ་བཅུ་གཉིས་ཀྱི་བདག་ཉིད་ཡང་དག་པར་མཆོད་ལ། ཕྱག་བཞི་དང་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་བཙལ་བ་བྱས་ནས། དང་པོ་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་པོ་མཆོག་དང། ལས་ཀྱི་རྒྱལ་པོ་མཆོག
་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བསྡུ་བ་དང། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱས་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལྕགས་ཀྱུས་འཁོར་དང་བཅས་པའི་བཅོམ་ལྡན་འདས་དཀྱིལ་འཁོར་དུ་བཅུག་སྟེ། ཇི
་ལྟ་བ་བཞིན་དུ་ཕྱག་རྒྱ་བཞིས་རྒྱས་བཏབ་པར་བྱས་ལ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་ཏེ། དེ་ལྟར་ཉིན་རེ་བཞིན་དུ་བསྒོམ་པར་བྱས་ན་ཇི་སྲིད་དཀྱིལ་འཁོར
་མཐོང་བར?་འགྱུར་རོ། །ཡི་གེ་ཧིའི་ཡི་གེ་ཧཱུཾ་བརྗོད་ཅིང། རྡོ་རྗེ་དྲིལ་བུ་ལོགས་མཉམ་བཅས་།རྣམ་དབེན་རོལ་མོ་བརྡུངས་པ་ཡིས། །ཡི་གེ་ཧི་ཡི་གླུ་རོལ་མོ། །བྱ་ཞིང་ཟུར་བཞི་འགྲུབ་པར་འགྱུར་ཞེས་བྱ་བ་འདིར་བཟླས་པའི་ཆོ་གའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ལྷག་པར
་གནས་བྱས་ལ་ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་དཀྱིལ་འཁོར་ཐིག་བཏབ་ནས། དེ་ནང་དུ་དེའི་ཕྱེད་ཀྱི་ཚད་རྡོ་རྗེ་རྩེ་གསུམ་པའི་ཐིག་ཟླུམ་པོ་འབར་བ་དང་བཅས་པ་དང། ཀ་བ་བརྒྱད་དང་ལྡན་པར་ཐིག་འཁོར
་ཆེན་པོ་ལས་གསུངས་པའི་སྙིང་པོ་བཞིས་པོས་ལྷ་མོ་བཞི་པར་བྲིས་ལ། དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་སྦྱོར་བས་ཧཱུཾ་ཧི་ཞེས་བྱ་བ་བརྗོད་ཅིང། བཅོམ་ལྡན་འདས་རས་རིས་ལ་བྲི་བར་བྱའོ། །དཀྱིལ་འཁོར
་ཆེན་པོ་ལས་གསུངས་པའི་སྙིང་པོ་བཞིས་པོས་ལྷ་མོ་བཞི་བྲི་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཚམས་བཞི་དང་སྒྲོ་བཞི་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་མོགས?་ཁྲོ་པོ་ཡི་སྒེག་མོ་ལ་སོགས་པ་དང་ཁྲོ་བོ
་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་བཞི་བྲི་བར་བྱའོ། །དེ་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་དང་སྔགས་ཀྱིས་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་གྱི་ཆོ་གས་དཀྱིལ་འཁོར་བསྒྲུབ་པ་ཐམས་ཅད་དང
་འཕགས?་འཇུག་པ་ལ་སོགས་པའི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱའོ། །རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ་ཞེས་བྱ་བ་ལ། ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་སྦྱོར་བས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་?་གསང་པ་གང་ཡིན་པ་དེ
་གནས་པ་ནི་རྡོ་རྗེ་རྣལ་འབྱོར་རོ། །དེའི་ཆོ་ག་ནི་སྡུག་པར་བྱ་བ་དང། སྒྲུབ་པའི་རྟོགས་པ་བསྟན་པའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རས་རིས་ཀྱི་དཀྱིལ་འཁོར
་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བསྟན་ནས། ད་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རས་རིས་ཀྱི་དཀྱིལ་འཁོར་ཉིད་ཀྱི་ཆོ་ག་གཉིས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས
་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་བརྗོད་པར་བྱེད་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་དུའོ། །འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་དོ། །
་ཡི་གེ་ཧཱུཾ་གིས་དཀྱིལ་འཁོར་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་རང་གི་སྙིང་པོ་རྣམས་ཀྱིས་ལྷ་ཐམས་ཅད་དགོད་པར་བྱ་སྟེ། ཏིང་ངེ་འཛིན་གཉིས་པ་ཤེས་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ
་བསྟན་ནས། ད་ནི་དམ་ཚིག་དབང་བསྐུར་བ་ཐོབ་ནས་འདས་པ་དང། སྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཤིན་ཏུ་ཕྲ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ལ་སོགས་པའི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི
་ཆོ་ག་གསུངས་ཏེ། འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་ཕྲ་བ་ལས་ཀྱང་ཤིན་ཏུ་ཕྲ་བ་ཡིན་ནོ། །དེ་བཤད་པ་ནི་བསྟན་པར་བྱ་བའོ། །འདི་ཤིན་ཏུ་ཁྲོ་བ་སྒེག་པ་སྟོན་པར་བྱེད་པས་ན་ཤིན་ཏུ་གསང་བ་ཡིན་ནོ། །རྡོ་རྗེ་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྡོ་རྗེ་སྟེ
་དེའི་གསང་བའི་རྣལ་འབྱོར་ཆེན་པོའི་མཁའ་འགྲོ་མ་རྣམས་ཀྱི་དཀྱིལ་འཁོར་ནི་ནམ་མཁའ་ཐམས་ཅད་ཁྱབ་པའི་ཕྱིར་ཆེན་པོ་དེ་ཉིད་ཡིན་ནོ། །ཇི་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་ཆེན་པོ་ལས
་གསུངས་པའི་ཆོ་གས་གྲོང་ཁྱེར་སུམ་བརྩེགས་དང། སྐྱེད་མོས་ཆལ་ལ་སོགས་པས་ཡང་དག་པར་བརྒྱན་ལ། རྡོ་རྗེ་འཆང་ཐམས་ཅད་ཀྱི་སློབ་དཔོན་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས་རྣལ་འབྱོར
་ཆེན་པོ་བྱས་ལ། དེའི་རྡོ་རྗེ་འཛིན་པས་མཚན་མ་ཐོབ་ནས་གསང་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སྒྲུབ་པས་དེ་ཡང་དག་པར་བྲིས་ལ་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ལ་སོགས་པའི་གསང་བའི་ལྷ་མོ་བཞི་ཡི་རྣལ་འབྱོར་དང་ལྡན་པ་དང།། དེའི
་རིགས་དང་རྒྱན་དང་ལྡན་པའི་བུ་མོ་བཞི་དང་ལྡན་པ་དང། རང་ཉིད་ཀྱང་རྡོ་རྗེ་དྲག་པོའི་རྣལ་འབྱོར་དང་ལྡན་པ་དང། དེའི་དབྱིབས་དང་རྒྱན་དང་ལྡན་པས་གར་ལས་བྱུང་བའི་མེ་ཏོག་དང་བཅས་པའི་ཕྱག་འཚལ་བའི་ཐལ་མོ་རང་གི་སྤྱི་བོར་བཅིངས་
་ལ། ཧཱུཾ་རྡོ་རྗེ་གཞུ་དང་མདའ་བཅས་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པའི་འཇུག་པའི་གླུ་བརྗོད་ཅིང་ལྷ་མོ་བཞིའི་ཕྲེང་བའི་དབུས་ན་བཞུགས་པའི་སློབ་དཔོན་གྱིས་རང་གི་ལྷའི་མེ་ཏོག་གི་ཕྲེང་བ་བླངས་ཏེ། འཇུག་པའི་གླུ
་དང། རང་གི་ལྷའི་སྙིང་པོ་བརྗོད་པར་བྱེད་པའི་བུ་མོ་དེ་རྣམས་དང་བཅས་པར་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་གཡོན་པའི་ཁ་ནི་གྱེན་དུ་བསྟོད། །རྡོ་རྗེ་དྲག་པོའི་བཞད་ཆེན་པོའི། །སྒྲ་སྒྲོགས་མཆོག་གི་མིང་ཅན་གྱི། །ཕྱག་རྒྱས་ཧ་ཧ་ཧ་ཧ།
་ཨོཾ་བཛྲ་རུ་ལུ་རུ་ལུ་ལཾ་ཞེས་བརྗོད་ཅིང་དགའ་བ་ཆེན་པོའི་དབུགས་ཀྱི་རླུང་གི་རུ་ལུ་ནི་དྲུག་དང་ལྡན་པར་བར་མ་དག་གིས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །འདིར་ནི་འདིར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་བུ་མོ་དེ་རྣམས་དང་ལྷན
་ཅིག་ཏུ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་མེ་ཏོག་དང་པའི་སྔགས་ཀྱིས་མེ་ཏོག་གི་ཚོགས་གཏོར་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ཕྲེང་བའི་དབང་བསྐུར་བ་བླངས་ཏེ། གདོང་གཡོགས་དགྲོལ་ཏེ། དཀྱིལ་འཁོར་མཐོང་ནས་འཇུག་པའི
་ཕྱག་རྒྱ་དགྲོལ་བར་བྱས་ནས། ཆུའི་དབང་བསྐུར་བས་དབང་བསྐུར་ལ་ཕྱག་རྒྱའི་དབང་བསྐུར་པ་ལ་སོགས་པ་ནས། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་བཟུང་བར་བྱའོ། །དང་པོ་རེ་ཞིག་ཐོད་པའི་ཕྲེང་བའི་ཅོད་པན་གྱིས་དབང
་བསྟུང?་པའི་ཕྱག་རྒྱས་སོ། །དེ་ནས་སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱས་སོ། །དེ་ནས་ཐོད་པའི་ཕྲེང་བ་དེ་བཞིན་གཤེགས་པ་ལྔ་དང་ལྷན་ཅིག་པའི་གསང་བ་འམ་བརྡུངས་པ་ལ་སོགས་པའི་རང་བཞིན་ཅན་རྡོ་རྗེ་རིན་པོ་ཆེ་དང
་ཅོད་པན་གྱི་སྔགས་དག་གིས་ཡོངས་སུ་བཟླས་པའི་ཕྱིའི་ཅོད་པན་གྱིས་ཀྱང་དབང་བསྐུར་བར་བྱའོ། །དེ་ལ་གཙུག་ཏོར་དང་མདུན་དང། ལོགས་གཉིས་དང། རྒྱབ་ཏུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཐོང་པ་རྣམས་ཏེ་དེ་རྣམས་ཀྱི་སྟེང་དུ་དེ་བཞིན
་གཤེགས་པ་རྣམས་ཅོད་པན་དུ་བྱའོ། །དེ་ལྟར་ཐོད་པའི་ཕྲེང་བའི་དབང་བསྐུར་གྱིས་བདག་ཉིད་ལ་དབང་བསྐུར་ཏེ། ཆོ་ག་ཐམས་ཅད་རྫོགས་པར་བྱས་ནས་བདག་ཉིད་དང་བུ་མོ་རྣམས་ལ་དམ་ཚིག་གསུམ་སྦྱིན་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར། པདྨའི་དབང
་བསྐུར་གྱིས་དམ་ཚིག་འདི་ནི་གསལ་བར་སྦྱིན་ཞེས་བྱ་བ་གསུངས་ཏེ། གསང་བ་ནི་གསལ་བའོ། །ད་ནི་རྡོ་རྗེ་པདྨའི་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བྱས་པའི་སོར་མོའི་རྩེ་མོ་ཐམས་ཅད་ཕན་ཚུན་དུ
་ཡང་དག་པར་སྦྱར་བ་བྱས་ལ་མཐེ་བོང་གཉིས་རྩེ་མོ་ཡང་དག་པར་སྦྱར་བའི་རྩེ་མོ་བྱས་ཏེ། ངེས་སོར་མོའི་རྩེ་མོ་རྣམས་དགབ་པར་བྱས་ཏེ། འདི་རྡོ་རྗེ་པདྨས་ཏེ་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ནས་ཧཱུཾ་ཨ་བྷི་ཤིཉྩ་མོ་ཞེས་བྱ་བ་བརྗོད་ཅིང་གཙུག་ཏོར་གྱི་ཕྱག་རྒྱ
་དང། སླར་ཡང་སྤྱི་བོ་དང། རྣ་བ་གཉིས་ཀྱི་སྟེང་དང། སྤྱི་བོའི་རྒྱབ་ཏུ་དབང་བསྐུར་བར་བྱའོ། །འདིས་དབང་བསྐུར་བ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་པདྨའི་དབང་བསྐུར་བ་འདིས་སྒྲུབ་པ་པོ་དབང་བསྐུར་བ་ཙམ་གྱིས་རྣམ་པར་སྣང་མཛད་ལ་སོགས
་པའི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་གིས་བྱིན་གྱིས་བརླབས་པ་དང་ཞེས་བྱ་བ་སྦྱར་རོ། །སྒྲུབ་པ་པོ་དེ་ལ་ཇི་ལྟར་བྱིན་གྱིས་བརླབ་པ་མཛད་ཅེ་ན། ཤིན་ཏུ་གདུག་པ་དང། དྲག་པོ་དང། རབ་ཏུ་གཏུམ་པོ་དང། མ་རུངས་པའི་སེམས་ཅན་རྣམས
་ཐལ་བར་རབ་ཏུ་འཇིག་པའི་རྒྱུར་གྱུར་པའི་ཕྱིར་ཐལ་བར་རབ། ཏུ་རློག་པའོ། །དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་ན་ཐམས་ཅད་ལས་རྣམ་པར་རྒྱལ་པའོ། །ཁམས་གསུམ་མ་ལུས་པའི་རྡོ་རྗེ་ཆེན་པོའི་འཁོར་ལོས
་སྒྱུར་བྱ་བར་ཡང་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཉིད་ཀྱིས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུད་མེད་རྣམས་ཀྱང་འབེབས་གྱུར་ན་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དུ་ཞུགས་པའི་བུ་མོ་རྣམས་གང་ཡིན་པ་དེ་དག་ཀྱང་འབེབས་ན། བདག་ཉིད
་མངའ་འཛིན་པ་ལ་སོགས་པའི་རང་གི་ལྷ་མོའི་རྣལ་འབྱོར་གྱི་སྒོམ་པའི་རང་བཞིན་གྱིས་རྡོ་རྗེ་འབེབས་པས་ཕབ་སྟེ། སྟོན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་པདྨའི་དབང་བསྐུར་བས་དབང་བསྐུར་ཏེ། དེ་ཁོ་ན་ཉིད་དང་ཆོས་དང། དམ་ཚིག་བླངས
་ལ་རྡོ་རྗེ་མངའ་ལ་སོགས་པའི་རྡོ་རྗེས་མཚན་པའི་ཕྱག་མཚན་འཛིན་པའི་རྣལ་འབྱོར་རྣམས་དབང་དུ་འགྱུར་རོ། །རྡོ་རྗེ་འདོད་པའི་མེ་ལ་སོགས་པའི་ལྷ་མོའི་གཟུགས་སུ་ཡང་དག་པར་འགྱུར་རོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། ཇི་ལྟར་སློབ་དཔོན་གྱིས་རང
་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྡོ་རྗེ་དྲག་པོའི་གཟུགས་སུ་བྱིན་གྱིས་བརླབས་ནས་དབང་བསྐུར་ཏེ། དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་བླངས་ནས་དཀྱིལ་འཁོར་དུ་ཞུགས་ཏེ། ཁམས་གསུམ་མ་ལུས་པའི་སྟོབས་ཆེན་པོའི་འཁོར་ལོས་སྒྱུར་བར་འགྱུར་རོ
་དེ་བཞིན་དུ་བུ་མོ་རྣམས་ཀྱང་རང་གི་ལྷའི་རྣལ་འབྱོར་གྱིས་བདག་ཉིད་ལ་དབང་བསྐུར་བྱས་ནས་དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་བླངས་ཏེ། རྡོ་རྗེ་འདོད་པའི་མེ་ལ་སོགས་པའི་ལྷ་མོའི་གཟུགས་སུ་འགྱུར་བ་ཡིན་ནོ། །ད་ནི་བུ་མོ་དང་བཅས་པའི་སློབ
་དབོན་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པ་འབེབས་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བའི་སྒྲ་ནི་དགར་བ་ལའོ། །ཐོག་མ་ཁོ་ནར་ཞེས་བྱ་བ་ནི་ཤིན་ཏུ་དང་པོ་ཁོ་ནའོ། །རེ་ཞིག་གི་སྒྲ་ནི་རིམ་པ་ལ
་བལྟོས་པའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ནི་ཉི་མ་དང་འདྲ་བས་ན་ཉི་མའོ། །གདུག་པ་དང་དྲག་པོ་རྣམས་ཐལ་བར་རབ་ཏུ་འཇིག་པའི་རྒྱུར་གྱུར་པའི་ཕྱིར་ཐལ་བར་རབ་ཏུ་རློག་གོ་།རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ཡང་ཡིན་ལ་ཐལ་བར་རབ་ཏུ་རློག
་པ་གང་དེ་ཉིད་ཡིན་པས་ན། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ཐལ་བར་རབ་ཏུ་རློགས་པས་ཏེ། དེའི་མིང་དང་ལྡན་པ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་ཁྲོ་བོ་ཐམས་ཅད་ཀྱི་བདག་ཉིད་དོ། །མཆོག་དང་པོ་ནི་ཐོག་མ་དང་ཐ་མ་མེད
་པའོ། །ཡང་དག་པར་འབེབས་པའོ་ཞེས་བྱ་བ་ནི་སྒྲུབ་པ་པོའི་རྒྱུད་ལ་རབ་ཏུ་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་སྟེ། ངེས་ཐབས་ཀྱི་ངོ་བོར་བསྐྱེད་པའི་ཞེ་སྡང་གི་ཁྲོ
་བོ་མེ་ལྟར་འབར་བའི་འོད་ཟེར་གྱིས་ཉེ་བར་མཚོན་པ། མི་ཕྱེད་པའི་ཁོན་དུ་འཛིན་པའི་ཁྲོ་བོའི་མེ་ལྟར་འབར་བའི་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཁྲོ་བོའི་རྡོ་རྗེ་ཁ་ཊཝཱཾ་གའི་རྒྱལ་མཚན་དང་བཅས་པས་བཞུགས་པ་ནི་རྡོ་རྗེ་ཁ་ཊཝཱཾ་གའི
་རྒྱལ་མཚན་དང་བཅས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁོ་ན་དུ་འཛིན་པའི་ཁྲོ་བོའི་མེ་འབར་བའི་རྡོ་རྗེ་ཡང་དེ་ཉིད་ཡིན་ལ་རྡོ་རྗེ་ཁ་ཊཝཱཾ་གའི་རྒྱལ་མཚན་དང་བཅས་པ་ཡང་དེ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཁོན་དུ་འཛིན་པའི་ཁྲོ་བོ་མེ་འབར་བའི་རྡོ་རྗེ་རྡོ་རྗེའི་ཁ་ཊཝཱཾ་གའི་རྒྱལ་མཚན་དང་བཅས་པའོ། །ངེས་བར་སྦྱོར་བ་ནི་གཙོ་བོ་ཉིད་དུ་ངེས་པར་སྦྱོར་བའོ། །བ་དན་དང་བཅས་པའི་དྲིལ་བུ་ནི་བ་དང་གྱི་དྲིལ་བུ་ཏིང་འཛིན་པར
་མཛད་པས་ན་བ་དན་གྱི་དྲིལ་བུ་འཛིན་པའོ། །རྡོ་རྗེ་སྙེམས་མ་ནི་ཇི་ལྟ་བ་བཞིན་དུ་བཤད་པའོ། །དེའི་བདག་པོ་ནི་རྡོ་རྗེ་སྙེམས་མའི་བདག་པོའོ། །འབེབས་པའི་ཁྱད་པར་ཇི་ལྟ་བུ་དང་ལྡན་པས་འབེབས་པ་ནི་ཤིན་ཏུ་ཁྲོ་བོའི་འབེབས་པ་སྟེ། བཅོམ་ལྡན་འདས
་དེ་འབེབས་པར་འགྱུར་རོ། །དེ་ལྟ་བུའི་ཕྱག་རྒྱ་གང་དང་ལྡན་པ་ཡིན་ཞེ་ན། སྒེག་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ལ། སྒེག་པ་དང་ཁྲོ་བོ་སྟོན་པར་བྱེད་པའི་སྨིན་མཚམས་ཀྱིས་དཔྲལ་བའི་རི་མོ་ནི་སྒེག་པ་དང་བཅས་པའི་སྨིན་མཆམས་ཀྱི་ཁྲོ་གཉེར
་ཏེ། །དེ་དང་བཅས་པའི་སྤྱན་སེར་པོ་ནི་དམང་སེར་ཏེ། འཇིག་པ་ཆེན་པོས་འཇིགས་པར་བྱེད་པའི་སྤྱན་དམར་སེར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ?། །དེ་ལྟ་བུའི་ལྟ་བ་དང་ལྡན་པའི་བཅོམ་ལྡན་འདས་ཡང་དག་པར་ཕབ་ནས་ངེས་ཇི་ལྟར་མཛད
་ཅེ་ན། འདིས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གྱུར་པའི་ལྟ་བའི་ཕྱག་རྒྱ་འདིས་སྒྲུབ་པ་པོའི་རྒྱུད་ལ་བཅོམ་ལྡན་འདས་བཞུགས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱ
་འདས་པས་སྒྲུབ་པ་པོ་ལ་བསྒྲུབ་པར་མཛད་པ་ཡིན་ནོ། །དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱའི་ཟླས་པས་མ་གྲུབ་ན་དེ་ནས་དུས་ཕྱི་མ་ལ་ཡི་གེ་ཧཱུཾ་ལན་ཅིག་ཟླས་པས་རྗེས་སུ་ཆགས་པ་ལ་སོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན
་པར་བྱའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་གང་གིས་ཡི་གེ་ཧཱུཾ་ལན་ཅིག་བཟླས་པས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང། དགུག་པ་དང། གཞུག་པ
་དང། བཅིང་བ་དང། དབང་དུ་བྱེད་པ་དང། འབེབས་པར་ནུས་ཞེ་ན། ཐམས་ཅད་ནམ་མཁར་སྦྱོར་བའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ། ཡི་གེ་ཧཱུཾ་ལན་ཅིག་བརྗོད་པ་ཙམ་གྱིས་གདོད་མ་ནས་མ་སྐྱེས་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་སྒོམ
་པ་ཐམས་ཅད་ནམ་མཁའ་ཨི་སྦྱོར་བའི་ཏིང་ངེ་འཛིན་དང་ལྷན་ཅིག་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་ལས་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཁམས་གསུམ་པ་ཐམས་ཅད་ཀྱི་ཁོངས་སུ་ཆུང
་པའི་རྡོ་རྗེའི་བདུད་ལ་སོགས་པའི་བདུད་ཐམས་ཅད་དང། གང་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་རྣམས་ལ་ཤིན་ཏུ་གདུག་པ་དང། དྲག་པོ་དང། རབ་ཏུ་གཏུམ་པའི་མ་རུངས་པའི་སེམས་ཅན
་རྣམས་དང། གང་ཞིག་སེམས་ཅན་ཉེ་བར་འཚེ་བ་རབ་ཏུ་འཇུག་པའི་མཁའ་འགྲོ་མ་དྲུག་པོ་རྣམས་དང། གང་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ་དེ་དག་ཀྱང་སྒྲུབ་པ་པོའི་འདོད་པས་ཐལ་བར་རབ་ཏུ་འཇིག་པར་འགྱུར་ཏེ།
་དམྱལ་བར་སྐྱེ་བའི་རྒྱུར་གྱུར་བ་སྤྱོད་པ་ངན་པའི་རང་བཞིན་ཅན་གྱིས་ཕན་པ་མ་ཡིན་པ་ལ་སོགས་པ་གཞན་རྣམས་ལ་སྨོས་ཀྱང་ཅི་དགོས་རྣལ་འབྱོར་འདིས་བཅོམ་ལྡན་འདས་འདི་ཇི་ལྟ་བ་བཞིན་དུ་ཅིའི་ཕྱིར་བསྒྲུབ་པ་མཛད་པ་ཡིན་ཞེ་ན། དོན་ཡོད་ཅེས་བྱ་བ་ལ་སོགས
་པ་ལ། གང་གི་ཕྱིར་བཅོམ་ལྡན་འདས་འདི་ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་གྱིས་དོན་ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་པ་དང། ཐོག་མ་མེད་པ་ནི་བཟློག་པར་མི་ནུས་པ་དང། ཇི་ལྟ་བ་བཞིན་དུ་བཤད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགS
་རྣམས་ལ་ཉེ་བར་སྦྱོར་བར་ནི་སྒྲུབ་པ་པོས་མངོན་པར་སྦྱོར་བ་མཆོག་ཏུ་སྒྲུབ་པར་འགྱུར་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་འདི་སྒྲུབ་པའི་སྙིང་པོའི་བཟླས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
་འདིས་ནི་འདི་ལྟར་འཆང་པར་འགྱུར་ཏེ། སྣའི་དབུགས་ཕྲ་མོ་ཉིད་ཀྱིས་ཐུང་དུའི་གཟུགས་སུ་ཡོངས་སུ་བརྟགས་ནས་སྣའི་དབུགས་ཀྱི་སྦྱོར་བ་ཁོ་ནས་བཟླས་པ་བྱས་ནས་ཇི་ལྟ་བ་བཞིན་དུ་བཤགས་པ་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱའོ།།
་དེ་ལྟར་བཅོམ་ལྡན་འདས་དབབ་པའི་བསྒྲུབ་པ་བསྟན་ནས། ད་ནི་ལྷ་མོ་བཞི་དབབ་པའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པའི་སྒོམ་པའི་ལམ་སྟོན་པར་བྱེད་པའི
་བཅོམ་ལྡན་འདས་ཡུམ་མངའ་འཛིན་པས་ཏེ། རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཞེས་བྱ་བའི་ལྷ་མོ་ཆེན་མོ། དེ་ཡང་ཕྱག་གཡོན་པས་གཞུ་འཛིན་ཅིང་ཕྱག་གཡས་པས་ཇི་ལྟ་བཤད་པའི་མཚན་ཉིད་ཅན་གྱི་མངའ་བླངས་ཏེ་བསྟོད་པར་མཛད་པ།
་སྒེག་པ་དང་བཅས་ཤིང་གཡོན་པའི་སྤྱན་གྱིས་ཟུར་གྱིས་ལྟ་བའི་ཕྱག་གཡོན་པའི་མིང་ཅན་གྱིས་ལྟ་བའི་ཕྱག་རྒྱས་ཉེ་བར་མཚན་པ། གཡོན་པའི་སྤྱན་བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པ་མེ་འབར་པའོ། །ལྟ་བའི་ཕྱག་རྒྱ་འདིས་དེ་ཅི་མཛད་ཅེ
་ན། ཐམས་ཅད་བསྒྲུབ་པར་མཛད་པ་ཞེས་བྱ་བ་ནི་གཟིགས་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་གདབ་པ་ཞེས་བྱ་བ་ལ་སོགས་པ་ནི་དེའི་ལས་བསྟན་ཏོ། །སྙིང་པོ་གང་གིས་ཇི་ལྟ་བ་བཞིན་དུ་བཤད་པའི་ལས་རྣམས་འདིས་སྒྲུབ་པ
་མཛད་ཅེ་ན། དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་འཆད་པར་འགྱུར་ཏེ། ཧྣི?་ཞེས་བྱ་བའི་ཕྲ་བའི་རྡོ་རྗེ་ཁྲོ་བོའི་བཟླས་པས་ཇི་ལྟ་བ་བཞིན་དུ་བཤད་པའི་ལྟ་བས་འདི་ལས་ཐམས་ཅད་བསྒྲུབ་པར་མཛད་པ་ཡིན་ནོ། །དེ་ལྟར་དང་པོ
་དབབ་པའི་སྒྲུབ་པ་བསྟན་ནས་ད་ནི་གཉིས་པ་དབབ་པའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར་གཉིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའི་མཚན་ཉིད་ཅན་གྱི་སྒོམ་པའི་ལམ་གྱིས་ཡུལ་དུ་བྱས་པས་དོན
་མངོན་དུ་བྱེད་པ་ནི་ལྷ་མོ་ཆེན་མོ་གཉིས་པ་སྟེ། ཀཱི་ལི་ཀཱི་ལའི་གཟུགས་འཛིན་པ་རྡོ་རྗེ་ཆེན་པོ་འདོད་པ་མེ་འབར་བ་ལྔར་བཤད་པའོ། །དེ་ཉིད་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པ་རེ་རེ་མངོན་དུ་བྱེད་པའི་རང་བཞིན་ཅན
་གང་དང་གང་གི་ཕྱག་རྒྱ་དེ་ནི་རེ་རེའི་དམ་ཚིག་གི་ཕྱག་རྒྱའོ། །དེའི་མིང་སྟོན་པར་མཛད་པའི་ལྷ་མོ་ཆེན་མོ་ཕྱག་གཉིས་ཀྱིས་དབུས་སུ་རང་གི་འདོད་པའི་ལྷ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་བསྟོད་ནས་གང་གིས་འཁྱུད་པ་དེ་ནི་དབུས་སུ
་བསྟོད་པའི་རང་གི་ལྷག་པའི་ལྷའོ། །འཛུམ་པ་ནི་ཅུང་ཟད་བཞད་པ་དང་བཅས་ཤིང་འཛུམ་པ་སྟེ། ཅུང་ཟད་ཕྱེ་བའི་སྤྱན་གང་ལ་ཡོད་པ་དེ་ནི་སྤྱན་འཛུམ་པའོ། །ལྟ་བའི་ཕྱག་རྒྱ་འདིས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལ་སོགས་པ་ཐམས་ཅད
་སྒྲུབ་པར་མཛད་པའི་བཅོམ་ལྡན་འདས་ཡུམ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ནོ། །ཡི་གེ་ཧཱུཾ་འབུམ་བཟླས་པས་འདིའི་སྦྱོར་བ་མ་གྲུབ་ན་ཡི་གེ་ཧཱུཾ་ལན་ཅིག་ཏུ་བསྒྲུབ་པ་པོས་བརྗོད་ཅིང་ཡིད་ཀྱིས་སམ་མངོན་དུ
་སྒྲུབ་པར་བྱ་ལ་ཙུམྦ་ན་དང་འཁྱུད་པ་ལ་སོགས་པ་བྱ་ཞིང། ཙུམྦ་ན་དང་འཁྱུད་པ་ལ་སོགས་པའི་རེག་བྱ་འདིས་རྒྱས་བཏབ་པ་ཙམ་གྱིས་བསམ་པའི་དབང་གིས་སྒྲུབ་བྱ་རྒྱས་བཏབ་པ་དང། མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པར
་མཛད་པ་དང། སྒྲུབ་བྱ་ཐམས་ཅད་བསང་པའི་བསམ་པའི་དབང་གིས་གསོད་པར་མཛད་པ་དང། འཆི་བ་བསླང་བའི་བསམ་པས་འཆི་བ་ཐམས་ཅད་སློང་བར་མཛད་པ་དང། འཕགས་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ལས་བརྒྱ་སྒྲུབ
་པར་མཛད་པས་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་རྣམས་ལ་ཉེ་བར་སྦྱོར་བ་དང། ཡི་གེ་ཧཱུཾ་ལན་ཅིག་ཏུ་བཟླས་པས་མཆོག་ཏུ་སྒྲུབ་པའོ། །དེ་ནས་འདི་ཞེས་བྱ་བ་སོགས་པ་ནི་གོ་སླའོ། །ད་ནི་གསུམ་པ་བསྟན་པར་བྱ་བའི་ཕྱིར་གསུམ་པ་ཞེས
་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བསྒོམ་པའི་ལམ་གྱི་རང་བཞིན་ཅན་གྱིས་ཁམས་གསུམ་པ་མ་ལུས་པར་ཐལ་བར་མཛད་པར་ནུས་པ་བསྐྱེད་པ་ནི། རྡོ་རྗེ་ཆེན་པོ་འདོད་པའི
་མེ་འབར་བ་ཐལ་བར་རབ་ཏུ་འཇིག་པ་ཞེས་བྱ་བའི་ལྷ་མོ་ཆེན་པོ་གསུམ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའིའོ། །དེ་ཡང་རྡོ་རྗེ་དང་ཁ་ཊཝཱཾ་གའི་རྒྱལ་མཚན་འཛིན་པའོ། །ཁྲོ་ཞིང་སྒེག་པ་དང་བཅས་པའི་འཛུམ་པ
་ནི་སྒེག་པ་དང་བཅས་པའི་འཛུམ་པ་སྟེ། དེས་སྨིན་མའི་དབུས་སུ་ཁྲོ་བ་སྟོན་པར་བྱེད་པའི་དཔྲལ་བའི་རི་མོ་ནི་ཁྲོ་གཉེར་ཏེ། སྒེག་པ་དང་བཅས་པའི་འཛུམ་པའི་སྨིན་མའི་ཁྲོ་གཉེར་དེ་ལས་ཁྲོ་བཱི་སྦྱིན་ཁྲོ་བའི་ལྟ་བསྟེ?་དེས་ཉེ་བར་མཚོན་པའི་བཅོམ་ལྡན
་འདས་མ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བས་ཐལ་བར་རབ་ཏུ་འཇུག་པར་ཞེས་བྱ་བའོ། །ོཾ་བཛྲ་རུ་ལུ་རུ་ལུ་རུ་ལུ་ཧྣི་ཞེས་བྱ་བ་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱ་བཟླས་པས་རང་གི་དངོས་གྲུབ་གསོལ་བ
་ཡིན་ནོ། །སྒྲུབ་པ་མ་གྲུབ་ན་ལན་ཅིག་བཟླས་པ་ཡིད་ཀྱིས་འདོད་པའི་ལས་ཐམས་ཅད་སྒྲུབ་པར་མཛད་པ་ཡིན་ནོ། །ཆེན་པོ་ཡང་ཡིན་ལ་རྡོ་རྗེ་འདོད་པ་ཡང་དེ་ཉིད་ཡིན་པས་ན་རྡོ་རྗེ་འདོད་པ་ཆེན་པོ་ཡིན་པས་ཏེ། རྡོ་རྗེ་ཉི་མ་མེ་ལྟར་འབར
་བ་ལ་སོགས་པའི་སྒོམ་པའི་ལམ་གྱི་རང་བཞིན་གྱི་བྱང་ཆུབ་ཆེན་པོའི་སེམས་ཀྱི་བསྒོམ་པའི་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་བུད་ཤིང་སྲེག་པའི་རང་བཞིན་ཅན་ནི་མེ་འབར་བའོ། །རྡོ་རྗེ་ཆེན་པོ་འདོད་པ་ཡང་དེ་ཡིན་ལ་མེ་འབར་བ་ཡང་དེ
་ཉིད་ཡིན་པས་ན་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའོ། །དེས་ཐལ་བར་རབ་ཏུ་ཀློག་པ་ནི་ཁམས་གསུམ་པའི་སེམས་ཅན་གྱི་ཁམས་དང་སེམས་ལས་བྱུང་བ་རྣམས་མི་སྣང་བར་མཛད་པའོ། །སྲེག་པའི་བསྐལ་པའི་རང་བཞིན་ཅན་གྱིས་ཀྱང་ཀུན
་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་གྱི་ཁམས་རྣམ་པར་སྤྱོད་པའི་ཕྱིར་སྲེག་པ་གང་ཡིན་པ་དེས་ཤི་བའི་སེམས་ཅན་གྱི་ཁམས་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་སྟོན་པ་ནི་སློང་བ་སྟེ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་འདིས་གང་གིས
་སྒྲུབ་པར་འགྱུར་བ་དེའི་མཚན་ཉིད་དང་ལྡན་པ་བཞི་པ་སྟེ། བཅོམ་ལྡན་འདས་མ་རྡོ་རྗེ་འདོད་པའི་མེ་འབར་བ་ཐལ་བར་རབ་ཏུ་རློག་པ་འཇིགས་པའི་འཆི་བ་སློང་བར་མཛད་པ་ཞེས་བྱ་བའི་ལྷ་མོ་ཆེན་མོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེཾས
་པར་མཛད་ནས་ཕྱག་གཡས་པས་རྡོ་རྗེ་དྲིལ་བུ་རང་གི་སྤྱི་བོར་བསྐྱོད་པར་མཛད་ཅིང་ཁྲོ་བ་དང་སྒེག་པ་དང་བཅས་པའི་སྤྱན་ཤིན་ཏུ་གདངས་པ་དེའི་རྣལ་འབྱོར་དང་ལྡན་མ་ལ་དབབ་པའོ། །དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པར་མཛད
་པས་ན་ཐམས་ཅད་སྒྲུབ་པར་མཛད་པའོ། །དེ་བཞིན་དུ་ཥྞཻ་ཞེས་བྱ་བ་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱ་བཟླས་པས་མ་གྲུབ་ན་ལན་ཅིག་བཟླས་པས་ཁུ་ཚུར་དང་ཐལ་ལྕགས་ལ་སོགས་པ་དང། བཞད་གང་དང། བརྡེག་པ་དང། ཕྱག་རྒྱས་བཏང་བ
་ཙམ་གྱིས་འཆི་བ་ཐམས་ཅད་སློང་བར་མཛད་པ་དང། བསམས་པ་ཙམ་གྱིས་ལས་ཐམས་ཅད་ཀྱི་ཚོགས་སྒྲུབ་པར་མཛད་པའོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་རྡོ་རྗེ་འདོད་པའི་མེའི་ལྷ་མོ་བཞི་པོ་གཙོ་བོར་གྱུར་པ་རྣམས་སོ། །མཛའ་ཡས་མཆོག་ནི་ཐོག་མ་དང
་ཐ་མ་མེད་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པ་ནི། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་དང་མཚུངས་པའོ། །མི་མཉམ་པ་ནི་མཚུངས་པ་མེད་པའོ། །ནམ་མཁའ་ཨི་ཁམས་བཞིན་དུ་ཚད་མེད་པས་ན་ནམ་མཁའ་ཨི་ཁམས་བཞིན་དུ་གྲངས་མེད་པ་སྟེ། འཇིག
་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ལས་བྱུང་བས་ན་རྡོ་རྗེ་ཉི་མ་ལས་བྱུང་བའོ། །ནམ་མཁའ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་ནམ་མཁའ་ཐམས་ཅད་ཏེ་ཕྱོགས
་བཅུ་ན་གནས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཇི་ལྟ་བ་བཞིན་རབ་ཏུ་གྲགས་པའོ། །ནམ་མཁའ་ཐམས་ཅད་བཞིན་དུ་ལྷ་མོ་ཐམས་ཅད་ལ་གནས་སྐབས་སྟེར་བའི་ཕྱིར་ནམ་མཁའ་ཐམས་ཅད་གནས་སྐབས་སྟེར་བ་དཀྱིལ་འཁོར་འདི་ཡིན་ནོ། །ནམ་མཁའ་ཐཾས་ཅད
་གནས་སྐབས་ཀྱི་གསང་བའི་དཀྱིལ་འཁོར་འདི་ལ་རབ་ཏུ་ཞུགས་པ་ནི་ལེགས་པར་ཞུགས་པའོ། །ཀུན་ནས་འབེབས་པ་ནི་དཀྱིལ་འཁོར་དུ་བསྒོམ་པ་ལ་མངོན་པར་ཆགས་པའི་རྒྱུད་ལ་རབ་ཏུ་ཞུགས་པའོ། །རྡོ་རྗེ་མཆོག་གི་རྣལ་འབྱོར་གྱི་དབང་ཕྱུག
་མའོ། །དེ་ནས་ཞེས་བྱ་བ་ནི་རྣལ་འབྱོར་བསྒོམ་པའི་དུས་ཕྱིས་དཀྱིལ་འཁོར་བསྒྲུབ་པར་བྱེད་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་ལ་དབང་ཐོབ་པ་ཉིད་དང། མཚན་མ་ཐོབ་པའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ངེས། རྣལ་འབྱོར་བས་ཏེ་ལྷ་མོ
་བཞིའི་རྣལ་འབྱོར་དང་ལྡན་པའི་ཇི་ལྟ་བ་བཞིན་དུ་ཞུགས་པའི་བུ་མོ་དེ་རྣམས་རང་གི་གཡས་པ་དང་གཡོན་པའི་ལོགས་དག་ལ་ཟླ་བ་ཚེས་པའི་དཀྱིལ་འཁོར་གྱི་རྣམ་པའི་དཀྱིལ་འཁོར་ནི་ཟླ་བ་ཕྱེད་པའི་དབྱིབས་ཅན་གྱི་རླུང་གི་དཀྱིལ་འཁོར་དུ་དགོད
་པར་བྱའོ། །དེ་ནས་ཇི་ལྟར་ཞེ་ན། བཀོད་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྣལ་འབྱོར་མ་དེ་རྣམས་བཀོད་ནས་ཐམས་ཅད་ཀྱང་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་ཐམས་ཅད་མཆོག་ནི་བཅོམ་ལྡན་འདས་ཀྱི་གསང་བའི་དཀྱིལ
་འཁོར་གྱི་དངོས་གྲུབ་ཏེ། དངོས་གྲུབ་མཆོག་དེ་སྒྲུབ་པ་ནི་རྫོགས་པར་བྱའོ། །བྱེད་པར་གྱུར་པ་གང་གིས་ཞེ་ན། ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་རླབས་སོགས་སྒྲུབ་པ་ཡིས་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན
་རྣམས་ཀྱིས་སོ། །དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་དེ་རྟག་པ་དང་རབ་ཏུ་སྒྲུབ་པར་བྱས་ནས་ཕྱི་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་བླངས་ལ་སློབ་མ་ཐམས་ཅད་གཞུག་པར་བྱའོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དག་ཉེ་བར་དགོང?
་པ་ལའོ། །རེ་ཞིག་གི་སྒྲ་ནི་རིམ་པས་བལྟོས་པའོ། །གལ་ཏེ་དཀྱིལ་འཁོར་འདི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་བྲི་བར་གྱུར་ན། དེའི་ཚེ་བུད་མེད་རྣམས་གཞུག་སྟེ། རྡོ་རྗེ་འདོད་པའི་མེ་འབར་བ་ལ་སོགས་པའི་ལྷ་མོ་བཞིའི་རྣལ་འབྱོར
་དང་ལྡན་པར་བྱས་ལ་དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་གི་མཚན་ཉིད་ཅན་གྱི་དམ་ཚིག་གསུམ་བྱིན་གྱིས་བརླབས་ནས་རང་གི་ལོགས་གཉིས་སུ་མངོན་དུ་བསྙེན་པ་བྱས་པ་ཡང་དག་པར་བཞག་པར་བྱའོ། །སྐྱེས་པ་རྣམས་ཀྱང་སྔོན་དུ་བསྙེན
་པ་བྱས་པ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་དང་ལྡན་པ། དམ་ཚིག་གསུམ་གྱི་བྱིན་གྱིས་བརླབས་པ་དེ་རྣམས་ལྷ་མོ་བཞིའི་ཕྲེང་བའི་དབུས་སུ་བཀོད་པ་དེའི་རྣལ་འབྱོར་སྒྲུབ་པ་ཡང་དག་པར་འཛིན་དུ་གཞུག་པར་བྱའོ། །རྡོ་རྗེ་ཆེན
་པོའི་ཁྲོ་བོ་ཡི་རྒྱལ་པོ་ཆེན་པོའི་དམ་ཚིག་དང་སྡོམ་པ་དག་ཀྱང་ལེན་དུ་གཞུག་པར་བྱའོ། །བུ་མོ་དང་ཁྱེའུ་ནི་བྱིས་པའི་བློའི་རང་བཞིན་ཅན་རྣམས་དཀྱིལ་འཁོར་དུ་བཅུག་སྟེ། ཚོགས་དང་བཅས་པའི་སློབ་དཔོན་རང་ཉིད་ཀྱིས་ཡང་དག་པར
་བསྲུང་པར་བྱའོ། །དུས་གཞན་དུ་དེ་རྣམས་ཀྱང་མ་བཞིན་དུ་སྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པར་བསྟན་ནས་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ
་གསུངས་ཏེ། བྱང་ཆུབ་སེམས་ནི་བླ་མེད་པ། བསྐྱེད་ནས་ཞེས་བྱ་བ་ནི་གོ་སླའོ། །མི་ཕྱེད་པ་ཞེས་བྱ་བ་ནི་སྲོག་ཆགS་དང་སྲོག་ཆགས་མ་ཐཾས་ཅད་ཀྱིས་དབྱེ་བར་མི་ནུས་པས་ན་མི་ཕྱེད་པའོ། །དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་རང་བཞིན་ཅན་ཡིན་པས་སོ་སོར
་རྟོག་པའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང། ཕྱི་རོལ་གྱི་ལྷ་ཆེན་པོ་ལ་སོགས་པ་ནི་གདུག་པ་རྣམས་ཏེ། དེ་དག་གནོད་པས་ན་གདུག་པ་ཐམས་ཅད་གནོད་པ་སྟེ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སོ། །སྦྱིན་པའི
་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀུན་ཏེ་དེའི་རང་བཞིན་ཡིན་པས་ན་སངས་རྒྱས་ཀུན་དངོས་སོ། །དེ་ནི་བཅོམ་ལྡན་འདས་ཀྱི་འབར་བའི་རྡོ་རྗེ་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི
་སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། བརྟན་པ་ནི་མི་ཕྱེད་པ་སྟེ། ད་ཉིད་ཡིན་ནོ། །རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གདུལ་བྱ་རྣམས་ཀྱིས་ཡོངས་སུ་བརྟག་པ་དེ་ཉིད་མཚོན་ཆ་སྟེ། དེ་རྒྱལ་བ་དེ་བཞིན་གཤེགས་པ་རྣམས་ཀྱིས་བདེ་བ་ཆེན་པོའི་རྡོ་རྗེ་དཀྱིལ་འཁོར་ལ་སོགས
་པའི་དོན་དུ་ཀུན་ཏུ་བཟང་པོའི་ལག་ཏུ་བྱིན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པ་ནི་བཀའ་སྟེ། དེའི་དངོས་གྲུབ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་པོ། །དེའི་དོན་དུ་མཚོན་ཆ་དེ་དེ་བཞིན་གཤེགས་པ་ཐམས་ཅད།
་དེའི་ལག་ཏུ་ཕྱིན་པ་ཡིན་ནོ། །རྡོ་རྗེས་ཉེ་བར་མཚན་པའི་ཕྱག་གང་ལ་མངའ་བ་དེ་ནི་ཕྱག་ན་རྡོ་རྗེ་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། །དེ་ལྟར་སྒེག་པ་དང་ཁྲོ་བོའི་གཟུགས་ཅན་རྡོ་རྗེས་རྡོ་རྗེ་འཆང་བ་བསྟན་ནས་ད་ནི་ཐུན་མོངས་ཡིན་པའི་ཁྲོ་བོའི
་རྡོ་རྗེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་ཏུ་ཆགས་པ་ལས་བྱུང་བའི་ཁྲོ་བོ་ནི་བཤད་ཟིན་ཏོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་དང་དྲིལ་བུ་འཆང་བའི་རྡོ་རྗེ་སེམས་དཔའ་ཉིད
་ཁྲོ་བོར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གདུལ་བྱའི་ཕྱིར་ཞེས་བྱ་བ་ནི་དྲག་པོའི་ལ་སོགས་པ་གདུག་པ་དང། དྲག་པོ་རྣམས་ནི་ཁྲོ་པོས་གདུལ་བར་གྱུར་པས་ཏེ། དེའི་ཕྱིར་ཁྲོ་བོས་གདུལ་བའི་རྒྱུ་དེའི་ཕྱིར་རྡོ་རྗེ་སེམས་དཔའ་ཉིད་ཁྲོ་བོར་འགྱུར་ཏེ། ཉོན་མོངས་པའི
་དབང་གིས་ནི་མ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཁྲོ་བོར་གྱུར་ཞེ་ན། རྡོ་རྗེ་ལྟར་འབར་པ་ནི་ཞེས་བྱ་བ་ལ། ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། ཁྲོ་བོ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཉིད་དེ་བཞིན་ནི་མ་ཡིན་ནོ། །རྡོ་རྗེ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱིས
་སེམས་ཏེ། དེའི་འབར་བ་ནི་ནམ་མཁའ་ཨི་ཐམས་ཅད་ལ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྔོན་པོ་འབར་བའི་ངོ་བོ་སེམས་དཔའ་ཨི་སྟེ་འོད་ཀྱི་འཁོར་ལོ་དམར་པོ་འབར་བའོ། །དེ་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་སྟེ། ཀུན་ནས་ཉོན་མོངས་པ་ཅན་བསྲེགས
་ནས། སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཀྱི་རང་བཞིན་དུ་མཛད་པས་ན་ཉི་མ་དང་མཚུངས་པས་ཉི་མའོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་འཇིགས་པ་ལས་ཀྱང་འཇིགས་པར་བྱེད་པའི་མཆོག་ཏུ་འཇིགས་པ་ནི་ང་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན
་ཉིད་ཀྱིས་རྡོ་རྗེ་གཟུང་བ་བསྟན་ནས། དེ་ནི་ལྷ་མོ་རྣམས་ཀྱི་གསུངས་པ་ཡིན་ཏེ། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའོ། །དེ་ལས་བྱུང་བ་ནི་སྐྱེས་པས་ཏེ་དེའི་འོད་ཀྱིས་འཁོར་ལོ་ལས་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །གྲིབ་མ
་ཞེས་བྱ་བ་ནི་དེ་དང་རྗེས་སུ་མཐུན་ཞིང་མཚུངས་པས་ཏེ། དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་པ་ནི་སྐྱེད་པར་མཛད་པའོ། །ལས་དེ་ལྟ་བུ་དང་ལྡན་པ་ཞེ་ན། མ་ལུས་བདུད་ལ་སོགས་པ་གདུག་པ་ཡི། ཁྲག་གསོལ་བར་ནི་ནུས་པའོ། །ཞེས་བྱ
་བའ?། ལུས་པ་མེད་པའི་བདུད་ལ་སོགས་པའི་གདུག་པ་རྣམས་ཀྱི་ཁྲག་གསོལ་བའི་ནུས་པ་དང་བཅས་པའོ། །ཤིན་ཏུ་ཉལ་དུ་བཅུག་པ་ནི་ཤིན་ཏུ་གསོད་པའོ། །དེས་དག་པ་ནི་དག་པར་གྱུར་པས་ཏེ་རྗེས་སུ་རྩེ་བས་ནི་མ་ཡིན་ནོ། །ཞེས་བསྟན་ཏོ། །མིའི
་ཁྲག་སྔགས་ཀྱི་སྟོབས་ཀྱིས་དགུག་པ་འགྲུབ་པ་གང་ཡིན་པ་དེ་ནི་ཁྲག་ཆེན་པོའོ། །ལྷག་མའི་དོན་ནི་གོ་སླའོ། །སླར་ཡང་འདིའི་དོན་བཤད་པར་བྱ་སྟེ། སྔ་མ་བཞིན་དུ་རྡོ་རྗེ་མེ་འབར་བའི་རྣལ་འབྱོར་གྱིས་རྣལ་འབྱོར་ཆེན་པོ་བྱས་ལ། ལྷ་མོ་བཞིའི་
་རྣལ་འབྱོར་དང་ལྡན་པའི་བུ་མོ་རྣམས་དང། ལྷན་ཅིག་ཏུ་ལྷ་མོ་བཞི་དང་ཡང་དག་པར་སྦྱོར་བའི་རྣལ་འབྱོར་གྱིས་ཉེ་བར་འདུག་ལ་དཀྱིལ་འཁོར་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱས་ལ། ཇི་སྲིད་མཚན་མ་ཐོབ་པར་འགྱུར་བ་ཇི་སྲིད
་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་སློབ་མ་ལྷག་པར་གནས་པ་དང། ལྷ་ལྷག་པར་གནས་པར་བྱས་ལ། ཉི་མ་འཆར་ཀའི་དུས་སུ་དཀྱིལ་འཁོར་ལ་ཐིག་བཏབ་ནས་ཕྱིའི་དཀྱིལ་འཁོར་དེ་ཉིད་དུ་བྲིས་ལ་དེའི་ཕྱེད་ཀྱི་ཚད
་ཀྱིས་ནང་དུ་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་དབྱིབས་ཅན་དེའི་སྟེང་དུ་འབར་བའི་འཁོར་ལོ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་ཏེ། ལྕགས་ཀྱི་ཕྱེ་མས་འབར་བར་བྲིས་ལ། ནང་གི་དཀྱིལ་འཁོར་གྱི་ལྟེ་བར་པདྨའི་རས་རིས་ཀྱིས་བཀབ
་པའི་གདན་ལ། ལྷ་མོ་བཞི་ཡང་དག་པར་འདུས་པའི་རྣལ་འབྱོར་དང་ལྡན་པའི་བུ་མོ་བཞི་དང་ལྷན་ཅིག་ཏུ་སློབ་དཔོན་གྱིས་འདུག་པ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞི་པོ་ལ་ཁྲོ་བོ་ཡི་སྒེག་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས
་དགོད་པར་བྱའོ། །སྒོ་བཞི་པོ་ལ་ཁྲོ་མོ་རྡོ་རྗེ་ལྕགས་ཀྱུ་མེ་ལ་སོགས་པའི་རྣལ་འབྱོར་མ་བཞི་འམ། དེའི་རྣལ་འབྱོར་དང་ལྡན་པའི་སློབ་མ་རྣམས་དགོང་པར་བའོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་པས་ཚོགས་ཡོད་ན་ཚོགས་ཀྱི་འཁོར་ལོ་བརྟག་སྟེ།
་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །རང་འཇུག་པའི་དུས་དང། སློབ་མ་གཞུག་པའི་དུས་སུ་རང་གི་སློབ་དཔོན་ནམ་དེའི་ཡོན་ཏན་དང་ལྡན་པའི་གཞན་དབུས་སུ་དགོང་པར་བྱའོ། །གང་ལ་ཚོགས་མེད་ན་ངེས་དབུས་ཀྱི་དཀྱིལ་འཁོར་གྱི
་ཕྱོགས་སུ་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་བཅོམ་ལྡན་འདས་སྙིང་པོ་འདིས་རས་ལ་བྲི་བར་བྱའོ། །ཧཱུཾ་ཞེས་བྱ་བའོ། །རྡོ་རྗེ་ཆེན་པོའི་འདོད་པ་མེ་ལྟར་འབར་བའི་སྙིང་པོ་ནི་ཧྣི?་ཞེས་བྱ་བའོ། །གཉིས་པ་ནི་ཧཱུཾ་ཞེས་བྱ་བའོ། །གསུམ་པ་ནི་ཨོཾ་བཛྲ་རུ་ལུ
་རུ་ལུ་ལ་ཧྣི་ཞེས་བྱ་བའོ། །བཞི་པ་ནི་?་ཞེས་བྱ་བའོ། །ཁྲོ་བོའི་སྒེག་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་སྔར་བཤད་པའི་སྙིང་པོ་རྣམས་ཀྱིས་དགོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བསྒོ་བཞི་ཕྱི་ལ་བསྡུ་བ་བྱས་ནས་མཚན་བརྒྱས་བསྟོད་ནས།
་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྤྱན་དྲངས་པའི། ཕྱག་རྒྱ་དང་སྔགས་དག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ཏེ་བགེགས་བསྐྲང་པ་ལ་སོགས་པ་བྱས་ནས། ཡི་གེ་ཧཱུཾ
་གིས་མཆོད་ཡོན་ཕུལ་ཏེ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རྒྱས་བཏབ་ཏེ་ཐོད་པའི་འཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱ
་དང། དེ་བཞིན་གཤེགས་པའི་སྐུ་མཆོག་གི་ཕྱག་རྒྱས་དབང་བསྐུར་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བའི་མཆོད་པའི་ཡན་ལག་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ལ་རེ་ཞིག་པདྨའི་སྣོད་དུ་ཁྲག་ཆེན་དང་ག་བུར་དང་ཙན་དན་དམར་པོ
་ཡི་གེ་ཧཱུཾ་གིས་མངོན་པར་བསྔགས་པ་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་གཟུང་བའི་རྡོ་རྗེ་མེ་ཏོག་གི་ཡལ་གས་བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་བཞག་ཏེ། བུམ་པ་དང་བུམ་པ་གང་བ་རྣམས་དབུལ་བར་བྱའོ། །དེ་ནས་མཆོག
་པ་ཐམས་ཅད་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་གྱིས་རྣལ་འབྱོར་ཆེན་པོ་དང་ལྡན་ཞིང། རྡོ་རྗེ་ཆེན་པོ་འདོད་པའི་མེ་ལ་སོགས་པའི་ལྷ་མོ་བཞིའི་རྣལ་འབྱོར་དང་ལྡན་པ་དང། སྔོན་དུ་བསྙེན་པ་བྱས་པའི་བུ་མོ་བཞི་དང་ལྷན་ཅིག་ཏུ་ཕྱག་བཞི་སྔོན་དུ
་འགྲོ་བས་གང་ལས་བྱུང་བའི་ཕྱག་འཚལ་བའི་ཐལ་མོ་མེ་ཏོག་དང་བཅས་པའི་སྤྱི་བོར་བཅིངས་ཏེ། དེ་བཞིན་དུ་མེ་ཏོག་གི་ཕྲེང་བ་བླངས་ལ། རྡོ་རྗེ་ཤུགས་ཀྱིས་རྡོ་རྗེ་མདའ་གཞུ་ཅན་ཁྱོད་ལ་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པའི་འཇུག་པའི་གླུ་བརྗོད་ཅིང
་འཇུག་པར་བྱའོ། །བུ་མོ་བཞི་པོས་ཀྱང་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཆིང་ཞིང་མེ་ཏོག་ཕྲེང་བ་བླངས་ཏེ། འཇུག་པའི་གླུ་དང། རང་གི་ལྷའི་སྙིང་པོ་བཟླས་ཤིང་འཇུག་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་རས་བྲིས་ཀྱི
་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ས་ཐམས་ཅད་རྗེས་སུ་སྤྱད་ནས། མེ་ཏོག་ལ་སོགས་པ་དང། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་བུ་མོ་བཞི་དང་བཅས་པའི་བདག་ཉིད་ཡང་དག་པར་མཆོད?
་ནས་དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་རྣམས་བཟུང་ལ། སྙིང་པོ་དང། ཕྱག་རྒྱ་བཞི་ཡེ་ཤེས་བཅོམ་ལྡན་འདས་ཀྱི་དྲུང་ནས་བླངས་སྟེ། ཚིགས་སུ་བཅད་པ་ལྔ་པོས་རྗེས་སུ་གནང་བ་དང། གཟེངས་བསྟོང་པ་དང། ལུང་བསྟན་པ་མནོས་ལ། རྡོ་རྗེ
་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་བྱའོ། །བུ་མོ་བཞི་ཡང་རང་གི་ལྷའི་རྣལ་འབྱོར་དང་ལྡན་པ་བླངས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ལྷ་མོ་བཞི་དང་ཡང་དག་པར་སྦྱོར་བའི་རྣལ་འབྱོར་གྱིས་ཟླ་བ་ཚེས་པའི་དཀྱིལ་འཁོར་དང་ལྷན་ཅིག་ཏུ་བདག
་ཉིད་ལ་གཞུག་པར་བྱའོ། །དེ་ནས་ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་གྱིས་བརླབས་སོགས་བསྒྲུབ་པ་ཡིས། །བདག་ཉིད་འཁོར་དང་བཅས་པ་རྫོགས་པར་བྱས་ནས། ཉིན་རེའི་སྦྱོར་བས་ཡི་གེ་ཧཱུཾ་གིས་བཟླས་པ་འབུམ
་བྱའོ། །བུ་མོ་རྣམས་ཀྱིས་ཀྱང་རང་གི་ལྷ་མོ་རྣམས་ཀྱི་བཟླས་པ་འབུམ་བྱའོ། །དེ་ནས་ཁྲག་ཆེན་ག་བུར་བཅས། །ཙན་དན་དམར་པོ་དང་བཅས་པ་རྡོ་རྗེ་འབར་བ་དང་བཅས་པ་ཇི་ལྟ་བ་བཞིན་དུ་བཤད་པའི་པདྨའི་སྣོད་ན་གནས་པར་སྦྱོར
་པར་བྱ་སྟེ། །སྲིན་ལག་དང་མཐེ་བོང་གི་རྩེ་མོས་བླངས་ཏེ། བཟའ་བར་བྱའོ། །བུ་མོ་དེ་རྣམས་ཀྱིས་ཀྱང་རང་གི་ལྷའི་སྙིང་པོས་བཟའ་བར་བྱའོ། །དེ་ནས་ཐམས་ཅད་མཁའ་སྤྱོད་སུ་འགྱུར་རོ། །རྣལ་འབྱོར་པ་ནི་རྡོ་རྗེ་རྣལ་འབྱོར་པའི་དབང་ཕྱུག་དང། བུ་མོ
་རྣམས་ནི་རྡོ་རྗེ་ཆེན་པོའི་འདོད་པའི་མེ་ལ་སོགས་པའི་གཟུགས་ཅན་གྱི་རྣལ་འབྱོར་མ་རྣམས་སུ་འགྱུར་རོ། །དེ་ནས་འབར་བའི་སྦྱོར་བ་འདི་ཡིན་ཏེ། པདྨའི་འདབ་མའི་དབུས་སུ་ཡི་གེ་ཧ་ལས་རླུང་གི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་ཐིག་ལེ་དང་བཅས་པའི
་ཡི་གེ་ར་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་མེ་ཏོག་ཕྲོ་ཞིང་འབར་བའི་ཡི་གེ་ཧཱུཾ་རྣམ་པར་བསམས་ལ། རྫས་དེ་དེས་རབ་ཏུ་འབར་བར་གྱུར་པ་རྣམ་པར་བསྒོམ་པར་བྱའོ། །གང་ཞིག་ལ་རབ་ཏུ་འབར་བའི་ནུས་པ་མེད་ན་ངེས་བཟའ་བར་མི
་བྱའོ། །འོན་ཀྱང་རྗེས་སུ་བསྒྲུབ་པ་དང་སོ་སོར་བསྒྲུབ་པའི་རྣལ་འབྱོར་གྱི་ཚོགས་དང་བཅས་པས་མཚན་མ་མ་ལུས་པར་སྒྲུབ་པར་བྱའོ། །དེ་ནས་ཉི་མ་འཆར་ཀའི་དུས་སུ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་བདུན་པར་འདོད་པའི་དངོས་གྲུབ་ཐོབ
་པར་འགྱུར་རོ། །གལ་ཏེ་སློབ་མ་རྣམས་གཞུག་པར་འདོད་ན། དེའི་ཚ་བུ་མོ་རྣམས་མེད་པར་འཇུག་པ་གཉིས་པས་འཇུག་པར་བྱ་སྟེ། ཆོ་ག་ཐམས་ཅད་ཀྱང་རྗེས་སུ་སྤྱད་ལ་རྡོ་རྗེ་བཟུང་སྟེ་དེ་བཞིན་དུ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་དུ་འཇུག་པའི
་ཆོ་གས་ཕྱག་བཞི་བྱེད་དུ་གཞུག་གོ། དེ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དུ་གཞུག་གོ་།དེ་ནས་དེ་རྣམས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གཟུགས་སུ་བྱས་ལ་ཡང་དག་པར་མཆོད་དེ། གར་ལས་བྱུང་བའི་མེ་ཏོག་དང་བཅས་པའི་ཕྱག
་འཚལ་བའི་ཐལ་མོ་འཆིང་དུ་གཞུག་པར་བྱའོ། །དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ནས་བཞུགས་ཏེ། ཐམས་ཅད་བྱས་ལ་རྡོ་རྗེ་ལ་སོགས་པ་གསུམ་པོ་དེ་རྣམས་ལ་སྦྱིན་པར་བྱའོ། །རྟག་ཏུ་འདོད་ཆགས་ལས་བྱུང་ངོ། །རྡོ་རྗེ་སེམས་དཔའ་ཨི
་གདུལ་བྱའི་ཕྱིར། །རྡོ་རྗེ་ཉི་མ་མེ་ལྟར་འབར། །མཆོག་ཏུ་རབ་འཇིགས་འདི་ཡིན་ནོ་ཞེས་བྱ་བའི་དེ་ཁོ་ན་ཉིད་འདིས་གསང་བ་ལྔའི་བཤད་པ་བྱས་ནས་རྡོ་རྗེ་སྦྱིན་པར་བྱ་བ་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་པ་ལའོ། །རྡོ་རྗེ་རྣལ་འབྱོར་མ
་རྣམས་ནི། །རྡོ་རྗེ་ཉི་མ་འབར་འབྱུང་བའི། །གྲིབ་མ་འདི་དག་བདུད་ལ་སོགས། །གདུག་པ་མ་ལུས་ཁྲ་ཟ?་ནུས། །དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་ཞེས་པའི་དེ་ཁོ་ན་ཉིད་འདིས་སྦྱིན་པར་བྱའོ། །རྡོ་རྗེ་ཁ་ཊཝཱཾ་ག་ངེས་པར་སྦྱོར་བའི
་བ་དན་དང་བཅས་པའི་རྡོ་རྗེ་དྲིལ་བུ་ཆོས་འདིས་དགྲོལ་བར་བྱའོ་ཞེས་བསྟན་པར་བྱའོ། །དེ་ལ་ཆོས་ནི་འདི་ཡིན་ཏེ། ཤིན་ཏུ་མ་རུངས་དྲག་པོ་དང། བདག་པོ་གྲོགས་པོ་བུ་རྣམས་དང། །ཤིན་ཏུ་ཉལ་དུ་བཅུག་ནས་བརྟག་མཆོག་ནི
་འཛིན་པས་གསུངས། ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་རྡོ་རྗེ་ཁ་ཊཝཾ་གའི་རྒྱལ་མཚན་དང་ངེས་པར་སྦྱར་བའི་བ་དན་དང་བཅས་པའི་དྲིལ་བུ་ནི་ཐམས་ཅད་འབེབས་པར་བྱེད་པ་དང། རབ་ཏུ་སྒྲུབ་པར་བྱེད་པ
་དང། ཐམས་ཅད་ལྟུང་བར་བྱེད་པ་དང། སློང་བར་བྱེད་པའོ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ཤིག་ཅེས་བྱ་བ་ཡང་སློབ་ཏུ་གཞུག་གོ་།དེ་ལ་དམ་ཚིག་ནི་འདི་ཡིན་ཏེ། །ཁྲག་ཆེར་ག་བུར་དང་བཅས་པ། །ཙན་དན
་དམར་པོས་སྦྱར་བས་ཏེ། །ཚོགས་ཀྱི་ནང་དུ་རབ་ཞུགས་ནས། །རྡོ་རྗེ་དང་བཅས་རྡོར་འཛིན་ཉིད། །སྲིན་ལག་མཐེ་བོའི་རྩེ་མོ་ཡིས། །ནམ་མཁའ་ཐམས་ཅད་མཆོག་སྦྱོར་ལྡན། །ཟླ་བའི་བཏུང་བ་བཞིན་མྱངས་ན། །རྟག་པའི་དངོས་གྲུབ་ཐོབ
་པར་འགྱུར། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང། །ཅི་འདོད་པར་ནི་བསྟེན་བཞིན་དུ། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ཞེས་བྱ་བ་འདི་ཚོགས་ཀྱི་འཁོར་ལོ་ཤེས་པར་བྱའོ། །སྔོན་དུ་བསྙེན་པའི་དུས་སུ
་ནི། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཨི་ཞེས་བརྗོད་ཅིང། །རྡོ་རྗེ་ཕྱག་རྒྱས་བཏབ་པ་ཡི། །འཇིག་རྟེན་གསུམ་ཡང་བཟའ་བར་བྱ་ཞེས་བྱ་བའི་དམ་ཚིག་འདིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མནའ་བསྒགས་ལ
་སྙིང་པོ་ཕྱག་རྒྱ་བཞིའི་ཡེ་ཤེས་བསྟན་པར་བྱའོ། །དེ་ཡང་སྒེག་པ་དང་བཅས་པའི་སྨིན་མའི་ཁྲོ་གཉེར་ཅན་སྤྱན་དམར་སེར་གྱིས་ཤིན་ཏུ་འཇིགས་པར་བྱེད་པ་ཕྱག་གཡས་པས་འབར་བའི་རྡོ་རྗེ་རྩེ་ལྔ་པ་གསོར་བ་ལ་བརྩོན་པ་སྔོ་ལ་འབར་བའི་རང་བཞིན་ཅན
་འོད་ཀྱི་དཀྱིལ་འཁོར་འབར་ཞིང་འབར་བ། གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་རྡོ་རྗེ་བསྙེམས་པ་འཛིན་པ་དགུ་གཡོན་པར་མཆོད་ཕྱིར་ཐོགས་ཀྱི་ཚུལ་དུ་རྡོ་རྗེ་ཁ་ཊཝཱཾ་གའི་ཕྱག་མཚན་དང་ངེས་པར་སྦྱར་བའི་བ་ངན་དང་བཅས་པའི་དྲིལ་བུ
་འཆང་བ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སངས་རྒྱས་ཀྱི་གཙུག་གི་ནོར་བུ་དང་བཅས་པའི་ཐོད་པའི་ཕྲེང་བའི་ཅོད་པན་ཅན། སྣ་ཚོགས་པདྨ་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་དྲག་པོའི་གཟུགས
་ཅན་གྱི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོའོ། །ལྷ་མོ་བཞི་པོ་ནི་གོ་སླའོ། །རྡོ་རྗེ་མེ་ལྟར་འབར་བ་དང། མདའའཛིན་མ་དང། ཁ་ཊཝཱཾ་ག་འཛིན་པ་དང། བ་དན་སྣ་ཚོགས་འཛིན་མ་རྣམས་ཀྱི་ཕྱག་རྒྱ་འོག་ནས་སྟོན་པར་འགྱུར་བ་ཡིན་ནོ
་ལྷ་མོ་གཉིས་པའི་དམ་ཚིག་གིས་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཡི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཀཱི་ལི་ཀཱི་ལའི་དམ་ཚིག་གི་ཕྱག་རྒྱ་བཟུང་བར་བྱའོ། །ཆོས་ཀྱི་ཕྱག་རྒྱ་རྣམས་ནི་རང་རང་གི་སྙིང་པོ་ཁོ་ནའོ། །ལས་ཀྱི་ཕྱག་རྒྱ་ནི
་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང། མངའ་འཛིན་མ་དང། ཀཱི་ལི་ཀཱི་ལི་མ་དང། ཁ་ཊཝཱཾ་ག་འཛིན་མ་དང། བ་དན་འཛིན་མ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་གཟེངས་བསྟོད་པས་ལུང་བསྟན་པ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད
་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱའོ། །དེའི་རྗེས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཅེས་བྱ་བ་ལས། རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྲ་མོའི་ཆོ་གའི་གསང
་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་བཅོམ་ལྡན་འདས་ཉི་མ་མེ་ལྟར་འབར་བ་གསང་བའི་དཀྱིལ་འཁོར་གཉིས་པ་བསྟན་ནས་རེ་ཞིག་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་བསྟན་པར་བྱ་བའི་ཕྱིར་དེ་ནས་འཕགས
་པ་སྤྱན་རས་གཟིགས་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཁོ་ནའོ། །སྔ་མ་བཞན་དུ་ཚིགས་སུ་བཅད་པའི་སྔགས་ཀྱིས་རས་རིས་ཀྱི་དཀྱིལ་འཁོར
་རྫོགས་པར་བྱའོ། །དེ་ནས་གནས་ཇི་ལྟ་བ་བཞིན་དུ་རང་རང་གི་སྙིང་པོས་དགོད་པར་བྱ་སྟེ། འདི་ནི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་གདུལ་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་པ་ཤེས་པར་བྱའོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་བརྗོད་པར་བྱེད
་པས་ཏེ། ཏིང་ངེ་འཛིན་འདས་མ་ཐག་པ་ཁོ་ན་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཆོག་ཀྱང་དེ་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བས་ཏེ་རས་རིས་ཀྱི་དཀྱིལ་འཁོར་རོ། །སེམས་ཅན་གདུལ་བར་བྱ་བའི
་ཕྱིར། དེའི་ཆོ་ག་ནི་སྒྲུབ་པར་བྱ་བ་དང་སྒྲུབ་པ་བསྟན་པ་ཡིན་པའོ་།རས་ལ་བཅོམ་ལྡན་འདས་བྲི་བར་བྱ་ཞེས་བྱ་བ་ནི་རས་ཁོ་ན་ལ་བྲི་བར་བྱའོ། །དེ་གང་ཡིན་ཞེ་ན། པདྨ་གང་གྱི་དབང་ཕྱུག་གཙོ་ཞེས་བྱ་བ་ལ། པདྨ་ཞི་བའི་གཟུགས་དོན་ཡོད་རྒྱལ་པོས་ཏེ་དོན་ཡོད
་ཞགས་པའོ་ཞེས་བྱ་བའི་དོན་ཏེ། །དེ་ཡང་མཆོག་སྩོལ་བ་བྲི་བར་བྱའོ། །འཇིག་རྟེན་དབང་ཕྱུག་ཉིད་དབང་ཕྱུག་ཆེན་པོའི་གཟུགས་འཆང་བ་ནི་འཇིག་རྟེན་དབང་ཕྱུག་ཆེན་པོའོ། །གློག་གི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ
་རྣམ་པར་འཕྲུལ་པ་ནི་སྒེག་པའི་ཉམས་ཀྱི་དངོས་པོ་སྟོན་པར་བྱེད་པའི་བཞིན་འཛུམ་པ་དང། མཆུ་དང། སོ་དང། སྨིན་མ་དང། མིག་ལ་སོགས་པའི་ཕྱག་རྒྱའི་རང་བཞིན་ཅན་ཏེ། དེ་དང་བཅས་པ་གར་མཛད་པའི་ཕྱག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གློག
་འགྱུ་བ་ལྟར་གར་མཛད་པས་འཁོར་ལོ་བཞིན་དུ་སྐུའི་ཕྱི་རོལ་ཏུ་བསྐོར་བའི་ཚུལ་གྱིས་འགྱུར་བ་ཡང་དེ་ཡིན་པས་ཡོངས་སུ་བསྐོར་བ་ཡང་དེ་ཉིད་ཡིན་པས་ན་གློག་གི་འཁོར་ལོ་འགྱུ་བ་ལྟར་བསྐོར་བའོ། །གློག་གི་འཁོར་ལོ་འགྱུ་བ་ལྟར་ཡོངས་སུ་བསྐོར
་བ་ཡང་དེ་དག་ཡིན་ལ་རྣམ་པར་འཕྲུལ་པས་གར་མཛད་པ་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སླར་ཡང་བཞི་མཐུན་པའི་བསྡུ་བའོ། །དེའི་ཕྱིར་ཕྱག་དེ་དག་གིས་པདྨ་ལ་སོགས་པའི་ཕྱག་མཚན་ཡང་དེ་དག་ཉིད་ཡིན་པས་ན་པདྨ་ལ་སོགས་པའི་ཕྱག་མཚན
་ཏེ། དེ་རྣམས་འཚང་བ་ནི་འཛིན་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་སྟེ་ཕྱག་རྒྱ་ཆེན་པོ་དེ་གང་གིས་འཁོར་ལོ་ལྟར་མཛད་པ་དེ་ནི་ཕྱག་རྒྱ་འཁོར་ལོ་ལྟར་མཛད་པས་ཏེ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་བྲི་བར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ
་པདྨ་དང། རལ་གྲི་དང། འཁོར་ལོ་དང། ལྕེ་དང། སྣ་ཚོགས་རྡོ་རྗེ་དང་གོ་ཆ་དང། མཆེ་བ་དང་ཁུ་ཚུར་དང་རྡོ་རྗེ་ལྕགས་ཀྱུ་དང། མངའ་དང། ལེགས་པར་སྦྱིན་པ་དང། རིན་པོ་ཆེ་དང། ཉི་མ་དང། རྒྱལ་མཚན་དང། འཛུམ་པ་དང།
་ལྕགས་ཀྱུ་དང། ཞགས་པ་དང། ལྕགས་སྒྲོག་དང། དྲིལ་བུ་དང། ཏྲི་ཤུལ་དང། དབྱུག་པ་དང། དགྲ་སྟ་དང། མདུང་དང། གཞུ་དང། མདུང་ལ་སོགས་པའི་ཕྱག་མཚན་རྣམས་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་གར་གྱི་ཚུལ
་གྱིས་ཕྱག་རྒྱ་འཁོར་ལོ་ལྟར་མཛད་ཅིང་སྣ་ཚོགས་པདྨའི་གདན་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བ་ལྟ་བུའི་འོད་དང་ལྡན་པ། སྤྱན་གསུམ་པ་སངས་རྒྱས་སྐུའི་མཆོག་གིས་དབུ་ལ་མཚན་པ། མཆོག་སྩོལ་བའི་དོན་ཡོད་ཞགས་པ་འཇིག་རྟེན་དབང་ཕྱུག
་བྲི་བར་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་དབང་ཕྱུག་དེའི་ལོགས་ཐམས་ཅད་དེ་ཕྱོགས་བཞིར་ཁྲོ་གཉེར་མ་ལ་སོགས་པ་བྲི་བར་བྱ་སྟེ། དྲག་མོ་ལ་སོགས་པའི་གཟུགས་དང་ཕྱག་མཚན་གང་ལ་ཡོད་པ་དེ་ནི་དྲག་མོ་ལ་སོགས་པའི་གཟུགས་དང
་ཕྱག་མཚན་ཅན་ནོ། །པདྨ་དང་བཅས་པར་བཞུགས་པས་ན། པདྨ་དང་བཅས་པས་ཏེ། པདྨ་རིགས་ཀྱི་ལྷ་མོ་རྣམས་པདྨ་དང་བཅས་པ་བྲི་བར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། ཧཱུཾ་པདྨ་ཙན་དི་ཤྭ་ར་ཧཱུཾ་ཕཊ་ཅེས་བྱ་བའི་སྙིང་པོ་འདིས་ཇི་ལྟ་བ་བཞིན་བུ་བཤད
་པའི་སྐུ་མདོག་དང་དབྱིབས་དང་ལྡན་པའི་དོན་ཡོད་ཞགས་པ་འཇིག་རྟེན་དབང་ཕྱུག་བྲི་བར་བྱ་སྟེ། དེའི་པདྨ་གཅིག་ལ་བཞུགས། །དེ་ཡི་འོད་ཀྱིས་འཁོར་ལོར་བརྟེན། །དྲག་མོ་སོགས་གཟུགས་ཕྱག་མཚན་ལྡན། །ཁྲོ་གཉེར་མ་སོགས་བྲི་བར་བྱ། །དེ་ལ་གཡས
་ལོགས་སུ་པདྨ་ཁྱབ་འཇུག་མ་ཏེ། ཕྱག་གཡས་པས་པདྨ་འཛིན་པ། །གཡོན་པས་འཁོར་ལོ་འཛིན་པའོ། །དེ་ཉིད་ཀྱི་གཡས་ལོགས་སུ་ཁྲོ་གཉེར་མ་སྟེ་ཕྱག་གཡས་པས་པདྨ་འཛིན་པ། གཡོན་པས་རྩེ་གསུམ་འཛིན་པའོ། །སླར་ཡང་བཅོམ་ལྡན་འདས་ཀྱི་གཡོན
་ལོགས་སུ་གོས་དཀར་མོ་སྟེ། ཕྱག་གཡོན་པས་ཕྲེང་བ་འཛིན་པ། ཕྱག་གཡས་པས་པདྨ་འཛིན་པའོ། །དེ་ཉིད་ཀྱི་གཡོན་ལོགས་སུ་པདྨ་ལ་ཆགས་པ་སྟེ། པདྨ་མདའ་གཞུ་འཛིན་པ་སྟེ། །ཧྲི་ཞེས་བྱ་བའི་སྙིང་པོ་འདི་བྲི་བར་བྱའོ། །གནས་གང་དུ་རས་རིས་འདི་བྲི་བར་བྱ
་ཞེ་ན། འཁོར་ལོ་དེ་ནི་བརྟན་གནས་སུ་ཞེས་བྱ་བ་ལ་སོགས་པ་ལ་པདྨ་རིགས་ཀྱི་དཀྱིལ་འཁོར་དེ་བརྟགས་ཏེ་དྲི་བར་བྱས་ནས་གསང་བའི་དཀྱིལ་འཁོར་བྲི་བར་བྱའོ། །དམ་པ་ནི་ཕུལ་དུ་བྱུང་བའོ། །རས་རིས་འདི་ནི་དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ
་བྲི་བར་བྱའོ། །དེ་ནས་པདྨའི་སྒེག་མོ་ལ་སོགས་པ་རྣམས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་བྲི་བའོ་།སྒོ་བཞི་ལ་ནི་ལྕགས་ཀྱུ་མ་ལ་སོགས་པ་རྣམས་བྲི་བར་བྱའོ། །རྡོ་རྗེ
་སེམས་དཔའ་ཨི་རས་རིས་ཀྱི་ཆོ་ག་ནི་མཚོན་ཆ་མཆོག་གི་གོ་ཆ་སྟེ། གོ་ཆ་དེས་ཐམས་ཅད་ནི་རང་གི་ཆོ་ག་རྒྱས་པ་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བྱས་ལ། དེ་ཁོ་ན་ཉིད་དང། ཆོས་དང། དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་བཞིན་ཉིད
་ནི་དོན་དམ་པ་སྟེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་ནི་སྤྱན་རས་གཟིགས་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སོ་སོར་གཟིགས་པ་ཡིན་ནོ། །བག་ཆགས་དང་བཅས་པའི་ཉོན་མོངས་པའི་གཞན་གྱི་དབང་དུ་མ་གྱུར་པས་ན་དེ་ཉིད་དབང་ཕྱུག་གོ་།དེ་ཉིད་ཀྱི
་ཕྱིར་དོན་དམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏེ། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གར་མཛད་པ་ཞེས་བྱ་བ་དང་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཅེ་ན། འདུལ་བའི་ཐབས
་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས་འདིས་འདུལ་བ་སྟེ། འདུལ་བ་ཡང་དེ་ཡིན་ལ་ཐབས་ཀྱང་དེ་ཉིད་ཡིན་པས་ན་འདུལ་བའི་ཐབས་སོ། །དེ་གང་ཡིན་ཞེ་ན། འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བའི་ཡོལ་པས་གར་ནི་རོལ
་པའི་གར་ཏེ། འཇིག་རྟེན་དབང་ཕྱུག་གི་གཟུགས་འཛིན་པའི་སངས་རྒྱས་བཅོམ་ལྡན་འདས་གར་དེ་མཛད་པ་ཡིན་ནོ། །མཆོག་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་རོལ་པའི་རྡོ་རྗེའོ། །གང་ཞིག་དེ་ཁོ་ན་ཉིད་དེ་ནི་མཆོག་གི་རྡོ་རྗེ་སྟེ། ངེས་པར
་འབྱིན་པའི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །འདིས་པདྨའི་རིགས་ཀྱི་རྣལ་འབྱོར་པས་པདྨ་རྡོ་རྗེ་བླང་བར་བྱའོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་པདྨ་བླངས་ཏེ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་པདྨ
་དམར་པོ་ནི་ཞེས་བྱ་བ་ལ་སོགས་ཏེ། ཇི་ལྟར་པདྨ་རང་བཞིན་གྱི་ཁ་དོག་དམར་པོས་དམར་པས་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་འདོད་ཆགས་ཀྱི་སྐྱོན་རྣམས་དང། སྣ་ཚོགས་པའི་གནས་ཀྱི་ཉེས་པ་རྣམས་འདམ་དང་ཆུ་ལ་སོགས་པའི་སྐྱོན་རྣམས་ཀྱིས་གོས་པར་མི
་འགྱུར་བ་དེ་བཞིན་དུ་དོན་དམ་པར་གཟུང་བ་དང། འཛིན་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བའི་ཁམས་གསུམ་པ་ཡིན་ནོ་ཞེས་བྱ་བ་དྲིལ་བུའི་སྒྲ་དཀྲོལ་བར་བྱེད་ཅིང། ཆོས་བདག་མེད་པ་ལ་ཆགས་པར་བྱེད་པས་དམར་བ་དང་སེམས་ཅན་གྱི་དོན
་མཛད་པ་ལ་ཆགས་པའི་བྱང་ཆུབ་སེམས་དཔས་བསྒོམ་པར་བྱ་བ་ཡིན་ནོ། །འདིས་འདི་ལྟར་བཤད་པར་འགྱུར་ཏེ། ཆོས་བདག་མེད་པའི་ཆགས་པ་ལ་ཆགས་པ་དང། སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་ལ་ཆགས་པའི་བྱང་ཆུབ་སེམས
་དཔའ་པདྨ་ལྟར་སྲིད་པའི་སྐྱོན་གྱིས་གོས་པར་མི་འགྱུར་ཞེས་བྱ་བའོ། །ད་ནི་དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། །ཆོ་ག་གང་དང་གང་དག་གིས་བྱ་པ་ལ། གང་དང
་གང་གི་རང་བཞིན་གྱི་ཆོ་གས་འགྲོ་བ་སེམས་ཅན་གྱི་ཁམས་འདུལ་བར་གྱུར་པ་དེ་དང་དེས་དེ་སྦྱར་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བྱ་བར་སོ་སོར་རྟོགས་པ་ནི་པདྨ་ཐམས་ཅད་དག་པའི་མཆོག།
་གི་རྣལ་འབྱོར་ཏེ། དེའི་བདག་ཉིད་ནི་དེའི་རང་བཞིན་ནོ། །གཟུགས་དེ་ཉིད་ཀྱིས་སྐུའི་ཕྱག་རྒྱའི་རང་བཞིན་གྱི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ནི་འགྲོ་བ་སྦྱངས་ཏེ་འདུལ་བ་ལ་རབ་ཏུ་འགོད་པར་མཛད་པ་ཡིན་ནོ་ཞེས་བྱ་བའོ་བསྒོམ
་པ་རྣལ་འབྱོར་པས་བྱའོ། །རྡོ་རྗེ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་ཅེས་བྱ་བ་ལ། ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཆོས་ཀྱང་ཡིན་པས་ན་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཏེ། པདྨའི་རིགས་ཀྱི་ལྷ་རྣམས་ཀྱི་སྐུའི་གསང་བའི་རང་བཞིན་ཅན་ནོ། །དེ་
་རྣམས་ཀྱིས་དམ་ཚིག་ནི་འདས་མ་ཐག་ཏུ་བཤད་པའི་བསྒོམ་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྒོམ་པ་ནི་འདིས་པདྨའི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་ལྷའི་ཕྱག་རྒྱ་ཆེན་པོས་བྱིན་གྱིས
་བརླབ་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་ནས་ཇི་ལྟ་བ་བཞིན་དུ་པདྨ་གར་གྱིས་མཆོད་པས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་རྗེས་སུ་སྤྱད་ནས་གླུ་དང་རོལ་མོའི་ཆོ་གས་དཀྱིལ་འཁོར
་ཡང་དག་པར་མཆོད་ལ། དཀྱིལ་འཁོར་བའི་གར་གྱིས་མཆོད་པ་དང། སྣ་ཚོགས་པའི་མཆོད་པའི་ཕྱག་རྒྱ་ཡིས་མཆོད་ལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ།
་དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་འགྲོ་བ་འདུལ་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་འགྲོ་བ་འདུལ་བའི་གསང་བའི་དཀྱིལ
་འཁོར་བསྟན་ནས་ད་ནི་འཕགས་པ་ནམ་མཁའ་ཨི་སྙིང་པོའི་དོན་དུ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་དེའི་དོན་ཐམས་ཅད་གྲུབ་པའི་ཆོ་ག་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་འདས་མ་ཐག་པ་ལ་སྟེ་མ་དང
་པོ་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་པོ་མཆོག་དང། ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་འདས་མ་ཐག་པ་ཁོ་ནའོ། །དེ་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཁོ
་ནའོ། །དེ་ནས་ཇི་ལྟ་བ་བཞིན་དུ་འཕགས་པ་ནམ་མཁའ་ཨི་སྙིང་པོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་རས་རིས་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། རང་གི་སྙིང་པོ་རྣམས་ཀྱིས་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ་འདི་ནི་ཏིང་ངེ་འཛིན།
་གཉིས་སོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བས་གསུམ་པ་ཤེས་པར་བྱས་ཏེ། དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་པ་དང་བསྒོམ་པ་བྱ་བ་ཡིན་ནོ། །ཞེས་བྱ་བའི་ཆོ་ག་རབ་ཏུ་བསྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་སློབ་མ
་གཞུག་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་བཞིན་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ། དེའི་ཕྱེད་ཀྱི་ཚད་ཀྱིས་དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་བྲིས་ལ་དེའི་སྟེང་དུ་ཆ་བརྒྱད་པའི་ནོར་བུའི་དབྱིབས་ཅན་གྱི་རིན་པོ
་ཆེའི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་ནང་གི་དཀྱིལ་འཁོར་གྱི་རེའུ་མིག་གིས་རས་ལ་བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང་པོ་སྔར་བཤད་པའི་ཕྱག་རྒྱ་ཆེན་པོས་སྣ་ཚོགས་པདྨའི་གདན་ལ་སེམས་དཔའ་ཨི་དཀྱིལ་མོ་ཀྲུང་གིས་བཞུགས་པ
་བཻཌཱུརྱ་སྔོན་པོ་?་མཚུངས་པ། ཨོཾ་སརྦ་བཛྲ་ཨ་དྷི་ལ་ཏི་ཏྲཾ་ཨ་བྷི་ཤིཉྩ་མ་བྷར་བུ་བ་སྭ་ཞེས་བྱ་བའི་སྙིང་པོ་འདིས་བྲི་བར་བྱའོ། །དེ་ནི་པདྨ་གཅིག་ལ་བཞུགས་།དེ་ཡི་འོད་ཀྱིས་དཀྱིལ་འཁོར་རྟེན་།དབང་བསྐུར་བ་དང་གཏོར་མ་ཉིད། །རྒྱལ་མཚན
་མཆོག་མ་མཆོད་ཆེན་མོ་ཞེས་བྱ་བ་འདི་བྲི་བར་བྱ་སྟེ། དེ་ལ་དེའི་གཡས་ལོགས་སུ་ལྷ་མོ་གཏེར་མ། ན་ཧཱ་བཛྲ་ནི་དྷ་ནེ་ཧཱུཾ་ཞེས་བྱ་བ་སྙིང་པོ་འདི་བྲི་བར་བྱའོ། །དེའི་ཡང་གཡས་ལོགས་སུ་ལྷ་མོ་དབང་བསྐུར་མ། བཛྲ་ཨ་བྷི་ཥེ་ཀ་ཛ་ཞེས་བྱ་བའི། །སླར
་ཡང་བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྒྱལ་མཚན་ཐོགས་མཆོག་མ་སྟེ། ཨོཾ་བཛྲ་མ་ནི་དྷཝ་ཛ་གྲ་ཀེ་ཡུ་རེ་པཾ་ཞེས་བྱ་བའི་སྙིང་པོ་འདིས་སོ། །དེའི་ཡང་གཡོན་ལོགས་སུ་མཆོད་ཆེན་མ་སྟེ། མ་ཧཱ་བཛྲ་མ་ཧཱ་ཧེ་ཧེ་ཧོ་ཞེས་བྱ་བའི་སྙིང་པོ་འདི་བྲི་བར་བྱའོ
་དབང་བསྐུར་བ?་རིན་པོ་ཆེའི་ཅོད་པན་འཛིན་པའོ། །གཏེར་གྱི་ལྷ་མོ་ནི་གཏེར་གྱི་བུམ་པ་འཛིན་པའོ། །རྒྱལ་མཚན་མཆོག་མ་ནི་རིན་པོ་ཆེའི་རྒྱལ་མཚན་འཛིན་པའོ། །མཆོད་ཆེན་མ་ནི་དྲ་བ་དང་དྲ་བ་ཕྱེད་པ་དང། གདུ་བུ་དང། རྣ་ཆ་དང། དཔུང་རྒྱན
་རང། རིན་པོ་ཆེ་དང། ན་བཟའ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རིན་པོ་ཆེའི་སྣོད་འཛིན་མའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་ལ་རིན་པོ་ཆེའི་སྒེག་མོ་ལ་སོགས་པ་དང། སྒོ་རྣམས་ལ་སྔར་བཤད
་པའི་སྙིང་པོ་རྣམས་ཀྱིས་ལྕགས་ཀྱུ་མ་ལ་སོགས་པ་རྣམས་བྲི་བར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཆོ་ག་རང་གི་ཆོ་ག་ཐམས་ཅད་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སློབ་མ་རྣམས
་ལ་རྡོ་རྗེ་རིན་པོ་ཆེ་དེ་ཁོ་ན་ཉིད་སྦྱིན་པར་བྱའོ། །དེ་ལ་དེ་ཁོ་ན་ཉིད་ནི་འདི་ཡིན་ཏེ། ཉི་མ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་སྔར་བསྟན་པའི་འཕགས་པ་ནམ་མཁའ་ཨི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱིས་བསམ་པ་ཡོངས་སུ་རྫོགས
་པར་མཛད་པ་ཡིན་ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཁོ་ན་འཕགས་པ་ནམ་མཁའ་ཨི་སྙིང་པོའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ལ་འཁོར་བ་ཇི་སྲིད་ཀྱི་བར་དུ་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི
་ཕྱིར་བཞུགས་སོ། །ཞེས་བྱ་བའི་དོན་ནོར་བུའི་རིགས་ཀྱི་ཕྱག་མཚན་རྡོ་རྗེ་རྡོ་རྗེ་རིན་པོ་ཆེས་བསྟན་པ་ཡིན་ནོ་ཞེས་བྱ་བའོ། །ད་ནི་ཆོས་ཀྱིས་དྲིལ་བུ་དཀྲོལ་བ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་བསམ་པ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ
་བསམ་པ་གྲུབ་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་བསམ་པ་གྲུབ་པ་ཐམས་ཅད་དེ། ནོར་བུའི་རིགས་དང་ཐ་མི་དད་པའི་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་ཀྱི་ནང་ན་ནོར་གྱི་བསམ་པ་གྲུབ་པ་གང་ཡིན་པ་དེ་ནི་མཆོག་སྟེ།
་སེར་སྣའི་དྲི་མ་བསལ་བས་གཉིས་སུ་མེད་པ་ཉིད་ཀྱི་ཕྱིར་ནོར་བུའི་རིགས་ཀྱི་དངོས་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཅེས་བྱ་བ་ནོར་བུའི་རིགས་ཀྱི་དངོས་གྲུབ་དེ་ཡང་འདོད་པ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར། བསྒྲུབ་པར་བྱ་སྟེ། བྱང་ཆུབ་ཆེན
་པོའི་སེམས་རྫོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་འདོད་པས་རབ་ཏུ་གྲུབ་པའི་ཕྱིར་སྒྲུབ་པར་བྱ་ཞེ་ན། འདོད་ལས་ཐང་བ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་བྱང་ཆུབ་ཆེན་པོའི་སེམས་མངོན་དུ་བྱ་བའི་རང་བཞིན་གྱི་འདོད་པ་ལས
་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཐར་པ་མངོན་དུ་བྱེད་པར་འགྱུར་བ་དེའི་ཕྱིར་རོ། །གང་ཞིག་ཐར་པ་དེ་ཉིད་ནི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་རང་གི་ངོ་བོ་མ་སྤངས་པའི་རང་བཞིན་ཡིན་ནོ། །དེ་ནི་དམ་ཚིག་གིས་ནི་ཕྱག་རྒྱ་ཚར། །བྱིན
་གྱིས་བརླབས་པ་ཞེས་བྱ་བ་བསྟན་པའི་ཕྱིར། སྨན་མིན་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྨན་ནི་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་ལ་སོགས་པ་སྒོམ་པའི་རང་བཞིན་ཏེ། མདོ་སྡེ་པ་ལ་རབ་ཏུ
་གྲགས་པ་བརྗོད་པ་ཡིན་ནོ། །སྨན་མ་ཡིན་པ་ནི་སྨན་མིན་ཏེ་ཡང་དག་པའི་སྦྱོར་བའི་སྒོམ་པའི་རང་བཞིན་ཅན་རྣམས་ཏེ། དེའི་དངོས་པོ་ལས་བྱུང་བའི་བདེ་བ་རྣམས་ནི་འདོད་པ་ཀུན་གྱི་བདེ་པ་རྣམས་ཏེ། རྡོ་རྗེ་ཐོག་པ་ལ་མ་མོས་པའི་བདེ་པ་ལ་རབ་ཏུ་གྲགས
་བ་ཉིད་ཀྱིས་དེ་རྣམས་འདོད་ཆགས་སྤངས་པའི་ཕྱིར་མན་ངག་དང་སྒོམ་པ་དག་གིས་རྣལ་འབྱོར་པ་རྣམས་ལ་སྦྱིན་པར་བྱའོ། །དེ་རྣམས་གང་དག་ལ་སྦྱིན་པར་བྱ་ཞེ་ན། བདག་ཉིད་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་ལ་བསྒོམ་པའི་དུས་དང།
་གཞན་རྣམས་ལ་སེམས་ཅན་གྱི་ཁམས་མ་ལུས་པ་ལ་ནོར་བུའི་རིགས་གྲུབ་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་དུའོ། །ད་ལྟར་བཤད་པར་འགྱུར་ཏེ། ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ
་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱས་ནས་ངེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སེམས་ཅན་གྱི་ཁམས་ཡང་དག་པར་སྦྱོར་བའི་སྒོམ་པས་ནོར་པའི
་རིགས་ཀྱི་རང་བཞིན་དུ་རྫོགས་པར་བྱས་ལ། བྱ་བ་བྱས་པ་ལྟར་དེའི་རང་བཞིན་ཅན་དུ་བདག་ཉིད་རྣམ་པར་བསམས་ཏེ་བསྒོམ་པར་བྱའོ། །ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ། །མཆོད་ཀྱང་ཡིན་ལ་གསང་བ་ཡང
་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བས་ཏེ་ནོར་བུའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་རོ། །དེའི་ཚུལ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་སྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོ་གའོ། །མཆོག་ནི་ནམ་མཁའ་ཨི་སྙིང་པོ་སྟེ། དེའི་ཆོ་ག་རྒྱས་པ་ནི་སྒྲུབ་པར་བྱ་བར
་དང། སྒྲུབ་པའི་རྒྱུན་འདས་མ་ཐག་ཏུ་དེ་ལྟར་བཤད་པ་བསྟན་ནས། བཅོམ་ལྡན་འདས་ཀྱི་ཚུལ་གྱིས་ཆོ་ག་རྒྱས་པར་གསུངས་པ་ཡིན་གྱིས་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཅིའི་དོན་དུ་ཞེ་ན། མཆོག་འདི་ཞེས་བྱ་བ་ནི
་གང་གི་ཕྱིར་ཚུལ་འདི་མཆོག་ཡིན་པས་ན་དེའི་ཕྱིར་རོ། །འདི་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་ལ། གང་གི་ཕྱིར་སྒྲུབ་པ་པོ་དེ་ནོར་བུའི་རིགས་ཀྱི་ཐམས་ཅད་ཀྱི་རྟོག་པའི་མཆོག་ཏུ་གྱུར་པའི་དངོས་གྲུབ་ཀྱི་ཚུལ་འདི་ཉིད་ཀྱི་ཁྱད་པར་དུ
་ཐོབ་པར་འགྱུར་བའི་ཕྱིར་རོ། །རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། རྟོག་པ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་རྣམས་ཀྱི་བསྒྲུབ་པའི་ཆོ་ག་ནི་སློབ་དཔོན་གྱི་ལས
་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་པ་ནོར་བུའི་རིགས་ཀྱི་རས་རིས་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།
་དེ་ལྟར་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་དང། རྟོག་པ་ཐམས་ཅད་ཀྱི་སྒྲུབ་པའི་ཆོ་ག་བསྟན་ནས་ད་ནི་བདག་ལ་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱིས་ཕྱག་རྒྱ་ཐབས་ཀྱི་རང་བཞིན་ཅན་རྣམས་ཀྱི་རྟོག་པ་ཐམས་ཅད་ཀྱི་དངོས་གྲུབ
་ཐོབ་པ་ཡིན་ནོ་ཞེས་པའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལ་སྟེ། བདག་བྱིན་གྱིས་བརླབ་པ་ལ་སོགས་པའི་རྣལ་འབྱོར་གྱི་ཕྱག་རྒྱའི་སྐབས་སུ་བབ་པའོ་ཞེས་བྱ་བའི་དོན་ཏོ། །དངོས
་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཆེན་པོ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཐོབ་པའོ། །དེ་རྣམས་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང
་བ་དང། རྣལ་འབྱོར་བསྒོམ་པ་དང། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པས་ཏེ། ངེས་མཆོག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐབས་རྣམས་ཀྱི་དམ་པའོ། །དངོས་གྲུབ་ཐམས་ཅད་ཀྱིས་མི་འགྱུར་བའི་བདེ་བ་དང་ལྡན་པས་ན་བདེ
་བ་ཆེན་པོའོ། །རྡོ་རྗེ་སེམས་དཔའ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་ནོ། །ནམ་མཁའ་ཨི་ཁམས་ཐམས་ཅད་ལ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཅན་གྱི་ཕྱག་རྒྱ་ཆེན་པོ་གང་ལ་མངའ་བ་དེ་ནི་ཕྱག་རྒྱ་ཆེའོ། །
་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་དང། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྟོགས་པ་ཐམས་ཅད་དེ་མཆོག་ཏུ་གྱུར་པ་དེ་རྣམས་ཀྱི་དངོས་གྲུབ་ནི་དེའི་རང་བཞིན་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པའི་དོན
་གྱིས་ན། རྟོག་པ་ཀུན་མཆོག་གྲུབ་པའི་ཕྱིར། །ཕྱག་རྒྱ་དེ་རྣམས་གྲུབ་པར་མཛད་པའོ་ཞེས་བྱ་བ་དང་སྦྱར་རོ། །རྒྱུ་གང་གི་ཕྱིར་ཞེ་ན། སྣོད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཐོང་བག
་ཆགས་དང་བཅས་པ་དང་བྲལ་བའི་སེམས་ཅན་རྣམས་ནི་སྣོད་མ་ཡིན་པ་ཏེ། སྣོད་མ་ཡིན་པའི་སེམས་ཅན་དེ་རྣམས་ལའོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་བཅུ་ལ་རབ་ཏུ་ཞུགས་པ་ནི་སྡིག?
་པ་ཐམས་ཅད་བྱེད་པའོ། །སྡིག་པ་ཐམས་ཅད་བྱེད་པ་དེ་རྣམས་ཉེ་བར་སྤྱོད་པའི་མུན་པས་བསྒྲིབས་པས་མུན་པ་ལ་གནས་པའི་མེ་ལོང་གི་དཀྱིལ་འཁོར་བཞིན་དུ་རང་གི་གཟུགས་བརྙན་མཐོང་བ་ལ་སོགས་པས་དཔལ་རྡོ་རྗེ་སེམས
་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་གྱི་དོན་མཛད་པ་མ་ཡིན་པའི་ཕྱིར་རོ། །ལྷག་པར་མོས་པའི་མིག་དང་བྲལ་བས་ན་མི་མཐོང་བ་ནི་ལོང་བའོ། །མི་མཐོང་བའི་ལོང་བ་དེ་རྣམས་དང་བར་བྱེད
་པས་བསོད་ནམས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པ་དང། བྱམས་པ་ལ་སོགས་པའི་བསྒོམ་པའོ། །ཡང་དང་ཡང་དུ་རྣམ་པར་སྤྱོད་ཞིང་ངེས་པར་ལེགས་པར་སྤྱོད་པར་བྱེད་པས་ན་བསོད་ནམས་སོ་ཞེས་བྱ་བའི་དོན་ཏོ།།
་བསོད་ནམས་མ་ཡིན་པ་ནི་བསོད་ནམས་མིན་པ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུའོ། །དེ་རྣམས་ཉིད་བར་མཚམས་མེད་པར་བཞུགས་པས་ན་ཚོགས་ཏེ། གྲོང་ཁྱེར་གྱི་ཆུའི་ཚོགས་བཞིན་ནོ། །དེ་གང་ལ་ཡོད་པ་དེ་ནི་བསོད་ནམས
་མ་ཡིན་པའི་ཚོགས་དང་ལྡན་པའོ། །བསོད་ནམས་མ་ཡིན་པའི་ཚོགས་དང་ལྡན་པ་དེ་རྣམས་ལ་རྟག་ཏུ་ཐམས་ཅད་དུ་རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག་།མཐོང་བ་ཐབས་ཀྱི་རྒྱུར་གྱུར་བ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས
་པ་ཡང་དེ་རྣམས་ཡིན་ལ་སེམས་དཔའ་མཆོག་ཀྱང་དེ་ཉིད་ཡིན་པས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་མཆོག་སྟེ། རིགས་ལྔའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་ནོ། །དེ་རྣམས་ཀྱིས་དམིགས་པའོ། །དེའི
་ཐབས་ཀྱི་རྒྱུ་ཡིན་པས་མཐོང་བའི་ཐབས་ཀྱི་རྒྱུའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་མཆོག་རྣམས་མཐོང་བའི་ཐབས་ཀྱི་རྒྱུའོ། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག་།མཐོང་བའི་ཐབས་ཀྱི་རྒྱུར་གྱུར་པའོ། །རྡོ་རྗེ་སེམས
་དཔའ་ལ་སོགས་པའི་སེམས་དཔའ་མཆོག་ནི་ཇི་ལྟ་བ་བཞིན་དུ་བཤད་པས་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་སྟེ་དེ་ཉིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་ཉིད་ཀྱིས་བཅིང་བ་ནི་ཕྱག་རྒྱ་བཅིང་བའོ། །དམ་ཚིག་ཀྱང་དེ་ཡིན
་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་དམ་ཚིག་མཆོག་སྟེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའོ། །ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆིང་བ་དམ་ཚིག་མཆོག་རྣམས་ཀྱི་དམ་ཚིག་ཡིན་ཞེ་ན། འདའ་
་ཐར་དཀའ་བའོ་ཞེས་བྱ་བ་ལ་གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིང་བ་འདི་ནི་དམ་ཚིག་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ལྷག་པར་མོས་པས་རྡོ་རྗེ་སེམས་དཔའ་
་ལ་སོགས་པའི་སྐུ་ལ་སོགས་པའི་ཕྱག་རྒྱ་རྣམས་བཅིང་བ་གང་ཡིན་པ་དེ་ཉིད། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་མཆོག་མཐོང་བའི་ཐབས་ཀྱི་རྒྱུ་ཡིན་ནོ། །གསལ་བའི་དབྱེ་བས་རྒྱུ་རྣམས་ཞེས་གསུངས་སོ། །གང་གི་ཕྱིར་དེ་རྣམས
་ཞེས་གསུངས་སོ། །གང་གི་ཕྱིར་དེ་རྣམས་ཕྱག་རྒྱ་ཞེས་བྱ་བར་བརྗོད་པ་ཡིན་ནོ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐུ་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། དེ་རྣམས
་རྡོ་རྗེ་བཞིན་དུ་མི་ཕྱེད་པས་ཤིན་ཏུ་བརྟན་པ་སྟེ། རྒྱུ་དེའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེའི་རང་བཞིན་ཅན་གྱི་ཕྱག་རྒྱ་ཞེས་བྱ་བ་ཀུན་ཏུ་བཤད་པ་ནི་བསྟན་པ་སྟེ། ལུས་ཅན་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་གྲུབ་པའི་ཕྱིར་དེ
་ལྟར་གྱུར་པའི་ཕྱག་རྒྱ་དེ་རྣམས་སྤྲུལ་པ་ནི་སྤྲོ་བར་མཛད་པ་ཡིན་ནོ། །སླར་ཡང་ཕྱག་རྒྱ་དེ་རྣམས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་རྡོ་རྗེ་སེམས་
་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ལྷག་པར་མོས་པས་བཟུང་བ་ཙམ་གྱིས་བསྒྲུབ་པ་པོ་རྣམས་ཀྱིས་བཅིངས་ནས་མངོན་དུ་བྱས་ན། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་མཆོག་སྟེ་ཕུལ་དུ་བྱུང་བ་རྣམས་བསྡུས་པར་འགྱུར
་རོ་མཆོག་གི་དམ་པའོ། །མཐོང་ཞིང་མངོན་པར་མཐོང་བ་ཉིད་ཅེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱ་རྣམས་གཟུགས་བརྙན་གྱི་ཚུལ་དུ་བཅིངས་པ་ཙམ་ཉིད་ཀྱིས་དེ་དག་བསྡུས་པར་འགྱུར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར
་ཕྱག་རྒྱ་བཅིངས་པ་ཙམ་གྱིས་དེ་དག་བསྡུས་པར་འགྱུར་བ་དེའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་རྣམས་བསྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཉམས་པས
་འཇིགས་པ་མི་དམ་ཚིག་ཉམས་པས་འཇིགས་པའོ། །དེ་དག་ཅིའི་ཕྱིར་དམ་ཚིག་ཉམས་པས་འཇིགས་ཞེ་ན། ཇི་ལྟར་འཁོར་ལོས་སྒྱུར་བ་རྣམས་ཀྱི་གང་བུའི་ཕྱག་རྒྱས་རྒྱས་བཏབ་པའི་རྟགས་ཀྱི་ཕྱག་རྒྱ་དེའི་ཡུལ་ན་གནས་པ་རྣམས་ཀྱིས
་འདའ་བར་དཀའ་བས་སྟེ། འདའ་བར་མི་ནུས་པ་དེ་བཞིན་དུ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོན་པར་བྱེད་ཕྱག་རྒྱ་དེའི་བསྒོམ་པས་རྣལ་འབྱོར་པ་རྣམས་ཀྱིས་བཅིངས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདའ་བར་མི་སྤྱོད་དོ། །གལ
་ཏེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བསྒོམ་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་སྤྱོད་པ་དེ་ལྟར་ཡིན་པས་ན་བསྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་གྱི་ཕྱག་རྒྱའི་བཅིང་བ་ཅི་ཞེས་བྱ་བའི་རྣམ་པར
་རྟོག་པ་འདི་ཡིན་པས་སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལ་ཇི་ལྟ་བུའི་དངོས་གྲུབ་གྲུབ་པར་འགྱུར་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ཇི་ལྟར་ཞེས་བྱ་བ་སོགས་གསུངས་ཏེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གང་ཡིན་པ
་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྒེག་པའི་སྤྱོད་པ་གང་ཡིན་པས་འདུལ་བ་དེ་ལྟར་གང་ཞིག་ཇི་སྲིད་སེར་སྣས་ཟིལ་གྱིས་གནོན་པ་དེ་ནི་འཕགས་པ་ནམ་མཁའ་ཨི་སྙིང་པོས་འདུལ་བ་འདིས་འདུལ་བར་མཛད་པའི་ཕྱིར་རོ། །དེ་གང་ལ་ཡོད་པ་དེ་ནི་ཇི་ལྟར་འཇིག་རྟེན
་འདུལ་བ་དང་ལྡན་པའོ། །འཇིག་རྟེན་གྱི་སེམས་ཅན་གྱི་ཁམས་སོ། །དེ་ལྟར་དངོས་གྲུབ་གསུངས་པ་ཡིན་ཞེས་བྱ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ནི་དངོས་གྲུབ་དེའི་ཐབས་དེ་ཐོབ་པའི་རྒྱའོ། །དེ
་ཡང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་བྱེད་པས་ན་དངོས་གྲུབ་ཐམས་ཅད་བྱེད་པའོ། །མཆོག་ཏུ་ཕུལ་དུ་བྱུང་པའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་གང་ཞིག་བཅིངས་པ་ཙམ་གྱིས་བསྡུས་པ་སྟེ། །བདེ་བ་ཆེན་པོ་ནི
་གཉིས་སུ་མེད་པའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བྱོན་ཏེ། རང་གི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་པ་བརྟག་པ་མཛད་པ་ཡིན་ནོ། །སྐད་ཅིག་མས་ཞེས་བྱ་བ་སྐད་ཅིག་མ་ཉིད
་དུ་སྟེ། ཡུན་རིང་པོས་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ཕྱིར་དེ་དག་མཆོག་གི་ཐབས་ཡིན་ནོ། །དེ་ནས་འདི་གསུངས་ནས་བཅོམ་ལྡན་འདས་ཀྱིས་མཆོག་གི་རྒྱུད་ཕྱི་མ་བྱིན་གྱིས་བརླབ་པ་མཛད་པ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ
་ཡིན་ཞེས་བྱ་བ་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། མཆོག་ཏུ་ཞེས་བྱ་བ་ལ་སོགས་ཏེ། མཆོག་ནི་བཤད་ཟིན་ཏོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འགོག་པ་ལ་རབ་ཏུ་ཞུགས་པས་ན་མཁས་པའོ། །
་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང། འཇིག་རྟེན་པའི་ལམ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་ཕྲ་བའོ། །ནམ་མཁའ་ཨི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྒྱ་ཆེ་བའོ། །ངེས་པར་འབྱིན་པའི་ཡེ
་ཤེས་ཀྱི་རང་བཞིན་ཉིད་ཀྱིས་བསམ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱད་པའོ། །མཆོག་ཀྱང་དེ་ཡིན་ལ་མཁས་ཤིང་ཕྲ་བ་ཡང་དེ་ཉིད་ཡིན་ཞིང། རྒྱ་ཆེ་བ་དང། ཟབ་པ་དང། བསམ་གྱིས་མི་ཁྱབ་པ་དེ་ཡིན་པས་ན
་མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱ་ཆེ་ཞིང་ཟབ་པ་ལ་བསམ་གྱིས་མི་ཁྱབ་པའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ན་མཆོག་ཏུ་རྣམ་པར་དག་པའོ། །ཐོག་མ་དང་ཐ་མ་མེད་པ་ནི་བཤད་ཟིན་ཏོ། །ཐོག་མ
་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་མི་ཟད་པའོ། །དེ་ཉིད་མི་འཇིགས་པའོ། །འདོད་པའི་དངོས་གྲུབ་ངེས་པར་སྟེར་བས་ན་གདོན་མི་ཟའོ། །དེ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའོ། །དེ་ནི་དེ་ལྟར་གྱུར་པ་ཅིག་པུར་མ་ཟད་ཀྱི་ཤིན་ཏུ་ཕུལ་དུ་བྱུང
་བས་མཆོག་གི་ཆོས་ཀྱི་དབྱིངས་ལ་ཆགས་པ་ཉིད་དོ། །མ་ལུས་པ་ནི་རིགས་ལྔའི་ལྷ་རྣམས་ཀྱི་བདེ་བ་ཆེན་པོ་དང། ཡིད་བདེ་བ་ཐམས་ཅད་ཀྱི་མཆོག་ཏུ་རྟག་པ་དང། ཐོག་མ་དང་ཐ་མ་མེད་པའོ། །ཅི་མཛད་ནས་བཅོམ་ལྡན་འདས
་ཀྱིས་བྱིན་གྱིས་བརླབ་པ་མཛད་པ་ཡིན་ཞེ་ན། མ་ལུས་ཤིང་ལུས་པ་མེད་པ་ལ་སོགས་པ་ལ། རྡོ་རྗེ་དབབ་པ་རྣམས་ཀྱིས་རབ་ཏུ་སད་བར་མཛད་ཅིང་ཅེས་བྱ་བ་དང་སྦྱར་རོ། །མ་ལུས་ཤིང་ལུས་པ་མེད་པའི་སྒྲ་ནི་བཤད་ཟིན་ཏོ། །མ་ལུས
་ཤིང་ལུས་པ་མེད་པ་ཡང་དེ་ཡིན་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་དོ། །དེའི་མཆོག་ཏུ་ཕུལ་དུ་བྱུང་བ་ནི་ཐམས་ཅད་ཀྱི་དམ་པ་དཔལ་རྡོ་རྗེ་སེམས
་དཔའ་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྫོགས་པ་སྟེ་། དེའི་དབང་ཕྱུག་ཆེན་པོ་ཉིད་ནི་མ་ལུས་ཤིང་ལུས་པ་མེད་པའི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དེ། དེ་རྫོགས་པའི་ཕྱིར་མཆོག་ཏུ་མི་འགྱུར་བ་ནི་ཐོག་མ་དང་ཐ་མ་མེད་པའི་རིགས
་གྱི་ལྷ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་ཆེན་པོའི་སེམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་མཆོག་གི་དངོས་གྲུབ་ཐམས་ཅད
་ཀྱི་ཡང་མཆོག་ནི་དམ་པའོ། །རྡོ་རྗེ་འབེབས་པ་ནི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སྒྲུབ་པ་པོའི་རྒྱུད་ལ་ཞུགས་པ་གང་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་སེམས་ཅན་གྱི་ཁམས་རབ་ཏུ་སད་པར
་མཛད་ཅིང་མཆོག་གི་རྒྱུད་ཕྱི་མ་བྱིན་གྱིས་བརླབ་པ་ཡིན་ནོ། །དེ་མིང་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་པས་བདེ་བ་ཆེན་པོས་ཏེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་གཉིས་སུ་མེད་པའི
་ཡེ་ཤེས་སོ་དེ་ལས་བྱུང་བའི་རིགས་ཐམས་ཅད་ཀྱི་ཕྱག་མཚན་ནི་རྡོ་རྗེའོ། །གདུལ་བྱ་རྣམས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་ངེས་པར་རྫོགས་པར་མཛད་ནས་དེའི་ཕྱིར་དོན་ཡོད་པ་ཡིན་ནོ་།སྐྱེ་བོ་ཐམས་ཅད་ཀྱིས་ཐུན་མོང་མ་ཡིན་པའི་ཕྱིར། དེ་མཆོག
་ཏུ་གསང་བ་ཡིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ཡང་དེ་ཉིད་ཡིན་ལ་མཆོག་ཏུ་གསང་བ་ཡང་དེ་ཉིད་ཡིན་པས་ན་བདེ་ཆེན་པོ་འང་རྡོ་རྗེ་གསང་བའི་དོན་ཡོད་པ་མཆོག་ཏུ་གསང་བས་དེའི་མིང་དང་ལྡན་པའོ། །མཆོག་ཏུ་ཡང་ཡིན་ལ་མཚོན་ཆ་ཡང་དེ་ཉིད
་ཡིན་པས་ན་མཆོག་གི་མཚོན་ཆ་སྟེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་མཚོན་ཆའོ། །མཆོག་ཏུ་གསང་བ་ནི་འདས་མ་ཐག་ཏུ་བཤད་པས་ཏེ། དེའི་ཆོ་ག་ནི་བསྒྲུབ་པའོ། །མཆོག་ཀྱང་ཡིན་ལ་རྒྱུད་ཕྱི་མ་ཡང་དེ་ཉིད་ཡིན་པས་མཆོག་གི་རྒྱུད་ཕྱི་མ་སྟེ། བདག
་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་རྒྱུན་གྱི་རང་བཞིན་ཅན་གང་ཡིན་པ་དེ་བྱིན་གྱིས་བརླབ་པར་མཛད་པ་ནི་ཕྱི་མའི་མུའི་མཐར་ཐུག་པར་བརྟན་པར་མཛད་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །དེ་བཞིན
་གཤེགས་པ་ཐམས་ཅད་ནི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་དག་གི་དམ་ཚིག་ཐམས་ཅད་ནི་རིགས་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱའོ། །དེ་རྣམས་ཀྱི་བདག་ཉིད་ཀྱི་བྱིན
་ཀྱིས་བརླབ་པ་ནི་བསྒྲུབ་པའི་རྒྱུད་ལ་རང་གི་རིགས་ཀྱི་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྫོགས་པར་མཛད་པ་སྟེ། དེ་སྒྲུབ་པ་གཅིག་པུ་ནི་རྫོགས་པའི་རྒྱུའོ། །དེའི་ཆོ་ག་ནི་རྗེས་སུ་སྤྱད་པར་བྱ་བའི་དངོས་པོ་རབ་ཏུ་བསྟན་པའོ། །མཆོག་ཏུ་གསང་བ་ནི་སྐྱེ་བོ་ཐམས
་ཅད་ལ་རབ་ཏུ་མ་གྲགས་པའོ། །བཤད་པར་བྱ་བ་ནི་འོག་ནས་རྒྱས་པར་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །ཉིན་རེ་ཞེས་བྱ་བ་ལ་ནི་ཞག་རེ་རེ་ལའོ། །སྔོན་དུ་ནི་ཐམས་ཅད་དགུག་པ་ལ་སོགས་པའི་ཐོག
་མར་རོ། །ལན་ཅིག་ཏུ་ནི་ལན་ཅིག་ཁོ་ནར་རོ། །ཕྱག་རྒྱ་ཆེན་པོ་ནི་རང་གི་ལྷའི་སྐུའི་གསང་བའི་རང་བཞིན་ཅན་ནོ། །སྙིང་པོ་བཟླས་ཞེས་བྱ་བ་ནི་རང་གི་ལྷའི་སྙིང་པོས་མངོན་པར་བསྔགས་པར་བྱའོ། །ཕྱག་རྒྱ་ཀུན་གྱིས་རབ་གྲུབ་པ་ཞེས་བྱ་བ་ལ
་རིགས་ཐམས་ཅད་ཀྱི་དམ་ཚིག་དང། ཆོས་དང། ལས་དང། ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་དེ། དེ་དག་རབ་ཏུ་གྲུབ་པ་ནི་ཤིན་ཏུ་གྲུབ་པའོ། །དེ་གང་ཡིན་ཞེ་ན། ཇི་ལྟ་བ་བཞིན་དུ་བཤད་པའི་བདག་ལ་བྱིན་གྱིས་བརླབ
་པའི་སྒྲུབ་པ་གཅིག་པུའོ། །དེ་ལྟར་རྣལ་འབྱོར་ཙམ་བྱས་ལ། དམ་ཚིག་སེམས་དཔའ་ཨི་བྱིན་བརླབས་སྔོན་དུ་འགྲོ་བའི་ཕྱག་རྒྱ་ཆེན་པོ་འཆིང་པའི་མཚན་ཉིད་ཅན་གྱི་བདག་ལ་བྱིན་གྱིས་བརླབ་པ་ཅིག་པུ་བསྟན་ནས། ད་ནི་རྡོ་རྗེ་རྣལ་འབྱོར་སྟོན
་པར་བྱེད་པའི་ཐམས་ཅད་དགུག་པ་ལ་སོགས་པའི་རང་བཞིན་ཅན་གྱི་དམ་ཚིག་གསུམ་བླང་བའི་མཐར་ཐུག་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།
་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་ཡིན་པས་མཆོག་ཏུ་གསང་བས་ཏེ། ཐམས་ཅད་ཀྱང་དགུག་པ་ལ་སོགས་པའི་རང་བཞིན་ཅན་གྱི་བདག་ལ་བྱིན་གྱིས་བརླབ་པའི་ཆོ་ག་སྟེ། སྔར་བཤད་པའི་བདག་ལ་བྱིན་གྱིས་བརླབ་པ
་གཅིག་པུའི་སྒྲུབ་པ་ལས་ཀྱང་འདི་མཆོག་ཏུ་གྲུབ་པས་ན་ཤིན་ཏུ་མཆོག་ཏུ་གྲུབ་པའོ། །ལན་ཅིག་ནི་ལན་ཅིག་ཏུ་ཕྱིའི་དཀྱིལ་འཁོར་གྱི་ཁང་པ་དང། སྔགས་དང་ཕྱག་རྒྱ་དག་གིས་ཡོངས་སུ་བརྟགས་པའི་རང་གི་ལྷའི་དཀྱིལ་འཁོར་གང་ཡིན་པ་དེ་ནི
་དམ་ཚིག་གསུམ་གྱིས་ཤིན་ཏུ་གསང་བའི་མཆོག་གི་ཁང་པ་སྟེ། མདུན་དུ་གནས་པ་དེ་ལྟར་རྡོ་རྗེ་སོགས་ཐོབ་བཟུང་བ་ཡིས། །རྡོ་རྗེ་ཅན་རང་གི་ལྷའི་རང་བཞིན་གྱིས་ཡང་དག་པར་སྦྱིན་གྱིས་བརླབ་པར་འགྱུར་ཏེ། རང་གི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང
་བཞིན་ཅན་དུ་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྗེས་སུ་རྣལ་འབྱོར་སྟོན་པར་བྱེད་པའི་ཐམས་ཅད་དགུག་པ་ལ་སོགས་པའི་རང་བཞིན་ཅན་གྱི་ཡེ་ཤེས་སེམས་དཔའ་གཅིག་པུ་སྒྲུབ་པར་བྱེད་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པ
་གཉིས་པ་བསྟན་ནས། ད་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བའི་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་ཆེན་པོ་ཡི་མཚན་ཉིད་ཀྱི་བདག་ལ་བྱིན་གྱིས་བརླབ་པ་གཅིག
་དུའི་བསྒྲུབ་པའི་སྒྲུབ་པ་གསུམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བ་ཏེ། འདས་མ
་ཐག་ཏུ་བཤད་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པའི་ཁྱད་པར་རོ། །དེ་ལས་ཀྱང་འདི་དམ་པ་ཡིན་པས་ན་ཤིན་ཏུ་མཆོག་ཏུ་གསང་བའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་རོ། །དེ་ཅིའི་ཕྱིར་ཞེ་ན།
་མཆོག་ཏུ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་ལ། བདག་ལ་བྱིན་གྱིས་བརླབ་པའི་ཁྱད་པར་སྔ་མ་ནི་མཆོག་ཏུ་གྲུབ་པས་ཏེ། དེ་ལས་ཀྱང་འདི་མཆོག་ཏུ་གྲུབ་པས་ན་མཆོག་ཏུ་ཤིན་ཏུ་གྲུབ་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་སྒྲུབ་པའི་ཁྱད
་པར་ཤེས་བྱ་བའོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ནི་འགྱུར་ཞེས་བྱ་བ་དང་སྦྱར་རོ། །ཀུན་གྱི་བདག་ཉིད་ནི་ཀུན་བདག་སྟེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཅན་གྱི་ཚོགས་སོ།།
་དེ་ལས་བྱུང་བའི་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱ་ནི་ཀུན་བདག་སྣ་ཚོགས་ཕྱག་རྒྱ་རྣམས་སོ། །རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་ཀུན་བདག་སྣ་ཚོགས་ཕྱག་རྒྱ་ནི་ཡེ་ཤེས་སེམས་དཔའ་ཨི་རང་བཞིན་གྱི་བདག་ཉིད
་ཀྱི་སྐུ་སྟེ། བདག་ལ་བྱིན་གྱིས་བརློབ་པ་གཅིག་དུ་སྒྲུབ་པ་དང་པོས་རྫོགས་པའི་སྐུ་རྣལ་འབྱོར་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་དྲིལ་བུ་བཅས་ཀུན་བདག་སྣ་ཚོགས་ཕྱག་རྒྱའི་རང་སྐུར་ལྡན་པའི་རྣལ་འབྱོར་རོ། །ཅིའི་ཕྱིར་འདི་ལྟར་འགྱུར་ཞེ་ན། ཀུན་བདག
་ཞེས་པ་ལ་སོགས་པ་ལ། ཀུན་བདག་ནི་བཤད་ཟིན་ཏོ། །དེའི་ཕྱག་རྒྱ་ནི་དེ་ལས་བྱུང་བའི་རང་གི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡེ་ཤེས་སེམས་དཔའ་ཨི་རང་བཞིན་ཅན་གྱི་ཕྱག་རྒྱ་རྣམས་སོ། །དེ་དག་སྦྱོར་བ་ནི་ཡང་དག་པར་འདུས་པ་སྟེ
་ཆུ་དང་འོ་མ་བཞིན་དུ་རྣལ་འབྱོར་པ་དང་གཅིག་ཏུ་གྱུར་པའོ། །དེ་ཉིད་ཀྱི་བདག་ཉིད་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་ཀུན་བདག་ཕྱག་རྒྱའི་སྦྱོར་བའི་བདག་ཉིད་དང་ལྡན་པའི་རྣལ་འབྱོར་པའོ། །དེའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས
་དཔའ་ཉིད་དུ་འགྱུར་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། གང་གི་ཕྱིར་རྣལ་འབྱོར་པས་རྣལ་འབྱོར་ཆེན་པོ་བྱས་ནས། རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་པ་དེའི་རྣལ་འབྱོར་ཆེན་པོ་བྱ་བ་ཡིན་ནོ། །བདག་ལ་བྱིན་གྱིས་བརླབས
་པ་གཅིག་པུ་སྒྲུབ་པ་འདིས་རྣལ་འབྱོར་པ་ཇི་ལྟར་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་ཞེ་ན། གྲུབ་པའི་ཆོ་ག་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པ་ལ། འདས་མ་ཐག་ཏུ་བཤད་པའི་ཆོ་ག་འདིས་རྡོ་རྗེ་སེམས་དཔའ་ཡང་དག་པར་བསྡུས་པ་ནི་རང་གི་རིགས་ཀྱི་ལྷའི་རྣལ
་འབྱོར་ཆེན་པོ། །ཀུན་གྱི་མཆོག་ཀྱང་དེ་ཡིན་ལ་དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་པོ། །དེས་དབང་ཕྱུག་ཆེན་པོ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ
་སྲིད་དེ། དེར་བྱིན་གྱིས་བརླབས་པ་ནི། གང་གི་ཕྱིར་བརྟན་པར་འགྱུར་བ་དེའི་ཕྱིར་བདག་ལ་བྱིན་གྱིས་བརླབ་པ་འདིས་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ། །རབ་ཏུ་ནི་ཤིན་ཏུའོ། །འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་དོན་ཡོད་པའོ། །འདས་མ་ཐག
་ཏུ་བཤད་པའི་བདག་ལ་བྱིན་གྱིས་བརླབ་པ་མཛེས་པ་དེ་ཉིད་ཀྱི་མ་ཐུན་རིགས་ཐམས་ཅད་ལས་བྱུང་བ་སྟེ། རང་ཉིད་ཀྱིས་བདག་ཉིད་བཅིངས་ཏེ་གྲུབ་པར་འགྱུར་བ་ནི་སྒྲུབ་པ་པོ་ལ་རག་ལས་པར་འགྱུར་པའོ། །དེ་གང་ཡིན་ཞེ་ན། མདོར་ན་ཕྱག་རྒྱ་ཐམས
་ཅད་ནི་ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱིས་དམ་ཚིག་དང། ཆོས་དང་ལས་དང། ཕྱག་རྒྱ་ཆེན་པོ་རྣམས་མདོར་བསྡུས་པས་གྲུབ་པར་འགྱུར་རོ། །བྱིན་གྱིས་བརླབ་པ་འདི་དོན་སྤྱོད་པའི་ཕྱིར། ཕྱག་རྒྱ་ཐམས་ཅད་རང་གིས་རང་བཅིངས་ཏེ། གྲུབ་པར
་འགྱུར་བ་ཡིན་ཏེ་ཅིག་པུར་མཛད་ཀྱི་འབད་པ་མེད་པ་ཤིན་ཏུ་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་གྲུབ་རྣམས་ཀྱང་གྲུབ་པར་འགྱུར་རོ། །སྒྲུབ་པ་གང་གིས་ཤེ་ན། ལས་ཀྱི་ཚོགས་ཀྱི་སྒྲུབ་པ་ཡིས། །དངོས་གྲུབ་མྱུར་?
་བྱ་བ་ལ། ཕྱག་རྒྱ་ཐམས་ཅད་ཀྱི་སྒྲུབ་པའི་བྱེད་པར་འགྱུར་པ་དེས་ཇི་ལྟ་བ་བཞིན་དུ་བཤད་པའི་ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་རྣམས་དེ་དག་གིས་མྱུར་དུ་གྲུབ་པར་འགྱུར་རོ་།རྒྱུ་གང་གི་ཕྱིར་ཞེ་ན། འདི་ལ་ཞེས་བྱ་བ་
་ལ་སོགས་པ་ལ། བདག་ལ་བྱིན་གྱིས་བརླབ་པ་གཅིག་བུ་སྒྲུབ་པ་འདིས་སྒྲུབ་པར་བྱ་བ་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ། །སྒྲུབ་པར་བྱ་བ་མ་ཡིན་པ་མེད་པ་མ་ཡིན་པ་དེ་དག་གང་ཡིན་ཞེ་ན། དངོས་གྲུབ་ལས་དང་དེ་བཞིན་པ་དེ་ཅེས་བྱ་བ
་ལ། དེ་ལ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་སོགས་པའི་དངོས་གྲུབ་སྟེ་དེ་མངོན་དུ་བྱེད་པའོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཀྱི་བྱ་བ་དང་འབྲས་བུ་ཐོབ་པ་ནི་ལས་ཏེ། དངོས་གྲུབ་དང་ལས་དེ་དག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས
་པའི་བདེ་བ་ཉམས་སུ་མྱོང་བ་ནི་བདེ་བ་སྟེ། གསུམ་པོ་འདི་དག་ལ་སྒྲུབ་པར་བྱ་བ་མ་ཡིན་པ་ཡོད་པ་མ་ཡིན་ནོ། །འདི་དག་ཐམས་ཅད་མི་འགྱུར་བ་ནི་ཐོག་མ་དང་ཐ་མ་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་གང་གིས་ཤེ་ན། བདག་བྱིན་བརླབས་ཀུན་སྒྲུབ
་པ་པོས་ཞེས་བྱ་བ་ལ། རིགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི་ནུས་པ་སྟེ། མངོན་པར་འདོད་པའི་འབྲས་བུ་རྫོགས་པའི་རྒྱུ་དེ་རྣམས་ཡིན་པས་ན་སྒྲུབ་པ་བྱའོ། །བྱེད་པར་འགྱུར་པ་དེ་དག་གིས་འདས
་མ་ཐག་ཏུ་བཤད་པའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་དུའི་སྒྲུབ་པའི་ཁྱད་པར་གྱིས་དངོས་གྲུབ་དང་ལས་དང་བདེ་བ་རྟག་པ་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལྟ་མངོན
་པར་འདོད་པའི་དངོས་གྲུབ་ཀྱི་ཐབས་སུ་གྱུར་བའི་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་གཅིག་པུ་བསྟན་ནས། ད་ནི་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཐབས་ཉིད་ཀྱི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་པའི་རྣལ་འབྱོར
་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །མཆོག་ནི་དམ་པའོ། །གསང་བ་ནི་ཐུན་མོང་མ་ཡིན་པའོ། །རྣལ་འབྱོར་ཐབས་ཀྱི་ཆོ་ག་ནི་བསྒོམ་པ་བསྟན་པ་སྟེ། དེ་བཤད་པར་བྱ་སྟེ་བསྟན་པར་བྱའོ། །ཞེས
་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བའི་སྒྲ་ནི། དག་ཉེ་བར་དགོད་པ་ལའོ། །དང་པོ་ནི་ཐོག་མར་ཏེ། རྣལ་འབྱོར་གྱི་སྒྲ་རེ་ཞིག་བསྒྲུབ་པར་བྱ་སྟེ། ཡོ་ག་ནི་རྣལ་འབྱོར་ལས་ཏེ་སྐད་ཀྱི་བྱིངས?་སོ
་འདིས་རྣལ་འབྱོར་གྱི་སྒྲ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྣལ་འབྱོར་སྒྲ་དེ་ཡང་རིག་པ་དང་འབྲེལ་པ་ལ་འཇུག་པར་མཐོང་བ་ཡིན་ཏེ། རྣམ་པར་བཅས་པའི་ཕྱིར་སྐད་ཀྱི་བྱིངས་ཀྱི་དོན་འདི་ཡང་བརྩོན་པའོ་ཞེས་བྱ་བ་གསུངས་ཏེ། རྣམ་པ
་འདི་ལྟ་བུའི་སྐད་ཀྱི་དོན་ནི་བརྩོན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏེ། །ཡོ་ཟ་ནི་ཏིང་ངེ་འཛིན་ལའོ་ཞེས་བྱ་བའི་སྐད་ཀྱི་དབྱིངས་གཞན་འདིའི་དོན་ནི་ཏིང་ངེ་འཛིན་ནོ། གང་གི་བརྩོན་བ་ཅེས་བྱ་བའི་ཡུལ་གང་གིས་བརྩོན་པ་ཞེས་བྱ་བའི་དོན་ཏོ། །འབྲེལ་པ
་ཙམ་གསུངས་པར་འདོད་པའི་ཕྱིར་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་བརྩོན་པ་ནི་རྣལ་འབྱོར་ཡིན་ནོ། །རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་ཡུལ་ཅན་གྱི་སེམས་བསྐྱེད་པ་ནི་རྣལ་འབྱོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་བཤད་པར་འགྱུར་ཏེ།
་ཕྱག་རྒྱ་བཏེག་པའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་དེའི་རྗེས་ལ་ནམ་མཁའ་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམས་ཏེ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །སླར་ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་དང་གི་ལྷའི་སྙིང་པོ
་དང་བཅས་པའི་རྡོ་རྗེ་རྩེ་ལྔ་པ་གང་ལ་ཡོད་པ་དེ་ལའོ། །གཞན་ལ་ནི་རྡོ་རྗེ་ལས་བྱུང་བའི་རང་གི་ཕྱག་རྒྱ་སྟེ། དེ་ནས་ཕྱག་རྒྱའི་ང་རྒྱལ་རྣམ་པར་བསྒོམ་ལ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ནས། དམ
་ཚིག་སེམས་དཔའ་ཆེན་པོའི་ང་རྒྱལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་བསྒོམ་པར་བྱའོ། །རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་རྣལ་འབྱོར་པས་ནི་རྡོ་རྗེ་སེམས་ལས་བྱུང་པའི་རང་གི་ལྷའི་རང་བཞིན་གྱི་བདག་ཉིད་རང་གི་སྙིང་པོ་བརྗོད་ཅིང་བསྒོམ་པར
་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་བརྗོད་དོ། །དེ་བཞིན་གཤེགས་པའི་རྣལ་འབྱོར་པས་ཀྱང་དེ་བཞིན་གཤེགས་པའི་རྡོ་རྗེ་འམ?་བྱུང་པའི་རང་གི་དེ་བཞིན་གཤེགས་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་ལ་སོགས་པའི་རྣལ
་འབྱོར་པ་ཐམས་ཅད་ཀྱིས་ནི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ས་མ་ཡོ་ཧཾ་ཞེས་བྱ་བའི་སྤྱིའི་སྙིང་པོ་བརྗོད་ཅིང། རང་གི་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱི་ང་རྒྱལ་བྱའོ། །དེ་ནས་ས་མ་ཡ་སཏྭཾ་ཨ་ཏི་ཏིཥྛ་སྭ་མཾ་ཞེས་བྱ་བས
་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་སྙིང་ག་དང། མཛོད་སྤུ་དང། མགྲིན་པ་དང། སྤྱི་བོ་རྣམས་སུ་བདག་ཉིད་ལ་བྱིན་གྱིས་བརླབ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་རང་གི་ལྷའི་རང་བཞིན་ཅན་གྱི་བདག་ཉིད་བསྒོཾ
་པར་བྱ་སྟེ། འདི་ནི་འདིར་ཡེ་ཤེས་སེམས་དཔའ་གཞུག་པ་དང་བྲལ་བའི་རང་གི་ལྷའི་བསྒོམ་པའི་རང་བཞིན་ཅན་གྱི་རྣལ་འབྱོར་རོ། །དེ་ལྟར་འཁོར་བའི་བདག་ཉིད་ཀྱི་གཉེན་པོར་གྱུར་པའི་རྣལ་འབྱོར་བསྟན་ནས་ད་ནི་ཡེ་ཤེས་སེམས་དཔའ་
་བཅུ་གནས་གཅིག་ཏུ་གྱུར་པར་ལྷག་པར་མོས་པས་གསེར་འགྱུར་རྩི་བླངས་ནས་ཟངས་མ་ལ་སོགས་པའི་ཁམས་དངུལ་ལ་སོགས་པར་བྱེད་པ་བཞིན་དུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་རབ་ཏུ་བརྟན་པར་བྱ་བའི་ཕྱིར་རྗེས་སུ་རྣལ་འབྱོར་གསུངས་པ
་དང། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་གཟུགས་ཀྱི་རང་གི་ལྷའི་བསྒོམས་པས་ཀྱང་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ། །ཞེས་བྱ་བ་རབ་ཏུ་བརྟན་པར་བྱ་བའིཕྱིར་ཐམས་ཅད་ཀྱི་རྣལ་འབྱོར
་དང་རྣལ་འབྱོར་ཆེན་པོ་གསུངས་པ་དང། ཤིན་ཏུ་ཆགས་པའི་བསྒོམ་པས་ཀྱང་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་དང། ཐམས་ཅད་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་ཤིན་ཏུ་རྫོགས་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་པར
་བྱ་བའི་ཕྱིར་ཤིན་ཏུ་རྣལ་འབྱོར་ཡང་གསུང་བ་ཡིན་པ་ནི། སླར་ཡང་གཞན་ཞེས་བྱ་བ་ལ་བྱ་བ་ལ་ལས་མ་ཐག་ཏུ་བཤད་པའི་རྣལ་འབྱོར་ལས། སླར་ཡང་གཞན་ནི་རྣལ་འབྱོར་གྱི་རང་བཞིན་ཅན་གྱི་དངོས་པོ?་གཞན་ཏེ། རྗེས་སུ་རྣལ་འབྱོར་དང། ཐམས་ཅད
་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་དང། ཤིན་ཏུ་རྣལ་འབྱོར་བསྒོམ་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་འདི་གང་ལས་ཤེས་པར་བྱ་ཞེ་ན། ཡང་དག་པར་བསྡུ་བ་དང། ཡང་དག་པར་ཀུན་ཏུ་སྦྱོར་བ་དང། ཡང་དག་པར་སྦྱོར
་བ་ཞེས་བྱ་བའི་སྒྲ་རྣམས་ཡོད་པས་སྟེ། དེ་རྣམས་ལས་འདི་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདས་མ་ཐག་ཏུ་བཤད་པའི་རྣལ་འབྱོར་བྱས་ལ་ཇི་ལྟ་བ་བཞིན་དུ་རང་གི་ལུས་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ། ས་མ་ཡ་སཥཝོཾ?་ཞེས་བྱ་བ་བརྗོད
་ཅིང་འོད་ཀྱི་དཀྱིལ་འཁོར་རྫོགས་པར་བྱ་ལ་ས་མ་ཡསྟཝོཾ?་ཨ་ཧཾ་ཞེས་བྱ་བ་དང་མཐར་རང་གི་ལྷའི་སྙིང་པོ་ལན་གསུམ་བཟློས་ཤིང། བཅུག་པའི་ཡེ་ཤེས་སེམས་དཔའ་དང། ཆུ་དང་འོ་མ་བཞིན་དུ་ལྷན་ཅིག་གྱུར་པར་ལྷག་པར་མོས་པར་བྱས་ཏེ། ད་ནི་འདིར
་རྗེས་སུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་ཡང་དག་པར་བསྡུ་བྱ་ཡིན་ནོ། །རྣལ་འབྱོར་དམ་རྗེས་སུ་རྣལ་འབྱོར་དམ། རྣལ་འབྱོར་ཆེན་པོ་བྱས་ལ་ཐམས་ཅད་བདག་ཡིན་ནོ་ཞེས་བྱ་བའི་སྒོམ་པ་ནི་ཐམས་ཅད་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་ཡང་དག་པར་ཀུན་ཏུ
་སྦྱོར་བས་སྟེ། དེས་ཕྱོགས་དང་དུས་ཐམས་ཅད་ལ་ཁྱབ་པའི་ཕ་ཡིར་རོ། །ཡང་དག་པར་ཀུན་ཏུ་སྦྱོར་བས་ན་ཀུན་ཏུ་སྦྱོར་པ་སྟེ། འདི་ལྟར་སྒྲ་སྒྲུབ་པའོ། །ལྷ་མོ་ཐམས་ཅད་དང་ཡང་དག་པར་སྦྱོར་བའི་བསྒོམ་པ་དང། བསྒོམ་པའི་འབྲས་བུ་ནི་ཤིན་ཏུ་རྣལ
་འབྱོར་གྱི་མཚན་ཉིད་ཅན་གྱི་ཡང་དག་པར་སྦྱོར་བའོ། །དེ་ལྟར་མདོར་བསྟན་པའི་ཚིག་རྣམས་ཀྱིས་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་དང། ཤིན་ཏུ་རྣལ་འབྱོར་རྣམས་བསྟན་ནས་ད་ནི་རེ་ཞིག་རྗེས་སུ་རྣལ་འབྱོར་རྒྱས་པར
་བསྟན་པར་བྱ་བའི་ཕྱིར་གང་དག་སྦྱོར་བ་ཞེ་ན། ཞེས་བྱ་བ་གསུངས་ཏེ། རྗེས་སུ་རྣལ་འབྱོར་གྱི་བསྒོམ་པ་འདི་ལྔའི་ཁྱད་པར་གང་གི་ཡིན་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་རང་ཉིད་ཀྱིས་དྲིས་ནས་སློབ་མ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི
་ཕྱིར། རང་གི་ལྷག་པའི་ལྷ་ཞེས་བྱ་བ་ལ་སློབ་པས་རྒྱས་པར་གསུངས་ཏེ། སྒྲུབ་པར་བྱ་བ་ཉིད་དུ་རང་གི་འདོད་ཅིང་བྱིན་གྱིས་བརླབ་པར་མཛད་པ་གང་ཡིན་པ་དེ་ནི་རང་གི་ལྷག་པའི་ལྷའོ། །རྗེས་སུ་དྲན་པ་བསྒོམ་པ་སྟེ། དེ་ཉིད་རྣལ་འབྱོར་ཏེ་ཡེ་ཤེས་སེམས
་དཔའ་དང་གཅིག་ཏུ་གྱུར་པའི་ལྷག་པར་མོས་པའོ་ཞེས་བྱ་བའི་དོན་ཏོ། །དེའི་རྗེས་སུ་སྒྲུབ་པ་ནི། ལྷག་པའི་ལྷ་ནི་གང་ཞིག་གི་།ཕྱག་རྒྱ་གང་དང་གང་བཅིངས་པ། དེ་དང་དེ་ཡི་སྦྱོར་བ་ཡིས། །ཕྱག་རྒྱ་དེ་དེ་ངེས་པར་སྦྱར་ཞེས་བྱ་བ་དེ་མ་ཐག་ཏུ་འོག་ནས
་གསུངས་པར་འགྱུར་པ་གང་ཡིན་པ་རྗེས་སུ་སྒྲུབ་པ་དེ་ལས་རང་གི་ལྷག་པའི་ལྷ་དང་ཡང་དག་པར་སྦྱོར་བ་ནི་རྗེས་སུ་སྒྲུབ་པ་དེ་ལས་རང་གི་ལྷག་པའི་ལྷ་དང་ཡང་དག་པར་སྦྱོར་བ་ནི་རྗེས་སུ་རྣལ་འབྱོར་གྱི་མཚན་ཉིད་ཅན་ནོ། །གྲུབ་པ་ནི་རྫོགས་པའོ། །དེ་ལྟར
་རྗེས་སུ་རྣལ་འབྱོར་བསྟན་ནས་པ་ནི་ཡང་དག་པར་ཀུན་ཏུ་སྦྱོར་པའི་རང་བཞིན་ཅན་གྱི་ཐམས་ཅད་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བའི་སྒྲ་ནི་དག་ཉེ་བར་དགོད་པ་ལའོ། །ཇི་ལྟར་ཞེས་བྱ་བ
་ནི་དྲི་པའོ། །ཐམས་ཅད་ཀྱང་དེ་ཡིན་ལ་རྣལ་འབྱོར་ཡང་དེ་ཡིན་པས་ན་ཐམས་ཅད་རྣལ་འབྱོར་ཏེ། ཐམས་ཅད་ཀྱི་ཐམས་ཅད་ཉིད་བདག་ཉིད་ཡིན་ནོ་ཞེས་བྱ་བའི་སྒོམ་པའོ། །བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་གཟུགས་འཛིན་པའི་རང་གི
་ལྷ་ནི་དམ་ཚིག་སྟེ། གང་ཕྱིར་ཕྱག་རྒྱ་དམ་ཚིག་བཤད་ཅེས་བྱ་བ་རྒྱས་པར་བཤད་པ་ལས་གསུངས་པའི་ཕྱིར་རོ། །ཐམས་ཅད་ཀྱི་རང་བཞིན་ཅན་གྱི་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་རང་གི་ལྷ་ནི་དམ་ཚིག་སྟེ། དེའི་རང་བཞིན་ཅན་གྱི་བསྒོམ་པ་ནི་དམ
་ཚིག་གི་སྦྱོར་བར་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བའོ། །རྒྱུ་གང་གིས་བསྒོམ་པ་དེ་དམ་ཚིག་གི་སྦྱོར་བ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་འདའ་བར་འདའ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་དག་གིས་ཀྱང་འདའ་བར་མི་མཛད་པའི་ཕྱིར་ཀུན
་རྫོབ་ཀྱི་བདེན་པའི་རང་བཞིན་ཅན་གྱི་ཕྱག་རྒྱ་དེ་གང་གི་ཕྱིར་རྡོ་རྗེ་འཆང་ཆེན་པོས་དམ་ཚིག་ཅེས་བྱ་བར་གསུངས་པ་དེའི་ཕྱིར་རོ། །ཅིའི་ཕྱིར་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་གཟུགས་འཛིན་པའི་རང་གི་ལྷའི་རང་བཞིན་ཅན་གྱི་ཕྱག་རྒྱ
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་མཛད་ཅེ་ན། ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ་ཞེས་བྱ་བ་ལ། ཡིད་ནི་ཐོག་མ་དང་ཐ་མ་མེད་པའི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས། །དེའི
་ལུས་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་དང། རི་བོ་ལ་སོགས་པ་བརྟན་པ་གཟུགས་སོ། །དེ་ཉིད་རྡོ་རྗེ་བཞིན་དུ་མི་ཕྲེང་པས་ན་བརྟན་པས་ཏེ། དེའི་དངོས་པོ་ནི་བརྟན་པ་ཉིད་དོ། །ཡིད་ཀྱི་ལུས་བརྟན་པ་ཉིད་ཀྱི་རྒྱུ་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམS
་ཅད་ཀྱིས་ཀྱང་དེ་འདའ་བར་མི་མཛད་པ་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་ཆོས་ཀྱི་དབྱིངས་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་རྣམས་ཀྱིས་ཕྱེད་པར་མི་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །བདག་པོ་ཉིད
་དེ་ལས་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པའི་སངས་རྒྱས་ལ་སོགས་པའི་གཟུགས་སྔོན་གྱི་སྨོན་ལམ་གྱི་དབང་གིས་འཇུག་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱེད་པར་མི་འགྱུར་ཏེ། དེ་དག་ཀྱང་དེའི
་རང་བཞིན་ཅན་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འདའ་བར་མི་མཛད་པ་ཞེས་བྱ་བ་ནི་དམ་ཚིག་གི་དོན་ཡིན་ནོ། །ཇི་ལྟ་བ་བཞིན་དུ་བཤད་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་རང་གི་ལྷའི
་གཟུགས་དེ་རྗེས་སུ་སྒྲུབ་པ་ནི་ལྷག་པའི་ལྷ་ནི་གང་གི་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་པ་བཞིན་དུ་རྒྱས་པར་བཤད་པས་བརྟན་པ་དེ་ནི་དམ་ཚིག་གི་སྦྱོར་བས་ཏེ། དེ་ཉིད་ཐམས་ཅད་ཀྱི་རྣལ་འབྱོར་ཡིན་ནོ། །ད་ནི་དཔེས་ཐམས་ཅད་རྣལ་འབྱོར་གསང་
་བར་བསྟན་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དཔེར་ན་ཀུ་མུ་ཏ་དང། །ུཏཔ་ལ་དང། རུ་རྟ་ལ་སོགས་པའི་རྫས་མང་པོ་གཅིག་དུ་སྦྱར་བས། འཇིག་རྟེན་ན་སྦྱོར་བ་ཞེས་གྲགས་པ་དེ་བཞིན་དུ། ཇི་ལྟ་བ་བཞིན་དུ་བཤད་པའི་ཐམས
་ཅད་ཀྱི་བདག་ཉིད་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་ཕྱག་རྒྱ་རྣམས་དང། གཅིག་ཏུ་གྱུར་པའི་ལྷག་པར་མོས་པའི་རྣལ་འབྱོར་གྱིས་ཕྱོགས་བཅུར་སྦྱོར་བ་ནི་ཡང་དག་པར་ཀུན་ཏུ་སྦྱོར་བས་ཏེ། ཡང་དག་པར་ཀུན་ཏུ
་སྦྱོར་བའི་རྒྱུ་དེ་ཇི་ལྟ་བ་བཞིན་དུ་བཤད་པའི་ཐམས་ཅད་ཀྱི་རྣལ་འབྱོར་གྱི་དམ་ཚིག་གི་སྦྱོར་བ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །ད་ནི་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱའི་སྦྱོར་བའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ཐམས་ཅད་ཀྱི་བདག
་ཉིད་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིན་ཞེ་མ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། དེའི་ཕྱག་རྒྱ་ནི་དམ་ཚིག་དང། ཆོས་དང། ལས་དང། ཕྱག་རྒྱ་ཆེན་པོའོ། །རིགས་ཐམས་ཅད་ཀྱི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་དེ་དག
་དང་སྦྱོར་བ་ནི་རྣལ་འབྱོར་པས་གཅིག་ཏུ་གྱུར་པར་ལྷག་པ་མོས་པའོ། །དེ་ཉིད་བསྟན་པར་བྱ་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས
་སངས་རྒྱས་ཐམས་ཅད་དེ། ལྷ་མ་ལུས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །དེ་དང་བདག་ཉིད་ཡང་དག་པར་སྦྱོར་བ་ནི་ཡེ་ཤེས་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་ལྷག་པར་མོས་པ་གཅིག་ཏུ་གྱུར་པའི་རྣལ་འབྱོར
་བསྒོམ་པའོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། །ཇི་ལྟའི་དབྱིབས་དང་སྐུ་དང་ལྡན་ཞེས་བྱ་བ་ལ་སངས་རྒྱས་ཐམས་ཅད་ལ་སོགས་པ་དེའི་དབྱིབས་རྒྱུད་ལས་བསྟན་པ་གང་ཡིན་པ་དང། སྐུའི་གསང་བ་གང་ཡིན་པ་དེ་གཉིས་པོ་གང་ལ་ཡོད་པ
་དེ་ནི་ཇི་ལྷའི་དབྱིབས་དང་སྐུ་དང་ལྡན་པའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྦྱོར་བའོ། །དེ་ལྟར་གྱུར་པའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྦྱོར་པ་དང་ལྡན་པའི་ལས་སུ་གྱུར་པའི་བདག་ཉིད་དེ། རྣལ་འབྱོར་བཞིར་གྱུར་པའི་བདག་ཉིད་ལ་ཡང་དག
་པར་བཀོད་དེ། ཕྱི་ནས་རྗེས་བསྒྲུབ་པར་བྱ་བ་ནི་རང་གི་ལྷའི་ཕྱག་རྒྱ་བཅིངས་ནས་བརྟན་པ་དང། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་རང་གི་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །ནིའི་སྒྲ་ནི་ངེས་པར་གཟུང་བས་ཏེ། བདག་ཉིད་ཁོ་ནའོ
་འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་བཤད་པའི་སྐུ་མདོག་དང་དབྱིབས་དང་གདན་དང། ཕྱག་མཚན་ལ་སོགས་པ་དང་ལྡན་པའི་རང་གི་ལྷའི་གཟུགས་བདག་ཉིད་རྣལ་འབྱོར་ཙམ་གྱིས་དེ་བཞིན་དུ་ངེས་པར་བྱས་ལ། ཕྱི་ནས་ཡེ་ཤེས
་སེམས་དཔའ་རང་གི་ལུས་ལ་བཅུག་སྟེ། དེ་དང་ལྷན་ཅིག་ཏུ་གྱུར་པས་ལྷག་པར་མོས་པར་བྱས་པ་རང་གི་ལྷའི་ཕྱག་རྒྱ་བཅིངས་ནས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བའོ། །དོན་འདི་ཉིད་བསྟན
་པར་བྱ་བའི་ཕྱིར་རང་གི་དམ་ཚིག་གི་སྦྱོར་བ་ནི་ཐམས་ཅད་ཀྱི་སྦྱོར་བའོ་ཞེས་བྱ་པ་གསུངས་ཏེ། རྗེས་སུ་བསྒྲུབ་པར་བྱ་ཅེས་བྱ་བའི་འདས་མ་ཐག་ཏུ་བཤད་པའི་རྗེས་སུ་བསྒྲུབ་པས་ཏེ་དེ་ཉིད་བསྟན་པའི་ཕྱིར། དེ་ལ་འདི་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
་བསྒྲུབ་པར་བྱ་བའི་འདོད་པའི་ལྷ་ནི་ལྷག་པའི་ལྷ་སྟེ། དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་དང། དེ་ལྷའི་ཁྱད་པར་དེ་དང་དེའི་རྣལ་འབྱོར་ནི་དེའི་གཟུགས་ལ་སོགས་པའི་ལྷག་པར་མོས་པས་རྣལ་འབྱོར་པས་བཅིངས་ཤིང་ཕྱག་རྒྱ་ཆེན་པོ་ལ་སོགས་
་པའི་རང་བཞིན་ཅན་གྱི་ཕྱག་རྒྱ་དེ་དན་དེ་རན་གི་ལས་རབ་ཏུ་སྦྱར་བར་བྱ་སྟེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ཐམས་ཅད་ཀྱི་རྣལ་འབྱོར་བསྟན་ནས། ད་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག་གིས་མཉམ་པར
་བཞག་པ་དང། མཉམ་པར་མ་བཞག་པའི་རྣལ་འབྱོར་གྱི་ཚུལ་དུ་བསྒོམས་བསྟན་པར་བྱ་བའི་ཕྱིར། དེ་ནས་མཆོག་ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པ་མཆོག་ཏུ་གྲུབ་པའོ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་གྱི་དུས་དང། རྗེས་སུ
་རྣལ་འབྱོར་གྱི་དུས་སུ་ལུས་ཀྱི་ཡན་ལག་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རང་གི་ལྷའི་བསྒོམ་པ་ནི་མཆོག་ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་སྟེ། དེའི་མཉམ་པར་བཞག་པ་དང། མཉམ་པར་མ་བཞག་པའི
་དབྱེ་བ་སྣ་ཚོགས་ཉིད་ནི་རྒྱས་པའོ། །བདག་ཉིད་ཅེས་པ་ནི་ཕུང་པོ་ལྔའི་རང་བཞིན་གྱི་བདག་ཉིད་ཀྱི་དངོས་པོའོ། །ནིའི་སྒྲ་ནི་ངེས་པར་གཟུང་བས་ཏེ། བདག་ཉིད་ཁོ་ན་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ཅན
་གྱི་སངས་རྒྱས་ཐམས་ཅད་དོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་གཟུགས་ནི་བྱང་ཆུབ་སེམས་དཔའ་ཉིད་དོ། །འདོད་པའི་ལྷའི་རྣལ་འབྱོར་ནི། རང་གི་ལྷག་པའི་ལྷའི་རྣལ་འབྱོར་རོ། །རང་གི་ལྷའི་བརྟན་པ་དང
་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི། རང་གི་དམ་ཚིག་སྟེ། དེ་དན་སྦྱོར་པ་ནི་དེ་དང་ལྷན་ཅིག་ཏུ་རྣལ་འབྱོར་བའི་ཐ་མི་དད་པའི་རང་བཞིན་ཅན་གྱི་བསྒོམ་པ་གང་ཡིན་པ་དེ་ནི་རང་དམ་ཚིག་གི་སྦྱོར་བས་ཏེ། དེ་ཉིད
་ཐམས་ཅད་ཀྱི་སྦྱོར་བ་ཡིན་ནོ་ཞེས་བྱའོ། །བདག་ཉིད་ནི་བདག་ཉིད་ལ་འཇུག་སྟེ། དོན་དམ་པར་བདག་ཉིད་ལས་ཐ་དད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་མི་དམིགས་པ་དེའི་ཕྱིར་བདག་ནི་སངས་རྒྱས་ཉིད་དང་ནི། བྱང་ཆུབ་སེམས
་དཔལ་ཉིད་ཀྱང་ཡིན། །ཞེས་བྱ་བས་བདག་ཉིད་ཁོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་གཟུགས་བརྟག་པར་བྱ་སྟེ། ཕྱིའི་དངོས་པོ་ནི་མ་ཡིན་ནོ་ཞེས་བྱ་བའོ། །འདི་ལྟར་འཆད་པར་འགྱུར་ཏེ། གང་གི་ཕྱིར་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་ཕྱི་རོལ་གྱི་དངོས་པོ
་སངས་རྒྱས་ཀྱི་གཟུགས་སམ། བྱང་ཆུབ་སེམས་དཔའ་ཨི་གཟུགས་དོན་དམ་པར་མི་དམིགས་པ་དེའི་ཕྱིར། བདག་ཉིད་ཁོ་ནའི་ཡན་ལག་ཐམས་ཅད་ཡོངས་སུ་གང་བའི་སངས་རྒྱས་ཀྱི་གཟུགས་སམ་བྱང་ཆུབ་སེམས་དཔའ་ཨི་གཟུགས་སུ་རྣལ་འབྱོར་པས་བསྒོམ་པར་བྱ་བ
་ཡིན་ནོ་ཞེས་བྱ་བའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་གྱི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་དག་གི་རྣལ་འབྱོར་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོའོ། །འདས་མ་ཐག་ཏུ་བཤད
་པ་གང་ཡིན་པ་དེ་ཉིད་མཆོག་ཏུ་གསང་བ་ཡིན་ནོ་ཞེས་བྱ་བའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཤིན་ཏུ་མཉམ་པར་བཞག་པའི་སྒོམ་པས་སྐྱོན་ཅིག་གི་རང་བཞིན་ཀུན་ཏུ་འགྲོ་བའི་རང་གི་ལྷའི་གཟུགས་གསལ་བའི་དབྱེ་བས་འཇིག་རྟེན་གྱི་ཁམས
་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པར་བསྒོམ་པར་བྱ་སྟེ། དེའི་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་འདི་ཡིན་ཏེ། ཀུན་ཏུ་ཁྱབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའོ། །དེ་ལྟར་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་བསྒོམ་པར་བྱེད་པའི་མཆོག་ཏུ་གསང་པའི
་རྡུལ་ཕྲ་རབ་ཀྱི་སྒྲུབ་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་རྣལ་འབྱོར་ཐམས་ཅད་བསྒོམ་པར་བྱེད་པའི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ལ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས
་ཅད་ཀྱི་རང་བཞིན་ཅན་གྱི་རང་གི་ལྷའི་གཟུགས་ཀྱི་བདག་ཉིད་བསྒོམ་པ་ནི་མཆོག་ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་འདིར་མཆོ་ཏུ་ཤིན་ཏུ་གྲུབ་པར་ཤེས་པར་བྱའོ། །རང་གི་ལྷའི་སྦྱོར་བ་ཞེས་བྱ་བ་ནི་འདོད་པའི་ལྷའི་རྣལ་འབྱོར་ཏེ།
་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་ནོ། །དེས་སྣ་ཚོགས་ནི་བརྟན་པ་དང་གཡོ་བའི་རང་བཞིན་ཅན་གྱི་བདག་ཉིད་སྐུ་གང་ལ་ཡོད་པ་དེ་ནི་སྣ་ཚོགས་ཕྱག་རྒྱའི་བདག་ཉིད་ཀྱི་སྐུ་དང
་ལྡན་པ་སྟེ། ཐམས་ཅད་རྣལ་འབྱོར་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཅིར་འགྱུར་ཞེན་ཀུན་བདག་ཅེས་པ་ལ་སོགས་པ་ལ་ཀུན་བདག་བཤད་ཟིན་ཏོ། །དེའི་ཕྱག་རྒྱས་རྣམས་ཀྱང་བཤད་ཟིན་ཏོ། །དེ་དང་ལྷན་ཅིག་ཏུ་གཅིག་ཏུ་གྱུར་པའི་ལྷག
་བར་མོས་པ་ནི་རྣལ་འབྱོར་རོ། །དེ་ཉིད་ཀྱི་བདག་ཉིད་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་ཀུན་བདག་ཕྱག་རྒྱའི་རྣལ་འབྱོར་བདག་གོ་།མི་འགྱུར་མཆོག་ཅེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །གྲུབ་པར་གྱུར་པ་ནི་རྫོགས་པར་གྱུར་པའོ། །འདི་ཇི་ལྟ་བུར་བརྗོད
་ཅེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྟོག་པ་ཡང་ཡིན་ལ། ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཐོག་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་ཕྱག་རྒྱའི་གཟུགས་སུ་བཞུགས
་པའོ། །ཐམས་ཅད་ཤེས་པའི་སྣ་ཚོགས་པའི་དམ་ཚིག་ཆེན་པོའོ། །རྟོག་པ་ཐམས་ཅད་ཀྱང་དེ་ཡིན་ལ་སྣ་ཚོགས་པའི་དམ་ཚིག་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའོ། །དེ་དག་དང་ལྷན་ཅིག་ཏུ
་གྱུར་པའི་ལྷག་པར་མོས་པས་རྣལ་འབྱོར་པ་དེའི་?་བཞིན་དུ་རྫོགས་པ་ནི་མཆོག་གི་རྣལ་འབྱོར་ཏེ། དེ་ཉིད་ཀྱང་འདིར་ཐམས་ཅད་ཀྱི་རྣལ་འབྱོར་རོ། །འདིས་ནི་ཐམས་ཅད་ཀྱི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པ་ལ་བརྟན་པ་དང་གཡོ་བའི་དངོས་པོ
་ཐམས་ཅད་ཀྱི་རང་བཞིན་ཁོ་ན་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རང་བཞིན་གྱིས་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐམས་ཅད་རྣལ་འབྱོར་བསྟན་ནས་ད་ནི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར
་ཆེན་པོ་ཡང་དག་པར་ཀུན་ཏུ་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་སླར་ཡང་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་དང། ཐམས་ཅད་ཀྱི་རྣལ་འབྱོར་རྣམས་ལས་སླར་ཡང་སྒོམ་པའི་རང་བཞིན་གྱི་དངོས་པོ་གཞན་འདི་ཡིན་ནོ
་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་ཆེན་པོའི་མཚན་ཉིད་ཅན་ནི་འདིར་མཆོག་ཏུ་གསང་བའི་ཤིན་ཏུ་མཆོག་ཏུ་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ལས་ཀྱང་གཞན་ནི་རྗེས་སུ་བསྒྲུབ་པ་ལས་ཀྱང་ཤིན་ཏུ་མཆོག་ཏུ་གྲུབ
་པས་ཏེ། དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །རྡོ་རྗེ་སེམས་དཔའ་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་གྱིས་བདག་པོ་ཡེ་ཤེས་སེམས་དཔའ་ཨོ། །ཡེ་ཤེས་སེམས་དཔའ་དེ་དང་རྣལ་འབྱོར་གྱི་རང་བཞིན་གྱི་བདག་ཉིད་ཡང་དག་པར
་སྦྱོར་བ་ནི་ཅིག་ཏུ་གྱུར་བ་སྟེ། རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་སྦྱོར་བའོ། །དབྱིབས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཡང་ཇི་ལྟ་བུ་གང་ལ་ཡོད་པ་དེ་ནི་དབྱིབས་དང་སྐུ་ནི་ཇི་ལྟར་ལྡན་པའོ། །རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་ཀྱི་སྦྱོར་བ་ཡང་དེ་ཉིད་ཡང་ཡིན་ལ་དབྱིབས
་དང་སྐུ་ཇི་ལྟ་བུ་ཡང་དེ་ཉིད་ཡིན་པས་ན། རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་སྦྱོར། །དབྱིབས་དང་སྐུ་ནི་ཇི་ལྟར་ལྡན་པས་ཏེ། མི་འགྱུར་མཆོག་ནི་གྲུབ་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །དེ་གཅིག་ཏུ་ཡིན་ནམ་ཞེ་ན། ཀུན་གྱི་བདག་པོ་ནི་ཇི་ལྟ་བུ་བཞིན་དུ་བཤད
་པས་ཏེ། དེའི་ཕྱག་རྒྱ་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཀྱི་ཕྱག་རྒྱ་རྣམ་པ་བཞི་སྟེ། དེ་དང་ལྷན་ཅིག་ཏུ་སྦྱོར་བ་ནི་ཀུན་བདག་ཕྱག་རྒྱའི་སྦྱོར་བའོ། །དེ་ཉིད་ཀྱི་བདག་ཉིད་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་ཀུན་བདག་ཕྱག་རྒྱའི་སྦྱོར་བའི
་བདག་གོ་།གྲུབ་པར་འགྱུར་བ་ནི་རྫོགས་པར་འགྱུར་བའོ། །མི་འགྱུར་མཆོག་ནི་རྟག་པ་སྟེ་ཐོག་མ་དང་ཐ་མ་མེད་པའོ། །འདི་ཅི་ཞེས་བྱ་བ་བརྗོད་པ་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་རྣལ་འབྱོར་གྱི་བདག་པོ་ཞེས་བྱ་བ་དང
་སྦྱར་རོ། །འདི་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་མཚན་ཉིད་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་རང་གི་བདག་ཉིད་དམ་ཚིག་གསལ་བ་ནི་རང་གི་རིགས་ཀྱི་ཡེ་ཤེས་སེམས་དཔའ་རྣམས་ཏེ་དེ
་རྣམས་ཀྱི་རྗེས་སུ་འབྲང་པས་རང་གི་དམ་ཚིག་གི་རྗེས་སུ་འཕྲོ་བ་སྟེ། རང་གི་རིགས་ཀྱི་ཡེ་ཤེས་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གྱུར་པས་སོང་བའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་རྣལ་འབྱོར་རྣམས་ཀྱི་བདག་པོ་ནི་གཙོ་བོ་སྟེ། གྲུབ་པ་ནི
་རྫོགས་པའོ། །ཐམས་ཅད་ཀྱི་རྣལ་འབྱོར་གྱི་བདག་པོའི་རང་བཞིན་གྱིས་གསལ་བའོ། །ཤིན་ཏུ་གྲུབ་པའི་རྣལ་འབྱོར་གཞན་ལས་ཀྱང། མཆོག་གི་མཆོག་ཡིན་པས་ན་ཤིན་ཏུ་གྲུབ་པའི་མཆོག་གོ་།རྣལ་འབྱོར་ཆེན་པོ་འདི་ཡང་རྫོགས་པའི་ཆོ་ག
་སྔར་བཤད་པ་ཉིད་དེ། སླར་ཡང་བཤད་པར་མི་བྱའོ། །ཅིའི་ཕྱིར་འདི་ཤིན་ཏུ་གྲུབ་པ་མཆོག་ཡིན་ཞེ་ན། འདི་ལ་ཞེས་བྱ་བ་འུམ་ལ་སོགས་པ་ལ་གང་གི་ཕྱིར། རྣལ་འབྱོར་ཆེན་པོ་འདིས་དཀྱིལ་འཁོར་བསྒྲུབ་པ་ནས་བརྩམས་ཏེ། འཇིག་རྟེན་དང
་འཇིག་རྟེན་ལས་འདས་པའི་དངོས་པོ་བསྒྲུབ་པར་བྱ་བ་མ་ཡིན་པའི་དང་པོ་ཅུང་ཟད་ཡོད་པ་མ་ཡིན་པའི་ཕྱིར་རོ། །དངོས་གྲུབ་ལས་དང་དེ་བཞིན་བདེ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ལྟར་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་རྣལ
་འབྱོར་ཆེན་པོ་བསྟན་ནས་ད་ནི་ཤིན་ཏུ་ཆགས་པའི་བསྒོམ་པས་ཐམས་ཅད་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་གྱི་ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། འདོད་པ
་ཀུན་ལ་ལོངས་སྤྱོད་པ་ལ་སོགས་པ་གསུངས་ཏེ། འདོད་པ་ཀུན་གྱི་སེམས་དཔའ་སྟེ་བཤད་ཟིན་ཏེ། །དེའི་ལོངས་སྤྱོད་པ་ནི་བརྟན་པ་དང་གཡོ་པའི་དངོས་པོ་ཐམས་ཅད་དོ། །འདོད་པ་ཀུན་ཡང་ཡིན་ལ་དེ་ལ་ལོངས་སྤྱོད་པ་ཡང་ཡིན་པས་ན
་འདོད་པ་ཀུན་ལ་ལོངས་སྤྱོད་པའོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་སྟེ། འདོད་པ་ཀུན་ལ་ལོངས་སྤྱོད་པའི་བྱེད་པར་གྱུར་པ་དེ་རྣམས་ཉིད་བསྟེན་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པ་ཉམས་སུ་མྱོང་བ་ཁོ་ནའོ། །ཅི་འདོད་པ་ཞེས་བྱ་བ་ནི་རང་གི་འདོད་པ་མ་ལུས་པ་འམ།
་ཁ་ཅིག་ཙམ་དག་གིས་སོ། །འདི་དག་གིས་ཅི་བྱ་ཞེ་ན། རྣལ་འབྱོར་འདི་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་རྣལ་འབྱོར་གྱི་སྒོམ་པའི་ཚུལ་འདི་རང་གི་བདག་ཉིད་ལ་རབ་ཏུ་མཆོད་པར་བྱའོ་ཞེས་བྱ་བའོ། །འདི་ལྟར་བཤད་པར་འགྱུར་ཏེ། རང་གི་དཀྱིལ་འཁོར
་ཀྱི་ཚུལ་དུ་གནས་པའི་རྣལ་འབྱོར་པས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། རང་གི་རིགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བརྟན་པ་དང། གཡོ་བའི་རང་བཞིན་ཅན་མཆོད་པ་བཅུ
་དྲུག་གིས་ཀྱང་མཆོད་ནས། ཐམས་ཅད་དུ་ཁྱབ་པའི་མཆོད་པའི་ལྷ་མོ་ཐམས་ཅད་དང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ། །དེ་ཡང་ཤིན་ཏུ་རྣལ་འབྱོར་གྱི་རང་བཞིན་ཅན་གྱི་ཚུལ་དེས་སོ། །རྡོ་རྗེ་སེམས་དཔའ་སྦྱོར་བ་ཡིས། མཐུ
་ཉིད་ཀྱིས་ནི་ཐམས་ཅད་དུ། །ལྷ་མོ་ཐམས་ཅད་བདེ་ཆེན་ལྡན། །རང་ཉིད་སོ་སོར་རྗེས་སུ་བསྒྲུབ་པའོ། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །རྣལ་འབྱོར་ཐམས་ཅད་དགའ་སྟོན་བདེ། །རང་ཉིད་སོ་སོར་རྗེས་བསྒྲུབ་པའོ
་རྡོ་རྗེ་སེམས་དཔའ་སྦྱོར་བ་ཡི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །དངོས་གྲུབ་ཐམས་ཅད་དགའ་སྟོན་བདེ། །རང་ཉིད་སོ་སོར་རྗེས་བསྒྲུབ་པའོ། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །དབང་ཕྱུག་ཀུན་གྱི་དགའ་སྟོན་བདེ།།
་རང་ཉིད་སོ་སོར་རྗེས་བསྒྲུབ་པའོ། །ནམ་མཁའ་ཨི་ཁམས་ནི་མཛའ་ཡས་པ། །བུད་མེད་མཆོག་ནི་འབྱུང་བར་འགྱུར། །དམ་ཚིག་ལས་བྱུང་དེ་དག་དེའི། །ཡིད་འོང་དམ་ཚིག་རྗེས་སུ་འགྲོ་བའོ། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །ཐམས་ཅད་བདག་ཉིད
་དམ་ཚིག་མཆོག། གཅིག་ཉིད་དང་ནི་སྤྱོད་པ་གཅིག་།ཡིད་འོང་རྗེས་སྦྱོད་ལྷན་ཅིག་སྤྱོད། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའོ། །མཁའ་འགྲོ་མ་རྣམས་མཆོག་ཏུ་མཛེས། །ཀུན་ཏུ་སྣ་ཚོགས་རོལ་པ་ཡིས། །ཕྱག་རྒྱ་ཐམས་ཅད་བདེ་ཆེན
་ལྡན། །བཀའ་ཉན་མཆོག་གི་མཆོད་པ་ཀུན། །ལྷ་མོ་མཆོག་ཏུ་རྟག་པའོ། །རྡོ་རྗེ་སེམས་དང་སྦྱོར་བ་ཡི། །ལྷ་མོ་ཐམས་ཅད་ཀུན་བསྡུས་པས། །ཀུན་ནས་སྣ་ཚོགས་སྐལ་བཟང་པོ། །རང་ཉིད་སོ་སོར་རྗེས་བསྒྲུབ་འགྱུར། །ཕྱག་རྒྱ་འདི་ནི་བཏབ་ཙམ་གྱིས
་རྡོ་རྗེ་སེམས་དཔའ་ལྷ་སོགས་ལྷ། །ནམ་མཁའ་ཨི་ཁམས་ལྟར་མཛའ་ཡས་པའི། །ལྷ་མོ་ཐམས་ཅད་བདེ་ཆེན་ལྡན། །རྣལ་འབྱོར་ཐམས་ཅད་བདེ་བས་མྱོས། །སྟོབས་ཀྱིས་གནོན་ཅིང་ཉེས་པ་མེད། །ཕན་ཚུན་རབ་ཏུ་དགའ་གྱུར་ནས། །སྐྱེས་བུ་བྱད་བཞིན་རོལ
་པར་འགྱུར། །ཀུན་བདག་དབང་པོ་ཐམས་ཅད་ལས། །འབྱུང་བའི་མཆོད་པ་ཐམས་ཅད་ཀྱི། །སྦྲིན་ཆེན་སྤྲོས་པའི་ཚོགས་རྣམས་ཀྱང། །དེ་དག་མཆོད་པར་མཛད་པ་ཡིན། །ཀྱེ་མ་བདེ་བ་ལས་བྱུང་བའི། །ཀུན་སྦྱོར་བདེ་བའི་དབང་ཕྱུག་དང། །རིན
་ཆེན་ཀུན་གྱི་རྣམ་པ་ཡིས། །རབ་ཏུ་མྱོས་ཤིང་བསྟེན་པ་ཡི། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པ་སྟེ། ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་དོ། །དེ་ཡང་དེ་བཞིན་གཤེགས་པ
་ཐམས་ཅད་མཆོག་ཏུ་གསང་བའི་རྣལ་འབྱོར་གཞན་ལས་དམ་པ་སྟེ། མཆོག་ཏུ་ཤིན་ཏུ་གསང་བའོ། །འདི་ལས་གོང་ན་གཞན་མེད་པས་ན་བླ་ན་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་རང་བཞིན་ཅན་མདོ་སྔའི་སྤྱོད་པ་བྱང་ཆུབ
་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པའི་རང་བཞིན་ཅན་ལས་ཀྱང་རྡོ་རྗེ་ཐེག་པ་ནི་ཐེག་པ་ཆེན་པོའི་ཆེན་པོའོ། དེ་ཉིད་དམ་ཚིག་ཆེན་པོ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར
་ནི་དེ་ལས་བྱུང་བའི་ཤིན་ཏུ་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལྷ་མོ་དང་ཡང་དག་པར་སྦྱོར་བའི་ཕུན་སུམ་ཚོགས་པ་གསལ་བར་འབར་བ་བསྟན་པ་ནི་དཔལ་རང་གི་དམ་ཚིག་སྟེ་དེའི་སྦྱོར་བ་ནི་སྦྱོར་བའོ། །དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་ནི
་རྡོ་རྗེ་སེམས་དཔའ་སྟེ། དེ་དགའ་བའི་དམ་ཚིག་ནི་ཐུགས་བདེ་བ་བསྐྱེད་པའི་རྒྱུའོ། །རྣལ་འབྱོར་ཐམས་ཅད་བསྐྱེད་པའི་ཉིད་ཀྱི་ཕྱིར་རྣལ་འབྱོར་ཐམས་ཅད་དོ། །བཅུད་ཀྱི་ལེན་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་བླ་ན་མེད་པའི་བཅུད་ཀྱི་ལེན་ཏེ། གང
་གི་ཕྱིར་དེ་ཐོབ་ནས་རྣལ་འབྱོར་པ་ནི་ཐོག་མ་དང་ཐ་མ་མེད་པར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཟིལ་གྱིས་མནན་ནས་མཛེས་པས་ན་མཆོག་གི་དངོས་གྲུབ་ཀྱི་རྒྱལ་པོའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས
་པ་དཔལ་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་འདི་ཡིན་ནོ། །མཆོག་ནི་དམ་པའོ། །རྡོ་རྗེ་སེམས་དཔའ་ཨི་སྐུ་ཚེ་ནི་སྲོག་གོ་།ན་ཚོད་གཞོན་པ་ནི་དེ་ཉིད་ཀྱིའོ། །ནད་མེད་པ་ནི་གོ་སླའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ཅུ་ནི་གཟུགས་སོ
་ཁ་དོག་ནི་མདངས་སོ། །གཟི་བརྗིད་ནི་འོད་ཟེར་རོ། །མཐུ་ནི་ནུས་པའོ། །སྟོབས་ནི་སྐུ་དང་ཡེ་ཤེས་ཀྱི་སྟོབས་སོ། །སྤྲོ་བ་ནི་བརྩོན་འགྲུས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པ་ནི་མཆོག་གི་དངོས་གྲུབ་ཆེན་པོ་ཐམས་ཅད་དོ། །རྡོ་རྗེ་ལྟ
་མོའི་ཚོགས་ཀྱི་ཕུན་སུམ་ཚོགས་པ་ནི་དཔལ་ལོ། །བསྐལ་པ་བཟང་པོ་ནི་གོ་སླའོ། །ཀཱི་ལི་ཀཱི་ལའི་རང་བཞིན་ཅན་ནི་དགའ་བ་ཆེན་པོ་དང། ཤིན་ཏུ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་དོ། །འདི་རྣམས་ལ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་ཤིན་ཏུ་རྣལ
་འབྱོར་གྱི་མཚན་ཉིད་ཅན་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ཇི་སྲིད་ཀྱི་སྒྲས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་གཟུང་བར་བྱའོ། །མ་ལུས་ཤིང་ལུས་པ་མེད་པའི་སྒྲ་ནི་བཤད་ཟིན་ཏོ། །མ་ལུས་པ་ནི་ལུས་པ་མེད་པས་ཏེ། །མཆོག
་གི་དངོས་གྲུབ་ཆེན་པོ་ཐམས་ཅད་ནི་སངས་རྒྱས་ཉིད་དོ། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་པའོ། །དེ་ལས་དབང་ཕྱུག་ཆེན་པོ་ཉིད་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའོ། །དེས་བདག་པོ་ཉིད་ནི་གཙོ་བོ་ཉིད་དོ། །དེ་རིགས་ཐམས་ཅད
་ལ་གསུངས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཆོགས་གང་གི་ཐོག་མར་ཡོད་པ་གང་ཡིན་པ་དེ་གྲུབ་པ་ནི་རྫོགས་པའི་རྒྱུད་ཉིད་དུ་གྲུབ་པའོ། །རྒྱུ་གང་གི་ཕྱིར་ཞེ་ན། རབ་ཏུ་གྲུབ་པར་འགྱུར་ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ
་སོགས་པ་དང་བཅས་པའི་རྣལ་འབྱོར་འདིས་གང་གིས་ཕྱིར་ཕྱག་རྒྱ་བཏབ་པ་ཙམ་གྱིས་སྐད་ཅིག་མས་གྲུབ་པར་འགྱུར་རོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་རྒྱུ་གང་གི་ཕྱིར་ཞེས་བྱ་བ་ལ། རྒྱུ་གང་གི་ཕྱིར་རྣལ་འབྱོར་དང
་རྗེས་སུ་རྣལ་འབྱོར་དང། ཐམས་ཅད་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་དང། ཤིན་ཏུ་རྣལ་འབྱོར་ཕྱག་རྒྱ་དང་བཅས་པ་རྣམས་ཀྱིས་རྣལ་འབྱོར་པ་རྣམས་དེ་བཞིན་གཤེགས་པར་འགྱུར་ཞེས་བྱ་བའི་ཕྱོགས་སྔ་མ་འདི་ཡོད་པས་འདི་ལྟ་སྟེ་ཞེས་བྱ་བ
་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་བཅིངས་པའི་མི་གནས་པའི་མྱ་ངན་ལས་འདས་པའི་སྲིད་པའི་རང་བཞིན་དང་སྤྲུལ་པའི་སྐུའི་གཟུགས་ཀྱིས་སངས་རྒྱས་རྣམས་ཀྱིས་སྤྱོད་པས་ཏེ།
་དེའི་ཕྱིར་རེ་ཞིག་ཕྱག་རྒྱས་ཁས་བླང་བར་བྱའོ། །གཟུགས་བརྙན་དང་མཚུངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐུགས་ཀྱི་རྡོ་རྗེ་ལ་ལྷག་པར་མོས་ནས་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་བཅིངས་ན། ཕྱག་རྒྱ་ཆེན་པོ་ལ་སོགས
་པའི་རང་བཞིན་ཅན་དུ་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །དེའི་ཕྱིར་ན་ཕྱག་རྒྱ་ནི་རྣལ་འབྱོར་ལ་རྟག་ཏུ་འབྲས་བུའི་ཚུལ་གྱིས་རབ་ཏུ་གནས་པ་ཡིན་ཏེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང། ཐམས་ཅད་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དང།
་རྣལ་འབྱོར་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་བསྐྱེད་པའི་རྒྱུར་གྱུར་པ་ཁས་བླང་བར་བྱའོ། །རྣལ་འབྱོར་གྱི་ཕྱག་རྒྱ་འགྲུབ་པར་འགྱུར་ན། རྣལ་འབྱོར་གང་གིས་འགྲུབ་པར་འགྱུར་ཞེ་ན། རྣལ་འབྱོར་ཁྱད་པར་ཅན་གྱིས་བསྒྲུབ་པར་བྱ་ཞེས་བྱ་བའོ། །གང་གི་རྣལ་འབྱོར
་སྒྲུབ་པར་བྱེད་པའི་ཁྱད་པར་དེ་གང་ཡིན་ཞེ་ན། རྣལ་འབྱོར་དམ་ཚིག་གིས་སྒྲུབ་བྱེད་ཅེས་བྱ་བ་ལ། དམ་ཚིག་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམ་པ་བཞི་སྟེ། དེ་ཉིད་བསྒྲུབ་པ་ནི་གྲུབ་པའི་རྒྱུད་གང་ལ་ཡོད་པ་དེ་ནི་དམ་ཚིག་གིས་སྒྲུབ་པར་བྱེད་པས་ཏེ། ཕྱག་རྒྱ
་རྣམས་ཁོ་ན་རྣལ་འབྱོར་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་རྣལ་འབྱོར་གྱི་ཕྱག་རྒྱ་གྲུབ་པར་འགྱུར་བ་དང། གཟུགས་མི་མཐུན་པའི་ཕྱག་རྒྱས་ཀྱང་རྣལ་འབྱོར་འགྲུབ་པར་འགྱུར་ཞེ་ན། སེམས་ཞེས་བྱ་བ་ལ་སོགས་པ་ལ
་ཇི་ལྟར་སེམས་ནི་རྣམ་པར་ཤེས་པའི་སྒྱུ་མ་ལྟ་བུ་དོན་དམ་སྟོང་པས་ཏེ། དེ་མ་གྲུབ་པ་ནི་སྐྱེ་བ་མེད་པའོ། །ལུས་དང་བྲལ་བ་ནི་རང་རིག་པ་ཙམ་མོ། །ལུས་ཀྱང་དོན་དམ་པར་རང་རིག་པ་དང་བྲལ་བས་ཏེ། རང་རིག་པ་དང་ལུས་རང་གི་རང་བཞིན་དུ་མཐར་ཐུག
་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ལུས་དེ་རྩིག་པ་དང་འདྲ་བའོ། །དེ་གལ་ཏེ་རྩིག?་པ་དང་འདྲ་བར་བྱ་བ་མེད་ཅིང་སེམས་དང་བྲལ་བ་ཡིན་ན་ཡང་ཇི་ལྟར་མེད་ན་མི་འབྱུང་བ་དེ་བཞིན་དུ་ཕྱག་རྒྱ་དང་རྣལ་འབྱོར་དག་ཕན་ཚུན་ཐ་དད་པའི་རང་བཞིན་མིན་ན་ཡང་འདས
་མཐག་ཏུ་བཤད་བའི་མ་བརྟགས་ན་ཉམས་དགའ་བའི་མེད་ན་མི་འབྱུང་བའི་ཆོ་ག་འདིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བརྗོད་པ་ནི་གསུངས་པ་ཡིན་ནོ། །ཇི་ལྟར་བརྗོད་ཅེ་ན། ?་།ཇི་ལྟར་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ
་གསུངས་ཏེ། འདས་མ་ཐག་ཏུ་བཤད་པའི་རིགས་པས། ལུས་སེམས་ཀྱིས་འགྲུབ་པར་འགྱུར་བ་དང། སེམས་ཀྱང་ལུས་ཁོ་ནས་འགྲུབ་པར་འགྱུར་བ་དེ་བཞིན་དུ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་རྣམས་བདག་ཉིད་ཀྱི་རྣལ་འབྱོར་ནི་རང་གི་ཕྱག
་རྒྱའི་ལྷའི་ལྷག་པར་མོས་པས་གྲུབ་པ་དང། རྣལ་འབྱོར་ལ་ལྷག་པར་མོས་པ་ཡང་ཇི་ལྟ་བ་བཞིན་དུ་བཤད་པ་རྣམ་པ་བཞིའི་རང་བཞིན་ཏེ། དེ་ཡང་དམ་ཚིག་སྒྲུབ་པ་ཡིས་ཞེས་བྱ་བ་ནི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང
་བཞིན་ཅན་གྱི་སྒྲུབ་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །དམ་ཚིག་དང་རྣལ་འབྱོར་དེ་དག་གིས་རྣལ་འབྱོར་པ་རྣམས་ལ་ཅིར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྒྲུབ་པ་པོ་ལ་རྣལ་འབྱོར་གྱིས་ཕྱག་རྒྱ་བསྐྱེད་པར་འགྱུར་བ་དང
་ཕྱག་རྒྱས་ཀྱང་རྣལ་འབྱོར་སྐྱེ་བར་འགྱུར་ཏེ། ཕན་ཚུན་དུ་སྒྲུབ་པའི་ཕྱིར་རོ། །དེ་བས་ན་བྱེད་པར་འགྱུར་བའི་དམ་ཚིག་དང། རྣལ་འབྱོར་དག་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་བདག་མེད་པའི་རྣལ་འབྱོར་པ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །
་དེ་ཡང་ན་དོན་དམ་པར་མེད་པའི་རང་བཞིན་ཅན་རྟག་པའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་སོ་ཞེས་བྱ་བའོ། །ད་ནི་ཕྱག་རྒྱ་དང་རྣལ་འབྱོར་དག་གི་རྗེས་སུ་བསྟན་པ་བསྒྲུབ་པའི་ཕྱིར་དེ་ལ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང།
་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་སྐུ་ཐམས་ཅད་དུ་བསྟན་པ་ཡིན་པའི་ཕྱིར་ཕྱག་རྒྱ་སྟེ། ཕྱག་རྒྱ་རྣམ་པ་བཞི་པོར་བརྗོད་པ་ཡིན་ནོ། ནིའི་སྒྲ་ནི་ངེས་པར་གཟུང་བ་ལའོ། །སྐུ་དེ་ཡང་བདེ་བ་རྣམས་ཀྱིས་བརྟན་པར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ
་དང་ལྡན་པའི་རྣལ་འབྱོར་པ་སེམས་གཡེང་བར་འགྱུར་ཞིང། གཡོ་བར་འགྱུར་རོ། །ཡང་ན་འཁོར་པས་ཅི་ཞིག་བྱ་ཞེས་བྱ་བའི་སྡུག་བསྔལ་གྱིས་ཟིལ་གྱིས་གནན་པས་བདག་ཉིད་གསོད་པར་བྱེད་པའོ། །དེ་ནི་རྣལ་འབྱོར་སེམས་ལས་བྱུང་ཞེས་བྱས་ལ།
་སྐུ་བརྟན་པར་གྱུར་པ་གང་ཡིན་པ་དེ་ནི་རྣལ་འབྱོར་སེམས་ལས་བྱུང་བས་ཏེ། རྣལ་འབྱོར་གྱི་རྗེས་སུ་རྣལ་འབྱོར་ལས་བྱུང་བའོ། །དེ་ཡང་རྣལ་འབྱོར་པའི་ཡིད་དགའ་བ་རྣམས་ཀྱིས་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་མི་དགའ་བ་ཞེས་བྱ་བ་ལ་གང
་གི་ཕྱིར་ཡིད་དགའ་བ་རྣམས་ཀྱིས་སེམས་གཡོ་ཞིང་རྣལ་འབྱོར་པ་གཡེང་བ་ཐོབ་པའི་ཕྱིར་རོ། །ཡང་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི་མངོན་དུ་བྱེད་པ་ཡིན་ནོ། །དེ་བས་ན་ཉེས་པ་འདིར་མི་འགྱུར་བའི
་ཕྱིར་འབད་པ་ཐམས་ཅད་དེ། བརྩོན་འགྲུས་ཀྱིས་ཕྱག་རྒྱ་དང། རྣལ་འབྱོར་དག་རྗེས་སུ་སྒྲུབ་པ་ཡོངས་སུ་རྫོགས་པར་བྱེད་པའི་རྣལ་འབྱོར་བས། དཀའ་ཐུབ་མེད་ཅིང་ངེས་པ་མེད། །བདེ་དང་དགའ་བས་བསྒྲུབ་པར་བྱ་ཞེས་བྱ་བ་ནི། དེ་ལ་བྱ་བའི་རྒྱུད་ལས་གསུངས་པའི་སྐྱིལ་མོ
་ཀྲུང་གིས་ངེས་པ་ནི་དཀའ་ཐུབ་པོ། །བྱ་བའི་རྒྱུད་ཁོ་ནར་གསུངས་པའི་ལོ་མ་དང་ལྕི་བ་ལས་བྱུང་བའི་ནད་དང། སློངས་མོ་ཟ་བ་ལ་སོགས་པའི་ངེས་པར་རང་བཞིན་ཅན་ནི་ངེས་པ་རྣམས་སོ། །ཤིན་ཏུ་རྣལ་འབྱོར་གྱི་ངེས་པ་ནི་བདེ་བའོ། །དེ་ལས་བྱུང་བ་ནི་ཡིད་བདེ
་བ་?་སྤུ་ལྡང་བ་ལ་སོགས་པ་ནི་དགའ་བའོ། །དེ་ལས་བསྒྲུབ་པར་བྱ་བའོ་ཞེས་བྱ་བ་གང་གསུངས་པའི་བདེ་བ་དེ་གང་ཡིན་པ་མི་ཤེས་པས་དེ་བསྟན་པར་བྱ་བའི་ཕྱིར། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང
་བཤད་ཟིན་ཏོ། །འདོད་པ་ཀུན་ལ་ལོངས་སྤྱོད་པ་ནི་ཕྱི་རོལ་ཡང་ཡོད་པར་རྟོག་པ་དེ་བསལ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི
་ཐེག་པ་ཆེན་པོ་འང་དམ་ཚིག་ཆེན་པོའི་རྣལ་འབྱོར་ནི་བཤད་ཟིན་ཏོ། །ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པའི་རང་བཞིན་ཅན་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཏེ། དེ་ཉིད་མཆོག་ཏུ་བདེ་བ་ཞེས་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ་ཤིན་ཏུ
་རྣལ་འབྱོར་གྱིས་བསྒོམ་པའི་རང་བཞིན་ཅན་རྡོ་རྗེ་སེམས་དཔའ་ནི་འདིར་འདོད་པ་ཀུན་གྱི་ལོངས་སྤྱོད་པ་ལ་བརྟེན་པའོ། །དེ་ཉིད་བདེ་བ་སྟེ། དེས་ཕྱག་རྒྱ་དང་རྣལ་འབྱོར་དག་སྒྲུབ་པ་པོའི་རྒྱུད་ལ་རྫོགས་པར་འགྱུར་གྱི་ཕྱིའི་ཡུལ་གྱི་བདེ་བས་ནི་མ་ཡིན
་ཏེ། དེ་རྣམ་པར་གཡེང་བའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཤིན་ཏུ་རྣལ་འབྱོར་བསྒོམ་པའི་མཚན་ཉིད་ཅན་གྱི་བདེ་བ་ཕྱག་རྒྱ་དང་རྣལ་འབྱོར་དག་གིས་རྗེས་སུ་སྒྲུབ་པ་བསྟན་ནས། ད་ནི་ཤིན་ཏུ་རྣལ་འབྱོར་ཁོ་ན་ལས་བྱུང་པོའི་དགའ་
་བ་དང་ཡིད་བདེ་བདེ་དག་ཉིད་རྗེས་སུ་སྒྲུབ་པ་བསྟན་པའི་ཕྱིར། དེ་ལ་དགའ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་དམ་ཚིག་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་སོ། །རྣལ་འབྱོར་ནི་ཇི་ལྟ་བ་བཞིན་ཏུ་བཤད་པའི་རྣམ་པ་བཞི་འདི་དག་རྗེས་སུ་སྒྲུབ
་པ་ནི་རྫོགས་པའི་རྒྱུའོ། །དཀའ་ཐུབ་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་པའི་སེམས་གཡེང་བར་འགྱུར་བ་དང། ཇི་ལྟ་བ་བཞིན་དུ་བཤད་པའི་རྣལ་འབྱོར་ལ་སྦྱོར་བར་མི་འགྱུར་བ་ནི་མཉམ་པར་བཞག་པར་མི་འགྱུར་པའོ། །དེའི་ཕྱིར་སྐྱིལ་མོ་ཀྲུང་ལ
་སོགས་པ་དང་བྲལ་བས་ཕྱག་རྒྱ་བཅིངས་ཏེ། བདག་ལ་བྱིན་གྱིས་བརླབས་པ་བྱས་ནས། དེའི་འོག་ཏུ་ཅི་འདོད་པའི་ལས་དང་ལྡན་པ་དང་ཀུན་ཟ་བ་ནི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་ཟས་ཟ་བ་སྟེ། ཁ་ན་མ་ཐོབ་དང་བཅས་པའི་ཉན་ཐོས་ལ་སོགས་པ་ནི་བཟའ་བ
་མ་ཡིན་པས་ཏེ། ངེས་པར་གཟུང་བ་རྣམས་དེ་དག་སོ་སོར་བཀག་པའི་ཕྱིར་རོ། །གསང་བ་སྲ་ཞིང་མཐོ་བའི་ཐུན་མོང་གི་ཏིང་ངེ་འཛིན་གྱི་ལེའུ་ལས་གསུངས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒོམ་བྱ་བྱེད་པས་ན་ཀུན་བྱེད་པའོ། །ཅི་འདོད་བྱ
་པ་ལ་སྤྱོད་པ་ཞེས་བྱ་བ་འདིའི་རྒྱས་པར་བཤད་པ་ནི་འདོད་པར་ནི་སྤྱོད་པའོ། །ཞེས་བྱ་བའོ། །དེ་དག་གི་ཕྱིར་སྤྱོད་པ་ནི་སྤྱོད་ལམ་དུ་བརྗོད་པའི་ཕྱིར། །སླར་ཡང་སྤྱོད་པ་དེ་ཉིད་རྣམ་པར་བཤད་པར་བྱ་བའི་ཕྱིར་ལྡང་བ་འམ་ཞེས་བྱ་བ་ལ་སོགས་པ
་གསུངས་ཏེ། གང་དང་དེར་ཞེས་བྱ་བས་གནས་ཀྱི་ངེས་པ་མེད་པ་བསྟན་ཏོ། །སྤྱོད་ལམ་གང་དང་གང་གིས་བསྒོམ་པར་བྱེད་པ་འདོད་པ་དེ་དང་དེས་བྱ་བ་ཡིན་པས་ན་ཇི་བཞིན་དེའོ། །ཐམས་ཅད་བདག་ཉིད་སྒྲུབ་པར་བྱེད་ཅེས་བྱ་བ་ནི། བརྟན་པ
་དང་གཡོ་བའི་དངོས་པོ་ཐམས་ཅད་དོ། །དལ་ལྡན་སྡུག་བསྔ་ཀུན་འཕྲོག་པའི། །རྣལ་འབྱོར་འདི་ཞེས་?་བྱ་བ་འདི་ཤིན་ཏུ་རྣལ་ཏུ་རྣལ་འབྱོར་འདི་སྡུག་བསྔལ་ལ་སོགས་དང་བྲལ་བས་ཏེ། ཤིན་ཏུ་རྣལ་འབྱོར་ལས་བྱུང་བའི་ཡིད་བདེ་བ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི
་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདི་ཉིད་འདིར་མཆོག་ཏུ་ཡིད་བདེ་བའི་ཡིན་ཏེ། ཤིན་ཏུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཞེས་བྱ་བར་བརྗོད་དོ། །ཕྱིའི་བུད་མེད་ལ་སོགས་པ་བསྟེན་པ་ལས་བྱུང་བའི་བདེ་བ་ནི་མ་ཡིན་ཏེ། ཤིན་ཏུ་གཡེང་བའི་རང
་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་དང་རྣལ་འབྱོར་དག་གིས་རྗེས་སུ་སྒྲུབ་པ་བསྟན་ནས་ད་ནི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་ཙམ་འཆིང་བ་ཇི་ལྟར་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་རྣལ་འབྱོར་ཐམས་ཅད་བཅིངས་པ་ཇི་ལྟར་ཡིན་ན་ཞེས
་བྱ་བ་གསུངས་ཏེ། རྣལ་འབྱོར་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། རྣལ་འབྱོར་ཐམས་ཅད་དེ། ཇི་ལྟ་བ་བཞིན་དུ་བཤད་པའི་རིགས་ཀྱི་རྣལ་འབྱོར་རོ། །དེ་སྒྲུབ་པ་པོས་ཇི་ལྟར་བཅིང་བར་བྱ་ཞེས་བྱ་བའི་དོན་བསྟན་ཏོ། །ཐམས་ཅད་བྱེད
་ཅིང་ཞེས་བྱ་བ་ལ་ཤིན་ཏུ་མཉམ་པར་བཞག་པའི་རྣལ་འབྱོར་གྱི་གནས་སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་ཐམས་ཅད་བྱེད་པ་དང། མཉམ་པར་བཞག་པའི་རྣལ་འབྱོར་གྱི་གནས་སྐབས་ཁྲུས་ལ་སོགས་པ་ལྷ་ཐམས་ཅད་ཀྱི་བྱ་བ་དང
་རང་གི་ལྷའི་སྙིང་པོ་དང། དེ་དང་རྗེས་སུ་མཐུན་པའི་བརྗོད་པའི་གླུ་བླབས་པ་སྟེ། ཉམ་པར་མ་བཞག་པའི་རྣལ་འབྱོར་གྱི་གནས་སྐབས་ཁོ་ནར་གཞན་གང་གང་རུང་བརྗོད་པའོ། །ཤིན་ཏུ་མཉམ་པར་བཞག་པ་དང། ཤིན་ཏུ་མཉམ་པར་མ་བཞག་པའི
་གནས་སྐབས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསམ་པའོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པར་བྱེད་པའི་རྣམ་པ་དང་ངེས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པར་བྱེད་བའོ། །ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ། ཡེ
་ཤེས་པ་དང་བྲལ་བའི་རང་གི་ལྷའི་རྣམ་པ་ནང་གི་རྒྱུད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དམིགས་པ་གཅིག་པའི་རང་བཞིན་ཅན་ནི་ཤེ་ཤེས་ཙམ་ལ་སྙོམས་པར་ཞུགས་པའོ། །དེ་ལ་སྙོམས་པར་འཇུག་པའི་རྣལ་འབྱོར
་ཡང་ཡང་མངོན་དུ་བྱ་བའོ། །རང་བཞིན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་རྣམས། །ཉོན་མོངས་པ་ཅན་གྱི་ཡིད་དང། ཡིད་ཀྱི་རྣམ་པར་ཤེས་པ་དང། མིག་དང་རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་རྣམ་པར་ཤེས་པ་རྣམས་སོ། །རང་བཞིན
་འདིས་ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པས་རྣལ་འབྱོར་པས་སྙོམས་པར་ཞུགས་པར་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། རང་གི་སྙིང་གར་གནས་པའི་སེམས་དཔའ་ཨི་རྡོ་རྗེ་ལ་རང་གི་ལྷའི་སྙིང་པོ་རྣམ་པར་བསམས་ནས་དེ་ཉིད
་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱ་སྟེ། དེའི་རྗེས་ལ་དེ་ཉིད་དབྱངས་བཅུ་དྲུག་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་སྟེ། སླར་ཡང་དེའི་སྟེང་དུ་ཡི་གེ་ཀ་ལ་སོགས་པ་དང་ལྡན་པའི་རང་གི་ལྷའི
་སྙིང་པོ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པའོ། དེ་ལས་སླར་ཡང་རང་གི་ལྷའི་སྙིང་པོ་དང་བཅས་པའི་དང་པོའི་རྡོ་རྗེ་རྩེ་ལྔ་པ་དེའི་དབུས་སུ་རང་གི་ལྷའི་སྙིང་པོ་དེ་བཞིན་དུ་བསམས་ལ་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱའོ། །བྱག་རྒྱའི་ངོ་བོ
་དེ་ཡང་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱར་བས་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །གཞན་དག་གི་རྣལ་འབྱོར་པས་ནི་སྔར་བཤད་པའི་ཚུལ་གྱིས་རང་གི་ལྷའི་གཟུགས་སུ་བསྒོམ་པར་བྱ་སྟེ།
་དེ་ལྟ། རང་གི་རང་བཞིན་སོ་སོར་རྟོགས་པས་རང་བཞིན་གྱི་ཡེ་ཤེས་ཙམ་གྱིས་ཤེས་ཙམ་གྱིས་?་པ་འཇུག་པ་ལ་སོགས་པར་ཞུགས་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་ཙམ་བཅིང་བ་བསྟན་ནས། ད་ནི་རྗེས་སུ་རྣལ་འབྱོར་བཅིང་བ་དང་དེའི་རང་བཞིན་རྒྱས་པར
་བཤད་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་རྣལ་འབྱོར་ཐམས་ཅད་བཅིང་བ་དང་ལུང་བསྟན་པ་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱང་ཡིན་ལ་རྣལ་འབྱོར་ཡང་ཡིན་པས་ན། ཐམས་ཅད་རྣལ་འབྱོར་ཏེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་རྗེས་སུ་རྣལ་འབྱོར་རོ།།
་དེའི་བཅིང་བ་ནི་སྒྲུབ་པ་པོས་ཇི་ལྟར་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་རང་བཞིན་བསྟན་པ་ནི་ལུང་བསྟན་པ་ཡང་ངོ། །ཇི་ལྟ་བ་བཞིན་དུ་བཤད་པའི་རྗེས་སུ་རྣལ་འབྱོར་ནི་རང་གི་ལྷའི་སྦྱོར་བའོ། །རང་གི་ལྷའི་སྦྱོར་བ་དེ་ལས་དངོས་གྲུབ་ཐམས་ཅད་རབ
་སྦྱོར་བས་ཞེས་བྱ་བ་ལ། དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ་ཕྱག་ཆེན་པོ་ལ་སོགས་པའི་རང་བཞིན་སྣ་ཚོགས་པའི་རྣམ་པ་ཅན་ནོ། །དེ་རྣམས་རབ་ཏུ་སྦྱོར་བ་ནི་རང་གི་བསྒྲུབ་པའི་ཆོ་གའོ། །དངོས་གྲུབ་ཐམས་ཅད
་རབ་རུ་སྦྱོར་བའི་རྒྱུ་དེ་ལས། ཡེ་ཤེས་ཙམ་ལས་རབ་སྦྱོར་བས་ཞེས་བྱ་བ་ནི་རང་གི་ལྷའི་སྒོམ་པས་ཏེ། རྗེས་སུ་རྣལ་འབྱོར་ག་ཡིས་བསྒོམ་པ་འདིར་རྣལ་འབྱོར་ཞེས་བྱ་བ་བརྗོད་པ་ནི་རྒྱས་པར་བཤད་ཅིང་བསྟན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །རྗེས་སུ་རྣལ
་འབྱོར་འདི་ཐམས་ཅད་དགུག་པ་ལ་སོགས་པའི་ཆོག་ནི་སྔར་བཤད་པ་ཡིན་ཏེ། སླར་ཡང་བཤད་པར་མི་བྱའོ། །དེ་ལྟར་རྗེས་སུ་རྣལ་འབྱོར་བཅིང་བ་དང། ལུང་བསྟན་པ་བསྟན་ནས་དེ་ནི་ཐམས་ཅད་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་དེས
་ཤིན་ཏུ་རྣལ་འབྱོར་རྣམས་ཀྱིས་བཅིང་བ་དང། ལུང་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས་ཞེས་བྱ་བ་ལས། རྡོ་རྗེ་སེམས་དཔའ་བདག་ཉིད་སྦྱོར་བས་ན་རྡོ་རྗེ་སེམས་དཔལ་བདག་ཉིད་སྦྱོར
་བས་ཏེ། འདོད་པའི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བའི་ཐམས་ཅད་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་དང། ཤིན་ཏུ་རྣལ་འབྱོར་རོ། །རྡོ་རྗེ་སེམས་དཔའ་བདག་ཉིད་སྦྱོར་བ་དེ་ལས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་དང། རང་གི
་རིགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་གི་ཕྱི་ནས་སྦྱོར་བ་ནི་མཆོད་པ་ཀུན་གྱི་རྗེས་སུ་སྦྱོར་བའོ། །རྗེས་སུ་སྦྱོར་བ་དེ་རྣལ་འབྱོར་ཐམས་ཅད་རབ་འབྱོར་བ་ནི་ཐམས་ཅད་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་རྣམས
་བསྒོམས་པ་གང་ཡིན་པ་དེ་ནི་སྐབས་འདིར་རྣལ་འབྱོར་ཞེས་བྱ་བར་བརྗོད་པ་ཡིན་ནོ། །འདི་རྣམས་ཀྱི་ཆོ་ག་རྒྱས་པར་སྔར་བཤད་པ་ཡིན་ཏེ། དེ་ཉིད་ལས་རྟོགས་པར་བྱའོ། །ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་འདི་ཡང་ཐམས་ཅད་ལ་སྦྱིན་པར་མི
་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ལ་འདི་ལྟར་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་རམ། རྗེས་སུ་རྣལ་འབྱོར་རམ། ཀུན་གྱི་ཐུན་མོང་ཐམས་ཅད་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་ནི་ཤིན་ཏུ་གསང་བ
་ལས་ཀྱང་མཆོག་ཡིན་པས་ན་དེའི་ཕྱིར་སོ་སོའི་སྐྱེ་བོ་ལ་བསྟན་པར་མི་བྱའོ། །ནིའི་སྒྲ་ནི་ངེས་པར་བཟུང་བས་ཏེ། སོ་སོའི་སྐྱེ་པོ་པ་བཤད་པར་མི་བྱ་བ་དེ་ཁོ་ནའོ། །དེ་ལ་དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་རྣམས་མི་ཤེས་ཤིང། ལྷག་པར་མི་མོས་པ
་ནི་འདིར་སོ་སོའི་སྐྱེ་བོར་མངོན་པར་འདོད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སློབ་དཔོན་སློབ་མ་མཆོག་།དེ་ཉིད་དང་པའི་རྗེས་འབྲངས་ལ། །ཐམས་ཅད་རྣལ་འབྱོར་ཆོ་ག་སྦྱོར། །གཞན་རྣམས་ལ་ནི་རིམ་གྱིས་སོ་ཞེས་བྱ་བ་ལ། རྡོ་རྗེ་སློབ་དཔོན་དང་སློབ
་མ་མཆོག་ནི། རྡོ་རྗེ་སློབ་དཔོན་དང་སློབ་མ་མཆོག་ཏེ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་ནི་རྡོ་རྗེ་སློབ་དཔོན་རྣམས་སོ། །རྒྱལ་བུ་རྒྱལ་ཚབ་གཞོན་ནུ་མིང་ཅན་གྱི་ཕྱིར་སྒྲུབ་པར་བྱེད་པ་ནི་སློབ་མ་མཆོག་གོ་།རྡོ་རྗེ་སློབ་དཔོན་དང
་སློབ་མ་མཆོག་དེ་རྣམས་ལ་ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་སྦྱར་བར་བྱའོ། །ཇི་ལྟ་བ་བཞིན་དུ་བཤད་པའི་སྐུ་གསུང་ཐུགས་ཀྱི་གསང་བ་རྡོ་རྗེ་དང། དྲིལ་བུ་དང། དམ་ཚིག་གི་མིང་དང་ལྡན་པ་རྣམས་ནི་དེ་ཁོ་ན་ཉིད་དོ། །དང་པས་དེའི་རྗེས་སུ
་འབྲང་པ་ནི་སྔོན་དུ་བྱེད་པའི་ལྷག་པར་མོས་པས་ན་དེ་ཉིད་དད་པའི་རྗེས་སུ་འབྲང་བས་ཏེ། དེ་ཉིད་དད་པའི་རྗེས་སུ་འབྲང་པ་དེ་རྣམས་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་སྦྱར་བར་བྱ་བ་ནི་སྒོམ་པར་བྱ་བའི་ཕྱིར་བསྟན་པར་བྱའོ། །གཞན་རྣམས
་ནི་བྱང་ཆུབ་སེམས་དཔའ་ཨི་མིང་དང་ལྡན་པ་མཆོག་དང་འབྲིང་དང་ཐ་མའི་སློབ་མ་རྣམས་ལ་དེ་ཁོ་ན་ཉིད་ལ་དད་པའི་སྟོབས་དང། ཐོས་པའི་སྟོབས་ཤེས་ནས་རིམ་གྱིས་སྦྱིན་པར་བྱ་སྟེ། ཅིག་ཅང་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཐམས་ཅད་རྣལ་འབྱོར་གྱི་ཆོ་ག
་འདི་དེ་ལྟར་སྦྱོར་ན་ཅིར་འགྱུར་ཞེ་ན། འདི་ལ་སྒྲུབ་མིན་ཅུང་ཟད་མེད་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་ཐམས་ཅད་རྣལ་འབྱོར་གྱི་ཆོ་ག་འདི་ཚུལ་འདིས་རབ་ཏུ་སྦྱར་ན་བསྒྲུབ་པར་བྱ་བ་མ་ཡིན་པ་གང་ལ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཚུལ་ཉིད་ཀྱིས
་འདི་རབ་ཏུ་སྦྱོར་བར་བྱ་བ་ཡིན་ཏེ། གཞན་དུ་དམ་ཚིག་ཉམས་པས་དངོས་གྲུབ་ཉམས་པས་འགྱུར་བ་ཡིན་ནོ། །ཞེས་བྱ་བའོ། །དངོས་གྲུབ་ལས་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་རྣལ་འབྱོར་གྱི་མཚན་ཉིད་བསྟན་ནས། ད་ནི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན
་པར་བྱ་བའི་ཕྱིར་དེ་ནས་རྟོག་པ་ཐམས་ཅད་དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཀྱི་ལྷ་ཐམས་ཅད་ནི་རྟོག་པ་ཐམས་ཅད་ཏེ། དེ་རྣམས་ཀྱི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ་ཞེས་བྱ་བ
་དང་སྦྱར་རོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེས་བྱ་བ་ནི་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་ནོ། །འདི་ཉིད་ཀྱིས་ན་ཐོག་པ་མེད་པའོ། །ཕུལ
་དུ་བྱུང་བས་ན་མཆོག་གོ་།དངོས་གྲུབ་མ་ཡིན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལ་བཀླགས་སྐབས་སྟེར་བ་དང་གྲལ་བས་ན་མཁས་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་མཐོང་བར་དཀའ་བས་ནི་ཕྲ་བའོ། །ནམ་མཁའ་
་ཐམས་ཅད་ཁྱབ་པས་ན་རྒྱ་ཆེ་བའོ། །རྒྱ་མཚོ་ཆེན་པོ་བཞིན་དུ་ཐ་མལ་པའི་ཤེས་པས་རྟོགས་པར་མི་ནུས་པའི་ཕྱིར་ན་ཟབ་པའོ། །རང་རིག་པའི་རང་བཞིན་གྱིས་བསམ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པའོ། །ནམ་མཁའ་ཐམས
་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱིས་ཐམས་ཅད་དུ་འགྲོ་བས་ན་ཤིན་ཏུ་མེད་མེད་པའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་དང། བར་མ་དང། ཐ་མའི་དངོས་གྲུབ་ཐམས
་ཅད་ཁྱད་པར་དུ་སྒྲུབ་པར་བྱེད་པས་ན། མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །དོན་ཡོད་པ་ཡང་དེ་ཡིན་ལ་ཐོགས་པ་མེད་ཅིང་མཆོག་ཏུ་མཁས་པ་དང། ཕྲ
་བ་དང། རྒྱ་ཆེ་བ་དང། ཟབ་པ་དང། བསམ་གྱིས་མི་ཁྱབ་པ་དང། ཤིན་ཏུ་ཚད་མེད་པ་དང། མ་ལུས་ཤིང་ལུས་པ་མེད་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་ཡང་དེ་ཉིད་ཡིན་པས
་ན། དོན་ཡོད་ཅིང་ཐོགས་པ་མེད་པ་ལ་སོགས་པ་དེ་ཡིན་ནོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ཐོག་མ་དང་ཐ་མ་མེད་པའི་རིགས་ཐམས་ཅད་རྫོགས་པར་བྱེད་པའི་རྒྱུ་ཡིན་པས་ན་མཆོག་ཏུ་གྲུབ་པའོ། །དེ་ལྟ་བུར་གྱུར་པའི་ཕྱག་རྒྱ
་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་རྒྱུ་ནི་རྒྱུན་ཏེ། བཤད་པར་བྱ་བ་ནི་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས
་པ་ལ་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཕྱག་རྒྱས་ཐམས་ཅད་དེ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་སོ། །དེ་དག་མཁྱེན་པའི་ངེས་པས་ཏེ། དེས་རྡོ་རྗེ་ལྟར་བརྟན་པ་ནི་མི་ཕྱེད་པའི་སེམས་དེ་ཐུགས
་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་འཆང་བའི་རྡོ་རྗེ་སེམས་དཔའ་ཨོ། །གཡོན་པའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་སྔ་མ་བཞིན་དུ་དམ་ཚིག་སེམས་དཔའ་བྱིན་གྱིས་བརླབ་པ་ལ་སོགས་པ་མཐར་ཐུག་པ་ཅན་གྱི
་རང་གི་ཆོ་ག་རྗེས་སུ་སྦྱད་ནས། རྐང་པ་གཡོན་པའི་རྡོ་རྗེའི་ཁྱེད་སྟན་གྱི་ཚུལ་དུ་བཞག་ནས་དེའི་སྟེང་དུ་རྐང་པ་གཡས་པ་གྱེན་དུ་ཁ་ལྟ་བར་བྱས་ལ་པདྨའི་ཕྱོགས་སུ་བཟུང་བ་བྱ་སྟེ། དེ་ལྟར་ན་པད་པ་གཡོན་པ་ལ་དེ་དགོད་པར་འགྱུར་རོ། །ཇི་ལྟར་བག་ཆགས་དང་བཅས
་པའི་ཉོན་མོངས་པ་དང་བྲལ་བའི་གཉིས་སུ་མེད་པའི་ཡེ་ཤེས་ནི་ཐར་པའི་བདེ་བ་སྟེ། དེ་བཞིན་དུ་ཅི་བདེ་བར་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རང་བཞིན་སྟོན་པར་བྱེད་པའི་སྐྱིལ་ཀྲུང་ནི་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་སྟེ། དེ
་བཅིང་བ་ནི་བཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རང་བཞིན་མངོན་དུ་བྱེད་པའོ། །འདི་ལྟར་བཤད་པར་འགྱུར་ཏེ། གང་ཞིག་པད་པ་གཡོན་པ་ལ་རྣམ་པར་བཞག་པའི་ཞབས་ཀྱི་པདྨ་གང་ཡིན་པ་དེ
་ཉིད་ཐར་པའི་རང་བཞིན་གྱི་བྱང་ཆུབ་ཆེན་པོའི་ཐུགས་སུ་རྣམ་པར་བསམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །བྱང་ཆུབ་ཆེན་པོའི་སེམས་སྟོན་པར་བྱེད་པའི་སྐྱིལ་མོ་ཀྲུང་འདིས་ཀྱང་རྣལ་འབྱོར་པས་བདུད་བཞི་བཅོམ་པ་ཡང་བསྟན་པ་ཡིན་ནོ། །
་ཇི་སྐད་དུ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བཅིངས་ནས། བདུད་ཀུན་རབ་ཏུ་འཇོམས་པར་བྱེད་ཅེས་བྱ་བ་གསུངས་སོ། །རང་ཉིད་ལུས་ནི་དྲང་པོར་འཛིན་ཞེས་བྱ་བ་ནི་གོ་སླའོ། །རྡོ་རྗེ་དྲིལ་བུ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་གྱི་བསྙེམས་པར་བྱས་ནས། ལག
་པ་གཡས་པས་དང་པོའི་རྡོ་རྗེ་སྟེང་དུ་གསོར་ཞིང་གསོད་ཏེ། གསང་བ་ལྔའི་དེ་ཁོ་ན་ཉིད་སྔོན་དུ་བྱེད་པ་སྟོན་པར་བྱེད་པའི་རྡོ་རྗེ་གསེར་བ་འདིས་བདུད་བཞི་པོ་ཐམས་ཅད་ལས་རྒྱལ་བས་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་རྡོ་རྗེར་འཛིན་ཅི་རྡོ་རྗེ
་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་རྫོགས་པ་ནི་ཀུན་མཆོག་གྲུབ་པས་ཏེ། དེའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བའི་ང་རྒྱལ་མངོན་དུ་བྱེད་པ་ནི་སྐུའི་རྡོ་རྗེ་དང། དེའི་སྙིང་པོ་ནི་བཟླ་བ་ནི་གསུང་གི་རྡོ་རྗེ་དང། རང་གི་སྙིང་གར་གནས་པའི
་ཟླ་བ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། བྱེད་པར་གྱུར་པ་དེ་དག་གི་སྒྲུབ་པ་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །འདི་ཡི་འབྲས་བུ་བསྟན་པར་བྱ་བའི་ཕྱིར།
་འདི་ཡིས་རྡོ་རྗེ་སེམས་དཔའ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་འདི་བཅིངས་པས་བསྒོམ་པར་བྱེད་ཅིང་སྒྲུབ་པ་པོ་རྡོ་རྗེ་སེམས་དཔའ་ཉིད་ནི་རྡོ་རྗེ་སེམས་དཔའ་ཨི་རིགས་ཀྱི་དངོས་གྲུབ་དང།
་སངས་རྒྱས་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་དང། བྱང་ཆུབ་སེམས་དཔའ་ཨི་རྡོ་རྗེ་རིགས་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་དང། བསྡུས་པའི་དཀྱིལ་འཁོར་ལས་གསུངས་པའི་རིགས་ཐམས་ཅད་ཀྱི་དངོས་གྲུབ
་དབང་དུ་བྱེད་པ་ནི་དངོས་གྲུབ་ཀུན་གྱི་དབང་ཕྱུག་ཉིད་དོ། །འདི་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་འདིས་སྒྲུབ་པ་པོ་ལ་ཚེ་འདི་ཉིད་དུ་གྲུབ་པར་འགྱུར་རོ། །ཐམས་ཅད་ཀྱི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། དེས་བརྟན་པ་ནི་མི་ཕྱེད་པའི་སེམས
་དཔའ་སྟེ། འགྱུར་བ་མེད་པའི་རྒྱུ་ལས་བྱུང་བ་ཉིད་ཀྱིས་མི་ཕྱེད་པའི་བཅོམ་ལྡན་འདས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ་ཞེས་བྱ་པའི་ཐ་ཚིག་གོ་།དཀྱིལ་འཁོར་དུ་ནི་མ་ཞུགས་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས
་ཐམས་ཅད་ཀྱི་དངོས་གྲུབ་ནི་དངོས་གྲུབ་ཀུན་ཏེ། དེ་དག་གི་ཆགས་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དངོས་གྲུབ་ཐམས་ཅད་ཀྱིས་རྗེས་སུ་ཆགས་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ནི་ཆགས་ཆེན་པོ། །དངོས་གྲུབ་ཀུན་གྱི་རྗེས་ཆགས་ཕྱིར། །
་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་འདི། །དམར་ཞིང་སྣ་ཚོགས་འབར་བའི་འོད་ཅེས་བྱ་བ་འོག་ནས་གསུངས་པའི་ཕྱིར་རོ། །འདི་ལྟར་བཤད་པར་འགྱུར་ཏེ། དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནི་དངོས་གྲུབ་ཀུན་གྱི་ཆགས་ཆེན
་པོའི་ཞེས་བྱ་བའོ། །ཆགས་པ་ཆེན་པོ་དེས་བདེ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་མངོན་དུ་བེད་པའོ། །བདེ་བ་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཅན་གྱི་ཕུན་སུམ་ཚོགས་པ་ནི་ཐུན་སུམ་ཚོགས་པས་ཏེ། དེ་ཡི་དབང
་ཕྱུག་ཆེན་པོ་ནི་དེ་ལས་རླུང?་བའི་སྐུལ་པའི་སྐུས་སྐད་ཅིག་མ་རེ་རེ་ཉིད་དུ་ཕྱི་མའི་མཐར་ཐུག་པའི་བར་གྱི་འཁོར་བའི་སེམས་ཅན་འདུལ་བ་ལ་བརྩོན་པའོ། །དེ་ལ་ཆགས་པ་ཆེན་པོ་ཞེས་བྱ་བ་འདིས་འདོད་ཆགས་རྡོ་རྗེ་མའི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་བསྟན
་ཏོ། །བདེ་བ་ཞེས་བྱ་པས་ཀཱི་ལི་ཀཱི་ལིའི་རང་བཞིན་ཅན་ནོ། །ཕུན་སུམ་ཚོགས་པ་ཞེས་བྱ་བས་རྡོ་རྗེ་དྲན་མའི་རང་བཞིན་ཅན་ནོ། །དབང་ཕྱུག་ཆེན་པོ་ཞེས་བྱ་བས་རྡོ་རྗེ་འདོད་མའི་དབང་ཕྱུག་མའི་རང་བཞིན་ཅན་དུ་བསྟན་ཏོ། །དེ་ལྟ་བུའི་རང་བཞིན་ཅན་གྱི་དབང
་ཕྱུག་ཆེན་པོའི་རྣལ་འབྱོར་པ་དེ་ཉིད་ཕྱག་རྒྱ་ཆེན་པོར་གྱུར་ཏེ་ཕྱག་རྒྱ་ཆེན་པོ་གང་དག་ཡོད་པ་དེ་ནི་ཕྱག་རྒྱ་ཆེན་པོ་ཅན་ཏེ། རྡོ་རྗེ་སེམས་དཔའ་གཞན་ལྟ་བུ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་ཞིང་འགྲུབ་པར་འགྱུར་རོ། །ལྷ་ལ་སོགས་པ་ཞེས་བྱ་བ་ནི
་བྱ་བའི་རྒྱུད་ལས་གསུངས་པའི་དེ་བཞིན་གཤེགས་པ་དང། པདྨ་དང་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་རྣམས་ནི་ལྷ་ལ་སོགས་པའི་དངོས་གྲུབ་ཏུ་བརྗོད་པ་ཡིན་ཏེ། དེ་དག་ཐམས་ཅད་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ལས་གསུངས་པའི་བདེ
་པ་གང་ཡིན་པའི་ལས་ཐམས་ཅད་ཀྱི་བདེ་པ་དེ་རྣམས་ཀྱང་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་མཛེས་པའི་བྱིན་གྱིས་བརླབས་པའི་རྒྱུས་ཁྱད་པར་དུ་རབ་ཏུ་འཇུག་པ་ནི་འབྱུང་བར་འགྱུར་རོ། །དེ་ལས་སྒྲུབ་མིན་ཡོད་པ་མིན་ཞེས་བྱ་བ་ལ་སོགས་པ་ནི་གོ
་སླའོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ཕུན་ཡོན་དང་བཅས་པ་བསྟན་ནས། ད་ནི་ལྟ་དགུ་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །ཐོག་མ་དང་ཕ་མ
་མེད་པ་ཡང་དེ་ཡིན་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་དེ་ཡིན་པས་ན། ཐོག་པ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཐམས་ཅད་ཏེ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ལྷ་ཐམས
་ཅད་དོ། །དེ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའོ། །དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱའོ། །ཆོས་ནི་ཆོས་ཀྱི་ཕྱག་རྒྱའོ། །ལས་ནི་ལས་ཀྱི་ཕྱག་རྒྱའོ། །དཀྱིལ་འཁོར་ཐམས་ཅད་དང་དམ་ཚིག
་དང། ཆོས་དང་ལས་དེ་དག་གི་དོན་ཡོད་པ་ནི་འབྲས་མེད་པ་མ་ཡིན་ཏེ། དགུག་པ་དང། གཞུག་པ་དང། དབབ་པ་དང། རྗེས་སུ་ཆགས་པ་དང། དབང་དུ་བྱེད་པ་དང། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་སྒྲུབ་པ་དང། སངས་རྒྱས་ཉིད་དང་རྡོ
་རྗེ་འཆང་ཉིད་མཆོག་ཏུ་སྒྲུབ་པ་ཐམས་ཅད་ལ་དམ་ཚིག་ཆེན་པོའི་ཕྱག་རྒྱ་སྟེ། བྱང་ཆུབ་ཆེན་པོའི་སེམས་སྟོན་པར་བྱེད་པའི་ཕྱག་རྒྱའོ། །དེ་མིང་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བདེ་པ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་གོ་ཞེས་བྱ་བ་ལ། བདེ་བ་ཆེན
་པོའི་རྡོ་རྗེ་ནི་དང་པོའི་རྡོ་རྗེ་སྟེ། དེའི་གསང་པའི་དམ་ཚིག་ནི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་མ་གྲུབ་པའི་ཚུལ་ལོ། །དེ་ཉིད་ཀྱི་མིང་གང་ལ་ཡོད་པ་དེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱ་ཆེན་པོའོ། །དེ་བཅིང་བ་འདི་ཡིན་ཞེས་བྱ་བ
་ལ་དེ་བཅིང་བ་ནི་མཚན་ཉིད་འདི་ཡིན་ཞེས་བྱ་བའི་དོན་ཏོ། །སོར་མོ་ཐམས་ཅད་ཡང་དག་སྦྱོར་བ་ནི་ལག་པ་གཉིས་ཀྱིས་ཁ་སྦྱོར་གྱི་ཐལ་མོ་བཅིངས་ཏེ། སོར་མོ་དང་ཕན་ཚུན་དུ་བཅིང་བར་བྱའོ། །འདིས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ་ཞེས་བྱ
་བ་ནི་ཡང་དག་པར་སྦྱར་བ་དེ་ལས་རྡོ་རྗེ་ཐལ་མོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །རྡོ་རྗེ་ཐལ་མོ་དེ་ཉིད་ཀྱི། །ཀུན་མཆོག་ནང་དུ་བཅིངས་པ་ཡིས། །རྡོ་རྗེ་བསྡམས་པ་ཡང་དག་བཤད་ཅེས་པ་ཡིན་ནོ། །འདས་མ་ཐག་ཏུ་བཤད་པའི
་རྡོ་རྗེ་བསྡམས་པ་འདིའི་ནང་གི་བུ་གའོ། །བུ་ག་དེ་གང་ཡིན་ཞེ་ན། མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ། མཛུབ་མོ་དང་མཐེ་བོང་དག་གིས་སྐྱེ་གནས་བྱས་ལ། གཡས་པའི་མཐེ་བོ་རྩེ་མོ་སྐྱེ་གནས་དེ་ལ་བཅུག་ནས་བཙིར་བར་བྱ་སྟེ། འདི་ནི་མདའ་ལྔ་བསྡུས་པ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག
་རྒྱ་སྟེ། གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་མདའ་ལྔ་བསྡུས་པ་སྟོན་པར་བྱེད་པ་ཡིན་ནོ། །མདའ་ལྔ་བསྡུས་པ་འདི་བཅིངས་ནས་སོར་མོ་དབུས་མ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱོར་བ་བྱས་ནས་རྡོ་རྗེ་བསྡམས་པའི་ནང་དུ་བཞག་ནས། མཐེ་བོང་གཉིས་ཀྱི་རྩེ་མོ་དང།
་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ཟུར་དུ་སྦྱར་བར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་དང་པོའི་རྡོ་རྗེ་འདི་འགྱུར་བ་ཡིན་ནོ། །དང་པོའི་རྡོ་རྗེ་འདི་ཉིད་བཅིངས་ཏེ། ནང་ན་གནས་པའི་སོར་མོ་དབུས་མ་གཉིས་ཀྱིས་ལྕགས་ཀྱུས་རང་གི་སྙིང་གར་བྲུད་ཅིང་དགུག་པར་བྱའོ་ཞེས
་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ་ན། ལྕགས་ཀྱུ་འདི་དང། དགུག་པའི་སྔགས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དགའ་བ་ཆེན་པོ་མྱུར་དུ་བྱོན་ནས་གྲུབ་པར་འགྱུར་རོ། ཞེས་བྱ་བ་དང་སྦྱར་རོ། །དགེས་པ་ནི་དགའ་བའོ། །དེ་ཉིད་རྡོ་རྗེ་སྟེ་མི
་ཕྱེད་པའི་ཕྱིར་རོ། །དགྱེས་པའི་རྡོ་རྗེ་ཡང་དེ་ཡིན་ལ་ལྕགས་ཀྱུ་ཡང་དེ་ཉིད་ཡིན་པས་ན་དགྱེས་པའི་རྡོ་རྗེའི་ལྕགས་ཀྱུ་སྟེ་ལྕགས་ཀྱུའི་བྱ་བ་བྱེད་པའི་ཕྱིར་ཏེ་ངས་དགུག་པའོ། ། ནུ་ར་ག་ཡ་མི་ཞེས་བྱ་བའི་སྒྲ་འདི་ནི་ཉེ་བའི་སྙིང་པོ་སྟེ། ཉེ་བའི་སྙིང་པོ་ངེས་བསྒྲུབ
་པ་ནི་ངག་ལུས་པར་བྱ་བའོ། །སླར་ཡང་སྙིང་ཁར་བྲུད་པ་ནི་སྙིང་གར་དགུག་པ་ཤིན་ཏུ་དྲག་པོའི་རྗེས་སུ་ཆགས་པའི་མེ་ནི་སྒྲུབ་པ་པོའི་ཤིན་ཏུ་ཆགས་པའི་སྒོམ་པའི་རང་བཞིན་གྱིས་གདུང་བར་འགྱུར་ཞིང། སྙིང་པོས་འཕྲོག་ཅིང་དབང་དུ་གྱུར་པར་དགྱེས་ཤིང་
་མྱུར་བར་སྐད་ཅིག་མ་ཉིད་དུ་བྱིན་ནས་གྲུབ་པར་འགྱུར་བ་ཡིན་ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་མདུན་དུ་གཞུག་ལ། རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་གསང་བའི་ལྕགས་ཀྱུ་བཅིངས་ཏེ། དགུག་པའི
་སྙིང་པོ་འམ་གླུས་ཇི་ལྟ་བ་བཞིན་དུ་རང་གི་ལུས་ལ་ཡེ་ཤེས་སེམས་དཔའ་ཅིག་པུ་འམ། འཁོར་དང་བཅས་པ་གཞུག་པར་བྱའོ། །དཀྱིལ་འཁོར་རམ་གཟུགས་སྐུ་ལ་སོགས་པ་ལ་དགུག་པའི་སྔགས་གླུས་སོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ
་ཏུ་བསྒྲུབས་ལ། སླར་ཡང་གསང་བའི་ལྕགས་ཀྱུ་བཅིངས་ཏེ་ཨ་ནུ་ར་ག་ཡ་ཧཱུཾ་ཞེས་བྱ་བ་ཤིན་ཏུ་དགའ་བའི་སྒོམ་པ་ལན་གསུམ་བཟླ་བར་བྱ་སྟེ། དེ་ལྟར་ན་སླར་ཡང་ཉེ་བའི་སྙིང་པོས་འགྲུབ་པར་འགྱུར་བ་ཡིན་ནོ། །གང་ཞིག་གསང་བའི་ལྕགས་ཀྱུ་སྒྲུབ་པས
་བྱེད་པ་ངེས་ན་ཆོ་ག་ཐམས་ཅད་རྗེས་སུ་སྦྱར་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དེའི་འོག་ཏུ། དམ་ཚིག་གི་ནི་ཕྱག་རྒྱ་ཆེར། བྱིན་གྱིས་བརླབས་ཏེ་སྙིང་པོ་བཟླ་བར་བྱའོ། །དེ་ནས་དམ་ཚིག་གསུམ་གྱི་གླུའི་མཆོད་པ་དང། རྗེས་སུ
་བསྒྲུབ་པར་བྱས་ལ། སླར་ཡང་གསང་བའི་ལྕགས་ཀྱུ་བཅིངས་ཏེ། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་དེ་སྲིད་དུ་བསྒོམ་པར་བྱ་སྟེ། དེ་སྲིད་བཅོམ་ལྡན་འདས་བྱོན་ནས་མངོན་དུ་ཁོ་ནར་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས
་པ་ལ་ཇི་ལྟར་བསྒྲུབ་པ་འདིས་བཅོམ་ལྡན་འདས་བྱོན་ཏེ། མངོན་དུ་འགྲུབ་པར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་བརྟན་པ་དང་གཡོ་བ་སྟེ། དེ་དག་རྒྱས་བཏབ་པ་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བྱས
་པས་བྱོན་ཏེ། མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །ཕྱག་རྒྱ་འདི་མིང་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་བདེ་བ་ཆེན་པོའི་རྡོ་རྗེ་བཤད་ཟིན་ཏོ། །དེའི་དོན་ཡོད་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་སྟོན་པར
་བྱེད་ཅིང་དེའི་མིང་དང་ལྡན་པ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ཉེ་བའི་སྙིང་པོ་རྗེས་སུ་ཆགས་པའི་ཕྱག་རྒྱའོ། །རྡོ་རྗེ་མཆོད་ཡོན་རྡོ་རྗེ་ཆེན་པོ་རབ་ཏུ་བརྐྱང་བའི་ཐལ་མོ་ཞེས་བྱ་བ་ལ། རྡོ་རྗེ་ཐལ་མོ་བཅིངས་ནས་སོར་མོ
་ཐམས་ཅད་བསྡམས་ཏེ། ཕན་ཚུན་དུ་ཡང་དག་པར་སྦྱར་བ་གཟུང་བར་བྱ་སྟེ། བརྟེན་པའི་ཐལ་མོའི་ཚུལ་གྱིས་ལག་པའི་མཐིལ་གཉིས་རབ་ཏུ་བརྐྱང་ལ་མཐེ་བོང་གཉིས་ཀྱང་རང་གི་མཛུབ་མོའི་ལོགས་དག་ལས་བརྐྱང་སྟེ། འདི་ནི་རྡོ་རྗེ་མཆོད་ཡོན་ཞེས་བྱ
་བའི་ཕྱག་རྒྱའོ། །འདི་དང་རང་གི་ལྷའི་སྙིང་པོས་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་མཆོད་ཡོན་གྱི་སྣོད་ལ་ཡོངས་སུ་བཟུང་སྟེ་ཕྱི་ནས་རང་གི་ལྷའི་སྙིང་པོ་ཁོ་ནས་མཆོད་ཡོན་དབུལ་བར་བྱའོ། །མེད་ན་ཕྱག་རྒྱ་ཙམ་ཉིད་རང་གི་ལྷའི་སྙིང་པོ་དང་ལྡན་པས
་མཆོད་ཡོན་དབུལ་བར་བྱའོ། །གང་གི་ཕྱིར་རྒྱུད་འདིར་རང་གི་ལྷའི་སྙིང་པོ་ཁོ་ན་ལས་ཐམས་ཅད་བར་བརྗོད་སྟེ། འདིར་ཁྱད་པར་གྱི་གནོད་པ་མ་ཡིན་པའི་ཕྱིར་རོ། །དེ་ནས་དང་པོའི་རྡོ་རྗེའི་ཕྱག་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་དཀྱིལ
་འཁོར་བྲིས་ལ་ལྷ་སྤྱན་དྲང་བར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབ་སྟེ། ཆོས་དང། ལས་དང། ཕྱག་རྒྱ་ཆེན་པོ་དག་གིས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་པ
་མཆོད་ཡོན་ཕུལ་ལ། དེ་མ་ཐག་པ་ཉིད་དུ་དང་པོའི་རྡོ་རྗེའི་ཕྱག་རྒྱའི་དབུས་མའི་རྡོ་རྗེས་རྡོ་རྗེ་མེ་ཏོག་གི་ཡལ་ག་བླངས་ཏེ། རྣམ་པར་རྒྱལ་བའི་བུམ་པའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཨི་མདུན་དུ་བཞག་ནས
་ཇི་ལྟ་བ་བཞིན་དུ་བཤད་པའི་མཆོད་པ་ཐམས་ཅད་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་ཆུ་ངེས་ཅིར་འགྱུར་ཞེ་ན། ངེས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་རྒྱལ་བའི་བུམ་པའི་ཆུ་རེ་རྡོ་རྗེ་ཁུ་ཚུར་གྱིས་བླངས་ཏེ། བདག་ཉིད་སློབ་མ་རྣམས་ལ་དབང
་བསྐུར་པར་བྱའོ། །ཆུ་དེ་ཡང་བཏུང་བར་བྱས་ནས་ཇི་ལྟ་བུ་བཞིན་དུ་བཤད་པའི་ཡོན་ཏན་རྣམས་སོ་སོར་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལྟར་བུམ་པའི་ཕྱག་རྒྱ་བསྟན་ནས་ད་ནི་དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་བསྟན་པར་བྱ་བའི
་ཕྱིར། །དེ་ནས་དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། དང་པོའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའོ། །དེར་ཞུགས་པ་ནི་ཕྱི་དང་གསང་བའི་རང་བཞིན་ཅན་ཏེ། དེའི་དོན་དུ་ཕྱག་རྒྱའོ། །དེ་ཡང་ལ་དན
་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡས་པས་བ་དན་གསུམ་བྱས་ལ། གཡོན་པས་ཁ་ཊཝཱཾ་ག་སྟེ། བ་དན་གསུམ་དང་ཁ་ཊཝཱཾ་ག་བཅིངས་ནས། རང་གི་ནུས་པ་དང་རྗེས་སུ་མཐུན་པའི་དགའ་བས་རབ་ཏུ་དགའ་བ་ནི། ཅི་ནུས་པར་ནི་རབ་ཏུ་དགའ་ཨི་བས
་ཏེ། ཡིད་བདེ་བ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ་།སྒེག་པ་དང་བཅས་པས་མཐེའུ་ཆུང་ལ་སོགས་པའི་སོར་མོ་རྣམས་དཀྲོལ་བས་བསྐོར་ཞིང་གློག་འགྱུ་བའི་ཚུལ་གྱིས་མཆོག་ཏུ་བསྐོར་བས་རྡོ་རྗེ་གར་ཡང་ཡིན་པ་དེ་ཉིད་བསྐོར་བས་ཏེ། དེས་དཀྲོལ་ད
་ནི་བ་དན་གསུམ་དང་ཁ་ཊཝཱཾ་ག་བཅིང་བ་བསྟན་པའོ། །རྡོ་རྗེ་གར་བསྐོར་བ་དཀྲོལ་བའི་བྱེད་པར་གྱུར་པ་དེས་ཡོངས་སུ་བསྐོར་བ་ནི་དབྱིབས་གཞན་དུ་གྱུར་པ་སྟེ། ཕྱག་འཚལ་བའི་མེ་ཏོག་གི་ཐལ་མོ་སྦྱི་བོར་བཅིང་བ་ནི། འཛིན་པ་ཆེན་པོའོ། །རྡོ་རྗེ་གང་དཀྲོལ
་ནས་ཡོངས་སུ་བསྐོར་བ་ཡང་དེ་ཡིན་ལ། འཛིན་པ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན། རྡོ་རྗེ་གར་བསྐོར་བ་དཀྲོལ་བའི་ཡོངས་སུ་བསྐོར་བ་འཛིན་པ་ཆེ་བའོ། །དེ་གང་ཡིན་ཞེ་ན། ཀ་པུ་ཏ་ནི་ཁ་སྦྱོར་ཞེས་བྱ་བ་ལ། ཀ་པུ་ཏ་ནི་ཐལ་མོ་ཏེ། ཀ་པུ་ཏའི་ཐལ་མོ
་ཡང་དེ་ཡིན་ལ་ཁ་སྦྱོར་ཡང་དེ་ཉིད་ཡིན་པས་ན་ཀ་པུ་ཏའི་ཁ་སྦྱོར་རོ། །ཀ་པུ་ཏའི་ཁ་སྦྱོར་དེ་སྤྱི་བོར་བཞག་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། འཇུག་པའི་གླུ་བརྗོད་ཅིང་སྔར་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས
་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། མེ་ཏོག་གཏོར་བའི་དུས་སུ་སྤྱི་བོའི་ཕྱོགས་དེ་ལས་ཕབ་ལ་རྡོ་རྗེ་ཅན་ཏེ་རྡོ་རྗེ་སེམས་དཔའ་ལ་ཕུལ་ཏེ། སྦྱིན་པར་བྱའོ། །ཇི་ལྟར་ཞེ་ན། སྒེག་བཅས་མཛུབ་མོ་མཐེའུ་ཆུང་སོགས། །རྣམ་པར་དཀྲོལ་བ་ཞེས་བྱ་བ་ལ། སྒེག་པ་དང་བཅས་པས་ལག་པ
་དང་འབྲེལ་པའི་མཛུབ་མོ་ལ་སོགས་པ་དང། ལག་པ་གཡོན་པ་དང་འབྲེལ་པའི་མཐེའུ་ཆུང་ལ་སོགས་པ་རྣམ་པར་དཀྲོལ་བ་ནི། སྒེག་བཅས་མཛུབ་མོ་མཐེའུ་ཆུང་སོགས་རྣམ་པར་དཀྲོལ་བ་སྟེ། རྣམ་པར་དཀྲོལ་བ་དེ་རྣམས་ཀྱིས་ཨོཾ་མཆོག་ཏུ་བདེ་བའི་ཐུགས་ཞེས་བྱ
་པ་ལ་སོགས་པའི་གླུ་བརྗོད་ཅིང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་དེ་དབུལ་བར་བྱའོ། །འདི་ཉིད་ཀྱི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་འདིས་འཁོར་ལོར
་མ་ཞུགས་པ་ཡང་ཞེས་བྱ་བ་སྟེ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ཞུགས་པར་མ་གྱུར་ན་ཡང་རྡོ་རྗེ་སློབ་དཔོན་ཉིད་ཐོབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། རང་ཉིད་ཞུགས་པ་ཙམ་གྱིས་ནི་ཞེས་བྱ་བ་ལ། རང་ཉིད་ཀྱི་དཀྱིལ་འཁོར་འདི་བྲིས་ནས་ཞུགས་ཏེ། ཞུགས
་པ་ཙམ་དེ་ཉིད་ཀྱིས་བྱེད་པར་གྱུར་པ་སྟེ། རྡོ་རྗེ་གར་གྱི་མཆོད་པས་དོན་ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་པའི་དང་པོའི་དཀྱིལ་འཁོར་དུ་ཞུགས་པས་རྡོ་རྗེ་སློབ་དཔོན་ཉིད་གྲུབ་པ་ནི་རྫོགས་པས་ཏེ། དོན་ཡོད་པའོ།། །།རྒྱུ་དེའི་ཕྱིར་མཆོད
་པ་ནི་དོན་ཡོད་པར་གྲུབ་པར་གྲུབ་པའི་མཆོད་པ་སྟེ། དེས་རྡོ་རྗེ་སློབ་དཔོན་ཉིད་ཐོབ་པར་འགྱུར་རོ། །ཇི་ལྟར་རྡོ་རྗེ་གར་གྱི་མཆོད་པ་དཀྱིལ་འཁོར་དུ་ཞུགས་པའི་དངོས་གྲུབ་སྟེར་བར་བྱེད་པ་དེ་བཞིན་དུ་མེ་ཏོག་ལ་སོགས་པའི་མཆོད་པའི་དངོས་གྲུབ
་ཀྱང་སྟེར་བར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་རྫོགས་པའམ། མ་ཚང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་ཏོག་དང་སྦོས་དང། མར་མེ་དང་དྲི་སྟེ་ཕྱིའི་མཆོད་པ་རྣམས་དང་ལྡན་པ་ནི་ཡོངས་སུ་རྫོགས་པའོ། །དེ་དང་འབྲེལ་བར?
་ནི་མཚར་བའོ། །དེ་རྣམས་ཕྱོགས་གཅིག་ཐོབ་པ་ཇི་སྙེད་པས་ཏེ། མེ་ཏོག་ལ་སོགས་པས་ཕྱོགས་གཅིག་ཐོབ་པའི་རང་བཞིན་ཅན་ཇི་སྙེད་པ་དེས་ཐུན་མོང་དངོས་གྲུབ་ཀུན་གསོལ་བའོ། །མེ་ཏོག་ལ་སོགས་མཆོད་མཚན་མས་ཞེས་བྱ་བ་ལ།
་དགའ་མ་དང། རབ་ཏུ་དགའ་མ་དང། སྦྱན་དང། དཔལ་ཆེན་མོ་རྣམས་ནི་མེ་ཏོག་ལ་སོགས་པའི་མཆོད་པར་བརྗོད་པ་ཡིན་ནོ། །དེ་རྣམས་ཀྱི་མཚན་མ་ནི་མེ་ཏོག་ལ་སོགས་པའི་ཚུལ་གྱི་རང་བཞིན་ཅན་གྱི་ལས་ཀྱི་ཕྱག་རྒྱ་རྣམས་སོ། །ནིའི་སྒྲ་ནི་ངེས་པར་བཟུང་བ
་སྟེ། མེ་ཏོག་ལ་སོགས་པའི་མཆོད་པའི་མཚན་མ་རྣམས་ཁོ་ནས་རྡོ་རྗེ་གར་གྱི་མཆོད་པ་ཐམས་ཅད་ཐུན་མོང་གི་དངོས་གྲུབ་སྟེར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་བྱ་བའོ། །ད་ནི་རྡོ་རྗེ་གར་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་བ་དན་གསུམ་མཆོག
་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་པ་གཡས་པས་བ་དན་གསུམ་པ་བྱས་ལ་གཡོན་པས་ཁ་ཊཝཱཾ་ག་སྟེ་འདི་ནི་བ་དན་གསུམ་མཆོག་གི་ཁ་ཊཝཱཾ་ག་ཞེས་བྱ་བའོ། །བྱེད་པར་གྱུར་པ་དེས་སྒེག་པ་དང་བཅས་པའི་མཐེའུ་ཆུང་ལ་སོགས་པའི་སོར་མོ་ཐམས
་ཅད་དཀྲོལ་བ་དང་བཅས་པས་གློག་འགྱུ་བའི་གང་བྱས་ནས་མདུན་དུ་བསྐོར་བ་ནི་ལག་པ་གཉིས་གཡས་སུ་བསྐོར་བས་ཏེ། དེ་རྣམས་ཀྱི་གར་ཞེས་བྱ་བའི་མཆོད་པའི་ཕྱག་རྒྱར་བརྗོད་པས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །སྒེག་མོ
་དགའ་བའི་རྡོ་རྗེ་མས་ཕྱག་བཙལ་བར་བྱའོ། །ཞེས་བྱ་བ་གང་གསུངས་པ་དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྒེག་མོ་དགའ་བའི་རྡོ་རྗེ་མ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གར་གྱི་མཆོད་པ་ནི་བཤད་ཟིན་ཏོ། །དེས་སྒེག་པ་དང་བཅས་ཤིང་བཞིན་?
་པའི་ཚིག་གིས་ཕྱག་འཚལ་བའི་སྒེག་པའི་ལྟ་བ་དང་བཅད་པའི་སྤྱི་བོས་ཕྱག་འཚལ་བའོ། །ོཾ་མཆོག་ཏུ་བདེ་བའི་ཐུགས་ཞེས་བྱ་བ་ལ་སོགས་པའི་གླུ་བརྗོད་ཅིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་དང་ལྷན་ཅིག་ཏུ་ཡིད
་ཀྱིས་ཅིག་ཏུ་གྱུར་ཏེ། ཕྱག་བཙལ་བ་འདིས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་ཆགས་པར་བྱས་ནས་ཕྱག་འཚལ་བར་མཛད་དོ་ཞེས་བྱ་བའི་བསམ་པ་བསྐྱེད་ནས་ཕྱག་འཚལ་བར་བྱ་སྟེ། དེ་ལྟར་དེ་རྣམས་བྱེད་དུ་བཅུག་ནས་རྡོ་རྗེ་སེམS
་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པ་པོ་ལ་རག་ལུས་པར་འགྱུར་རོ། །དེ་ནས་མཚན་བརྒྱས་བཅོམ་ལྡན་འདས་ལ་བསྟོད་པར་བྱ་བ་གསུངས་པའི་བསྟོད་པ་ཡང་ཕྱག་རྒྱ་བཅིངས་ནས་བྱ་བ་ཡིན་ཏེ། དེའི་ཕྱིར་བསྟོད་པའི་ཕྱག་རྒྱའི་མཚན་ཉིད
་བསྟན་པའི་ཕྱིར་རྡོ་རྗེ་ཐལ་མོ་བསྐོར་བས་མ་ལུས་པ་བྱས་ནས་ཐམས་ཅད་བསྐོར་བའི་ཕྱག་རྒྱའི་ཞེས་བྱ་བ་གསུངས་ཏེ། རང་གི་སྙིང་གའི་ཕྱོགས་སུ་རྡོ་རྗེ་ཐལ་མོ་གཡོན་དུ་བསྐོར་ནས་ཤིས་པར་བརྗོད་པ་སྦྱིན་པའི་ཚུལ་དུ་བཟུང་ཞིང་མཚན་བརྒྱ་ལ་སོགས་པའི
་བསྟོད་པ་ཐམས་ཅད་ཀྱི་མཆོད་པ་བྱ་སྟེ། འདི་ནི་ཐམས་ཅད་ཀྱི་བསྟོད་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་བཅིངས་ནས་དབང་བསྐུར་བར་བྱའོ་ཞེས་བྱ་བ་གསུངས་པ་དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། བྱང་ཆུབ་ཆེན་པོའི་སེམས་ལ་སོགས་པའི་རང་བཞིན་ཅན
་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་དག་གི་སྐུ་ནི་དེ་ལས་བྱུང་བའི་རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི
་སྐུའི་གསང་བའོ། །དེ་དག་གི་མཆོག་ནི་ཕུལ་དུ་བྱུང་བ་གང་ཡིན་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་སྟེ། དེ་སྟོན་པར་བྱེད་པ་དང་དེ་རྫོགས་པར་བྱེད་པའི་ཕྱག་རྒྱ་གང་ཡིན་པ་དེའི། རྡོ་རྗེ་བསྡམས་པའི་མཐེ་བོར་གཉིས་ཀྱིས
་བརྟེན་པའི་སྐྱིལ་མོ་ཀྲུང་ནི་སྐྱིལ་མོ་ཀྲུང་སྟེ་གང་ལ་ཡོད་པ་ལ་དེ་སྐད་ཅེས་བྱའོ། །གཉིས་ཀྱང་ཡིན་ལ་མཛུབ་མོ་ཡང་དེ་ཉིད་ཡིན་པས་ན་མཛུབ་མོ་གཉིས་སོ། །དེ་དག་ཉིད་བཀུག་པ་ལུས་གང་ལ་ཡོད་པ་དེ་ནི་མཛུབ་མོ་ཉིད་བཀུག་པའི་ལུས
་ཅན་ནོ། །དབུས་མ་ཡང་དེ་ཉིད་ཡིན་ལ་མཉམ་པ་ཡང་དེ་ཉིད་ཡིན་པས་དབུས་མ་མཉམ་པ་སྟེ་དབུས་མཉམ་པ་དེ་ཉིད་ཁ་འབུས་པ་ནི་ཚིགས་གསུམ་པ་བཀུག་པའི་མཆོག་གི་ཡན་ལག་གི་མགོ་བོ་གང་ལ་ཡོད་པ་དེ་ནི་དབུས་མ་མཉམ་པའི་ཁ
་འདུས་པའི་མཆོག་གི་ཡན་ལག་ཅན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོང་གཉིས་ཀྱིས་རྡོ་རྗེ་སྐྱིལ་མོ་ཀྲུང་གི་རྣམ་པར་བྱས་ལ་སོར་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཏེ་ཚིགས་གསུམ་པ་བཀུག
་པར་བྱས་ནས། དེའི་ཚིགས་དབུས་མའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་རྣམ་པར་དགུག་པ་ཡང་དག་པར་བཟུང་བར་བྱ་བ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ཅེས་བྱ་བ་སངས་རྒྱས་ལྔའི་ཅོད་པན་གྱི་དབང
་བསྐུར་བ་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །འདི་སྤྱི་བོར་བཞག་ལ་ཨོཾ་བྷུ་ཁོཾ་ཞེས་བྱ་བས་རྣམ་པར་སྣང་མཛད་བསམ་པར་བྱའོ། །དཔྲལ་བའི་སྟེང་དུ་བཛྲ་སཏྭ་ཞེས་བྱ་བས་མི་བསྐྱོད་པའོ། །རྣ་བ་གཡས་པའི་སྟེང་དུ་བཛྲ་རཏན་ཞེས་བྱ་བS
་རིན་ཆེན་འབྱུང་ལྡན་ནོ། །སྤྱི་བོའི་རྒྱབ་ཏུ་བཛྲ་དྷརྨ་ཞེས་བྱ་བས་སྣང་བ་མཛའ་ཡས་སོ། །རྣ་བ་གཡོན་པའི་སྟེང་དུ་བཛྲ་ཀརྨ་ཞེས་བྱ་བ་བརྗོད་ཅིང་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་བསམ་པར་བྱའོ། །རེ་རེའི་དབང་བསྐུར་བའི་གླུ
་ནི་དང་པོར་གསུངས་པ་དེ་ནི་འདི་ཡིན་ཏེ། ཨོཾ་སངས་རྒྱས་ཀུན་གྱི་རིན་ཆེན་མཆོག་ཚོགས་ཀྱིས། །སྤྲས་པའི་ལྷ་ཡི་ཅོད་པན་ཁྱོད་ལ་འདུད། །རབ་མཆོག་རྡོ་རྗེ་ཅན་གྱིས་བདག་དབང་བསྐུར། །རྡོ་རྗེ་སེམས་དཔའ་ཁྱོད་བདག་དམ་ཚིག་ཡིན
་ཞེས་བྱ་བའོ། །དེ་ལྟར་ཕྱོགས་ཐམས་ཅད་དུ་ཅོད་པན་བཅིངས་ལ། དེའི་རྗེས་ལ་བཛྲ་ཀརྨ་ཞེས་བྱ་བ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པའི་ཚུལ་ནི་ཕྲེང་བའི་ཚུལ་གྱིས་ཕྲེང་བ་འཆིང་བའི་ཚུལ་བྱས་ལ་སླར་ཡང་སྤྱི་བོའི་རྒྱབ་ཏུ་དེ་བཞིན་དུ་མདུད་པའི་ཚུར
་བྱས་ལ། ལོགས་དག་ལ་སྒེག་པ་དང་བཅས་པའི་མཐེའུ་ཆུང་ལ་སོགས་པའི་སོར་མོ་དཀྲོལ་བས་དང་དབྱངས་ཀྱི་ཚུལ་བྱས་ནས་མཐར་མཉམ་པའི་ཐལ་མོ་དང་བཛྲ་ཏུཥྱ་ཧོ་ཞེས་བྱ་བས་མཉེས་པར་བྱའོ། །དེ་ནས་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ།
་དེ་ནས་དཀྱིལ་འཁོར་དུ་ཞུགས་ནས་ཇི་ལྟ་བ་བཞིན་དུ་མེ་ཏོག་རྣམས་དོར་ལ་ཕྲེང་བའི་དབང་བསྐུར་བླངས་ཏེ། གདོང་གཡོགས་དཀྲོལ་ལ་དཀྱིལ་འཁོར་བལྟས་ནས་འཇུག་པའི་ཕྱག་རྒྱས་རང་གི་སྙིང་གར་དཀྲོལ་བ་རང་གི་ལྷའི་རྣལ་འབྱོར་བྱས་ཏེ།
་དེ་མ་ཐག་ཁོ་ནར་སྣ་ཚོགས་པདྨ་བྲིས་ཏེ་དེའི་སྟེང་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཉེ་བར་འདུག་སྟེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བྱ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ཏེ་བདག་ཉིད་ལ་དབང་བསྐུར་བྱའོ། །ཆུ་དེ
་ཡང་འཐུངས་ན་ཇི་ལྟ་བ་བཞིན་དུ་བཤད་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། སློབ་མ་རྣམས་ལ་ཡང་དེ་བཞིན་དུ་དབང་བསྐུར་བར་བྱའོ། །རྡོ་རྗེ་ཁུ་ཚུར་གྱིས་ཞེས་བྱ་བ་ལ་སོགས་པ་ལ་ཆུའི་དབང་བསྐུར་བའི་རྗེས་ལ་སངས་རྒྱས་ལྔའི་ཅོད་པན་གྱིས་དབང
་བསྐུར་བར་བྱིན་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔས་རྩེ་མོ་ལས་འོད་ཟེར་འབར་བ་ཁ་དོག་དམར་པོའི་རྡོ་རྗེ་སྔར་བཤད་པོའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ལ་རྩེ་གཅིག་པའི་རྡོ་རྗེའི་རྣམ་པ་ཅན་གྱི་འོད་ཟེར་དེ་ཉིད་འབར་བའོ། །དེས་ཉེ་བར་མཚོན་པའི་རྩེ་མོ
་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་འོད་ཟེར་འབར་བ་ཅན་གྱི་རྩེ་མོ་ཅན་གྱི་རྡོ་རྗེ་སྟེ། དེ་སྦྱིན་པར་བྱའོ། །སློབ་མས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སློབ་མས་སློབ་དཔོན་ལ་ཕྱག་བྱས་ནས་རྡོ་རྗེ་ཐལ་མོ་བསྐོར་ཏེ་མེ་ཏོག་ལ་སོགས་པས་དབང་བསྐུར་བ་ཐམས་ཅད་
་བླང་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་བསྟན་པ་དེ་ཉིད་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་དུ་བྱེད་པ་ཉིད་དུ་འཇུག་པ་ཡིན་ནོ་ཞེས་བྱ་བ་ཤེས་པར
་བྱ་སྟེ། གང་དུ་ཁྱད་པར་གྱི་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་དཀྱིལ་འཁོར་གྱི་ཐབས་བསྟན་ནས། ད་ནི་སྒྲུབ་པའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །དངོས་གྲུབ
་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །དེ་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོའོ། །གྲུབ་པ་ནི་རྫོགས་པ་སྟེ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ལས་བྱུང་བའོ།།
་སྟོང་པ་ཉིད་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་ཀྱང་ཡིན་ལ་གྲུབ་པ་ཡང་ཡིན་ལ་རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག
་གྲུབ་པའི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་རང་བཞིན་དུ་མཛེས་ཤིང་གསལ་བར་འགྱུར་བས་ན་རྒྱལ་པོའོ། །དེ་སྒྲུབ་པའི་དོན་དུ་ཕྱག་རྒྱ་སྟོན་པར་བྱེད་པའི་རྒྱུ་ནི་འདི་ཞེས་བྱ་བ་སྟོན་པ་ནི་ཚིག་གི་ལྷག་མའོ། །བདེ་བ་ཆེན་པོའི
་རྡོ་རྗེ་གསང་བའི་ལྕགས་ཀྱུ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་ཉེ་བའི་ཕྱག་རྒྱའོ། །དེས་རྡོ་རྗེ་སེམས་དཔའ་སྤྱན་དྲང་བ་ནི་རང་གི་སྙིང་པོའི་སྔགས་ལན་ཅིག་ཏུ། སྔ་དྲོའི་དུས་སུ་བཅོམ་ལྡན་ཡི་གེ་ཧཱུཾ་བཀུག་ལ་རང་གི་ལུས་ལ་གཞུག་པར་བྱ
་སྟེ། རྗེས་སུ་རྣལ་འབྱོར་གྱི་དུས་སུའོ། །ཞེས་བྱ་བའི་དོན་ཏོ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གི་བཤད་ཟིན་ཏོ། །དེ་གང་ལ་ཡོད་པ་དེ་ནི་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་ལྡན་པའོ། །རྡོ་རྗེ་གར་ནི་བཤད་ཟིན་ཏོ། །དེས་མཆོད་པ་རྣམས་ཕུལ་བ་ནི་མེ་ཏོག་དང་སྤོས་དང། མོར
་མོ་དང། དྲི་དབུལ་བའི་ཚུལ་ཏེ། མཆོད་པ་དབུལ་བ་དེ་དག་གིས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བར་བྱས་ལ་ཕྱག་བ་ཙལ་བར་བྱའོ། །ཞེས་བྱ་བ་དང་སྦྱར་རོ། །རྡོ་རྗེ་གར་གྱིས་མཆོད་པ་འབུལ་བར་བྱ་ཞེས་བྱ་གློག་འགྱུར་བའི་གར་གྱིས་ཞེས་བྱ་བ་ལ་གློག་འགྱུ་བའི
་གར་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱིས་བྱའི་གཞན་གྱིས་ནི་མ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ་ཞེས་བྱ་བ་ལ། དེ་ལྟར་གློག་འགྱུ་བའི་གར་གྱི་མེ་ཏོག་ལ་སོགས་པ་འབུལ་བ་བྱས་ནས། དེའི་རྗེས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། དེས་བསྙེམས་པ་དང་བཅས
་པ་?་དེ་ཡིན་ལ་རྡོ་རྗེ་བསྙེམས་པ་ཡང་དེ་ཉིད་ཡིན་པས་ན་བསྙེམས་པ་དང་བཅས་པའི་རྡོ་རྗེ་བསྙེམས་མས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱའོ། །རྒྱུར་གྱུར་པ་དེས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བ་ནི་འདོད་ཆགས་རྡོ་རྗེ་མ་ལ
་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་པོ་བཅིངས་ལ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་རང་བཞིན་ལ་ལྷག་པར་མོས་པ་གང་ཡིན་པ་དེ་བྱས་ལ། དེའི་འོག་ཏུ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་སྒེག་མོ་དགའ་བའི་རྡོ་རྗེ་མས་རས་རིས་ལ་སོགས
་པར་བཞུགས་པའི་བཅོམ་ལྡན་འདས་ཀྱི་སྐུ་ལ་ཕྱག་འཚལ་བར་བྱའོ། །མཆོད་པ་དང་གར་གྱི་མཆོད་པ་རྣལ་འབྱོར་པས་ཇི་ལྟར་བྱ་ཞེ་ན། རྡོ་རྗེ་གླུས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་གླུ་གླུར་བླངས་པས?་སོ
་ནིའི་སྒྲ་ནི་ངེས་པར་བཟུང་བས་ཏེ། རྡོ་རྗེ་གླུ་ཁོ་ནས་བྱ་པའོ། །བཟླས་པའི་དོན་གྱིས་ཞེས་བྱ་བ་ནི་རྡོ་རྗེ་གླུའི་བཟླས་པ་འདིའི་དོན་གང་ཡིན་པ་དེ་ལྷག་པར་མོས་པ་ནི་བཟླས་པའི་དོན་དང་དགའ་མ?་ལ་སོགས་པའི་སྙིང་པོའི་དོན་ཏོ། །བཟླས་པའི་དོན་དེས་ཅི་བདེ
་བར་ནི་དཀའ་ཐུབ་མེད་པ་ལ་སོགས་པས་རྡོ་རྗེ་གར་གྱི་མཆོད་པ་ནི་རྡོ་རྗེ་གར་གྱི་རང་བཞིན་ཅན་གྱི་མཆོད་པ་དང་ཡང་དག་པར་སྦྱར་ཞིང་བྱས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གླུ་གསུངས་པ་ཡིན་ཏེ། དང་པོ་ལ་སོགས་པ་རྣམས
་ཀྱིས་གླུ་བླང་བར་བྱ་བའོ། །ཞེས་བྱ་བ་དྲུག་ལྡན་དང་བར་མ་ལ་སོགས་པའི་དབྱངས་རྣམས་དང། རོལ་མོ་རྣམས་ཀྱིས་གླུ་བླང་པར་བྱའོ། །ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་གླུའོ། །རྗེས་སུ་ཆགས་པ་ཆེན་པོ་ནི་ཤིན་ཏུ་ཆགས་པའོ། །རབ
་ཏུ་དགའ་བ་ནི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ནོ། །བརྟན་པར་འགྱུར་བ་ནི་དེ་ཉིད་དང་རོ་གཅིག་པའི་ཐུགས་མངའ་བས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པའོ། །འཕེལ་བར་འགྱུར་ཞེས་བྱ་བ་ནི་རྫོགས་པར་གྱུར་ནས་མངོན་དུ་གྱུར
་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་སྙིང་པོས་བདག་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ལ། ཇི་ལྟ་བ་བཞིན་དུ་བཤད་པའི་རྣམ་པ་གསུམ་གྱིས་བདག་ལ་བྱིན་གྱིས་བརླབ་པའི་དུས་སུ་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཡི་གེ
་ཧཱུཾ་གིས་བདག་ཉིད་ལ་ལན་ཅིག་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་དམ་ཚིག་དང་ཆོས་དང། ལས་ལ་སོགས་པའི་ཕྱག་རྒྱ་རྣམས་བསྒྲུབ་པར་བྱའོ། །ཤིན་ཏུ་གཡོ་པ་ནི་ཤིན་ཏུ་གཡོ་བ་ཉིད་དོ། །ཤིན་ཏུ་གཡོ་བ་མེད་པ་ནི་ཤིན་ཏུ་གཡོ་བ་མེད་པའོ།།
་ལྕེའི?་རྩེ་མོ་ནི་ལྕེའི་རྩེ་མོའོ། །ཤིན་ཏུ་གཡོ་བ་མེད་པའི་ལྕེའི་རྩེ་མོ་གང་ལ་ཡོད་པ་དེ་ནི་ཤིན་ཏུ་གཡོ་བ་མེད་པའི་ལྕེའི་རྩེ་མོའོ། །ཤིན་ཏུ་གཡོ་བ་མེད་པའི་ལྕེའི་རྩེ་མོ་ཡང་དེ་ཡིན་ལ་སོ་དང་མཆུ་གཉིས་དང་ལྡན་པ་ཡང་དེ་ཉིད་ཡིན་པས་ན་ཤིན་ཏུ་གཡོ་མེད་ལྕེ
་རྩེ་དང་མཆུ?་དང?་སོ་གཉིས་ལྡན་པའོ། །ཤིན་ཏུའི་སྒྲ་ནི་སོ་དང་མཆུ་གཉིས་ལ་རྗེས་སུ་འཇུག་པ་ཡིན་ནོ། །དེ་བས་ན་དོན་འདི་ལྟར་བཤད་པར་འགྱུར་ཏེ། ཅུང་ཟད་རྩེ་མོ་གཡོ་བ་དང། ཟད་མཆུ་དང་སོ་གཉིས་ཡང་དག་པར་ལྡན་པ་གང་ཡིན་པ་དེ་ནི་དེ་ནི་རྡོ་རྗེའི་དག
་གོ། དབྱངས་དང་དཔྲལ?་བ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་གཟུང་བའི་སྒྲ་དང་བྲལ་བ་ཞེས་བྱ་པའི་དོན་ཏོ། །རིགས་ཀུན་གྲུབ་པར་བྱེད་ཅེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ཨི་རིགས་ནས་བཟུང་སྟེ། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། པདྨ་དང། ནོར
་བུའི་རིགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་རབ་ཏུ་གྲུབ་པར་བྱེད་པའོ། །འདིས་ནི་ངག་འདིའི་ཐུན་མོང་ཡིན་ནོ་ཞེས་བྱ་བའི་དོན་བསྟན་ཏོ། །ཡི་གེ་ཧཱུཾ་གི་གླུ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཇི་སྲིད་མངོན་པར་འདོད་པའི་བཟླས་པས་ཞེས་བྱ་བ་ནི་གྲངས་ཀྱི་ངེས་པ་མེད་པ
་བསྟན་པ་ཡིན་ཏེ། འདིར་བསྒོམ་པ་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་རོ། །བཟླས་པའི་དོན་གྱིས་ཀྱང་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱས་བ་བྱ་བ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་བཟླས་པའི་དོན་དུ་ཉེ་བའི་སྙིང་པོ་ཤེས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཨ་ནུ་ར་ག་ཡ་མི
་ཞེས་བྱ་བ་མངོན་དུ་བྱ་ཞིང་རྣལ་འབྱོར་པས་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་བ་ཡིན་ཏེ། འདི་ནི་ཉེ་བའི་སྙིང་པོ་ཤེས་པའོ། །ཉེ་བའི་སྙིང་པོ་ཤེས་པ་འདི་དག་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་བསྒྲུབ་པའོ་ཞེས་བྱ་བའོ། །ཅི་བྱས་ནས་ཉེ་བའི་སྙིང་པོ་འདི
་ཤེས་པས་རྡོ་རྗེ་སེམས་དཔའ་འདི་བསྒྲུབ་པར་བྱ་བ་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་རང་ལ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་སྟེ། བྱིན་གྱིས་བརླབས་པ་དེ་ཡང་བཤད་ཟིན་ཏོ། །ཅི་བྱ་ཞིང་བསྒྲུབ་པར་བྱ་ཞེ་ན། དེ་བཞིན་དུ་བལྟ་ཞིང་ཞེས་བྱ་བ་ལ་སོགས་པ
་ལ། ཇི་ལྟར་དཀྱིལ་འཁོར་ཆེན་པོ་བསྒྲུབ་པ་ལ་བཅོམ་ལྡན་འདས་རྡོ་རྗེ་བལྟ་བས་ལྟ་ཞིང་བསྒྲུབ་པར་བྱའོ་ཞེས་བྱ་བ་དེ་བཞིན་དུ་བསྒྲུབ་པའི་ཐབས་ཀྱིས་བསྒྲུབ་པ་ལ། ཡང་རྡོ་རྗེ་ལྟ་བས་ལྟ་ཞིང་བསྒྲུབ་པར་བྱའོ། །ལན་ཅིག་སྒྲུབ་པ་ནི་ཇི་ལྟ་བ་བཞིན་མངོན
་པར་འདོད་པའི་བཟླས་པས་སོ། །ཞེས་བྱ་བ་ལ། ཉིན་རེ་ཐུན་མཚམས་སྔ་མའི་དུས་སུ་དཔག་ཏུ་མེད་པའི་བཟླས་པས་བསྒྲུབ་པ་ལན་ཅིག་བྱའོ། །དེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཤིན་ཏུ་མཉམ་པར་བཞག་པའི་རྣལ་འབྱོར་གྱིས་ཅི་ནུས་པར་བསྒྲུབ་པར་ལན
་ཅིག་ཏུ་བྱས་ནས། དེའི་དུས་ཕྱི་མ་ལ་ཇི་ལྟར་མངོན་པར་བརྩོན་པ་ནི་མཉམ་པར་མ་བཞག་པ་དང་ཤིན་ཏུ་མཉམ་པར་བཞག་པའི་རྣལ་འབྱོར་དག་གིས་སོ། །ཇི་ལྟར་འདོད་པ་ནི་ཇི་ལྟར་མོས་པའོ། །ཇི་ལྟར་མངོན་པར་འདོད། ནི?་དུས་ཇི་ཙམ་དུ་བསྒོམ?་པར་འདོད
་པ་ཡིན་ནོ། །ཇི་ལྟར་བྱིན་གྱིས་བརླབས་པས་ཞེས་བྱ་བ་ནི་ལྷ་བསྒོམ་པ་ལས་བྱུང་བའི་བ་སྤུ་ལྡང་བ་ལ་སོགས་པའོ། །དེ་ལྟར་ཇི་ལྟ་བ་བཞིན་དུ་བཤད་པའི་ཡི་གེ་གླུའི་བཟླས་པས་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་ནི་རྡོ་རྗེ་སེམས་དཔའ་ཨི་དགའ་བའི་ཤུགས
་ཀྱིས་བསྒྲུབ་པས་དེ་མངོན་དུ་བྱ་བ་ཡིན་ནོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ཅེས་བྱ་བའོ། །ཇི་ལྟ་བ་བཞིན་དུ་འདོད་པ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའོ། །འདིས་ནི་འདི་བཤད་པར་འགྱུར་ཏེ། སྔ་མ་བཞིན་དུ་དམ་ཚིག
་སེམས་དཔའ་ཨི་བྱིན་གྱིས་བརླབས་པ་མཐར་ཐུག་པའི་ཆོ་ག་རྗེས་སུ་སྦྱར་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ཡི་གེ་ཧྲི་ལས་མདུན་དུ་སྣ་ཚོགས་པ་དེའི་སྟེང་དུ་ཡི་གེ་ཧཱུཾ་ཨ་ཞེས་བརྗོད་པས་དང་པོའི་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་རྣམ་པར་བསམས་ལ། བཛྲ
་ཧཾ་ཞེས་བྱ་བ་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་སཏྭཾ་ཧཾ་ཞེས་བྱ་བ་བརྗོད་ཅིང་རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་བདག་ཉིད་རྣམ་པར་བསམས་ལ། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་པོས་བཅོམ་ལྡན་འདས་དེ་ཉིད་བཀུག་ཅིང་བཅུག་སྟེ་བཅིང་པ་ལ་དབང
་དུ་བྱས་ནས། དང་པོའི་རྡོ་རྗེའི་ཕྱག་རྒྱས་དྲི་ཤྱ་ཞེས་བྱ་བས་བལྟ་བར་བྱས་ལ། དྲིལ་བུ་དང་བཅས་པའི་གསང་བ་ལྕགས་ཀྱུ་མ་དང། ཡི་གེ་ཧཱུཾ་གིས་རང་གི་ལུས་ལ་བཅུག་ཏེ། སླར་ཡང་དང་པོའི་རྡོ་རྗེ་བཅིངས་ནས། ས་མ་ཡ་ཧཾ་ཞེས་བྱ་བ་བརྗོད་ཅིང
་འོད་ཀྱིས་དཀྱིལ་འཁོར་ཕབ་པར་བྱས་ནས། ས་མ་ཡསྟཝཾ་ཨ་ཧཾ་ཛ:ཧཱུཾ་བཾ་ཧོ། །ཞེས་བྱ་བ་ལན་གསུམ་བརྗོད་ཅིང་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་བདག་ཉིད་དུ་གྱུར་པར་བསམ་པའོ། །སླར་ཡང་གསང་བའི་ལྕགས་ཀྱུ་མ་བཅིངས་ནས། ཨ་ནུ་ར་ག་ཡ་མི་ཧཱུཾ
་ཞེས་བྱ་བ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་ཆོས་དང་ལས་དང། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། ཛ:ཧཱུཾ་བཾ་ཧོ:ཞེས་བརྗོད་ཅིང་ཡིད་ཀྱིས་ལེགས་པའི་སྦྱོར་བས་སངས་རྒྱས་ཐམས་ཅད་བཅུག་སྟེ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར
་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་དེ་དག་ལ་རྒྱས་བཏབ་ནས་སྔ་མ་བཞིན་དུ་དང་པོའི་རྡོ་རྗེས་བདག་ཉིད་ཀྱི་གནས་བཞིར་བྱིན་གྱིས་བརླབས་ཏེ། ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་སངས་རྒྱས་ལྔའི་འོད?་ཕན?་གྱིས་?་བསྐུར་བའི
་ཕྱག་རྒྱས་དབང་བསྐུར་ཏེ། རྡོ་རྗེ་དང། བདག་པོ་དང། མིང་གིས་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བཟུང་བར་བྱའོ། །དེ་ནས་ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་གླུ་བརྗོད་ཅིང་རྡོ་རྗེའི་གར་བྱས་ཏེ། རབ་ཏུ་དགའ་བའི་ཕྱག
་རྒྱ་བཅིངས་ནས་དེའི་སྙིང་པོ་བརྗོད་ཅིང་མེ་ཏོག་དབུལ་བའི་ཚུལ་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིང་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་བརྗོད་ཅིང་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་འདོད་ཆགས་རྡོ་རྗེ་མའི་སྙིང་པོ་བརྗོད་ཅིང། རྡོ་རྗེ་མཚོན་ཆ་མའི
་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། དེ་ནS་དེ་བཞིན་དུ་གར་ལས་བྱུང་བའི་དགའ་བ་མའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོས་སྤོས་འབུལ་བའི་ཚུལ་བྱས་ལ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་དེ་བཞིན་དུ་ཀཱི་ལི་ཀཱི
་ལའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སླར་ཡང་དེ་བཞིན་དུ་གར་བྱས་ལ་སྦྱན་གྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་དང། དེ་ནས་རྡོ་རྗེ་དྲན་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །སླར་ཡང
་དེ་བཞིན་དུ་གར་བྱས་པ་དཔའ་?་ཆེན་མོའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱ་དང། དེ་ནས་རྡོ་རྗེ་འདོད་མའི་དབང་ཕྱུག་མའི་ལས་ཀྱི་ཕྱག་རྒྱ་དེ་བཞིན་དུ་བཅིང་བར་བྱའོ། །འདི་ནི་གསང་བའི་མཆོད་པ་རྣམ་པ་བཞིའོ
་དེ་ནས་བདག་ཉིད་ཡང་དག་པར་མཆོད་ལ་སྒེག་མོ་དང་དགའ་བའི་རྡོ་རྗེ་མས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། དེ་ཁོ་ན་ཉིད་དང། ཆོས་དང། ལས་དང། དམ་ཚིག་རྣམས་བླངས་ཏེ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱས་ནས་རང་གི་སྙིང་ག་ན་གནས་པའི
་རྡོ་རྗེ་ལ་ཡི་གེ་ཧཱུཾ་རྣམ་པར་བསམས་ཏེ། དེ་བཞིན་དུ་བདག་གི་རྡོ་རྗེ་སེམས་དཔར་གྱུར་ཅིག་ཅེས་སྨོན་ལམ་བྱས་ལ། ཨ་ནུ་ར་ག་ཡ་མི་ཞེས་བྱ་བ་བཟླས་པའི་དོན་དུ་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ཨི་བསྒྲུབ་པ
་བྱས་ནས་ད་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྐུའི་གསང་བ་བྱིན་གྱིས་བརླབ་པར་བྱེད
་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་དག་གི་སྐུའི་གསང་བའི་ཚུལ་གྱིས་རང་བཞིན་ཅན་ནོ། །སྐུ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདི་དག་གི་སྒྲུབ་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པ་བཞིན་དུ་ཤེས་པར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ། འདོད་ཆགས
་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་ཟླ་བའི་དཀྱིལ་འཁོར་དང་བཅས་པའི་དད་པོའི་རྡོ་རྗེའི་རྣམ་པར་བསམས་ལ་རྣལ་འབྱོར་གྱི་རྡོ་རྗེ་དེ་ཉིད་དེ་རྣམས་ཀྱི་སྙིང་པོ་ལས་རང་གི་ཕྱག་མཚན་རྣམ་པར་བསམས་ཏེ། ཕྱག་མཚན་གྱིས་ང་རྒྱལ་བསྐྱེད་ལ
་ཕྱག་མཚན་དེ་ཉིད་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་ཡང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་བརྗོད་ཅིང་བདག་ཉིད་འདོད་ཆགས་རྡོ་རྗེ་མལ་སོགས་པའི་རང་བཞིན་དུ་མོས་པར
་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཇི་ལྟ་བ་བཞིན་དུ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྐུ་མདུན་དུ་བསྐྱེད་ལ། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པས་འདོད་ཆགས
་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་བཀུག་ཅིང་བཅུག་ལ་བཅིངས་ཏེ་དབང་དུ་བྱས་ནས། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་བལྟ་བར་བྱས་ལ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་དང་གསང་བའི་ལྕགས་ཀྱུ་མས་རང་གི་ལུས་ལ་བཅུག་ལ
་ཚོག?་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དང་སྒྲུབ་པ་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །དམ
་ཚིག་འཛིན་པར་བྱེད་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །བདེ་བ་ཆེན་པོའི་རྡོ་རྗེ་བཤད་པའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་སྟེ། དེ་ཉིད་ཀྱི་དམ་ཚིག་འཛིན་པ་གང་ཡིན་པ་དེ་བཤད་ཟིན་ཏོ།།
་རྡོ་རྗེ་མངའ་ལ་སོགས་པ་ནི་འདི་ལས་བྱུང་བའོ། །བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་འདི་ལས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་རྡོ་རྗེ་མངའ་ལ་སོགས་པ་བཞི་པོ་དམ་ཚིག་འཛིན་པའི་ཕྱག་རྒྱ་རྣམས་འབྱུང་ངོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ
་དང་པོའི་རྡོ་རྗེ་བཅིང་ཏེ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ནས་མཛུབ?་མོ་གཉིས་ཀྱི་རྩེ་མོ་ཅི་ནུས་པར་མངའ་ཨི་ཚུལ་དུ་ཕྱི་རོལ་དུ་དྲང་བར་བྱ་སྟེ། འདི་ནི་འདོད་ཆགས་རྡོ་རྗེ་མའི་རྡོ་རྗེ་མངའ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།།
་དང་པོའི་རྡོ་རྗེ་བཅིངས་ལ་རྡོ་རྗེ་བསྔམས་པའི་ཚུལ་གྱིས་མཐེ་བོང་གཉིས་བཟུང་བར་བྱ་སྟེ། འདི་ནི་ཀཱི་ལི་ཀཱི་ལ་མའོ། །དང་པོའི་རྡོ་རྗེ་བཅིངས་ཏེ་མཐེ་བོང་གཉིས་བརླང་སྟེ། མ་འབྱར་བར་བྱས་ལ་གཡས་པའི་མཛུབ་མོ་ལྕགས་ཀྱུ་རྣམ་པ་གཡོན་པའི
་དབུས་མའི་ཚིགས་གསུམ་པར་བཙུགས་ལ་གཡོན་པའི་མཛུབ་མོས་དེ་བཞིན་དུ་གཡས་པའི་དབུས་མའི་ཚིགས་གསུམ་པར་བཙུགས་ཏེ། སྲིན་ལག་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་དང། མཐེའུ་ཆུང་གཉིས་ཀྱི་རྩེ་མོ་སྦྱར་ནས་རྩེ་མོ་འདིས
་བྱས་པ་འདི་ནི་རྡོ་རྗེ་དྲན་མའོ། །དང་པོའི་རྡོ་རྗེ་བཅིངས་ལ་བརླ་གཡས་པ་དང་གཡོན་པ་ལ་བཟུང་པར་བྱ་སྟེ། འདི་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་བསྐོར་བ་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ལ་ལྷག་པར་དད་པའི་
་ཁྱད་པར་གྱིས་སྒེག་པ་དང་བཅས་པའི་མིག་གིས་ལྟ་ཞིང་སྤྱི་བོས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་སྤྱི་བོར་བཟུང་བར་བྱ་སྟེ། དེ་ནས་དེ་ལས་ཕབ་ནས་མེ་ཏོག་འབུལ་བའི་ཚུལ་གྱིས་གྱེན་དུ་གཏོར་བར་བྱ་སྟེ། འདི་ནི་རབ་ཏུ་དགའ་བ་མའི་འོ། །དེ
་བཞིན་དུ་རྡོ་རྗེ་ཐལ་མོ་བསྐོར་བ་བཅིངས་ལ་སྤྱི་བོར་བཞག་ནས་ཕབ་སྟེ། སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་ངོར་བར་བྱས་ཏེ་འདི་ནི་དགའ་མའི་འོ། །དེ་བཞིན་དུ་རྡོ་རྗེ་ཐལ་མོ་བསྐོར་བ་བཅིང་ལ་སྤྱི་བོར་བཞག་ནས་ཕབ་སྟེ་མར་མེ་འབུལ་བའི་ཚུལ་དུ་མཐེ་བོང་སྦྱར
་བ་བསྐོར་ནས་བཟུང་བར་བྱ་སྟེ། སྤྱན་གྱིའོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཐལ་མོ་སྤྱི་པོར་བཞག་ནས་ཕབ་ཏེ་རང་གི་སྙིང་གའི་ཕྱོགས་སུ་བརྐྱང་ཏེ་དྲི་བྱུག་པའི་ཚུལ་གྱིས་བཟུང་བར་བྱ་སྟེ། འདིས་ནི་རྡོ་རྗེ་དྲི་མའིའོ། །རྡོ་རྗེ་ཐལ་མོ་བཅིངས་ཏེ། དེས་ལྷག་པར
་དད་པའི་ཁྱད་པར་རྣམ་པར་འཕྲུལ་པའི་ཚུལ་བསྟན་པར་བྱ་སྟེ། འདི་ནི་སྒེག་མའི་འོ། །རྡོ་རྗེ་ཐལ་མོ་བཅིངས་ཏེ་རྒོད་པའི་ཚུལ་གྱིས་ཁར་ཡོངས་སུ་བསྐོར་ལ་སྤྱི་བོར་བཟུང་བར་བྱ་སྟེ། འདི་ནི་བཞད་མའིའོ། །རྡོ་རྗེ་ཐལ་མོ་བཅིངས་ཏེ། གཡོན་པའི་མཛུབ་མོ་པི་ཝང
་གི་ཚུལ་དུ་བཟུང་བར་བྱས་ལ་གཡས་པའི་མཛུབ་མོ་བཀུག་པས་རྡོ་རྗེ་པི་ཝང་བརྡུང་བའི་རྡོ་རྗེ་གླུ་མའི་སྙིང་པོའི་རྡོ་རྗེ་གླུས་མངོན་པར་བསྟོད་ཅིང་རྣལ་འབྱོར་པས་ཕྱག་རྒྱ་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་གླུ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གང་བྱས་ལ་སྤྱི
་བོར་རྡོ་རྗེ་ཐལ་མོ་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་གར་མའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་གཡས་པའི་མཛུབ་མོ་བརྐྱང་ཏེ་བཀུག་ལ་ལྕགས་ཀྱུའི་རྣམ་པར་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ
་མཐེ་བོང་གཉིས་ཕན་ཚུན་དུ་འདུད་པ་བྱས་ཏེ། འདི་ནི་རྡོ་རྗེ་ཞགས་པ་མའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་དང་མཐེ་བོང་དག་གིས་ལྕགས་ཀྱི་ལུ་གུ་རྒྱུད་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་སྒྲོག་མའི་འོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་རང
་རང་གི་མཐེའུ་ཆུང་དང་སྲིན་ལག་གི་ནང་དུ་མཐེ་བོང་གཉིས་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་དྲིལ་བུ་མའིའོ། །གསང་བའི་དམ་ཚིག་གི་ཕྱག་རྒྱ་བཤད་ཟིན་ཏོ། །གཞན་རྣམས་ཐམས་ཅད་ཇི་བཞིན་བཤད་ཅེས་བྱ་བ་ལ། ཤིན་ཏུ་དགའ་མ་ལ་སོགས་པའི་དམ་ཚིག
་གི་ཕྱག་རྒྱ་རྣམས་ཁོ་ནར་རབ་ཏུ་དགའ་མ་ལ་སོགས་པ་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པའི་བར་གྱིས་གསང་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་རབ་ཏུ་སྦྱོར་བའི་ཁྱད་པར་གྱིས་འགྱུར་བ་ཡིན་ནོ། །དེ་ལ་སྤྱོད་པའི་ཁྱད་པར་ནི་འདི་ཡིན་ཏེ་གང་ཞིག་ཉེ་བའི་སྙིང་པོ་དང་བཅས
་བའི་རང་གི་ལྷའི་སྙིང་པོ་བཟླས་པ་ཞེས་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་ནས་ཇི་སྲིད་དུ། ཨ་ནུ་ར་ག་ཡ་མི་བཛྲ་གྷནདྷེ་ཧོ་ཞེས་བྱ་བའི་བར་གྱིས་རང་གི་ལྷའི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཉེ་བའི་སྙིང་པོ་དང
་བཅས་པས་རང་གི་ལྷའི་སྙིང་པོ་བཟླ་བར་བྱའོ། །དམ་ཚིག་རྡོ་རྗེའི་འབེབས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི་ཕྱག་རྒྱ་ནི་དམ་ཚིག་རྡོ་རྗེ་འབེབས་པ་སྟེ་དེ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་རང་གི་མཐེ་བོང་གི་སྟེང་དུ་ཡང་དག
་པར་སྦྱར་ཞིང་བཟུང་བར་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བསྐྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའོ། །ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་ཀྱི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ། དེ་མ་ཐག་པ
་ཉིད་དུ་གཉིས་སུ་བྱས་སྟེ། ཕྱག་མཚན་མེད་པའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུའི་མཐར་ཐུག་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་ཇི་ལྟར
་བཅིང་བར་བྱ་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙེམས་པར་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་བསྐོར་བ་བྱས་ལ་རང་གི་སྙིང་གའི་ཕྱོགས་སུ་བསྟོད་པའི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་མཚོན་ཆ་མ་ལ་ཞེས་བྱ་བ
་འདོད་ཆགས་རྡོ་རྗེ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ནི་རྡོ་རྗེ་གཉིས་ཏེ་ངེས་བསྟོད་པའི་ཚུལ་ནི་གྱེན་དུ་བསྟོད་པའོ། །དེ་བསྟོད་པར་བྱེད་པའི་ཕྱག་རྒྱ་ནི་རྡོ་རྗེ་གཉིས་བསྟོད་པའི་ཚུལ་ཅན་ཏེ། རྡོ་རྗེ་ཀཱི་ལི་ཀཱི་ལ་ཞེས་བྱ་བ་རྡོ་རྗེ་ཀཱི་ལི་ཀཱི་ལའི་ལས་ཀྱི་ཕྱག
་རྒྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། རང་གི་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ལ་འཁྱུད་པའི་ཚུལ་གྱིས་འཁྱུད་དེ། བསྟོད་པ་ལ་སོགས་པ་རྡོ་རྗེ་ཁུ་ཚུར་གཉིས་བཟུང་བར་བྱའོ། །ཞེས་བྱ་བའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྒྱལ་མཚན་བསྒྲེང
་བའི་ཚུལ་དུ་བྱ་སྟེ། རྡོ་རྗེ་དྲན་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བསྙེམས་པ་གཉིས་བྱ་སྟེ། རྡོ་རྗེ་འདོད་པའི་དབང་ཕྱུག་མའིའོ། །མཚམས་རྣམས་སུ་རྡོ་རྗེ་གར་བཤད་པའོ། །ཞེས་བྱ་བ་ལ། ནང་གི་དཀྱིལ་འཁོར་གྱི་མཚམས་བཞི་པོ་ལ་རབ་ཏུ་དགའ་
་མ་ལ་སོགས་པའི་རྡོ་རྗེ་གར་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ཉིད་ནི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །སྒེག་མོ་ལ་སོགས་པ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ལ། སྒེག་མོ་དང། བཞད་མ་དང། གླུ་ལེན་མ་དང། གར་མ་རྣམས་ཀྱི་གར་ལས
་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་ཀྱི་ཕྱག་རྒྱ་རྣམས་ཡིན་ནོ། །རྡོ་རྗེ་སྒོ་མ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཁྲིག་མ་གཉིས་མདུད་པ་བྱས་ལ། གཡས་པའི་མཛུབ་མོ་བཀའ་བསྒོ་བའི་ཚུལ་གྱིས་ཡང་དག་པར
་བཟུང་ཞིང་བཀུག་ལ་ལྕགས་ཀྱུའི་རྣམ་པས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་དེས་མཁྲིག་མའི་མདུད་པ་བྱས་ཏེ། འདི་ནི་རྡོ་རྗེ་ཞགས་པ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཁྲིག་མ་མདུད་པ་བྱས
་ལ་མནན་པར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་སྒྲོག་མའིའོ། །རྡོ་རྗེ་ལྕགས་སྒྲོག་མའི་ཕྱག་རྒྱ་ཉིད་རང་གི་སྙིང་གར་དྲིལ་བུ་ཕྲ་བར་དཀྲོལ་བའི་ཚུལ་གྱིས་བསྐྱོད་པར་བྱས་ཏེ། འདི་ནི་རྡོ་རྗེ་དྲིལ་བུ་མའི་ལས་ཀྱི་ཕྱག་རྒྱའོ། །འདི་རྣམས་ཀྱི་ཞེས་བྱ་བ
་ལ་སོགས་པ་ནི་གོ་སླའོ། །ཅི་བཞིན་འགྲུབ་ཅེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པའི་བར་གྱི་དངོས་གྲུབ་ནི་ཇི་བཞིན་དངོས་གྲུབ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས
་གྲུབ་པ་གང་ཡིན་པ་དེ་ནི་ཅི་བཞིན་གྲུབ་པའོ། །བྱེད་པར་འགྱུར་བཅི་བཞིན་དུ་གྲུབ་པ་ངེས་མཆོག་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་རང་བཞིན་གྱིས་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་མཚན་མ་ནི་སྙིང་གར་གནས་པའི་སྣ་ཚོགས
་རྡོ་རྗེ་དང་བཅས་པའི་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བ་རྣམས་སོ། །ཡུལ་དུ་གྱུར་པའི་མཆོག་གི་ཕྱག་མཚན་དེ་རྣམས་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་གྱི་དངོས་གྲུབ་ཆེན་པོ་མྱུར་དུ་གསོལ་བའོ། །ཐོག་མ་དང་ཐ་མ་མེད་པའི་ཕྱག་རྒྱ་ནི་དང་པོའི
་ཕྱག་རྒྱའོ། །དགེ་བ་ནི་བྲལ?་པ་མེད་པའོ། །འདི་དག་ཅེས་བྱ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་འདི་རྣམས་ལ་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་ཡང་གྲུབ་པར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་བསྟན་ནས། ད་ནི་ལས་ཀྱི
་ཚོགས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་མེད་པ་བསྒྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྨྲ?་ནི་སྐབས་སུ་བབ་པའོ། །ཕྱག་རྒྱ་ཆེན་པོ་རྫོགས་པ་ནི་དངོས་གྲུབ་སྟེ། དེ་མེད་པ་ནི་དངོས
་གྲུབ་མ་ཐོབ་པའོ། །དངོས་གྲུབ་མ་ཐོབ་པ་དེ་སྒྲུབ་པ་ནི་དངོས་གྲུབ་མ་ཐོབ་པ་སྒྲུབ་པ་སྟེ། རྗེས་སུ་ཆགས་པ་ལ་སོགས་པའོ། །དེའི་དོན་དུ་ཕྱག་རྒྱ་ཆེན་པོའི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་སོ། །དེ་རྣམས་འཆིང་བ་ནི་དེ་དག་འཆིང་པའི་མཚན་ཉིད་འདི་ཡིན་ནོ
་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྗེས་སུ་ཆགས་པ་ལ་སོགས་པ་རྣམས་ནི་ཇི་ལྟར་སྒྲུབ་པར་བྱ་ཞེ་ན། དང་པོའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་དེ་ཉིད་ཀྱི་ལས་ཕྱག་རྒྱ་བཞིའི་ཚོགས་ཀྱི་ཚུལ་གྱི་རྗེས་སུ་ཆགས་པ་ལ་སོགས
་པ་སོགས་པའི་ཚུལ་གྱིས་སྒྲུབ་པར་བྱའོ། །རྒོད་པ་དང། དགུག་པ་དང། བསྟན་པ་དང། ལས་བསྟན་པས་སོ་ཞེས་བྱ་བ་ལ་རྒོད་པ་དང། དགུག་པ་དང། བརྟན་པ་དང། ལས་ནི་རྒོད་པ་དང། དགུག་པ་དང་བསྟན་པ་དང། ལས་རྣམས་ཏེ་དེ
་དག་བལྟ་བས་བསྒྲུབ་པར་བྱའོ། །འདིས་འདི་ལྟར་བཤད་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ཏེ་རྒོད་པའི་གདོང་གིས་རྡོ་རྗེའི་བལྟ་བས་རྗེས་སུ་ཆགས་པ་བསྒྲུབ་པར་བྱའོ། །འབར་བའི་བལྟ་བས་བསྒྲུབ་བྱ་དགུག་པར་བྱ་སྟེ། དེ་ལྟར་བསྒྲུབ་པ་དགུག
་པར་བྱའོ། །བརྟན་པའི་ལྟ་བ་དང། འཆིང་པའི་བསམ་པ་ལས་ལྟ་ཞིང་བཟླས་པ་བྱ་སྟེ། དེ་ལྟར་ན་བསྟན་པར་འཆིང་བར་འགྱུར་རོ། །རྡོ་རྗེ་བལྟ་བས་བསྒྲུབ་བྱ་དབང་དུ་བྱེད་པ་རྫོགས་པའི་བསམ་པས་བལྟ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་?་དབང་དུ་བྱ
་བའི་ལས་ལྟ་བས་གྲུབ་པ་ཡིན་ནོ། །དེ་ལྟར་ན་དང་པོའི་རྡོ་རྗེ་ལྟ་བས་ལས་བཞི་པོ་སྒྲུབ་པ་ཡིན་ནོ། །རྟགས་དང་སྙིང་ག་དང། དབང་བསྐུར་བ་དང། སྤྱི་བོར་བཞག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་རང་གི་རྟོགས་ལ་གཟུང་བར་བྱ་སྟེ། དེ་ལྟར་ན་བདེ་བ
་ཐམས་ཅད་མངོན་པར་འཕེལ་བར་འགྱུར་རོ། །རང་གི་སྙིང་གར་བཟུང་བར་བྱ་སྟེ། དེ་ལྟར་ན་ཡིད་བདེ་བ་ཐམས་ཅད་མངོན་པར་འཕེལ་བར་འགྱུར་རོ། །དབང་བསྐུར་བའི་གནས་སུ་བཟུང་པར་བྱ་སྟེ། དེ་ལྟར་ན་ཕུན་སུམ་ཚོགས་པ་ཐམས་ཅད
་མངོན་པར་འཕེལ་བར་འགྱུར་རོ། །སྤྱི་བོར་བཟུང་བར་བྱ་སྟེ། དེ་ལྟར་ན་དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་འགྱུར་རོ། །དབུས་མའི་རྡོ་རྗེ་སྙིང་ག་དང་རྟགས་དང། ཁང?་དང། དབང་བསྐུར་དུ་བཞག་ནས་བཏུང་བར་བྱའོ། །ཞེས་བྱ་བ
་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། དབུས་མའི་རྡོ་རྗེ་རང་གི་སྙིང་གར་བཞག་ལ་ཕྱི་ནས་རང་གི་ཁ་ལ་བཟུང་ཞིང་བཏུང་བར་བྱ་སྟེ། དེ་ལྟར་ན་ཚེ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །རང་རྟགས་ལ་བཞག་ནས་ཁར་བཟུང་ཞིང་བཏུང་པར་བྱ་སྟེ།
་དེ་ལྟར་ན་ན་ཚོང་མངོན་པར་འཕེལ་བར་འགྱུར་རོ། །རང་གི་བར་བཟུང་ཞིང་བཏུང་བར་བྱ་སྟེ། དེ་ལྟར་ན་གཟུགས་མངོན་པར་འཕེལ་ལོ། །དབང་བསྐུར་པའི་གནས་སུ་བཞག་ཏེ། རྗེས་ལ་ཁར་བཟུང་ཞིང་བཏུང་བར་བྱ་སྟེ། དེས་ནི་གཟི་བརྗིད་འཕེལ་བར་འགྱུར་པ་ཡིན་ནོ།།
་མཛུབ་མོ་དང་དབུས་མ་དང། སྲིན་ལག་དང། མཐེ་ཆུང་གི་རྡོ་རྗེ་ཞེས་བྱ་བ་ལ། ངང?་པོའི་རྡོ་རྗེའི་མཛུབ་མོ་གཉིས་ཀྱིས་ཡང་དག་པར་སྦྱར་བའི་རྩེ་མོ་བྱ་སྟེ། དེ་ལྟར་ན་དཔལ་ཆེན་པོ་ངོན་པར་འཕེལ་བར་འགྱུར་རོ། །དང་པོའི་རྡོ་རྗེ་དབུས་མའི་རྩེ་མོར་ཕྱིར
་བཟུང་བར་བྱ་སྟེ། དེ་ལྟར་བདེ་བ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དང་པོའི་རྡོ་རྗེ་སྲིན་ལག་གཉིས་ཀྱིས་རྩེ་མོར་བྱ་སྟེ། འདིས་སྒྲ་སྙན་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དང་པོའི་མཐེའུ་ཆུང་གཉིས་རྩེ་མོ་བསླང་ལ་བཟུང་བར་བྱ་སྟེ། དེ
་ལྟར་ན་གྲགས་པ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དཔུང་པ་དང། སྙིང་ག་དང། ལྕེ་དང། སྤྱི་བོར་གཏོད་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་རང་གི་དཔུང་པར་གཏོང་པའི་ཚུལ་བྱ་སྟེ། འདིས་སྟོབས་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དང
་པོའི་རྡོ་རྗེ་རང་གི་སྙིང་གར་གཏོད་པས་ཡེ་ཤེས་ཆེན་པོ་འགྲུབ་པའོ། །རང་གི་ལྕེ་གཏོང་པས་ཆོས་གྲུབ་པའོ། །དང་པོའི་རྡོ་རྗེ་སྤྱི་བོར་གཏོང་པ་ལས་གྲུབ་པར་འགྱུར་རོ། །ནམ་མཁའ་བསྐྱེད་པ་དང། མཛུབ་མོ་དང་སྲིན་ལག་འབར་བ་དང། སྙིང་གར
་དགའ་བ་དང། རང་གི་ལུས་ལ་བསྐོར་བ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ལ། །དེ་ཡིས་ནམ་མཁའ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་བསྐྱེད་ནས་བལྟ་བའི་ཚུལ་བྱ་སྟེ། དེ་ལྟར་ན་དངོས་གྲུབ་ཐམས་ཅད་མཐོང་བར་འགྱུར་རོ། །དང
་པོའི་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ཀྱིས་འབར་བའི་ཚུལ་བྱ་སྟེ། དེ་ལྟར་ན་ཆོ་འཕྲུལ་ཐམས་ཅད་མཐོང་བ་ཡིན་ནོ། །དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གར་དགའ་བ་བསྐྱེད་པའི་ཚུལ་གྱིས་བཟུང་བར་བྱ་སྟེ། དེ་ལྟར་ན་རྨད་དུ་བྱུང་བ་ཐམས་ཅད
་མཐོང་བ་ཡིན་ནོ། དང་པོའི་རྡོ་རྗེ་བཅིངས་ལ་རང་གི་ལུས་ལ་བསྐོར་བར་བྱ་སྟེ། དེ་ལྟར་ན་རྣམ་པར་འཕྲུལ་པ་ཐམས་ཅད་མཐོང་བར་འགྱུར་བ་ཡིན་ནོ། །ཐམས་ཅད་དུ་བསྐོར་ནས་དབང་པོ་ཀུན་ལ་བཞག་པར་བྱའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ
་བཅིངས་ལ་ཐམས་ཅད་དུ་བསྐོར་ནས། མིག་ལ་གཟུང་བར་བྱ་སྟེ། དེ་ལྟར་ན་བདེན་པ་ཐམས་ཅད་མཐོང་པར་འགྱུར་རོ། །དང་པོའི་རྡོ་རྗེ་ཐམས་ཅད་དུ་བསྐོར་ནས་རྣ་བ་གཉིས་ལ་བཟུང་བར་བྱ་སྟེ། དེ་ལྟར་ན་བདེན་པ་ཐམས་ཅད་མཐོང་བ་ཡིན་ནོ། །དང་པོའི
་རྡོ་རྗེ་བཅིངས་ལ་ཐམས་ཅད་དུ་བསྐོར་ནས་ལྕེ་ལ་བཟུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་སྨྲ་བའོ། །དང་པོའི་རྡོ་རྗེ་བཅིངས་ལ་ལུས་ཐམས་ཅད་བཟུང་བར་བྱ་སྟེ། དེ་ལྟར་ན་ལུས་ཀུན་གྱིས་འཁྱུད་པ་འགྲུབ་པར་འགྱུར་རོ། །དབུས་མའི་རྡོ་རྗེ་དབང་པོ
་ཐམས་ཅད་ལ་རེག་པའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེས་མིག་གཉིས་ལ་རེག་པས་བདེན་པ་ཐམས་ཅད་མཐོང་བའོ། །རྣ་བ་གཉིས་ལ་རེག་པས་ཐམས་ཅད་ཐོས་པའོ། །རང་གི་ལྕེ་ལ་རིག་པས་ཐམས་ཅད་སྨྲ་བའོ།།ལུས་ལ་རེག་པས་ན
་ཚོད་གཞོན་པ་ཐོབ་པར་འགྱུར་རོ། །རང་གི་ལས་བྱེད་པས་སོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེའི་དབུས་མའི་རྡོ་རྗེ་སྒྱུ་མ་ལྟ་བུའི་ཚུལ་བྱ་སྟེ། དེ་ལྟར་ན་སྒྱུ་མ་ལྟ་བ་ཐམས་ཅད་མཐོང་བར་འགྱུར་རོ། །དེ་ཉིད་ཀྱིས་ངོ་མཚར་བ་མཐོང་བའི་ཚུལ
་བྱ་སྟེ། དེ་ལྟར་ན་ངོ་མཚར་བ་ཐམས་ཅད་མཐོང་བའོ། །དེ་ཉིད་ཀྱི་སོ་སོར་བསྟན་པ་མཐོང་བའི་ཚུལ་བྱ་སྟེ། དེ་ལྟར་སོ་སོར་བསྟན་པ་ཐམས་ཅད་མཐོང་བ་ཡིན་ནོ། །དབང་བསྐུར་བར་བཞག་ནས་དེ་བཞིན་དུ་དངོས་གྲུབ་བྱེད་པའི་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི
་རྡོ་རྗེ་མཛོད་སྤུའི་ཕྱོགས་སུ་གཏེར་སྟོན་པའི་ཚུལ་གྱིས་བཟུང་བར་བྱ་སྟེ། དེ་ལྟར་ན་གཏེར་ཐམས་ཅད་ཐོན་པར་འགྱུར་རོ། །གཏེར་ལ་སོགས་པ་དགུག་པའི་ཚུལ་གྱིས་བཟུང་བར་བྱ་སྟེ། དེ་ལྟར་ན་ནོར་བུ་ཐམས་ཅད་འཕྲོག་པའོ། །རྒྱལ་སྲིད་འཐོབ་པའི
་ཚུལ་གྱིས་བཟུང་བར་བྱ་སྟེ། དེ་ལྟར་ན་རྒྱལ་སྲིད་འཐོབ་པའོ། །སྐྱེ་བོའི་ཚོགས་ཐམས་ཅད་རང་ལས་རག་ལུས་པའི་བསམ་པས་བཟུང་བར་བྱས་ནས་ས་གཞི་ཐམས་ཅད་ཉེ་བར་ལོངས་སྤྱད་པར་འགྱུར་རོ། །ས་ལ་བཞག་ནས་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས
་མའི་རྡོ་རྗེ་ལ་བཞག་ནས། དེ་ཡུལ་ཐམས་ཅད་སྤྲུལ་པའི་ཚུལ་བྱ་སྟེ། དེ་ལྟར་ན་ཡུལ་ཐམས་ཅད་སྤྲུལ་པ་ལ་ཉེ་བར་ལོངས་སྤྱོད་པར་འགྱུར་རོ། །སྐྱེ་བོ་སྤྲུལ་པའི་ཚུལ་བྱ་སྟེ། དེ་ལྟར་ན་འདོད་པའི་སྐྱེ་པོ་སྤྲུལ་པར་འགྱུར་རོ། །གྲོང་ཁྱེར་སྤྲུལ་པའི་ཚུལ་བྱ་སྟེ།
་འདི་ལྟར་ན་གྲོང་ཁྱེར་སྤྲུལ་པའོ། །ནགས་ཚལ་དང་ཆུ་པོ་སྤྲུལ་པའི་ཚུལ་བྱ་སྟེ། དེ་ལྟར་ནགས་ཚལ་དང་ཆུ་བོ་སྤྲུལ་པར་འགྱུར་རོ། །ཐམས་ཅད་དུ་བསྐོར་ནས་ཡིད་ཀྱིས་སྤྲུལ་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ཐམས་ཅད་བསྐོར
་བར་བྱ་སྟེ། དེ་ལྟར་ན་མཆོག་ཏུ་གྱུར་བའི་ཡུལ་སྤྲུལ་པར་བྱའོ། །རིན་པོ་ཆེ་སྤྲུལ་པའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ལྷའི་རིན་པོ་ཆེ་སྤྲུལ་པར་འགྱུར་རོ། །མཆོག་ཏུ་གྱུར་པའི་གྲོགས་པོ་དང། འཁོར་སྤྲུལ་པའི་བསམ་པས་ཐམས
་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་དེ་དག་སྤྲུལ་པར་འགྱུར་རོ། །ལྷའི་ཡུལ་ལ་སོགས་པའི་ཇི་ལྟར་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ལྷའི་ཡུལ་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱོད་པར་?
་བཙུམ་པ་མེད་པའི་ཁྲོ་ཞིང་འབར་ལ་གཡོ་བའི་ལྟ་བས་བལྟའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེས་བཙུམ་པ་མེད་པའི་ལྟ་བས་བལྟ་ཞིང་ཅི་འདོད་པའི་སྨིན་པའི་འབྲུ?་བསྐྱེད་པའི་ཚུལ་བྱ་སྟེ། དེ་ལྟར་ན་སྐད་ཅིག་མས་ས་འོག་ཐམས་ཅད་?
་སྨིན་པའི་འབྲུ་ལ་སོགས་པ་སྐྱེ་བར་འགྱུར་རོ། །ཁྲོའི་ལྟ་བས་བལྟ་ཞིང་ཆུ་མེད་པའི་ཕྱོགས་སུ་ཆུ་སྐྱེ་ཚུལ་བྱ་སྟེ། དེ་ལྟར་ན་ཆུ་མེད་པའི་ཕྱོགས་སུ་ཆུའི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ། །འབར་བའི་ལྟ་བས་བལྟ་ཞིང་སྣང་བ་ཆེན་པོ་བསྐྱེད་པའི་ཚུལ་
་བྱ་སྟེ། དེ་ལྟར་ན་མུན་པར་སྣང་བ་ཆེན་པོ་ཡང་དག་པར་སྐྱེ་བར་འགྱུར་རོ། །གཡོ་བའི་ལྟ་བས་གླུ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །བཟའ་བ་དང། བཏུད་པ་དད། རྐེད་པ་བསྐྱོད་པ་དང། སྤྱི་བོས་བཀའ་བསྒོ་བ་ཞེས་བྱ་བ་ལ།
་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེས་དངོས་པོ་ཐམས་ཅད་ཟ་བའི་ཚུལ་བསྟན་ཅིང་བཟའ་བར་བྱ་སྟེ། དེ་ལྟར་ན་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཟ་བར་འགྱུར་རོ། །འཐུང་བའི་ཚུལ་བསྟན་ཅིང་བཟླ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འཐུང
་པའོ། །རོལ་ཏུ་བཅུག་ཚུལ་བྱས་ཤིང། རྐེད་པ་བསྐྱོད་ལ་བཟླ་པའི་ཚུལ་བྱ་སྟེ། དེ་ལྟར་ན་གནོད་སྦྱིན་མ་ལས་སོགས་ཕ་རོལ་ཏུ་འཇུག་པའོ། །དབུས་མའི་རྡོ་རྗེ་དེ་ཉིད་ཀྱིས་སྤྱི་བོས་བཀའ་བསྒོ་བའི་ཚུལ་བྱས་ཤིང་བཟླ་བར་བྱ་སྟེ། དེ་ལྟར་ན
་ལས་ལ་ངེས་པར་སྦྱར་བར་འགྱུར་རོ། །ཐམས་ཅད་དུ་བསྐོར་ཞིང་ཐམས་ཅད་དུ་དྲན་པས་སོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བཟུང་སྟེ་དེ་བཞིན་གཤེགS་པ
་?་རྗེས་སུ་དྲན་པས་ཐཾས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པས་བྱམས་པ་ལ་སོགས་པ་མཐོང་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས
་པའི་རྡོ་རྗེ་འཆང་ཐམས་ཅད་རྗེས་སུ་དྲན་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྡོ་རྗེ་འཆང་ཐམས་ཅད་མཐོང་པ་ཡིན་ནོ། །དང་པོའི་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཐམས་ཅད་རྗེས་སུ་དྲན་པས་དང་པོའི་རྡོ་རྗེ་ལ་སོགས་པ་མཐོང་བར་འགྱུར་རོ། །མཐེའུ
་ཆུང་དང་མཐེ་བོང་དང། དབུས་མའི་རྡོ་རྗེ་བཞི་སྙིང་གར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ལ། མཛའ་ཨུ་ཆུང་གཉིས་ཀྱི་རྩེ་མོ་དང། མཐེ་བོང་གཉིས་ཀྱི་རྩེ་མོ་དབུས་མའི་རྩེ་མོ་དང་ཡང་དག་པར་སྦྱར་བར་བྱས་ལ་སྙིང་གར་བཟུང་ཞིང
་བདག་ཉིད་ཀྱི་ལུས་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པ་མི་མཐོང་བའི་བསམས་པས་བཟླ་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྤྲུལ་པ་འགྲུབ་པར་འགྱུར་རོ། །མི་སྣང་བའི་བསམ་པས་བཟླ་བར་བྱ་སྟེ། མི་སྣང་བར་འགྱུར་རོ། །ནམ་མཁར་འགྲོ
་བའི་བསམ་པས་བསྒོམ་ན་ནམ་མཁར་འགྲོ་བར་འགྱུར་རོ། །ཤིན་ཏུ་ཕྲ་བ་དང་རགས་བ་དུ་མ་ལ་ཞུགས་པ་དང། མཐོང་པ་བསྒོམས་པས་དེར་ཞུགས་པ་དང། མཐོང་པར་འགྱུར་རོ། །མཛུབ་མོ་གཉིས་ཀྱི་ཡི་གེ་ཧཱུཾ་དང་བཅས་པར་དགུག་པར་བྱའོ་ཞེས་བྱ་བ་ལ་དད་པོའི་རྡོ་རྗེ
་བཅིངས་ནས་མཛུབ་མོ་གཉིས་ཀྱི་སོར་མོ་བསྒྲེངས་ནས་འོག་ཏུ་བཏུང་བར་བྱས་པའི་བསམ་པས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་འཇུག་པར་འགྱུར་རོ། །དབང་དུ་བྱ་བའི་ཚུལ
་གྱིས་སྡིགས་མཛུབ་བྱས་ན་དབང་དུ་བྱེད་པ་ཡིན་ནོ། །བཅིང་བའི་ཚུལ་གྱིས་སྡིགས་མཛུབ་བྱས་ན་བཅིང་བའོ། །ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་ཚུལ་གྱིས་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་འཇིག་རྟེན་གྱི་བདག་པོ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར?
་སྦྱར་བར་འགྱུར་བ་ཡིན་ནོ། །དབུས་མའི་རྡོ་རྗེ་དཔྲལ་བར་འཕྲེང་ཀྱིས་མིག་བྱེད་པས་སོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་ལྷ་ཐམས་ཅད་གཞུག་པའི་བསྒོམ་པ་དཔྲལ་བར་འཕྲེང་དུ་མིག་གི་ཚུལ་དུ་བྱས་སྟེ། དེ་ལྟར་ན་ཐམས་ཅད་འཇུག་པའོ།
་ལྷ་ཐམས་ཅད་འཆིང་པའི་བསམ་པས་ལྷ་ཐམས་ཅད་འཆིང་བའོ། །ལྷ་ཐམས་ཅད་དབང་དུ་བྱེད་པར་བསྒོམས་པས་དབང་དུ་བྱེད་པའོ། །ལྷ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་བསྒོམ་པས་ལྷ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་དང?
་འགྱུར་བ་ཡིན། རང་གི་སྙིང་གར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམ་པའི་ལྟ་བས་ས་འོག་ཏུ་བལྟ་ཞིང་ཧ་ཧཱུཾ་ཧོ་དྷི་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དང་པོའི་རྡོ་རྗེ་རང་གི་སྙིང་གར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམ་པའི་བལྟ་བས
་ས་འོག་ཏུ་བལྟ་ཞིང། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧ་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་ལྟར་ན་ཀླུ་ཐམས་ཅད་གནོན་པའོ་།བཀུག་པའི་གླུ་ཐམས་ཅད་ལ་བལྟ་ཞིང། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བཟླ་བར་བྱ་སྟེ། དེ་ལྟར་ཀླུ་ཐམས་ཅད་འདུལ་པའོ།།
་ཨ་ནུ་ར་ག་ཡ་མི་ཧཱུཾ་ཧོ་བྱ་བ་བཟླ་བར་བྱས་ན། ཀླུ་ཐམས་ཅད་དབང་དུ་བྱེད་པའོ། །ལས་ཐམས་ཅད་ལ་ངེས་པར་སྦྱར་བའི་བསམ་པས་དེ་བཞིན་དུ་བལྟ་ཞིང་ཨ་ནུ་ར་ག་ཡ་མི་ཧཱུཾ་དྷི་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་ཀླུ་ཐམས་ཅད་ངེས་པར་སྦྱོར་བར
་འགྱུར་རོ། །གནོད་སྦྱིན་ལ་སོགས་པའི་གདོང་པ་བྲིས་ནས་རྡོ་རྗེས་དགུག་པར་བྱའོ་ཞེས་བྱ་བ་ལ་གནོད་སྦྱིན་པ་ལ་སོགས་པའི་གདོད་པ་བྲིས་ནས། དང་པོའི་རྡོ་རྗེ་བཅིངས་ཏེ། གནོད་སྦྱིན་ལ་སོགས་པའི་གདོང་པ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེ
་གཡོ་ཞིང་བཙུམ་པའི་བལྟ་བས་དགུག་པའི་ཚུལ་གྱིས་བལྟ་ཞིང་བཟུང་བར་བྱ་སྟེ། དེ་ལྟར་ན་གནོད་སྦྱིན་ཐམས་ཅད་ལ་སོགས་པ་དགུག་པར་འགྱུར་རོ། དབང་དུ་བྱེད་པའི་ཚུལ་གྱིས་བཟུང་བར་བྱ་སྟེ། དེ་ལྟར་ན་དབང་དུ་བྱེད་པའོ། བཅིང་བའི་ཚུལ་གྱིས་བཟུང་བ་བྱ་སྟེ། དེ་ལྟར་བཅིང་བར?
་ལས་ཐཾས་ཅད་མ་ངེས་པར་སྦྱོར་བའི་ཚུལ་གྱིས་བཟུང་བར་བྱ་སྟེ། དེ་ལྟར་ན་གནོད་སྦྱིན་ཐམས་ཅད་ལ་སོགས་པ་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །འོག་གི་ཕྱོགས་སུ་བཞག་ནས་བརྟགས་པར་འགྱུར་རོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ
་ས་ལ་བཞག་ནས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་སྤྲུལ་པར་འགྱུར་རོ། །རང་གི་ཁ་ལ་བཞག་ནས་བཟླ་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །དང་པོའི་དབུས་མའི་རྡོ་རྗེ་ལ་ཕྱོག
་བྱས་ན་དཀྱིལ་འཁོར་མཐོང་བར་འགྱུར་རོ། །རང་གི་སྙིང་གར་བཞག་ན་དཀྱིལ་འཁོར་གྲུབ་པར་འགྱུར་རོ། །ཅིག་ཅར་དུ་སོར་མོ་ཐམས་ཅད་དྲལ་བ་ནི་ཡིད་ཀྱི་ལས་སོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་སྟེ་རྡོ་རྗེ་བསྡམས་པ་དྲལ་བའི
་ཚུལ་གྱིས་མྱུར་དུ་རང་གི་སྙིང་གར་དྲལ་བར་བྱ་སྟེ། དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་དགུག་པ་དང་བཅིང་བ་དང། བརྟན་པར་བྱ་བ་དང། ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་བསྒོམ་པའི་དབྱེ་བས་སོ། །བཅིངས་ནས་ཛ:ཧཱུཾ་བཾ་ཧོ:ཞེས་བྱ་བ
་དང་པོའི་རྡོ་རྗེ་བཅིངས་ནས། ཡི་གེ་ཛ་ཡིས་སེམས་ཅན་ཐམས་ཅད་ལ་སོགས་པའི་དམ་ཚིག་དགུག་པའོ། །ཡི་གེ་ཧཱུཾ་གིས་གཞུག་པའོ། །ཡི་གེ་བཾ་གྱིས་བཅིང་བའོ། །ཡི་གེ་ཧོ:ཡིས་དབང་དུ་བྱེད་པའོ། །དབུས་མའི་ཕྱི་རོལ་ཏུ་བཅིང་བ་སྤྱི་བོ་དང
་སྙིང་ག་དང། ཁ་དང་ཕྱོགས་ཐམས་ཅད་བསྐོར་བའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེའི་ཕྱིར་བྱས་ནས་སྤྱི་བོར་བཟུང་བར་བྱ་སྟེ། དེ་ལྟར་ན་ལས་ཐམས་ཅད་སྒྲུབ་པའོ། །རང་གི་སྙིང་གར་བཟུང་བར་བྱ་སྟེ། དེ་ལྟར་ནི་ལས་ཐམས་ཅད་འཇིགས
་གར་མི་འགྱུར་རོ། །རང་གི་ཁ་ལ་བཟུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བརྟན་པར་འགྱུར་རོ། །ཕྱོགས་ཐམས་ཅད་ལ་བསྐོར་བར་བྱ་སྟེ། དེ་ལྟར་ན་སྙན་པ་ཆེན་པོ་རབ་ཏུ་གསལ་བར་འགྱུར་བ་ཡིན་ནོ། །སྙིང་གར་བཞག་ནས་རང་གི་བདག་ཉིད་རྡོ་རྗེར་བསྒོམ
་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ནས་རང་གི་སྙིང་གར་བཞག་ལ། བདག་ཉིད་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་ཐམས་ཅད་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པའོ། །རང་ཉིད་བྱང་ཆུབ
་སེམས་དཔའ་བསྒོམ་པར་བྱ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ནས་རང་གི་སྙིང་གར་བཞག་ལ། རྡོ་རྗེ་སེམས་དཔའ་དང། ཡིད་ལས་བྱུང་པ་ལ་སོགས་པའི་རང་གི་བྱང་ཆུབ་སེམས་དཔའ་ཨི་གཟུགས་སུ་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟར་ན་བྱང
་ཆུབ་སེམས་དཔའ་ཐམས་ཅད་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པའོ། །རང་དང་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ནས་རང་གི་སྙིང་གར་བཟུང་ཞིང་རྣམ་པར་སྣང་མཛད་ལ
་སོགས་པའི་དེ་བཞིན་གཤེགས་པའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱ་བ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པའོ། །རང་རྡོ་རྗེ་འཆང་ཆེན་པོར་རྗེས
་དྲན་པར་བྱ་བའོ། ཞེས་བྱ་བ་ལ། དང་པོ་རྡོ་རྗེ་བཅིངས་ནས་རང་གི་སྙིང་གར་བཟུང་བར་བྱ་ཞིང། བདག་ཉིད་རྡོ་རྗེ་འཆང་ཆེན་པོར་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་འཆང་ཆེན་པོ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང
་དུ་ཕྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིའི་ཕྲེང་བའི་སྦྱོར་བ་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་ནས། ད་ནི་གར་ལས་བྱུང་བའི་ལས་གཞན་བརྒྱ་པོ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་ཕྱག་རྒྱ་ལྔའི
་ཕྲེང་བའི་སྦྱོར་བའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ལས་ཀྱི་ཚོགས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །ལས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན
་པས་ན་ལས་ཐམས་ཅད་དེ། ཐམས་ཅད་ཤིན་ཏུ་བསྲུང་བ་ལ་སོགས་པའོ། །དེ་རྣམས་ཀྱི་ཚོགས་ནི་རྒྱུན་ནོ། །དེ་བསྒྲུབ་པ་ནི་རྫོགས་པས་ཏེ། དེའི་དོན་ཕྱག་རྒྱ་རྣམས་ཏེ། དེ་དག་གི་རྒྱུད་ནི་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་སོ། །རྡོ་རྗེ
་གར་ནི་བཤད་ཟིན་ཏོ། །དེ་ལས་བྱུང་བའི་ཕྱག་རྒྱ་ནི་དེ་མ་ཐག་ཏུ་འོག་ནས་འཆད་པར་འགྱུར་བའོ། །དེ་ཡང་ཐམས་ཅད་ཤིན་ཏུ་བསྲུང་བ་ལ་སོགས་པ་རྫོགས་པས་འབྲས་བུ་མེད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དོན་ཡོད་པའོ། །དགག་པར
་མི་ནུས་པ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའོ། །གང་གིས་དགག་པར་མི་ནུས་ཤེས་ན། བདག་རྡོ་རྗེ་འཆང་ཆེན་པོ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ངོ་ཞེས་བྱ་བའོ། །རྡོ་རྗེ་མཆོག་གི་གཙུག་ཏོར་ཞེས་བྱ་ལ། ཐམས་ཅད
་ཤིན་ཏུ་བསྲུང་བ་ལ་སོགས་པའི་ལས་ལྔ་པོ་སྒྲུབ་པར་བྱེད་པ་གང་ཞིག་སྔར་བཤད་པའི་རྡོ་རྗེ་གར་གྱི་རྡོ་རྗེ་སེམས་དཔའ་ཨི་གཙུག་ཏོར་ཞེས་བྱ་བ་དེ་ཉིད་འདིར་རྡོ་རྗེ་སྐུ་མཆོག་གི་གཙུག་ཏོར་ཏེ། ལས་ལྔ་སྒྲུབ་པར་བྱེད་པ་འདིར་བཟུང་བར་བྱའོ། །འདི་ཡང་མཚན་ཉིད་འོག་ནས
་འཆད་པར་འགྱུར་བ་ཡིན་ནོ། །ལས་ཞེས་བ་བ་ནི་རྡོ་རྗེ་སྐུ་མཆོག་གཙུག་ཏོར་དེ་ཉིད་ཀྱི་ལས་ནི་འདི་ཡིན་ནོ། །ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་བསྡམས་པ་མནན་པ་དང། དབུས་མའི་ནོར་བུ་དང། བསྐོར་བ་དང། སོར་མོ
་ཐམས་ཅད་ཀྱི་རྡོ་རྗེ་དང། སོར་མོ་ལྷག་མའི་འོད་ཟེར་གྱི་འཁོར་ལོ་ཞེས་བྱ་བ་ལ་འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་ཡང་དག་པར་སྦྱར་ཞིང་རྩེ་མོ་བྱས་པ་མཐེ་བོང་གཡོན་པའི་སྟེང་དུ་མཐེ་བོང་གཡས་པ་སེམས
་དཔའ་ཨི་དཀྱིལ་མོ་ཀྲུང་གི་ཚུལ་གྱིས་བཟུང་བར་བྱ་སྟེ། རྡོ་རྗེ་སྐུ་མཆོག་གོ། འདི་གཙུག་ཏོར་དུ་བཞག་ནས་མནན་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཤིན་ཏུ་བསྲུང་བར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་ཀྱི་དབུས་མའི་སེར་མོ་གཉིས་ཀྱི་སྟེང་དུ་བཀུག་པའི
་ནོར་བུ་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཡོངས་སུ་སྦྱོང་བ་ཡིན་ནོ། །གཙུག་ཏོར་གྱི་ཕྱག་རྒྱ་དེ་ཉིད་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ཞི་བ་གྲུབ་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་ཉིད་ཀྱི་མཐེ་བོང་གཉིས་ཀྱི་རྩེ་མོ་དང། མཛུབ་མོ་གཉིས
་ཀྱི་རྩེ་མོ་དང། དབུས་མ་གཉིས་ཀྱི་རྩེ་མོ་དང། སྲིན་ལག་གཉིས་ཀྱི་རྩེ་མོ་དང། མཐེའུ་ཆུང་གཉིས་ཀྱི་རྩེ་མོ་བྱས་ཏེ། དེ་ལྟར་ན་སོར་མོ་ཐམས་ཅད་ཀྱི་རྡོ་རྗེར་འགྱུར་ཏེ། འདིས་དགེ་ཞིང་བཀྲ་ཤིས་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་དེ
་ཉིད་བཅིངས་ལ་སྲིན་ལག་དང་མཐེའུ་ཆུང་དགག་གིས་ཁ་ཕྱེ་བའི་རྡོ་རྗེ་ཐལ་མོ་བཅིངས་པས་འོད་ཀྱི་འཁོར་ལོ་བྱ་སྟེ། འདིས་ཚེ་འཕེལ་བར་འགྱུར་རོ། །ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བའོ་ཞེས་བྱ་བ་ལ།
་དཀྱིལ་འཁོར་བཅིང་བའི་ཚུལ་གྱིས་ཁྲོ་བོའི་ཁུ་ཚུར་གཉིས་བསྐོར་ཞིང་བསྐོར་བ་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་བཅིངས་པར་འགྱུར་རོ། །ཁར་བསྐོར་ཞེས་བྱ་བ་ནི་ཁྲོའི་ཁུ་ཚུར་གཉིས་པོ་དེ་ཉིད་མཚམས་བཅིང་པའི་ཚུལ་གྱིས་རང
་གི་ཁར་བསྐོར་བར་བྱ་སྟེ། དེ་ལྟར་ན་མཚམས་བཅིངས་པར་འགྱུར་རོ། །སྙིང་གར་ཕབ་ཅིང་འབར་བར་བྱེད་པ་ཞེས་བྱ་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། རང་གི་སྙིང་གར་བཞག་ནས་དེས་དབབ་པར་བྱས་ལ། རང་གི་སྙིང་ག་ལས་རྡོ་རྗེ་འབར་བ
་སྤྲོས་ཏེ་ཕྱོགས་བཅིང་བར་བྱ་སྟེ། དེ་ལྟར་ན་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་མེ་འབར་བའི་རབ་འབྱུང་བར་འགྱུར་ཏེ། ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་བདག་ཉིད་ཀྱིས་ཀྱང་འཇུག་པར་མི་ནུས་སོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས
་གསུངས་སོ། །དམ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་ནི། ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་བཅིངས་ཏེ། ཨ་ནུ་ར་ག་ཡ་མི་ཧཱུཾ་བཾ་ཞེས་བྱ་བ་བརྗོད་ཅིང་རྡོ་རྗེ་སེཾས་དཔའ་ལ་སོགས་པ་རྣམས་དམ་ཚིག་ལ་རབ་ཏུ་བཞག་པར་བྱའོ། །གྲུབ་པ་ལ་བཾ་ཞེས་བྱ་བ་ནི་?
་དེའི་ཁུ་ཚུར་གཉིས་པོ་དེ་ཉིད་བཅིངས་ལ། ཨ་ནུ་ར་ག་ཡ་མི་ཧཱུཾ་བཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །སེམས་དཔའ་རྡོ་རྗེ་ལྟ་བའི་འཕྲོག་པ་རྣམས་ཀྱིས་གསུམ་དང་བཞི་དང་ཕྱིར་ལྡོགས?
་དང། རྟག་ཏུ་འབྱུང་བ་དང། དཔག་ཏུ་མེད་པ་ནི་བསྐོར་ཞིང་བཙུམ་པ་མེད་པའི་མིག་གིས་རབ་ཏུ་ཞི་བའོ། །ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པའི་དབུས་མ་བསླང་བ་མཉམ་པའི་ལྕགས་ཀྱུ་ནི་སེམས་དཔའ་ཨི་རྡོ་རྗེ་མ་སྟེ། འདིས་རིམ་གྱིས་བཟང་བ་?
་པའི་བལྟ་བ་དེ་དག་གིས་བྱབ་པར་བྱ་སྟེ། དེ་ལྟར་ན་ཉིན་ཞག་གསུམ་པ་དང་བཞི་པ་དང། སླར་ཡང་ཕྱིར་མི་ལྡོག་པ་དང། རྟག་ཏུ་འབྱུང་བའི་རིམ་པས་འཇིག་པར་འགྱུར་རོ། །ཁྱབ་འཇུག་གི་རིམ་ནི་དཔག་ཏུ་མེད་པ་བསྐོར་བས་ལྡོག་པར་འགྱུར་རོ། །རྡོ་རྗེ
་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གི་ལྕགས་ཀྱུའི་མདུད་པ་དང། མཛུབ་མོ་གཉིས་མཉམ་པ་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ལྕགས་ཀྱུའི་རྣམ་པ་ཅན་གྱི་མཐེའུ་ཆུང་གཉིས་ཕན་ཚུན་བཅིངས་པས་གང་དུ་བུར་བྱས་ལ་མཛུམ་མོ་གཉིས་ཡང་དག
་པར་སྦྱར་ནས་དེ་ལྟར་ན་ལས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཇི་ལྟར་ཞེ་ན། སྙིང་གར་རབ་ཏུ་བཞག་པ་ཞེས་བྱ་བ་ནི་རང་དང་གཞན་གྱི་སྙིང་གའི་ཕྱོགས་སུ་བཟུང་པས་ཡིད་མི་བདེ་པའི་ལས་ཐམས་ཅད་འཇིག་པར་བྱེད་པ་ཡིན་ནོ། །བྱབ་པ་ཞེས་བྱ་བ་ནི་ཕྱག
་རྒྱ་འདི་ཉིད་ཀྱིས་བསྒྲུབ་བྱབ་ལ་བྱབ་པ་སྟེ། དེ་ལྟར་ན་ཐམས་ཅད་འཇིག་པར་འགྱུར་རོ། །མཛུབ་མོའི་རྩེ་མོ་མནན་པར་བྱའོ་ཞེས་བྱ་བ་ལ། ཕྱག་རྒྱ་འདི་ཉིད་ཀྱི་མཛུབ་མོ་གཉིས་ཀྱི་རྩེ་མོས་ནང་པ་ལ་མནན་པར་བྱ་སྟེ། དེ་ལྟར་ན་ནང་འཇིག་པར་འགྱུར་རོ། །རྒོད
་པས་རབ་ཏུ་བཞག་པ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་རྒོད་པའི་ཚུལ་གྱིས་ཁ་ལ་བཟུང་བར་བྱ་སྟེ། དེ་ལྟར་ན་མྱ་ངན་ཐམས་ཅད་འཇིག་པའོ། །ཡོངས་སུ་བསྐོར་བས་དེ་བཞིན་དུ་མཛོད་སྦུར་བཞག་པར་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་བཅིངས་ཏེ། ཡོངས་སུ
་བསྐོར་ལ་མཛོད་སྦུར་བཟུང་བར་བྱ་སྟེ། དེ་ལྟར་ན་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །ཁ་ཊཝཱོཾ་ག་གཉིས་ཀྱིས་རྡོ་རྗེ་བཅིངས་པ་ཞེས་བྱ་བ་ལ། ལག་པ་གཉིས་ཀྱིས་ཁ་ཊཝཱཾ་ག་གཉིས་བཅིང་བ་ནི་ཁ་ཊཝཱཾ་ག་གཉིས་ཀྱིས་རྡོ་རྗེ་བཅིང་བ་ཞེས་པ་སྟེ། ངེས
་དགའ་བའི་ཚུལ་དུ་མཐེའུ་ཆུང་གཉིས་ལེགས་པར་བྱེད་པ་སྦྱིན་པའི་ཚུལ་བྱ་སྟེ། དེ་ལྟར་ན་དུག་དང་སྦྱར་དུག་ཐམས་ཅད་འབར་བར་འགྱུར་རོ། །མཐེའུ་ཆུང་གཉིས་པོ་དེ་ཉིད་ཀྱིས་ཀུན་ནས་བསྡུ་བའི་ཚུལ་བྱ་སྟེ། དེ་ལྟར་ན་དུག་དང་སྦྱར་པའི་དུག་ཐམས་ཅད
་འབེངས་པར་འགྱུར་རོ། །དེ་ལྟར་ན་དུག་དང་སྦྱར་བའི་དུག་ཐམས་ཅད་འཆིང་བའོ། །ཁ་ཊཝཱཾ་ག་གཉིས་ཀྱིས་ཐལ་མོ་བྱས་ཏེ་དུག་དང་སྦྱར་བའི་དུག་ཐམས་ཅད་འཕྲོག་པའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་དུག་ཐམས་ཅད་ཟ་བའོ། །ཁ་ཊཝཱཾ་ག་གཉིས་ཀྱིས་ཐལ་མོ་སྦྱ་སྟེ།
་སྤྲོ་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་དུག་ཐམས་ཅད་བདུད་རྩིར་བྱེད་པར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཅུག་ཅིང་བསྡམས་ལ་ནང་དུ་བཞག་སྟེ་མཐེ་བོང་གཉིས་ཁ་འབྱེད་པའི་མཆི་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །ཞེས
་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་བཀུག་ཅིང་ནང་དུ་བཙུག་སྟེ་མཐེ་བོང་གཉིས་ཁ་ཕྱེ་བར་བྱས་ལ། མཆེ་བའི་ཚུལ་གྱིས་རང་གི་ཁང་བཟུང་བར་བྱ་སྟེ། འདི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེས་མཐིལ་ཕྲ་མོར་བརྡབ་པ་ཞེས་བྱ
་པ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེས་ལག་པའི་མཐིལ་གཉིས་སུ་ཅུང་ཟད་གདབ་པར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་འབེབས་པར་འགྱུར་རོ། །མཛུབ་མོའི་སེན་མོ་བཏུད་པའི་ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་སེན་མོ
་ཕན་ཚུན་དུ་བརྡར་བར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་འཆིང་བའོ། །དབུས་མའི་རྡོ་རྗེ་བསྟན་པའོ་ཞེས་བྱ་བ་ལ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་དབུས་མ་གཉིས་ཀྱི་རྩེ་མོ་བྱས་ལ་བསྟན་པར་བྱ་སྟེ། དེ་ལྟར་གདོན་ཐམས་ཅད་ཀྱི་དམ་ཚིག
་གཟུང་བའོ། །བྱ་བས་ནས་མྱུར་དུ་ཕྱག་རྒྱ་དཀྲོལ་བའོ། །ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་གདོན་གྱིས་བཟུང་བ་ལ་བྱབས་ལ་ཕྱག་རྒྱ་དེ་ཤིན་ཏུ་མྱུར་བར་དགྲོལ་བར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །སོར་མོ་སྦྱར
་བས་རྡོ་རྗེ་གཙུག་ཏོར་ཏོ་ཞེས་བྱ་བ་ལ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་མཛུབ་མོ་དང་མཐེ་བོའི་རྩེ་མོ་རྣམས་ཡང་དག་པར་སྤྱར་བར་བྱས་ལ་ཕྱག་རྒྱ་དེ་སྒྲུབ་བྱའི་གཙུག་ཏོར་གྱི་ཕྱོགས་སུ་བཟུང་བར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་ཀྱིས་བཟུང་བ
་རྣམས་བསྲུང་བར་འགྱུར་རོ། །བ་དན་གསུམ་པ་གཉིས་གྱེན་དུ་ཁ་བལྟ་བ་དང། འོག་ཏུ་ཁ་བལྟ་བ་དང་དབུས་མའི་མདུད་པ་བྱས་ལ་མཛུབ་མོ་དང་དབུས་མའི་རྩེ་མོ་དེ་དག་འདུད་པའོ་ཞེས་བྱ་བ་ལ་བ་དན་གསུམ་པ་གཉིས་གྱེན་དུ་ཁ་བལྟ་བར་བྱས་ནས་དེའི?
་འོག་ཏུ་དེ་ཉིད་ཀྱི་ཁ་ཐུར་དུ་བསྟན་ལ་མཛུབ་མོ་གཉིས་དང་དབུས་མ་གཉིས་ཀྱིས་མདུད་པ་བཅིངས་ལ་མཛུབ་མོའི་རྩེ་མོ་དག་དང་དབུས་མའི་རྩེ་མོ་འདུས་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ལས་སོ་ཞེས་བྱ་བ་ལ། ཨ་ནུ་ར་ག་ཡ་ཧཱུཾ་ཧཱུཾ་ཞེས་བྱ་བ་དང་བཅས་པའི་རྡོ་རྗེ་ཧཱུཾ
་མཛད་ཀྱི་ཕྱག་རྒྱ་འདིའི་ལས་ནི་འདི་ཡིན་ཏེ། མདུད་པ་མནན་པའོ་ཞེས་བྱ་བ་ལ། ཕྱག་རྒྱ་འདི་བཅིང་བ་མནན་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བཅིང་བའོ། །ཅིག་ཅར་དུ་ཕྱག་རྒྱ་དཀྲོལ་བའོ་ཞེས་བྱ་བ་ལ་ཕྱག་རྒྱ་དེ་ཉིད་ཅིག་ཅར་དུ་དགྲོལ་བར་བྱ་སྟེ། དེ
་ལྟར་ན་བཅིངས་པ་ཐམས་ཅད་དགྲོལ་བ་ཡིན་ནོ། །མནན་ནས་ཡང་དག་པར་དྲལ་བའོ་ཞེས་བྱ་བ་ལ་ཕྱག་རྒྱ་དེ་ཉིད་ཡང་དག་པར་མནན་ནས་དྲལ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དྲལ་པ་ཡིན་ནོ། །དབུས་མས་བསྣུན་ཏེ་ནམ་མཁའ་ལས་ལྟུང་བའི་ཚུལ་ལོ། །
་ཞེས་བྱ་བ་ཕྱག་རྒྱ་དེ་ཉིད་བཅིངས་ནས་དབུས་མ་གཉིས་ཀྱི་རྩེ་མོ་སྦྱར་ལ་རྩེ་མོ་དེས་ནམ་མཁའ་ལ་བརྡེག་པར་བྱ་སྟེ། དེའི་རྗེས་ལ་ནམ་མཁའ་ལས་ལྷ་ལ་སོགས་པ་ལྟུང་བའི་ཚུལ་བསྟན་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ལྟུང་པའོ། །ལྡང་བའི
་ཚུལ་ཡང་ངོ་ཞེས་བྱ་བ་ལ་ཕྱག་རྒྱ་དེ་ཉིད་དབུས་མ་གཉིས་སྔ་མ་བཞིན་དུ་བཅིངས་ནས་ཐམས་ཅད་ལྟུང་བ་བསླང་བའི་ཚུལ་བྱ་སྟེ། དེ་ལྟར་ན་ལྟུང་བ་ཐམས་ཅད་བསླང་བར་འགྱུར་རོ། །བ་དན་གསུམ་པ་མཉམ་པའི་མཐེའུ་ཆུང་དང་མཛུབ་མོའི
་རྡོ་རྗེ་དབུས་མ་མདུད་པས་ཡོངས་སུ་བསྐོར་ལ་དབང་བསྐུར་བའི་གནས་སུ་མཛུབ་མོ་བཞག་པའོ་ཞེས་བྱ་བ་ལ། བ་ངན་གསུམ་པ་གཉིས་བཅིངས་ནས་དབུས་མའི་སོར་མོ་གཉིས་ཕན་ཚུན་དུ་མདུད་པ་བཅིངས་པས་བཅིངས་ཏེ། མཛུབ་མོ་གཉིས་དང
་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཉིས་སྦྱར་ཏེ་ཡོངས་སུ་བསྐོར་བས་མཛུབ་མོ་གཉིས་ཀྱི་རྩེ་མོ་མཛོད་སྤུའི་ཕྱོགས་སུ་ཡོངས་སུ་བཟུང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཡི་གེ་ཧཱུཾ་གིས་ཕྱེ་བའོ། །ཞེས་བྱ་བ་ལ་ཕྱག་རྒྱ་འདིས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཾ་ཞེས་བྱ
་ཁ་བཟླས་ནམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བ་བྱས་པ་ཡིན་ནོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་ཨ་ནུ་ར་ག་ཡ་མི་ཧཱུཾ་མུ(རྒྱུད་འགྲེལ་དཀྲོལ་བར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས། ཨ?་ནུ་ར་ག་ཡ་མི་ཧཱུཾ་ཨ་ཞེས་བྱ་བ་བཟླ་པར་བྱ་སྟེ། དེ་ལྟར་ན་ཡི་གེ་ཨ་ཡིས་ཤི་བ་སློང་པ་ཡིན་ནོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་ཡི་གེ
་ཧཱུཾ་གི་གླུ་བཟླས་པ་ཚེ་འཕེལ་བར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་ཆོས་ཀྱི་དག་གིས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་ཡི་གེ་ཧཾ་གི་ཆོས་ཀྱི་དག་རྣམས་ཀྱིས་ཤིན་ཏུ་བསྲུང་པར་འགྱུར་རོ། །པདྨ་ཆེན་པོ་བཅིངས་ནས་ཇི་སྲིད
་འདོད་པའི་བཟླས་པས་ཞེས་བྱ་བ་ལ་འོག་ནས་འཆད་པར་འགྱུར་པའི་རིག་པ་རྣམས་ཀྱིས་བཟླས་པས་སྒྲིབ་པ་ཐམས་ཅད་ལ་སོགས་པ་འཇིག་པར་འགྱུར་རོ། །དེ་ལ་ཁ་འབུས་པའི་རྡོ་རྗེ་ཐལ་མོའི་དབུས་མ་དང་མཐེ་བོང་དང་མཐེའུ་ཆུང་ཁ་ཕྱེ
་པས་འདབ་མ་བཞི་ཏེ་པདྨ་ཆེན་པོའི་མཆན་ཉིད་དོ། །ཡང་ན་པདྨའི་ཁུ་ཚུར་གཡོན་པ་བསྙེམས་པས་མར་དང་ཏིལ་མར་དད་འབྲས་ཁམས་ཀྱི་ཕྱེ་མའི་སྦྱིན་སྲེག་མཆོག་ཏུ་གྲུབ་པས་ཏེ། སྒྲུབ་པ་ཐམས་ཅད་ལ་སོགས་པའི་?་པའི་སྦྱིན
་སྲེག་གི་ཆོ་ག་བྱ་པ་ཡིན་ནོ། །དེ་ཡང་སྔར་བཤད་ཟིན་པས་འདིར་བཤད་པར་མི་བྱའོ། །ཁ་ཊཝཱཾ་ག་གཉིས་ཀྱིས་རྡོ་རྗེ་བསྡམས་པ་ཞེས་བྱ་བ་ནི་ཁ་ཊཝཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བཅིངས་ནས་དགའ་བའི་ཚུལ་ཏེ
་ལེགས་པར་བྱེད་པ་སྦྱིན་པའི་ཚུལ་གྱིས་མཛུབ་མོ་དང་མཐེ་བོང་དག་གིས་སེན་མོ་ཕན་ཚུན་དྲུད་པར་བྱ་སྟེ། དེ?་ཊཝཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ནས་དགའ་བའི་ཚུལ་གྱིས་མཛུབ་མོ་དང་མཐེ་བོང་དག་གི་སེམས་?
་ངེས?་སེམས་ཅད་འབེབས་པར་འགྱུར་རོ། །འོག་དང་སྟེང་དུ་རྡོ་རྗེ་བསྡམས་པ་བསྐྱོད་པའི་ཞེས་བྱ་བ་ལ་ཁ་ཊཝཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་འོག་དང། སྟེང་དུ་བསྐྱོད་པས་ཐམས་ཅད་གཡོ་བར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཐེའུ་ཆུང་ལ་སོགས་པ
་དཀྲོལ་བས་གར་སོ?་ཞེས་བྱ་བ་ལ། ཁ་ཊཝཱཾ་ག་གཉིས་ཀྱིས་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཐེའུ་ཆུང་ལ་སོགས་པ་དཀྲོལ་བའི་གར་བྱ་སྟེ། དེ་ལྟར་ན་གང་བྱེད་པར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཛུབ་མོའི་རྡོ་རྗེས་དག་འབྱིན་པའོ་ཞེས
་བྱ་བ་ལ། ཁ་ཊཝཱཾ་ག་གཉིས་ཀྱི་རང་བཞིན་ཅན་གྱིས་རྡོ་རྗེ་བསྡམས་པ་བཅིངས་ནས། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ནས་དག་འབྱིན་པའི་ཚུལ་གྱིས་ཁའི་ཕྱོགས་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བབས་པས་སེམས་ཅན།
་ཐམས་ཅད་སྨྲ་པར་འགྱུར་རོ། །བདེ་བ་ཆེན་པོའི་རྡོ་རྗེ་ངོ་ཚར་ཡོད་ཅེས་བྱ་བ་ལ་སོགས་པ་ལ། །གསང་བའི་ལྕགས་ཀྱུ་མ་བཅིངས་ཡས?་དངོས་པོ་ཐམས་ཅད་གཟུགས་བརྙན་གྱིས་ཚུལ་དུ་བསྒོམས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ།
་ཐམས་ཅད་རང་ཉིད་ཀྱིས་མཐོང་བ་དང་གཞན་དག་ལ་སྟོན་པར་བྱེད་པ་ཡིན་ནོ། །སྒྲ་ཐམས་ཅད་སྒྲ་བརྙན་གྱི་ཚུལ་དུ་རང་ཉིད་ཀྱིས་མཉན་པ་དང། གཞན་དག་ཀྱང་ཉན་དུ་གཞུག་པ་ཡིན་ནོ། །རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ལ་རྡོ་རྗེ་ལྟ་བའི་ལྟ
་བས་སོ་ཞེས་བྱ་བ་ལ་ལྟ་བ་དང་བཅས་པའི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཐམས་ཅད་ལ་རྒྱས་བཏབ་པ་ལ་སོགས་པ་བྱ་སྟེ་། ཇི་ལྟར་བྱ་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདིས་ནི་འདི་སྐད་བཤད་པར་འགྱུར་ཏེ། ཁྲོ་བོའི་ཁུ་ཚུར
་གཉིས་བཅིངས་ནས་བཙུམ་པའི་ལྟ་བས་བསྒྲུབ་བྱ་ལ་བལྟ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ལ་རྒྱས་བཏབ་པར་འགྱུར་རོ། །མིག་འབྲས་སྟེང་དུ་ཡོངས་སུ་བསྐོར་བར་བྱ་སྟེ། །དེ་ལྟར་ན་ཐམས་ཅད་གསོད་པའོ། །བཙུམ་བ་མྱུར་དུ་ལྟུང་བར་བྱས་ཏེ།
་དེ་ལྟར་ན་ཐམས་ཅད་ལྟུང་བའོ། །འོག་ནས་བསླད་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་སློང་བའོ། །ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་དང་ལྡན་པས་བསྒྲུབ་པར་བྱ་བས་ཏེ། དེ་ལྟར་ན་ཕྱིར་བཟློག་པར་འགྱུར་རོ། །ཁྲོ་བོའི་ཁུ་ཚུར་གཉིས་ཞེས་བྱ་བ་ལ་སོགས
་པ་ལ་བདག་ཉིད་རྡོ་རྗེ་གནོད་སྦྱིན་དུ་རྣམ་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ལ་ཡོངས་སུ་བསྐོར་ནས་ཁའི་མཛའ་གཉིས་སུ་མཆེ་བ་བཞིན་དུ་བཟུང་པར་བྱ་སྟེ། མཐེའུ་ཆུང་གཉིས་འཇིག་པར་བྱེད
་པའི་ཁའི་སོ་དག་གིས་བཟུང་བར་བྱ་སྟེ་དེ་ལྟར་ན་གཡོ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་རེངས་པའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་ཡན་ལག་ཐམས་ཅད་གློད་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རྨོངས་པར་འགྱུར་རོ། །དེ་ཉིད
་བཅིངས་ནས་ཉལ་ཞིང་གླང?་པས་ཏེ། གཉིད་ལོག་པ་སྟོན་པའི་ཚུལ་གྱིས་མིག་གཉིས་བཙུམ་པར་བྱ་ཞིང་གླལ་བར་བྱ་སྟེ། དེ་ལྟར་ཐམས་ཅད་ཉལ་དུ་བཅུག་པའོ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་རང་གི་སྙིང་གར་དྲལ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཉལ་བར
་འགྱུར་རོ། །དེ་ཉིད་བཅིངས་ནས་མྱུར་དུ་ཟ་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཟ་བར་གྱུར་པ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཞེས་བྱ་བ་ནི་གོ་སླའོ། །ཁ་ཕྱེ་བ་གང་ཡིན་པ་དེས་འཇིགས་པར་བྱེད་པ་ནི་འཇིགས་སུ་རུང་བའི་ཁ་གང་ལ་ཡོད་པ
་དེ་ནི། ཁ་ཕྱེ་བ་འཇིགས་པར་བྱེད་པའི་ཁ་དང་ལྡན་པའོ། །ཁ་ཕྱེ་བ་འཇིགས་པར་བྱེད་པའི་ཁ་དང་ལྡན་པ་ཡང་དེ་ཡིན་ལ། སྐྲ་གྱེན་དུ་བརྫེས་པ་དེ་ཉིད་ཡིན་པས་ན་ཁ་ཕྱེ་བ་འཇིགས་པར་བྱེད་པའི་ཁ་དང་ལྡན་པའི་སྐྲ་གྱེན་དུ་རྗེས་པའོ། །སྤྱི་བོ་ཞེས་བྱ་བ
་ནི་རང་གི་སྤྱི་བོས་སོ། །རང་གི་སྤྱི་བོ་འོག་ཏུ་བསྟན་པ་ལ་ཕྱི་ནས་སྟེང་དུ་བསླང་བར་བྱ་སྟེ། དེ་ལྟར་ན་སྤྱི་བོས་འོག་ནས་བླང་བའི་ལས་སུ་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཡི་གེ་བྷཡོ་དང། རྡོ་རྗེ་ཁུ་ཚུར་དོར་བ་དང། ཁུ་ཚུར་མནན་པ་དང། ཡི་གེ་ཧཱུཾ་དང་བཅིང་བའི་ཡན
་ལག་གི་མཆོག་གི་སྡིགས་མཛུབ་དང། རང་ཉིད་མྱུར་དུ་ཁྲོ་བས་ལྟུང་བའོ་ཞེས་བྱ་བ་ལ། འདིས་ནི་འདི་ལྟར་བཤད་པར་འགྱུར་བ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ་ཕྱེ་བའི་འཇིགས་པར་བྱེད་པའི་ཁ་དང་ལྡན་ཞིང་སྐྲ་གྱེན་དུ་རྫེས་པའི་རྣལ་འབྱོར་པས
་རང་གི་སྤྱི་པོ་འོག་ཏུ་བསྟན་ལ་གྱེན་དུ་བསླང་བར་བྱས་ནས། ཨ་ནུ་ར་ག་ཡ་ནི་ཧཱུཾ་བྷཡོ་ཞེས་བྱ་བ་བཟླས་པར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་སྐྲག་པར་འགྱུར་བ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་དེ་བཞིན་དུ་བཟླ་ཞིང་གཞན་གྱི་དཔུང
་མངོན་དུ་ཕྱོགས་པར་དོར་བར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་འཇོམས་པའོ། །དེ་བཞིན་དུ་བཟླ་ཞིང་རྡོ་རྗེ་ཁུ་ཚུར་གཉིས་མནན་པར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་དབང་དུ་བྱེད་པའོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས
་ནས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བའི་ཧཱུཾ་མཛད་ཀྱིས་སྤྱི་བོས་བསྒྲུབ་བྱ་ལ་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་ལྟུང་བའོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་བཟླ་ཞིང་ཁྲོ་བོ
་ཆེན་པོ་འབབ་པར་གྱུར་ནས་རང་ཉིད་ལ་ལྟུད་པར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་གསོད་པར་འགྱུར་བ་ཡིན་ནོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ་མཉམ་པོར་བྱ་སྟེ། ནང་དུ་བཞག་ལ་མཐེ་བོང་གཉིས་ཁ
་ཕྱེ་བ་མཆེ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་ཉིད་སྲིན་ལག་དང་མཐེའུ་ཆུང་མཉམ་པར་ཁ་ཕྱེ་བའི་བ་ངན་གྱི་རྒྱལ་མཚན་མཆོག་གི་དཔུང་རྒྱན་ཞེས་བྱ་བའི་ཕྱག་རྒྱའོ། །ལས་ཞེས་བྱ་བ་ནི་འདི་ལས་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན།
་ཕྱག་འཚལ་བ་དང། རྒོད་པ་དང། ལྕེ་བསྐྱོད་པ་དང། དཔུང་པ་གཉིས་བསྙེམས་པས་བསྟོད་པ་དང། རྒྱལ་མཚན་བསྒྲེང་བའོ་ཞེས་བྱ་བ་ལ། འདིས་འདི་ལྟར་བཤད་པར་འགྱུར་ཏེ། འདས་མ་ཐག་ཏུ་བཤད་པའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་དེ་བཅིངས་ནས
་བསྒྲུབ་བྱ་དེ་ཕྱག་འཚལ་དུ་གཞུག་པའི་བསམ་པས་ཕྱག་བྱ་བ་ཡིན་ཏེ་དེ་ལྟར་ན་ཁྲོ་བ་ཐམས་ཅད་འཕྲོ་བའོ། །དེ་བཅིངས་ནས་རྒོད་པར་བྱ་སྟེ། དེ་ལྟར་ན་གདོང་རབ་ཏུ་དང་པའོ། །དེ་ཉིད་བཅིངས་ནས་ལྕེ་ཡིས་བསྐྱོད་པས་རྩོད་པ་ལས་རྒྱལ།
་པའོ། །དེ་ཉིད་རང་གི་དཔུང་པ་ལ་བཅིངས་ཏེ་བསྙེམས་པའི་ཚུལ་བྱས་ཏེ། དེ་ལྟར་ན་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་ཉིད་བཅིངས་ནས་ལག་པ་གཉིས་རབ་ཏུ་བརྐྱང་ལ་སྤྱི་བོར་བཟུང་པར་བྱ་སྟེ། དེ་ལྟར་ན་འཐབ་མོ་ལས་རྒྱལ་བར་འགྱུར་རོ
་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གི་གནས་པ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེ་གསོར་བའི་བྱེད་པར་འགྱུར་བས་ལས་བྱའོ། །ཇི་ལྟ་བུ་ཞེ་ན། ནམ་མཁའ་དབུས་གཏོང་བ་དང་ཀུན་ཏུ་གཡོ་ཞིང་བཙུམ་པའི་ལྟ
་བས་ཆར་འཕེབས་པའི་ཚུལ་དང། རྡོ་རྗེ་ཁྲོ་བོ་ཉི་མ་མོ་ལྟར་འབར་བའི་བཟླས་པ་དང། ལྟ་བ་འཕྲོག་པ་དང་དྲང་པས་ཡན་ལག་བསྐོར་ཞིང་ཐམས་ཅད་དུ་འབར་པར་བྱེད་པ་འབེབས་པ་ཞེས་བྱ་བ་ལ། འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་སེམས
་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་ནམ་མཁའ་ལ་དབུགས་གཏོང་ཞིང་བཟླས་པ་བྱ་སྟེ། དེ་ལྟར་ན་སྤྲིན་ཐམས་ཅད་འགེགས་པར་འགྱུར་རོ། །སྔ་མ་བཞིན་དུ་རྡོ་རྗེ་གསོར་ཞིང་ཐམས་ཅད་དུ
་གཡོ་ཞིང་བཙུམ་པའི་ལྟ་བས་ཆར་འབེབས་པའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་ཆར་འབེབས་པའོ། །དེ་བཞིན་དུ་རྡོ་རྗེ་གསོར་ཞིང་བདག་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་བསམས་ལ། ཨ་ནུ་ར་ག་ཡ་མི་ཧཱཾ་ཞེས་བྱ་བ་བཟླས་པར་བྱ་ཞིང་ཁྲོ་བའི་ལྟ་བས་འཕྲོག་པར
་བྱ་སྟེ། དེ་ལྟར་ན་རླུང་དང་ཐོག་དང་གློག་དང་སྦྲིན་འཇིག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གསོར་ཞིང་གྲང་བས་ཡན་ལག་བསྐོར་བའི་སྦྱོར་བ་བྱ་སྟེ། དེ་ལྟར་ན་དྲོ་བ་ཐམས་ཅད་འཇིག་པའོ། །དེ་བཞིན་དུ་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་བསམས་ལ་རྡོ་རྗེ་གསོར་ཞིང
་རྡོ་རྗེའི་མེ་འབར་བ་རྫོགས་པའི་ཚུལ་བྱ་སྟེ། དེ་ལྟར་ན་གྲང་བ་འཇིག་པར་འགྱུར་རོ། །རྡོ་རྗེ་བསྡམས་པའི་རྡོ་རྗེ་དྲན་མའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཡས་པས་གཡོན་པའི་དབུས་མའི་ཚིགས་པ་བཟུང་སྟེ། གཡོན་པའི་མཛུབ་མོས་གཡས
་པའི་དབུས་མའི་ཚིགས་གསུམ་པ་ཡང་བཟུང་ལ་མཐེ་བོང་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱ་སྟེ། འདི་ནི་རྡོ་རྗེ་འདྲེན་མ་ཞེས་བྱ་བའི་ཕྱག་རྒྱའོ། །འདི་བཅིངས་ནས་བཟླ་བར་བྱ་སྟེ། དེ་ལྟར་ན་གཟུགས་ཐམས་ཅད་འགྲུབ་པར་འགྱུར་རོ། །རྡོ་རྗེ་བསྡམས
་པའི་གཡོན་པའི་མཛུབ་མོ་བཀུག་པའི་ཤིང་བུ་གཡས་པའི་མཛུབ་མོས་བཏུང་བ་ནི་རྡོ་རྗེ་པི་ཝང་ངོ་ཞེས་བྱ་བ་ལ་འདི་བཅིངས་ནས་བཟླ་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེའི་སྒྲ་གྲུབ་པར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཐིལ་དག་མཉེ་པའོ། །ཞེས་བྱ་བ་ལ། རྡོ་རྗེ
་བསྡམས་པ་བཅིངས་ཏེ་ལག་པའི་མཐིལ་གཉིས་ཕན་ཚུན་མཉེ་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་དྲི་གྲུབ་པར་འགྱུར་རོ། །ཁ་འབུས་མཉམ་པའི་དབུས་མ་ལྕེའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་ཁ་འབུས་པ་མཉམ་པའི་དབུས་མ་དང་ལྕེར་སྦྱར་བར་བྱ་སྟེ
་དེ་ལྟར་ན་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་ཡང་ངོ་ཞེས་བྱ་བ་ལ་མདའ་ལྔ་བསྡུས་པའི་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་སྟེ། དེ་བཅིངས་ན་རེག་བྱའི་དངོས་གྲུབ་ཤིན་ཏུ་ཐོབ་པར་འགྱུར་རོ། །བདེ་བ་ཆེན་པོ
་རྡོ་རྗེའི་མཆོད་པ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་གར་མ་སྟེ། དེའི་ལས་ནི་འདི་ཡིན་ཏེ། དེ་ཡང་གང་ཡིན་ཞེ་ན། དང་པོའི་གླུའི་བཟླས་པ་ཇི་སྲིད་མངོན་པར་འདོད་པའོ་ཞེས་བྱ་བ་ལ། གར་གྱི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་སྟེ།
་དེ་ལྟར་ན་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་སུ་ཆགས་པའོ། །གཡོ་བ་མེད་ཅིང་རྒོད་པ་དང་དགུག་པ་དང། རབ་ཏུ་དགའ་བའི་རྡོ་རྗེའི་ལྟ་བའི་ལྕགས་ཀྱུ་མས་སོ། །ཞེས་བྱ་བ་ལ་སྐྱེ་བོ་ཐམས་ཅད་ཀྱི་ལྐོག་ཏུ་གྱུར་པའི་རྒོད་པ་ནི་གཡོ་བ་མེད་པའི་རྒོད་པ་སྟེ། དེ་དང
་བཅས་པའི་རྒོད་པ་ནི་བཀུག་པའོ། །རྡོ་རྗེ་ལྟ་བའི་འོད་ཟེར་གྱི་ལྕགས་ཀྱུ་མ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ལྕགས་ཀྱུ་མས་ཏེ་དེས་བསྒྲུབ་དགུག་ཅིང་གར་གྱི་ཚུལ་གྱི་ཡི་གེ་ཧཱུཾ?་བཟླ་བར་བྱ་སྟེ། དེ་ལྟར་ན་དངོས་པོ་ཐམས་ཅད་དགུག་པར་བྱེད་པའོ། །རང
་གི་མ་མཆུ་སོ་དག་གིས་ཡོང་སུ་བཟུང་བར་བྱའོ་ཞེས་བྱ་བ་ལ་དེ་བཞིན་དུ་གར་གྱི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུའི་བཟླས་བ་བྱ་ཞིང། བསྒྲུབ་བྱ་ལའི?་བྱེད་པའི་ཚུལ་གྱིས། རང་གི་མ་མཆུ་ནང་དུ་བཅུག་ནས་སོ་རྣམས་ཀྱིས་ཡོངས་སུ་བཟུང་བར་བྱ་སྟེ། དེ་ལྟར་ན
་ཐམས་ཅད་དབང་དུ་བྱེད་པའོ། །རང་གི་དབང་པོ་བསྐྱོད?་པའོ་ཞེས་བྱ་བ་ལ་དེ་བཞིན་དུ་གར་གྱི་ཚུལ་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་ཞིང་གནོད་སྦྱིན་མ་ལ་སོགས་པའི་བསྒྲུབ་བྱ་དང་ཡང་དག་པར་སྦྱོར་བའི་བསྒོམ་པས་རང་གི་དབང་པོ་བསྐྱེད་པར་བྱ་སྟེ།
་དེ་ལྟར་ན་ཐམས་ཅད་རོལ་ཏུ་བཅུག་པའོ། །རབ་ཏུ་དགའ་བ་རྡོ་རྗེའི་དག་གིས་ཡིད་ཀྱི་འདོད་པའི་བཀའ་བསྒོ་བ་ཡང་ངོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ནས་གར་བྱ་ཞིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད?
་ལ་ཡིད?་ཀྱིས་འདོད་པའི་བཀའ་བསྒོ་བའི་ཚུལ་གྱིས་ཡི་གེ་ཧཱུཾ་གི་བླུའི་བཟླས་པ་བྱ་སྟེ་དེ་ལྟར་ན་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་འགྱུར་རོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡང། ཕྱག་རྒྱ་འདི་རྣམས་བསྒྲུབ་པ་པོ་དག་གིས་སྦྱོར་ན
་དེས་ཀྱང་མངའ་?་བར་མི་མཛད་ན། བསྟན?་པ་དང་གཡོ་བ་གཞན་དག་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འདིས་ནི་ཕྱག་རྒྱ་འདི་རྣམས་ཀྱིས་ཁྱད་པར་ཅན་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན་ནོ། །རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྐུ་མཆོག
་གི་མཚན་ཉིད་ཕན་ཡོན་དང་བཅས་པ་ནི་གོ་སླའོ། །སྤྱི་བོར་བཞག་སྟེ་སྟེང་ནས་གཡས་སུ་ཕབ་པར་བྱའོ་ཞེས་བྱ་བ་ནི། རྡོ་རྗེ་སྐུ་མཆོག་སྤྱི་བོར་བཞག་ཅིང་སྟེ་སྟེང་གི་ཕྱོགས་ནས་ལྷ་འབེབས་པའི་ཚུལ་གྱིས་གཡས་ཕྱོགས་སུ་ཕབ་པར་བྱ་སྟེ། དེ་ལྟར་ན
་ཐམས་ཅད་འབེབས་པར་འགྱུར་རོ། །ས་ལ་བཞག་ནས་ཁྲོ་གཉེར་གྱིས་གྱེན་དུ་དྲང?་བར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་སྐུ་མཆོག་བཅིངས་ནས་ས་ལ་བཞག་སྟེ། ཀླུ་ཐམས་ཅད་དབང་དུ་བྱེད་པའི་བསམ་པས་ཁྲོ་གཉེར་བྱས་ནས་གྱེན་དུ་དྭང?་བར་བྱ་སྟེ། དེ་ལྟར་ན་ཀླུ་ཐམས་ཅད
་དབང་དུ་བྱེད་པར་འགྱུར་རོ། །གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་བཞག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་སྐུ་མཆོག་བཅིངས་ནས་གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ཏེ་དེའི་སྙིང་གའི་ཕྱོགས་སུ་བཟུང་བར་བྱ་སྟེ། དེ་ལྟར་ན་གནོད་སྦྱིན་ཐམས་ཅད
་མདག་གཞུག་བྱེད་པར་འགྱུར་རོ། །ལྷ་ཆེན་པོའི་གནས་སུ་རྡོ་རྗེ་སྐུ་མཆོག་བཅིངས་ཏེ། ཁྲོ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་ན་འབྱུང་པོ་ཐམས་ཅད་མདག་གཞུག་པར་འགྱུར་རོ། །རྡོ་རྗེ་སྐུ་མཆོག་བཅིངས་ཏེ། མ་མོ་རྣམས་ཀྱི་གནས་སུ་བདག་ཉིད། དཔལ་ཧེ་རུ་ཀར་རྣམ
་པར་བསམས་ཏེ། ཡི་གེ་བྷཡོ་བཟླ་བར་བྱ་སྟེ། དེ་ལྟར་ན་མ་མོ་ཐམས་ཅད་བསྙེན་བཀུར་དང་རོལ་བ་ལ་སོགས་པའི་བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། །རྡོ་རྗེ་གསོར་བའི་ཕྱག་རྒྱས་ལུས་ངན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ཏེ་ཁྱོད་ནི
་རྒོད་པ་དང་བཅས་པའི་གདོད་གིས་བཟླ་བར་བྱ་སྟེ། དེ་ལྟར་ན་དཔལ་འགུགས་པར་འགྱུར་རོ། །དེ་བཞིན་དུ་ཁྲོ་ཞིང་རྒོད་པ་དང་བཅས་པའི་གདོད་དང་ལྡན་པས་རྡོ་རྗེ་གསོར་བའི་ཕྱག་རྒྱས་གཞོན་ནུ་མའི་གཟུགས་བརྙན་གྱི་མདུན་དུ་མིག་གཉིས་ཀྱིས་འཕྲོག་པ
་བྱ་ཞིང་བཟླ?་བྱ་སྟེ། དེ་ལྟར་?་ལྷའི་བུ་མོ་ཐམས་ཅད་འཕྲོག་པའོ་བྷ་ག་ནི་བུད་མེད་ཀྱི་གཟུགས་རས?་ས་མ་རྩིག་པ་ལ་སོགས་པ་ལ་བྲིས་ཏེ། དེ་དང་ཡང་དག་པར་སྦྱོར་བར་བསྒོམ་ཞིང་རྡོ་རྗེ་གསོར་ཏེ་ཁྲོ་ཞིང་རྒོད་པ་དང་བཅས་པའི་ཁས་བཟླ་བར་བྱ་སྟེ། དེ་ལྟར་ན་ལྷ་དང
་ལྷ་མ་ཡིན་པའི་བུ་མོའི་ཐམས་ཅད་རོལ་ཏུ་བཅུག་པ་ཡིན་ནོ། །ལྷ་ཆེན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ཏེ་གསོར་བའི་ཕྱག་རྒྱ་ཁྲོ་ཞིང་རྒོད་བ་དང་བཅས་པའི་ཁས། ཨ་ནུ་ར་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་ཁམས་གསུམ
་པ་མ་ལུས་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །འདོད་པའི་དབང་ཕྱུག་གི་གཟུགས་བརྙན་སྔར་བཤད་པའི་མཚན་ཉིད་ཅན་གྱི་མངའ་འཕེན་པའི་ཕྱག་རྒྱས་བསྣུན་ལ་འོག་ཏུ་ཁ་བལྟ་བར་བྱས་ནས་དེའི་རྗེས་ལ་རྡོ་རྗེ་གསོར་བའི་ཕྱག་རྒྱ་དང
་རྐང་པ་གཡོན་པས་མནན་ཏེ་ཁྲོ་ཞིང་རྒོད་པ་དང་བཅས་པའི་ཁས་བཟླ་བར་བྱ་སྟེ། དེ་ལྟར་ན་དབང་ཕྱུག་ཆེན་པོ་ཐམས་ཅད་འཕྲོག་པར་འགྱུར་རོ། །རྡོ་རྗེ་གསང་བའི་མཆོད་པས་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ནི་བཤད་པའོ་ཞེས
་བྱ་བ་ནི་དང་པོའི་རྡོ་རྗེའོ། །ཞེས་བྱ་བའི་དོན་ཏོ། །འདི་ལྟར་བཤད་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ཏེ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ཆོ་གས་བསྐྱེད་ལ། དེ་རྣམས་ཀྱིས་བཅོམ་ལྡན་འདས་ཡིད་ཀྱིས་མཆོད་པར་བྱ་སྟེ། དེ་ལྟར་ན
་མཆོད་པ་ཐམས་ཅད་གྲུབ་པར་འགྱུར་རོ། །ཐམས་ཅད་རྡོ་རྗེར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་སྙིང་ག་དང་མགྲིན་པ་དང། སླར་ཡང་སྙིང་ག་དང་ནུ་མའི་བར་དང། དེ་ནས་སྙིང་ག་དང། སླར་ཡང་མགྲིན་པ་དང
་དབང་བསྐུར་བའི་གནས་མདུད་པའི་ཚུལ་གྱིས་གོ་ཆ་བགོ?་པར་བྱས་ལ། སླར་ཡང་སྤྱི་བོ་དང་དབང་བསྐུར་བའི་སར་མདུད་པ་བཅིང་བའི་ཚུལ་དང། མགོ་ཡི་ལོགས་གཡས་པ་དང་གཡོན་པ་ངག་ལ་མདུད་པ་འཆིང་བའི་ཚུལ་དུ་བྱ་སྟེ
་ཕྱག་རྒྱ་འདིས་ཐམས་ཅད་རྡོ་རྗེ་ཉིད་དུ་བྱེད་པར་འགྱུར་རོ། །གཡོན་དུ་རྡོ་རྗེའི་མངའ་འཕང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་གཡོན་གྱིས་མངའ་འཕང་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་བདུད་ལ་སོགས་པའི་འཇིགས་པ་ཐམས་ཅད
་རབ་ཏུ་འཇོམས་པར་འགྱུར་རོ། །རྡོ་རྗེ་བསྙེམས་མ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་བསྙེམས་མ་སྟེ། དེས་ཕྱག་རྒྱ་ཐམས་ཅད་བཅིངས་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་ཡང་ངོ་ཞེས་བྱ་བ་ལ་བཅོམ་ལྡན
་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེས་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ཀྱི་འདོད་པ་གྲུབ་པར་འགྱུར་རོ། །དམ་ཚིག་དང། ཆོས་དང། ལས་དང་ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་དག་གི་རྒྱུད་ནི་དེ་དག་སྟོན་པར་བྱེད
་པ་སྨའི་ཚོགས་སོ། །དེ་ཉིད་ནི་ཆོག་རྒྱས་པའོ། །དཔའ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །
་དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་རྒྱུད་བསྟན་ནས། །ང་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་རྒྱུད་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབས?་པས?
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་ནི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཏེ། དེ་དག་གི་རྒྱུ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་གང་ཡིན་ཞེ་ན། སེམས་དཔའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པའི
་དབུས་མ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བ་ནི་སེམས་མ་རྡོ་རྗེ་མས་ཏེ། མི་བསྐྱོད་པའི་དམ་ཚིག་གི་ཕྱག་རྒྱའོ། །འདིས་དབང་བསྐུར་བའི་དུས་སུ་རང་དང་གཞན་དག་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང་བཛྲ་སཏྭ་ཞེས་བྱ་བའི་སྙིང་པོ་འདིས་བྱའོ། །དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། དབང་བསྐུར་གཞན་རྣམ་པར་སྣང་མཛད་དུ་བསམས་ལ། བཛྲ་སཏྭ་ཨ་དྷི་ཏིཥྛ་ཞེས་བྱ་བས་སེམས་མ་རྡོ་རྗེ་མ
་བཅིངས་ཏེ། སྙིང་ག་དང་མཛོད་སྤུ་དང་མགྲིན་པ་དང་སྤྱི་བོར་བྱིན་གྱིས་བརླབ་ཅིང་སེམས་མ་རྡོ་རྗེ་མ་བཅིངས་ནས་ལྡང་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས། ཨོཾ་?་ཁཾ་ཞེས་བྱ་བ་བཟླ་བར་བྱ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་དང
་ཉིད་འཆིད་དམ་གཞན་འཆིང་དུ་གཞུག་པར་བྱའོ། །རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་བ་བྱས་ནས་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་ནས་མཐེ་བོང་དང་མཛུབ་མོའི་རྩེ་མོ་མཉམ་པར་སྦྱར་བ་སྙིང་ག་ལ་གྱེན་དུ་བླངས་སྟེ། དབང
་བསྐུར་བའི་གནས་སུ་རྩེ་མོ་བཞག་པ་ནི་རྡོ་རྗེ་རིན་ཆེན་ཞེས་བྱའོ། །དེ་བཅིངས་པས་བཛྲ་རཏན་ཨ་བྷི་ཥིཉྩ་ཞེས་བྱ་བ་བཟླ་ཞིང་རང་དམ་གཞན་ལ་དབང་བསྐུར་བར་བྱའོ། །དེ་ལྟར་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་རང་དང་གཞན་དག་ལ་སློབ་དཔོན་གྱིས་དབང་བསྐུར
་ཏེ། རྡོ་རྗེ་རྩེ་ལྔ་འོད་ཟེར་དང་བཅས་པས་ཇི་སྐད་བཤད་པའི་སྔགས་ཀྱིས་སྦྱིན་པར་བྱའོ། །མཆོད་པ་ནི་མཉམ་པའི་ཐལ་མོས་ཇི་ལྟ་བ་བཞིན་དུ་གཏོར་བ་ལ་སོགས་པ་རྣམས་སོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་རྡོ་རྗེ་ཐལ་མོས་མ
་ཏོག་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་གང་བསྟན་པ་དེ་ཉིད་འདིར་མཉམ་པའི་ཐལ་མོས་འདིར་ཤེས་པར་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ
་ལས་ནི་བྱེད་པར་འགྱུར་ཞེས་བྱ་བའི་རྡོ་རྗེའི་གླུ་བརྗོད་ཅིང་སྔ་མ་བཞིན་དུ་གར་བྱས་ལ་མཉམ་པའི་ཐལ་མོ་བསྐོར་བས་རང་གི་སྙིང་གར་བསམ་པ་སྤྲོ་བས་མགོ་བོས་ཕྱག་བྱས་ཏེ། །སྤྱི་བོར་བཞག་ནས་ཕབ་ནས་སྟེང་དུ་གཏོར་བ་དང། འོག་ཏུ་དོར
་བ་དང། མཐེ་བོང་སྦྱར་བས་བསྐོར་བ་དང། རབ་ཏུ་བརྐྱང་ཞིང་བྱུགས་པའི་ཚུལ་རྣམས་ཀྱིས་སྤྱད་བར་བྱ་སྟེ། དེ་ལྟར་ན་མེ་ཏོག་དང་སྤོས་དང་མར་མེ་དང། དྲིའི་མཆོད་པའི་ཕྱག་རྒྱ་རྣམས་ཡིན་ནོ། །དེ་བཞིན་དུ་གར་བྱས་ལ་མཉམ་པའི་ཐལ་མོ
་བསྐོར་བས་སྙིང་གར་རྣམ་པར་འཕྲུལ་པ་བསྟེན་པར་བྱའོ། །མཉམ་པའི་ཐལ་མོ་ཁར་ཡོངས་སུ་བསྐོར་ཏེ་སྤྱི་བོར་བཟུང་བར་བྱའོ། །མཉམ་པའི་ཐལ་མོ་གཡོན་པའི་མཛུབ་མོ་བཀུག་པ་དབྱུག་པའི་རྣམ་པར་བྱས་ལ་གཡས་པའི་མཛུབ་མོ་བཀུག་པས
་རྡོ་རྗེ་པི་ཝང་བརྡུད་བའི་ཚུལ་བྱའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་མཉམ་པའི་ཐལ་མོ་སྤྱི་བོར་བཅིང་བ་བྱ་སྟེ། སྒེག་མོ་ལ་སོགས་པ་རྡོ་རྗེ་གར་མའི་མཐར་ཐུག་པའི་ཕྱག་རྒྱ་འདི་རྣམས་ཡིན་ནོ། །ཕྱག་རྒྱ་རྣམ་པ་བརྒྱད་པོ་འདི་དག་གིས་དེ་བཞིན
་གཤེགས་པའི་རིགས་ལ་མཆོད་པར་བྱའོ། །དེ་ལྟར་མཆོད་པ་རྣམ་པ་བརྒྱད་ཀྱི་ཕྱག་རྒྱ་རྣམས་བསྟན་ནས་ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་མཚན་ཉིད་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིང་བའོ་ཞེས་བྱ་བ
་གསུངས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གཉིས་བཅིངས་ནས་བཅིང་བར་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། གཡོན་པའི་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་རང་གི་སྙིང་གར་བཞག་ལ། དེའི
་མཛུབ་མོ་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་བྱང་ཆུབ་མཆོག་གི་ཚུལ་དུ་བསྒྲེང་བ་བཟུང་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །ལྷག་མའི་དོན་ནི་།
་སླའོ། །དེ་ལ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཅན་གྱི་བདག་ཉིད་རྣམ་པར
་བསྒོམས་ནས། བཅིང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ལ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས
་པའི་ནང་དུ་བསྒྲེད་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །ཞེས་བྱ་བ་འདི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའོ། །པང་པར་ལག་པ་གཡོན་པ་གྱེན་དུ་འཛིན་པའི་ཚུལ་དུ་བཞག་ལ། ལག་པ
་གཡས་པ་ས་ལ་རེག་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་དང་བཅས་པས་གང་ཡིན་པ་དེ་ནི་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའོ། །མི་བསྐྱོད་པའི་ཕྱག་རྒྱ་ཉིད་རིན་པོ་ཆེ་དང་བཅས་པའི་ལག་པ་གཡས་པས་མཆོག་སྦྱིན་པའི
་ཚུལ་དུ་བཞག་པ་གང་ཡིན་པ་དེ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ལག་པ་གཡོན་པས་རྡོ་རྗེའི་པདྨ་བླངས་ཏེ། ཆོས་བསྟན་པ་གང་ཡིན་པ་དེ་ནི་འོད་དཔག་མེད་ཀྱིའོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ཉིད་སྣ་ཚོགས་རྡོ་རྗེ་དང་བཅས་པའི་ལག་པ་གཡས
་པས་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བཞག་པ་གང་ཡིན་པ་དེ་ནི་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་ནི་སེམས་དཔའ་ཨི་རྡོ་རྗེ་མའོ། །རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་རིན་ཆེན་མའི་འོ། །འཇིག་རྟེན
་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ནི་ཆོས་ཀྱི་རྡོ་རྗེ་མའི་འོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ལས་ཀྱི་རྡོ་རྗེ་མའི་འོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་གཉིས་བསྙེམས་པ་གཉིས་ཀྱིས་གནས་པ་གང་ཡིན་པ་དེ་ནི
་སྒེག་མོའི་འོ། །རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལག་པ་གཉིས་འདེགས་ཤིང་གར་གྱིས་ཚུལ་གྱིས་གནས་པ་ནི་གར་མའོ་འོ།།ལག་པ་གཉིས་ཀྱི་རྡོ་རྗེའི་ལྕགས་ཀྱུ་བླངས་ཏེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པར་བྱེད་པ་ནི་རྡོ་རྗེ
་ལྕགས་གྱུའི་འོ། །ལག་པ་གཉིས་ཀྱིས་རྡོ་རྗེ་ཞགས་པ་བླངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པར་བྱེད་པ་ནི་རྡོ་རྗེ་ཞགས་པ་མའི་འོ། །ལག་པ་གཉིས་ཀྱིས་རྡོ་རྗེ་ལུ་གུ་རྒྱུད་བླངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར?་བྱེད་པའོ།
་ལག་པ་གཡོན་པ་སྟན་ལ་བརྟེན་པའི་ཚུལ་ལ་གནས་པས་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱེད་པ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཆེན་པོའོ། །དམ་ཚིག་གི་ཕྱག་རྒྱ་པདྨ་ཆེན་པོ་ཞེས་བྱ་བ་ལ་འཕགས་པ་སྤྱན་རས
་གཟིགས་ཀྱི་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོ་ལ་པདྨ་ཆེན་པོ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་བཅིངས་པ་ཙམ་གྱིས་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ཡང་འདི་ཡིན་ཏེ་རྡོ་རྗེ་གལ?་མོ་ཁ
་འབུས?་པའི་དབུས་མ་མཉམ་པའི་མཐེ་བོང་དང་མཐེའུ་ཆུར་ཁ་ཕྱེ་བས་འདབ་མ་བཞི་པ་ཞེས་བྱ་བའོ། །རྡོ་རྗེ་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེའི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་དམ་ཚིག་གི
་ཕྱག་རྒྱར?་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ནི་རྡོ་རྗེ་སེམས་དཔའ་ཨི་དབང་བསྐུར་བའི་ཕྱག་རྒྱར་གང་བཤད་པ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་པའོ། །ཞེས་བྱ་བ་ལ་དུམ
་བུ་དང་པོ་ལས་བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་གང་བཤད་པ་དེ་ཉིད་རྡོ་རྗེ་ལས་མར་ཤེས་པར་བྱའོ། །དེ་ཡང་རྡོ་རྗེ་བསྔམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྲིན་ལག་དང་མཐེའུ་ཆུང་གཉིས་མཉམ་པའི་རྒྱལ
་མཚན་འཕྱར་བའི་མཛུབ་མོས་བྱ་བའོ། །རྡོ་རྗེ་ཐལ་མོ་འོག་ཏུའོ་ཞེས་བྱ་བ་ལ་སོགས་ལ་རྡོ་རྗེ་ཐལ་མོའི་འོག་ཏུ་ཁ་བལྟས་པར་བཅིངས་ལ་མཛུབ་མོ་དང་མཐེ་བོང་དག་གིས་རྡོ་རྗེ་རིན་པོ་ཆེར་བྱས་ལ་སྙིང་གའི་ཕྱོགས་སུ་བཞག་སྟེ། མཛུབ་མོའི་ཕྱོགས་སུ
་མཛུབ་མོ་དང་མཐེའུ་རྩེ་མོ་བཟུང་བར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང། བཅོམ་ལྡན་འདས་མ་རྡོ་རྗེ་རིན་ཆེན་མའི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་གྱེན་དུ་ཁ་བལྟ་བའི་མཛུགས?་གཉིས་པ་ཏུག་པས?
་རྡོ་རྗེ་པདྨའོ་ཞེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ཉིད་གྱེན་དུ་ཁ་བལྟ་བར་བྱས་པའི་མཛུབ་མོ་གཉིས་པདྨའི་རྣམ་པ་ཅན་དུ་བྱས་ཏེ། འདི་རྡོ་རྗེ་པདྨ་ཞེས་བྱ་བའི་རྡོ་རྗེ་ཆོས་མའི་འོ། །སེམས་མ་རྡོ་རྗེ་མ་ནི་ཕྱི་རོལ་ཏུ་དབུས?
་མ་བཅིངས་པའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་བའི་དབུས་མ་བསྒྲེང་བའི་ལུ་གུ་མཉམ་པ་ཞེས་བྱ་བའི་དོན་ཏེ་འདི་ནི་རྡོ་རྗེ་སེམས་མའི་དམ་ཚིག་གི་ཕྱག་རྒྱའོ། །མཉམ་པའི་ཐལ་མོ་བསྐོར་བས་སྙིང་གར་རྣམ་པར་འཕྲུལ་པ་བསྟན་པར་བྱ་སྟེ
་འདི་ནི་སྒེག་མོའི་ཕྱག་རྒྱའོ། །མཉམ་པ་ལི་ཐལ་མོ་རྒོད་ཅིང་ཡོངས་སུ་བསྐོར་བས་སྤྱི་བོར་བཟུང་བར་བྱ་སྟེ། འདི་ནི་བཞད་མའི་འོ། །མཉམ་པའི་ཐལ་མོ་གཡོན་པའི་མཛུབ་མོ་དབྱུག་པའི་ཚུལ་དུ་བཀུག་ལ་གཡས་པའི་མཛུབ་མོ་བཀུག་པས
་པི་ཝང་བཅུངས?་པའི་ཚུལ་དུ་བྱས་ཏེ་འདི་ཀླུ་ཆེན་མོའི་འོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱ་ཞིང་སྤྱི་བོར་མཉམ་པའི་ཐལ་མོ་བཅིངས་པར་བྱ་སྟེ། འདི་ནི་གར་མའི་འོ། །དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པའི
་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་ནི་རྡོ་རྗེ་ལྕགས་ཀྱུ་མའི་རྡོ་རྗེ་བསྡམས་པའི་གཡོན་པའི་མཛུབ་མོ་ལྕགས་ཀྱུས་བཟུང་བར་བྱས་ལ་རྡོ་རྗེ་ཞགས་པའོ། །རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་དང། མཐེ་བོང་མདུད་པ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ།
་རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོང་གཉིས་ནང་དུ་བཅུག་སྟེ་རང་གི་མཐེའུ་ཆུང་དང་སྲིན་ལག་ནད་དུ་བཟུང་བར་བྱས་ཏེ་འདི་ན་རྡོ་རྗེ་དྲིལ་བུ་མ་ཡི་དམ་ཚིག་གི་ཕྱག་རྒྱའོ། །ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ། རང་བཞིན་གྱིས་དག་པའི་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པར་བྱེད་པའི་ཡི་གེ་རྣམས་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཡི་གེ་ཨ་ནི་རྣམ་པར་སང?་མཛད་ཀྱིའོ། །ཡི་གེ་ཧོ་ནི་མི་བསྐྱོད་པའི་འོ། །ཏྲཾ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཡི་གེ་ཧྲི་ནི་འོད་དཔག་ཏུ་མེད་པའི་འོ། །
་། །ཡི་གེ་ཧཱུཾ་ནི་དོན་ཡོད་གྲུབ་པའོ། །ལྷག་མ་རྣམས་ཀྱི་ནི་རང་གི་སྙིང་པོ་ཁོ་ནའོ། །དེ་ནས་ཀྱིས་ནི་སྔ་མ་བཞིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་ལས་སྟོན་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དེའི
་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །རྡོ་རྗེ་ཁུ་ཚུར་མཐེ་བོར་བཞག་པས་དེ་བཞིན་གཤེགས་པའི་ཁུ་ཚུར་རོ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཐེ་བོང་གཉིས་བཞག་ལ་མཛུབ་མོ་གཉིས་ཀྱི་རྩེ་མོས་རང་གི་མཐེ་བོང་མནན་པར་བྱས་ཏེ། འདི
་ནི་འདིར་རྡོ་རྗེ་ཁུ་ཚུར་ཡིན་ནོ། །འདི་བཅིངས་ནས་མཐེ་བོང་གཉིས་ཕྱིར་ཕྱུང་སྟེ། ཡང་དག་པར་སྦྱར་བར་བྱས་ལ་རྩེ་མོའི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཁུ་ཚུར་ལ་མཐེ་བོང་བཞག་བས་དེ་བཞིན་གཤེགས་བའི་ཁུ་ཚུར་རོ་ཞེས་བྱའོ། །དེ་གཉིས་བྱས
་པས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་སུ་འགྱུར་རོ། །གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་མཛུབ་མོ་སྙིང་གའི་ཕྱོགས་སུ་བསྒྲེང་བ་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་བྱང་ཆུབ་མཆོག་གི་ཚུལ་དུ་བཟུང་བར་བྱ་སྟེ། དེ་ལྟར
་ན་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལS་ཀྱི་ཕྱག་རྒྱའོ། །གཡོན?
་ཆོས་གོས་དང་བཅས་པ་ཞེས་བྱ་བ་ལ་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་ཆོས་གོས་གྱི་མཛའ་མ་འཛིན་པའི་ཚུལ་གྱི་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་བཟུང་བར་བྱའོ། །གཡས་བའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་སོར་མོ་ཐམས
་ཅད་རབ་ཏུ་བརྒྱད་བས་ས་ལ་རེག་པའི་ཚུལ་གྱིས་བཟུང་བར་བྱ་སྟེ། འདི་ནི་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བ་བཅོམ་ལྡན་འདས་མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱའོ། །དེས་བདུད་ཐམས་ཅད་ཀྱི་སྟོབས་འཇོམས་པའོ་ཞེས་བྱ་བ་ལ་ཇི་སྐད་དུ། མཚན་ཕྱེད
་ཀྱི་དུས་སུ་བདུད་ཐམས་ཅད་ཀྱི་སྟོབས་བལྟས་ཏེ་ངེས་ན་བདུད་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པས་བདུད་གཞོམ་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ཡིས་དེ་བྱ་བ་ཡིན་ནོ། །འདས་མ་ཐག་ཏུ་བཤད་པའི་མི་བསྐྱོད་པའི་ལས་ཀྱི་དེ་ཉིད་བཅིངས་པ་ཡོངས་སུ
་བསྐོར་ཏེ། ཁ་གྱེན་དུ་བལྟ་བར་བྱས་ན་འདོན་པར་བྱེད་ཅིང་གཟེངས་བསྟོད་པར་བྱེད་ཅེས་བྱ་བ་རིན་ཆེན་འབྱུང་ལྡན་གྱི་ལས་ཀྱི་ཕྱག་རྒྱ་སྟེ། དེ་ཉིད་ལྷ་ལ་སོགས་པའི་སེམས་ཅན་ཐམས་སློད་བར་བྱེད་པས་ན་ལྟུང་བ་འདོན་པ་དང། རིགས་ཐམས
་ཅད་ཀྱི་དཀྱིལ་འཁོར་རྣམས་སུ་སློབ་དཔོན་དང་སློབ་མ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་པ་ཡིན་ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། མི་བསྐྱོད་པའི་ཕྱག་རྒྱ་ཉིད་བཅིངས་ནས་ལག་པ་གཡས་པ་ཁ་གྱེན་དུ་བལྟ་བར
་བྱས་ཏེ། །མཆོག་སྦྱིན་གྱི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་གཟེངྒས་བསྟོད་པ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་ཡིན་ནོ། །མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་དེ་ཉིད་བཅིངས་ནས་པདྨའི་འདབ་མ་ཁ་ཕྱེ་བའི་ཚུལ་དུ་གཡས་པའི་མཐེ་བོང་དང་མཛུབ་མོ
་དག་གིས་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་རང་བཞིན་གྱི་ཆོས་གོས་ཀྱི་མ་ལམ་འཛིན་པའི་ཚུལ་ཁ་འབྱེད་པར་བྱེད་པའོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཆོས་སྟོན་པར་བྱེད་པས་ན་ཆོས་འབྱུང་ཞེས་བྱ་བའོ། །ལས
་གང་དང་ལྡན་པ་ཡིན་ཞེ་ན། ཆོས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པའོ་ཞེས་བྱ་བ་ལ་ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཆོས་ཐམས་ཅད་དོ། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་དམིགས་པའི་སེམས་དང་སེམས
་ལས་བྱུང་བ་རྣམས་སོ། །དེ་དག་རྣམ་པར་སྤྱོད་པར་བྱེད་པ་ནི་དེ་རྟོགས་ཤིང་བསྐྱེད་པར་བྱེད་པོ། །འདིས་འདི་ལྟར་བཤད་པར་འགྱུར་ཏེ། མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་དེ་ཉིད་བཅིངས་ནས་ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོང་དག་གིས་གཡོན
་པའི་ཁུ་ཚུར་པདྨ་ཁ་ཕྱེ་བའི་ཚུལ་དུ་མཐེའུ་ཆུང་ནས་བརྩམས་ཏེ་སོར་མོ་ཐམས་ཅད་ཁ་ཕྱེ་བར་བྱས་ཏེ། འདི་ནི་འོད་དཔག་ཏུ་མེད་པའི་ལས་ཀྱི་ཕྱག་རྒྱ་ཆོས་འབྱུང་བ་ཞེས་བྱ་བ་ཡིན་ནོ། །མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་དེ་ཉིད་བཅིངས་ནས་ལག་པ་གཡས
་པས་བ་དན་གསུམ་བྱས་ལ་མི་འཇིགས་པ་སྦྱིན་པའི་ཚུལ་ཡིས་བཟུང་བར་བྱ་སྟེ། འདི་ནི་སློང་བར་བྱེད་པ་ཞེས་བྱ་བ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཡིན་ཏེ། སྒྲུབ་པ་པོ་ལ་གདོན་མི་ཟ་བར་དངོས་གྲུབ་རྩོལ་བ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལས་ཀྱི་ཕྱག
་རྒྱ་འདི་རྣམས་ལག་པ་གཡས་པས་རང་གི་ལུས་རྫོགས་པར་བྱེད་པ་ན། གཡས་པས་ལས་བྱེད་པ་ཡིན་ནོ། །གདོན་མི་ཟ་བ་ནི་འབྲས་བུ་མེད་པ་མ་ཡིན་པའོ། །བཅིངས་པ་ཙམ་གྱིས་གྲུབ་པའོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པར་བྱེད་པའི་ཕྱིར་རོ
་ལྷག་མ་ནི་ཇི་ལྟ་བ་བཞིན་དུ་བཟུང་བས་སོ་ཞེས་བྱ་བ་ལ་སོགས་པ་སེམས་མ་རྡོ་རྗེ་མ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་མཐར་ཐུག་པའི་བར་དུ་ཇི་ལྟ་བུ་བཞིན་དུ་རང་གི་ཕྱག་མཚན་བཟུང་བ་བཤད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི
་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་སེམས་དཔའ་ཨི་ལས་ཀྱིས་ཕྱག་རྒྱ་བཅིངས་པ་ནི་སེམས་མ་རྡོ་རྗེ་མའི་འོ། །ནམ་མཁའ་ཨི་སྙིང་པོའི་ལས་ཀྱི་ཕྱག་རྒྱ་བཅིངས་པ་ནི་ཆོས་ཀྱི་རྡོ་རྗེ
་མའི་ལོ། །སྣ་ཚོགས་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ནི་ལས་ཀྱི་རྡོ་རྗེ་མའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་བས་སྙིང་གར་རྣམ་པར་འཕྲུལ་པ་བསྟན་པར་བྱ་སྟེ། སྒེག་མོའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས
་རྒོད་པའི་ཚུལ་གྱིས་ཁར་ཡོངས་སུ་བསྐོར་ནས་སྤྱི་བོར་བཟུང་བ་བྱས་ཏེ། འདི་ནི་བཞད་མའི་འོ། །གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་མཛུབ་མོ་རབ་ཏུ་བརྐྱང་ནས་བཀུག་སྟེ། དབྱུག་པའི་ཚུལ་དུ་བཟུང་བར་བྱས་ལ་གཡས་པའི་དེ་བཞིན་གཤེགས
་པའི་ཁུ་ཚུར་གྱིས་མཛུབ་མོའི་བི་ཝང་བརྡུད་བའི་ཚུལ་དུ་བྱས་ཏེ། འདི་ནི་གྲུ་ཆེན་མོའི་འོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་སྤྱི་བོར་མཉམ་པའི་ཐལ་མོ་བཅིངས་པ་བྱས་ཏེ།། འདི་ནི་གར་མའི་འོ། །དེ་བཞིན་གཤེགས
་པའི་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་གྱིས་ལྕགས་ཀྱུ་གཉིས་བྱ་སྟེ། འདི་ནི་ལྕགས་ཀྱུ་མའི་འོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། གཡས་པའི་མཛུབ་མོའི་ལྕགས་ཀྱུ་གཡོན་པའི་མཛུབ་མོ་བསྒྲེང་བས
་བཟུང་བར་བྱས་ཏེ། འདི་ནི་རྡོ་རྗེ་ཞགས་པའི་འོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་དང་མཐེ་བོང་དག་གིས་མདུད་པ་བཅིངས་པར་བྱས་ཏེ། །འདི་ནི་རྡོ་རྗེ་ལྕགས་སྒྲོག་མའི་འོ། །དེ་བཞིན་གཤེགས་པའི་ཁུ་ཚུར
་གཉིས་བཅིངས་ནས་ལམ?་ཚུན་དུ་ཡང་དག་པར་སྦྱར་བ་བཟུང་བར་བྱས་ཏེ། འདི་ནི་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ནད་འཇིགས་པ་ལ་སོགས་པའི་ལས་རྫོགས་པར་བྱེད
་པའི་ཕྱག་རྒྱ་ནི་ལས་གྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་ནད་གཟིར་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་ལ་གཡོན་པ
་རྡོ་རྗེ་སོར་མོ་ནི?་བསྒྲེང་བ་གཡོས་པས་བཟུང་པར་བྱ་སྟེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ། །འདིས་ནང་གཟིར་བར་བྱ་སྟེ། །དེ་ལྟར་ནང་ཐམས་ཅད་འཇིག་པར་འགྱུར་རོ། །དེ་ཉིད་བཅིངས་ནས་དེའི་རང་གི་མིག་ཡོངས་སུ་སྦྱར་བར?
་བྱེ་ས་ཏེ། དེ་ལྟར་ན་མྱ་ངན་འཇིག་པར་འགྱུར་རོ། །དེ་ཉིད་སྙིང་གར་བཞག་པར་བྱ་སྟེ། །དེ་ལྟར་ན་ཡིད་མི་བདེ་བ་ཐམས་ཅད་འཇིག་པར་འགྱུར། །དེ་ཉིད་ཀྱིས་བྱ་བ་པར་བྱ་སྟེ། དེ་ལྟར་ན་ནད་ཐམས་ཅད་འཇིག་པར་འགྱུར་རོ། །དེ་ཉིད་ཀྱིས་ཁུ་ཚུར
་གྱིས་བླངས?་ཏེ། དུག་འཕྲོག་པར་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་འཇིག་པའོ། །དེ་བཅིངས་ནས་བཟའ་བ་ལ་མངོན་པར་བསྔགས་ནས་བཟའ་བར་བྱ་སྟེ། དེ་ལྟར་ན་སྦྱར་བའི་དུག་འཇིག་པའོ། །དེ་ཉིད་བཅིངས་ནས་ཁྲོ་ཞིང་གྱུར་གྱིས་མངོན་པ
་ཕྱོགས་པར་གཏོར་བར་བྱས་ཏེ་དེ་ལྟར་ན་གྱུར?་འཇིག་པར་བྱེད་པའོ། །དེ་ཉིད་ཀྱི་ཕུར་བུ་བླངས་ནས་གཏོན་པར་བྱས་ཏེ། དེ་ལྟར་བྱད་འཇིག་པར་བྱེད་པའོ། །དེ་ཉིད་ཀྱིས་རྟིང་པ་ལ་བརྡེག་པའི་ཚུལ་བྱ་སྟེ། དེ་ལྟར་རོ་ལངས་ཐམས་ཅད་འཇིག་པར་བྱེད་པའོ། །ཡི་གེ་ཨོཾ
་བྲིས་ནས་ཕྱི་བར་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཨོཾ་བྲིས་ནས་ཕྱི་བར་བྱ་སྟེ། དེ་ལྟར་ན་སྔགས་ཐམས་ཅད་འཇིག་པའོ། །སོར་མོ་རྣམས་ཀྱིས་གཟུང་བར་བྱ་སྟེ། དེ་ལྟར་སྨན་ཐམས་ཅད་འཇིག་པའོ། །ཡི་གེ་ཧཱུཾ་དང་བཅས་པས་བརྡེག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད
་བཅིངས་ནས། ཨོཾ་བྷུ་ཁཾ་ཞེས་བྱ་བའི་ཡི་གེ་ཧཱུཾ་དང་བཅས་པའི་སྙིང་པོ་བཟླ་ཞིང་བགེགས་ལ་བརྡེག་པར་བྱས་ཏེ་དེ་ལྟར་ན་བགེགས་ཐམས་ཅད་འཇིག་པའོ། །ལོག་འདྲེན་ལ་བརྡེག་པར་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཁྲོ་བ་དང་བཅས་པས་ལོག་འདྲན་ལ་བརྡེག
་པར་བྱ་སྟེ། དེ་ལྟར་ན་ལོག་འདྲེན་ཐམས་ཅད་འཇིག་པར་བྱེད་པ་ཡིན་ནོ། །མཚོན་ཆ་བྲིས་ནས་ཕྱི་བར་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཀྱིས་རལ་གྲི་བྲིས་ནས་ཕྱི་བར་བྱས་ཏེ། དེ་ལྟར་ན་སྡིག་པ་ཐམས་ཅད་འཇིག་པའོ། །ཀུན་ཏུ་སྦྱིན་སྲེག་བྱའོ་ཞེས་བྱ་བ་ལ།
་དེ་ཉིད་ཀྱིས་སྦྱིན་སྲེག་གི་ཚུལ་བྱས་ཏེ་དེ་ལྟར་ན་རྨི་ལམ་ངན་པ་ཐམས་ཅད་འཇིག་པའོ། །དུར་བའི་སྦྱིན་སྲེག་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཀྱི་སྦྱིན་སྲེག་གི་ཆོ་གས་དུར་བའི་སྦྱིན་སྲེག་བྱ་སྟེ། དེ་ལྟར་ན་དུས་མ་ཡིན་པའི་འཆི་བའི་འཇིགས་པ་མེད་དོ།།
་སྤྱི་བོར་བཞག་ནས་བལྟ་བས་བྱ་བ་པར་བྱའོ་ཞེས་བྱ་བ་ལ་དེ་བཅིངས་ནས་ནད་མེད་པའི་སྤྱི་བོར་བཞག་ལ་བྱབ་པར་བྱ་སྟེ། དེ་ལྟར་ན་རིམས་ཐམས་ཅད་འཇིག་པར་འགྱུར་རོ། །སྐྲ་ནས་བཟུང་ཞིང་བསྐྱོད་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་ནད་པའི་སྐྲ་ལ
་བཟུང་ཞིང་བསྐྱོད་པར་བྱ་སྟེ། །དེ་ལྟར་ན་གདོན་འཇིག་པར་འགྱུར་རོ། །སྟེང་དུ་ཁ་ཊཝཱཾ་ག་བཟུང་བའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སྟེང་དུ་ཁ་ཊཝཱཾ་ག་འཛིན་པའི་ཚུལ་བཟུང་བར་བྱས་ཏེ། དེ་ལྟར་ནམ་མཁའ་འགྲོ་མ་ཐམས་ཅད་འཇིག་པར་འགྱུར་རོ། །རང་གི་ཁྱིམ
་དུ་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་རང་གི་ཁྱིམ་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འཇིག་པར་འགྱུར་རོ། །རང་གི་ཁྱིན་དུ་བཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་རགན་གི་ཁྲིམ་དུ་རྡོ་རྗེའི་རིགས་དག
་པའི་ཚུལ་གྱིས་བཞག་པར་བྱ་སྟེ། དེ་ལྟར་ན་ཉེ་བར་འཚེ་བ་ཐམས་ཅད་འཇིག་པར་འགྱུར་རོ། །འཇུག་པ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཁྱིམ་དུ་ཞུགས་ནས་ལྟས་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །སྙིང་ག་ལ་གདོན་པར་བྱའོ་ཞེས་བྱ་བ
་ལ་དེ་ཉིད་ལ་བཅིངས་ནས་སྙིང་གའི་ཕྱོགས་ནས་གདོན་པར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་འཇིག་པར་འགྱུར་རོ། །ལུས་ལ་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་ལུས་ལ་བསྐོར་བར་བྱ་སྟེ། དེ་ལྟར་ན་ལུས་ཀྱི་སྡུག་བསྔལ
་ཐམས་ཅད་འཇིག་པར་འགྱུར་རོ། །ངག་འབྱིན་པའོ་ཞེས་བྱ་བ་ལ་དེ་ཉིད་ཀྱིས་སྔགས་འབྱིན་པའི་ཚུལ་བྱས་ཏེ། དེ་ལྟར་ན་ངག་གི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །སྙིང་གར་བཙིར་བར་བྱའོ། །ཞེས་བྱ་བ་ལ་དེ་ཉིད་བཅིངས
་ནས་སྙིང་གའི་ཕྱོགས་སུ་བཅིང་བར་བྱས་ཏེ། དེ་ལྟར་ན་སེམས་ཀྱི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱ་ལས་བསྒྲུབ་པ་བསྟན་ནས་ང་ནི་དེ་ཉིད་དམ་ཚིག་གི་ཕྱག་རྒྱ
་ལས་སྒྲུབ་པ་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའོ། །ཞེས་བྱ་བ་གསུངས་ཏེ། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་སྟེ། དེའི་ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་སྐུ་མཆོག་ཅེས་བྱ་བ་ཇི་ལྟ་བ་བཞིན་དུ་བཤད་པའི་མཚན་ཉིད་ཅན་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་བཅིངས་ནས་རང་གི་སྙིང་གར་བསྟེན་པར་བྱས་ཏེ། དེ་ལྟར་ན་ཚེ་རིང་པོར་འཕེལ་བར་འགྱུར་རོ། །དབང་པོ
་ལ་བཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་དབང་པོ་ཐམས་ཅད་ལ་བཞག་པར་བྱ་སྟེ། དེ་ལྟར་ན་ཚོངས་ཆེན་པོ་འཕེལ་བར་འགྱུར་རོ། །ཁ་ལ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་རང་གི་སྙིང་གར་བཟུང་བར་བྱས་ཏེ། དེ་ལྟར་ན་གཟུགས་ཆེན་པོ་འཕེལ་བར་འགྱུར་རོ།།
་དེ་ཉིད་ལ་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་བཅིངས་ནས་རང་གི་སྙིང་གར་བསྐོར་བར་བྱ་སྟེ། དེ་ལྟར་ན་ཁ་དོག་ཆེན་པོ་འཕེལ་བར་འགྱུར་རོ། །དཔྲལ་བར་བཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་དཔྲལ་བར་བཟུང་བར་བྱ་སྟེ། དེ་ལྟར་ན་གཟི་བརྗིད
་ཆེན་པོ་འཕེལ་བར་འགྱུར་རོ། །སྙིང་གར་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སྙིང་གར་བཟུང་བར་བྱ་སྟེ། དེ་ལྟར་ན་གཟི་བརྗིད་མངོན་པར་འཕལ?་བར་འགྱུར་རོ། །དཔུང་པ་གཉིས་ལ་ཞེས་བྱ་བ་ནི་དེ་ཉིད་དུ་དཔུང་པ་གཉིས་བཟུང་བར་བྱས་ཏེ། དེ་ལྟར་ན་སྟོབས
་འཕེལ་བར་འགྱུར་རོ། །བརླ་གཉིས་ལ་ཞེས་བྱ་བ་ནི་དེ་ཉིད་བརླ་གཉིས་སུ་བཟུང་བར་བྱ་སྟེ། དེ་ལྟར་ན་སྤྲོ་བ་འཕེལ་བར་འགྱུར། །ཕྲེང་བ་བཅིང་བ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྲེང་བ་འཆིང་བའི་ཚུལ་བྱ་སྟེ། དེ་ལྟར་ན་བརྩོན་འགྲུས་འཕེལ་པར་འགྱུར་རོ། །དབང
་པོ་རྣམས་ལ་ཞེས་བྱ་བ་ནི་དེ་ཉིད་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ལ་བཟུང་བར་བྱ་སྟེ། དེ་ལྟར་ན་དཔལ་ཆེན་པོ་འཕེལ་བར་འགྱུར་རོ། །སྤྱི་བོ་ལ་ཞེས་བྱ་བ་ནི་དེཉིད་སྤྱི་བོར་བཟུང་བར་བྱ་སྟེ། དེ་ལྟར་ན་དཔལ་དང་སྐལ་པ་བཞང་པོ་འཕེལ
་བར་འགྱུར་རོ། །ཁ་ལ་ཞེས་བྱ་བ་ནི་དེ་ཉིད་ཁར་བཟུང་བར་བྱ་སྟེ། དེ་ལྟར་ན་བསོད་ནམས་འཕེལ་བར་འགྱུར་རོ། །ཁ་ལ་བཏོན་ནས་ཞེས་བྱ་བ་ལ་དེ་ཉིད་ཁའི་ཕྱོགས་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་མིང་འཕེལ་པར་འགྱུར་རོ། །ཐམས་ཅད་དུ་བསྐོར
་བར་བྱའོ་ཞེས་བྱ་བ་ནི་དེ་ཉིད་ཕྱོགས་བཅུར་བསྐོར་བར་བྱ་སྟེ། དེ་ལྟར་ན་སྙན་པའི་སྒྲ་འཕེལ་བར་འགྱུར་རོ། །ཕྱོགས་སུ་བསྐོར་བར་བྱའོ་ཞེས་བྱ་བ་ལ་དེ་ཉིད་གྲོགས་པ་འཕེལ་བའི་བསམ་པས་ཕྱོགས་བཅུར་བསྐོར་བར་བྱ་སྟེ། དེ་ལྟར་ན་གྲགས་པ་འཕེལ
་བར་འགྱུར་རོ། །རང་དང་གཞན་དག་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་དམ་མདུན་དུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་དྲན་པ་འཕེལ་བར་འགྱུར་རོ། །སྙིང་ག་ལས
་གདོན་པའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སྙིང་ག་ལས་སྟེང་དུ་དྲང་བར་བྱའོ། །དེ་ལྟར་ན་བློ་གྲོས་འཕེལ་བར་འགྱུར་རོ། །སྙིང་གར་བཞག་ནས་དགའ་བ་བསྐྱེད་པར་བྱའོ། །ཞེས་བྱ་བ་ལ་དེ་ཉིད་སྙིང་གའི་ཕྱོགས་སུ་བཟུང་ཞིང་དགའ་བ་མངོན་དུ་བྱ་བ་འདི
་ལྟར་ན་བརྟན་པ་འཕེལ་བར་འགྱུར་རོ། །སངས་རྒྱས་ཉིད་བསྐྱེད་པར་བྱའོ་ཞེས་བྱ་བ་ལ། དེ་ཉིད་བཅིངས་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་འཕེལ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་བདག་ཉིད
་བསྒོམས་པའོ། །ཞེས་བྱ་པ་ལ་དེ་ཉིད་བཅིངས་ནས་ཆོས་ཀྱི་འཁོར་ལོ་མི་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་ཀྱི་ངོ་བོར་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །ཕུང་པོ་ལྔ་ལ་བཞག་པར
་བྱའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་དེ་བཞིན་གཤེགས་པའི་བསྒོམ་པས་བརྡུང་བར་བྱ་སྟེ། དེ་ལྟར་ན་ཆོ་ག
་འཕེལ་བར་འགྱུར་རོ། །རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་བར་བྱའོ། །ཞེས་བྱ་བ་ལ་དེ་ཉིད་རྫ་མཁན་གྱི་འཁོར་ལོའི་ཚུལ་གྱིས་བསྐོར་བ་བྱ་སྟེ། དེ་ལྟར་ན་འདུ་བྱེད་འཕེལ་བར་འགྱུར་རོ། །ལུས་དྲང་པོའོ་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་བདག་ཉིད
་རྣམ་པར་སྣང་མཛད་ཀྱི་སྐུར་བསྒོམ་པར་བྱ་སྟེ། དེ་ལྟར་ན་ལུས་འཕེལ་བར་འགྱུར་རོ། །ལྕེ་ལ་བཞག་པར་བྱ་སྟེ་ཞེས་བྱ་བ་དེ་ཉིད་ལྕེར་གཞག་པར་བྱ་སྟེ། དེ་ལྟར་ན་དག་འཕེལ་བར་འགྱུར་རོ། །ཡིད་ཀྱིས་མངོན་པར་འདུད་པར་བྱའོ་ཞེས་བྱ་བ་ལ་དེ
་ཉིད་བཅིངས་ནས་སེམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་སྟེ། དེ་ལྟར་ན་ཡིད་འཕེལ་བར་འགྱུར་རོ། །གཏོང་བ་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་སྐུ་མཆོག་དེ་ཉིད་བཅིངས་ནས་གཏོང་བ་རྗེས་སུ་དྲན་པ་དེ་ཉིད་བསྒོམ་པར་བྱ་སྟེ།
་དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པར་འགྱུར་རོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པར་འགྱུར་རོ། །བྱམས་པ་ཞེས་བྱ་བ་ལ་དེ་ཉིད་བཅིངས
་ནས་བྱམས་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པར་འགྱུར་རོ། །བརྩོན་འགྲུས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་བརྩོན་འགྲུས་བརྩམས་པར་བྱ་སྟེ། དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །ཏིང་ངེ
་འཛིན་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པར་འགྱུར་རོ། །སྟོབས་ཞེས་བྱ་བ་དེ་ཉིད་བཅིངས་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན
་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པར་འགྱུར་རོ། །ཐབས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་མདུན་དུ་རྡོ་རྗེ་བསྒོམ་པར་བྱས་ཏེ། དེ་ལྟར་ན་རྡོ་རྗེ་གྲུབ་པར་འགྱུར་རོ། །ངེས་པར
་བརྗོད་པར་བྱ་བ་དེ་ཉིད་བཅིངས་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་གཟུགས་ངེས་པར་མངོན་དུ་བརྗོད་པའི་བསྒོམ་པས་བསྒོམས་ན་དེ་ངེས་པར་བརྗོད་པ་གྲུབ་པར་འགྱུར་རོ། །གཟུངས་ཞེS་བྱ་བ་དེ་ཉིད་ངེས་པར་བཅིངས་ནས་དྲན་པ་དང་ཤེས་རབ
་ཡང་དག་པར་ལྡན་པའི་དེ་བཞིན་གཤེགས་པའི་ཐུགས་བསྒོམ་པས་གཟུངས་གྲུབ་པར་འགྱུར་རོ། །ས་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱིས་བསྒོམས་ན་དེ་ཉིད་གྲུབ་པོ། །སྤྱོད་པ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་བསྒོམས་པས་ཕ་རོལ
་ཏུ་ཕྱིན་པ་བཅུའི་སྤྱོད་པ་གྲུབ་པའོ། །སོ་སོར་ཡང་དག་པར་རིག་པ་བཞི་གྲུབ་པ་ཐོབ་པའོ། །མ་འདྲེས་པ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམས་པས་དེ་ཁོ་ན་ཉིད་གྲུབ་པར་འགྱུར་རོ། །ཆོས་ཞེས་བྱ་བ་དེ་ཉིད
་བཅིངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྒོམས་པས་བྱས་ཆུབ་སེམས་དཔའ་རྡོ་རྗེ་ཆོས་གྲུབ་པར་འགྱུར་རོ། །ལས་ཞེས་བྱ་བ་དེ་ཉིད་བཅིངས་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལས་བསྒོམས་པས་དེས་གྲུབ་པའོ། །སྣ་ཚོགས་ལུས་ཞེས་བྱ་བ་ནི་དེ་ཉིད་བཅིངས
་ནས་གཟུགས་ཐམས་ཅད་སྟོན་པའི་ཏིང་ངེ་འཛིན་བསྒོམས་ནས་དེ་གྲུབ་པ་ཡིན་ནོ། །སེམས་ཅན་གྱི་དོན་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སེམས་ཅན་གྱི་དོན་བསྒོམས་པས་དེ་གྲུབ་པ་ཡིན་ནོ། །སངས་རྒྱས་ཀྱི་དོན་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་དོན
་བ་སྦོམས་པས་དེ་གྲུབ་པ་ཡིན་ནོ། །ལུས་ཞེས་བྱ་བ་ལ་དེ་ཉིད་བཅིངས་ནས་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམས་པས་ལུས་གྲུབ་པའོ། །དག་ཅེས་བྱ་བ་དེ་ཉིད་བཅིངས་ནས་སྔ་མ་བཞིན་དུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་དག་གྲུབ་པོ། །ཡིད་ཀྱིས་བྱ་བ་ནི་དེ་ཉིད
་བཅིངས་ནས་རྡོ་རྗེ་དམ་པ་དེ་ཉིད་དུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཡིད་གྲུབ་པའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་དེ་ཉིད་བཅིངས་ནས་བདག་ཉིད་དེ་བཞིན་གཤེགས་པའི་རྡོ་རྗེར་བསྒོམ་པར་བྱས་ཏེ། དེ་ལྟར་ན་རྡོ་རྗེ་ཆེན་པོ་གྲུབ་པར་འགྱུར་རོ། །སླར་ཡང་དེ་ཉིད་བཅིངS
་ནས། ཨོཾ་བུདྷི་ཙིཏྟ་བཛྲ་ཞེས་བྱ་བ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉི་ཤུ་རྩ་ལྔས་སྔ་མ་བཞིན་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་འདིར་ཆོས་ཀྱི་དག་གི་བཟླ་བར་བ་བ་ཡིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས
་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཟླས་པ་ནི་དེ་བཞིན་གཤེགས་པ་རྗེས་སུ་དྲན་པས་སོ་ཞེས་བྱ་བ་ལ་ཨོཾ་སརྦཱ་ཏ་ཐཱ་ག་ཏ་ཙིཏྟ་ཞེས་བྱ་བས་དེ་ཉིད་བཅིངས་ལ་རྡོ་རྗེ་སེམས་དཔའ་ཨི་བཟླས་པས་དེ་བཞིན་གཤེགས་པར་བདག་ཉིད་དམ་མདུན་དུ་བསྒོམ་པར་བྱ་ཞིང
་བཟླས་པར་བྱའོ། །སྒྲུབ་པ་དེ་བཞིན་ནོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་བཟློས་པ་པོས་བུམ་པ་བཟང་པོ་ལ་སོགས་པའི་སྒྲུབ་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན་ནོ། །ལུས་ལ་ཉེ་བར་སྦྱོར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པས
་སོ་ཞེས་བྱ་བ་ནི་ལས་བརྒྱ་སྒྲུབ་པ་རང་དེ་བཞིན་གཤེགས་པའི་བདག་ཉིད་རྣམ་པར་བསམS་ལ་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པའི་ཕྱག་རྒྱ་བཅིང་བ་གང་ཡིན་པ་དེ་ནི་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།
་དེ་ལྟར་དེ་བཞིན་གཤེགས་པའི་ཕྱག་རྒྱའི་རྟོག་པ་བསྟན་ནས་ད་ནི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབས་པ་ལའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་བཅིང་བ
་ཞེས་བྱ་བ་ལ་ཕྱག་རྒྱ་བཅིང་བའི་མཚན་ཉིད་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་བདག་ཉིད་ཐམས་ཅད་རྡོ་རྗེས་སོ་ཞེས་བྱ་བ་ལ། སྔར་བཤད་པའི་ཚུལ་གྱིས་དམ་ཚིག་སེམས་དཔའ་བྱིན་གྱིས་བརླབ་པའི་ཆོ་ག་རྗེས་སུ་སྤྱད་ལ། སྐུ་གསུང་ཐུགས་རྡོ་རྗེའི་ཉི་མ
་མི་ལྟར་འབར་བ་ལ་སོགས་པ་རང་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་བདག་ཉིད་ཐམས་ཅད་ཀྱི་རྡོ་རྗེའོ། །བདག་ཉིད་ཐམས་ཅད་ཀྱི་རྡོ་རྗེ་དེ་ལས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཕྱག་རྒྱ་ཆེན་པོ་རྣམས་ཀྱི་མཚན་ཉིད་དེ་ཡང་བྲི་བའི་ཆོ་ག་བསྟེན་པ་ཡིན་ཏེ
་དེ་ཉིད་ལས་ཞེས་པར་བྱའོ། །དམ་ཚིག་བཟུང་བའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་རྣམས་ཀྱི་རྒྱུད་ནི་འདི་ཡིན་ཏེ། རྡོ་རྗེ་?་སྡམས?་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས། །གྱེན་དུ་ཁ་བལྟ་བར་བྱས་ཏེ་མཐེལ?
་ཆུང་དང། སྲིན་ལག་དང་གུང་མོ་དང། མཛུབ་མོའི་སོར་མོ་བརྒྱད་ཅུང་ཟད་ཟུར་དུ་ཁ་བལྟ་བར་བཞག་པ་རྣམས་ཀྱིས་འབར་བའི་དཀྱིལ་འཁོར་བྱས་ཏེ། གུང་མོ་དང་སྲིན་ལག་དག་གིས་ནང་དུ་མཐེ་བོང་གཉིས་ཡང་དག་པར་བཞག་སྟེ། རྩེ
་མོ་ཁ་སྟེང་དུ་ཁ་བལྟ་བར་བྱས་ནས་བཟུང་བར་བྱས་ཏེ། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཡིད་ཀྱི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། ཁམས་གསུམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ
་ཉི་མ་མ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་གཡོན་པའི་མཛུབ་མོ་བསྒྲེང་བས་སྡིགས་མཛུབ་བྱེད་ཅིང་གཡས་པའི་མཛུབ་མོ་བཀུག་ལ་ལྕགས་ཀྱུའི་རྣམ་པ་ཅན་གྱི་དཀྱིལ་འཁོར་ནམ?་རང་གི་ལུས་ལས་གཞན་དུ་སྤྱན་འདྲེན་པའི་སྔགས
་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དགུག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བཀུག་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་ཁུ་ཚུར་གྱིས་ནོར་བུ་འཆིང་པའི
་སྟེང་དུ་གཡས་པའི་ཁུ་ཚུར་གྱི་ནོར་བུ་བཅིང་བ་བཞག་སྟེ། མཐེའུ་ཆུང་གཉིས་ཀྱི་ལྕགས་ཀྱུ་ཕན་ཚུན་དུ་བཅིང་བར་བྱས་ལ་མཛུབ་མོ་གཉིས་བསྒྲེང་བས་སྡིགས་མཛུབ་བྱེད་ཅིང་སྙིང་གའི་ཕྱོགས་སུ་སོ་སོར་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཧཱུཾ་མཛད་ཅེས
་བྱ་བ་བཅོམ་ལྡན་འདས་ཀྱི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་ནོ། །འདིས་དཀྱིལ་འཁོར་དུ་ཞུགས་ནས་ཡི་གེ་ཧཱུཾ་བརྗོད་ཅིང་བཅོམ་ལྡན་འདས་ལ་སྡིགས་མཛུབ་བྱས་ན་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཉམས་སུ་མྱོང་བ་ཡིན་ནོ། །ཡང་བསྒྲུབ
་བྱའི་དངོས་པོ་གཞན་ལ་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་ཡང་ཇི་ལྟར་འདོད་པའི་དངོས་གྲུབ་སྒྲུབ་པར་འགྱུར་རོ། །རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཐལ་མོ་?་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་དེ་ཉིད
་ཐུབ་དུ་ཁ་བསྟན་པ་དཔྲལ་བའི་ཕྱོགས་སུ་བཟུང་བར་བྱ་སྟེ། སོར་མོ་ལྷག་མ་རྣམས་ཀྱིས་མེ་ཏོག་སྟོང་པའི་ཚུལ་བྱ་སྟེ། །འདི་ནི་ཡི་གེ་ཧོའི་རང་བཞིན་གྱི་ཉེ་བའི་སྙིང་པོའི་ཕྱག་རྒྱ་རྡོ་རྗེ་ཁྲོ་གཉེར་ཞེས་བྱ་བའི་མིང་ཅན་ནོ། །ཐམས་ཅད་སྲེག་པར་བྱེད་པའོ་ཞེས་བྱ་བ་ལ་སོགS
་པ་ནི་གོ་སླའོ། །རྡོ་རྗེ་ཐལ་མོ་ལེགས་པར་བསྐོར་བས་གཡོན་པའི་མཛུབ་མོའི་ལྕགས་ཀྱུའོ་ཞེས་བྱ་བ་ལ། ཡང་གི་སྙིང་གའི་ཕྱགས་སུ་རྡོ་རྗེ་ཐལ་མོ་བཅིངས་ནས་གཡོན་དུ་བསྐོར་བར་བྱས་ན་གཡོན་པའི་མཛུབ་མོའི་ལྕགས་ཀྱུའི་རྣམ་པ་ཅན་གང་ཡིན་པ་དེ
་ནི་རྡོ་རྗེ་མཚོན་ཆ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། དགུག་པ་དང། གཞུག་བསྒྲུབ་པ་ཐམས་ཅད་ལ་དོན་ཡོད་པའོ། །རྡོ་རྗེ་པདྨ་དབུས་མ་མཉམ་པའི་ཁ་འབུས་ཀྱི་མཛོད་དོ། །ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་འོག་ཏུ་རབ་ཏུ་བརྐྱང་བའི་མཐེ་བོང་དང་མཛུབ
་མོའི་རྩེ་མོ་མཉམ་པར་སྦྱར་བ་སྙིང་ག་ལ་བསྟོང་ནས་དབང་བསྐུར་བའི་གནས་སུ་རྩེ་མོ་རབ་ཏུ་བཞག་པ་ནི་རྡོ་རྗེ་རིན་ཆེན་ནོ། །དེའི་སྟེང་དུ་ལྟ་བའི་མཛུབ་མོ་གཉིས་སྤྱི་བོར་བཞག་པ། རྡོ་རྗེ་པདྨ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་རྡོ་རྗེའི་རྟོག་པ
་ལས་རྡོ་རྗེ་པདྨའི་མཚན་ཉིད་བཤད་པ་ཡིན་ནོ། །ད་བཅིངས་ནས་སོར་མོ་དབུས་མ་གཉིས་ཀྱི་རྩེ་མོའི་ཚིགས་གསུམ་པ་བཅས་པ་རལ་ཀྱིའི་ཚུལ་དུ་གཟུང་བར་བྱ་བར་འདི་ནི་མཛོད་འཛིན་མའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐམས་ཅད་གཅོད
་པར་བྱེད་པའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་བཅིངས་མས་གཡས་པའི་མཛུབ་མོ་བསྒྲེང་བ་གཡོན་པའི་མཐེ་བོང་དང། མཛུབ་མོ་དག་ཕན་ཚུན་ཁ་ཡང་དག་པར་སྦྱར་བས་བཟུང་བར་བྱས་ཏེ། འདི་ནི་ཞགས་པ་འཛིན
་མ་རིའོ། །ཐམས་ཅད་དགུག་པ་དང། གཞུག་པ་དང། མཆོག་ཏུ་གྲུབ་པའོ་ཞེས་བྱ་བས་ནི་དེའི་ལས་བཤད་པའོ། །རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་དེ་ཉིད་ཀྱི་གཡས
་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་མཛུབ་མོ་བླངས་ནས་དགུག་པར་བྱས་ཏེ། འདི་ནི་མདའའཛིན་པའི་གཞུ་རྒྱུད་འགུགས་པའི་དམ་ཚིག་གི་ཕྱག་རྒྱའོ། །ཐམས་ཅད་རྗེས་སུ་ཆགས་པར་བྱེད་བ་དང། འབིགས་པར་བྱེད་པ་ཞེས་བྱ
་བ་ནི་དེའི་ལས་བསྟན་ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་མཆོག་གོ་ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་བཅིངS་ནས་མཛུབ་མོ་བསྒྲེང་བར་ན་ཚུན་དུ་ཡང་དག་པར་སྦྱར་ཞིང་བཟུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། རྡོ་རྗེ་བསྡམས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གཡོས་པའི་རྩེ
་གསུམ་གྱིས་མཚན་པས་ཡོངས་སུ་བཟུང་ཏེ། ཐམས་ཅད་དྲལ་བར་བྱེད་པའོ། །ཞེས་བྱ་བ་ལ་རྡོ་རྗེར་བསྡམས་པ་བཅིངས་ནས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ལ་གཡས་པའི་མཐེའུ་ཆུང་དང་མཐེ་བོང་དག་གིས་གཡོན་པའི་མཐེའུ་ཆུང་བཟུང་སྟེ།
་སོར་མོ་ལྷག་མ་རྣམས་ཀྱིས་རྩེ་གསུམ་པ་ཡིན་ནོ། །འདི་ནི་རྩེ་གསུམ་ཆེན་པོ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་དྲལ་བར་བྱེད་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་བའི་ཁུ་ཚུར་གྱི་མཐེའུ་ཆུང་ཡང་དག་པར་བརྐྱང་བ་གཡོན་པའི་སྟེང་དུ་བཞག་པ
་ནི་ཁ་?་ག་བསྒྲེང་བའི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ནས་གཡས་པའི་སྡིགས་མཛུབ་ཀྱི་རྩེ་མོ་རང་གི་མཐེའུའི་སྟེང་དུ་ཡང་དག་པར་སྦྱར་བར་བྱས་ལ་གཡས་པའི་མཐེའུ་ཆུང་གི་ལུས་རྒྱུད་ཡང་དག་པར་སྦྱར་པ་ཉིད་ཟུར་དུ་བརྐྱང་སྟེ།
་ལག་པ་གཡོན་པའི་སྟེང་དུ་བཞག་ལ་བཟུང་བར་བྱ་སྟེ། འདི་ནི་ཁ་ཊཝཱཾ་ག་འཛིན་པ་དམ་ཚིག་ཕྱག་རྒྱ་སྟེ། ཁ་ཊཝཱཾ་ག་བསྒྲེང་བ་ཞེས་བྱ་བའི་མིང་ཅན་ནོ། །མཁའ་འགྲོ་མ་ལ་སོགས་པའི་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཕྱེ་ཞིང་བྲལ་བར་བྱེད་པའི་དང།
་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་རྒྱས་འདེབས་པ་དང། མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་འཕྲོག་པར་བྱེད་པ་ཞེས་བྱ་བ་ནི་གོ་སླའོ། །གཡས་པས་འཁོར་ལོ་བཟུང་བའི་ཚུལ་གྱིས་བསྟོད་ཅིང་དོར་པའོ། །ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད
་ཀྱི་ཕྱག་རྒྱ་བཅིངས་ནས་གཡས་པའི་མཛུབ་མོས་འཁོར་ལོ་བཟུང་བའི་ཚུལ་དང་བསྟོད་པའི་ཚུལ་བྱས་ནས་འཁོར་ལོ་འཕང་བ་སྟོན་པར་བྱེད་པ་འདི་ནི་འཁོར་ལོ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་སྟེ་ཐམས་ཅད་གཅོད་པ་དང་གསོད་པར་བྱེད་པའོ། །འདིའི་མིང
་བསྟན་པར་བྱ་བའི་ཕྱི་རྡོ་རྗེ་ཆེན་པོ་ཁྲོ་མོ་ཆེན་པོ་ཞེས་གསུངས་སོ། །གཡས་པའི་རྡོ་རྗེ་འབེབས་པ་དང། སྦྱར་བ་སྤྲོ་ཞིང་གཡོ་བའི་པདྨ་འདབ་མ་ཅན་གྱི་བ་དན་གསུམ་མོ་ཞེས་བྱ་བ་ལ་ལག་པ་གཡས་པ་ཁྱུ?་ཚུར་བཅིངས་ནས་མཐེའུ་ཆུང་དང་སྲིན་ལག་གི་ནང་དུ
་མཐེ་བོང་བཟུང་བར་བྱ་སྟེ། འདི་ནི་གཡས་པའི་རྡོ་རྗེ་འབེབས་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་བ་དན་གསུམ་པ་བྱས་ལ་བདན?་གསུམ་པའི་མཚན་ཉིད་ཅན་གྱི་ཕྱག་རྒྱ་གློག་ལྟར་སྤྲོ་ཞིང་གཡོ་བའི་བ་དན་གྱིས་བ་དན་གསུམ་གྱིས་ཕྱག་རྒྱ་དེS
་ཉིད་གཡས་པའི་རྡོ་རྗེ་འབེབས་པའི་ཕྱག་བྱ་དེ་ཡང་དག་པར་སྦྱར་ཞིང་གཟུང་བྲ་བྱ་སྟེ། འདི་ནི་སྣ་ཚོགས་བ་དན་འཛིན་མའི་རོ། །སླར་ཡང་སྣ་ཚོགས་བ་དན་འཛིན་མའི་དམ་ཚིག་གི་ཕྱག་རྒྱ་གཉིས་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་བསྡམས་པའི་མཐོ
་?་དང་མཛུབ་མོ་གཉིས་ཀྱི་རྡོ་རྗེ་ལས་བྱུང་བའི་སྲིན་ལག་མཉམ་པར་སྦྱར་ཞིང་མཐེའུ་ཆུང་བ་ཕྱག?་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིས་ནས་མཐེའུ་ཆུང་དང་མཛུབ་མོ་དང་སྲིན་ལག་གི་དོན་ནོ་རྣམས་ཀྱིས་རྩེ་མོ་གསུམ་བྱ་བ་ལ་མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་ནས
་རྩེ་མོ་གཉིས་བྱས་ཏེ། འདི་དང་སྔར་བཤད་པའི་དཔལ་རྡོ་རྗེར་དན་ཞེས་བྱ་བ་དཔལ་ཐམས་ཅད་བྱེད་པ་དང། རྣམ་པར་རྒྱལ་པར་བྱེད་ལ་དགུག་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་དང་ཐམས་ཅད་འབེབས་བར་བྱེད་པར་ཤེས་པར་བྱའོ། །འདིར
་གང་དང་གང་དུ་དམ་ཚིག་གི་ཕྱག་རྒྱ་གཉིས་བཤད་པ་དེ་དང་དེར་དང་པོར་རྩ་བའི་ཕྱག་རྒྱ་དང་གཉིས་བ་ཉེ་བའི་སྙིང་པོའི་ཕྱག་རྒྱད་ཤེས་པར་བྱའོ། །སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པའི་བར་གྱི་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ
་འཁོར་ཆེན་པོ་ལས་གསུངས་པ་ལོ་ནའི་དམ་ཚིག་གི་ཕྱག་རྒྱ་རྣམས་སུ་བཟུང་བར་བྱའོ། ད་ནི་དཔལ་རྡོ་རྗེ་འཇིག་རྟེན་གསུམ་ལས་མཆོག་ཏུ་རྣམ་པར་རྒྱལ་བ་ལས་གསུངས་པའི་རྡོ་རྗེ་གཙུག་ཏོ་?་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་བཤད
་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གྱེན་དུ་ཁ་བལྟ་བར་བྱས་ཏེ་མཐེའུ་ཆུང་གཉིས་སུ་གུ་རྒྱུད་དུ་བཅིང་བར་བྱ་སྟེ། མཛུབ་མོ་གཉིས་ཀྱི་ཡང་དག་པར་སྦྱར་བར་བྱ་སྟེ། འདི་ནི་ཐུན་མོང་གི་སློང་བའི་ཕྱག་རྒྱའོ་འདི་ཉིད་བཟློག་ནས་མཛུབ
་མོའི་རྩེ་མོ་གཉིས་ཀྱིས་གཙུག་ཏོར་གྱིས་ཕྱོགས་སུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་གཙུག་ཏོར་གྱི་ཐུན་མོང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །སློང་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་སྙིང་ག་ལ་བཏེགས་ཏེ། ཡོངས་སུ་བཟློག་པ་དཔྲལ་པར་མཛུབ་མོའི
་རྩེ་མོ་བཞག་སྟེ། རྡོ་རྗེ་ཧE?་མཛོར་ཧཱུ་རྣམས་ཀྱིའོ། །དེ་ཉིད་ཁ་ལས་འབྱིན་བ་ནི། ཁ་ལས་བྱུང་བ་རིག་པ་མཆོག་གིའོ། །དེ་ཉིད་སྙིང་གར་རྡོ་རྗེ་ལྕགས་ཀྱུ་སྟེ། ཁྲོ་བོ་ཏ་ཀེའོ། །དེ་དག་གི་ཁར་མཛུབ་མོ་བཞག་པ་ནི་གཤིན་རྗེ་མཐར་བྱེད་ཀྱིའོ། །མཛུབ
་མོའི་ཚིགས་གསུམ་པ་བཀུག་པའི་རལ་གྲི་བྱས་ཏེ་ཁྲོ་བོ་ཏ་ཀིའོ། །མཛུབ་མོ་གཉིས་ཀྱིས་དཔུང་པ་གཡས་པར་ལྕགས་ཀྱུ་གཉིས་བྱས་ཏེ། རྡོ་རྗེ་ལྕགས་ཀྱུའིའོ། །གཡས་པའི་མཛུབ་མོ་ལྕགས་ཀྱུས་གཡོན་པའི་མཛུབ་མོའི་དབུས་མ་དང་སྦྱར
་པར་བྱ་སྟེ། དཔུང་པ་གཡོན་པར་རོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་རང་གི་སྙིང་གར་སྦྱར་བར་བྱ་སྟེ། འདི་ནི་རྡོ་རྗེ་ཀཱི་ལི་ཀཱི་ལའི་འོ། །མཛུབ་མོའི་རྩེ་མོ་གཉིས་བརླ་གཡོན་པར་བཞག་པར་བྱ་སྟེ། འདི་ནི་རྡོ་རྗེ་སྙེམས་པའི་འོ། །སྙིང་གའི་ཕྱོགས་སུ
་མཛུབ་མོ་གཉིས་ཀྱིས་ལུ་གུ་རྒྱུད་བཅིང་བར་བྱ་སྟེ། འདིར་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ཀྱིས་རྩེ་མོ་རང་གི་མཐེ་བོའི་སྟེང་དུ་ཡང་དག་པར་སྦྱར་བ་བྱས་ལ་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །མཛུབ་མོ་གཉིས་པདྨའི་འདབ་མའི་རྣམ་པ་ཅན་དུ་བྱ་སྟེ
་རྡོ་རྗེའི་སྡེའོ། །གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་བཟུང་ཞིང་དགུག་པར་བྱས་ཏེ། འདི་ནི་མུར་འདའ་ཏ་ཀའི་གཞུ་རྒྱུད་འདྲེན་པའོ། །བ་དན་གསུམ་པ་བྱས་ནས་དེས་ཕྱག་འཚལ་བར་བྱས་ཏེ། འདི་ནི་རྡོ་རྗེ་ཕྱག་གིའོ། །ལྟུང་བའི་ཚུལ་དུ་བྱས་ཏེ་འདི་ནི
་རྡོ་རྗེ་ལྟུང་བའོ། །མཛུབ་མོ་མཛའ་ཕན་ཚུན་གྱི་རྩེ་མོ་རྡོ་རྗེ་བསྡམས་པ་ནི་རྐང་གདུབ་ཀྱིའོ། །མཛུབ་མོ་མདུད་པ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །མཛུབ་མོས་རྡོ་རྗེ་འབེབས་པ་ནི་རྡོ་རྗེ་རྣོན་པོའི་འོ། །གཡོན་པའི་ཁྲོ་བོ་ཡི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་ཅིང
་གཡས་པས་རྡོ་རྗེ་གསོར་ནས་ན་ནན་པར་བྱ་སྟེ། འདི་ནི་རྡོ་རྗེ་ཤུགས་ཀྱིའོ། །ཕྱག་རྒྱ་ལྔ་པོ་འདི་ནི་སློང་བའི་ཕྱག་རྒྱ་ལས་བྱུང་བ་སྟེ། །ཐིག་སྐུད་དང་པོའི་བར་མཚམས་སུ་གསུངས་པའི་རྡོ་རྗེ་གཙུག་ཏོར་ལ་སོགས་ནས་རྡོ་རྗེ་ཤུགས་ཀྱིས་མཐར་ཐུག
་པ་རྣམས་ཀྱི་ཤེས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། མཐེའུ་ཆུང་གཉིས་ཀྱི་ལུ་གུ་རྒྱུད་བཅིང་བ་བྱས་ལ་ཁུ་ཚུར་གཉིས་ཕན་ཚུན་དུ་བཙིར་བར་བྱ་སྟེ། འདི་ནི་སྔགས་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གྱེན་དུ་ཁ་བལྟ་བར
་བཞག་སྟེ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ནས་སྙིང་གའི་ཕྱོགས་ནས་གྱེན་དུ་དྲང་བར་བྱ་སྟེ། འདི་ནི་ལྷ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡས་པའི་ཁུ་ཚུར་གྱིས་རང་ལ་དར་དབྱངས་འཆིང་བའི་ཚུལ་བྱས
་ཏེ། འདི་ནི་རྡོ་རྗེ་མགོན་པོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པས་རང་ལ་དར་དབྱངས་འཆིང་བའི་ཚུལ་བྱས་ཏེ། འདིའི་ལྷ་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །འདི་རྣམས་ནི་ཐིག་སྐུད་གཉིས་པའི་བར་མཚམས་སུ་བྲིས་པ
་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་ཁུ་ཚུར་གྱིས་བསྙེམས་པར་བྱས་ཏེ། འདི་ནི་གསུམ་པའི་རྡོ་རྗེ་རྒྱལ་འཐེབ་རྣམས་དང་ལྷ་མོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེའི་ལག་པའི་སོར་མོ་རྣམས་ཀྱིས་པི
་ཝང་དང་གླིང་བུ་དང། རྫ་རྔ་དང་ཀུ་མུ་དྷ་དང། ཆ་ལ་ད་དང། ལྔ་པོ་ཆེ་དང། རྡ་ཟླུམ་དང། རྡ་དད་ཏི་མི་ལ་བརྡུང་བའི་ཚུལ་རྣམས་བསྟན་པར་བྱས་ཏེ། འདི་དག་ནི་ཐིག་སྐུར་བཞི་པའི་བར་མཚམས་སུ་རོལ་མོའི་ཕྱག་རྒྱ་རྣམས་སོ། །སྒེག་མོ་དང
་བཞད་མ་དང་གླུ་ཆེན་མ་དང། གར་མ་རྣམས་ཀྱི་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་བཟུང་བར་བྱའོ། །ཐིག་སྐུད་ཀྱི་བར་མཚམས་ལྔ་པས་རྒྱལ་འཐེབ་རྣམས་ཀྱི་ཕྱག་རྒྱ་ནི་སྔར་བཤད་པ་ཁོ་ན་བཟུང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པ་བསྙེམS
་པར་བྱས་ལ་གཡས་པའི་ཁུ་ཚུར་གྱིས་མཛུབ་མོ་བསྒྲེང་བ་འོང་མའི་ཡལ་ག་མདུད་པའི་ཚུལ་གྱིས་བཟུང་པར་བྱ་སྟེ། །འདི་ནི་སྒོ་སྲུང་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེའི་རྡོ་རྗེ་བར་འཕང་པ་དང། ཚུར་འདྲེན་པའི་ཚུལ་བྱ་སྟེ། འདི་ནི་རྡོ་རྗེ
་ཚོགས་རྣམས་ཀྱིའོ། །གཡོན་པའི་ཁུ་ཚུར་གྱིས་བསྙེམས་པར་བྱས་ནས་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་དུ་བྱས་ཏེ་འདི་ནི་ཁྲོ་བོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འོད་མའི་ཡལ་ག་མདུད་པའི་ཚུལ་བྱ་སྟེ། འདི་ནི་ཐིག་སྐུད
་དྲུག་པར་རྡོ་རྗེ་ཕོ་ཉ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་དྲིལ་བུ་དཀྲོལ་བར་བྱས་ཏེ། །འདི་ནི་རྡོ་རྗེ་གནོད་སྦྱིན་རྣམས་ཀྱིའོ། །ཁུ་ཚུར་བཅིངས་ནས་མཐེའུ་ཆུང་གི་སོར་མོ་གཉིས་བྱས་ལ་ཁའི་མཛའ་གཉིས་སུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་སྲིན་པོ་རྣམས
་ཀྱི་མཆེ་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེས་བཀའ་ནོད་པའི་ཚུལ་དུ་བྱས་སྟེ། འདི་ནི་མངག་གཞུག་རྣམས་ཀྱིའོ། །ཐིག་སྐུད་ཀྱི་བར་མཚམས་བདུན་པ་ལ་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་ཕྱག་རྒྱ་དང་སྔགས་སྔར་བཤད
་པ་གཟུང་བར་བྱའོ། །རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་དང། ཕོ་ཉ་མོ་དང། ཚོགས་བརྒྱད་ཀྱི་བཤད་པར་བྱ་སྟེ། དེ་ལ་རྡོ་རྗེ་ཧཱུཾ་མཛད་གྱི་ཕྱག་རྒྱ་བཅིངས་ནས་གཡོན་པའི་རྩེ་གསུམ་གྱིས་མཚན་པའི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱ་དང་པོའོ། །
་དེ་ཉིད་བཅིངས་ནས་གཡས་པའི་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་གཉིས་པའོ། །དེ་ཉིད་བཅིངས་ནས་གཡོན་པའི་མཛུབ་མོ་དབྱུག་པའི་ཁུ་ཚུར་ནི་གསུམ་པའོ། །དེ་ཉིད་བཅིངས་ནས་སྟེང་དུ་དབྱུག་པ་དང། འོག་ཏུ་རྒྱལ་མཚན་ལྟ་བུ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག
་རྒྱུ་བཞི་པའོ། །ཕོ་ཉའི་དམ་ཚིག་ཕྱག་རྒྱ་ཉིད་ནི་ཕོ་ཉ་མོ་རྣམས་ཀྱིའོ། །ཁྲོ་བོའི་ཁུ་ཚུར་གཉིས་རྡོ་རྗེ་ཁ་ཊཝཱཾ་ག་དང། རྡོ་རྗེ་རྩེ་གསུམ་པ་དང། རྡོ་རྗེ་མཛོད་དང། རྡོ་ཞགས་པ་དང། རྡོ་རྗེ་དབྱུག་པ་དང། རྡོ་རྗེ་མདུང་ཐུང་དང། རྡོ་རྗེ་མངའ་དད། རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ནི
་ཚོགས་བརྐྱང་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྒྱུད་འདི་ཐམས་ཅད་དུ་གང་དུ་ཁྱད་པར་མེད་པ་དེང་རང་གི་སྙིང་པོ་ཉིད་ཆོས་ཀྱི་ཕྱག་རྒྱར་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་དབང་བསྐུར་བཞད་པའོ། །ཞེས་བྱ་བ་ལ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར
་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱ་བཟུང་བར་བྱའོ། །དེ་ལྟར་ན་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་ཕྱག་རྒྱ་བསྟན་ནས་ད་ནི་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག
་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེའི་རིགས་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྡོ་རྗེའི་ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱི་དབང་བསྐུར
་བ་སྦྱིན་པའི་ཕྱག་རྒྱ་ནི་འདི་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་ཞེ་ན། རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་མཛུབ་མོ་གཉིས་ཀྱིས་ཕན་ཚུན་མདུང་བ་བཅིང་བར་བྱས་ལ་མཐེ་བོར་དང་སྲིན་ལག་གི་སོར་མོ་དག་གིས
་རྩེ་མོ་གཉིས་བྱས་ཏེ། དེ་ནས་ཡོངས་སུ་བསྐོར་ལ་གཙུག་ཏོར་གྱི་ཕྱོགས་ནས་བརྩམས་ཏེ་ལོགS་བཞིར་ཕྲེང་བ་འཆིང་བའི་ཚུལ་བྱས་ཏེ། ཧཱུཾ་ཨ་བྷི་ཥིཉྩ་ཞེས་བྱ་བ་བརྗོད་ཅིང་དཔྲལ་བའི་སྟེང་དུ་བཟུང་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེའི་རིགས་ཐམས་ཅད་ལ
་འབར་བའི་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བའི་དབང་བསྐུར་བར་བྱའོ། །འབར་བའི་རྡོ་རྗེ་རྩེ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེའི་ཕྱག་རྒྱ་ཁྲོ་བོ་ཏི་རིན་ཏི་རི་ལས་བྱུང་བའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དམ
་ཚིག་གི་ཕྱག་རྒྱན་གང་བཤད་པ་དེ་ནི་རྡོ་རྗེ་ཁྲོ་བོ་ཏི་རིན་ཏི་རི་ཞེས་བྱ་བ་སྟེ། དེ་བཅིངས་ནས་མཛུབ་མོ་གཉིས་བསྒྲེང་པས་ཡི་གེ་ཧཱུཾ་བརྗོད་ཅིང་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ནས་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན
་རྡོ་རྗེའི་ཕྱག་རྒྱའི་ཁྲོ་བོ་ཏི་རིན་ཏི་ལས་བྱུང་བ་ཡིན་ནོ། །དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཞེས་བྱ་བ་འདིའི་ལས་བསྟན་པ་ཡིན་ཏེ། དེ་ལྟར་རྡོ་རྗེའི་ཕྱག་རྒྱ་འདི་རབ་ཏུ་སྐྱོར་ན་ངེས་པ་ཁོ་ནར་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ནས་ཀྱི་སྒྲ
་ནི་སྐབས་ལ་བབ་པ་ལའོ། །ལས་ཀྱི་ཕྱག་རྒྱ་བཞི་ཞེས་བྱ་བ་ནི་རྒྱས་བཏབ་པ་དང། ཕྱག་རྒྱ་ཆེ་བར་བྱེད་པ་དང། གསོད་པར་བྱེད་པ་དང། སླར་ཡང་སྲོག་སྟེར་བར་བྱེད་པ་ཞེས་བྱ་བ་རྣམས་སོ། །དེ་དག་གང་ཡིན་ཞེ་ན། དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སོ་ཞེས་བྱ་བ་ནི
་མདའའཛིན་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ་ཞེས་བྱ་བ་ནི་དོན་ཏོ། །འདི་ལྟར་བཤད་པར་འགྱུར་ཏེ། མདའའཛིན་མའི་དམ་ཚིག་གི་ཕྱག་རྒྱས་ནི་?་འདེབས་པའོ། །ཁ་ཊཝཱཾ་ག་འཛིན་པའི་དམ་ཚིག་གི་ཕྱག་རྒྱས་ནི་ཕྱེ་བའོ། །འཁོར་ལོ་འཛིན
་པའི་དམ་ཚིག་གི་ཕྱག་རྒྱས་གསོད་པར་བྱེད་པའོ། །སྣ་ཚོགས་པའི་བ་དན་འཛིན་པའི་དམ་ཚིག་གི་ཕྱག་རྒྱས་སླར་ཡང་དམ་ཚིག་གི་སྲོག་བྱིན་པས་འབྱིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་དམ་ཚིག་གོ་ཞེས་བྱ་བ་ལ། དེ་ནས་ཀྱི་སྒྲ་ནི་སྔ
་མ་བཞིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་བྱ་བ་ནན་ཏན་བསྒྲུབ་པའི་ཡེ་ཤེས་རྫོགས་པའི་རྒྱུར་གྱུར་པའི་ལས་ཀྱི་དམ་ཚིག་ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་ཁུ་ཚུར་གྱིས
་ཞེས་བྱ་བ་ལ་སོགས་པ་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པ་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བའི་ཚུལ་བྱས་ཏེ། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ལས་ཀྱི་ཕྱག་རྒྱའོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།།
་དེ་ལྟར་བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་མཏཛད་པ་ཉིད་བཤད་ནས་ད་ནི་རྡོ་རྗེ་མཚོན་ཆ་འཛིན་མ་ལ་སོགས་པ་རྣམས་ཀྱིས་བཤད་པར་བྱ་བའི་ཕྱིར་དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་དང་བཅས་པའི་མཛུབ་མོ་ནི་རྡོ་རྗེ
་ཁྲོ་བོ་ཡི་ཁུ་ཚུར་རོ་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་བསྒྲེང་བ་སྡིགས་མཛུབ་ཀྱི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ཕྱག་རྒྱའོ། །དེ་དག་གི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཞེས་བྱ་བ་ལ་ཁྲོ་བོའི
་ཁུ་ཚུར་དེ་དག་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་རྒྱུར་གྱུར་པའི་ཕྱག་རྒྱ་ནི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་གཉིས་སུ་བྱས་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །ཁྲོ་བོའི་ཁུ་ཚུར་གཉིས་ཕན་ཚུན་ཡང་དག་པར་སྦྱོར་བ་བཅིངས་ཏེ། གཉིས་སུ་བྱས་ནས་བྱའོ་ཞེས
་བྱའི་དོན་ཏོ། །སོར་མོ་གཉིས་ཀྱིས་ཐམས་ཅད་བཀུག་པའོ། །ཞེས་བྱ་བ་ཁྲོ་བོ་ཡི་ཁུ་ཚུར་གཉིས་བཅིངས་ནས། མཛུབ་མོ་གཉིས་ཀྱིས་དགུག་པའི་ཚུལ་བྱ་སྟེ། འདི་ནི་རྡོ་རྗེ་མཚོན་ཆ་འཛིན་པའི་ཐམས་ཅད་དགུག་པའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །སྙིང་གར་ཅིག
་ཤོས་དང་གཡས་པས་གདུག་པ་ཐམས་ཅད་གཅོད་པའོ། །ཞེས་བྱ་བ་ལ་གཡོན་པའི་ཁྲོ་བོ་ཡི་ཁུ་ཚུར་རང་གི་སྙིང་གར་བཞག་སྟེ། གཡས་པས་རལ་གྲི་འདི་བས་པའི་ཚུལ་དུ་བྱ་སྟེ། འདི་ནི་མཛོད་འཛིན་མའི་གདུག་པ་ཐམས་ཅད་གཅོད་པར་བྱེད་པའོ།
་ལག་པའི་མདུད་པས་གཡས་པའི་ཁྲོ་བོས་འགུགས་པས་ཐམས་ཅད་འགུགས་པ་དང་རབ་ཏུ་གཞུག་པའོ་ཞེས་བྱ་བ་ལ་ཁྲོ་བོ་ཡི་ཁུ་ཚུར་གཉིས་བཅིངས་ཏེ། །དེས་ལག་པའི་མདུད་པ་བྱས་ཏེ། །གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡོན་པས་ཁྲོ་བོ་ཡི
་ཁུ་ཚུར་དགུག་པར་བྱས་ཏེ། འདི་ནི་ཞགས་པ་འཛིན་པའི་ལས་ཐམས་ཅད་འགུགས་པ་དང། ཐམས་ཅད་གཞུག་པར་བྱེད་པའོ། །བསྟོད་པ་དང་བཅས་པའི་མངའ་འཕང་ངོ་ཞེས་བྱ་བ་ལ་གཡོན་པའི་ཁྲོ་བོ་ཡི་པུ་ཚུར་གྱིས་གཞུ་འཛིན
་པའི་ཚུལ་བྱས་ལ་གཡས་པས་མངའ་བསྟོད་པའི་ཚུལ་བྱས་ནས་དེ་ནས་འཕངས་པའི་ཚུལ་བྱས་ཏེ། འདི་ནི་མངའ་འཛིན་མའི་འོ། །དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གྱི་སྦྱོར་བས་རང་གི་དམ་ཚིག་གི་ཕྱག་རྒྱ་གྱེན་དུ་འཕང་པའོ
་ཞེས་བྱ་བ་ལ་རྩེ་གསུམ་དང། ཁ་ཊཝཱཾ་ག་དང། འཁོར་ལོ་དང། སྣ་ཚོགས་བ་དན་འཛིན་པ་རྣམས་ཀྱི་གང་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་གྱེན་དུ་འཕངས་པས་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །ཐམས་ཅད་ལ་རྒྱས་བཏབ་པ་ཞེས་བྱ་བ་ལ
་སོགས་པ་ནི་གོ་སླའོ། །སྒེག་མོ་ལ་སོགས་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི་ཁྲོ་བོ་ཡི་ཁུ་ཚུར་གཉིས་ཀྱིས་བཅིང་བར་བྱ་སྟེ། །ཁྲོ་བོ་ཡི་ཁུ་ཚུར་གཉིས་བཅིངས་ནས་བསྐོར་ཏེ་རང་གི་སྙིང་གའི་ཕྱོགས་སུ་སྒེག་པ་དང་བཅས་པས་གཟུང་བར་བྱ་སྟེ་།
་འདི་ནི་སྒེག་མོའི་འོ། །ཁྲོ་བོའི་ཁུ་ཚུར་གཉིས་རྒོད་པའི་ཚུལ་དུ་ཁར་ཡོངས་སུ་བསྐོར་ནས་སྤྱི་བོར་ཡོངས་སུ་གཟུང་བར་བྱ་སྟེ། འདི་ནི་བཞད་མའི་འོ། །གཡོན་པའི་ཁུ་ཚུར་གྱིས་མཛུབ་མོ་བཀུག་པ་དབྱུག་པའི་ཚུལ་ལ་གནས་པའི་མཛུབ་མོ་གི་ཝང
་འཇུད་པའི་ཚུལ་དུ་གཟུང་བར་བྱ་སྟེ། འདི་ནི་གླུ་ཆེན་མོའི་འོ། །ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་གང་བྱས་ལ་རྡོ་རྗེ་ཐལ་མོ་སྦྱི་བོར་བཅིང་བར་བྱས་ཏེ། འདི་ནི་རྡོ་རྗེ་གར་མའིའོ། །ཁྲོ་བོ་ཡི་ཁུ་ཚུར་གཉིས་བཅིངས་ནས། ལག་པ་མདུད་པ་བྱས་ཏེ་ལས
་པ་གཡས་པ་གྱེན་དུ་བྱུང་བས་རྡོ་རྗེ་བཀའ་སྒོ་བའི་སྒོ་བསྲུངས་མ་རྣམས་ཀྱིའོ། །དེ་ཡང་གཡས་པའི་ལས་ཏེ་མཛུབ་མོའི་ལྕགས་ཀྱུ་དང། ལག་པ་བཟུང་པ་དང། མདུད་པ་བཅིང་བ་དང། རང་གི་སྙིང་གར་དྲིལ་ཆུང་དཀྲོལ་པའི་ཚུལ་ཞེས་བྱ
་པའོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་རྣམས་ཀྱི་ཡང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་གཙུག་ཏོར་ལ་སོགས་པའི་ཚུལ་སྦྱིན་པའི་ལས་ཀྱི་ཕྱག་རྒྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་ཁུ་ཚུར་གཉིས་རང་གི་སྙིང་གའི་ཕྱོགས་སུ་བཅིངས
་ཏེ། གྱེན་དུ་བསྟན་པས་ཡོངས་སུ་བསྐོར་ནས་གཙུག་གི་ཕྱོགས་སུ་གཟུང་བར་བྱས་ཏེ། འདི་ནི་གཙུག་ཏོར་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །སྙིང་ག་ལས་གྱེན་དུ་བཏེགས་ཏེ་ཡོངས་སུ་བསྐོར་ནས་མཛོད་སྤུའི་ཕྱོགས་སུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་མཛོད་སྤུ་རྣམས་ཀྱིའོ
་ཁ་ལས་བྱུང་བར་བྱ་སྟེ། འདི་ནི་རིག་པ་མཆོག་གིའོ། །རང་གི་སྙིང་གར་ལྕགས་ཀྱུའི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་ཁྲོ་བོ་ཏི་ཀ་ནའིའོ། །ལྟེ་བར་མཛུབ་མོ་བཞག་པའི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་གཤིན་རྗེ་མཐར་ཕྱེད་ཀྱིའོ། །རལ་གྲིའི་ཚུལ་དུ
་?་བར་བྱ་སྟེ། འདི་ནི་ཁྲོ་བོ་ཏ་ཀི་ནིའིའོ། །དཔུང་པ་གཡས་པས་རྡོ་རྗེ་ལྕགས་ཀྱུ་འཛིན་པའི་ཚུལ་གྱིས་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་ཀྱུའིའོ། །དཔུང་པ་གཡོན་པའི་ཞགས་པའི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཞགས་པའིའོ། །རྡོ་རྗེ
་ཁུ་ཚུར་གཉིས་ཀྱིས་རྩེ་མོ་རང་གི་སྙིང་གར་སྦྱར་པར་བྱ་སྟེ། འདི་ནི་རྡོ་རྗེ་ཀཱི་ལི་ཀཱི་ལའི་འོ། །རྡོ་རྗེ་ཁུ་ཚུར་གྱི་རྩེ་མོ་བརླ་གཡོན་པར་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་བསྙེམས་མའིའོ། །རང་གི་སྙིང་གར་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་བསྡམས་པའིའོ། །ཕན
་ཚུན་དུ་བཅིང་པར་བྱ་སྟེ། འདི་ནི་རྡོ་རྗེ་ཁུ་ཚུར་རོ། །པདྨ་འཛིན་པའི་?་བྱ་བརླ་གཡས་པ་ལ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་སྡེའོ། །གཡོན་པ་དང་གཡས་པའི་ཁུ་ཚུར་གཉིས་མངའ་འཕང་བའི་ཚུལ་དུ་བྱ་སྟེ། འདི་ནི་མུར་དྷ་དྷ་ཀིའིའོ། །ཕྱག་འཚལ་བའི་ཆུང་དུ
་བྱས་ཏེ་འདི་ནི་རྡོ་རྗེ་ཕྱག་གིའོ། །དེ་ཉིད་ལྟུང་བའི་ཚུལ་བྱས་ཏེ། འདི་ནི་རྡོ་རྗེ་ལྟུང་བའི་འོ། །རྐང་གདུང་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །བསྡམས་པའི་བསམ་པས་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱིའོ། །རྡོ་རྗེ་ཤུགས་ཀྱིས
་བསྒོམས་པས་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཤུགས་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་རང་གི་སྙིང་གར་བཟུང་བར་བྱ་སྟེ། གཡས་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་གསོང?་པའི་ཚུལ་དུ་གསོར་ཞིང་བསྒྲུབ་བར་བྱས་ཏེ། འདི་ནི་རྡོ་རྗེ་ཤུགས་ཀྱིའོ། །རྡོ་རྗེ་ཁུ
་ཚུར་གཉིས་བཅིང་པར་བྱས་ཏེ། འདི་ནི་སྔགས་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་གྱེན་དུ་ཁ་བལྟ་བར་བཞག་ལ་སྙིང་ག་ལ་གྱེན་དུ་དྲང་བར་བྱ་སྟེ། འདི་ནི་ལྷ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་བཅིངས་ལ་གཡས་པས་རང་ལ་དར་དབྱངས་ཀྱི་ཚུལ་དུ་བྱ་སྟེ། འདི
་ནི་རྡོ་རྗེ་མགོན་པོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པས་རང་ལ་དར་དབྱངས་འཆིང་བའི་ཚུལ་དུ་བྱས་ཏེ་འདི་ནི་ལྷ་མོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པས་བསྙེམས་པར་བྱ་སྟེ། འདི་ནི་རྡོ་རྗེ་རྒྱལ་འཐེལ
་རྣམས་དང་དེའི་ལྷ་མོ་རྣམས་ཀྱིའོ། །ཐིག་སྐུད་བཞི་པོ་ཡི་བར་མཚམས་སུ་རོལ་མོའི་ཕྱག་རྒྱ་དེ་བཞིན་དུ་ཤེས་པར་བྱའོ། །སྒེག་མོ་ལ་སོགས་པ་ཡང་རང་གི་ལས་ཀྱི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། ཐིག་སྐུད་ལྔ་བའི་བར་མཚམས་སུ། རྒྱལ་འཐེག
་རྣམས་གྱི་ཕྱག་རྒྱ་སྔར་བཤད་པ་ཁོ་ནས་ཤེས་པར་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པར་བྱས་ནས་གསང་བའི་ཁུ་ཚུར་གྱིས་རྡོ་རྗེ་འོད་མའི་ཡལ་ག་མདུང་པའི་ཚུལ་དུ་བྱས་སྟེ། འདི་ནི་སྒོ་སྲུངས་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས
་རྡོ་རྗེ་མདུན་དུ་དྲང་བ་དང་ཕྱིར་དྲང་བའི་ཚུལ་དུ་བྱ་བ་སྟེ་འདི་ནི་ཚོགས་རྣམས་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙེམས་པར་བྱས་ལ། གཡས་པས་སྡིགས་མཛུབ་ཀྱི་ཚུལ་དུ་བྱས་ཏེ། འདི་ནི་ཁྲོ་བོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས
་འོད་མའི་ཡལ་ག་འགུགས་པའི་ཚུལ་དུ་བྱ་སྟེ། འདི་ནི་ཕོ་ཉ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་དྲིལ་བུ་དཀྲོལ་བའི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་གནོད་སྦྱིན་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁའི་མཛའ་གཉིས་སུ་གཟུང་བར་བྱ་སྟེ། འདི་ནི
་རྡོ་རྗེ་སྲིན་པོ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཀའ་སྒོ་བའི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་མངག་གཞུག་པ་དང་མངག་གཞུག་མ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་རྡོ་རྗེ་ཁ་ཊཝཱཾ་ག་དང། རྡོ་རྗེ་རྩེ་གསུམ་དང། རྡོ་རྗེ་མཛོད་དང། རྡོ་རྗེ་ཞགས་པ་དང། རྡོ་རྗེ་དབྱུག་པ་དང།
་རྡོ་རྗེ་མདུད་ཅུང་དང། རྡོ་རྗེ་མདའ་དང། རྡོ་རྗེ་འཁོར་ལོ་འཛིན་པའི་བསམ་པས་བཅིང་བར་བྱ་སྟེ། འདི་རྣམས་ནི་ཚོགས་བརྒྱད་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ཀྱིས་གང་ལས་བྱུང་བའི་རང་གི་དམ་ཚིག་གི་ཕྱག་རྒྱ་སྟེང་དུ་བཟུང
་བ་ཉིད་ལས་ཀྱང་ཕྱག་རྒྱའོ། །ཁྲོ་བོའི་དག་གིས་རྡོ་རྗེའི་རིགས་ལ་བཟླས་པ་བྱའོ་ཞེས་བྱ་བ་ཁྲོ་བོ་ཡི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ངག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲིན་བཞིན་དུ་ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་བ་གང་ལ་ཡོད་པ་དེ་ནི་སྤྲིན་གྱི་སྒྲ་སྒྲོགས་པའི་ཡི
་གེ་ཧཱུཾ་དང་པོའོ། །སྤྲིན་གྱི་སྒྲ་སྒྲོགས་པའི་ཡི་གེ་ཧཱུཾ་དང་ལྡན་པ་ཡང་དེ་ཡིན་ལ་ཕྲ་བའི་སྤྲོ་དང་བཅས་པ་ཡང་དེ་ཡིན་པས་སྤྲིན་གྱི་སྒྲ་སྒྲོགས་པའི་ཡི་གེ་ཧཱུཾ་དང་ལྡན་པའི་ཕྲ་མོའི་སྒྲའོ། །དེ་ལྟར་རྒྱུར་པ་གཅིག་པུར་མ་ཟད་ཀྱི་ཁྲོ་ཞིང་གསལ་བའོ་ཞེས་བྱ་བ་ལ། །ཁྲོ་བས་གསལ་ན
་ཁྲོ་ཞིང་གསལ་བས་ཏེ། ཁྲོ་བའི་ཉམས་ཀྱིས་ཁྱབ་ཅིང་དེ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། དེ་ལྟར་གྱུར་པའི་ཁྲོ་བོ་ཆེན་པོའི་རྡོ་རྗེའི་ངག་ཡིན་ནོ། །གང་གི་དོན་དུ་དང་ལྡན་པ་བསམ་པོ་གང་གིས་འདི་སྦྱར་བར་བྱ་ཞེ་ན། སྒྲུབ་པའི་དོན་དུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ།
་ཕྱག་རྒྱ་ཆེན་པོ་ལ་སོགས་པར་སྒྲུབ་པའི་ཕྱིར་འདིས་བདག་ཉིད་དང་ཁམས་གསུམ་པའི་རྡོ་རྗེའི་རིགས་ཀྱི་གཟུགས་རྫོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་བསམ་པས་རབ་ཏུ་སྦྱར་བར་བྱ་བ་ཡིན་ནོ། །དེ་ནི་པས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད
་བསྟན་པར་བྱ་བའི་ཕྱིར། དེ་ནས་མ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་བཤད་པའི་ཚུལ་གྱིས་སྔོན་དུ་བསྙེན་པར་བྱས་ནས་མཚན་ཐོག་ཐག་བསྒོམས་པས་གང་གི་ཚེ་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་གྲུབ་པར་མ་གྱུར་ན་དེའི་ཚེ་ཆོས་ཀྱི་ཕྱག་རྒྱལ
་སོགས་པས་མ་གྲུབ་པའི་རྗེས་ཐོགས་ཉིད་དུ་སྲེགས་པ་ལ་སོགས་པའི་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་འཆིང་བ་ལ། འཆིང་བའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོས་ལན་ཅིག་ཏུ་བྱའོ་ཞེས་བྱ
་བ་ལ། ཇི་ལྟར་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པའི་ཕྱིར་ཐམས་ཅད་དགུག་པ་དང་མཆོད་པ་ཆེན་པོ་དང། བདག་ལ་བྱིན་གྱིས་རློབ་པ་ལ་སོགས་པ་བསྒྲུབ་པ་སྔོན་དུ་འགྲོ་བའི་ཕྱག་རྒྱ་ཆེན་པོས་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་ཅིག་བུ་ལན་ཅིག་བསྟན་པ་དེ་བཞིན་དུ་ཐམས
་ཅད་སྲེག་པ་ལ་སོགས་པའི་ལས་སྒྲུབ་པ་འདིར་ཡང་ཤེས་པར་བྱའོ། །ལས་ལ་ངེས་པར་སྦྱར་བ་ནི། ཁྲོ་གཉེར་གཉིས་སོ་ཞེས་བྱ་བ་ལ། འདིར་ཡི་གེ་ཧི་ནི་ཁྲོ་གཉེར་ཏེ། དེ་དང་བཅས་པ་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཕྱག་རྒྱ་རྣམས་ལ་ངེས་པར་སྦྱར་བར་བྱའོ།
་འདི་ལྟར་བཤད་པར་འགྱུར་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང། ཕྱག་རྒྱ་བཞི་བྱས་ནས་ཁྲོ་གཉེར་གྱིས་ཀྱང་རྒོད་པ་དང་བཅས་པས་ཕྱག་རྒྱས་ཏེ། ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བཅིངས་ཏེ་ཧི་ཧཱུཾ་ཞེས་བྱ་བ་བཟླས་ཞིང་ལས་ཐམས་ཅད་བསྒྲུབ
་པར་བྱ་སྟེ། དེ་ལྟར་ན་ལས་ཐམས་ཅད་ངེས་པར་སྦྱོར་བ་ཁྲོ་གཉེར་གྱིས་འགྲུབ་པ་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ། །ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ལས་སྒྲུབ་བར་བྱེད་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བ་དེ་ཡིན་ནོ།།
་ཇི་ལྟར་ཞེ་ན། སྐེ་ཚེ་དང་བཅས་པའི་ཏིལ་མར་རྣོག་པའི་སྦྱིན་སྲེག་ནི་གཡས་པས་སོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་གཡས་པའི་ཁུ་ཚུར་གྱིས་བླུགས་གཟར་བླངས་ཏེ། དེས་སྐེ་ཚེ་དང་བཅས་པའི་ཏིལ་མར་ལ་ཞི་བའི་སྦྱིན་སྲེག་བྱས་ཏེ། དེ་ལྟར
་ན་ཐམས་ཅད་བསྲེགས་པར་འགྱུར་རོ། །དེ་ཉིད་ཀྱིས་བཏད་པའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སྒྲུབ་པར་བྱ་བ་བསྐྲད་པའི་བསམ་པས་སྡིགས་མཛུབ་ཀྱིས་བཏང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བསྐྲད་པའོ། །དེ་ཉིད་ཀྱིས་ཐམས་ཅད་འཆིང
་པའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོས་བསྒྲུབ་བྱའི་གདོང་བཅིང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རྨུགས་པར་བྱེད་པར་འགྱུར་རོ། །གཡོ་བ་མེད་པ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་གྱི་ཕྱག་རྒྱས་བསྒྲུབ་བྱ་གཡོ་བ་མེད་པར་བསམ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད
་རིངས་པའོ། །གཉིད་ལོག་པ་སྟོན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མིག་གཉིས་བཙུམ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཉིད་ལོག་ཏུ་འཇུག་པའོ། །ཁྲོ་བོའི་རྡོ་རྗེའི་ལྟ་བས་སྡིགས་མཛུབ་ཞེས་བྱ་བ་ལ་ཁྲོ་བོའི་ལྟ་བས་བསྒྲུབ་བྱ་ལ་བལྟ་ཞིང།
་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་ཐམས་ཅད་ལ་རྒྱས་བཏབ་པའོ། །ཕྱག་རྒྱ་གླིང་བར་འགྱུར་བའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གློད་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རྨོངས་པར་འགྱུར་བའོ། །མཛུབ་མོ་གཉིས
་ཡང་དག་པར་སྦྱར་ནས་འཕྱེ་བའོ་ཞེ་སྦྱར་བ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཕན་ཚུན་སྦྱར་བར་བྱས་ལ་སོ་སོར་ཕྱེ་བར་བྱས་ཏེ། དེ་ལྟར་ན་ཐམས་ཅད་འཇོམས་པའོ། །དེ་དག་ཉིད་ཀྱིས་སྡུག་གུ་འཆིང་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི
་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་པུ?་གུ་རྒྱུད་བཅིང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འཆིང་བའོ། །འཆིང་བ་བཙིར་བའོ་ཞེས་བྱ་བ་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་མཛུབ་མོའི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་ལུ་གུ་རྒྱུད་བཅིངས་ནས་བཙིར་བར་བྱ་སྟེ། དེ་ལྟར་ན
་ཐམས་ཅད་བཙིར་བའོ། །དེ་ནས་དྲལ་བར་བྱའོ་ཞེས་བྱ་བ་ལ་འདས་མ་ཐག་པའི་ལུ་གུ་རྒྱུད་བཅིང་བར་བྱས་ལ་མཛུབ་མོ་གཉིས་བཅིངས་ལ་དྲལ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དྲལ་བའོ། །གཡས་པས་རྡོག་པའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག
་རྒྱའི་གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་ལ་བརྡེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོད་པའོ། །མཛུབ་མོ་གཉིས་ཀྱིས་འབར་བའི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་གྱེན་དུ་འབར་བའི་ཚུལ་དུ་བྱས་ཏེ། དེ་ལྟར་ན
་ཐམས་ཅད་འབར་བའོ། །གཡས་པའི་མཛུབ་མོ་དབུས་མ་ལྟུང་བའི་ཚུལ་ལོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་པའི་མཛུབ་མོ་ལ་གཡོན་པའི་དབུས་མའི་སོར་མོ་བསྒྲེང་བ་བསྒྲུབ་བྱ་ལྟུང་བའི་ཚུལ་གྱིས་དབབ་པར་བྱས་ཏེ། དེ་ལྟར
་ན་ཐམས་ཅད་ལྟུང་དུ་འཇུག་པའོ། །མཛུབ་མོ་གཉིས་ཀྱིས་མི་ཕྱེད་པའོ་ཞེས་བྱ་བ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་འབར་བའི་ཚུལ་བསྟན་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འཚེད་པའོ། །གཅོད་པའི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ
་གཅོད་པའི་ཚུལ་དུ་སྦྱར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཅོད་པའོ། །མཛུབ་མོ་གཉིས་ཀྱིས་སེན་མོ་སྦྱར་བའི་རྩེ་མོས་གཅོད་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སེན་མོ་གཉིས་ཀྱིས་ཕན་ཚུན་སེན་མོ་ཡང་དག་པར་སྦྱར་བའི་རྩེ་མོང་བྱས་ལ། དེས་བསྒྲུབ་བྱ་རྣམས
་དྲལ་བའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་ཐམས་ཅད་དྲལ་བར་འགྱུར་རོ། །ལག་པ་གཉིས་དྲག་ཏུ་མཉེ་བའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ལག་པ་གཉིས་ཕན་ཚུན་དུ་དྲག་ཏུ་མཉེ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཕྱེ་མར་འགྱུར་རོ། །ཐམས་ཅད་དུ་སོར་མོ་ཐཾས་ཅད
་ནོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཕྱོགས་བཅུར་སོར་མོ་ཐམས་ཅད་དོར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དོར་བར་འགྱུར་རོ། །ཅིག་ཅར་དུ་ཕྱག་རྒྱ་དཀྲོལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་མྱུར་བ་ཉིད་དུ་དགྲོལ་པར་བྱས་ཏེ་དེ་ལྟར་ན་ཐམས་ཅད་རྣམ
་པར་འཛོམས་པར་འགྱུར་རོ། །རང?་ཞིང་གཡོ་བས་སྡིགས་མཛུབ་པོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས། གང་ཞིག་གཡོ་བའི་ཚུལ་གྱིས་བདག་ཉིད་འདར་བར་བྱ་ཞིང་བསྒྲུབ་བྱ་ལ་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་རིམས་ཐམས་ཅད་ཀྱིས་བསྒྲུབ་བྱ་འཛིན
་དུ་གཞུག་པའོ། །གཡས་པའི་མཛུབ་མོའི་གདེངས་ཀ་བསྐྱོད་པས་སྡིགས་མཛུབ་བོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་པའི་མཛུབ་མོས་ཀླུའི་ལྟོ་འཕྱེའི་ཚུལ་དུ་བྱས་ལ་དེ་ཡིས་བསྒྲུབ་བྱ་ལ་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་དུག་ཐམས་ཅད
་ཀྱིས་བསྒྲུབ་བྱ་ཟིན་པར་འགྱུར་རོ། །གཡས་པའི་མཛུབ་མོ་མཆེ་བས་བཟུང་བའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་མཛུབ་མོ་སོ་རྣམས་ཀྱིས་བཟུང་བས་བྱས་ཏེ། དེ་ལྟར་ན་བསྒྲུབ་བྱ་གདོན་གྱིས་འཛིན་དུ་གཞུག་པ་ཡིན་ནོ། །དུ་བ་དང་རྒོད་པ་དང་རྨུགས་པ་ལ
་སོགས་པ་བསྟན་པའོ། །ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་དུ་བ་དང་རྒོད་པ་དང་རྨུགས་པ་ལ་སོགས་པ་བདག་ཉིད་ཀྱིས་བསྟན་པར་བྱ་སྟེ། དེ་ལྟར་ན་བསྒྲུབ་བྱ་སྨྱོ་བར་བྱེད་པ་ཡིན་ནོ། །མཛུབ་མོ་གཉིས་ཀྱིས་སེ་གོལ་བརྡེབས་པའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད
་ཀྱི་མཛུབ་མོ་གཉིས་ཀྱི་ཕན་ཚུན་དུ་སེ་གོལ་གྱི་སྒྲ་བྱུང་ཞིང་བསྒྲུབ་བྱ་ལ་བརྡེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །གཡོན་པའི་སྟེང་དུ་གཡས་པ་ཉེ་བར་བཞག་པའོ། །ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡོན་པའི་སྡིགས་མཛུབ་དང།
་ཁུར་དུ་བཞག་སྟེ། དེའི་སྟེང་དུ་གཡས་པའི་མཛུབ་མོ་བཞག་པར་བྱ་སྟེ། དེ་ལྟར་ན་ལངས་པ་ཐམས་ཅད་ཉེ་བར་འདུག་པར་འགྱུར་རོ། །ས་ལ་རབ་ཏུ་བཞག་པའོ། །ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་བཅིངས་ནས་ས་ལ་རབ་ཏུ་བཞག་པར་བྱས་ཏེ། དེ་ལྟར་ན་ཐམས་ཅད
་འཁོར་བར་འགྱུར་རོ། །བསྐྱོད་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བསྒྲུབ་བྱ་གཡོ་བའི་བསམ་པས་བསྐྱོད་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཡོ་བར་འགྱུར་རོ། །གར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རང་གིས་གར་བྱས་ཏེ། དེ་ལྟར
་ན། ཐམས་ཅད་གང་བྱེད་དུ་འཇུག་པ་ཡིན་ནོ། །འབྱིན་པའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངS་ན་ནམ་མཁའ་ཨི་ཕྱོགས་ལས་གྱེན་དུ་དྲང་བར་བྱས་ཏེ། དེ་ལྟར་ན་ཐམས་ཅད་བླུ་ལེན་དུ་འཇུག་པར་འགྱུར་རོ། །བསླབ་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཆུ་བོ་ཡི
་ཚོགས་ཆེན་པོས་བསྐྱོད་པའི་ཚུལ་དུ་བརླབ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བརྩོར་གཞུག་པ་ཡིན་ནོ། །ཐམས་ཅད་དུ་བརླབ་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཕྱོགས་བཞི་དུ་ཆུའི་ཚོགས་བསྐྱོད་པའི་ཚུལ་དུ་བརླབ་པར་བྱ་སྟེ། དེ་ལྟར་ན་ཐམས
་ཅད་རོལ་ཏུ་གཅུག་པར་འགྱུར་རོ། །ཧ་ཧར་རྒོད་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཧ་ཧར་རྒོད་པར་བྱ་སྟེ། དེ་ལྟར་ཧ་ཧར་རྒོད་པར་བྱེད་དུ་བཅུག་པར་འགྱུར་རོ། །བསྐོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བསྐོར་བར་བྱས་ཏེ། དེ་ལྟར
་ན་ཐམས་ཅད་བསྐོར་དུ་བཅུག་པའོ། །དགུག་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་དགུག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འགུགས་པར་འགྱུར་རོ། །དྲང་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མདུན་དུ་དེ་དྲང་བར་བྱའོ། །དེ་ལྟར་ན་འདྲེན་པའོ།།
་གཏང་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་མདུན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཏང་བར་འགྱུར་རོ། །ཡོངས་སུ་བསྐོར་ནས་ནུབ་པར་བྱའོ། །ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་བསྐོར་ནས་ནུབ་པའི་ཚུལ་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ནུབ
་པར་འགྱུར་རོ། །དེ་ནས་དོར་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གྱེན་དུ་འབྱུང་བར་འགྱུར་རོ། །མྱུར་དུ་དོར་བའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་མྱུར་དུ་དོར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དོར་བའོ། །དེ་བཞིན
་དུ་ཀུན་ནས་འདྲེན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་མྱུར་དུ་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གྱེན་དུ་འདྲེན་པར་འགྱུར་རོ། །དེ་བཞིན་དུ་གྱེན་དུ་དྲང་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཆུ་དུ་དྲང་བར་བྱས་ཏེ། དེ་ལྟར་ན་ཐམས་ཅད་གྱེན་དུ
་དྲང་བར་འགྱུར་རོ། །རང་གི་ད?་རོ་བྱའོ་ཞེས་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རང་ཉིད་ཀྱིས་ང་རོ་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཀྱིས་ང་རོ་འདོན་པར་བྱེད་པའོ། །དུ་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རང་གིས་དུ་བར་བྱས་ཏེ
་དེ་ལྟར་ན་ཐམས་ཅད་དུ་པའོ། །བདག་ཉིད་ལ་བརྡོག་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བདག་ཉིད་ལ་བརྡིག་པར་བྱས་ཏེ། དེ་ལྟར་ན་བསྒྲུབ་བྱ་ཐམས་ཅད་ཀྱིས་བདག་ཉིད་ལ་བརྡེག་པའོ། །སྙིང་གར་བརྡེག་པ་སྦྱིན་པར་བྱའོ།།
་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་དེས་རང་གི་སྙིང་གར་བརྡེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོང་པའོ། །དེ་ཉིད་ཀྱིས་རང་གི་སྒྲ་འདོན་པར་བྱའོ་ཞེས་བྱ་བ་ལ། གཞན་གྱི་སྒྲ་ཡང་རང་ཉིད་ཀྱིས་འདོན་པ་ཡིན་པས་དེ་རྣམ་པར་བཅད་པར་བྱ་བའི་ཕྱིར་རང་ཉིད་འདོན
་ཞེས་བྱ་བ་འདིས་འདི་ལྟར་འཆད་པར་འགྱུར་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་བར་གྱི་སྒྲ་འདོན་པར་བྱས་ཏེ། དེ་ལྟར་ན་ཐམས་ཅད་བསྒྲུབ་བྱ་སྒྲ་འདོན་པར་བྱེད་པ་ཡིན་ནོ། །སྡང་བ་སྔམས་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡིད་ཀྱིས་བསྒྲུབ་བྱ་དཔྲལ་བར
་བྱ་སྟེ། དེ་ལྟར་ན་རྣམ་པར་སྡང་བའོ། །རང་གི་གོས་གཏོང་བར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱིས་རང་གི་གོས་གཏོང་པར་བྱས་ཏེ་དེ་ལྟར་དགོས་གཏོང་པའོ། །ཁྲོ་བས་དེ་བཞིན་དུ་འབར་བ་བསྟན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་ཞིང
་རབ་ཏུ་གཡོ་བས་མཛུབ་མོ་གཉིས་ཀྱིས་གྱེན་དུ་འབར་བ་བསྐྱེད་པའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་ཁྲོ་བ་འབར་བར་འགྱུར་རོ། །གཡས་པའི་མཛུབ་མོའི་ལྕགས་ཀྱུའི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་མཛུབ་མོ་ལྕགས་ཀྱུའི་རྣམ་པར་བྱས་ཏེ། འདིས་ཐཾས་ཅད
་འགུགས་པར་འགྱུར་རོ། །དེ་ཉིད་ཀྱིས་རབ་ཏུ་གཞུག་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྒྲུབ་བྱ་རབ་ཏུ་གཞུག་པའི་ཚུལ་དུ་བྱ་སྟེ། དེ་ལྟ་ངན་ཐམས་ཅད་རབ་ཏུ་གཞུག་པར་འགྱུར་རོ། །གཡས་པའི་སེ་གོལ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་པས
་སྡིགས་མཛུབ་དང་མཐེ་བོང་དག་གིས་སེ་གོལ་གྱི་སྒྲ་བྱ་སྟེ། དེ་ལྟར་ན་ཐམས་ཅད་འབེབས་པའོ། །གཡོན་པའི་སེ་གོལ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་གཡོན་པའི་སྡིགས་མཛུབ་དང་མཐེ་བོང་དག་གིས་སེ་གོལ་གྱི་སྒྲ་བྱ་སྟེ། དེ་ལྟར་ན་པྲ་དབབ་གཔ་ཐམས་ཅད
་བསྒྲུབ་པའོ། །ལྕེ་རེག་པ་ནི་མཛུབ་མོ་གཉིས་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་ལྕེ་རེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་སྨྲ་བར་འགྱུར་རོ། །ཡན་ལག་ལ་སྦུ་གཡས་སུ་འཁྱིལ་བ་བསྐོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་
་གཡས་སུ་འཁྱིལ་བའི་སྤུ་སྟོན་པའི་ཚུལ་དུ་ཡན་ལག་ཐམས་ཅད་བསྐོར་བར་བྱ་སྟེ། དེ་ལྟར་ན་སྒྱུ་མ་ཐམས་ཅད་སྔོན་པར་འགྱུར་རོ། །ལྟུང་དུ་གཞུག་པ་ལ་སོགས་པ་བྱེད་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་ལྟུང་དུ་གཞུག་པ་དང། སློད་པར་བྱེད་པའི
་ཚུལ་སྟོན་པར་བྱེད་ཏེ། །དེ་ལྟར་ན་ཐམས་ཅད་སོ་སོར་སྟོན་པ་མཐོང་བའོ། །དུས་བསྒོམ་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་དུས་འཁོར་ལོ་ཡོངས་སུ་བསྐོར་བར་བྱ་སྟེ། དེ་ལྟར་ན་དུས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བའོ། །ཁྲོ་བོའི་ལྟ་བས་ཤིང་དྲུང་རྣམས་ལ
་ཡིད་ཀྱིས་འདོད་པའོ་ཞེས་བྱ་བ་རྣམས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོའི་ལྟ་བ་བསྐྱེད་ནས་ངེས་ཤིང་དྲུང་རྣམS་ཀྱི་འདབ་མ་དང་མེ་ཏོག་དང་འབྲས་བུ་དང་ཅི་འདོད་པའི་ཤིང་དེ་དག་མཐོང་ཞིང་བསྟན་པའོ། །དེ་བཞིན་དུས་ལ་བལྟ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་བཅིངས
་ནས་ཁྲོ་བ་ཡི་ལྟ་བས་ས་ལ་ལྷ་ཞིང་ས་ལ་བཞག་སྟེ། འབྲུ་ཐམས་ཅད་སྐྱེ་བར་བསྒོམ་པར་བྱ་སྟེ། དེ་ལྟར་ན་འབྲུ་ཐམས་ཅད་སྟོན་པར་བྱེད་པའོ། །ལྟ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བྱམས་པའི་ལྟ་བ་བྱ་སྟེ། དེས་བསྒྲུབ་བྱ་ལ་བལྟ་ཞིང
་རིམས་དང་བྲལ་བར་བྱེད་པའོ། །སྨིན་མ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སྨིན་མ་འགྱུར་པས་འཕྲོག་པར་བྱ་སྟེ། དེ་ལྟར་ན་སྦྱར་བའི་དུག་ཐམས་ཅད་དང་བྲལ་བར་བྱེད་པའོ། །སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སོ་བསྟན་པར་བྱ
་སྟེ། དེ་ལྟར་ན་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དུ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡི་གེ་ཕུ་བརྗོད་བར་བྱ་སྟེ། དེ་ལྟར་ན་དུག་ཐམས་ཅད་ལས་ཐར་བའོ། །ཕྱག་རྒྱས་བརྡེག་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་མཁའ་འགྲོ་མས
་བཟུང་བ་ལ་བརྡེག་པར་བྱ་སྟེ། དེ་ལྟར་ན་མཁའ་འགྲོ་མ་ཐམས་ཅད་ཀྱི་གཟུང་བ་དགྲོལ་བའོ་རྒྱལ་མཚན་བསྒྲེད་པའོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རྒྱལ་མཚན་བསྒྲེང་བའི་ཚུལ་གྱི་གྱེན་དུ་བཟུང་བར་བྱ་སྟེ། དེ་ལྟར་ན་འཐབ་མོ་ཐམས་ཅད་ཐར་པའོ། །འཇིགས
་བྱེད་ཀྱི་ལྟ་བ་ཁྲོ་བ་དང་བཅས་པས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོ་དང་བཅས་པའི་འཇིགས་བྱེད་ཀྱི་ལྟ་བས་གཞན་གྱི་དབུང་ལ་ལྟ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་འཇོམས་པར་འགྱུར་རོ། །འཛུམ་པ་དེས་བས་བལྟའོ་ཞེས
་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་འཛུམ་པ་མེད་པའི་ལྟ་བས་བལྟ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་ན་མཚམས་བཅིང་བར་འགྱུར་རོ། །དེ་བཞིན་དུ་འབར་བས་འཆིང་བའོ། །ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས། སྙིང་ག་ལས་རྡོ་རྗེ་འབར་བ་སྤྲོ་སྟེ། དེས་ཕྱོགས
་བཅིང་པར་བྱ་སྟེ། དེ་ལྟར་ན་ཕྱོགས་ཐམས་ཅད་བཅིང་བར་འགྱུར་རོ། །ཕྱག་རྒྱ་བསྐོར་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བསྐོར་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་བཅིང་བར་འགྱུར་རོ། །གཙུག་ཏོར་ལས་མཛུབ་མོའི་རྡོ་རྗེ་ཞགས་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ
་མཛད་བཅིངས་ནས་མཛུབ་མོ་གཉིས་ཀྱིས་རྩེ་མོ་ཡང་དག་པར་སྦྱར་བའི་རྩེ་མོ་བྱ་སྟེ། ཡོངས་སུ་བསྐོར་བ་གཙུག་ཏོར་དུ་འཛུབ་མོ་གཉིས་ཀྱིས་རྩེ་མོ་གཉིས་གཟུང་བར་བྱ་སྟེ། དེ་ལྟར་ན་ཤིན་ཏུ་བསྲུངས་པར་འགྱུར་རོ། །དེ་བཞིན་དུ་སྙིང་གར་རོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས
་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ནས་རང་གི་སྙིང་གར་གཟུང་བར་བྱ་སྟེ། དེ་ལྟར་ན་ཡོངས་སུ་སྦྱོང?་བར་བྱེད་པར་འགྱུར་རོ། །རྡོ་རྗེ་བཀྲོལ་བའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བར་བྱ་སྟེ། དེ་ལྟར
་ཐམས་ཅད་དགྲོལ་བར་འགྱུར་རོ། །ཕྱག་རྒྱ་ཟུར་དུ་བསླང་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཟུར་དུ་བཞག་ལ་བསླང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བསླང་བར་འགྱུར་རོ། །མཛུབ་མོའི་རྩེ་མོ་བརྟན་པར་སྦྱར་ལ་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད
་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་རྩེ་མོ་ཕན་ཚུན་དུ་ཡང་དག་པར་སྦྱར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །ལྟ་བ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཁྲོ་བོའི་ལྟ་བས་བལྟ་ཞིང་ལས་བྱའོ། །ཅི་ལྟར་ཞེ་ན། སྟེང་ནས་འོག་ཏུ་ལྟུང
་བའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོའི་ལྟ་བས་བལྟ་ཞིང་སྟེང་གི་ཕྱོགས་ནས་འོག་ཏུ་ལྟུང་བའི་ཚུལ་དུ་བྱས་ཏེ། །དེ་ལྟར་ན་ཐམས་ཅད་ལྟུང་བར་འགྱུར་རོ། །འོག་ནས་སྟེང་དུ་འདྲེན་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ལྟ་བ
་དད་བཅས་པའི་དེ་ཉིད་ཀྱིས་འོག་ནས་གྱེན་དུ་དྲང་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་ཀླུ་ཐམས་ཅད་སྟོན་པར་འགྱུར་རོ། །ཡི་གེ་ཧཱུཾ་ཁྲོས་པའོ་ཞེས་བྱ་བ་ལྟ་བ་དེ་ཉིད་ཀྱིས་བལྟ་ཞིང་རྡོ་རྗེ་ཧཱུཾ་མཛད་བཅིངས་སྟེ། བལྟོས་པས་ཡི་གེ་ཧཱུཾ་བཟླས་པར་བྱ་སྟེ། དེ་ལྟར་ན་གནོད་སྦྱིན
་ཐམས་ཅད་རྗེས་སུ་འབྲང་བར་བྱེད་པའོ། །འཇིགས་བྱེད་ལྟ་བའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་འཇིགས་བྱེད་ཀྱི་ལྟ་བས་བལྟ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་ན་སྲིན་པོ་ཐམས་ཅད་འཇིགས་སུ་གཞུག་གོ། རྡོ་རྗེ་ཁ་ཊཝཱཾ་ག་དྲལ་བ་ཁྲོ་བོས་སོ་ཞེས་བྱ་བ་ལ་རྡོ
་རྗེ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོའི་ལྟ་བས་འབར་བའི་རྡོ་རྗེ་རྣམས་ཁ་ཊཝཱཾ་གའི་སྟེང་དུ་ཡིད་ཀྱིས་དབབ་པར་བྱ་སྟེ། དེ་ལྟར་ནག་པོ་ཆེན་པོའི་རྡོ་རྗེ་ཁ་ཊཝཱཾ་ག་དྲལ་བས་མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་ཞི་བར་འགྱུར་རོ། །སྙིང་གར་རྡོ་རྗེ་བསྒོམ་པའོ
་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་རང་གི་སྙིང་གར་རྡོ་རྗེ་འབར་བ་བསྒོམ་པར་བྱ་སྟེ། དེ་ལྟར་ན་བདུད་ཀྱི་དཔུང་ཐམས་ཅད་འཇོམས་པར་འགྱུར་རོ། །རྡོ་རྗེ་རྩེ་གསུམ་བྲལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡིད་ཀྱིས་རྩེ་གསུམ་དྲལ་བར
་བྱས་ཏེ། དེ་ལྟར་ན་མ་མོ་ཐམས་ཅད་ཞི་བར་འགྱུར་རོ། །གདུག་པའི་དཀྱིལ་འཁོར་གཞིག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་བཟླ་བར་བྱས་ནས་ཏེ། །དེ་ལྟར་ན་གདུག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གཏོར་བར་འགྱུར་རོ། །ཡི་གེ
་ཧཱུཾ་གིས་སོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་གདུག་པ་ཅན་ཚར་གཅོད་པར་འགྱུར་རོ། །ཡི་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ན་ཡི་གེ་ཧི་བཟླ་བར་བྱ་སྟེ། དེ་ལྟར་ཐམས་ཅད་འདུལ་བར་འགྱུར་རོ།།
་གགས་པས་དབུགས་དབྱུང་པའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡས་ཕྱོགས་སུ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་འཇིགས་པ་མེད་པར་འགྱུར་རོ། །དེ་ཉིད་ཀྱི་དོང་རྩེ་གསོར་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་དོང་ཙོ་གསོར་བའི
་ཚུལ་བྱ་སྟེ། དེ་ལྟར་ན་ནོར་བུ་བཟང་པོ་དབང་དུ་བྱེད་དོ། །ཁྲོ་བོའི་ལྟེ་བས་དེ་བཞིན་དུ་བྱེད་དོ་ཞེས་བྱ་བ་ལ། ཇི་ལྟར་དོང་ཙེ་གསོར་བའི་ཚུལ་གྱིས་ནོར་བུ་བཟང་པོ་དབང་དུ་བྱེད་པར་འགྱུར་བ་དེ་བཞིན་དུ་ཧཱུཾ་མཛད་བཅིངས་ནས་ཁྲོ་བོའི་ལྟ་བས་ནོར་སྦྱིན་གྱི
་གཟུགས་བརྙན་ལ་བལྟ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་ན་གནོད་སྦྱིན་གྱི་ནོར་ཐམས་ཅད་འཕྲོག་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཡས་པས་མནན་ཏེ། གཡོན་པས་སོ་རྣམས་ཀྱིས་བཟུང་ནས་དགུག་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡོན
་པའི་ཁུ་ཚུར་དུ་བཞག་སྟེ། གཡས་པའི་ཁུ་ཚུར་གྱིས་བཟུང་ལ་ཡུ་གུ་རྒྱུད་བཅིངས་པ་མ་དཀྲོལ་ཞིང། གཡོན་པའི་མཛུབ་མོ་རྣམས་ཀྱིས་གཟུང་བར་བྱས་ལ་བཀུག་པར་བྱས་ཏེ། དེ་ལྟར་ན་རྣམ་པར་འཕྲུལ་པའི་གཟུགས་བརྙན་གནས་པས་དཔལ
་ཐམས་ཅད་འདྲེན་པར་འགྱུར་རོ། །དོང་རྩེ་གསོར་བ་ནི་གཉིས་ཀྱི་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་མཛུབ་མོ་གཉིས་ཀྱིས་དོང་རྩེ་གསོར་བའི་ཚུལ་བསྟན་ཏེ། དེ་ལྟར་ན་ལྷའི་བུ་མོ་ཐམས་ཅད་འཕྲོག་པར་འགྱུར་རོ། །གཡོན་པའི་དྲིལ་བུ་དྲལ་བའོ་ཞེས
་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཞོན་ནུ་མའི་ལག་པ་གཡོན་པ་ལ་གནས་པའི་དྲིལ་བུ་ཡིད་ཀྱིས་དྲལ་བར་བྱ་ཞིང་གཞོན་ནུ་མ་དང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བར་བསམ་པར་བྱ་ཏེ། དེ་ལྟར་ན་གཞོན་ནུ་མ་དང། རོལ་པར་འགྱུར་རོ། །དེ་བཞིན་རྡོ་རྗེ
་ཧཱུཾ་མཛད་ཀྱིས་གཡས་པའི་ཁུ་ཚུར་གཡོན་པའི་རྡོ་རྗེ་ཁྲོ་བོས་མནན་ཏེ་མཐེའུ་ཆུང་གིས་གང་དུ་བུ་དཀྲོལ་བའི་རྡོ་རྗེ་ཁུ་ཚུར་གྱིས་འཕྲོག་པར་བྱའོ་ཞེས་བྱ་པ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡས་པའི་མཛུབ་མོའི་རྩེ་མོ་རང་གི་མཐེ་བོང་གི་སྟེང་དུ་བཞག་ནས་ཐུར
་དུ་བསྟན་ལ་གཡོན་པའི་མཛུབ་མོས་མནན་ཏེ། མཐེའུ་ཆུང་གི་ལུ་གུ་རྒྱུད་བཀྲོལ་བས་འཕྲོག་པར་བྱ་སྟེ། དེ་ལྟར་ན་རྐང་པ་གཡོན་པས་བརྒྱ་བྱིན་གྱི་གཟུགས་བརྙན་མནན་ན་ཤ་ཙི་འཕྲོག་པར་འགྱུར། གཡས་པའི་དྲིལ་བུ་དྲལ་བའོ་ཞེས
་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཞོན་ནུ་མའི་ལག་པ་གཡས་པ་ལ་གནས་པའི་དྲིལ་བུ་ཡིད་ཀྱིས་དྲལ་བར་བྱ་སྟེ། དེ་ལྟར་ན་གཞོན་ནུ་རྣམ་པར་གཅོད་པར་འགྱུར་རོ། །ཆགས་པ་དྲལ་བས་ལྟུང་བ་ནི་ཡིད་ཀྱིས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད
་བཅིངས་ནས་སེམས་ཀྱིས་ལྟུང་བར་བྱས་ཏེ། དེ་ལྟར་ན་ཚངS་པ་ལྟུང་དུ་བཅུག་པར་འགྱུར་རོ། །འཁོར་ལོ་དྲལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་ཡིད་ཀྱིས་ཁྱད་འཇུག་གི་འཁོར་ལོ་དྲལ་བར་བྱ་སྟེ། དེ་ལྟར་ན་ཁྱབ་འཇུག་འདུལ་བའོ། །རྩེ
་གསུམ་དྲལ་བའོ་ཞེས་བྱ་བ་ལ། ཡིད་ཀྱིས་ལྷ་ཆེན་པོའི་རྩེ་གསུམ་དྲལ་བར་བྱ་སྟེ། དེ་ལྟར་ན་ལྷ་ཆེན་པོ་རྣམས་ལས་རྣམ་པར་རྒྱལ་བར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གཡོན་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མནན་ཏེ། དེ་བཞིན་དུ་གདུབ་བུ
་དཀྲོལ་བས་འཕྲོག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མཛུབ་མོའི་རྩེ་མོ་རང་གི་མཐེ་བོའི་སྟེང་དུ་བཞག་ལ་གཡོན་པའི་མཛུབ་མོ་ཡིས་ཡང་དེ་བཞིན་དུ་བཞག་སྟེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡོན་པར་བཟུང་སྟེ། མཐེའུ
་ཆུང་གིས་གང་དུ་དཀྲོལ་བ་དེ་ལྟར་ན། འདོད་པའི་དབང་ཕྱུག་མནན་ནས་དགའ་བ་མ་འཕྲོག་པར་འགྱུར་རོ། །རྡོ་རྗེ་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་ཐམས་ཅད་དང། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་བསྒྲུབ་པར་བྱའོ
་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མདུན་དུ་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་སྒྲུབ་པའོ། །མདུན་དུ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་གྲུབ་པའོ།།
་མདུན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་མདུན་དུ་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ
་རྗེ་འཆང་ཆེན་པོ་རྗེས་སུ་ཆགས་པ་དང། འཇུག་པ་དང། དམ་ཚིག་བཅིང་བ་དང། དབང་དུ་བྱེད་པ་གྲུབ་པར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། འབྱུང་བ་ཞེས་བྱ་བ་ལས་རྡོ་རྗེ་ཁྲོ་བོའི་རྒྱལ་བ་ཆེན་པོའི་ཕྱག
་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ཀྱི་རྟོག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས
་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་གསུངས་ཏེ། པདྨ་ཆེན་པོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །རྡོ་རྗེ་ཐལ་མོ་ཁ་འབུས་པ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པའོ། །འདིས་ནི་ད་དེ་ལྟར་བཤད་པར་འགྱུར་ཏེ
་ཁ་འབུས་པའི་ཚུལ་གྱིས་རྡོ་རྗེ་ཐལ་མོ་བཅིངས་ན། སོར་མོ་དབུས་མ་གཉིས་ཀྱིས་རྩེ་མོ་ཡང་དག་པར་སྦྱར་བར་བྱ་སྟེ། མཐེའུ་ཆུང་དང་མཐེ་བོང་རྣམས་ཀྱིས་པདྨའི་འདབ་མ་བཞི་ཤིན་ཏུ་བ་ཕྱེ་དང་བྱ་སྟེ། འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག
་གི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་པདྨ་ཆེན་པོ་ཞེས་བྱའོ། །ཆོས་ཐམས་ཅད་འཐོབ་པའོ་ཞེས་བྱ་བ་ལ། པདྨའི་རིགས་དང་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་ནི་ཐམས་ཅད་དེ་དེ་ཐོབ་པས་ཏེ་པདྨ་ཆེན་པོའོ། །དེ་ཐོབ་པའི་རྒྱུར་གྱུར་པ་ཉིད་ཕྱིར་ཐོབ
་པ་ཞེས་བརྗོད་པ་ཡིན་ནོ། །ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་ཡང་ངོ་ཞེས་བྱ་བ་ལ། དེ་ཉིད་པདྨའི་རིགས་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པས་ན་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའོ། །ཕྱག་རྒྱ་ཆེན་པོ་དེ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་པདྨའི་རིགས་ཀྱི
་ལྷ་རྣམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་བསྟན་པ་དེ་བཞིན་དུ་ཕྱག་མཚན་དང་སྒྲུབ་པ་པོས་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་པདྨ་བཤད་པའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ
་རྡོ་རྗེ་པདྨ་ཞེས་བྱ་བའི་ཕྱག་རྒྱར་གང་བཤད་པ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱར་ཤེས་པར་བྱའོ། །དེའི་མཚན་ཉིད་འདི་ཡིན་ཏེ། རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་བ་མཐེ་བོང་དང་མཛུབ་མོའི་རྩེ་མོ་མཉམ
་པར་སྦྱར་ནས། སྙིང་ག་ལ་བཏེགས་ཏེ་དབང་བསྐུར་བའི་གནས་སུ་རྩེ་མོ་བཞག་པ་ནི་རྡོ་རྗེ་རིན་ཆེན་སྟེ། དེ་ཉིད་སྟེང་དུ་ཁ་བལྟ་བའི་མཛུབ་མོ་གཉིས་ཀྱི་ཕྱི་རོལ་ཏུ་བཀུག་པ་ནི་རྡོ་རྗེ་པདྨའོ། །པདྨའི་རིགས་ཀྱི་རྡོ་རྗེ་བསྔམས་པ་ལས་བྱུང་བའོ་ཞེས
་བྱ་བ་ལ། མཛེས་པའི་ཏིང་ངེ་འཛིན་གྱི་པདྨ་ལ་སོགས་པ་ནི་པདྨའི་རིགས་རྣམས་ཏེ། དེ་རྣམས་དམ་ཚིག་གི་ཕྱག་རྒྱ་རྣམས་རྡོ་རྗེ་བསྡམས་པ་བཅིངས་ལ་བཅིང་བར་བྱའོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དག་ཉེ་བར་དགོད་པའམ་དགར་བ་ལའོ། །པདྨའི?
་དེ་བཞིན་གཤེགས་པ་ནི་མཛེས་པའི་ཏིང་ངེ་འཛིན་གྱི་མིང་ཅན་ནོ། །སོགས་པའི་སྒྲས་ནི་པདྨ་ཆེན་པོ་དང་ཏིང་ངེ་འཛིན་དང་རྣམ་པར་གཟིགས་པ་རྣམ་པར་གཟུང་བས་ཏེ། བཞི་པོ་དེ་དག་ནི་ནང་དུ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་རྣམས
་ཤེས་པར་བྱའོ། །ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་གྱེན་དུ་ལྟ་བ་ལས་པར་བར་བཟུང་བར་བྱ་སྟེ། འདི་ནི་མཛེས་པའི་ཏིང་ངེ་འཛིན་གྱི་མིང་ཅན་དེ་བཞིན་གཤེགས་པའི
་པདྨའི་དམ་ཚིག་གི་ཕྱག་རྒྱ་སྟེ། པདྨ་སྤྱན་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་མཐེ་བོང་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་དང་མཛུབ་མོ་གཉིས་སྦྱར་བ་པདྨའི་འདབ་མའི་རྣམ་པ་ཅན་དུ་བྱས་ལ་རང་གི་སྙིང་གར་བཟུང་བར
་བྱ་སྟེ། འདི་ནི་པདྨ་ཆེན་པོའི་མིང་ཅན་གྱི་དམ་ཚིག་གི་ཕྱག་རྒྱ་སྟེ། རྡོ་རྗེ་ཆེན་པོ་པདྨའི་ཆགས་པ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིང་ན?་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་ཡས་ལ་ཁ་ཐུར་དུ་ལྟ་བ་པར་པར་བཟུང་བར་བྱ་སྟེ། འདི་ནི
་ཏིང་ངེ་འཛིན་གྱི་མིང་ཅན་པདྨ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་དེ་པདྨའི་སྒྲོལ་མ་ཞེས་བྱའོ། །རྡོ་རྗེ་བསྔམས་པ་ནང་དུ་བཅིངས་ཏེ། མཐེ་བདག་ཉིས་ཀྱི་རྩེ་མོའི་ཐོག་ཏུ་མཛུབ་མོའི་རྩེ་མོ་བཟུང་བར་བྱ་སྟེ། དེ་ནས་རིན་པོ་ཆེ་དང་པདྨ་གཉིས་སྦྱིན་པའི་ཚུལ་དུ
་བྱས་ཏེ། འདི་ནི་རྣམ་པར་གཟིགས་པའི་མིང་ཅན་པདྨ་ཆེན་པོའི་ནོར་བུའི་དམ་ཚིག་གི་ཕྱག་རྒྱའོ། །པདྨའི་དེ་བཞིན་གཤེགས་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་འབྲས་བུ་བསྟན་པར་བྱའི་ཕྱིར། འདི་རྣམས་ཀྱི་ཞེས་བྱ་བ་ལ་སོགས
་པ་གསུངས་ཏེ། དེ་ལ་པདྨའི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱས་པདྨའི་རིགས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བྱ་བར་རྟོགས་པ་ནི་ཆོས་ཉིད་ཐམས་ཅད་ཐོབ་པའོ། །རྡོ་རྗེ་པདྨ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་པདྨའི
་རིགས་ཐམས་ཅད་རྗེས་སུ་ཆགས་པའོ། །པདྨ་ཆེན་པོའི་བདག་པོའི་དམ་ཚིག་གི་ཕྱག་རྒྱས་རང་རང་གཞན་དག་སྡུག་བསྔལ་ཐམས་ཅད་ལས་སྒྲོལ་བའོ། །པདྨ་ཆེན་པོའི་ནོར་བུའི་དམ་ཚིག་གི་ཕྱག་རྒྱས་རང་དང་གཞན་དག་གིས་བསཾ་པ་ཐམས
་ཅད་ཡོངས་སུ་རྫོགས་པ་ཤིན་ཏུ་གྲུབ་པར་འགྱུར་རོ། །དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །པད་མའི་ལྷའི་བདག་པོ་ནི་ཞི་བ་དང། ཁྱབ་འཇུག་ལ་སོགས་པ་རྣམས་ཏེ། དེ་དག་གི་དམ་ཚིག་གི་ཕྱག་རྒྱ་ནི་ཕྱིའི་རྡོ་རྗེ་བསྡམས་པ་ལས་བྱུང་བ་ཡིན་ནོ།
་དེ་ལ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དབང་ཕྱུག་ཆེན་པོའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་ནི་དོན་ཡོད་རྒྱལ་པོ་སྟེ། དོན་ཡོད་རྒྱལ་པོ་དོན་ཡོད་ཞགས་པ་དེའི་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། འོག་ཏུ་མཛུབ་མོ་གཉིས་ཀྱི?་
་འབུས་པ་ཁྲོ་གཉེར་ཅན་ལ་བཞག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པའི་ཕྱིར་བཅིངས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ལ་ཚིགས་གསུམ་པ་བཀུག་པར་བྱས་ཏེ། འོག་ཏུ་ཁ་ལྟ་བ་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱ་སྟེ། འདི
་ནི་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པའི་དོན་ཡོད་ཞགས་པ་པདྨའི་ཁྲོ་གཉེར་གྱིས་སྤྱན་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་གྱེན་དུ་འབར་བ་ནི་མགྲིན་སྔོན་ཅན་གྱིའོ་ཞེས་བྱ་བ་ལ། པདྨའི་ཁྱབ་འཇུག་ནི་མགྲིན་སྔོན་ཅན་ཏེ། རྡོ་རྗེ
་བསྡམས་པ་བཅིངས་ནས་གྱེན་དུ་འབར་བར་སྟོན་པའི་ཚུལ་གྱིས་དེའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་བསྡམས་པ་གྱེན་དུ་འབར་བ་དེ་ཉིད་རྣམ་པར་གྲོལ་བར་བྱ་བའི་ཕྱིར་གཡོན་པའི་མཛུབ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ
་བསྡམས་པ་ཕྱིར་བཅིངས་ནས་གཡོན་པའི་མཛུབ་མོ་བཀུག་པ་གཡོན་པའི་མཐེ་པོས་བཟུང་སྟེ་དུང་གི་དབྱིབས་སུ་བྱས་ནས་གཡས་པའི་མཐེ་བོང་བསྒྲེང་ལ་རྟག་པའི་ཚུལ་གྱིས་མཐེའུ་ཆུང་གཉིས་པའི་རྣམ་པ་ཅན་དུ་བྱས་ཏེ་སོར་མོ་ལྷག་མ་རྣམས
་ལྷག་པའི་རྒྱབ་ནས་ཅུང་ཟད་བཏེག་ལ་འཁོར་ལོའི་ཚུལ་དུ་གཟུང་བར་བྱ་སྟེ། འདི་ནི་པདྨའི་ཁྱབ་འཇུག་གི་དམ་ཚིག་པདྨ་ཕྱག་རྒྱ་པདྨའི་ཁྱབ་འཇུག་མ་ཞེས་བྱ་པའོ། །པདྨ་ལས་བྱུང་བ་ནི་ཚངས་པའི་མ་ལུགས་འཛིན་པའི་འཇིག་རྟེན
་དབང་ཕྱུག་སྟེ། དེའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པའི་ཕྱིར་བཅིངས་ལ་མཛུབ་མོ་གཉིས་བསྒྲེང་པ་བཀུག་སྟེ། ལྕགས་ཀྱུའི་རྣམ་པར་སོར་མོ་བཟུང་ནས་སོར་མོ་ལྷག་མ་རྣམས་ཀྱིས་ཤིན་ཏུ་ཁ་ཕྱེ་བའི་པདྨའི་ཚུལ་དུ་བྱ་སྟེ། འདི་ནི་པདྨ
་འབྱུང་པ་ཞེས་བྱ་བ་ཚངས་པའི་དམ་ཚིག་གི་ཕྱག་རྒྱའོ། །རྟ་མགྲིན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ཕྱིར་བཅིངས་པ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་རྟའི་མགྲིན་པའི་ཚུལ་དུ་བཀུག་ཏེ། རྒོད་མའི་ཁ་ལྟ་བུར་བྱས་ཏེ། སྲིན་ལག་གཉིས
་ཀྱི་ཙེ?་མོ་རབ་ཏུ་བརྐྱང་ལ་མཐེའུ་ཆུང་གཉིས་ཀྱང་རབ་ཏུ་བརྐྱང་ལ་སོ་སོར་གཡོ་བར་གཟུང་བར་བྱ་སྟེ། འདི་ནི་རྟ་མགྲིན་གྱི་དམ་ཚིག་གི་ཕྱག་རྒྱ་པདྨའི་ལྕགས་ཀྱུ་ཞེས་བྱ་བ་ཡིན་ནོ། །པདྨའི་ཁྲོ་གཉེར་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་འབྲས་བུ་བསྟན་པའི་ཕྱིར་འདི་རྣམS
་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་པདྨའི་ཁྲོ་གཉེར་གྱི་ཕྱག་རྒྱས་པདྨའི་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་གྲུབ་པར་འགྱུར་རོ། །པདྨའི་ཁྱབ་འཇུག་གི་ཕྱག་རྒྱས་པདྨའི་རིགས་ཐམས་ཅད་གྲུབ་པའོ། །པདྨའི་འབྱུང་བ་པདྨའི་རིགས་ཀྱི་གཉིས་སུ་མེད
་བའི་སེམས་དང་སེམས་ལས་བྱུང་བ་གྲུབ་པ་ཡིས་ནི། ཐར་པ་ཐམས་ཅད་གྲུབ་པའོ། པདྨའི་ལྕགས་ཀྱུའི་ཕྱག་རྒྱ་པདྨའི་རིགས་ཐམས་ཅད་འགུགས་པ་གདོན་མི་ཟ་བར་གྲུབ་པར་འགྱུར་རོ། །སྒེག་མོ་ལ་སོགས་པ་ནས་པདྨའི་དྲིལ་བུ་མའི་མཐར་ཐུག་པའི་བར་རྣམས
་ཀྱི་དཔལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡིན་ནོ། །དམ་ཚིག་གི་ཕྱག་རྒྱ་རྣམས་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་མཆོག་གི་དབང་བསྐུར་ལ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པའོ། །ཞེས་བྱ་བ་ལ་བཅོམ་ལྡན་འདས་རྣམ
་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་སྐུ་མཆོག་སྟེ། དེ་དང་བཅས་པའི་དབང་བསྐུར་བའི་དོན་དུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཏེ་དེ་སྟོན་པར་བྱེད་པའི་ཕྱག་རྒྱ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ལས་གསུངS
་པ་ཡིན་ནོ། །འདི་ལྟར་འཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་མཆོག་བཅིངས་ནས། ཨོཾ་སངས་རྒྱས་ཀུན་གྱི་རིན་ཆེན་མཆོག་ཚོགས་ཀྱིས། སྤྲས་པའི་ལྷ་ཡི་ཅོད་པན་ཅན་ལ་བདུད། །རབ་མཆོག་རྡོ་རྗེ་འཛིན་བདག་དབང་བསྐུར་གསོལ། །རྡོ་རྗེ་སེམས་ཅན།
་དཔའ་དམ་ཚིག་ཁྱོད་ཉིད་བདག་ཅེས་བྱ་བའི་དབང་བསྐུར་བའི་གླུ་བརྗོད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་མདུན་དུ་རང་དང་གཞན་དག་གི་སྤྱི་བོར་བཞག་སྟེ། བཛྲ་དྷརྨ་ཨ་བྷིཾ་ཥིཉྩ་ཞེས་བྱ་བ་བརྗོད་པ་བྱས་ན། བདག་དང་གཞན་ལ་འོད་དཔག
་ཏུ་མེད་པའི་ཅོད་པན་གྱི་དབང་བསྐུར་བར་འགྱུར་བ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །ལས་བསྟན་པར་བྱེད་པ་དང། ལས་གྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ལ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དེ་བཅིངས
་བའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཁ་ཊཝཱོཾ་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཡས་པ་དང། གཡོན་པས་ཁ་ཊཝཱཾ་ག་བཅིངས་ལ་རང་གི་མཐེ་བོ་ཡི་རྩེ་མོ་གཉིས་ལ་དབུས་མའི་རྩེ་མོ་གཉིས་གཟུང་བར་བྱས་ཏེ། འདི་ནི་པདྨའི་ཁུ་ཚུར
་གཉིས་ཀྱི་ཕྱག་རྒྱའོ། །གཡོན་པའི་པདྨའི་ཁུ་ཚུར་རང་གི་སྙིང་གའི་ཕྱོགས་སུ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་ཏེ། འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཀྱི་ལས་ཀྱི་ཕྱག་རྒྱའོ། །པདྨའི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ
་གཟུང་བས་སོ་ཞེས་བྱ་བ་ལ། མཛེས་པའི་ཏིང་ངེ་འཛིན་ལ་སོགས་པ་ནས་པདྨའི་དྲིལ་བུའི་མཐར་ཐུག་པ་རྣམས་ཀྱི་ནི་དམ་ཚིག་གི་ཕྱག་རྒྱ་བཅིངས་པའི་རྗེས་སུ་འབྲངས་པས་པདྨའི་ཁུ་ཚུར་བྱེད་པར་འགྱུར་བ་དག་གི་ལས་ཀྱི་ཕྱག་རྒྱ་བཅིང་པར་བྱའོ། །འདི་ལྟར
་བཤད་པར་འགྱུར་ཏེ། པདྨའི་ཁུ་ཚུར་གཉིས་བཅིངས་ཏེ། པད་པར་ཁ་གྱེན་དུ་བལྟ་པ་བཟུང་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱའོ། །པདྨའི་ཁུར་ཚུར་གཉིས་བཅིངས་ནས་མཐེ་བོང་གཉིས་ཀྱི་རྩེ་མོའི་ཡང་དག་པར་སྦྱར་ནས
་མཛུབ་མོ་གཉིས་ཀྱིས་པདྨའི་རྣམ་པ་ཅན་དུ་བྱས་ལ་སྙིང་གར་གཟུང་བར་བྱས་ཏེ། འདི་ནི་པདྨ་ཆེན་པོའོ། །པདྨའི་ཁུ་ཚུར་བཅིངས་ནས་མཛུབ་མོ་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་འོག་ཏུ་ཁ་ལྟ་བར་པད་པར་གཟུང་བར་སྟེ། འདི་ནི་ཏིང་ངེ་འཛིན་པདྨའི
་འོ། །པདྨའི་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་གཉིས་བཅིངས་མཐེ་བོང་གཉིས་ཀྱི་རྩེ་མོའི་མཐར་མཛུབ་མོ་གཟུང་བར་བྱས་ལ་དེ་ནས་རིན་པོ་ཆེ་པདྨ་དང་པདྨ་གཉིས་སྦྱིན་པའི་ཚུལ་དུ་བྱས་ཏེ། འདི་ནི་པདྨའི་ཚུལ་དུ་བྱས་ཏེ། འདི་ནི་རྣམ་པར་གཟིགས
་པའི་པདྨའི་འོ། །པདྨའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་སྦྱར་བའི་ཚིགས་གསུམ་པར་བཀུག་པར་བྱས་ལ་འོག་ཏུ་ཁ་ལྟ་བ་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱ་སྟེ། འདི་ནི་པདྨའི་ཞི་བའི་འོ། །པདྨའི་ཁུ་ཚུར་བཅིངས་ནས་གཡོན་པའི
་མཛུབ་མོ་བཀུག་པ་གཡོན་པའི་མཐེ་བོས་གཟུང་ལ་དུང་གི་དབྱིབས་ཅན་དུ་བྱས་ཤིང་གཡས་པའི་མཐེ་བོ་དང་པོའི་ཚུལ་དུ་བསྒྲེང་ལ་མཐེའུ་ཆུང་གཉིས་པདྨའི་རྣམ་པ་ཅན་དུ་བྱས་ཏེ། སོར་མོ་ལྷག་མ་རྣམས་ཀྱིས་རྡོ་རྗེ་བསྡམས་པ་བཅིངས་ནས་སྔ་མ་བཞིན་དུ
་འཁོར་ལོའི་ཚུལ་དུ་བྱ་སྟེ། དེ་ནི་པདྨའི་ཁྱབ་འཇུག་གིའོ། །པདམོའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་བསྒྲེང་པ་བཀུག་ལ་ལྕགས་ཀྱུའི་རྣམ་པར་སོ་སོར་གཟུང་བར་བྱས་ལ་སོར་མོ་ལྷག་མ་རྣམས་ཀྱིས་ཤིན་ཏུ་རྒྱས་པའི་པདྨའི་ཚུལ་དུ
་བྱས་ཏེ། འཛིན་པདྨའི་ཚངས་པའི་འོ། །པདྨའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོའི་མཛའ་མགྲིན་པའི་ཚུལ་དུ་བཀུག་ལ་རྒོད་མའི་ཁ་ལྟ་བུའི་སྲིན་ལག་གཉིས་ཀྱིས་རྩེ་མོའི་མཛའ་རབ་ཏུ་བརྒྱད་ལ་མཐེའུ་ཆུང་གཉིས་ཀྱི་རྩེ
་མོ་གཉིས་སོ་སོར་རབ་ཏུ་བརྐྱང་ལ་གཡོ་བར་གཟུང་བར་བྱ་སྟེ། འདི་ནི་རྟ་མགྲིན་གྱིའོ། །པདྨའི་ཁུ་ཚུར་གཉིས་རང་གི་སྙིང་གར་སྒེག་པ་དང་བཅས་པས་གཟུང་བར་བྱ་སྟེ། འདི་ནི་པདྨའི་སྒེག་མོའི་འོ། །པདྨའི་ཁུ་ཚུར་གཉིས་རང་གི་འཁོར་ལོ་རྒོད་པའི་ཚུལ
་གྱིས་ཡོངས་སུ་བསྐོར་ལ་སྤྱི་བོར་གཟུང་བར་བྱ་སྟེ། འདི་ནི་པདྨའི་བཞད་མའི་འོ། །གཡོན་པའི་པདྨའི་ཁུ་ཚུར་གྱིས་མཛུག་མོ་རབ་ཏུ་བརྐྱང་ལ་བི་ཝང་གི་དབྱུག་པའི་ཚུལ་དུ་བྱས་ལ། གཡས་ཁུ་ཚུར་གྱིས་མཛུབ་མོས་པ་ཝང་བརྡུང་པའི་ཚུལ་དུ་བྱས་ཏེ། འདི་ནི
་པདྨའི་གླུ་མའིའོ། །པདྨའི་ཁུ་ཚུར་གཉིས་གར་བྱས་ལ་པདྨའི་ཐལ་མོ་བཅིང་བར་བྱས་ཏེ། འདི་ནི་པདྨའི་གར་མའིའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ནས་ལག་པ་གཉིས་མདུང་དེ། ལག་པ་གཡས་སྟེང་དུ་བྱུང་བས་རྡོ་རྗེ་བཀའ་བསྒོ་བ་བྱེད་དེ་མཛུབ་མོའི
་ལྕགས་ཀྱུའི་ལས་དང་ལག་པ་མདུད་པ་དང། བདུད་པ་བཅིང་བ་དང་རང་གི་སྙིང་གར་དྲིལ་བུ་དཔྲལ་བར་དཀྲོལ་པའི་ཚུལ་བྱ་སྟེ་སྒོ་བསྲུངས་རྣམས་ཀྱིའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་ནས། ད་ནི་རང་གི་ལྷའི་སྟིར?
་བོ་བཟླ་ཞིང། བཟླས་པའི་དོན་ཤེས་པས་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་ཡིན་ཞེས་བྱ་བ་ཡིན་ནོ། །ཞེས་བྱ་བའི་ཆོ་ག་འདིར་རབ་ཏུ་བསྟན་པའི་ཕྱིར། དག་གི་ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྤྲིན་དང་རྡོ་བོ་ཆེའི་སྒྲ་ལྟ་བུ་ནི་འདིར་ཆོས
་ཀྱི་དག་ཏུ་བརྗོད་པ་ཡིན་ནོ། །བཟླས་པའི་དོན་གྱི་རྣམ་པ་ཅན་གྱི་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ཏེ། དག་གི་ཏིང་ངེ་འཛིན་ངེས་པདྨའི་རིགས་ཐམས་ཅད་ཀྱི་རང་བཞིན་གྱིས་དག་པའི་དྲན་པ་དང། ཤེས་རབ་ཡང་དག་པར་རབ་ཏུ་སྦྱོར་བ་ནི་གཟུངས
་ཏེ། དེ་དགུག་པ་ནི་རང་གི་རྒྱུད་ལ་རྫོགས་པ་སྟེ། དེའི་དོན་དུ་ཇི་ལྟ་བ་བཞིན་དུ་བཤད་པའི་ཆོས་ཀྱི་དག་གིས་བཟླ་བར་བྱ་ཞིང་བཟླས་པའི་དོན་གྱི་ཡེ་ཤེས་མངོན་དུ་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་སྦྱོར་བ་དང་བཅས་པས
་བསྟན་ནས་ད་ནི་ལས་རྒྱ་སྒྲུབ་བྱར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་གསུངས་པ་ཡིན་ཏེ། པདྨ་ཆེན་པོ་བཅིངས་ནས་ཡིད་ཀྱིས་སྦྱིན་སྲེག་བྱའོ། །སེམས་ཀྱིས་ཞི་བར་བྱའོ། །དངོས་པོས་བསྲུང་བར་བྱའོ། །རྣམ་པར་སྤྱད་པར་བྱའོ་ཞེས་བྱ་བ་ལ
་བསྒྲུབ་པར་བྱ་སྟེ། ལས་ཐམས་ཅད་ཕྱག་རྒྱའི་ཚོགས་སོ་ཞེས་བྱ་བ་ལ་ལས་ཀྱི་ཚོགས་འདི་ཡང་སྔར་བཤད་པ་ཡིན་ཏེ། སླར་ཡང་འདིར་བཤད་པར་མི་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས
་བྱ་བ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་བསྟན་ནས་ད་ནི་འཕགས་པ་ནམ་མཁའ་ཨི་སྙིང་པོའི་བཤད་པར་བྱ་པའི
་ཕྱིར། དེ་ནས་ནམ་མཁའ་སྙིང་པོའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །འཕགས་པ་ནམ་མཁའ་ཨི་སྙིང་པོ་ནི་ནོར་བུ་ཆེན་པོའི་རིགས་ཏེ། དེའི་ཕྱག་རྒྱ་ཆེན་པོའི་སྐུའི་གསང་པའི་རང་བཞིན་ཅན་དེ་ཇི་ལྟར་དཀྱིལ་འཁོར་བྲི་བའི་ཆོ་གར་བསྟ?
་བ་བཞིན་དུ་དམ་ཚིག་གི་སེམས་དཔའ་ཨི་བྱིན་གྱིས་བརླབས་མ་ཐག་ཁོ་ནར་བཅིང་བར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ་དམ་ཚིག་འཛིན་པར་བྱེད་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས
་པ་ལ། རྡོ་རྗེ་ཐལ་མོ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། འདི་ནི་འཕགས་པ་ནམ་མཁའ་ཨི་སྙིང་པོ་དང་དབང་བསྐུར་བའི་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱའོ། །ཅིའི་སླད་དུ་ཞེ་ན། དབང་བསྐུར་བ་ཐམས་ཅད་ཐོབ་པའི་ཕྱིར་རོ། །ཞེས
་བྱ་བ་ནོར་བུའི?་རིགས་ཐམས་ཅད་རྟོགས་པ་ནི་འདིར་དབང་བསྐུར་བ་ཐམས་ཅད་ཐོབ་པར་བྱ་སྟེ། དེའི་དོན་དམ་ཚིག་གི་ཕྱག་རྒྱ་འདིའོ། དེ་དབང་བསྐུར་བ་ཇི་ལྟ་བ་བཞིན་དུའོ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་ཕྱག་རྒྱའི་གཟུགས་ཏེ། དེས་རང་དང་གཞན
་དག་ལ། ཨོཾ་སརྦ་བཛྲ་ཨ་ཏི་པ་ཏི་སྟཝཾ་ཨ་བྷི་ཥིཉྩ་མེ་བྷུར་བྷུ་བ་སྭཱ་ཞེས་བྱ་བའི་སྔགས་འདིས། རྡོ་རྗེ་རིན་ཆེན་གྱིས་ཅོད་པན་གྱི་དབང་བསྐུར་བར་བྱའོ། །འདི་ཉིད་སྙིང་ཁར་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ནས་རང་གི་སྙིང་གར་གཟུང་བར་བྱ་སྟེ
་འདི་ནི་གཏེར་གྱི་རིན་ཆེན་གྱིའོ། །གྱེན་དུ་ཁ་ལྟའོ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་པད་པར་ཏིང་ངེ་འཛིན་གྱི་ཚུལ་དུ་གྱེན་དུ་ཁ་བལྟ་བ་བཟུང་བར་བྱ་སྟེ། འདི་ནི་བླ་ན་མེད་པའོ། །ཁུ་ཚུར་སྤྱི་པོར་བཞག་སྟེ་ཕྱིའི་མེ་ཏོག་ལ་སོགས་པས་མཆོད་པ་དབུལ་པར་བྱའོ
་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་བླ་ན་མེད་པའི་རིན་ཆེན་ཁུ་ཚུར་གྱི་སྤྱི་བོར་བཞག་སྟེ། ཕྱི་ནས་མེ་ཏོག་ལ་སོགས་པས་དབུལ་བའི་མཆོད་པ་རྣམ་པ་བརྒྱད་བྱ་བ་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ། བླ་ན་མེད་པའི་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ
་སྤྱི་བོར་བཞག་ནས་ཕབ་སྟེ་གྱེན་དུ་གཏོར་བ་ནི་རིན་ཆེན་མེ་ཏོག་མའིའོ། །དེ་ཉིད་སྤྱི་བོར་བཞག་ནས་ཕབ་སྟེ། ཐུར་དུ་བླུགས་པ་ནི་སྤོས་མའི། དེ་ཉིད་དེ་བཞིན་དུ་ཕབ་མཐེ་བོང་སྦྱར་ནས་བསྐོར་བ་ནི་མར་མེ་མའིའོ། །དེ་ཉིད་དེ་བཞིན
་ཉིད་དུ་ཕབ་ནས་རབ་ཏུ་བརྒྱད་ཞིང་བྱུང་བའི་ཚུལ་ཀྱིས་རབ་ཏུ་སྦྱར་བར་བྱ་སྟེ། འདི་ནི་དྲི་མའི་འོ། །དེ་ཉིད་བབ?་ནས་རང་གི་སྙིང་གར་སྒེག་པ་རྣམ་པར་སྤྲུལ་པའི་ཚུལ་དུ་གཟུང་བར་བྱ་སྟེ། འདི་ནི་རིན་ཆེན་སྒེག་མའིའོ། །དེ་བཞིན་དུ་ཕབ་སྟེ་ཁར་ཡོངས་སུ
་བསྐོར་ལ་སྤྱི་བོར་བཟུང་བར་བྱ་སྟེ། འདི་ནི་རིན་ཆེན་བཞད་མའིའོ། །དེ་བཞིན་དུ་ཡོངས་སུ་ཕབ་ལ་གཡོན་པའི་བཀུག་པའི་ད་བྱུག་པ་བྱས་ལ་གཡས་པས་བཀུག་པས་བི་ཝང་བརྡུང་བའི་ཚུལ་དུ་བྱས་ཏེ་འདི་ནི་རིན་ཆེན་ཀླུ་མའིའོ། །དེ་བཞིན་དུ
་ཕབ་སྟེ། གཉིས་སུ་བྱས་ལ་གར་བྱས་ནས་སྤྱི་བོར་རིན་པོ་ཆེའི་ཐལ་མོ་བཅིང་པར་བྱས་ཏེ། འདི་ནི་རིན་ཆེན་གར་མའིའོ། །དེ་ཉིད་དེ་བཞིན་ཕབ་ནས་གཡས་པའི་མཛུབ་མོ་ལྕགས་ཀྱུ་བྱ་སྟེ། འདི་ནི་རིན་ཆེན་ལྕགས་ཀྱུ་མའིའོ། །དེ་བཞིན
་དུ་མཆེ་པོར་གཉིས་ཀྱི་མདུད་པ་བྱས་ཏེ། འདི་ནི་རིན་ཆེན་ཞགས་པ་མའིའོ། །དེ་བཞིན་དུ་མཛུབ་མོ་དང་མཐེའོ་ལུ་གུ་རྒྱུད་དུ་བྱས་ཏེ། འདི་ནི་རིན་ཆེན་ལྕགས་སྒྲོག་མའིའོ། །དེ་བཞིན་དུ་དེ་ཉིད་ཕབ་ལ་གཉིས་ཀྱི་ནང་དུ་མཐེ་བོང་སྦྱར་བར་བྱ
་སྟེ། འདི་ནི་རིན་ཆེན་དྲིལ་བུ་མའིའོ?། །དམ་ཚིག་གི་ཕྱག་རྒྱའོ། །འབྱོར་པ་ཡང་དག་པར་རྒྱལ་མའི་དམ་ཚིག་གི་ཕྱག་རྒྱ་ནི་དབང་བསྐུར་བའི་རིན་པོ་ཆེའོ། །དཔལ་གྱི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་ནི་གཏེར་གྱི་རིན་པོ་ཆེའིའོ། །རབ་ཏུ་ཕུན
་སུམ་ཚོགས་པའི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་ནི་ནོར་བུ་རིན་པོ་ཆེའི་རིན་ཆེན་གྱིའོ། །མཆོད་པའི་མིང་ཅན་གྱི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་ནི་བླ་ན་མེད་པའི་རིན་པོ་ཆེ་ཡིས་གཟུང་བར་བྱའོ། །འདི་ཉིད་གཉིས་སུ་བྱས་ལ་ལས་ཀྱི་ཕྱག་རྒྱར་གཟུང་བ
་བྱེ་བོ?་ཞེས་པ་ལ་འདི་འདི་གཉིས་སུ་བྱས་ན་ལས་ཀྱི་ཕྱག་རྒྱའོ། །དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་མཆོད་པ་ཐོབ་པའི་དོན་དུ་ཡང་དག་པར་རྫོགས་པའོ། །ཞེས་བྱ་བ་ལ་བླ་ན་མེད་པའི་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས་ནོར་བུའི
་ཁུ་ཚུར་གཉིས་སུ་འགྱུར་ཏེ། དེ་སྣི་འཕགས་པ་ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་ནས་ནོར་བུའི་དྲིལ་བུའི་མཐར་ཐུག་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་སྒྲུབ་པ་པོ་ལ་དབང་བསྐུར་བ་ཐམས་ཅད་ལ་སོགས་པ་ཐོབ་པའི་ཕྱིར་རྫོགས་པར་འགྱུར་བ་ཡིན་ནོ། །
་བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་ལས་ཀྱི་དམ་ཚིག་ནི་ལས་རྫོགས་པར་བྱེད་པའི་ཕྱག་རྒྱ་བསྒྲུབ་པ་པོ་ལ་ཀུན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕ་ཡིར། གཡོན་པའི་ཁུ་ཚུར
་སྙིང་གར་བསྟོད་ནས་གཡས་པ་ནོར་བུ་སྦྱིན་པ་དགྲོལ་པའོ་ཞེས་བྱ་བ་ལ། གཡོན་པའི་ནོར་བུའི་ཁུ་ཚུར་རང་གི་སྙིང་གའི་ཕྱོགས་སུ་གཏོང་པའི་ཚུལ་གྱིས་གཟུང་པར་བྱས་ལ་གཡས་པ་རིན་པོ་ཆེའི་ཁུ་ཚུར་ཐམས་ཅད་སྦྱིན་པའི་ཚུལ་དུ་དགྲོལ་བར་བྱ་སྟེ།
་འདི་ནི་འཕགས་པ་ནམ་མཁའ་ཨི་སྙིང་པོའི་ལས་ཀྱི་ཕྱག་རྒྱའོ། །ནོར་བུའི་ཁུ་ཚུར་གཉིས་ཀྱིས་ཞེས་བྱ་བ་ལ་དབང་བསྐུར་བའི་རིན་པོ་ཆེ་ལ་སོགས་པ་ནས་ནོར་བུའི་དྲིལ་བུའི་མཐར་ཐུག་པའི་བར་རྣམས་ཀྱིས། ནོར་བུའི་ཁུ་ཚུར་གཉིས་ཁོ་ནས་ལས་ཀྱི་ཕྱག
་རྒྱ་རྣམས་བཅིང་བར་བྱ་སྟེ། འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ནོར་བུའི་ཁུ་ཚུར་གཉིས་བཅིངས་ནས་དཔྲལ་བར་གཟུང་བར་བྱ་སྟེ། འདི་ནི་དབང་བསྐུར་བའི་རིན་པོ་ཆེའི་ལས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གའི་ཕྱོགས་སུ་གཟུང་བར་བྱ་སྟེ
་འདི་ནི་གཏེར་གྱི་རིན་པོ་ཆེའོ། །པད་པར་གྱེན་དུ་ཁ་བལྟ་བར་གཟུང་བར་བྱ་སྟེ། འདི་ནི་ནོར་བུ་རིན་པོ་ཆེའིའོ། །སྙིང་གའི་ཕྱོགས་སུ་ནོར་བུ་ཕན་ཚུན་གཟུང་བར་བྱ་སྟེ། འདི་ནི་བླ་ན་མེད་པའིའོ། །དབང་བསྐུར་པའི་རིན་པོ་ཆེའི་ཕྱག་རྒྱ་ཉིད་ནི་འབྱོར་པའི་མོ?་
་གཏེར་རིན་པོ་ཆེའི་ཕྱག་རྒྱ་ནི་དཔལ་གྱི་ལྷ་མོའིའོ། །ནོར་བུ་རིན་པོ་ཆེའི་ཕྱག་རྒྱ་ནི་རབ་ཏུ་ཕུན་སུམ་ཚོགས་པའི་ལྷ་མོའིའོ། །བླ་ན་མེད་པའི་ཕྱག་རྒྱ་ནི་མཆོད་པའི་ཤེས་པར་བྱའོ། །རང་གི་སྤྱི་བོར་བཞག་ལ་ཕབ་ནས་རང་གི་སྙིང
་གར་སྒེག་པའི་རྣམ་པར་ཕྲལ་དུ་གཟུང་བར་བྱས་ཏེ། འདི་ནི་རིན་ཆེན་སྒེག་མོའིའོ། །དེ་བཞིན་དུ་ཕབ་ནས་གཉིས་ཀྱི་ནང་དུ་མཐེ་བོ་སྦྱར་ཏེ་ཁར་ཡོངས་སུ་བསྐོར་ནས་སྤྱི་བོར་གཟུང་བར་བྱ་སྟེ། འདི་ནི་རིན་ཆེན་གཞང་མའིའོ། །དེ་བཞིན་དུ་ཕབ་ན་གཡོན
་པའི་མཛུབ་མོ་བཀུག་པའི་དབྱུག་པ་བྱས་ལ། གཡས་པ་བཀུག་པས་པི་ཝང་བརྡུང་བའི་ཚུལ་དུ་བྱས་ཏེ། འདི་ནི་རིན་ཆེན་གླུ་མའིའོ། །དེ་བཞིན་དུ་ཕབ་ནས་གར་བྱས་ལ་སྤྱི་བོར་རིན་པོ་ཆེའི་ཐལ་མོ་བཅིང་བར་བྱ་སྟེ། འདི་ནི་རིན་ཆེན
་གར་མའིའོ། །དེ་བཞིན་དུ་ཕབ་ནས་གཡས་པའི་མཛུབ་མོ་ལྕགས་ཀྱུ་བྱས་ཏེ། འདི་ནི་རིན་ཆེན་ལྕགས་ཀྱུ་མའིའོ། །དེ་བཞིན་དུ་ཕབ་ལ་མཐེ་བོང་གཉིས་ཀྱི་མདུད་པ་བྱས་ལ་འདི་ནི་རིན་ཆེན་ཞགས་པ་མའིའོ། །དེ་བཞིན་དུ་ཕབ་ལ་མཛུབ
་མོ་དང་མཐེ་བོ་མདུད་པ་བྱས་ཏེ། འདི་ནི་རིན་ཆེན་ལྕགས་སྒྲོག་མའིའོ། །དེ་བཞིན་དུ་ཕབ་ལ་གཉིས་ཀྱི་ནང་དུ་མཐེ་བོར་སྦྱར་བར་བྱ་སྟེ། འདི་ནི་རིན་ཆེན་དྲིལ་བུ་མའི་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན
་མཛའ་?་ནི་རང་གི་ལྷའི་སྙིང་པོ་གྲོང་ཁྱེར་ཆགས་པའི་གླུ་དང་བཅས་པའི་བཟླས་པ་རྗེས་སུ་གནང་བ་སྦྱིན་ཞིང་རང་གི་ཕྱག་རྒྱ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདིར་རབ་ཏུ་བསྟན་པར་བྱའི་ཕྱིར་སྙིང་པོའི་དག་ཅེས་བྱ་བ་ལ་སོགས་པ
་གསུངས་ཏེ། རང་གི་ལྷའི་བཟླ་བར་བྱ་བའི་སྙིང་པོ་ནི་སྙིང་པོའི་དག་གོ། སྙིང་པོའི་དག་རང་གི་ལྷའི་སྙིང་པོ་དེ་གླུའི་བསྟན་བཅོས་ལས་བཤད་པའི་གྲོང་ཁྱེར་པ་ཆགས་པའི་བླུ་དང་བཅས་པ། ཨོཾ་སརྦ་བཛྲ་ཨ་ཏི་པ་ཏི་ཏྲཾ་ཨ་བྷི་ཥིཉྩ་མི་བྷུར་བུ
་?་ཞེས་བྱ་བ་ལ་སོགས་པའི་བཟླས་པ་བྱ་ཞིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རིན་པོ་ཆེ་ཀྱེ་བདག་ལ་གསོལ་ཅིག། ཅེས་བྱ་བའི་ཚིག་གིས་རྣལ་འབྱོར་པས་གསོལ་བ་གདབ་ཅིང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་བསྒྲུབ་པར་བྱའོ།།
་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ལས་ལ་སྦྱོར་བ་ནི་དེ་བཞིན་དུའོ་ཞེས་བྱ་བ་མདོར་བསྟན་པའི་ཚིག་རྣམས་ཀྱིས་ལས་ཀྱི་ཕྱག་རྒྱ་སྒྲུབ་པ་ལ་ངེས་པར་སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྟན་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི
་ལྟར་བཤད་པར་འགྱུར་ཏེ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཡི་གེ་ཏྲཾ་བརྗོད་ཅིང་བཅིངས་ནས་ལས་ལ་ངེས་པར་སྦྱར་བར་བྱའོ། །ད་ནི་ལས་རྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་དེ་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་པའི་ཕྱིར་ངེས་མ་གྲུབ་ན་ཞེས་བྱ་བ་ལ་སོགས
་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ནམ་མཁའ་ཨི་སྙིང་པོ་མ་གྲུབ་ན་ཇི་ལྟར་བཞིན་དུ་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་མཛད་སྤུའི་ཕྱོགས་སུ་བཞག་ནས་དབང་བསྐུར་བ་ནི་ནམ་མཁའ་ཨི་སྙིང་པོ་ལ་འབྱོར་པ་ཐམས་ཅད
་དགུག་པ་ལ་སོགས་པ་ཚིག་གིས་གསོལ་བ་གདབ་པ་ནི་སྒྲུབ་པ་པོ་བྱ་བ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་ནི་རྒྱུན་དེ་སྔར་བཤད་པ་བཞིན་དུ་ཚིག་གི་སྒོ་བས་ཤེས་པར་བྱའོ། །འདིའི་བཤད་པ་ཡང་སྔར་བཤད་པས་ཏེ། ཁྱད་པར་མེད་པས
་ཡང་སླར་མ་བཤད་དོ། །དོན་ཡོད་ཅེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དག་གི་ཕྱག་རྒྱ་ནི་སྙིང་པོ་ཡི་བཟླས་པ་སྟེ། ངེས་ཚིག་བསྒྲུབ་པ་ནི་འདོད་པའི་དངོས་གྲུབ་སྒྲུབ་པའི་ཕྱིར་ཡིད་ཀྱི་ཚིག་བསྒོ་པ་སྟེ། དེས་ནམ་མཁའ་ནི་ནམ་མཁའ་ཨི་སྙིང་པོ་ལས
་འབྱོར་པ་ཐམས་ཅད་དགུག་པ་ལ་སོགས་པ་ཡང་དག་པར་འབྱུང་བ་སྟེ། སྐྱེ་བར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་འཕགས་པ་ནམ་མཁའ་ཨི་སྙིང་པོའི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ
་རྫོགས་སོ།། །།དེ་ལྟར་རིགས་ཐམས་ཅད་ལྔའི་ཕྱག་རྒྱའི་རྒྱུད་བསྟན་ནས། ད་ནི་ཕྱིའི་ཕྱག་རྒྱའི་རྒྱུད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོའི་རང
་བཞིན་ཅན་གྱི་རིགས་ལྔ་ནི་ནང་སྟེ། དེ་རྣམས་ཀྱི་ཕྱག་རྒྱའི་རྒྱུ་ནི་ནང་གིའོ། །དེའི་ཕྱི་རོལ་པ་ནི་མིང་པོ་གསུམ་ལ་སོགས་པའི་དཀྱིལ་འཁོར་བཞིའོ། །དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཏེ། དེ་སྟོན་པར་བྱེད་པའི་རྒྱུ་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན
་པོ་ནི་གཡོན་པར་ཁམ་ཕོར་དང། གཡས་ན་མངའ་གཏོད་པའོ་ཞེས་བྱ་བ་ལ་ལག་པ་གཡོན་པས་ཁམ་པོར་འཛིན་ཅིང་ལག་པ་གཡས་པས་མངའ་གཏོད་པས་ཏེ། འདི་ནི་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོའོ། །འདི་ཉིད་གར་གྱི་ཚུལ་གྱིས་དེ་རྣམས
་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དམ་ཚིག་ནི་འཇུག་པ་ལའོ་ཞེས་བྱ་བ་ལ་སོགས་པ་ལ་མཐེའུ་ཆུད་མཐེ་བོང་དག་གིས་ལུ་གུ་རྒྱུད་དུ་བཅིངས་ལ་སོར་མོ་ལྷག་མ་རྣམས་ཀྱིས་རྩེ་གསུམ་པའི་རྣམ་པར་བྱས་ཏེ། འདི་ནི་དེ་རྣམས་ཀྱི་དཀྱིལ་འཁོར་དུ་འཇུག
་པའི་ཕྱག་རྒྱ་སྟེ། དམ་ཚིག་གི་ཕྱག་རྒྱའོ། །ཇི་ལྟ་བ་བཞིན་དུ་གཟུང་བས་ལྷ་མོ་རྣམས་ཀྱིའོ་ཞེས་བྱ་བ་ལ་བྲི་བའི་ཆོ་གས་ཇི་ལྟ་བ་བཞིན་དུ་དགའ་མ་ལ་སོགས་པའི་སྐུའི་གསང་པ་བཤད་པ་དེ་བཞིན་དུ་ཕྱག་རྒྱ་བཅིང་བར་བྱའོ། །འདི་ལྟར་འཆད་པར
་འགྱུར་ཏེ། ལག་པ་གཡོན་པས་གཞུ་བཟུང་ལ། ལག་པ་གཡས་པས་མངའ་གཏོད་པ་ནི་དགའ་མའི་ཕྱག་རྒྱ་ཆེན་པོའོ། །ལག་པ་གཡོན་པས་ཁ་ཊཝཱཾ་ག་བཟུང་ལ་གཡས་པས་རས་གྲིའི་སོ་ནི་སྲིན་མོའིའོ། །ལག་པ་ལ་གཏེར་གྱི་བུམ་པ་ནི་ཕག
་?་།གཡོན་པའི་ཁུ་ཚུར་གྱིས་སྙེམས་པ་བྱས་ནས་ལག་པ་གཡས་པས་ཆུ་གྲི་འཛིན་པ་ནི་གྲུབ་པ་མོའི་ཕྱག་རྒྱ་ཆེན་པོའོ། །དབུས་མ་དང་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་དབུས་མ་དང་སྲིན་ལག་གི་སོར
་མོ་བཞི་ལ་མཛུབ་མོ་དང་མཐེའུ་ཆུང་རྣམས་ཀྱིས་རྩེ་མོ་བཞི་སྦྱར་བར་བྱ་སྟེ། འདི་ནི་འདིར་འདུས་པའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་བསྡམས་པ་ཕྱིར་བཅིངས་ནས་མཛུབ་མོ་དང་དབུས་མ་དང་སྲིན་ལག་དང་མཐེའུ་ཆུང་གིས་སོར་མོ་རྣམས་བསྒྲེང་བ
་བྱས་ལ། གཡས་པའི་དབུས་མ་གཡོན་པའི་མཛུབ་མོ་ཡི་རྩེ་མོ་དང་སྦྱར་ལ། གཡོན་པའི་དབུས་མའི་རྩེ་མོ་གཡས་པའི་མཛུབ་མོ་ཡི་རྩེ་མོ་དང་ཡང་དག་པར་སྦྱར་ཞིང་གཡས་པའི་སྲིན་ལག་གི་རྩེ་མོ་གཡོན་པའི་མཐེའུ་ཆུང་གི་རྩེ་མོ་དང་ཡང་དག་པར་སྦྱར
་ཏེ། གཡོན་པའི་སྲིན་ལག་གི་རྩེ་མོ་གཡས་པའི་མཐེའུ་ཆུང་གི་རྩེ་མོ་ཡང་དག་པར་སྦྱར་བ་བྱས་ནས་གཟུང་བར་བྱ་སྟེ། འདི་ནི་སྲིན་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཀླུའི་དཀྱིལ་འཁོར་གྱི་ཕྱག་རྒྱ་བཤད་པར་བྱ་བའི
་ཕྱིར་གདེང་ཀ་ཅན་གྱི་དབང་པོ་རྣམས་ཀྱིའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཕྱག་རྒྱ་ཆེན་པོ་ནི་བྲི་བའི་ཕྱག་རྒྱར་བསྟན་པའོ། །ལག་པ་གཉིས་ཀྱི་མཐེ་བོང་གཉིས་ཕན་ཚུན་མདུད་པ་བྱས་ནས་མཐེ་བོང་དང་སོར་མོའི་གདེངས་ཀ་བསྒྲེང་པའི་རང
་བཞིན་ཅན་གྱི་ལྷ་འཕྱེ་ཆེན་པོའི་འགའ་ཞེས་བྱ་བ་སྟེ། ཀླུ་ཐམས་ཅད་འགུགས་པར་བྱེད་པའི་ཕྱག་རྒྱ་སྔར་བཤད་པའོ། །འགུགས་པའི་སྔགས་ཀྱིས་དེ་ཉིད་གཉིས་སུ་བྱས་ན་ལྟོ་འཕྱེའི་ལག་པ་ཞེས་བྱ་སྟེ། ལྟོ་བ་ཕྱེ་ཆེན་པོའི་ལག་པ་གཉིས་སུ་བྱས་ནས་ལག
་བ་གཅིག་གིས་སོར་མོ་ལྔའི་གདེངས་ཀ་བསྒྲེང་བའི་རང་བཞིན་ཅན་གྱི་གདེངས་ཀའི་ལག་པ་ཞེས་བྱ་བ་ཀླུ་རྣམས་ཀྱི་དམ་ཚིག་འཛིན་པའི་ཕྱག་རྒྱའོ། །དབུས་མ་སྲིན་ལག་ཅེས་བྱ་བ་ལ་སོགས་པ་ལ། དབུས་མ་དང་སྲིན་ལག་གི་སོར་མོ་བཞི་པོས
་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ནས་མཛུབ་མོ་དང་མཐེ་བོ་དག་གིས་དགའ་པ་སྦྱོར་པའི་ཚུལ་དུ་བྱས་ཏེ་འདིས་ནི་དུག་ཐམས་ཅད་འབར་པའོ། །ལྕགས་ཀྱུའི་རྣམ་པ་ཅན་གྱི་མཛུབ་མོ་གཉིས་ཀྱིས་དུས
་བཀུག་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དང་ཡང་དག་པར་སྦྱར་ལ་གཟུང་བར་བྱས་ཏེ། འདིས་དུག་ཐམས་ཅད་འཆིང་བའོ། །འདི་གཉིས་ཀྱི་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་དུག་གཞོམ་པར་བྱས་ཏེ། དེ་ལྟར་ན་དུག་ཐམས་ཅད་འཇིག་པའོ། །འདི་ཉིད
་ཀྱིས་དུག་ཐམས་ཅད་ཟ་བ་དང། འཕོ་བ་དང། དུག་མེད་པར་བྱེད་པ་ཡིན་ནོ། །བདུག་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བའི་རྡོ་རྗེ་ཁྲོས་ནས་མྱུར་དུ་གཞིག་པར་བྱའོ། །ཞེས་བྱ་བ་ལ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་བྱས་ལ་གཡས
་པའི་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོ་ཡི་རྡོ་རྗེ་བླངས་ཏེ། ཁྲོ་བོ་ཡི་ཁུ་ཚུར་གྱིས་སྡིགས་མཛུབ་ལ་བརྩོན་པས་ཁྲོ་ཞིང་ལྟ་བ་བཞིན་དུ་བཤད་པའི་གླུ་བརྗོད་ཅིང་མྱུར་དུ་རྐང་པས་མཉེ་བར་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་ཕྱིའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་ཕྱིའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་བསྟན་ནས། ད་ནི་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་བསྟན་པར་བྱ་བའི
་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །ཐམས་ཅད་ཀྱི་མཆོག་དབང་ཕྱུག་དམ་པ་ཞེས་བྱ་བ་ལ། བྱང་ཆུབ་ཆེན་པོའི་རང་བཞིན་ཅན་གྱིས་ཐམས་ཅད
་ཀྱི་མཆོག་གོ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་གཞན་དབང་དུ་མ་གྱུར་པའི་ཕྱིར་དབང་ཕྱུག་གོ་།དམ་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མེད་པའོ། །ཐམས་ཅད་ཀྱི་མཆོག་ཀྱང་དེ་ཉིད་ཡིན་ལ། དབང་ཕྱུག་ཀྱང་དེ་ཉིད་ཡིན་ཏེ། དམ
་པ་ཡང་དེ་ཉིད་ཡིན་པས་ན། ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་དམ་པའོ། །བཅོམ་ལྡན་འདས་ཀྱི་དབང་ཕྱུག་དམ་པ་དེའི་ཕྱག་རྒྱ་འདི་ཡིན་ནོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ཡང་སྐུ་ཡི་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ནམ་མཁའ་ཐཾས་ཅད
་ཁྱད་པར་བྱེད་ཅིང་རིགས་ཐམས་ཅད་ཀྱི་རང་བཞིན་གྱི་གཟུགས་སྣ་ཚོགས་པའི་སྐུ་གང་ལ་མངའ་བ་དེ་ནི་སྣ་ཚོགས་པའི་སྐུ་ཆེན་པོས་ཏེ། བསྡུས་པའི་དཀྱིལ་འཁོར་གྱི་རིགས་ཐམས་ཅད་ཀྱི་ལྷ་སྐུའི་གཟུགས་འཛིན་པའི་རྡོ་རྗེ་འཆང་ཆེན་པོའོ། །སྣ་ཚོགས་པའི
་སྐུ་ཆེན་པོ་དེ་ཉིད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་བཅིང་བའི་མཚན་ཉིད་ཀྱི་སྐབས་སུ་བབ་པ་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་བཅིང་བའི་མཚན་ཉིད་ནི་བསྡུས་པའི་དཀྱིལ་འཁོར་གྱི་བྲི་བའི་ཆོ་གར་བསྟན་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་བཟུང
་པར་བྱའོ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི་ཞེས་པ་ལ། རྡོ་རྗེ་ཐལ་མོ་བཅིངས་ནས་པ་ངན་གསུམ་ནི་ཡོངས་སུ་གཟུང་བ་ཞེས་བྱ་བ་ལ། རྡོ་རྗེ་ཐལ་མོ་མ་དཀྲོལ་བར་ལག་པ་གཉིས་ཀྱིས་བ་དན་གསུམ་བྱའོ། །འདི་ལྟར་བཤད་པར་འགྱུར་ཏེ། །རྡོ་རྗེ་ཐལ་མོ་བཅིངས་ནས
་སྲིན་ལག་གཉིས་ནང་དུ་བཅུག་ལ་མཐེ་བོང་གཉིས་སོ་སོར་ཕྱེ་ལ་མཛུབ་མོ་གཉིས་ཀྱི་ངོས་ལ་ཡང་དག་པར་སྦྱར་བར་གཟུང་བར་བྱ་སྟེ། འདི་ནི་ཁྱབ་འཇུག་གི་གཟུགས་འཛིན་པའི་རྣམ་པར་སྣང་མཛད་དང། རྡོ་རྗེ་དཔལ་གྱི་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ། རྡོ་རྗེ
་ཁྱབ་འཇུག་མ་ཞེས་བྱ་བ་ཡིན་ནོ། །འདི་ལ་སྦྱར་བ་དང་བཅས་པ་བསྟན་པའི་ཕྱིར། དོར་ན་ཐམས་ཅད་གཅོད་པར་བྱེད་པ་ཞེས་བྱ་བ་གསུངས་ཏེ། འདི་བཅིངས་ནས་བདུད་ལ་སོགས་པ་ཐམས་ཅད་ཀྱི་བགེགས་ཀྱི་སྟེང་དུ་དོར་བར་བྱས་ན་བདུད་ལ་སོགས་པ་ཐམས
་ཅད་གཅོད་པར་བྱེད་པ་ཡིན་ནོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཐེའུ་ཆུང་མཐེ་བོ་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཡོན་པའི་འོག་ཏུ་ཁ་བལྟ་བར་བྱས་ལ་དེའི་སྟེང་དུ་ཁ་བལྟ་བ་བཞག་ནས་གཡས་པའི་མཐེ་བོང་དང
་གཡོན་པའི་མཐེའ་ཆུང་དང། གཡོན་པའི་མཐེ་བོ་དང། གཡས་པའི་མཐེའུ་ཆུང་དག་གིས་ལུ་གུ་བརྒྱུད་དུ་བཅིངས་ཏེ། དབུས་མ་གསུམ་པོ་དག་གི་རྩེ་མོ་གསུམ་པ་བྱས་ཏེ། འདི་ནི་རྡོ་རྗེ་འཛིན་མ་ཞེས་བྱ་བ་གཏུམ་པའི་དབང་ཕྱུག་གི་གཟུགས་འཛིན་པ
་དང་རྡོ་རྗེ་དཀར་མོའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་པདྨ་ཁ་སྦྱར་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔར་བཤད་པའི་རྡོ་རྗེ་ཐལ་མོ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་པདྨས་ཏེ། དེ་བཅིངས་ནས་གང་དང་གང་གི
་ཡུལ་དུ་གནས་པ་དེའི་སྤྱོད་ལམ་གྱིས་ཚངས་པའི་གཟུགས་འཛིན་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དང། པདྨའི་སྒྲོལ་མ་བསླབ་པར་བྱ་སྟེ། འདི་ནི་ཚངས་པའི་གཟུགས་འཛིན་པའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང
་ཕྱུག་དང། པདྨའི་སྒྲོལ་མའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི་ཞེས་བྱ་བ་ལ་སོགས། རྡོ་རྗེ་ཐལ་མོ་བཅིངས་ནས་མཐེ་བོང་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ལ་དེའི་སྟེང་དུ་མཛུབ་མོ་གཉིས་རྩེ་མོ་བཀུག་པའི་རིན་པོ་ཆེ་གཟུང་བར
་བྱ་སྟེ། འདི་ནི་ལྷའི་གཟུགས་འཛིན་པའོ། །ནམ་མཁའ་ཨི་སྙིང་པོ་དང། ནམ་མཁའ་ཨི་རྡོ་རྗེ་མ་ནི་དམ་ཚིག་གི་ཕྱག་རྒྱའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནི་སྔར་བཤད་པ་ཁོ་ནས་དམ་ཚིག་གི་ཕྱག་རྒྱར་གཟུང་བར་བྱ་སྟེ། ལས་ཀྱི་ཕྱག་རྒྱ
་རྣམས་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པར་ཤེས་པར་བྱའོ། །ད་ནི་བསྡུས་པའི་དཀྱིལ་འཁོར་གྱི་ལས་ཆོགས་ཀྱི་ཕྱག་རྒྱའི་རྒྱུད་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ཀྱེ་ཞེས་བྱ་བ་ནི་དེ་བཞིན་གཤེགས
་པ་ཐམས་ཅད་ལ་བོང་པའོ། །ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་དམ་པ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྣ་ཚོགས་ཀྱི་སྐུ་ཏེ། དེའི་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་བྱ
་བའི་སྒྲ་ནི་དག་ཉེ་བར་དགོད་པ་ལའོ། །དང་པོ་ནི་ཐོག་མ་ཉིད་དུའོ། །རེ་ཞིག་གི་སྒྲ་ནི་རིམ་པ་ལ་བལྟོས་པའོ། །དང་པོའི་དངོས་གྲུབ་རྣམས་ཀྱི་ཕྱག་རྒྱ་ནི་དང་པོའི་དངོས་གྲུབ་ཀྱི་ཕྱག་རྒྱ་སྟེ། དེ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི
་སྟོང་འགྱུར་དུ་འགྱུར་བ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་དམ་ཚིག་གི་ཕྱག་མཚན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་རྡོ་རྗེ་དང། རྡོ་རྗེ་ཁྱབ་འཇུག་མ་དང། རྡོ་རྗེ་འཛིན་མ་དང། རྡོ་རྗེ་པདྨའི་མིང་ཅན་དང། རྡོ་རྗེ་རིན་པོ་ཆེའི་དམ་ཚིག་ཕྱག་རྒྱ་དང། རྡོ
་རྗེ་མྱུ་གུའི་མིང་ཅན་གྱི་ཇི་ལྟ་བ་བཞིན་དུ་བཤད་པའི་དམ་ཚིག་ཕྱག་མཚན་རྣམས་སོ། །ཇི་ལྟ་བ་བཞིན་གྱི་དམ་ཚིག་གི་ཕྱག་མཚན་དེ་རྣམས་ཀྱི་ལག་པ་གཡས་པ་དང། གཡོན་པའི་བྱེད་པར་གྱུར་པ་དེ་དག་གིས་རྡོ་རྗེ་ཆེན་པོ་རབ་ཏུ་སྦྱོར་བ་ནི་རྗེས་སུ་ཆགS
་པ་ལ་སོགས་པ་བསྒོམ་པ་སྟེ། ངེས་ངེས་པར་སྦྱོར་བའི་ཚུལ་སྦྱིན་པས་ཏེ། དེ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཐཾས་ཅད་ཀྱི་ལས་ཐཾས་ཅད་ཀྱི་དངོས་གྲུབ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟོང་འགྱུར་དུ་འགྱུར་རོ། །འདི་ལྟར་བཤད་པར་འགྱུར
་ཏེ། དང་པོ་ཡི་རྡོ་རྗེ་བཅིངས་ནས་གཉིས་སུ་བྱས་ལ་ལག་པ་གཡས་པའི་དང་པོའི་རྡོ་རྗེ་བཞིན་འཛུམ་ཞིང་རྡོ་རྗེའི་ལྟ་བས་རྗེས་སུ་ཆགས་པར་བྱའོ། །འབར་བའི་ལྟ་བས་དགུག་པར་བྱའོ། །བརྟན་པའི་ལྟ་བས་ཐམས་ཅད་བཅིང་བའོ། །རྡོ་རྗེ་ལྟ་བས་ཐམས་ཅད་དབང་དུ་བྱེད་པའོ། །ལག་པ
་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་རང་གི་རྟགས་ལས་གཟུང་བར་བྱ་སྟེ། དེ་ལྟར་ན་བདེ་བ་ཐམས་ཅད་འཕེལ་བར་འགྱུར་རོ། །རང་གི་སྙིང་གར་གཟུང་བར་བྱས་ན་ཡིད་བདེ་བ་ཐམས་ཅད་འཕེལ་བར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་གཟུང་བར
་བྱས་ན། ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་བར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་ཀྱི་དབུས་མའི་རྡོ་རྗེ་རང་གི་སྙིང་གར་བཞག་ལ། དེའི་འོག་ཏུ་རང་གི་སྙིང་གར་གཟུང་ཞིང་བཏུང་བར་བྱས་ན་ཚེ་རིང་བ་ཐམས་ཅད
་འཕེལ་བར་འགྱུར་རོ། །རང་གི་རྟགས་སུ་བཞག་ནས་རང་གི་ཁར་གཟུང་ཞིང་བཏུང་བར་བྱས་ན་ན་ཚོད་འཕེལ་བར་འགྱུར་རོ། །རང་གི་སྙིང་གར་གཟུང་ཞིང་བཏུང་བར་བྱས་ན་གཟུགས་འཕེལ་བར་འགྱུར་རོ། །དབང་བསྐུར་བའི་གནས?་སུ་བཞག་ལ་དེའི་རྗེས་
་འཁར་གཟུང་ཞིང་འཐུངས་ན་གཟི་བརྗིད་འཕེལ་བར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱས་ན་དཔལ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཀྱི་སོར་མོ་དབུས་མ་བསྒྲེང་བ་གཟུང་བར་བྱས་ན་སྒྲ་སྙན་པ་ཆེན་པོ
་འཕེལ་བར་འགྱུར་རོ། །དེ་ཉིད་མཐེའུ་ཆུང་བསྒྲེང་བས་གཟུང་ན་གྲགས་པ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཀྱིས་དཔུང་པར་བསྟོད་པའི་ཚུལ་བྱས་ཏེ་སྟོབས་ཆེན་པོ་འགྲུབ་པོ། །རང་གི་སྙིང་ཁར་བསྟོད་པར་བྱས་ན་ཡེ་ཤེས་ཆེན་པོ་འགྲུབ་པོ། །སྤྱི་བོར་བསྟོད་པར
་བྱས་ན་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ནམ་མཁའ་ཨི་དངོས་པོ་ཐམས་ཅད་སྐྱེད་པའི་ཚུལ་བྱས་ན། རྫུ་འཕྲུལ་ཐམས་ཅད་མཐོང་བར་འགྱུར་རོ། །མཛུབ་མོ་དང་སྲིན་ལག་གིས་འབར་བའི་ཚུལ་དུ་བྱས་ན་ཆོ་འཕྲུལ་ཐམས་ཅད་སྟོན་པའོ། །དེ་ཉིད
་བཅིངས་ནས་རང་གི་སྙིང་ཁར་དགའ་བ་བསྐྱེད་པའི་ཚུལ་བྱས་ནས་འཛིན་ན་རྨད་དུ་བྱུང་བ་ཐམས་ཅད་སྟོན་པའོ། །དེ་ཉིད་བཅིངས་ནས་རང་གི་ལུས་ལ་བསྐོར་བ་བྱས་ན་རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་ཉིད་ཐམས་ཅད་དུ་བསྐོར་ནས
་མིག་ཏུ་གཟུང་བར་བྱས་ན་བདེན་པ་ཐམས་ཅད་མཐོང་བའོ། །དེ་བཞིན་དུ་བསྐོར་ནས་རྣ་བ་གཉིས་སུ་འཛིན་ན་བདེན་པ་ཐམས་ཅད་ཐོས་པའོ། །དེ་བཞིན་དུ་བསྐོར་ནས་ལྕེར་གཟུང་བར་བྱས་ན་ཐམས་ཅད་སྨྲ་བའོ། །དེ་བཞིན་དུ་བསྐོར་ནས་རང་གི
་ལུས་ལ་འཛིན་ན་ཐམས་ཅད་ལུས་ཀྱིས་འཁྱུད་པའོ། །དེ་ཉིད་བཅིངས་ནས་སོར་མ་དབུས་མས་མིག་ལ་རེག་ན་བདེ་བའི་མཆོག་ཐམས་ཅད་མཐོང་བའོ། །བཀའ་སྩོལ་བའི་ཚུལ་བྱས་ན་བཀའ་བསྒོ་བ་ཐམས་ཅད་སྟོན་པའོ། །བཀའ་སྩོལ
་བའི་ལམ་སྟོན་པའི་ཚུལ་བྱས་ན་བཀའ་སྩོལ་བ་ཐམས་ཅད་ཀྱི་ལན་སྟོན་པའོ། །དེ་ཉིད་དབུས་མའི་རྡོ་རྗེ་གཏེར་འདོན་པའི་ཚུལ་གྱིས་མཛེས་སྤུའི་ཕྱོགས་སུ་འཛིན་ན་གཏེར་ཐམས་ཅད་འཛིན་པའོ། །ནོར་དགུག་པའི་ཚུལ་དུ་གཟུང་བར་བྱས་ན་ནོར
་ཐམས་ཅད་འཕྲོག་པའོ། །རྒྱལ་སྲིད་ཐོབ་པའི་ཚུལ་བཟུང་ན། རྒྱལ་སྲིད་ཐམས་ཅད་ཐོབ་པའོ། །སྐྱེ་བོའི་ཆོ་གས་ཐམས་ཅད་ལ་རག་ལས་པར་བྱ་བའི་བསམ་པས་བཞག་ན་གྲོང་ཁྱེར་སྤྲུལ་པའོ། །ནགས་ཚལ་དང་ཆུ་བོ་སྤྲུལ་པར་བསམ་པས་བཞག་ན་ནགས་དང་ཆུ་བོ
་སྤྲུལ་པར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་ཉིད་ཀྱིས་དབུས་མའི་རྡོ་རྗེ་ཐམས་ཅད་བསྐོར་བར་བྱས་ན་ལྷའི་ཡུལ་སྤྲུལ་པར་འགྱུར་རོ། །དཀོན་མཆོག་གསུམ་སྤྲུལ་པའི་བསམ་པས་ཐམས་ཅད་དུ་བསྐོར་བ་བྱས་ན་ལྷའི་རིན་པོ་ཆེ་སྤྲུལ་པར་འགྱུར་རོ། །ལྷའི
་གྲོགས་དང་བྲན་སྤྲུལ་པའི་བསམ་པས་བསྐོར་བ་བྱས་ཏེ། དེ་ལྟར་ན་དེ་སྤྲུལ་པར་འགྱུར་རོ། །ལྷ་ཡུལ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་བསམ་པས་ཐམས་ཅད་དུ་བསྐོར་བ་བྱས་ཏེ། དེ་ལྟར་ན་ལྷའི་ཡུལ་ལ་སོགས་པ་ཐམས་ཅད
་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་རོ། །མཚུངས་པ་མེད་པའི་ལྟ་བས་ལྟ་ཞིང་དེ་ཉིད་ཀྱི་དབུས་མའི་རྡོ་རྗེ་བལྟ་བས་བལྟ་བཞིན་དུ་འདོད་པའི་འབྲུ་སྨིན་པར་བསྐྱེད་པའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་སྐད་ཅིག་མས་སའི་སྟེང་ཐམས་ཅད་ནས་འབྲུ་སྨིན་པ་ལ་སོགས
་བ་སྐྱེ་བར་འགྱུར་རོ། །ཁྲོ་བོའི་བལྟ་བས་ཆུ་མེད་པའི་ཕྱོགས་སུ་ཆུ་བསྐྱེད་པའི་ཚུལ་གྱིས་ཆུའི་ཕུང་པོ་ཆེན་པོ་འབྱུང་བ་ཡིན་ནོ། །འབར་བའི་ལྟ་བས་མུན་པ་ཆེན་པོ་བསྐྱེད་པར་འགྱུར་རོ། །དེ་ཉིད་དབུས་མའི་རྡོ་རྗེ་མྱང་པའི་ཚུལ་དུ་བྱས་ནས་དངོས་པོ་ཐམས་ཅད
་ཟ?་བའོ། །བཏུང་བའི་ཚུལ་དུ་བྱས་ན་ཐམས་ཅད་བཏུང་བའོ། །རོལ་ཏུ་བཅུག་པའི་ཚུལ་བསྟན་ཞིང་བསྐྱེད་པ་བསྐྱོད་པར་བྱས་ནས་ཐམས་ཅད་རོལ་ཏུ་བཅུག་པའོ། །སྤྱི་བོས་བཀའ་བསྒོ་བའི་ཚུལ་དུ་བྱས་ན་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །གཡས་པའི་དང
་པོའི་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲ་བས་ཐམས་ཅད་དུ་བསྐོར་བར་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བའོ། །རྡོ་རྗེ་འཆང་ཐམས་ཅད
་དྲན་པས་རྡོ་རྗེ་འཆང་ཐམས་ཅད་མཐོང་བའོ། །རྡོ་རྗེ་རྗེས་སུ་དྲན་པས་རྡོ་རྗེ་མཐོང་བར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་ཀྱིས་མཐེའུ་ཆུང་དང་མཐེ་བོང་དང། དབུས་མའི་རྡོ་རྗེ་ཡང་དག་པར་སྦྱར་ལ་སྙིང་གར་གཟུང་ན་བདག
་ཉིད་ཀྱི་ལུས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པ་གྲུབ་པར་འགྱུར་རོ། །མི་སྣང་བའི་བསམ་པས་མི་སྣང་བ་གྲུབ་པའོ། །ནམ་མཁའ་འགྲོ་བའི་བསམ་པས་ནམ་མཁར་འགྲོ་བར་འགྱུར་ཏེ། ཤིན་ཏུ་ཕྲ་བ་དང་རགས་པ་དུ་མ་ལ་རབ་ཏུ་འཇུག་པ་སྟོན
་བར་འགྱུར་རོ། །དེ་ཉིད་བཅིངས་ནས་མཛུབ་མོ་བསྒྲེང་སྟེ། འོག་ཏུ་ལྟུང་བའི་ཚུལ་དུ་ཡི་གེ་ཧཱུཾ་གིས་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་འཇུག་པར་འགྱུར་རོ། །དབང་དུ་བྱ་བའི་བསམ་པས་སྡིགས་མཛུབ
་བྱས་ཏེ། དེ་ལྟར་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་དབང་དུ་བྱས་པའོ། །བཅིངས་པའི་ཚུལ་གྱིས་སྡིགས་མཛུབ་བྱས་ན་འཆིང་བའོ། །ལས་ཐམས་ཅད་ངེས་པར་སྦྱོར་བའི་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་འཇིག་རྟེན་གསུམ་གྱི་བདག
་པོ་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །དེ་ཉིད་བཅིངས་ནས་དེའི་དབུས་མའི་རྡོ་རྗེ་ཕྲལ་བ་ཕྱེད་མིག་གི་ཚུལ་དུ་བྱས་ན་ལྷ་ཐམས་ཅད་གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་དང། ལས་ཐམས་ཅད་ལ་སྦྱོར་བར་འགྱུར་རོ། །དེ་ཉིད་བཅིངས་ནས་རང
་གི་སྙིང་གར་བཞག་ལ་གཡོ་ཞིང་བཙུམ་པའི་བལྟ་བས་འོག་ཏུ་ལྟ་ཞིང། ཡི་གེ་ཧ་བཟླས་ན་ཀླུ་ཐམས་ཅད་འབྱིན་པའོ། །ཡི་གེ་ཧཱུཾ་གིས་ཀླུ་ཐམས་ཅད་འདུལ་བའོ། །ཡི་གེ་ཧོ་ཡིས་ཀླུ་ཐམས་ཅད་དབང་དུ་བྱེད་པའོ། །སྡིག་ཅེས་བྱ་བ་བཟླས་བར་བྱ་སྟེ།
་དེ་ལྟར་ན་ཀླུ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །ས་ལ་གནོད་སྦྱིན་ལ་སོགས་པའི་གདོང་བྲིས་ལ་ལག་པ་གཡས་པའི་དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེ་གཡོ་ཞིང་བཙུམ་པའི་བལྟ་བས་བལྟ་ཞིང་གནོད་སྦྱིན
་?་ལ་སོགས་པ། དགུག་པའི་ཚུལ་བྱས་ཏེ་དེ་ལྟར་ན་དེ་དག་འགུགས་པར་འགྱུར་རོ། །དབང་དུ་བྱ་བའི་ཚུལ་དུ་བྱས་ན་དབང་དུ་བྱེད་པའོ། །འཆིང་བའི་ཆུལ་དུ་བྱས་ན་འཆིང་བའོ། །ལས་ཐམས་ཅད་ལ་སྦྱར་བའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་ལས་ཐམས
་ཅད་ལ་སྤྱོར་བར་འགྱུར་ཏེ། དེ་ཐམས་ཅད་དུ་དབུས་མའི་རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་ཁར་བཞག་ནས་ཞེས་ཤེས་པར་བྱའོ། །ལག་པ་གཡས་པའི་དབུས་མའི་རྡོ་རྗེ་ས་ལ་བཞག་ན་དཀྱིལ་འཁོར་བརྟག་པའོ། །རང་གི་ཁར་བཞག་ན་དཀྱིལ་འཁོར
་དུ་ཞུགས་པར་འགྱུར་རོ། །ཕྱག་བྱས་ན་མཆོད་པར་འགྱུར་རོ། །རང་གི་སྙིང་གར་བཞག་ན་དཀྱིལ་འཁོར་གྲུབ་པར་འགྱུར་རོ། །ལག་པ་གཡས་པའི་དང་པོའི་རྡོ་རྗེ་དེ་ཉིད་བཅིངས་ནས་མྱུར་དུ་རང་གི་སྙིང་གར་བྲལ་བར་བྱས་ན་ཕྱག་རྒྱ་ཐམས་ཅད་དགུག་པ་དང།
་བཅིང་བ་དང། བརྟན་པར་བྱེད་པ་དང། ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཉིད་བཅིངས་ནས་ཡི་གེ་ཛ་ཡིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་དགུག་པའོ། །ཡི་གེ་ཧཱུཾ་གིས་གཞུག་པའོ། །ཡི་གེ་བ་གིས་བཅིང་བའོ། །ཡི་གེ་ཧོ
་ཡིས་དབང་དུ་བྱེད་པར་འགྱུར་རོ། །དེ་ཉིད་བཅིངས་ནས་དབུས་མའི་རྡོ་རྗེ་བཅིང་བར་བྱས་ལ་སྤྱི་བོར་གཟུང་བར་བྱས་ཏེ། དེ་ལྟར་ན་ལས་ཐམས་ཅད་རབ་ཏུ་སྒྲུབ་པའོ། །རང་གི་སྙིང་གར་གཟུང་བར་བྱས་ན་ལས་ཐམས་ཅད་རྣམ་པར་འཇིག་པར་མི་འགྱུར་རོ།།
་རང་གི་སྙིང་གར་གཟུང་བར་བྱས་ན། ལས་ཐམས་ཅད་བརྟན་པར་བྱེད་པའོ། །ཕྱོགས་ཐམས་ཅད་དུ་བསྐོར་བ་བྱས་ཏེ། དེ་ལྟར་ན་སྒྲ་སྙན་པ་ཐམས་ཅད་རབ་ཏུ་གསལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་རང་གི་སྙིང་གར་བཞག་ལ་བདག་ཉིད་རྡོ
་རྗེའི་རང་བཞིན་ཅན་དུ་བསྒོམ་པར་བྱས་ཏེ། དེ་ལྟར་ན་རྡོ་རྗེ་ཐམས་ཅད་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པར་འགྱུར་རོ། །བདག་ཉིད་བྱང་ཆུབ་སེམས་དཔར་བསྒོམ་པར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐམས་ཅད
་དཀུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པར་འགྱུར་རོ། །བདག་ཉིད་དེ་བཞིན་གཤེགས་པར་བསྒོམ་པར་བྱ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང
་དུ་བྱེད་པར་འགྱུར་རོ། །བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་འཆང་ཆེན་པོ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པར་འགྱུར་རོ། །དེ་ལྟར་ལག་པ་གཡས་པའི་དང་པོའི་རྡོ་རྗེས་ལས་རྒྱ་བསྒྲུབ་པ་ཡིན་ནོ།།
་ཇི་ལྟར་ལག་པ་གཡས་རྡོ་རྗེས་ལས་རྒྱ་སྒྲུབ་པར་འགྱུར་བ་དེ་བཞིན་དུ་ལག་པ་གཡོན་པའི་དང་པོའི་རྡོ་རྗེས་ཀྱང། འདས་མ་ཐག་ཏུ་བཤད་པའི་ལས་བརྒྱ་དེ་ཉིད་སྒྲུབ་པ་ཡིན་ཏེ། དེ་ལྟར་ན་ལས་བརྒྱ་ཕྲག་གཉིས་སུ་འགྱུར་རོ། །ལས་ཉིས་བརྒྱ
་པོ་འདི་དག་དཔལ་རྡོ་རྗེ་སེམས་དཔའ་ཨི། ཨོཾ་ཨཱ(རྒྱུད་འགྲེལ་བྱས་ལ། རྡོ་རྗེ་ཁྱག་འཇུག་མ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། གཉིས་སུ་བྱས་ཏེ་ལག་པ་གཡས་པའི་རྡོ་རྗེ་ཁྱབ་འཇུག་གི་ཕྱག་རྒྱས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལས་བརྒྱ
་ཡི་སྙིང་པོ་ཡི་སྔགས་འདི་སྒྲུབ་པར་བྱ་སྟེ། ཨོཾ་བཛྲ་རཱ་ནཱ་ཡཱ་ཚིནདྷ་བིནདྷ་ཨ་པྲ་ཏི་ཧ་ཏ་བཛྲ་ཙིཀྵ?་ན་ཧོ་བྷ་ག་ཀཱན་བཛྲ་ཏ་ཐཱ་ག་ཏ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་པས་རྡོ་རྗེ་ཁྱབ་འཇུག་བཅིངས་ལ་ནད་བཙིར་བས་ནད་འཇིག་པར་འགྱུར་རོ། །རང་གི་མིག་ཡོངས་སུ་སྦྱངས་པས་མྱ་ངན་འཇིག་པའོ། །རང་གི་སྙིང་གར་བཞག་པར་བྱས་ན་ཡིད་མི་བདེ་བ་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ནད་པའི་ལུས་ལ་བྱབ
་པར་བྱས་ན་ནད་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ཀུན་ཏུ་བསྐོར་ཞིང་ཟས་ལ་མངོན་པར་བསྔགས་ན་སྦྱར་དུག་ཟོས་པ་འཇིགས་པའོ། །དེ་ཉིད་ཀྱི་གྱུར་གྱི་མངོན་དུ་ཕྱོགས་པར་ཁྲོས་ནས་དོར་བར་བྱས་ན་བྱུར་འཇིག་པའོ། །དེ་ཉིད་ཀྱིས་ཕུར་བུ་བླངས་ཏེ། ཡིད
་ཀྱིས་འདོན་པར་བྱས་ཏེ། དེ་ལྟར་ན་བྱད་འཇིག་པའོ། །དེ་ཉིད་ཀྱིས་རྟིང་པས་བརྡེག་པའི་ཚུལ་བྱས་ན་རོ་ལངས་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་ཡི་གེ་ཨོཾ་བྲིས་ཏེ་ཕྱིས་ན་སྔགས་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཀྱིས་སོ་རྣམས་ཀྱིས་གཟུང
་བར་བྱས་ན་སྨན་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཁྲོ་བ་དང་བཅས་པས་བགེགས་ལ་བསྣུན་པར་བྱས་ན་བགེགས་ཐམས་ཅད་འཇིག་བའོ། །དེ་ཉིད་ཀྱིས་ལོག་འདྲེན་གྱི་སྟེང་དུ་འཁོར་ལོ་དག་དབབ་པར་བྱས་ན་ལོག་འདྲེན་ཐམས་ཅད་འཇིག་པའོ།།
་དེ་ཉིད་ཀྱིས་རལ་གྲི་བྲིས་ནས་ཕྱིས་ན་སྡིག་པ་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཀྱིས་སྦྱིན་སྲེག་གི་ཚུལ་དུ་བྱས་ཏེ། རྨི་ལམ་ངན་པ་ཐམས་ཅད་འཇིག་པའོ། །དེ་ཉིད་ཀྱིས་དུར་བའི་སྦྱིན་སྲེག་བྱས་ན། དུས་མ་ཡིན་པའི་འཆི་བའི་ཇག?་པའོ། །དེ་ཉིད་ཀྱིས་རིམས
་ཀྱིས་གཟུང་བ་ལ་བྱམས་པའི་ལྟ་བས་བྱབས་ན་རིམས་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཀྱིས་གདོན་གྱིས་བཟུང་བའི་སྐྲ་ལས་གཟུང་བས་བསྐྱོད་ན་གདོན་ཐམས་ཅད་རྣམ་པར་འཇིག་པའོ། །དེ་ཉིད་ཀྱིས་སྟེང་དུ་ཁ་ཊཝཱཾ་ག་འཛིན་པའི་ཚུལ་དུ
་བྱས་ན་ནམ་མཁའ་ལ་འགྲོ་བ་ཐམས་ཅད་འཇིག་པའོ། །དེ་ཉིད་རང་གི་ཁྱིམ་དུ་བསྐོར་པར་བྱ་སྟེ། དེ་ལྟར་ན་ཡམས་ཐམས་ཅད་འཇིག་པའོ། །དེ་ཉིད་རང་གི་ཁྱིམ་དུ་བཞག་པར་བྱས་ན་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་འཇིག་པའོ། །དེ་ཉིད་ཁྱིམ་དུ་རབ
་ཏུ་གཞུག་པར་བྱས་ན་ལྟས་ངན་འཇིག་པའོ། །དེ་ཉིད་སྙིང་གའི་ཕྱོགས་སུ་ལས་བཏོན་ན་གནོད་པ་འཇིག་པའོ། །དེ་ཉིད་ལུས་ལ་བསྐོར་བ་བྱས་ན་ལུས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་འཇིག་པའོ། །དེ་ཉིད་ཀྱིས་དེ་དག་འབྱིན་པའི་ཚུལ་བྱས་ན་དག་གི
་སྡུག་བསྔལ་ཐམས་ཅད་རབ་ཏུ་འཇིག་པའོ། །དེ་ཉིད་སྙིང་གའི་ཕྱོགས་སུ་བསྡམ་པར་བྱས་ཏེ། དེ་ལྟར་ན་སེམས་ཀྱི་སྡུག་བསྔལ་འཇིག་པར་འགྱུར་རོ། །དེ་ཉིད་རང་གི་སྙིང་གར་བསྟན་པར་བྱས་ཏེ། དེ་ལྟར་ན་ཚེ་ཆེན་པོ་འཕེལ་བར
་འགྱུར་རོ། །དེ་ཉིད་དབང་པོ་ཐམས་ཅད་ལ་བཞག་པར་བྱས་ཏེ། དེ་ལྟར་ན་ན་ཚོད་ཆེན་པོ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ཉིད་ཁར་བསྐོར་བར་བྱས་ན་མདངས་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་དཔྲལ་བར་བཞག་ན་གཟི་བརྗིད་ཆེན་པོ་འཕེལ་བར
་འགྱུར་རོ། །དེ་ཉིད་སྙིང་གར་བཞག་པར་བྱ་སྟེ་དེ་ལྟར་ན་གཟི་བརྗིད་འཕེལ་བར་འགྱུར་རོ། །དེ་ཉིད་ཕྲག་པ་གཉིས་ལ་བཞག་པར་བྱས་ན། སྟོབས་འཕེལ་བར་འགྱུར་རོ། །དེ་ཉིད་འོག་ཏུ་བཞག་པར་བྱས་ན་སྤྲོ་བ་འཕེལ་བར་འགྱུར་རོ། །དེ་ཉིད་ཀྱིས་ཕྲེང
་བ་འཆིང་བའི་ཚུལ་བྱས་ན་བརྩོན་འགྲུས་འཕེལ་བར་འགྱུར་རོ། །དེ་ཉིད་དབང་པོ་ཐམས་ཅད་ལ་བཞག་པར་བྱས་ན་དཔལ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་སྤྱི་བོར་བཞག་པར་བྱས་ན་བསྐལ་པ་བཟང་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཁར
་བཞག་པར་བྱས་ན་བསོད་ནམས་གྲུབ་པར་འགྱུར་རོ། །དེ་ཉིད་ཁ་ལས་གདོན་པར་བྱས་ན་མིང་འཕེལ་བར་འགྱུར་རོ། །དེ་ཉིད་ཐམས་ཅད་དུ་བསྐོར་བ་བྱས་ན་སྒྲ་སྙོན་པར་འགྱུར་རོ། །དེ་ཉིད་ཕྱོགས་ཐམས་ཅད་དུ་བསྐོར་བར་བྱས་ན་གྲགས་པ་འཕེལ་?་འགྱུར་རོ
་དེ་ཉིད་བཅིངས་ནས་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་བསྒོམ་པར་བྱས་ན་དྲན་པ་འཕེལ་བར་འགྱུར་རོ། །དེ་ཉིད་སྙིང་ལས་འབྱིན་པའི་ཚུལ་བྱས་ན་བློ་གྲོས་འཕེལ་བར་འགྱུར་རོ། །དེ་ཉིད་སྙིང་ཁར་བཞག་ནས་དགའ་བ་བསྐྱེད་པར་བྱས་ན་བརྟན་པ
་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་སངས་རྒྱས་ཐམས་ཅད་བསྒོམས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན
་འཕེལ་བར་འགྱུར་རོ། །དེ་ཉིད་ཕུང་པོ་ལྔ་རྣམས་ལ་བཞག་པར་བྱས་ན་ཚོགས་འཕེལ་བར་འགྱུར་རོ། །དེ་ཉིད་ལྕེར་བཞག་པར་བྱས་ན་དེ་བཞིན་གཤེགས་པའི་གསུང་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་ཡིད་ཀྱིས་དེ་བཞིན་གཤེགས་པ་ཐམས
་ཅད་ལ་ཕྱག་འཚལ་བར་བྱ་སྟེ། དེ་ལྟར་ན་ཡིད་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ཉིད་བཅིངས་ནས་གཏོང་བ་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ
་པར་བྱས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པར་བྱས་ཏེ། དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་བརྩོན་འགྲུས་ཀྱི
་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱས་ཏེ། དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱས་ཏེ། དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་བའོ།།
་དེ་ཉིད་བཅིངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ
་བའོ། དེ་ཉིད་བཅིངས་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ
་དེ་ཉིད་བཅིངས་ནས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་མདུན་དུ་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་གྲུབ་པའོ། །དེ་ཉིད་བཅིངས་ནས་གཟུངས་ལ་སོགས་
་པ་མངོན་པར་བརྗོད་པས་ངེས་པར་བསྒོམ་པར་བྱ་སྟེ། དེ་ལྟར་ན་གཟུངས་གྲུབ་པའོ། །དེ་ཉིད་བཅིངས་ནས་སངས་རྒྱས་ཀྱིས་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་དག་གྲུབ་པའོ། །དེ་ཉིད་བཅིངས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ
་བསྒྲོམ་པར་བྱ་སྟེ། དེ་ལྟར་ན་དེ་གྲུབ་པའོ། །དེ་ཉིད་བཅིངས་ནས་སོ་སོ་ཡང་དག་པར་རིག་པ་བཞི་བསྒོམ་པར་བྱ་སྟེ། དེ་ལྟར་ན་སོ་སོ་ཡང་དག་པར་རིག་པ་གྲུབ་པའོ། །དེ་ཉིད་བཅིངས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར
་བྱ་སྟེ། དེ་ལྟར་དེ་དག་གྲུབ་པའོ། །དེ་ཉིད་བཅིངས་ནས་ཆོས་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཆོས་གྲུབ་པའོ། །དེ་ཉིད་བཅིངས་ནས་ལམ་བསྒོམས་པས་དེ་གྲུབ་པའོ། །དེ་ཉིད་བཅིངས་ནས་སེམས་ཅན་གྱི་དོན་བསྒོམས་ལ་སེམས་ཅན་གྱི་དོན་གྲུབ་པའོ
་དེ་མེད་བཅིངས་ནས་སངས་རྒྱས་ཀྱི་དོན་བསྒོམས་པས་སངས་རྒྱས་ཀྱི་དོན་གྲུབ་པའོ། །དེ་ཉིད་བཅིངས་ནས་དེ་བཞིན་གཤེགས་པའི་སྐུ་སྒོམས་པས་ལུས་གྲུབ་པའོ། །དེ་ཉིད་བཅིངས་ནས་གསུང་བསྒོམས་པས་དག་གྲུབ་པའོ། །དེ་ཉིད་བཅིངས་ནས
་སེམས་དཔའ་ཨི་རྡོ་རྗེ་བསྒོམ་པར་བྱ་སྟེ་དེ་ལྟར་ཡིད་གྲུབ་པའོ། །དེ་ཉིད་བཅིངས་ནས་བདག་ཉིད་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་ཆེན་པོ་གྲུབ་པ་ཡིན་ནོ། །དེ་ཉིད་བཅིངས་ནས་ཨོཾ་བོ་ཧཱི་ཚིད་ཏྲ་བཛྲ་ཞེས་བཟླ་བར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་ཆེན་པོའི
་སེམས་སྐྱེ་བ་གྲུབ་པར་འགྱུར་རོ། །ོཾ་ས་མཎྜ་བྷ་ཊ་ཙ་ཏྱེ་ཞེས་བཟླ་བར་བྱ་སྟེ། དེ་ལྟར་ན་ཀུན་ཏུ་བཟང་པོའོ། །སྤྱོད་པ་སྣ་ཚོགས་རྫོགས་པའོ། །ོཾ་ཚིནྟམ་ནི་ཞེས་བཟླས་པར་བྱ་སྟེ། དེ་ལྟར་ན་སེམས་ཅན་གྱི་དོན་གྲུབ་པའོ། །ོཾ་ཨ་ནི་དུ་དྷ་ནི་ཞེས
་བཟླས་པར་བྱ་སྟེ། དེ་ལྟར་ན་ལྷུམས་སུ་འཇུག་པ་བསྒྲུབ་པའོ། །ོཾ་ཛ་ཏི་བི་བར་ཏེ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་བལྟམས་པའི་ས་སྟོན་པའོ། །ོཾ་སརྦ་བིག་ཛྙ་ནེ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་གཞོན་ནུ་རོལ་པ་སྒྲུབ་པའོ། །ོཾ་མཧཱ་བི་ར
་ག་དྷརྨ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་མངོན་པར་འབྱུང་བ་བསྒྲུབ་པའོ། །ོཾ་བརྱ་བཀ་ཙོ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་དཀའ་ཐུབ་ཀྱི་སྤྱོད་པ་གྲུབ་པའོ། །ོཾ་སདྷ་ན་ག་མི་ནི་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་ཆེན་པོའི་སྙིང་པོ་ལ་འདུག
་པ་སྒྲུབ་པའོ། །ོཾ་བཛྲ་དྲི་བྷ་ཙི་?་དྷི་ཧཱུཾ་ཞེས་བཟླ་བར་བྱ་སྟེ། དེ་ལྟར་ན་བདུད་འདུལ་བའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་མངོན་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའོ། །ོཾ་སྭ་བྷ་བ་ཤུདྡྷོ་དྷརྨ་ཏེ་ཛྙ་ན་བི་ཤུདྡྷེ་ཞེས་བྱ་བ་བཟླ་བར་བྱ་སྟེ
་དེ་ལྟར་ན་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །ོཾ་ཀརྨ་བ་ཤུདྷ་ན་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་མུ་སྟེགས་ཅན་ཐམས་ཅད་ཚར་གཅོད་པའོ། །ཧཱུཾ་ནི་སུམ་བྷཱ་བཛྲེ་ནི་ཕཊ་ཅེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་འཇིག་རྟེན་གསུམ་ཐམས་ཅད་ལས་རྣམ
་པར་རྒྱལ་བར་འགྱུར་རོ། །ོཾ་ཀརྨ?་ར་གེ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་ལྷ་ལས་བབས་པ་སྒྲུབ་པའོ། །ོཾ་བཛྲེ་བཛྲེ་ནི་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་འདུས་པ་ཆེན་པོ་བྱིན་བརླབས་པའོ། །ོཾ་སརྦ་དྷརྨ་མི་ནི་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར
་ན?་དུག་ཐམས་ཅད་འདུལ་པ་གྲུབ་པའོ། །ོཾ་ཧེ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་འདུལ་བ་ལ་རབ་ཏུ་བཞག་པའོ། །ོཾ་ཨ་ཀ་རོ་མུ་ཁཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ངན་སོང་ཐམས་ཅད་ལས་བཏོན་པའོ། །ོཾ་པྲཛྙ་པ་ར་མི་ཏ་ཞེས་བྱ་བ་བཟླ་བར་བྱ་སྟེ།
་དེ་ལྟར་ན་མདོ་སྡེ་ཐམས་ཅད་སྟོན་པའོ། ། བཾ་ཧཱུཾ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་རྟོགས་པ་ཐམས་ཅད་བྱིན་གྱིས་བརླབས་པའོ། །ོཾ་ཨ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་དངོས་གྲུབ་ཐམས་ཅད་གསོལ་བའོ། །ོཾ་སརྦཱ་ཏ་ཐཱ་ག་ཏཱ་ཀ་ཡ་གྲ་ཞེས་བྱ
་བ་བཟླ་བར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སོ་སོར་ཐོབ་པའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བག་བྷི་ཤུདྡྷེ་ཞེས་བྱ་བ་བཟླ་བར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐོབ་བའོ། །ོཾ་སརྦ་ཏ་ཐཱ་ག་ཏེ་ཙིཏྟ་བཛྲེ་ཞེས་བྱ་བ
་བཟླ་བར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ་སོར་ཐོབ་པའི་རྣམ་པར་འཕྲུལ་པ་སྒྲུབ་པར་འགྱུར་རོ། །དེ་ལྟར་ལག་པ་གཡས་པའི་རྡོ་རྗེ་ཁྱབ་འཇུག་གི་ཕྱག་རྒྱ་ལས། ལས་བརྒྱ་སྒྲུབ་པ་ཡིན་ནོ། །ཇི་ལྟར་ལག་པ་གཡས
་པའི་རྡོ་རྗེ་ཁྱབ་འཇུག་གི་ལས་བརྒྱ་པོ་འདི་སྒྲུབ་པ་དེ་བཞིན་དུ་ལག་པ་གཡོན་པའི་རྡོ་རྗེ་ཁྱབ་འཇུག་གི་ཡང་འདས་མ་ཐག་པ་བཤད་པའི་ལས་བརྒྱ་པོ་འདི་དག་ཡིན་ཏེ། དེ་བཞིན་གཤེགས་པའི་ལས་བརྒྱ་གཉིས་པ་ཡིན་ནོ། །རྡོ་རྗེ་རྩེ་གསུམ་འཛིན
་པའི་རྡོ་རྗེ་གཏུམ་པའི་དབང་ཕྱུག་གི་གཟུགས་འཛིན་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྣལ་འབྱོར་བྱས་ལ་རྡོ་རྗེ་འཛིན་མ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་གཉིས་སུ་བྱས་ནས་ལག་པ་གཡས་པའི་རྡོ་རྗེ་འཛིན་བའི་ཕྱག་རྒྱས། ཧཱུཾ་བཛྲ་ཀྲོ་དྷ་ཡོ
་གི་ནཱི་ཤྭ་ར་མ་ཧཱ་བཛྲ་ཤུ་ལོ་གྲ་བ་ནེ་ཧོ་བ་ག་ཝན་བཛྲ་ཙཎྜ་ཤྭ་ཥ་ཨ(རྒྱུད་འགྲེལ་ཀེ་ཚེ་དང། ཏིལ་མར་ཚ་བའི་སྦྱིན་སྲེགས་བྱས་ཏེ། དེ་ལྟར་ན་ཐམས་ཅད་སྲེག་པར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་ཀྱིས་སྒྲུབ་པར་བྱ་བ་ལ་གཏང་བར་བྱ་སྟེ། དེ་ལྟར་ཐམས་ཅད་བསྐྲད་པར་འགྱུར་རོ། །དེ་ཉིད་ཀྱིས་བཅིངས་པའི་ཚུལ་དུ་བྱས
་ཏེ། དེ་ལྟར་ན་ཐམས་ཅད་སྨུགས་པའོ། །དེ་ཉིད་ཀྱིས་ཐམས་ཅད་རེངས་པའི་ཚུལ་དུ་བྱས་ན་ཐམས་ཅད་རེངས་པའོ། །དེ་ཉིད་བཅིངས་ནས་མིག་གཉིས་བཙུམ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཉིད་ལོག་ལོག་ཏུ་བཅུག་པའོ། །ཁྲོ་བོའི་བལྟ
་བས་བསྒྲུབ་བྱ་ལ་བལྟ་ཞིང་ཕྱག་རྒྱ་འདི་ཉིད་ཀྱིས་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་ཐམས་ཅད་ལ་རྒྱས་བཏབ་པའོ། །དེ་ཉིད་ཀྱིས་བཅིངས་ནས་གློང་པར་བྱས་ཏེ། དེ་ལྟར་ན་ཐམས་ཅད་རྨོངས་པའོ། །དེ་ཉིད་བཅིངས་ནས་སྡིགས་མཛུབ་ཀྱིས
་བསྒྲུབ་བྱ་དབྱེ་བའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་ཐམས་ཅད་སྨུགས་པའོ། །སྡིགས་མཛུབ་ཀྱིས་བསྐྱེད་པ་ལ་འཆིང་བའི་ཚུལ་བྱ་སྟེ། དེ་ལྟར་ན་ཐམས་ཅད་འཆིང་བའོ། །སྡིགས་མཛུབ་ཀྱིས་ལུ་གུ་རྒྱུད་འཆིང་བའི་ཚུལ་དུ་བྱས་ནས་དེ་བཅི་རི་བར་བྱ་སྟེ། དེ་ལྟར་ན
་ཐམས་ཅད་བཙིར་བའོ་སྡིགས་མཛུབ་ཀྱིས་ལུ་གུ་རྒྱུད་བཙིར་བར་བྱས་ལ་དེ་ཉིད་ཀྱིས་དྲལ་པའི་ཚུལ་དུ་བྱས་ན་ཐམས་ཅད་དྲལ་བའོ། །སྡིགས་མཛུབ་ཀྱིས་བསྒྲུབ་བྱ་ལ་བརྡེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ལ་བརྡེག་པའོ། །དེ་ཉིད་བཅིངས་ནས་སྡིགས་མཛུབ
་ཀྱིས་གྱེན་དུ་འབར་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་ཐམས་ཅད་འབར་བའོ། །དེ་ཉིད་ཀྱི་སྡིགས་མཛུབ་དང་ཡིད་ཀྱིས་སོར་མོ་དབུས་མ་བསྒྲེང་བ་བསྒྲུབ་བྱ་ལྟུང་བའི་ཚུལ་གྱིས་དབབ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ལྟུང་བའོ། །དེ་ཉིད་བཅིངས་ནས
་མཛུབ་མོ་འབར་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་འཚེད་པའོ། །དེ་ཉིད་བཅིངས་ནས་གཅོད་པའི་ཚུལ་དུ་དེ་ཉིད་སྦྱར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཅོད་པའོ། །དེ་ཉིད་བཅིངས་ནས་མཛུབ་མོ་བསྒྲུབ་བྱ་རྣམ་པར་དྲལ་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན
་ཐམས་ཅད་དྲལ་བའོ། །དེ་ཉིད་བསྒྲུབ་བྱ་ཕྱེ་མར་རློག་པའི་ཚུལ་རབ་ཏུ་སྦྱར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཕྱེ་མར་རློག་པའོ། །དེ་ཉིད་བཅིངས་ནས་སོར་མོ་ཐམས་ཅད་ཕྱོགས་བཅུར་དོར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དེར་བའོ། །དེ་ཉིད་མྱུར་དུ
་དགྲོལ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རྣམ་པར་འཇོམས་པའོ། །དེ་ཉིད་ཀྱིས་དྲང་ཞིང་གཡོ་བས་སྡིགས་མཛུབ་བྱ་སྟེ། དེ་ལྟར་ན་རིམས་ཐམས་ཅད་བསྐྱེད་པའོ། །དེ་ཉིད་བཅིངས་ནས་མཛུབ་མོ་གདེངས་ཀའི་རྣམ་པ་ཅན་དུ་བྱས་ལ། དེ་ཡིས་བསྒྲུབ
་བྱ་ལ་སྡིགས་མཛུབ་བྱ་སྟེ། དེ་ལྟར་ན་དུག་ལྡང་བའོ། །དེ་ཉིད་བཅིངས་ནས་མཛུབ་མོ་སོ་རྣམས་ཀྱིས་གཟུང་བར་བྱ་སྟེ། དེ་ལྟར་ན་བསྒྲུབ་བྱ་གདོན་གྱིས་འཛིན་དུ་གཞུག་པ་ཡིན་ནོ། །དེ་ཉིད་བཅིངས་ནས། སྨྱོ་བ་དང། རྒྱུག་པ་བསྟན་པར་བྱའོ། །དེ་ལྟར་ན
་ཐམས་ཅད་སྨྱོར་གཞུག་པའོ། །དེ་ཉིད་བཅིངས་ནས་མཛུབ་མོས་སེ་གོལ་རྟོག་པའི་སྒྲ་འབྱིན་བའི་ཚུལ་དུ་བྱ་ཞིང་བསྒྲུབ་བྱ་བཀུག་ལ་ཡིད་ཀྱི་རྟོག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོད་བར་འགྱུར་རོ། །དེ་ཉིད་བཅིངས་ནས་བསྒྲུབ་བྱ
་ཉེ་བར་འདུག་བའི་ཚུལ་དུ་སྦྱར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཉེ་བར་འདུག་པར་འགྱུར་རོ། །དེ་ཉིད་ས་ལ་རབ་ཏུ་བཞག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དགོད་བའོ། །དེ་ཉིད་སྐྱོང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཡོར་གཞུག་པའོ། །དེ
་ཉིད་བཅིངས་ནས་རང་གིས་གར་བྱས་ཏེ། དེ་ལྟར་ན་ཐམས་ཅད་གར་བྱེད་དུ་གཞུག་པའོ། །དེ་ཉིད་ཁ་ལ་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གླུ་ལེན་དུ་གཞུག་པའོ། །དེ་ཉིད་བརླབ་ཀྱི་ཚུལ་དུ་སྦྱར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད
་རྩེར་གཞུག་པའོ། །དེ་ཉིད་ཐམས་ཅད་དུ་བརླབ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རྩེད་འཇོ་བྱེད་དུ་གཞུག་པའོ། །དེ་ཉིད་བཅིངས་ནས་ཧ་ཧར་རྒོད་པར་བྱ་སྟེ། །དེ་ལྟར་ན་ཧ་ཧར་རྒོད་དུ་གཞུག་པའོ། །དེ་ཉིད་བསྐོར་བར་བྱ་སྟེ། དེ་ལྟར་ན་ཐམས
་ཅད་བསྐོར་དུ་གཞུག་པའོ། །དེ་ཉིད་བཀུག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དགུག་པའོ། །དེ་ཉིད་མདུན་དུ་ཚུར་དྲད་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཚུར་འདྲེན་པའོ། །དེ་ཉིད་མདུན་དུ་གཏང་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གཏད་པའོ།
་དེ་ཉིད་ཡོངས་སུ་བསྐོར་ནས་ནུབ་པའི་ཚུལ་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ནུབ་པའོ། །དེ་ཉིད་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གྱེན་དུ་འབྱུང་བའོ། །དེ་ཉིད་མྱུར་དུ་དོར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དོར་བའོ། །དེ་ཉིད་མྱུར
་དུ་བཏེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འདེགས་པའོ། །དེ་ཉིད་ཟུར་དུ་ཚུར་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཚུར་དྲང་བའོ། །དེ་ཉིད་བཅིངས་ནས་རང་གི་ང་རོ་བྱས་ཏེ། དེ་ལྟར་ན་ཐམས་ཅད་ང་རོ་འདོན་པ་ཡིན་ནོ། །དེ་ཉིད་བཅིངས་ནས
་རང་གིས་དུ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དུ་བའོ། །དེ་ཉིད་ཀྱིས་བདག་ཉིད་ལ་བརྡུང་པར་བྱ་སྟེ། དེ་ལྟར་ནི་ཐམས་ཅད་བརྡུད་བར་འགྱུར་རོ། །སྙིང་གར་བརྡེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །དེ་ཉིད་ཀྱིས་རང་གི་སྐྲ་འབལ་བར་བྱ་སྟེ
་དེ་ལྟར་ན་ཐམས་ཅད་ཀྱིས་སྐྲལ?་བའོ། །དེ་ཉིད་བཅིངས་ནས་བསྒྲུབ་བྱ་ཕན་ཚུན་རྣམ་པར་སྡང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རྣམ་པར་སྡད་བའོ། །དེ་ཉིད་ཀྱིས་རང་གི་གོས་བརྗེ་བར་བྱ་སྟེ། དེ་ལྟར་ན་གོས་བརྗེ་བར་འགྱུར་རོ། །དེ་ཉིད་ཀྱིས་གྱེན
་དུ་འབར་བ་བསྐྱེད་པའི་ཚུལ་གྱིས་ཁྲོ་བས་རབ་ཏུ་གཡོ་བ་མཛུབ་མོས་བྱས་ཏེ། དེ་ལྟར་ན་ཁྲོ་བ་འབར་བར་འགྱུར་རོ། །དེ་ཉིད་ཀྱི་མཛུབ་མོ་ཡི་ལྕགས་ཀྱུས་ཐམས་ཅད་དགུག་པའོ། །དེ་ཉིད་ཀྱིས་བསྒྲུབ་བྱ་གཞུག་པའི་ཚུལ་གྱིས་ཐམས་ཅད
་འཇུག་པའོ། །དེ་ཉིད་ཀྱིས་མཛུབ་མོ་དང་མཐེ་བོང་དག་གིས་སེ་གོལ་གཏོག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འབེབས་པའོ། །དེ་ཉིད་བཅིངས་ནས་དེ་བཞིན་དུ་སེ་གོལ་གཏོག་བའི་སྒྲས་ཕྲ་དབབ་པ་ཐམས་ཅད་སྒྲུབ་པའོ། །དེ་ཉིད་བཅིངས་ནས་མཛུབ
་མོ་ལྕེ་ལ་རེག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་སྨྲ་བའོ། །དེ་ཉིད་གཡས་སུ་འཁྱིལ་བའི་བ་སཱུ་སྟོན་པའི་ཚུལ་གྱིས་བསྐོར་བར་བྱ་སྟེ། དེ་ལྟར་ན་སྒྱུ་མ་ཐམས་ཅད་སྟོན་པའོ། །དེ་ཉིད་ཀྱི་ལྟུང་བ་སློད་པའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་ཐམས་ཅད་སོ་སོར
་སྟོན་པའོ། །དེ་ཉིད་བཅིངས་ནས་དུས་ཀྱི་འཁོར་ལོ་རབ་ཏུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་དུས་ཀྱི་འཁོར་ལོ་རབ་ཏུ་ཡོངས་སུ་བསྐོར་བའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་ཡིད་ཀྱིས་འདོད་པའི་ཤིང་དྲུང་རྣམས་ཀྱིས་འདབ་མ་དང་མེ་ཏོག་དང་འབྲས་བུ
་རྣམས་སྟོན་པའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་བལྟ་ཞིང་འབྲུ་ཐམས་ཅད་སྟོན་པར་བྱེད་པའོ། །དེ་ཉིད་བཅིངས་ནས་བྱམས་པའི་ལྟ་བས་རིམས་ལྡོག་པར་བྱེད་པའོ་དེ་ལྟར་བཅིངས་ནས་སྨིན་མ་བསྐྱོད་པའི་འཕྲོག་པ་དག་གིས་སྦྱར་བའི་དུག
་འཕྲོག་པར་བྱེད་པའོ། །དེ་ཉིད་བཅིངས་ནས་སོ་རྣམས་བསྟན་པར་བྱས་ཏེ། དེ་ལྟར་ན་གདོན་ཐམས་ཅད་ལས་གྲོལ་བའོ། །དེ་ཉིད་བཅིངས་ནས་ཡི་གེ་ཕུ་བརྗོད་པར་བྱ་སྟེ། དེ་ལྟར་ན་དུག་ཐམས་ཅད་ལྡོག་པའོ། །དེ་ཉིད་ཀྱིས་མཁའ་འགྲོ
་མ་རྣམས་ཀྱིས་གཟུང་བ་ལ་བརྡེག་པར་བྱ་སྟེ། དེ་ལྟར་ནམ་མཁའ་འགྲོ་མ་དང་གདོན་ཐམས་ཅད་ལས་གྲོལ་བའོ། །དེ་ཉིད་རྒྱལ་མཚན་བསྒྲེང་བའི་ཚུལ་གྱིས་སྟེང་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཐམས་ཅད་འབྱོན་པའོ། །དེ་ཉིད་བཅིངས
་ནས་ཁྲོ་བ་དང་བཅས་པའི་འཇིགས་བྱེད་ཀྱི་ལྟ་བས་གཞན་གྱི་དཔུང་ཐམས་ཅད་འཇོམས་པའི། །དེ་ཉིད་བཅིངས་ནས་བཙུམ་པ་མེད་པར་ལྟ་བས་མཚམས་བཅིངས་པའོ། །དེ་ཉིད་བཅིངས་ནས་རང་གི་སྙིང་ག་ལས་རྡོ་རྗེ་འབར་བའི་ཡིད་ཀྱིས་སྤྲོ་ནས
་ཕྱོགས་བཅིང་བར་བྱའོ། །དེ་ཉིད་བཅིངས་ནས་བསྐོར་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་བཅིང་བའོ། །དེ་ཉིད་བཅིངས་ནས་མཛུབ་མོ་བསྒྲེང་བ་བྱས་ནས་ཡོངས་སུ་བསྐོར་ལ་གཙུག་ཏོར་དུ་གཟུང་བར་བྱས་ན་ཤིན་ཏུ་བསྲུང་བའོ། །དེ་ཉིད་བཅིངས་ནས
་མཛུབ་མོ་བརྐྱང་བ་ལ་རང་གི་སྙིང་གར་གཟུང་བར་བྱས་སྟེ། དེ་ལྟར་ན་ཐམས་ཅད་དེ་ཉིད་བྱེད་པའོ། །ཕྱག་རྒྱ་དེ་ཉིད་རང་གི་སྙིང་གར་དགྲོལ་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དགྲོལ་བའོ། །གཡས་པའི་རྡོ་རྗེ་འཛིན་མ་དེ་ཉིད་ཟུར་དུ་བཞག་ལ
་བསྒྲེང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བསྒྲེང་བའོ། །དེ་ཉིད་བཅིངས་ནས་མཛུབ་མོ་ཡི་རྩེ་མོས་དབང་དུ་བྱེད་པའི་ཚུལ་བྱ་སྟེ། དེ་ལྟར་ན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་སྟེང་ནས་འོག་ཏུ་ལྟུང
་བའི་ཚུལ་དུ་བྱུང་སྟེ། དེ་ལྟར་ན་ལྟུང་བ་ཐམས་ཅད་ལྟུང་བའོ། །འོག་ནས་སྟེང་དུ་དྲངས་བའི་ཚུལ་བྱས་ན་ཀླུ་ཐམས་ཅད་གདོན་བའོ། །དེ་ཉིད་བཅིངས་ཏེ་ཁྲོས་པས་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་གནོད་སྦྱིན་ཐམས་ཅད་ཕྱི་བཞིན་དུ
་འབྲང་བར་བྱེད་པའོ། །དེ་ཉིད་བཅིངས་ནས་འཇིགས་བྱེད་ཀྱི་ལྟ་བས་སྲིན་པོ་ཐམས་ཅད་འཇིགས་སུ་བཅུག་པའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་ཁ་ཊཝཱཾ་ག་ཡིད་ཀྱིས་དྲལ་བར་བྱས་ཏེ། དེ་ལྟར་ནམ་མཁའ་འགྲོ་མ་ཐམས་ཅད་ལ་སོགས་པའི་གདོན་ཞི་བའོ
་དེ་ཉིད་བཅིངས་ནས་རང་གི་སྙིང་གར་འབར་བའི་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ལྟར་ན་བདུད་ཐམས་ཅད་ཀྱི་སྟོབས་འཇོམས་པའོ། །དེ་ཉིད་བཅིངས་ནས་ཁྲོ་བོའི་ལྟ་བས་ཡིད་ཀྱིས་རྩེ་གསུམ་དྲལ་བར་བྱ་སྟེ། དེ་ལྟར་ན་མ་མོ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ཉིད
་བཅིངས་ན་གདུག་པའི་དཀྱིལ་འཁོར་གཞུག་པར་བྱ་སྟེ། དེ་ལྟར་ན་གདུག་པའི་དཀྱིལ་འཁོར་ཐམས་ཅད་འཐོར་བའོ། །དེ་ཉིད་བཅིངས་ན་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་གདུག་པ་ཐམས་ཅད་ཚར་གཅོད་པའོ། །དེ་ཉིད་བཅིངས་ནས་ཡི་གེ་ཧི
་བཟླས་པར་བྱས་ཏེ། དེ་ལྟར་ན་ཐམས་ཅད་འདུལ་བའོ། །དེ་ཉིད་བཅིངས་ནས་མི་འཇིགས་པ་སྦྱིན་པའི་ཚུལ་གྱིས་གཡས་ཕྱོགས་སུ་བྱ་སྟེ། དེ་ལྟར་ན་མི་འཇིགས་པ་བསྐྱེད་པའོ། །དེ་ཉིད་དོང་ཚེ་གསོར་བའི་ཚུལ་དུ་བྱ་སྟེ། དེ་ལྟར་ན་ནོར་བུ་བཟང་པོ
་དབང་དུ་བྱེད་པའོ། །དེ་ཉིད་བཅིངས་ནས་ནོར་སྦྱིན་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་བཟླ་བར་བྱ་སྟེ། དེ་ལྟར་ན་ནོར་སྦྱིན་ལས་ནོར་ཐམས་ཅད་འཕྲོག་པའོ། །དེ་ཉིད་བཅིངས་ནས་མཛུབ་མོ་སོ་དག་གིས་གཟུང་སྟེ། རྣམ་ཐོས་སྲས་རྐང་པ་གཡོན་པས་མནན
་ན་བཀུག་ཅིང་བཟླ་བར་བྱ་སྟེ། དེ་ལྟར་ན་དཔལ་དགུག་པའོ། །དེ་ཉིད་བཅིངས་ནས་མཛུབ་མོས་དོད་རྩི་གཉིས་གསོར་བའི་ཚུལ་བྱས་ཏེ། དེ་ལྟར་ན་ལྷའི་བུ་མོ་ཐམས་ཅད་འཕྲོག་པའོ། །དེ་ཉིད་ཀྱིས་གཞོན་ནུ་མའི་ལག་པ་གཡོན་པ་ལ་གནས་པའི་དྲིལ་བུ
་ཡིད་ཀྱི་དྲལ་བར་བྱ་སྟེ། དེ་ལྟར་ན་གཞོན་ནུ་མ་རོལ་ཏུ་བཅུག་པའོ། །དེ་ཉིད་བཅིངས་ནས་མཛུབ་མོའི་རྩེ་མོའི་མཐེ་བོང་གི་སྟེང་དུ་བཞག་ནས་འོག་ཏུ་བྱས་ལ་རྐང་པ་གཡོན་པས་བརྒྱ་བྱིན་གྱི་གཟུགས་བརྙན་མནན་ཏེ། ལུ་གུ་རྒྱུད་དང་དཀྲོལ་བའི་ཚུལ་གྱིས་འཕྲོག་
་པ་བྱ་སྟེ། དེ་ལྟར་ན་ཤ་ཙི་འཕྲོག་པའོ། །དེ་ཉིད་བཅིངས་ཏེ་གཞོན་ནུ་མའི་ལག་པ་གཡས་པ་ལ་གནས་པའི་དྲིལ་བུ་ཡིད་ཀྱིས་དྲལ་བར་བྱ་སྟེ། དེ་ལྟར་ན་གཞོན་ནུ་རྣམ་པར་གཅོད་པའོ། །དེ་ཉིད་བཅིངས་ནས་མཛུབ་མོས་ཆགས་པ་དང
་བྲལ་བའི་ཡིད་ཀྱིས་ལྟུང་བར་བྱ་སྟེ། དེ་ལྟར་ན་ཆིངས་པ་ལྟུང་བའོ། །དེ་ཉིད་བཅིངས་ནས་ཡིད་ཀྱིས་ཁྱབ་འཇུག་གི་འཁོར་ལོ་དྲལ་བར་བྱ་སྟེ། དེ་ལྟར་ན་ཁྱབ་འཇུག་འདུལ་པར་འགྱུར་རོ། །དེ་ཉིད་བཅིངས་ནས་རྩེ་གསུམ་དྲལ་བར་བྱས་ཏེ། དེ
་ལྟར་ན་ལྷ་ཆེན་པོ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །དེ་ཉིད་བཅིངས་ནས་མཛུབ་མོའི་རྩེ་མོ་མཐེ་བོ་ཡི་སྟེང་དུ་བཞག་ནས་འདོད་པའི་དབང་ཕྱུག་རྐང་པ་གཡོན་པས་གནན་ཏེ་ལུ་གུ་རྒྱུད་དགྲོལ་བའི་ཚུལ་དུ་དབྲོག་པར་བྱས་ཏེ། དེ་ལྟར་དགའ་མ
་འཕྲོག་པའོ། །དེ་ཉིད་བཅིངས་ནས་མདུན་དུ་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་གྲུབ་པའོ། །དེ་ཉིད་བཅིངས་ནས་མདུན་དུ་བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲུབ་པའོ། །དེ་ཉིད་བཅིངས་ནས
་མདུན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་རྗེས་སུ་ཆགས་པའོ། །དེ་ཉིད་བཅིངས་ནས་མདུན་དུ་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱ་སྟེ། དེ་ལྟར་ན་མདུན་དུ་རྡོ་རྗེ
་འཆང་ཆེན་པོ་རྗེས་སུ་ཆགས་པ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པ་སྒྲུབ་པར་འགྱུར་རོ། །ཇི་ལྟར་ལས་བརྒྱ་སྒྲུབ་པ་འདི་ལག་པ་གཡས་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱས་འགྲུབ་པར་འགྱུར་བ་དེ་བཞིན་དུ་ལག་པ
་གཡོན་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱས་ཀྱང་ལས་རྒྱ་འདི་ཉིད་སྒྲུབ་པ་པོ་ཡིན་ནོ། །བསྡུས?་པའི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་དབང་ཕྱུག་གི་གཟུགས་འཛིན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་དེའི་ངས
་ཚིག་གི་ཕྱག་རྒྱ་དེ་ཉིད་ཆོས་ཉིད་ཅེས་བྱ་བའི་མིང་ཅན་བཅིངས་ནས་གཉིས་སུ་བྱ་སྟེ། ལག་པ་གཡས་པའི་རྡོ་རྗེ་ཉིད་ཀྱི་ཕྱག་རྒྱའི་འཕགས་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལས་རྒྱ་སྔགས་འདིས་སྒྲུབ་པར་བྱ་སྟེ། ཧྲི་བཛྲ
་པདྨ་དྷ་བྷ་ཧོ་བྷ་ག་ཝ་ན་བཛྲ་ཨ་བ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་པྲ་མི་སིདྡྷ། ཨོཾ་བྷུར་བྷུ་བ་སྭ་སྭ་སྟི་ན་མ་སྭཱཧཱ་ཞེས་བྱ་བས་སོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། མེ་ཏོག་གིས་ཁྱབ་ཅིང་འབར་བའི་ཡིད་ཀྱིས་རང་བཞིན་གྱི་མེ་ཐབ་ཀྱི་ནང་དུ་ཚངས་པའི
་གཟུགས་ཀྱི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་མདུན་དུ་རྣམ་པར་བསམས་ལ། ལག་པ་གཡས་པས་ཇི་ལྟ་བ་བཞིན་དུ་བཤད་པའི་རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེས་ཡིད་ཀྱི་སྒྲིབ
་པ་ཐམས་ཅད་དང། སྡིག་པ་ཐམས་ཅད་དང། རྨི་ལམ་ངན་པ་དང། མཚན་མ་ངན་པ་དང། འཚེ་བ་དང། ཉེ་བར་འཚེ་བ་དང། གནོད་པ་དང། དུས་མ་ཡིན་པར་འཆི་བ་དང། འཇིགས་བྱེད་ཀྱིས་འཇིགས་པ་དང། རྩོད་པ་དང། འགྱེད་པ་དང། འཐབ་པ་དང།
་བརླག་པ་དང། ཉོན་མོངས་པ་དང། ངལ་བ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། དབུལ་བ་དང། ཕ་རོལ་གྱི་གནོད་པ་དང། རེག་བྱ་ངན་པ་དང། སྐལ་པ་ངན་པ་དང། ནང་དང་བཅས་པ་དང། དོན་མེད་པ་རྣམས་བསྲེག་པར་བྱ་སྟེ། དེ་ལྟར་ན
་དེ་རྣམས་འཇིགས་པར་འགྱུར་རོ། །དེ་ཉིད་བཅིངས་ནས་རང་དང་གཞན་དག་ལ་རླུང་གིས་གསོ་སྤང་བྱའོ། །དེ་ཉིད་བཅིངས་ནས་མཁྲིས་པ་དང། ཁྲག་དང། བད་ཀན་དང། འདུས་པ་དང། མཞུ་བ་དང། རིམས་དང། སྦྱར་བའི་དུག་དང། དུག་དང། མཛེ?
་དང། འབྲུམ་བུ་ཕྲ་མོ་དང། གཡའ་བ་དང། རྐང་ཤུ་དང། སྐྲན་དང། དམུ་ཆུ་དང། མཚོན?་པར་རྡོལ?་བ་དང། ཤ་བཀྲ་དང། གཅོད་ཆེན་དང། ཁྲག་ཟད་པ་དང། ནད་ཐམས་ཅད་དང། ཡིད་མི་བདེ་བ་དང། ནད་དང། གདན་དང། མཁའ་འགྲོ
་མ་རྣམས་ཀྱིས་གསོ་སྤྱད?་བྱ་བ་ཡིན་ནོ། །དེ་ཉིད་བཅིངས་ནས་ཁྲབ་དང། གོ་ཆ་དང། གཙུག་ཏོར་དང། གཙུག?་ཕུད་དང། མཚམས་དང། ཕྱོགས་དང། དཀྱིལ་འཁོར་དང། ས་དང། ནམ་མཁའ་དང། ཁང?་བཟང་དང། རྡོ་རྗེའི་རྭ་བ་དང།
་མེ་འབར་བ་དང། ཐལ་བའི་ཐབ?་དང། རྡོ་རྗེའི་རི་བོ་དང། དོན་ཡོད་པའི་ཆུའོ་དང། ཐིག་སྐུད་ཡོངས་སུ་དགོད་པ་དང། ཕུར་བུ་དང། བཟའ་བ་དང། བཏུང་བ་དང། གོས་དང། འགུག་པའི་ཕྱག་རྒྱས་འགྲུབ་པ་རྣམས་བྱ་བ་ཡིན་ནོ། །དེ་ཅིང་བཅིངས
་ནས་འཆི་བའི་འཇིགས་པ་ལ་སོགས་པ་ལས་བདག་ཉིད་རྣམ་པར་སྦྱར་བར་བྱའོ་ཞེས་བྱ་བའི། བསམ་པ་སྐྱེད་པར་བྱས་ན། ཆ་དང། ཁ་དོག་དང། སྟོབས་དང། གཟི་བརྗིད་དང། ན་ཚོང་དང། བརྩོན་འགྲུས་དང། ནད་མེད་པ་དང། དཔལ
་དང། བསྐལ་བ་བཟང་པོ་དང། ནོར་དང། འབྲུ་དང། དབང་ཕྱུག་དང། ཕུན་སུམ་ཚོགས་པ་དང། འཕེལ་བ་དང། གྲུབ་པ་དང། བློ་དང། རྙེད་པ་དང། དཔལ་མོ་དང། མིང་དང། སྒྲ་སྙན་པ་དང། གྲགས་པ་དང། ཏིང་ངེ་འཛིན་དང། ཤེས་རབ
་དང། མཆོག་གི་དངོས་གྲུབ་རྣམ་པར་བྱ་སྟེ། དེ་ལྟར་ན་དེ་དག་སྒོམས་པས་གྲུབ་པར་འགྱུར་རོ། །ཇི་ལྟར་ལས་བརྒྱ་སྒྲུབ་པ་འདི་ལག་པ་གཡས་པའི་རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི། འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས
་བྱ་བར་བཤད་པ་དང། དེ་བཞིན་དུ་ལག་པ་གཡོན་པས་ཀྱང་འདི་ཉིད་ཤེས་པར་བྱའོ། །འདོད་པའི་གཟུགས་འཛིན་པ་ཡིས། འཕགས་པ་ནམ་མཁའ་ཨི་སྙིང་པོའི་རྣལ་འབྱོར་བྱས་ལ་རྡོ་རྗེ་རིན་ཆེན་དེ་ཉིད་བཅིངས་ནས་གཉིས་སུ་བྱས་ཏེ། ལག་པ
་གཡས་པའི་རིན་པོ་ཆེའི་མྱུ་གུས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་རྣལ་འབྱོར་ལས་གསུངས་པའི་ལས་རྒྱ་སྔགས་འདིས་བསྒྲུབ་པར་བྱ་སྟེ། ཧེ་བཛྲ་ཀདམཱ?་ཡ་ཡུ་ད་སརྦ་ཀ་མ་ནས་མ་ད་ཡ་ཧོ་བྷ་ག་བཱན་བཛྲ་ཨ་ཀ་ཤ་སརྦ་པ་པ་ཏྲ་ཏ་ཏྲཾ?་ཞེས་བྱ
་པའོ། །འདིས་ནི་འདི་ལྟར་འཆད་པར་འགྱུར?་ཏེ། ལག་པ་གཡས་པས་ཇི་ལྟ་བ་བཞིན་དུ་བཤད་པ་རིན་པོ་ཆེའི་མྱུ་གུ་བཅིངས་ལ། དེ་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱས་ན་འབྱོར་པ་ཐམས་ཅད་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་དང
་ཚུར་དྲང་བ་དང། བསག་པ་དང། ལེན་པ་དང། ཀུན་ཏུ་འདྲེན་པ་དང། ཚུར་ཁྱེར་དང། ཕར་གཏང་བ་དང། གཞིག་བ་དང། གྱེན་དུ་གཏོར་བ་དང། ཚུར་འཁོར་བ་དང། ཀུན་ཏུ་བརྡེག་པ་དང། སྦྱང་བ་དང། རྙེད་པ་དང། ཉེ་བ་དང་འཚོང་བ་དང། ཡང་དག་པར
་འབྱེད་པ་དང། དོགས?་པ་ཉེ་བར་སྦྱོར་བ་དང། བརྟན་པར་བྱེད་པ་དང། རྡོ་རྗེར་བྱེད་པ་དང། སྒྲུབ་པ་དང་སྒྲུབ་པ་མཆོག་རྣམས་སྒྲུབ་པར་བྱའོ། །དེ་བཞིན་དུ་བཅིངས་ནས་དཔྲལ་བའི་ཕྱོགས་སུ་གཟུང་ཞིང། དཔལ་ཆེན་པོ་དགུག་པ་དང། གཞུག་བ་དང།
་བཅིང་བ་དང། དབང་དུ་བྱེད་པ་དང་?་འཕྲོག་པ་དང། ཉེ་བར་སོགས་པ་དང། ལེན་པ་དང། ཚུར་དྲང་བ་དང། བསག་པ་དང། ལེན་པ་དང། ཀུན་ཏུ་འདྲེན་པ་དང། ཚུར་ཁྱེར་བ་དང། ཕར་གཏང་བ་དང། གཞིག་པ་དང། དོར་བ་དང། གྱེན་དུ་གཏོར
་བ་དང། ཀུན་ཏུ་བརྡེག་པ་དང། སྦྱར་བ་དང། རྙེད་པ་དང། ཉོ་བ་དང། འཆོང་པ་དང། ཡང་དག་པར་འགྱེད་པ་དང། དགོས་བ་ཉེ་བར་སྦྱོར་བ་དང། བརྟན་པར་བྱེད་པ་དང། རྡོ་རྗེར་བྱེད་པ་དང། སྒྲུབ་པ་དང། གྲུབ་པ་མཆོག་རྣམས་བསྒྲུབ་པར་བྱ་བ
་དང། སླར་ཡང་དེ་ཉིད་བཅིངས་ནས། མཛོད་སྤུའི་ཕྱོགས་སུ་གཟུང་ན་ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པ་དང། འཕྲོག་པ་དང། ཉེ་བར་སོག་བ་དང། ལེན་བ་དང། ཚུར་དྲང་བ་དང། བསག་བ་དང།
་ལེན་པ་དང། ཀུན་ཏུ་འདྲེན་པ་དང། ཚུར་ཁྱེར་བ་དང། ཕར་གཏང་བ་དང། གཞིག་པ་དང། ངོར་བ་དང། གྱེན་དུ་གཏོར་བ་དང། ཚུར་གཏོར་བ་དང། ཀུན་བརྡེག་པ་དང། སྦྱང་བ་དང། རྙེད་པ་དང། ཉོ་བ་དང། འཆོད་པ་དང། ཡང་དག་པར་འགྱེད་པ་དང
་དགོས་པ་ཉེ་བར་སྦྱོར་བ་དང། བརྟན་པར་བྱེད་པ་དང། རྡོ་རྗེར་བྱེད་པ་དང། སྒྲུབ་པ་དང། སྒྲུབ་པ་མཆོག་རྣམས་བསྒྲུབ་པར་བྱའོ། །སླར་ཡང་དེ་ཉིད་བཅིངས་ནས་མཛོད་སྦུའི་ཕྱོགས་སུ་གཟུང་བར་བྱ་སྟེ། མཆོད་པ་ཐམས་ཅད་དགུག་བ
་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱེད་པ་དང། འཕྲོག་པ་དང། ཉེ་བར་སོགས་པ་དང། ལེན་པ་དང། ཚུར་དྲང་བ་དང། བསག་པ་དང། ལེན་པ་དང། ཀུན་ཏུ་འདྲེན་པ་དང། ཚུར་ཁྱེར་བ་དང། ཕར་གཏང་བ་དང། གཞིག་པ་དང་དོར་བ
་དང། གྱེན་དུ་གཏོར་བ་དང། ཚུར་གཏོར་བ་དང། གྱེན་དུ་བརྡེག་པ་དང། སྦྱང་པ་དང། རྙེད་པ་དང། ཉོ་བ་དང། འཚོང་བ་དང། ཡང་དག་པར་འགྱེད་པ་དང། དགོས་པ་ཉེ་བར་སྦྱོར་བ་དང། བརྟེན་པར་བྱེད་པ་དང། རྡོ་རྗེར་བྱེད་པ་དང། སྒྲུབ་པ་དང།
་སྒྲུབ་པ་མཆོག་རྣམས་བསྒྲུབ་པར་བྱའོ། །ཇི་ལྟར་ལག་པ་གཡས་པའི་རྡོ་རྗེ་རིན་པོ་ཆེའི་མྱུ་གུས། འཕགས་པ་ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་པོ་འདི་སྒྲུབ་པ་ཡིན་པ་དེ་བཞིན་དུ་ལག་པ་གཡོན་པའི་རྡོ་རྗེ་རིན
་པོ་ཆེའི་མྱུ་གུས་ཀྱང་ལས་བརྒྱ་པོ་འདི་ཉིད་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ཚུལ་འདིས་ཇི་ལྟ་བ་བཞིན་དུ་དམ་ཚིག་གི་མཚན་མ་རྣམས་ཀྱིས་ལག་པ་གཡས་པ་དང། གཡོན་པ་དག་གིས་རྡོ་རྗེ་ཆེན་པོའི་སྦྱོར་བ་ངེས་པར་སྦྱར་བས་རིགས་ཐམས་ཅད?
་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་སྟོང་འགྱུར་དུ་འགྱུར་རོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་སྟོང་ཕྲག་དང་པོ་བསྟན་ནས། ད་ནི་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་སྟོང་ཕྲག་གཉིས་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་རང་གི་དམ་ཚིག
་གི་ཕྱག་རྒྱ་བཅིང་བའི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་གཉིས་སུ་བྱ་སྟེ། གཡས་པ་དང་གཡོན་པའི་ཁུ་ཚུར་དག་གིས་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལས་གསུངས་པ་དང། དེ་བཞིན
་གཤེགས་པ་དང། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། འཕགས་པ་ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་ལས་གསུངས་པ་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་ལས་ཉིས་བརྒྱ་པོ་བསྒྲུབ་པར་བྱ་སྟེ། འདི་ནི་དངོས
་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་སྟོང་གཉིས་པ་ཡིན་ནོ། །དེ་ལྟར་སྟོང་གཉིས་པ་བསྟན་པས། ད་ནི་གསུམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་རང་གི་ཕྱག་མཚན་གྱི་ཁུ་ཚུར་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་སྟོང་དང་པོའི་ལས་ཀྱི་ཚོགས་བརྒྱ་སྒྲུབ་པར
་བྱེད་པའི་རྡོ་རྗེའི་ལས་བྱེད་པ་གསུམ་པའོ། །ཞེས་བྱ་བ་གསུངས་སོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་གར་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་འདས་མ་ཐག་ཏུ་བཤད་པའི་ཚུལ་དུ་དཔལ་རྡོ་རྗེ་སེཾས
་དཔའ་ཨི་དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་སྒྲུབ་པར་བྱ་སྟེ། ལག་པ་གཡོན་པས་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས། ལག་པ་གཡས་པས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་གསུངས་པའི་ལས
་བརྒྱ་བསྒྲུབ་པར་བྱ་སྟེ། གཡོན་པས་ཀྱང་དེ་བཞིན་ནོ། །ཁྲོ་བོའི་ཁུ་ཚུར་བཅིངས་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ལས་གསུངས་པའི་ལས་ཉིས་བརྒྱ་བསྒྲུབ་པར་བྱའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི
་དབང་ཕྱུག་གི་དཀྱིལ་འཁོར་ལས་གསུངས་པའི་ལས་ཉིས་བརྒྱ་བསྒྲུབ་པར་བྱའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ནས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་ལས་གསུངས་པའི་ལས་ཉིས་བརྒྱ་བསྒྲུབ་པར་བྱ་སྟེ། དེ་ལྟར་མཚུལ་འདིས་གར
་ལས་བྱུང་བའི་ཕྱག་རྒྱ་སྟོད་གསུམ་པ་ཡིན་ནོ། །དེ་ལྟར་རང་གི་མཚན་མའི་ཁུ་ཚུར་གྱི་རྡོ་རྗེ་གར་ལས་བྱུང་བའི་སྟོང་གསུམ་པ་བསྟན་ནས། ལས་ཀྱི་ཕྱག་རྒྱ་སྟོང་བཞི་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ལག་པ་གཡས་པ་དང་གཡོན་པ་ཅིག་ཤོས
་ཀྱིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་སྟོང་བཞི་པོ་ཞེས་བྱ་བ་གསུངས་ཏེ། འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། པདྨ་དང་ནོར་བུའི
་རིགས་ལས་གསུངས་པའི་ལས་རྣམས་བསྒྲུབ་བར་བྱ་སྟེ། དེ་བཞིན་དུ་ལག་པ་གཡོན་པས་ཀྱང་ངོ། །དེས་ན་ཚུལ་འདིས་ལས་ཀྱི་ཕྱག་རྒྱ་སྟོང་བཞི་པ་དང་པོའི་ལས་རབ་ཏུ་བསྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་མ་ལུས་པའི་ཕྱག་རྒྱ་བཅིང་བ་ནི་ལག་པ
་གཅིག་གིས་ཕྱག་རྒྱ་ཐམས་ཅད་བཅིང་བ་རབ་ཏུ་སྒྲུབ་པའོ་ཞེས་བྱ་བ་ལ། དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་བཅིངས་པ
་གང་ཡིན་པ་མ་ལུས་པའི་ཕྱག་རྒྱ་བཅིངས་ཏེ། གཡས་པ་དང་གཡོན་པའི་ལག་པ་གཅིག་གིས་ཕྱག་རྒྱ་བཅིངས་པ་རབ་ཏུ་གྲུབ་པ་ནི་རྫོགས་པའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། འདོད་ཆགས་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱ
་བཅིངས་ནས་གཉིས་སུ་བྱ་སྟེ། ལག་པ་གཡས་པའི་འདོད་ཆགས་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱ། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལས་གསུངས་པའི་ལས་རྒྱ་དང། ལག་པ་གཡོན་པའི་འདོད་ཆགས་རྡོ་རྗེ་མའི་དམ་ཚིག་གི་ཕྱག
་རྒྱས་དེ་ཉིད་ཀྱི་སྙིང་པོ་བརྗོད་ཅིང་བསྒྲུབ་པར་བྱ་སྟེ། དེ་ལྟར་ཇི་སྲིད་ལྷ་མོ་རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱི་སྙིང་པོ་ལས་ཉིས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་གཉིས་སུ་བྱས་ལ
་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་རྣམས་བརྗོད་ཅིང་རང་གི་རིགས་ཀྱི་ལས་བརྒྱ་ལག་པ་གཡས་པ་གཡོན་པ་དག་གིས་བསྒྲུབ་པར་བྱའོ། །དེ་ལྟར་ན་མཚན་མ་དང། རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི
་སྙིང་པོས་རང་གི་རིགས་ཀྱི་ལས་བརྒྱ་དག་ལག་པ་གཡས་པ་དང་གཡོན་པ་དག་གིས་བསྒྲུབ་པར་བྱའོ། །དེ་ལྟར་ལག་པ་གཡས་པ་དང་གཡོན་པའི་ཅིག་ཤོས་ཀྱི་རང་གི་རིགས་ཀྱི་ལས་བརྒྱ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་བརྗོད་ཅིང་བསྒྲུབ
་པར་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་ནི་འདི་ལྟར་གསུངས་པ་ཡིན་ཏེ། བསྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་གྱི་ཕྱག་རྒྱ་ནི་མ་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་འདིར་བསྒོམ་པ་ཁོ་ན་ལ་འབད་པར་བྱ་བ་ཡིན་གྱི། ཕྱག་རྒྱ་བཅིང
་བ་ལ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོའི་བསྡུས་པའི་དཀྱིལ་འཁོར་རོ། །དམ་ཚིག་གི་ལས་ནི་ཕྱག་རྒྱའི་ལས་དང་བཅས་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བསྒྲུབ་སྟེ། ཏིང་ངེ་འཛིན
་རྫོགས་པར་མཛད་པའོ། །བསྡུས་པའི་དཀྱིལ་འཁོར་ཉིད་རྟེན་དང་བརྟེན་པའི་འཁོར་ལོའོ། །ཀུན་མཆོག་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བ་དམ་པའི་དངོས་གྲུབ་ཀྱི་ཕྱིར་བཅོམ
་ལྡན་འདས་རྡོ་རྗེ་སེམས་དཔའ་རྟེན་དང་བརྟེན་པའི་ཚུལ་གྱིས་རང་བཞིན་གྱིས་རྡོ་རྗེ་འཆང་ཆེན་པོ་ཕྱག་རྒྱ་ཆེན་པོའི་ལས་དང་བཅས་པར་སྦྲུལ་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།
་དེ་ལྟར་ཞེས་བྱ་བ་ལ་དེ་ལྟར་ནི་འདི་ལྟར་རོ། །གསང་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་མ་གྱུར་པའོ། །རྒྱ་ཆེ་བ་ནི་ནམ་མཁའ་ཨི་ཁམས་ཐམས་ཅད་སྤྲོས་ནས་གནས་པའོ། །རྨད་དུ་བྱུང་བ་ནི་ཨགཞན་དག་ལ་སྔོན་ཆད་མ་བྱུང་བའོ། །མཆོག་ནི་དཔལ?
་འགྲོ་བ་ཀུན་རྣམ་པར་སྤྱོད་པ་ཞེ་སྦྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུས་སེམས་ཅན་གྱི་ཁམས་ཁྱབ་པ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་རྫོགས་པར་བྱེད་པའོ། །དཔལ་མཆོག་དང་བ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན
་དུ་བཤད་པའོ། །བླ་ན་མེད་པ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བླ་མའོ། །གསལ་བའི་རྒྱུད་ཅེས་བྱ་བ་ནི་རྒྱུད་ཤིན་ཏུ་གསལ་བའོ། །བདག་གིས་ཡང་དག་པར་བཤད་ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཡང
་དག་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་བཤད་པ་རྫོགས་སོ།། །།
་དེ་ལྟར་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྒྱུད་ཀྱི་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་བསྟན་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །རྡོ་རྗེ་འཆང་ནི་རྡོ་རྗེ་སེམས་དཔའ་ཨོ། །སྟོན་པར་མཛད་པ
་ནི་སྟོན་པའོ། །གསང་བ་ཀུན་གྱི་བདག་པོ་ཞེས་བྱ་བ་ནི། རིགས་ལྔའི་གསང་བའི་དཀྱིལ་འཁོར་རྣམས་ཀྱི་བདག་པོའོ། །བརྟན་པ་ཞེས་བྱ་བ་ནི་རྟག་པའོ། །དེ་ཉིད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས
་རིགས་ལྔའི་སྐུའི་གསང་བའི་རང་བཞིན་ཅན་ནོ། །དེ་རྣམས་ཀྱི་རྒྱུད་ཀྱང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་རྒྱུད་ཆེན་པོས་ཏེ། དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་རྒྱུད་ཆེན་པོའོ། །མཚོན་ཆ་ཡང་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་ན་མཚོན
་ཆ་མཆོག་སྟེ། མཆོག་གི་མཆོག་ཏུ་གྱུར་པའི་ཤེས་རབ་དང་ཐབས་ཀྱི་མངའ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པས་ཏེ། འོག་ནས་འཆད་པར་འགྱུར་བའོ། །གསུངས་སོ་ཞེས་བྱ་བ་ནི་སྤྲུལ?་པར་མཛད་པའོ་ཞེས
་བྱ་བའི་དོན་ཏོ། །དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དངོས་གྲུབ་ཀྱི་གསང་བ་རྗེས་སུ་བཤད་པར་བྱའོ་ཞེས་པ་དང་སྦྱོར་རོ། །རྟོག་པ་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་རྟོག་པ་ཐམས་ཅད་སྟེ། དཔལ
་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་མཐར་ཐུག་པའི་བར་གསང་པའི་དཀྱིལ་འཁོར་གྱི་རྟོག་པ་རྣམས་སོ། །དེ་དག་གི་ཆོ་ག་ནི་རྒྱུན་ནོ། །མཆོག་ནི་དམ་པའོ། །མཁས་པ་ནི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པS
་མི་ཐུབ་པའོ། །ཕྲ་བ་ཞེས་བྱ་བ་ནི་སོ་སོར་ངེས་པས་འབིགས?་པར་བྱེད་པའི་ཤེས་རབ་སྟོན་པར་བྱེད་པའོ། །རྒྱ་ཆེ་བ་ནི་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པར་བྱེད་པའོ། །ཟབ་མོ་ནི་རྒྱ་མཚོ་ཆེན་པོ་ལྟར་འཇུག་པར་དཀའ་བའོ། །བསམ་དུ་མེད་པས་ན་བསམ
་གྱིས་མི་ཁྱབ་པའོ། །ནམ་མཁའ་བཞིན་དུ་མཛའ་ཡས་པS་ན་ཚད་མེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་མུན་པ་དང་བྲལ་བས་ན་གསལ་བའོ། །མཚུངས་པ་མེད་པས་ན་མི་མཉམ་པའོ། །བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི
་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་གྱི་དོན་དུ་གསང་བས་ན་བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་གསང་བའོ། །རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱང་ཡིན་ལ་མཆོག་དང་མཁས་པ་དང། ཕྲ་བ་དང་རྒྱ་ཆེ་བ་དང
་ཟབ་མོ་དང་བསམ་གྱིས་མི་ཁྱབ་པ་དང། ཚད་མེད་པ་དང་གསལ་བ་དང། མཉམ་པ་མེད་པ་དང། བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་གསང་བ་རྣམས་ཀྱང་དེ་ཉིད་ཡིན་པས་ན་རྟོག?་པ་ཐམས་ཅད་དུ་མཆོག་ཏུ་མཁས་ཤིང
་ཕྲ་བ་རྒྱ་ཆེ་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ཚང་མེད་པ་གསལ་བ་མཉམ་པ་མེད་པ་བླ་ན་མེད་པའི་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་གསང་བས་ཏེ། རྡོ་རྗེ་སྤྱན་ལ་སོགས་པའི་ཕྱག་རྒྱའི་གཟུངས་སྒྲུབ་པའི་མཆོག་ཏུ་གསང་བ་ཞེས
་བྱ་བའོ། །མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པ་ལ་གདོན་མི་ཟ་ཞིང་ཐོགས་པ་མེད་པ་སྒྲུབ
་པ་གང་ཡིན་པ་དེ་རྗེས་སུ་བཤད་པར་བྱ་བ་ནི་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་མཆོག་ཏུ་གསང་བའི་ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །མ་མཆུ་ཞེས་བྱ་བ་ལ་སོགས་པ
་ལ་ཇི་ལྟ་བ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ནས་སྒེག་མོ་དགའ་བའི་རྡོ་རྗེ་མའི་ཕྱག་རྒྱའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་དེ་ཁོ་ན་ཉིད་དང། ཆོས་དང་དམ་ཚིག་བླངས་ལ་བཅོམ་ལྡན་འདས་མདུན་དུ་བཞག་སྟེ། རང
་གི་མ་མཆུ་ནང་དུ་བཅུག་ནས་སོ་རྣམས་གཟུང་བར་བྱ་སྟེ། འཛུམ་པ་དང་བཅས་པའི་རྣལ་འབྱོར་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཆུ་ཡིད་ཀྱིས་གཟུང་བར་བྱས་ལ་དགའ་བ་ཆེན་པོས་དང་པོའི་རྡོ་རྗེའི་ལྟ་བས་བལྟ
་ཞིང་ཞེས་བྱ་བ་ནི་ཤིན་ཏུ་ཆགས་ཤིང་རབ་ཏུ་དགའ་བས་ཕྱེ་བའི་ལྟ་བ་ནི། དང་པོའི་རྡོ་རྗེ་ལྟ་བས་ཏེ། དང་པོའི་རྡོ་རྗེ་ལྟ་བའི་བྱེད་པར་གྱུར་པ་དེ་ཉིད་ཀྱིས་འདོད་པའི་དངོས་གྲུབ་སྒྲུབ་པའི་ཚུལ་རྣམས་ནི་བྱེད་པས་ཏེ། དེ་དག་གིས
་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས?་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ནི་དངོས་གྲུབ་ཐམས་ཅད་དོ། །འོག་ནས་འཆད་པར་འགྱུར་བའི
་ལས་སྟོང་དང་བརྒྱ་ལྷག་པ་དེ། ལས་ཀྱི་ཚོགས་ཏེ། དེ་དག་སྒྲུབ་པར་བྱེད་པའོ། །བདེ་བ་ཆེན་པོའི་གསང་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་ལྟ་བ་ཕྱག་རྒྱ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་བདེ་བ
་ཆེན་པོའི་རྡོ་རྗེ་སེམས་དཔའ་ཨི་གསང་བ་ཆེན་པོའི་རྡོ་རྗེའོ། །འདིའི?་མིང་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་བཅོམ་ལྡན?་འདས?་རྡོ་རྗེ་སེམས་དཔའ་ལྟ་བའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པ་བསྟན་ནས་ད་ནི
་དེ་བཞིན་གཤེགས་པ་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཐམས་ཅད་ཁྱབ་པའི་བཞིན་འཛུམ་པ་ནི་བཞད་པའི་རྣལ་འབྱོར
་པ་བཞད་པ་ཆེན་པོ་ངེས་རྒོད་ཅིང་ཙུམ་པ་མེད་པའི་བསྟན་པའི་རྡོ་རྗེའི་ལྟ་བས་མདོམ་གང་ཙམ་དུ་བལྟ་ཞིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་ཚུལ་བྱ་སྟེ། དེ་ལྟར་ན་མངོན་པར་རྫོགས་པའི་བྱང་ཆུབ་ལ་སོགས
་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །ལྟ་བའི་ཕྱག་རྒྱ་འདི་ཡི་མིང་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ལྟ་བའི
་ཕྱག་རྒྱ་བསྟན་ནས། ད་ནི་ཁྲོ་གཉེར་དང་བཅས་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསུངས་པ་ཡིན་ཏེ། ཁྲོ་གཉེར་དང་བཅས་པའི་རྡོ་རྗེ་ཁྲོ་བོའི་ལྟ་བ་ནི་ཁྲོ་གཉེར་དང་བཅས་པའི་ཁྲོ་བོ་ཡི་རྡོ་རྗེའི་བལྟ་བས
་ཏེ། ཁྲོས་པའི་མིག་བཙུམ་པའི་མཚན་ཉིད་ཅན་ནོ། །དེའི་བྱེད་པ་རྣམས་ནི་མངོན་པར་འདོད་པའི་ཚུལ་ཏེ། དེ་དང་བཅས་པའི་སྣའི་དབུགས་ཡི་གེ་ཧཱུཾ་བྱེད་པར་གྱུར་པས་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་རྣལ་འབྱོར་པས་སྒྲུབ་པར
་བྱེད་པ་ཡིན་ནོ། །ལྟ་བའི་ཕྱག་རྒྱ་འདི་ཉིད་ཀྱི་མིང་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོའི་ལྟ་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་ལྟ་བའི་ཕྱག་རྒྱ་བསྟན་ནས་ད་ནི
་པདྨའི་རིགས་ཀྱི་བསྟན་པར་བྱ་བའི་ཕྱིར་བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་ནི་འདིར་བདེ་བ་སྟེ། ངེས་སྤྱན་ཅུང་ཞིག་ཕྱེ་བ་ནི་རྒྱས་པའོ། །འདི་ཡིས་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད
་ཀྱི་ལས་ཐུགས་ཀྱིས་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་རྡོ་རྗེའི་ལྟ་བས་ཆེ་བ་རྣམས་གང་ཡིན་པ་དེ་དག་དང་བཅས་པས་མཆུ་མཉམ་པའི་ཏིང་ངེ་འཛིན་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་འཇིག་རྟེན་དབང་ཕྱུག་གི་དངོས་གྲུབ
་ཐམས་ཅད་ཀྱི་ལས་ཚོགས་རྣལ་འབྱོར་པས་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་མིང་བསྟན་པར་བྱ་བའི་ཕྱིར་པདྨ་ཆེན་པོའི་སྤྱན་གྱི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་པདྨའི་རིགས་ཀྱི་ལྟ་བའི་ཕྱག་རྒྱ་བསྟན་ནས་ད་ནི་ནོར་བུའི་རིཌ་ཀྱི་བསྟན་པར་བྱ་བའི་ཕྱིར། སྙེཾས?་པ?་དང?
་བཅས་པའི་འཛིན་པ་ཉིད་ཀྱིས་ཞེས་བྱ་བ་གསུངས་ཏེ། ནོར་བུའི་རིགས་ཀྱི་ལྷའི་ང་རྒྱལ་སྒོམ་པ་ནི་སྙེམས་པའོ། །སྙེམས་པ་དང་བཅས་པས་གཟུང་བས་ཏེ་བྱེད་པ་བསྐྱེད་པའོ། །དེའི་དངོས་པོ་ནི་སྙེམས་པ་དང་བཅས་པའི
་འཛིན་པ་ཉིད་དོ། །དེ་དང་བཅས་པར་ཕྲ་བར་འཛུམ་པའི་ལྟ་བ་གང་ཡིན་པ་དེའི་བྱེད་པར་གྱུར་པ་དེས། བྱེད་པ་རྣམས་ནི་ཡིད་ཀྱིས་འདོད་པའི་དངོས་གྲུབ་ཀྱི་ཚུལ་རྣམས་ཏེ། དེ་དག་གིས་བཞིན་ཅུང་ཟད་འཛུམ་པའི་རྣལ་འབྱོར
་པས་ནམ་མཁའ་སྟེ། འཕགས་པ་ནམ་མཁའ་ཨི་སྙིང་པོ་ལས་བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་པ་ཡིན་ནོ། །ལྟ་བའི་ཕྱག་རྒྱ་འདི་ཉིད་ཀྱི་མིང་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ
་ཆེན་པོ་ནོར་བུའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ལྟ་བའི་ཕྱག་རྒྱ་རྣམ་པ་ལྔ་བསྟན་ནས། ད་ནི་དེ་རྣམས་ཀྱི་ནུས་པ་བསྟན་པར་བྱ་པའི་ཕྱིར་དོན་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཡོད་པ་ནི་དོན་ཡོད
་ཅིར་ཐོགས་པ་མེད་པའོ། །རྫོགས་པས་ན་གྲུབ་པའོ། །གཞུག་པར་མི་ནུས་པས་ན་འཇིགས་པ་མེད་པའོ། །དེ་གང་གིས་ཤེས་ན་བསྟན་པའི་བདག་ཉིད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེའི་སྐུ་མངའ་བའི་སངས་རྒྱས་ཐམས་ཅད་རྡོ་རྗེ་འཆང་ཆེན
་པོ་དག་གིས་ཀྱང་ངོ། །གསང་བའི་ཕྱག་རྒྱ་འདི་དག་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་དགེ་བ་རྣམས་སྩོལ་བར་ན། དངོས་གྲུབ་དགེ་བ་གསོལ་བའོ། །དཀྱིལ་འཁོར་དུ་མ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་དེའི་ཕྱིར་ཞེས་བྱ་བ
་ལ་སྔར་བཤད་པའི་སྒྲུབ་པས་རྣལ་འབྱོར་པ་མ་གྲུབ་ན་དེ་མ་ཐག་ཏུ་འཛུམ་པའི་ཕྱག་རྒྱས་བཅོམ་ལྡན་འདས་མ་བདག་ཉིད་ལ་རྒྱས་བཏབ་ན་ངེས་པར་འགྲུབ་པར་འགྱུར་རོ། །རྒྱུ་དེའི་ཕྱིར་མཆོག་དང་པོའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི
་མཆོག་དང་པོ་ཐོག་མ་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། མཁས་པ་ལས་ཀྱང་མཁས་པས་ན་ཤིན་ཏུ་མཁས་པའོ། །ཕྲ་ཞིང་རྒྱ་ཆེ་བ་དང། ཟབ་ཅིང་བསམ
་གྱིས་ནི་ཁྱབ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །མཆོག་གི་མཆོག་དང་པོ་ཞེས་བྱ་བ་ནི་སྔར་བཤད་པའི་མཆོག་དང་པོའོ། །ལས་ཀྱང་དམ་པ་ཡིན་པས་ན་མཆོག་གི་མཆོག་དང་པོའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། མཆོག་དང་པོ་ལས་ཀྱང
་མཆོག་ཁོ་ན་ཡིན་ནོ། །མཆོག་ཏུ་གསང་བ་ནི་སྔར་བཤད་པའི་གསང་བ་ལས་ཀྱང་གསང་བའོ། །ཕུལ་དུ་བྱུང་བས་ན་དམ་པའོ། །དེ་གང་ཡིན་ཞེ་ན། འཛུམ་པའི་ཕྱག་རྒྱ་ལ་སོགས་ཚོགས་ཞེས་བྱ་བ་ལ་འཛུམ་པའི་ཕྱག་རྒྱའི་ཚོགས་འདིས
་ཅི་ཞིག་བྱ། གང་གི་ཕྱིར་འདིའི་ཁྱད་པར་དུ་བསྟན་པ་ཡིན་ཞེ་ན། རྡོ་རྗེ་འཆང་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ནི་རྡོ་རྗེ་འཆང་ཆེན་པོའི་སློབ་དཔོན་ནོ། །མཆོག་དང་པོ་ནི་བཅོམ་ལྡན་འདས
་རྡོ་རྗེ་སེམས་དཔའ་ཨོ། །དེ་རབ་ཏུ་དགྱེས་པ་ནི་ཐུགས་དགྱེས་པ་ནི་ཐུགས་བདེ་བས་ཏེ། དེ་སྟོན་པར་བྱེད་པའི་འཛུམ་པའི་ཕྱག་རྒྱ་ནི་མཆོག་དང་པོ་རབ་ཏུ་དགྱེས་པའོ། །མཆོག་དང་པོ་རབ་ཏུ་དགྱེས་པ་ངེས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས
་ཅད་མྱུར་དུ་སྒྲུབ་པར་བྱ་བ་ནི་རྫོགས་པར་བྱའོ། །སྙིང་པོ་ལ་སོགས་པ་རྣམས་མེད་ཀྱང་ཞེས་བྱ་བ་ལ། ཀྱང?་གི་སྒྲ་ནི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་ནི་ཤིན་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་བསྟན་ཏོ། །སྙིང་པོ་དང་ཕྱག་རྒྱ
་དང་སྔགས་དང་རིག་པ་རྣམས་བཤད་ཟིན་ཏོ། །དེ་རྣམས་སྒྲུབ་པ་ནི་རྫོགས་པའི་རྒྱུ་འོག་ནས་འཆད་པར་འགྱུར་བའི་འཛུམ་པའི་ཕྱག་རྒྱའི་རང་བཞིན་རྨད་དུ་བྱུང་བ་ནི་ངོ་མཚར་བར་བྱེད་པའོ། །དེའི་ཅིའི་ཕྱིར་ཞེ་ན། དངོས་གྲུབ་ཐམས་ཅད
་རབ་སྒྲུབ་པས། མ་གྲུབ་རྣམས་ཀྱང་གྲུབ་པར་འགྱུར། །བྱེད་པར་གྱུར་པ་དེ་རྣམས་ཡིན་པའི་རྒྱུ་དེའི་ཕྱིར་སྔ་ར་བཤད་པའི་སྒྲུབ་པས་བསྒྲུབ་པའི་གང་གྲུབ་པར་མ་གྱུར་པ་དང། བསོད་ནམས་མེད་པ་དང། ཕྱིའི་ཡོ་བྱད་ཀྱི་ཕུན་ཚོགས
་བ་མེད་པའི་སྒྲུབ་པའོ། །དེ་འཛུམ་པའི་ཕྱག་རྒྱ་བདག་ཉིད་དམ་མདུན་དུ་བཞག་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབས་ནས་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་རོ། །དུས་གང་ལ་རྣལ་འབྱོར་པས་བདག་ཉིད་དམ་རྡོ་རྗེ་སེམས
་དཔའ་རབ་ཏུ་བསྒྲུབས་ནས་མྱུར་དུ་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཕུལ་དུ་བྱུང་བ་སྒྲུབ་པ་པོས་སྙིང་པོ་དང་ཕྱག་རྒྱ་དང། སྔགས་དང
་རིག་པ་རྣམས་ཉེ་བའི་སྙིང་པོས་རབ་ཏུ་བསྒྲུབས་ཀྱང་གྲུབ་པར་མ་གྱུར་ན། དེའི་ཚེ་སྒྲུབ་པ་པོས་འཛུམ་པའི་ཕྱག་རྒྱས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །གང་གི་ཕྱིར་འཛུམ་པའི་ཕྱག་རྒྱ་འདིས་བཅོམ་ལྡན་འདས་རྡོ་རྗེ།
་སེམས་དཔའ་ཨི་རང་རིག་པའི་ཚུལ་གྱིས་རང་གིས་གསང་བའི་བཙུན་མོ་སྟེ། རྡོ་རྗེ་སེམས་དཔའ་དང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་གྱི་ཚོགས་པ་ཐམས་ཅད་ཀྱི་སྒྲུབ་པའོ། །དགའ་བར་བྱེད་པས་ན་ཆགས་པ་ཐམས་ཅད་ཀྱིས
་རབ་ཏུ་དགའ་བར་བྱེད་པའོ། །རྡོ་རྗེ་སེམས་དཔའ་ཨི་དགའ་བ་གང་ཡིན་པ་དེས་སྒྲུབ་པ་པོ་གྲུབ་པར་འགྱུར་རོ། །དེ་ཉིད་ཆེན་པོ་ཞེས་བྱ་བ་ནི་འཛུམ་པའི་ཕྱག་རྒྱའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ཆེན་པོ་འདི་གྲུབ་པ་ནི་རྫོགས་པའོ། །མཆོག་ནི་དམ་པའོ། །མཆོག་གི
་དེ་ཉིད་ནི་རྡོ་རྗེ་སེམས་དཔའ་ཨོ། །སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པས་གསང་བའོ། །མཆོག་ཏུ་བསོད་ནམས་ལྡན་སོ་སོ་སྐྱེ་བོ་ལ་བརྗོད་མིན་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རང་གི་བདག་ཉིད་བྱིན་གྱིས་བརླབ་པ་ནི་རང་ལ་བྱིན་གྱིས་བརླབ་པས་ཏེ།
་རང་གི་ཡིད་བདེ་བའི་ནུས་པ་གང་ཡིན་པ་ངེས་རྣལ་འབྱོར་པ་གྲུབ་པར་འགྱུར་རོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བས་ན་དགའ་བའོ། །མཆོག་ཏུ་གསང་བའི་ཕྱི་མ་ལས་ཀྱང། དམ་པ་དཔལ་རང་གི་དམ་ཚིག་ཅེས་བྱ་བ་ནི་གསང་བའི
་ལྷ་མོའི་ཕྲེང་གི་དབུས་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེའི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཕྱག་རྒྱ་ནི་འཛུམ་པའི་ཕྱག་རྒྱའོ། །དེའི་ཆོ་ག་ནི་བསྒོམ་པ་བསྟན་པ་ཡིན་ནོ། །དེ་ལྟར་ཐམས་ཅད་སྒྲུབ་པར་བྱེད་པའི་འཛུམ་པའི་ཕྱག་རྒྱ
་བསྟན་ནས། ད་ནི་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཙུམ་པར་ལ་སོགས་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་དེའི་ཕྱིར་ཞེས་བྱ་བ་བཤད་ཟིན་ཏོ། མཆོག་དང་པོ་ནི་བཅོམ་ལྡན་འདས
་རྡོ་རྗེ་སེམས་དཔའ་ཨི་མཆོག་དང་པོའི་མཆོག་ཏུ་གསང་བ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྗེས་སུ་བསྟན་པར་བྱའོ། །ཞེས་བྱ་བ་དང་སྦྱར་རོ། །མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱ་ཆེ་བ་དང། ཡབསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཤིན་ཏུ་མཛའ་
་ཡས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ལྷག་མ་ནི་རྒྱས་པར་བཤད་པའོ། །དེ་ལ་ཆོས་ཀྱི་བཞིན་དུ་ཐམས་ཅད་འགྲོ་བའི་ཕྱིར་ཤིན་ཏུ་མཛའ་ཡས་པ་དང། མཐར་ཐུག་པ་མེད་པ་དང། ཚད་མེད་ཅིང་གཞལ་དུ་མེད་པའོ། །བླ་མ་ལས་ཀྱང་བླ་མར
་གྱུར་པས་ན་བླ་ན་མེད་པའོ། །དོན་ཡོད་ཅིང་ཐོགས་པ་མེད་པའོ་ཞེས་བྱ་བ་ནི་གོ་སླའོ། །མཆོག་དང་པོ་ཡིན་ལ་སྙིང་པོ་ཡང་དེ་ཉིད་ཡིན་པས་ན་མཆོག་གི་སྙིང་པོས་ཏེ། སྙིང་པོ་སྟོན་པར་བྱེད་པའི་ཕྱིར། ཙུམ་པ་ལ
་སོགས་པའི་ཕྱག་རྒྱའི་རང་བཞིན་ནི་སྙིང་པོར་བརྗོད་པ་ཡིན་ནོ། །མཆོག་ཀྱང་ཡིན་དེ་ཁོ་ན་ཉིད་ཀྱང་ཡིན་པ་ན་མཆོག་གི་དེ་ཁོ་ན་ཉིད་དེ། ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་སོ། །དེའི་སྙིང་པོ་ནི་དེ་ལས་བྱུང་བའི་ཕྱིར་དང། དེ་མངོན
་དུ་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་མཆོག་ཏུ་གསང་བའི་སྙིང་པོ་ཞེས་བྱ་བ་གསུངས་ཏེ། མཆོག་ཀྱང་ཡིན་ཕྲ་བ་དང་མཆོག་ཏུ་གསང་བ་ཡང་དེ་ཉིད་ཡིན་པས་ན། མཆོག་ཏུ་ཕྲ་ཞིང་གསང་བའི་སྙིང
་པོའོ། །འདིའི་མེད་བསྟན་པར་བྱ་བའི་ཕྱིར་མཆོག་ཏུ་གསང་བ་ཞེས་བྱ་བ་གསུངས་སོ། །འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད
་ཀྱི་མཆོག་ཏུ་གྱུར་པས་ན་ཐམས་ཅད་ཀྱི་མཆོག་གོ། ཐམས་ཅད་ཀྱི་མཆོག་ཀྱང་དེ་ཡིན་ལ་དངོས་གྲུབ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་ཀྱི་མཆོག་གོ། དངོས་གྲུབ་ཆེན་པོས་ཏེ་དཔལ་རྡོ་རྗེ་སེམས་དཔའ་ཐོབ་པའོ། །དེས་དབང་ཕྱུག
་ཆེན་པོ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དེ་དེ་ཉིད་གྱི་བདག་པོ་ཉིད་དོ། །སོགས་པའི་སྒྲ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཟུང་བའོ། །དངོས་གྲུབ་ཐམས་ཅད་ཀྱི་དོན་ལས་ཀྱི་ཚོགས་ནི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས
་ཏེ། སྟོང་ཚིག་བརྒྱའི་གྲངས་གྱིས་ཡོངས་སུ་བཅད་པ་དེ་མ་ཐག་ཏུ་འོག་ནས་འཆད་པར་འགྱུར་བ་གང་ཡིན་པ་དེའི་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པ་དང། དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱིས་མཆོག་ཏུ་མི་འབྱུང
་བ་ནི་མཆོག་ཏུ་རྟག་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་དམ་པའོ། །དམ་པ་ཡང་ཡིན་ལ་བླ་ན་མེད་པ་ཡང་དེ་ཉིད་ཡིན་པས་ན་དམ་པ་བླ་ན་མེད་པས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཨི་དགའ་པ་དང། རབ་ཏུ་དགའ་བ་གང
་ཡིན་པ་ངེས་ཀྱང་སྒྲུབ་པ་པོས་རྣམས་ལ་བདེ་བ་དང་ཡིད་བདེ་བའི་ཐམས་ཅད་ཀྱི་རང་བཞིན་གྱི་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི་རྫོགས་པར་བྱེད་པ་ཏེ། མཆོག་ཕྱག་རྒྱའི་རྒྱུད་འདི་གང་ཡིན་པ་དེ་རྗེས་སུ་བཤད་པར་བྱ་སྟེ་དེ་བརྗོད་པར
་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཙུམ་པ་ན་དང་འཁྱུད་པ་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་རྣལ་འབྱོར་བྱས་ལ། དཀྱིལ་འཁོར་གྱི་ཚུལ་ལམ་དཔའ་ཨོ་གཅིག་པུའི་བཅོམ་ལྡན་འདས་མདུན་དུ་བཞག་ལ་སྤྱན
་དྲང་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཡིད་ཀྱིས་ཙུམ་པ་ན་དང་འཁྱུད་པ་ལ་སོགས་པ་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་བྱ་ཞིང་བཅོམ་ལྡན་འདས་བསྒྲུབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས
་དཔའ་ཨི་ཙུམ?་པ་ན?་དང་འཁྱུད་པ་ལ་སོགས་པའི་ཕྱག་རྒྱ་འདི་ཡིན་ནོ། །དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པ་བཤད་ཟིན་ཏོ། །དེའི་དགའ་བ་ནི་དགྱེས་པས་ཏེ། དེའི་དམ་ཚིག་གི་སྦྱོར་བ་ནི་དེ་སྐྱེད་པར་བྱེད་པའི་རྒྱུ་ཤིན་ཏུ་རྣལ་འབྱོར་རོ། །དེའི
་མིང་ཅན་གྱི་ཕྱག་རྒྱའི་དགའ་བའི་དམ་ཚིག་གི་སྦྱོར་བ་ཞེས་བྱ་བ་སྟེ། དེ་ཉིད་རྒྱུད་འདིར་ཐམས་ཅད་རྣལ་འབྱོར་ཅེས་བྱ་བར་བརྗོད་པ་ཡིན་ནོ། །དེ་དག་དང་གང་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་རག་བྱའི་ཕྱག་རྒྱ་བསྟན་ནས་?་ནི་འདོད
་ཆགས་རྡོ་རྗེ་མའི་ལྟ་བའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་རྣམ་པར་འཕྲུལ་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒེག་པའི་ཉམས་ཀྱིས་རྣམ་པར་འཕྲུལ་པ་ནི་རྣམ་པར་འཕྲུལ་པའོ། །རྣམ་པར་འཕྲུལ་པ་དེ་དང་བཅས་པའི་འཛུམ་པས་ནི་རྣམ་པར་འཕྲུལ
་པ་དང་བཅས་པའི་འཛུམ་པའོ། །དེ་དང་ལྷན་ཅིག་ཏུ་གཡོ་བའི་མིག་ཟུར་གྱིས་ལྟ་ཞིང་ལྷའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་གཡོ་བའི་མིག་ཟུར་གྱིས་ལྟ་བའི་ཕྱག་རྒྱའོ། །བཅོམ་ལྡན
་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འཛུམ་ཞིང་ཅུང་ཟད་ཕྱེ་བའི་མིག་གིས་ལྟ་བ་ནི་ཀཱི་ལི་ཀཱི་ལའི་སྟེ། འདས་ལྟ་ཞིང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་བཏུང་བར་བྱའོ་ཞེས་བྱ་བ་ལ་སོགས་དང་སྦྱར་རོ། །མཆོག་ཏུ་ཞེས་བྱ་བ་ལ
་སོགས་པ་ནི་ང་གོ་སླའོ། །རྡོ་རྗེ་དྲན་མའི་ལྟ་བའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་བསྙེམས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་ང་རྒྱལ་མངོན་དུ་བྱ་བ་ནི་འདིར་སྙེམས་པ་ཡིན་ནོ། །སྙེམས་པ་དང་ལྷན་ཅིག་ཏུ་ཡང་དག་པར
་བསྟོད་པ་ནི་གྱེན་དུ་བསྟོད་ནས་རྒོད་པའི་གཡོན་པའི་མིག་གིས་ལྟ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་སྙེམས་པ་དང་བཅས་པས་བསྟོད་ཅིང་བཞད་པ་གཡོན་པའི་སྤྱན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནི་རྡོ་རྗེ་འདོད
་པའི་དབང་ཕྱུག་མའི་བལྟ་བས་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། སྒེག་པ་དང་བཅས་པའི་ལྟ་བ་དང་འཛུམ་པ་དང། གཡོ་ཞིང་ཕྱག་འཚལ་བ་དང་ལྡན་པའོ་ཞེས་བྱ་བ་གསུངས་ཏེ། སྒེག་པ་དང་བཅས་པའི་ལྟ་བ་དང་འཛུམ་པ་དང།
་གཡོ་བ་ནི་སྒེག་པའི་ལྟ་བ་དང། འཛུམ་པ་དང་གཡོ་པ་རྣམས་སོ། །དེ་དང་བཅས་པའི་ཕྱག་འཚལ་བའི་ལྟ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་སྒེག་པའི་ལྟ་བ་དང། གཡོ་བ་དང། ཕྱག་འཚལ་བ་དང་ལྡན་པའོ། །བཅོམ་ལྡན་འདས
་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣམ་པར་འཕྲུལ་པ་དང། སྒེག་པོ?་དང་བཅས་པའི་འཛུམ་པའི་ཞལ་ཞེས་བྱ་བ་ལ། སྒེག་པའི་རྣམ་པར་འཕྲུལ་པ་དང། སྒེག་པ་དང་བཅས་པའི་འཛུམ་པའི་ཞལ་ཞེས་བྱ་བ་ལ་སྒེག་པའི་རྣམ་པ
་འཕྲུལ་པ་དང། བཅས་པའི་མཛེས་པ་ཉིད་ནི་རྣམ་པར་འཕྲུལ་པའི་སྒེག་པའོ། །རྣམ་པར་འཕྲུལ་པའི་སྒེག་པ་དང་ལྷན་ཅིག་ཏུ་ཞལ་འཛུམ་པའི་ལྟ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ནི་འཛུམ་པའི་ཞལ་ཉིད་དོ། །བཅོམ
་ལྡན་འདས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ཞེས་བྱ་བ་ལ་རྡོ་རྗེ་འཛུམ་པའི་ཕྱག་རྒྱ་འདིས་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སློབ་དཔོན་དེ་སྒྲུབ་པ་པོས་མཆོད་པའི་གླུ་སྟེ། ཡི་གེ་ཧཱུཾ་གི་གླུས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན
་པོ་རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་གང་ཡིན་པ་དེས་དབང་ཕྱུག་ཆེན་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། ངའི་བདག་པོ་ནི་གཙོ་བོ་གྲུབ་པར་འགྱུར་ཏེ། སྒྲུབ་པ་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས
་ཀྱང་བདག་ཉིད་ལ་རྒྱས་བཏབ་པ་ཙམ་གྱིས་མ་གྲུབ་ན་ཡང་ཡིད་ཀྱིས་འདོད་པའི་ལས་ཐམས་ཅད་ཀྱི་ཚོགས་སྒྲུབ་པར་བྱེད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། སརྦ་ཀུ་རུ་ཡ་ཐ་སུ་ཁཾ་ཞེས་བྱ
་བ་བརྗོད་པར་བྱའོ་ཞེས་བྱ་བ་ལ། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ཉིད་ཀྱིས། ཀྱཻ་བཅོམ་ལྡན་འདས་སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་སྐུ་འཛིན་པའི་དེ་བཞིན་གཤེགས་པ། སངས་རྒྱས་ངང་།ཆོས་དང
་དགེ་འདུན་གྱི་རང་བཞིན་ཅན་དུ་ཐམས་ཅད་མཛོད་ཅིག་སྟེ། རྫོགས་པར་མཛོད་ཅིག་པའོ། །དེ་ཡང་བདེ་བ་སྟེ་དཀའ་ཐུབ་ཀྱི་ཉེས་པ་དང་བྲལ་པའི་ཤིན་ཏུ་མཉམ་པར་བཞག་པའི་ཏིང་ངེ་འཛིན་གྱིས་སོ། །དེ་ལྟར་བརྗོད་པའི་དེ་བཞིན་གཤེགས
་པའི་ཕྱག་རྒྱ་བཅིངས་ནས་རྣལ་འབྱོར་པས་བཟླ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་དཀོན་མཆོག་གསུམ་གྱི་གཟུགས་འཛིན་པའི་དེ་བཞིན་གཤེགས་པའོ། །མཆོག་ནི་ཕུལ་དུ་བྱུང་པའོ། །དེ་སྟོན་པར་བྱེད་པའི་ཐེག་པ
་ཆེན་པོའི་མདོ་སྡེའི་དབང་པོའི་རྒྱལ་པོ་ནི་སརྦཾ་ཀུ་རུ་ཡ་ཐ་ཁཾ་ཞེས་བྱ་བའི་སྔགས་གང་ཡིན་པ་འདི་ཉིད་སངས་རྒྱས་དང་ཆོས་དང་དགེ་འདུན་གྱིས་གཟུགས་འཛིན་པའི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་གསང་བའི་རྡོ་རྗེའི་བྱིན་གྱིས་བརླབ་པ་ཞེས་བྱ་བའི་དག་གི་ཕྱག་རྒྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་རང་བཞིན
་གྱིས་འོད་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་གང་གི་ཕྱིར་དག་གི་ཕྱག་རྒྱ་འདི་རང་བཞིན་གྱིས་འོད་གསལ་བར་བརྗོད་པ་དེའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་རྒྱུ་དེས་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་གྱི་ཆོས་ཐམS
་ཅད་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པར་དག་པ་སྟེ། དོན་དམ་པར་དཀོན་མཆོག་གསུམ་མི་དམིགས་པའི་ཕྱིར་རོ། །ཆོས་རྣམ་པར་དག་པ་དེ་ཉིད་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པ
་དང། ཡེ་ཤེས་དང་མངོན་པར་ཤེས་པ་དང། མཆོག་གི་དངོས་གྲུབ་ལ་སོགས་པ་དང། ལས་ཐམས་ཅད་ཚོགས་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་ཕྱག་རྒྱ་བསྟན་ནས་ད་ནི་རྡོ་རྗེའི་རིགས་ཀྱི
་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་སྨིན་མའི་ཁྲོ་གཉེར་གྱིས་ཁྲོ་བོ་རྡོ་རྗེའི་ལྟ་བའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་ཏེ། ཁྲོ་བ་དང་སྒེག་པའི་རྣམ་པར་འཕྲུལ་པས་སྐྱེད་པའི་འཛུམ་པ་དང་རྣམ
་པར་འཕྲུལ་བ་དང་བཅས་པའོ། །དེ་དང་བཅས་པའི་སྨིན་མའི་བར་གྱི་ཁྲོ་གཉེར་ནི་ཁྲོ་བ་སྟོན་པར་བྱེད་པའི་དཔྲལ་བའི་རི་མོའོ?། །དེས་ཉེ་བར་མཚོན་པའི་ཁྲོ་བོའི་རྡོ་རྗེའི་ལྟ་བའི་ཕྱག་རྒྱ་སྟེ། རྡོ་རྗེ་ཆེན་པོའི་ཁྲོ་བོ་ཀཱི་ལི་ཀཱ?་ལི་ཞེས་བྱ་བའོ། །འདིས་ཇི
་ལྟ་བ་བཞིན་དུ་བཤད་པའི་ལས་ཐམས་ཅད་རྣལ་འབྱོར་པས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བསྟན་ནས། ད་ནི་པདྨའི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་ཐམས་ཅད་དག་པའི་ཏིང་ངེ
་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། པདྨའི་རིགས་ནི་རང་བཞིན་གྱིས་དག་པའི་ཞེས་བྱ་བའི་བསྒོམ་པ་ནི་ཐམས་ཅད་དག་པའི་ཏིང་ངེ་འཛིན་ཏེ། ཏིང་འཛིན་ངེས་གཟུགས་སྣ་ཚོགས་པའི་བྱ་བ་ལ་རབ་ཏུ་འཇུག་པ་སྟེ། རྫོགས་པར་བྱེད་ཅིང་པདྨའི་རིགས
་ཀྱི་ལས་ཀྱི་ཚོགས་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལྟར་པདྨའི་རིགས?་ཀྱི་ཕྱག་རྒྱ་བསྟན་ནས་ད་ནི་ནོར་བུའི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཕྲ་བར་བསྐྱོད་པ་དག་གིས་རོལ་ཅིང་ཐམས་ཅད་ཀྱི་རྗེས་སུ་ཆགས་པར་བྱའོ་ཞེས་བྱ་བ
་གསུངས་ཏེ། འཕགས་པ་ནམ་མཁའ་ཨི་སྙིང་པོའི་གསང་བའི་དཀྱིལ་འཁོར་ནམ་མཁའ་ཨི་ཁམས་ཐམས་ཅད་ཀུན་ཏུ་ཁྱབ་པར་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སྟོན་པར་བྱེད་ཅིང་ཐོབ་པར་བྱེད་པ་ནི་ནམ་མཁར་བརྗོད་པ་ཡིན་ནོ། །དེ་ལ་ཤིན་ཏུ་རྣལ་འབྱོར་གྱི
་བསྒོམ་པས་ཅུམ་པ་ན་དང། འཁྱུད་པ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་རྒྱས་བཏབ་ཅིང་ཕྲ་བར་བྱེད་པ་བསྐྱེད་པ་བསྐྱོད་པ་རྣམས་ཀྱིས་བཅོམ་ལྡན་འདས་དང། དེའི་ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ་ཡང་དག་པར་སྐྱོར?་བར་བསྒོམ་ཞིང་?་ཏུ་གཞུག་པར
་བྱའོ། །དེ་ཉིད་རྣལ་འབྱོར་ཐམས་ཅད་ནམ་མཁའ་ལ་འགྲོ་བས་རྗེས་སུ་ཆགས་པར་བྱ་ཞིང་མངོན་དུ་བྱའོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་ནམ་མཁའ་ཡང་ཡིན་ལ་ཐམས
་ཅད་ཀྱང་དེ་ཉིད་ཡིན་པས་ནམ་མཁའ་ཐམས་ཅད་སྟེ། ཕྱོགས་བཅུར་རྫས་ཐམས་ཅད་མེད་པའི་རང་བཞིན་ཅན་ནོ། །དེ་དང་འདྲ་བའི་གཟུགས་ཐམས་ཅད་བསྟོང་པས་ཀུན་ཏུ་འགྲོ་བའི་བདག་ཉིད་ཀྱི་དངོས་པོའི་སྐུ་གང་ལ་མངའ་བ་དེ་ནི་ནམ་མཁའ་ཐམས
་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་སྟེ། དེའི་དངོས་པོ་ནི་ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་ཉིད་དོ། །ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་ཉིད་ཀྱི་རྒྱུ་དེའི་ཕྱིར་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་སྟེ། དེས
་སྒྲུབ་པ་པོའི་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་ནམ་མཁའ་ལས་སྒྲུབ་པར་མཛད་པ་ཡིན་ནོ་ཞེས་བྱ་བ་ཡང་གསུངས་སོ། །མཆོག་དང་པོའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་མཆོག་ཏུ་གསང་བའི་ཙུམ་པ་ན་དང་འཁྱད་པ
་ལ་སོགས་པའི་ཕྱག་རྒྱ་བཅུ་པོའི་ཕྱག་རྒྱའི་རྒྱུར་བསྟན་ནས། ད་ནི་ཕྱག་རྒྱ་བཅུའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་པའི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ
་གསུངས་ཏེ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཤིན་ཏུ་གཞལ་དུ་མེད་ཅིང་ཚད་མེད་པ་གྲངས་མེད་ཅིང་བརྗོད་དུ་མེད་ཅིང་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བས་ནི་དངོས་པོའི་ཕྱི་མ་ཕྱི་མ་རྒྱ་ཆེར་བར་སྟོན་པར་བྱེད
་པའི་གྲངས་ཀྱི་ཁྱད་པར་ཏེ། དེ་དང་དེ་ནི་མདོ་སྡེའི་ནང་ནས་ཤེས་པར་བྱའོ། །འདས་མ་ཐག་ཏུ་བཤད་པ་དེའི་ཚོགས་ན་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་མིང་ཅན་གྱི་རྒྱུན་དེ། ཕྱག་རྒྱ་རྣམས་སྟོན་པར་བྱེད་པའི་སྒྲའི་ཚོགས་རྗེས་སུ་སྦྱར
་པར་བྱའོ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དག་ཉེ་བར་དགོད་པ་ལའོ། །ཕྱག་རྒྱ་བཅུའི་བདག་ཉིད་ཐམས་ཅད་སྐྱེད་པར་བྱེད་པའོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ
་སོགས་པའི་སྐུའི་གསང་བ་ནི་བདག་ཉིད་ཐམས་ཅད་དེ། དེ་སྟོན་པར་བྱེད་ཅིང་མངོན་དུ་བྱེད་པས་ན། བདག་ཉིད་ཐམས་ཅད་སྐྱེད་པར་བྱེད་པ་ཞེས་བྱ་བར་བརྗོད་དོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་རྡོ་རྗེ
་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་སྟེ། རྡོ་རྗེ་སྙེམས་མ་ལ་སོགས་པས་བཞི་དག་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། སྔོན་དུ་ཞེས་བྱ་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ལས་བྱུང་བའོ་ཞེས་བྱ་བ
་ལས་དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་རྡོ་རྗེའོ། །དེ་ཉིད་དོན་ཡོད་པའི་དམ་ཚིག་གོ་།དེ་ལས་དེ་དག་བྱུང་བ་ཡིན་ནོ། །དེ་དག་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། སྔོན་དུ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་ནི་ཐོག་མ་སྟེ། གདོད་མ་ནས་གྲུབ་པའོ། །གདོང
་མ་ནས་གྲུབ་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཡང་དེ་ཉིད་ཡིན་པས་ན་གདོད་མ་ནས་གྲུབ་པ་ཐམས་ཅད་མཆོག་གི་དངོས་གྲུབ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པའོ། །དེ་ཉིད་ཐོག་མར་གང་ལ་ཡོད
་པ་དེ་མྱུར་བར་མཆོག་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་དག་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། བདག་ཉིད་ཐམས་ཅད་ཀྱིས་སོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ལ་ལྷག་པར་མོས་པ་ནི་བདག་ཉིད་ཐམས་ཅད
་དེ། བདག་ཉིད་ཐམས་ཅད་དེས་དེ་དག་སྒྲུབ་པར་བྱའོ། །དེ་ལ་སྐུའི་ཕྱག་རྒྱ་ནི་འདི་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བ་དན་གསུམ་པ་དང། ཁ་ཊཝཱཾ་གའི་ཕྱག་རྒྱ་བཅིང་བའོ་ཞེས་བྱ་བ་ལ་།ལག
་པ་གཡས་པས་བ་དན་གསུམ་པ་བྱས་ལ། གཡོན་པས་ཁ་?་ཀའི་ཕྱག་རྒྱ་བཅིང་བར་བྱའོ། །གཡོན་པའི་དྲིལ་བུ་དང་བཅས་པ་ཞེས་བྱ་བ་ལ། གཡོན་པའི་ཁ་ཊཝཱཾ་གས་རྡོ་རྗེ་དྲིལ་བུ་བླངས་ནས་ལག་པ་གཡོན་པའི་བདན་གསུམ་པས་སློང་བའི
་ཚུལ་བྱས་ནས་སྒེག་པ་དང་དཀྲོལ་ཞིང་གར་བྱས་ནས་རྡོ་རྗེ་འདོད་པའི་དབང་ཕྱུག་མོ་སྟེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་སྟོང་པ་ནི་བསྐྱེད་པའི་རྒྱུའོ། །དེས་རྡོ་རྗེ་སྙེམས་པ་ཡོངས་སུ་བསྐོར་ཏེ་དགྲོལ་བར་བྱའོ། །འདི་ལྟར་འཆད་པར་འགྱུར་ཏེ།
་དང་པོའི་རྡོ་རྗེ་བཅིངས་ནས་གཉིས་སུ་བྱས་ལ་ལག་པ་གཡས་པས་བ་དན་གསུམ་པ་བྱས་ཏེ། བསྟོད་པའི་ཚུལ་གྱིས་གཟུང་བར་བྱའོ། །རྡོ་རྗེ་དྲིལ་བུ་དང་བཅས་པའི་ལག་པ་གཡོན་པས་ཀྱང་ཁ་ཊཝཱཾ་ག་བཅིངས་ནས་ལག
་པ་གཡོན་པ་དང་གཡས་པ་དག་གི་མཛུབ་མོ་ལ་སོགས་པ་དང་བཅས་པ་དཀྲོལ་ཞིང་གར་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། དེ་ལྟར་ན་བཞི་འགྱུར་གྱི་དངོས་གྲུབ་གྲུབ་པར་འགྱུར་རོ། །མངའ་བསྟོད
་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ། དང་པོའི་རྡོ་རྗེ་གཉིས་སུ་བྱས་ལ་ཇི་ལྟ་བ་བཞིན་དུ་གར་ལས་བྱུང་བའི་འདོད་ཆགས་རྡོ་རྗེ་མའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་བཞིན་དུ་གར་བྱས་ལ་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །
་དེ་བཞིན་དུ་གར་བྱས་ལ་རྡོ་རྗེ་དྲན་མའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་བཞིན་དུ་གར་བྱས་ལ། རྡོ་རྗེ་འདོད་མའི་དབང་ཕྱུག་མའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། དེ་ལྟར་ན་བཞི?་འགྱུར་གྱི་དངོས་གྲུབ་གྲུབ་པར་འགྱུར་རོ། །རྣམ་པ་ལྔ་པོ་དེ་དག
་མཆོག་ཏུ་གསང་བའི་རས་རིས་ཕྱག་རྒྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཡིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་མཆོད་པས་རབ་ཏུ་དགའ་མ་ལ་སོགས་པའི་མཆོད་པ་ཐམས་ཅད་ཐོབ་པ་མི་ཟད་པའི་ཞེས་བྱ་བ་ལ
་རབ་ཏུ་དགའ་མ་དང། སྤྱན་དང། དཔལ་ཆེན་མོ་རྣམས་ནི་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པ་སྟེ་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་གི་མཆོད་པའོ། །རབ་ཏུ་དགའ་མ་ལ་སོགས་པའི་མཆོད་པ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ
་བ་དང་ཡིད་བདེ་བའི་རང་བཞིན་ཅན་ཐོབ་པ་ནི་མངོན་དུ་བྱེད་པའོ་།མི་ཟད་པའོ་ཞེས་བྱ་བ་ནི་རྟག་པའོ། །འདིས་འདི་ལྟར་འཆད་པར་འགྱུར་ཏེ། དེ་བཞིན་དུ་དང་པོའི་རྡོ་རྗེ་གཉིས་བྱས་ལ། བ་དན་གསུམ་མཆོག་དང། ཁ་ཊཝཱཾ་གས་གར་བྱས་ཏེ
་མཆོད་པའི་ལྷ་མོ་བཞི་པོའི་མཆོད་པའི་ཕྱག་རྒྱ་བཅིངས་ནས་མཆོད་པར་བྱའོ། །རྡོ་རྗེ་བསྟོད་པའི་ཕྱག་རྒྱས་སྲིད་པ་གསུམ་ཐམས་ཅད་བསྐྱོད་པ་དང་དབང་དུ་བྱེད་པའོ་ཞེས་བྱ་བ་ལ་དེ་བཞིན་དུ་གར་བྱས་ལ་སྲིད་པ་གསུམ་ཐམས་ཅད་རྡོ་རྗེའི་དབུས་སུ་ཡིད་ཀྱིས
་བཅུག་ལ་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ནས་སྲིད་པ་གསུམ་བསྐྱོད་པ་དང། དབང་དུ་བྱ་བའི་བསམ་པས་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཟུང་བར་བྱ་སྟེ། དེ་ལྟར་དེ་དག་ཐམས་ཅད་གྲུབ་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ་ལ
་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ཏེ། ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་མདུན་དུ་བྱས་ཏེ། དེ་བཞིན་དུ་གར་བྱས་ཏེ་རྡོ་རྗེ་ཧཱུཾ་མཛད་བརྗོད་ཅིང་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་རྣམ་པར་བསམས་ཏེ། གཡོན
་བརྐྱང་བའི་སྟབ་སྟབས་ཀྱིས་གནས་ནས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་ལ་གཞུག་ཅིང་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ལ་རྐང་པ་གཡོན་པས་གཟུགས་བརྙན་དེ་མནན་ནས་བཟླ་བར་བྱ་སྟེ། དེ་ལྟར་ན་རིང་པོ་མི་ཐོགས་པར
་དེ་གྲུབ་པར་འགྱུར་བ་ཡིན་ནོ། །མཐོན་པོའི་སྟན་ཞེས་བྱ་བ་ལ་སོགས་པ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱང?་ནས། བསྒྲུབ་བྱའི་གཟུགས་བརྙན་མདུན་དུ་བཞག་སྟེ། སྟན་མཐོན་པོ་ལ་སྐྱིལ་མོ་ཀྲུང་ཕྱེད
་པས་འདུག་སྟེ། དེ་བཞིན་དུ་གར་བྱས་ལ་སྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱུཾ་གིས་བསྒྲུབ་བྱ་གཟུགས་བརྙན་ལ་གཞུག་ཅིང་བཅུག་སྟེ་བཅིངས་ནས་འབད་དུ་བྱའོ། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་དེ་ཉིད་རྐང་པ་གཡོན
་པས་མནན་ཏེ། སྙེམས་པ་ངང་བཅས་པས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་རིང་པོར་མི་ཐོགས་པར་སེམས་ཅན་དེ་དང་དེ་འགྲུབ་པར་འགྱུར་རོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར
་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དེ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ནས་གཉིས་སུ་བྱས་ཏེ། སྔ་མ་བཞིན་དུ་གར་བྱས་ལ། ལྷའི་བུ་མོ་གང་དགོས་པའི་ཚུལ་དུ་སྒྲུབ་པར་འདོད་པ་དེ་དང་ལྷན་ཅིག་ཏུ་དབང་བོ་གཉིས་སྙོམS
་པར་ཞུགས་པ་ཡིད་ཀྱིས་བྱ་ཞིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གིས་རྟགས་གཟུང་ལ། ཡི་གེ་ཧཱུཾ་བཟླ་བར་བྱས་ཏེ། དེ་ལྟར་ན་དེ་བཙུན་མོའི་རང་བཞིན་དུ་གྲུབ་པར་འགྱུར་རོ། །དེ་ལྟར་དང་པོའི་རྡོ་རྗེ་གཉིས་སུ་བྱས་ནས་བ་དན་གསུམ་དང་ཁ་ཊཝཱཾ་གའི
་ཕྱག་རྒྱས་གར་བྱས་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིང་བ་རྣམ་པ་བཅུ་ཕན་ཡོན་དང་བཅས་པ་བསྟན་ནས་ད་ནི་དམ་ཚིག་ལས་ཀྱི་ཕྱག་རྒྱ་བཅིང་བ་རྣམ་པ་བཅུ་བསྟན་པར་བྱ་བའི་ཕྱིར་དེ་ནས་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ།
་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་ལ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་དམ་ཚིག་ནི་གསང་བའི་ལྕགས་ཀྱུ་བཅིངས་ལ་ཕུན་སུམ་ཚོགས་པ་བསྒྲུབ་པའི་བསམ་པས་རང་གི་སྙིང་གར་ཕྱག་རྒྱ་རྣམས་སོ། །སྙིང་གར་སེན་མོ་དྲུད་པ་ཞེས་བྱ་བ་ལ། གསང
་བའི་ལྕགས་ཀྱུ་བཅིངས་ནས་སྙིང་གར་ལྕགས་ཀྱུའི་སེན་མོ་ཕན་ཚུན་དྲུད་པར་བྱས་ཏེ། དེ་ལྟར་ན་ཅི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །ལྕགས་ཀྱུ་འཇིག?་བའོ་ཞེས་བྱ་བ་ལ། གསང་བའི་ལྕགས་ཀྱུ་བཅིངས
་ནས་ཕུན་སུམ་ཚོགས་པ་སྒྲུབ་པའི་བསམ་པས་རང་གི་སྙིང་གར་ལྕགས་ཀྱུར་བརྡེག་པར་བྱ་སྟེ། དེ་ལྟར་ན་ཕུན་སུམ་ཚོགས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །གཡོན་པའི་ལྕགས་ཀྱུ་ལ་གཡས་པ་གཞུག་པའོ་ཞེས་བྱ་བ་ལ། གསང
་བའི་ལྕགས་ཀྱུ་བཅིངས་ནས་གཡོན་པའི་ལྕགས་ཀྱུ་གཡས་པའི་དབུས་མ་ལྕགས་ཀྱུ་གཞུག་པར་བྱས་ཏེ། དེ་ལྟར་ན་བདེ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལྕགས་ཀྱུའི་རྩེ་མོ་བཙིར་བའོ་ཞེས་བྱ་བ་ལ། གསང་བའི་ལྕགས་ཀྱུའི་དབུས
་མོའི་རྩེ་མོ་དག་ཕན་ཚུན་དུ་བཙིར?་བར་བྱ་སྟེ། དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར་རོ། །ཕན་ཚུན་སེན་མོས་དྲུང་པའོ་ཞེས་བྱ་བ་ལ། དེ་ཉིད་ཀྱི་ལྕགས་ཀྱུའི་སེན་མོ་ཕན་ཚུན་དུ་དྲུང་བར་བྱས་ཏེ། དེ་ལྟར་ན་དམ་ཚིག་ཐམས་ཅད་གྲུབ་པར་འགྱུར་ཏེ།
་ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །སྙིང་གར་བྱ་བ་པར་བྱའོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་ལྕགས་ཀྱུས་རང་གི་སྙིང་གར་བྱ་བ་པར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར་རོ། །ལྕེ་མཉམ་པར་འབྱིན་པའོ་ཞེས
་བྱ་བ་ལ་དེ་ཉིད་ཀྱི་དབུས་མའི་ལྕགས་ཀྱུ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ལ་དག་འབྱིན་པའི་ཚུལ་གྱིས་ཁའི་ཕྱོགས་ནས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་བསྟན་བཅོས་གྲུབ་པར་འགྱུར་རོ། །སྙིང་གར་རྡོ་རྗེ་བརྟན་པ་རབ་ཏུ་བཞག་པའོ་ཞེས
་བྱ་བ་ལ་ལྕགས་ཀྱུ་རང་གི་སྙིང་གར་སེམས་དཔའ་ཨི་རྡོ་རྗེ་རྫོགས་པའི་ཚུལ་བྱས་ཏེ། དེ་ལྟར་ན་ཡེ་ཤེས་ཐམས་ཅད་གྲུབ་པར་འགྱུར་རོ། །རྡོ་རྗེ་བྱ་བ་པའོ་ཞེས་བྱ་བ་ལ། རང་གི་སྙིང་ག་ན་གནས་པའི་རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་ལྕགས་ཀྱུས་བྱབ་པར་བྱ་སྟེ། དེ་ལྟར
་ན་ལས་ཐམས་ཅད་གྲུབ་པར་འགྱུར་རོ། །རྩ་བའི་ཕྱག་རྒྱ་ཡང་ངོ་ཞེས་བྱ་བ་ལ། གསང་བའི་ལྕགས་ཀྱུ་ནི་རྩ་བའི་ཕྱག་རྒྱ་སྟེ། དེས་རང་གི་སྙིང་གར་ཕྲུགས་ན་བདེ་བ་ཆེན་པོ་འགྲུབ་པར་འགྱུར། །དེ་ལྟར་གསང་བའི་ལྕགས་ཀྱུས་ལས་བསྒྲུབ་པར་བསྟན
་ནས། ད་ནི་རྡོ་རྗེ་སེམས་དཔའ་ལས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར་དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ་ཞེས་བྱ་བ་གསུངས་སོ། །ཁ་སྦྱོར་གྱི་ནང་དུ་སོར་མོ་ཐམས་ཅད་ཀྱི་ལས་སོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པའི་ནང་དུ
་སོར་མོ་ཐམས་ཅད་ཀྱི་ལས་ཀྱི་ཚུལ་བྱའོ་ཞེས་བྱ་བའི་དོན་ཏོ། །མཐེ་བོང་རྡོ་རྗེ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས?་ནས་མཐེའི་རྩེ་མོ་རྡོ་རྗེ་བསྡམས་པ་ལ་འཇུག་པས་ཏེ། དེ་ལྟར་ན་དངོས་པོ་ཐམས་ཅད་སྒྲུབ་པའོ། །དེ་ཉིད་ཀྱི་མཐིལ་གཉིས་སུ
་འཕྲུག་པའོ་ཞེས་བྱ་བ་ལ། ནང་དུ་གནས་པའི་མཐེ་བོ་གཉིས་པོ་དེ་ཉིད་ཀྱི་ཕྱག་མཐིལ་གཉིས་ཕྲུག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ། །མཛུབ་མོའི་རྡོ་རྗེའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས
་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱ་ལ་རྡོ་རྗེ་བསྡམས་པར་གཞུག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཆགས་ཤིང་འཆིང་བར་འགྱུར་རོ། །སྲིན་ལག་གི་རྡོ་རྗེའི་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་ལ་སྲིན་ལག་གཉིས་ཀྱི
་རྩེ་མོ་བཅུག་ནས་བཟུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་སྨྲ་བའོ། །དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དག་གི་རོལ་མོའི་ཞེས་བྱ་བ་ལ། ནང་ན་གནས་པའི་དྲིན་ལག་གི་རྩེ་མོ་དེ་ཉིད་ཀྱི་སོར་མོའི་རྩེ་མོ་དག་གིས་ཕན་ཚུན་རོལ་མོའི་ཚུལ་དུ་བྱས་ཏེ
་དེ་ལྟར་ན་གར་བྱེད་དུ་གཞུག་པའོ། །མཐེའུ་ཆུང་གི་རྡོ་རྗེའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ནང་དུ་གཞུག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་དགོད་པའོ། །དེ་ཉིད་ཀྱི་མཐེ་བོ་གཉིས་ཀྱི་རྩེ་མོ་སེན་མོ་བཙིར?་བའོ།།
་ཞེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་མཐེའུ་ཆུང་གཉིས་ཀྱི་རྡོ་རྗེ་ནང་དུ་གནས་དེ་ཉིད་ཀྱིས་མཐེ་བོ་གཉིས་ཀྱི་སེན་མོ་བཙིར་བར་བྱས་ཏེ། དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །རྡོ་རྗེ་གར་གྱི་མཆོད་པས་ཞེས་བྱ་བ་ལ་སོཌ
་པ་ལ་བ་དན་གསུམ་མཆོག་དང་ཁ་ཊཝཱཾ་ག་སྒེག་པ་དང་བཅས་པར་མཐེ་ཆུང་ལ་སོགས་པ་དཀྲོལ་བའི་ཚུལ་བར་དུ་མཆོད་པ་ཉིད་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ལ། ཡི་གེ་ཧཱུཾ་བརྗོད་ཅིང་རྡོ་རྗེ་ལྟ་བས་བལྟས་ཞིང་གར་བྱས་ཏེ།
་དེ་ལྟར་ན་ལྷ་དང་ལྷ་མ་ཡིན་པའི་བུ?་མོ་ཐམས་ཅད་དང། གཞོན་ནུ་མའི་བུ་མོ་ཐམས་ཅད་བསྟན་ནས་རྗེས་སུ་ཆགས་པར་འགྱུར་རོ། །རབ་ཏུ་དགའ་བ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ནོ། །དེ་ཡང་དེ་བཞིན་དུ་གར་གྱི་ཚུལ
་གྱིས་རང་གི་མ་མཆུ་ནང་དུ་གཡོ་བ་མེད་པར་མྱང་བ་དང་བཏུང་བའི་ཚུལ་གྱིས་གྲུབ་པ་ཡིན་ནོ། །དེ་བཞིན་དུ་གར་བྱ་ཞིང་ལྕགས་རིང་པོ་བཏང་བས་ཡི་གེ་ཧཱུཾ་བརྗོད་པར་བྱ་བ་སྟེ། དེ་ལྟར་ན་ཆགས་པ་བསྟན་པ་འཆིང་ཞིང་མཐོང་བར་འགྱུར་རོ། །དེ་བཞིན་དུ་གར་བྱ
་ཞིང་དཔུང་པ་གཉིས་གཏོད་ཅིང་བཟླ་བར་བྱ་སྟེ། དེ་ལྟར་ན་དབང་ཕྱུག་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གར་བྱ་ཞིང་གར་ཚུལ་གྱིས་སྙིང་ག་བསྐྱོད་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཀྱི་མཆོད་པར་འགྱུར་རོ། །དེ་བཞིན་དུ་གར་བྱ་ཞིང་མིག་གཉིས
་ཀྱིས་བསྒྲུབ་བྱ་དགུག་པའི་ཚུལ་བྱས་ཏེ། དེ་ལྟར་ན་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་དུ་གར་བྱ་ཞིང་དབུགས་གཏོང་བ་དང། དམན་པའི་གདོང་གིས་ལྟ་བའི་ཚུལ་བྱས་ཏེ། དེ་ལྟར་ན་འདོད་པའི་འདོད་ཆགས་སྐྱེད་པར་བྱེད་པ་ཡིན་ནོ།།
་དེ་བཞིན་དུ་གར་བྱ་ཞིང་རང་གི་སྙིང་གའི་དཔྲལ་བར་བསྐྱོད་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་འབེབས་པར་བྱེད་དོ། །དེ་བཞིན་དུ་གར་བྱས་ཤིང་དབུགས་གཏང་བས་རང་ཉིད་ལྟུང་བར་འགྱུར་ཏེ། དེ་ལྟར་འདོད་པའི་ཆགས་པས་གསོད་པར
་འགྱུར་རོ། །དེ་བཞིན་དུ་གར་བྱས་ཤིང་བཀའ་བསྒོ་བའི་ཚུལ་དུ་བྱེད་དེ། དེ་ལྟར་འདོད་པ་ཐམས་ཅད་ཀྱི་རྗེས་སུ་སྤྱོད་པ་ལ་སོགས་པའི་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །དེ་ལྟར་རྡོ་རྗེ་གར་གྱི་སྦྱོར་བས་ལས་བཅུའི་སྒྲུབ་པ་བསྟན་ནས། ད་ནི་རྡོ་རྗེ་སེམས
་དཔའ་ཨི་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ལས་སྒྲུབ་པ་བསྟན་བར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཅུ་པོ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་སྙེམས་མའི་ཕྱག་རྒྱས་ཐམས་ཅད་སྒྲུབ་པའོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས
་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔས་ཏེ། དེས་བརྟན་པ་དང། གཡོ་པའི་དངོས་པོ་ཐམས་ཅད་སྒྲུབ་པའོ། །འདོད་ཆགས་རྡོ་རྗེ་མའི་ཕྱག་རྒྱ་ནི་རྡོ་རྗེ་མཚོན་ཆ་མ་སྟེ། དེས་བདུད་ལ་སོགས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང། རྡོ་རྗེ་སེམས་དཔའ་ལ་སོགས
་པ་ཐམས་ཅད་རྗེས་སུ་ཆགས་པ་དང། གདུག་པའི་དཀྱིལ་འཁོར་ལ་སོགས་པ་གསོད་པར་འགྱུར་རོ། །རྡོ་རྗེ་ཀཱི་ལི་ཀཱཾ་ལའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལ་སྟེ། རབ་ཏུ་དགའ་བའི་རེག་བྱ་ནི་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང། ཡིད་བདེ
་བ་མངོན་དུ་བྱ་བའོ། །རེག་བྱ་དེས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བདེ་བས་ཏེ། ཉོན་མོངས་པ་མེད་པར་སྒྲུབ་པ་པོ་རྣམས་ལ་འགྲུབ་པར་འགྱུར་རོ། །རྡོ་རྗེ་དྲན་མའི་ལས་ཀྱི་ཕྱག་རྒྱ་ནི་རྒྱལ་མཚན་སྒྲེང་བས་ཏེ། དེས་འཐབ
་མོ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མའི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་འདོད་དབང་ཕྱུག་མས་ཏེ། དེས་རྒྱལ་སྲིད་ཐམས་ཅད་ཀྱིས་དབང་ཕྱུག་གི་བདག་པོ་ཉིད་དུ་འགྱུར་རོ། །མེ་ཏོག་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ
་བཞི་ནི་དུས་ཀྱི་མཆོད་པས་ཏེ། དེས་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྙེམས་པ་དང་བཅས་པའི་རྡོ་རྗེ་གསོར་བའི་ཕྱག་རྒྱས་བདུད་ལ་སོགས་པ་ཐམས་ཅད་འདུལ་བར་འགྱུར་རོ། །གཡས་པའི་རྡོ
་རྗེ་ཁུ་ཚུར་གྱིས་འབར་བའི་རྡོ་རྗེ་ཡིད་ཀྱིས་བླངས་ཏེ། ཡི་གེ་ཧཱུཾ་བརྗོད་ཅིང་བསྒྲུབ་བྱའི་སྟེང་དུ་དབབ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །དེ་བཞིན་དུ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་འབར་བའི་རྡོ་རྗེ་རྣམས་ཡང་ནས་ཡང་དུ་འདི?
་ཀྱིས་བསྒྲུབ་བྱའི་སྟེང་དུ་དབབ་པར་བྱས་ཏེ། དེ་ལྟར་ན་རྡོ་རྗེ་ཕབ་པས་ཐམས་ཅད་གསོད་པ་དང། ཐམས་ཅད་འཕྲོག་པར་འགྱུར་རོ། །གཡོན་པ་སྙོམས་པ་དང་བཅས་པས་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པའི་ཁུ་ཚུར་གཉིས་ཀྱིས་སྙེཾས?
་པར་བྱས་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སྒྱུ་མ་ཐམས་ཅད་སྟོན་པའི་ཚུལ་གྱིས་སྒྱུ་མ་ཐམས་ཅད་སྟོན་པའོ། །རྫུ་འཕྲུལ་ཐམས་ཅད་སྟོན་པའི་ཚུལ་གྱིས་རྫུ་འཕྲུལ་ཐམས་ཅད་སྟོན་པའོ། །སོ་སོར་བསྟན་པ་ཐམས་ཅད་བསྟན་པའི
་ཚུལ་གྱིས་བསྟན་པ་ཐམས་ཅད་སྟོན་པའོ། །ཐམས་ཅད་འཇོམས་པའི་ཚུལ་གྱིས་ཐམས་ཅད་འཇོམས་པའོ། །དེ་བཞིན་དུ་རེངས་པ་དང། གཉིད་ལོག་ཏུ་གཞུག་པ་དང། བསྐོར་བ་དང། བསྐྲད་པ་དང། འབྲུ་དང། བཏུང་བ་འཕོ་བ་དང། དབང་དུ
་བྱེད་པ་རྣམས་ནི་དེ་དག་གི་ཚུལ་གྱིས་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །ད་ནི་རྡོ་རྗེ་ཐལ་མོ་ལས་བྱུང་བའི་ཕྱག་རྒྱ་བཅུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅུ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐལ་མོ་ལས་བྱུང་བས་ན་རྡོ་རྗེ
་ཐལ་མོ་ལས་བྱུང་བའོ། །རྡོ་རྗེ་སྐུ་མཆོག་གི་དངོས་གྲུབ་ཐམས་ཅད་དོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་མཐེ་བོ་གཉིས་ཀྱིས་སེམས་དཔའ་ཨི་སྐྱིལ་ཀྲུང་དུ་བྱས་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བ་ནི་རྡོ་རྗེ་སྐུ་མཆོག་གོ། འདིས
་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ཡིན་ནོ། །མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་དངོས་གྲུབ་ཐམས་ཅད་དོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱ་སྟེ་འདིས་ཀྱང
་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱིས་བདུད་ཐམས་ཅད་ལ་སོགས་པའི་གདུག་པ་འདུལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་བཀུག་ལ་ཕན་ཚུན་སྟེང་དུ་ཡང་དག
་པར་སྦྱར་བར་བྱས་ལ་མཐེ་བོང་གཉིས་བསྒྲེང་བ་སོ་སོར་ཡང་དག་པར་རབ་ཏུ་བརྐྱང་བ་ཁར་བཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །འདིས་ཡི་གེ་ཧཱུཾ་བཟློས་ཤིང་གདུག་པ་ཐམས་ཅད་འདུལ་བར་བྱའོ། །གང་དུ་ཁྱད་པར་གྱིས
་འགལ་བ་མེད་པ་དེ་ཐམས་ཅད་དུ་ཡི་གེ་ཧཱུཾ་གི་བཟླས་པ?་རྟོགས་པར་བྱའོ། །དེ་ཉིད་མཐེབ་མོ་གཉིས་ཀྱིས་བཀབ་པས་ཐམས་ཅད་རྙེད་པའོ་ཞེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་མཐེ་བོང་གཉིས་ཀྱི་རྩེ་མོ་འཛུབ?་
་མོ་གཉིས་ཀྱི་ལྕགས་ཀྱུ་དགབ་པར་བྱ་སྟེ། འདིས་རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱིས་མཐེ་བོ་གཉིས་བཅུག་ལ་གཙུག་ཏོར་རྡོ་རྗེས་ཐམས་ཅད་བསྲུང་བར་བྱའོ་ཞེས་བྱ་བ་ལ་འདས་མ
་ཐག་ཏུ་བཤད་པའི་ཕྱག་རྒྱའི་མཐེ་བོ་གཉིས་ནང་དུ་བཅུག་ལ་གཙུག་ཏོར་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བསྲུང་བར་འགྱུར་རོ། །མཐེ་བོང་རྡོ་རྗེ་ནང་དུ་བཅུག་ལ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ཅན་ཐམས་ཅད
་རྗེས་སུ་ཆགས་པ་དང། དགུག་པ་དང། དབང་དུ་བྱེད་པ་སྒྲུབ་པོ་ཞེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་གཙུག་ཏོར་གྱི་ཕྱག་རྒྱ་རང་གི་སྙིང་གའི་ཕྱོགས་སུ་གཟུང་བར་བྱ་སྟེ། དེ་ལྟར་ན་ཇི་ལྟར་བཤད་པ་བཞིན་དུ་གྲུབ་པ་ཡིན་ནོ། །མཐེ
་ཆུང་རྡོ་རྗེ་སོར་མོ་གཉིས་ཀྱིས་རྩེ་མོར་མཛུབ་མོ་གཉིས་ཀྱིས་ལེགས་པར་གཟུང་བས་མཐོ་བ་ནི་དཔལ་དགུག་པ་དང་དབང་དུ་བྱེད་པའོ་ཞེS་བྱ་བ་ལ་མཐེའུ་ཆུང་རྡོ་རྗེའི་སོར་མོ་གཉིS་ནི་མཐེའུ་ཆུང་གཉིས་སྟེ་དེའི་རྩེ་མོ་གཉིས་མཛུབ་མོ་གཉིས་ཀྱིས་ལེགS་པར་གཟུང་བ་གང
་ཡིན་པ་དེ་ཉིད་མཐོ་བའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ཉིད་ལ་དེ་སྐད་ཅེས་བྱའོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་མཐེའུ་ཆུང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་དེའི་རྩེ་མོ་གཟུང
་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོ་དེ་ཉིད་ཀྱིས་ནོར་སྦྱིན་ལས་ནོར་ཐམས་ཅད་དང། དཔལ་འཕྲོག་པའི་ཞེས་བྱ་བ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་ནི་རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོས་ཏེ། དེས་ནོར་སྦྱིན་ལས་དཔལ་དགུག་པ་དང།
་ནོར་དབྲོག་པའི་བསམ་པའི་དབང་གིས་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་དབུས་མ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའི་སྲིན་ལག་གཉིས་ཀྱིས་རྩེ་མོའི་མཐར་དབུས་མ་གཉིས་ཀྱིས་གཟུང་སྟེ་བཙིར་བར་བྱས་ན་འདིས་ནི
་བདུད་ལ་སོགས་པའི་གདོན་ཐམས་ཅད་ལས་གྲོལ་བ་ལ་སོགས་པར་འགྱུར་བ་ཡིན་ནོ། །རབ་ཏུ་དགའ་བའི་རྡོ་རྗེས་ཡུལ་ཐམས་ཅད་ཀྱི་མཆོག་སྒྲུབ་པའོ་ཞེས་བྱ་བ་ལ་རྡོ་རྗེ་ཐལ་མོ་ལས་བྱུང་བའི་མདའ་ལྔ་བསྡུས་པ་ནི་རབ་ཏུ་དགའ་བའི་རྡོ་རྗེ་སྟེ།
་དེས་ཡུལ་ཐམས་ཅད་ཀྱི་མཆོག་ནི་རྡོ་རྗེ་སེམས་དཔའ་སྟེ། ཐམས་ཅད་དུ་གྲུབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་ཐལ་མོ་ལས་བྱུང་བའི་ཕྱག་རྒྱ་བཅུ་བསྟན་ནས། ད་ནི་མདའ་ལྔ་བསྡུས་པ་ལས་བྱུང་བའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར།
་དེ་ནས་གསང་བའི་ཕྱག་རྒྱ་བཅུ་རབ་ཏུ་དགའ་བའི་རྡོ་རྗེ་ལས་བྱུང་བའོ་ཞེས་བྱ་བ་གསུངས་ཏེ། མངའ་ལྔ་བསྡུས་པ་ཉིད་འདི་རུ་དགའ་བའི་རྡོ་རྗེའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་སེམས་དཔའ་ཨི་རང་བཞིན
་གྱི་དཔལ་རྡོ་རྗེ་སེམས་དཔའ་དང་ཤིན་ཏུ་ལྷག?་པར་ཤིན་ཏུ་རྣལ་འབྱོར་གྱི་སྦྱོར་བས་ལྷག་པར་མོས་པར་བྱས་ལ། རྡོ་རྗེ་སེམས་དཔའ་མནན་ནས་བཅོམ་ལྡན་འདས་རྡོ་རྗེ་སྙེམས་མའི་ཕྱག་རྒྱ་ཆེན་པོ་དང། རྡོ་རྗེ་སེམས་མ་དང་བཅས་པའི་རིག་པའི
་ལྷ་མོ་སྟེ། དེ་རོལ་ཏུ་བཅུག་པ་ནི་སྒྲུབ་ཅིང་མངོན་དུ་བྱེད་པའོ། །འདི་ཇི་ལྟར་འགྱུར་ཞེ་ན། རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་པ་ཞེས་བྱ་བ་གསུངས་སོ། །རབ་ཏུ་དགའ་པའི་རྡོ་རྗེ་ཆེན་པོ་དེ་གང་ཡིན་ཞེ་ན། རྡོ་རྗེ་དང
་བཅས་པའི་རབ་ཏུ་དགའ་བའི་རྡོ་རྗེའོ་ཞེས་བྱའོ། །དང་པོའི་རྡོ་རྗེ་དང་བཅས་པའི་མངའ་ལྔ་བསྡུས་པ་ནི་རྡོ་རྗེ་དང་བཅས་པའི་རབ་ཏུ་དགའ་བའི་རྡོ་རྗེའོ། །འདི་ལྟར་འཆད་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བླངས་ནས་མདའ་ལྔ་བསྡུས་པའི
་བཅིངས་ནས། རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོར་བརྗོད་པ་ཡིན་ནོ། །དེ་བཅིངས་ནས་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་པའི་ལྷག་པར་མོས་པར་བྱས་ཏེ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་མནན་ནས་རྡོ་རྗེ་ཐལ་མོ་དང་རོལ་པར་འགྱུར་ཏེ།
་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལས་དང་པོ་པ་རྣམས་ནི
་དེ་བཞིན་གཤེགས་པ་ཐམས་ཅད་དོ་དེ་རྣམས་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དོན་དུ་གཉེར་བའི་སེམས་ནི་ཆགས་པ་དང་བྲལ་བའི་འཁོར་ལོ་སྟེ། དེ་བྲལ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས
་བཀག་པའོ། །དེ་ཇི་ལྟར་ཞེ་ན། མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ། མདའ་ལྔ་བསྡུས་པ་བཅིངས་ནས་མཛུབ་མོ་དང། དབུས་མ་དང། སྲིན་ལག་གི་སོར་མོ་རྣམས་ལག་པའི་རྒྱབ་གཉིས་ནས་ཅུང་ཟད་བཏེག་ལ་མཐེ་བོང་དང།
་མཐེ་ཆུང་གཉིས་མཉམ་པའི་སོར་མོ་རྣམས་ཀྱི་རྩེ་མོ་གཉིས་བྱས་ལ་རྡོ་རྗེ་བསྡམས་པ་དྲལ་བའི་ཚུལ་གྱིས་ཁྲོས་ཤིང་རང་གི་སྙིང་གར་དྲལ་བར་བྱ་སྟེ། དེ་ལྟར་ན་དཔལ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན
་གྱི་རབ་ཏུ་དགའ་བའི་རྡོ་རྗེ་རྣལ་འབྱོར་པ་ལ་གྲུབ་པར་འགྱུར་རོ། །དེ་ཡང་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་པས་ན་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་པས་ཏེ་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་པ་པོའི་རྒྱུད་ལ་སྐྱེས་པའི་རབ་ཏུ
་དགའ་བའི་རྡོ་རྗེ་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །བཙིར་ན་འདོད་པ་ཐམས་ཅད་བརྟན་པར་བྱེད་པའོ་ཞེས་བྱ་བ་ལ། མདའ་ལྔ་བསྡུས་པ་བཅིངས་ནས་བཙིར་བར་བྱ་སྟེ། དེ་ལྟར་ན་སེམས་དཔའ་དང་འདོད་ཆགས་རྡོ་རྗེ་མ་ལ་སོགས
་པའི་འདོད་པ་ཐམས་ཅད་བརྟན་པར་བྱེད་པར་འགྱུར་རོ། །མཛུབ་མོ་ལྕགས་ཀྱུས་འདོད་པ་ཐམས་ཅད་ཀྱི་བདེ་བ་དགུག་པའོ་ཞེས་བྱ་བ་ལ། མདའ་ལྔ་བསྡུས་པ་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་བྱས་ནས་རྡོ་རྗེ་སེམས་ལ་སོགས
་པའི་འདོད་པ་ཐམས་ཅད་ཀྱི་བདེ་བ་རང་གི་རྒྱུད་ལ་སྐྱེ་བར་འགྱུར་རོ། །མཛུབ་མོས་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའོ་ཞེས་བྱ་བ་ལ། མདའ་ལྔ་བསྡུས་པ་བཅིངས་ནས་གཡོན་པའི་མཛུབ་མོས་བདག་ཉིད་དམ་སྒྲུབ་བྱ
་སྡིགས་མཛུབ་བྱས་ཏེ། དེ་ལྟར་ན་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་འགྱུར་རོ། །རྟགས་བསྐྱོད་པས་རབ་ཏུ་དགའ་བ་འབེབས་པ་དང། དེ་ཡང་སྒྲུབ་པའོ་ཞེས་བྱ་བ་ལ། མདའ་ལྔ་བསྡུས་པས་རང་གི་རྟགས་བསྐྱོད
་པར་བྱ་སྟེ། དེ་ལྟར་ན་དཔལ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང། ཡིད་བདེ་བའི་རང་བཞིན་ཅན་གྱི་རབ་ཏུ་དགའ་བ་འབེབས་པ་དང། དེ་གྲུབ་པའོ། །སྐྱེ་གནས་གཡོ་བའོ་ཞེས་བྱ་བ་ལ། མདའ་ལྔ་བསྡུས་པས་རང་གི་རྟགས་བསྐྱོད་པས་ཤིན་ཏུ
་བདེ་བའོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བུད་མེད་དང་སྐྱེས་པ་དག་གི་རབ་ཏུ་དགའ་བའོ། །ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བ་དང། ཡིད་བདེ་བ་རྫོགས་པའི་ཁྱེད་བུད་མེད
་དང་སྐྱེས་པ་དཔལ་རྡོ་རྗེ་སེམས་དཔའ་དང་ཅིག་ཏུ་གྱུར་པས་ཡིད་ཀྱིས་རྫོགས་པར་བྱ་ཞིང་མདའ་ལྔ་བསྡུས་པའི་ཕྱག་རྒྱ་ངེས་རྣལ་འབྱོར་པས་རང་གི་རྟགས་བསྐྱོད་པར་བྱ་སྟེ། དེ་ལྟར་ན་དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང། ཡིད་བདེ་བ
་གྲུབ་པ་ཡིན་ནོ། །ཁ་སྦྱོར་བཙིར་བས་ཞེས་བྱ་བ་ལ་སོགས་པ་དང། མངའ་ལྔ་བསྡུས་པ་བཅིངས་ནས་ཕན་ཚུན་ལག་པ་གཉིས་བཙིར་ཞིང་མངོན་པར་འདོད་པའི་གང་ཟག་དང་ལྷན་ཅིག་ཏུ་འདུས་པ་དང། བྲལ་བ་བསམ་པར་བྱ་སྟེ། དེ་ལྟར
་ན་འདི་གཉིས་གྲུབ་པ་ཡིན་ནོ། །རྟགས་ཀྱི་སེན་མོ་ཞེས་བྱ་བ་ལ་མངའ་ལྔ་བསྡུས་པ་བཅིང་ནS་དེའི་གཡས་པའི་མཐེ་བོ་ཡི་རྟགས་ཀྱི་སེན་མོས་ལག་པ་གཡོན་པའི་མཐིལ་བྲུད་པས་ཤིན་ཏུ་བརྟན་པའི་འདོད་པ་ལ་ཆགས་པ་ཉིད་དུ་འགྱུར་རོ། །འདིས
་ནི་འདི་ལྟར་བཤད་པར་འགྱུར་ཏེ། མཚན་ཐོག་པའི་རྣལ་འབྱོར་པས་དངོས་གྲུབ་ཆེན་པོ་སྒྲུབ་པར་བྱས་ནས་གལ་ཏེ་གྲུབ་པར་མ་གྱུར་ན། དེའི་ཚེ་འདི་བཅིངས་ལ་འདོད་ཆགས་རྡོ་རྗེ་མ་ལ་སོགས་དང་ཡང་དག་པར་སྦྱོར
་བ་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་དག་གཞན་མི་འདོད་པར་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་སྟེར་བའི་བུད་མེད་ཐམས་ཅད་རང་ལ་གྲུབ་པ་ཡིན་ནོ། །མངའ་ལྔ་བསྡུས་པ་བཅིངས་ནས་གཡོན་པའི་མཐེབ་མོའི་སེན་མོས་ལག་པ་གཡས་པའི
་མཐིལ་དུ་བྲུད?་པར་བྱ་ཞིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐྱེས་བུ་རྣམས་དང། ཙུམ་པ་ན་དང་མཁྱུད་པ་ལ་སོགས་པ་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་དག་གྲུབ་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཞེས་བྱ་བ་ལ། རྡོ་རྗེ
་སེམས་དཔའ་ཨི་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེ་སེམས་དཔའ་ལ་འཁྱུད་པའི་བསམ་པས་བདག་ཉིད་ལ་ཁྱུད་པ་བྱ་ཞིང་བཟུང?་བའི་སམ?
་བས་རང་གི་མ་མཆུས་སོ་རྣཾས་ཀྱིས་གཟུང་བར་བྱ་སྟེ། དེ་ཉིད་ཀྱིས་བདེ་བ་དང་ཤིན་ཏུ་རོ་གཅིག་པར་འགྱུར་བར་བདག་ཉིད་བསམ་ཞིང། ཨ་ནུ་ར་ག་ཡ་མི་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་དང་བཅས་པའི་ཡི་གེ་ཧཱུཾ་བཟླ་བར་བྱ་སྟེ། དེ་ལྟར་ན་བཅོམ་ལྡན་འདས
་རྡོ་རྗེ་སེམས་དཔའ་རབ་ཏུ་དགའ་བའི་དངོས་གྲུབ་ཀྱིས་ཤིན་ཏུ་གྲུབ་པར་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པའི་དངོས་གྲུབ་ནི་མཆོག་དང་པོའི་དངོས་གྲུབ་སྟེ། ངེས་སུ་ར་ཏ་སྟཝཾ་ཞེས་བྱ་བ་བཅོམ་ལྡན་འདས་བསྐུལ་ཏེ། དེ་ཁོ་ན་ཉིད་བསྐུལ
་བ་དེས་དེ་གྲུབ་པར་འགྱུར་རོ། །འདས་མ་ཐག་ཏུ་བཤད་པའི་བསྒོམ་པ་བྱ་ཞིང། གལ་ཏེ་ཡིད་བདེ་བ་སྐྱེས་པར་འགྱུར་ན། དེའི་ཚེ་གཞན་དང་གཞན་དུ་སུ་ར་ཏ་སྟཝཾ་ཞེས་པས་བཅོམ་ལྡན་འདས་བསྐུལ་བར་བྱས་ན་དེ་ཁོ་ན་ཉིད་བསྐུལ་བས
་འདིས་དེ་གྲུབ་པར་འགྱུར་རོ། །རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་ཐམས་ཅད་སྒྲུབ་པའོ་ཞེས་བྱ་བ་དེ་བཞིན་དུ་འཁྱུད་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང། ཡིད་བདེ་བ་མངོན་དུ་བྱས་ཏེ། དེ་ལྟར་ན་ཡིད་ཀྱི་འདོད་པ་ཐམས་ཅད་གྲུབ་པར་འགྱུར་རོ། །
་ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་བཀབ་ནས་སྒྲུབ་པོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གོས་ཀྱིས་བཀབ་པར་བྱས་ལངས་པ་འམ་འདུག་པ་འམ། མཉམ་པར་བཞག་པ་འམ་མྱི
་པར་མ་བཞག་པའི་རྣལ་འབྱོར་གྱིས་རྟོགས་པའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གྲུབ་པར་འགྱུར་རོ། །བདེ་བ་ཆེན་པོའི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་ལྟ་བས་ཐམས་ཅད་པའོ་ཞེས་བྱ་བ་ལ། རྣམ་པར་འཕྲུལ་པ་དང
་བཅས་པའི་འཛུམ་པའི་སྤྱན་དང་ལྡན་པ་བདེ་བ་ཆེན་པོའི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་ལྟ་བ་སྟེ། དེས་ཐམས་ཅད་གྲུབ་པར་འགྱུར་རོ། །སྨིན་མ་གྱེན་དུ་བཏེག་པས་ལྟུང་བ་སློང་བའོ་ཞེས་བྱ་བ་ལ། ལྷ་ཆེན་པོ་ལ་སོགས་པའི་སེམས་ཅན
་རྣམ་དང། རི་བོ་ལ་སོགས་པའི་སྨིན་མ་གྱེན་དུ་བཏེག་པས་བསླང་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་མ་མཆུ་ནང་དུ་མྱང་བའི་ཚུལ་གྱིས་རང་གི་མ་མཆུ་ནང་དུ་བཅུག་ནས་མྱང་བར་བྱས་ཏེ། དེ་ལྟར་ན་སྐལ་པ་བཟང་པོ་ཆེན་པོ་གྲུབ་པར
་འགྱུར་རོ། །རང་གི་ལྕེ་ལ་ཡི་གེ་ཧཱུཾ་རྣམ་པར་བསམས་ལ། ཚིག་ཐམས་ཅད་སྤྲོ་བའི་བསམ་པས་ལྕེ་བསྐྱོད་ཅིང་བཟླས་པ་བྱ་སྟེ། དེ་ལྟར་ན་རང་གིས་བདེན་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསལ་བར་མི་བསླུ་བར་སྨྲ་བར་འགྱུར་རོ། །རང་གི་ལུས
་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཐམས་ཅད་བྱས་ནས་གཟུགས་ཐམས་ཅད་ཡོངས་སུ་སྤོང་བའི་བསམ་པ་དང། འབེབས་པའི་སྦྱོར་བ་བསྒོམས་པས་བདག་ཉིད་ལ་དབབ་པར་བྱས་ཏེ། དེ་ལྟར་ན་གཟུགས་ཐམས་ཅད་ཡོངས་སུ་སྤོང
་བར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྦྱད་ནས་ཟླ་བའི་གཞལ་ཡས་ཁང་ལ་སོགས་པར་འགྲོ་བའི་ཕྱིར། རང་གི་གནས་ནས་བརྩམས་ཏེ་ཟླ་བ་ལ་སོགས་པའི་གཞལ
་ཡས་ཁང་གི་མཐར་ཐུག་པའི་བར་དུ་རྡོ་རྗེའི་སྐས་ཀྱི་རིམ་པའི་ཕྲེང་བ་རྣམ་པར་བསམས་ལ། བདག་ཉིད་རྡོ་རྗེ་རྩེ་ལྔ་པར་བསམ་ཞིང་རྡོ་རྗེ་སྐས་ཀྱིས་རིམ་པའི་ཕྲེང་བ་ངེས་ཟླ་བ་ལ་སོགས་པའི་གཞལ་ཡས་ཁང་དེར་འགྲོ་བར་འགྱུར་རོ། །རྡོ་རྗེ
་ཐལ་མོ་ཡི་ཁ་ཊཝཱཾ་ག་ཞེས་བྱ་བ་ལ། རྡོ་རྗེ་ཐལ་མོ་བཅིངས་ནས་བདག་ཉིད་ཀྱི་སྲིན་ལག་དང་མཐེའུ་ཆུང་རྣམས་ཀྱི་རྡོ་རྗེ་ཐལ་མོ་མ་དཀྲོལ་བར་སོར་མོ་ལྷག་མ་རྣམས་ཀྱིས་ཁ་ཊཝཱཾ་ག་བྱའོ། །དེ་ནས་གཉིས་སུ་བྱས་ནས་ཁ་ཊཝཱཾ་ག་གཉིས་ཀྱི་རྡོ་རྗེ་ཁུ་ཚུར
་ཞེས་བྱ་བའི་ཕྱག་རྒྱར་འགྱུར་རོ། །དངོས་གྲུབ་ཐམས་ཅད་རྡོ་རྗེ་ཁུ་ཚུར་དག་གིས་སོ། །ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་ཁ་ཊཝཱཾ་ག་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་དཔལ་རྡོ་རྗེ་སེམས་དཔས་གསུངས་པའི་དངོས་གྲུབ་ཐམས་ཅད་གྲུབ་པ་ཡིན་ནོ།།
་དེ་བཞིན་གཤེགས་པའི་ཁུ་ཚུར་དག་གིས་དངོས་གྲུབ་ཐམས་ཅད་དོ་ཞེས་བྱ་བ་ལ། དེ་བཞིན་དུ་ཁ་ཊཝཱཾ་ག་གཉིས་བཅིངས་ནས་མཛུབ་མོ་གཉིས་ཀྱིས་སེན་མོའི་ལོགས་སུ་མཐེ་བོང་གཉིས་ཀྱི་རྩ་བ་བཟུང་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགS
་པའི་ཁུ་ཚུར་གཉིས་སོ། །འདི་དག་གིས་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །ཐམས་ཅད་བསད་པའི་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་ཁ་ཊཝཱཾ་ག་གཉིས་བྱས་ལ་མཛུབ་མོ་གཉིས་བསྒྲེལ?
་བ་སྡིགས་མཛུབ་ཀྱི་ཚུལ་དུ་བཟུང་བར་བྱ་སྟེ། འདི་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཏེ་ཁྲོ་བོ་ཡི་ཁུ་ཚུར་གཉིས་པོ་འདིས་རྡོ་རྗེའི་རིགས་ལས་གསུངས་པའི་ཐམས་ཅད་གསོད་པའི་ལས་གྲུབ་པར་འགྱུར་རོ། །ཐམས་ཅད་སྦྱང་བ་ནི་པདྨའི་ཁུ་ཚུར་དག
་གིས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་ཁ་ཊཝཱཾ་ག་གཉིས་བྱས་ནས་མཐེ་བོ་གཉིས་ཀྱི་རྩེ་མོ་དབུས་མ་དང། མཛུབ་མོ་ཡི་རྩེ་མོ་གཉིས་གཟུང་བར་བྱས་ཏེ། འདིས་ཐམས་ཅད་སྦྱང་བ་ནི་པདྨའི་རིགས་རྟོགས་པས་སེམས་ཅན་ཐམས་ཅད་སྦྱང་བའོ་ཞེས་བྱ་བའི་དོན
་ཏོ། །ནོར་ཐམས་ཅད་འཕྲོག་པ་ན་ནོར་བུའི་ཁུ་ཚུར་དག་གིས་སོ་ཞེས་བྱ་བ་ལ་ཁ་ཊཝཱཾ་ག་གཉིས་བྱས་ལ་མཐེ་བོང་གི་རྩེ་མོ། །མཛུབ་མོའི་རྩེ་མོ་སྦྱར་བ་ནི་ནོར་བུའི་ཁུ་ཚུར་ཡིན་ནོ། །ཐམས་ཅད་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་དག་གིས་སོ
་ཞེས་བྱ་བ་ནི་ཁ་ཊཝཱཾ་ག་གཉིས་བྱས་ལ། མཐེ་བོང་གཉིས་དབུས་མ་དང། སྲིན་ཡག་གི་རྩ་བར་གཟུང་བར་བྱ་སྟེ། འདི་ནི་འབེབས་པའི་ཁུ་ཚུར་རོ། །ཐམས་ཅད་གར་བྱེད་དུ་བཅུག་པ་ནི་ཁ་ཊཝཱཾ་ག་གཏོར་བའི་ཁུ་ཚུར་དག་གིས་སོ་ཞེས་བྱ་བ་ལ།
་དེ་བཞིན་དུ་ཁ་ཊཝཱཾ་གི་གཉིས་ཀྱིས་ཁུ་ཚུར་གཉིས་དོར་བར་བྱས་ཏེ་འདིས་གར་གྱི་ཚུལ་གྱིས་ཐམས་ཅད་གར་བྱེད་དུ་གཞུག་པ་ཡིན་ནོ། །དེ་བཞིན་དུ་ཁ་ཊཝཱཾ་ག་གཉིས་བྱས་ལ་མཛུབ་མོ་གཉིས་ཀྱིས་ཡང་དག་པར་སྦྱར་བའི་རྩེ་མོ་བྱས་ལ་ཁའི་ཕྱོགS
་ལས་གྱེན་དུ་དགེ་འབྱིན་པའི་ཚུལ་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་སྨྲར་བཅུག་པའོ། །དེ་བཞིན་དུ་ཁ་ཊཝཱཾ་ག་གཉིས་བྱས་ལ་རང་གི་མཐེའུ་ཆུང་དང་སྲིན་ལག་གི་ནང་དུ་མཐེ་བོ་གཉིས་བཞག་ལ་མཛུབ་མོ་གཉིས་ཀྱིས་རྩེ་མོ་རང་གི་མཐེ
་བོང་གི་སྟེང་དུ་ཡང་དག་པར་སྦྱང་བ་གཟུང་བར་བྱ་སྟེ། འདི་ནི་བསྟན་པའི་ཁུ་ཚུར་གཉིས་ཏེ། འདིས་ཐམས་ཅད་བསྐྱོད་པར་བྱའོ། །དེ་བཞིན་དུ་ཁ་ཊཝཱཾ་ག་གཉིས་བྱས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ཏེ། འདིས་ཐམས་ཅད
་གཞུག་པར་བྱས་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་ཕྱག་རྒྱའི་དབང་དུ་བྱས་པ་ལས་གསུངས་པའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ལག་པའི་སོར་མོ་རྣམས་ཀྱིས་པི་ཝང་བརྡུང་བའི
་ཚུལ་བྱས་ན་ཐམས་ཅད་རྗེས་སུ་ཆགས་པར་བྱའོ། །གླིང་དུ་བརྡུང་བའི་ཚུལ་གྱིས་ཐམས་ཅད་དབང་དུ་བྱེད་པའོ། །རྫ་རྔ་བརྡུང་བའི་ཚུལ་གྱིས་ཐམས་ཅད་འབེབས་པའོ། །མུ་ཀུ་བ་བརྡུང་བའི་ཚུལ་གྱིས་རིམས་ཐམས་ཅད
་ལྡོག་པའོ། །ཆ་ལང་བརྡུང་བའི་ཚུལ་གྱིས་དུག་ཐམས་ཅད་བཟློག་པའོ། །རྔ་བོ་ཆེ་བརྡུང་བའི་ཚུལ་གྱིས་སྦྱར་བའི་དུག་ཐམས་ཅད་བཟློག་པའོ། །རྔ་ཟླུམ་བརྡུང་བའི་ཚུལ་གྱིས་གདོན་ཐམས་ཅད་ལས་གྲོལ་བའོ། །རྔ་པ་ཊཧ་བརྡུང་བའི
་ཚུལ་གྱིས་ཐམས་ཅད་གསོད་པའོ། །འགུན་ཛ་བརྡུང་བའི་ཚུལ་གྱིས་འཐབ་མོ་ལས་རྣམ་པར་རྒྱལ་བའོ། །ཏི་མ་ལ་བརྡུང་བའི་ཚུལ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ལྟར་རས་རིས་དཀྱིལ་འཁོར་གྱི་ལས
་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བསྟན་ནས། ད་ནི་དེ་ཉིད་ཀྱི་ལས་སྟོང་སྒྲུབ་པར་བྱེད་པའི་ཕྱག་རྒྱ་སྟོང་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ
་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ལག་པ་གཡས་པས་བ་དན་གསུམ་པ་དང། གཡོན་པས་ཁ་ཊཝཱཾ་ག་བཅིངས་ནས་འདས་མ་ཐག་ཏུ་བཤད་པའི་ལས་བརྒྱ་དེ་བསྒྲུབ་པར་བྱའོ། །དེ་ལྟར་གར་ལས་བྱུང་བའི
་ལས་ཀྱི་ཕྱག་རྒྱ་བརྒྱ་པོ་བསྟན་ནས་ད་ནི་གསང་བའི་ལྕགས་ཀྱུའི་ལས་བརྒྱ་སྒྲུབ་པར་བསྟན་པའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་ལྕགས་ཀྱུ་བཅིངས་ནས་འདས་མ་ཐག་ཏུ་བཤད་པའི་ལས
་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི་རྡོ་རྗེ་བསྡམས་པའི་ནང་དུ་ཅི་འདོད་པའི་སོར་མོ་ཐམས་ཅད་བསྐྱོད་ཅིང་ལས་བརྒྱ་བསྒྲུབ་པར་བྱེད་དེ་གསུམ་པའོ། །རྡོ་རྗེ་གར་ལས་བྱུང་བའི་ཁ་སྦྱོར་གྱི་ཐལ་མོ་སྤྱི
་བོར་གཟུང་ཞིང་ལས་བརྒྱ་པོ་དེ་ཉིད་མིག་དང་རྣ་བ་དང། སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཀྱིས་དེས་ཚུལ་བཟུང་ཞིང་བསྒྲུབ་པར་བྱ་སྟེ་བཞི་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་སྙེམས་པ་སྟེ། དེ་བཅིངས་ནས་ལག་པ
་གཡས་པས་གར་བྱ་ཞིང་ལས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱ་སྟེ་འདི་ནི་ལྔ་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་བྱས་ལ། རྡོ་རྗེ་ཐལ་མོ་བཅིངས་ནས་ལས་བརྒྱ་བསྒྲུབ་པར་བྱས་ཏེ། འདི་ནི་དྲུག་པའོ། །མངའ་ལྔ་བསྡུས་པ་བཅིངས་ནས
་རྣམ་པར་འགྱུར་བ་མེད་པར་དེ་གཟུང་ཞིང་ལས་ཀྱི་ཕྱག་རྒྱ་ལས་བརྒྱ་སྒྲུབ་པར་བྱ་སྟེ། བདུན་པའོ། །ཕྱག་རྒྱ་བཅིངས་པ་མེད་པར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་ལས་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱ་སྟེ། འདི་ནི་ལས་བརྒྱ་པ་བརྒྱད་པའོ། །
་འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། བསྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་གྱི་ཕྱག་རྒྱ་ནི་མ་ཡིན་ནོ་ཞེས་བྱ་བའོ། །རྡོ་རྗེ་ཐལ་མོ་བཅིངས་ནས་ཁ་ཊཝཱཾ་ག་གཉིས་བྱས་ཏེ། གར་བྱ་ཞིང་ཡི་གེ་ཧཱུཾ་གི་གླུའི་བཟླས་པ་བྱ་སྟེ། འདིས་ཀྱང་ལས
་བརྒྱ་པོ་དེ་ཉིད་བསྒྲུབ་པར་བྱས་ཏེ། འདི་ནི་དགུ་པའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལག་པའི་སོར་མོ་རྣམས་ཀྱི་པི་ཝང་བརྡུང་བའི་ཚུལ་གྱིས་ལས་བཅུའོ། །གླིང་བུ་བརྡུང་པའི་ཚུལ་གྱིས་བཅུའོ། །རྫ་རྔ་བརྡུང་བའི་ཚུལ་གྱིས་བཅུའོ། །
་ཀུ་མུ་ད་བརྡུང་བའི་ཚུལ་གྱིས་བཅུའོ། །ཆ་ལང་བརྡུང་བའི་ཚུལ་གྱིས་བཅུའོ། །རྔ་པོ་ཆེ་བརྡུང་བའི་ཚུལ་གྱིས་བཅུའོ། །རྔ་ཟླུམ་བརྡུང་བའི་ཚུལ་གྱིས་བཅུའོ། །རྔ་པ་ཊ་ཧ་བརྡུང་བའི་ཚུལ་གྱིས་བཅུའོ། །གྷུན་ཛི་བརྡུང་བའི་ཚུལ་གྱིས
་བཅུའོ། །ཏི་མི་ལ་བརྡུང་བའི་ཚུལ་གྱིས་སྔར་བཤད་པའི་ལས་བཅུ་པོ་དེ་རྣམས་ཉིད་སྒྲུབ་པར་བྱ་སྟེ། འདི་ནི་བརྒྱ་བཅུ་པ་ཡིན་ནོ། །དེ་ལྟར་ན་ཕྱག་རྒྱ་སྟོང་དུ་འགྱུར་བ་ཡིན་ནོ། །གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྫོགས་སོ།། །།དེ་ལྟར་ཞེས་བྱ
་བལ་དེ་ལྟར་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་རྟོགས་པའི་ཚུལ་ཡོངས་སུ་སྤྱད་པ་ཞེས་བྱ་བ་དང་སྦྱར་རོ། །དེ་ཇི་ལྟ་བུ་ཞེ་ན། མཆོག་ཏུ་མི་འགྱུར་ཞེས་བྱ་བ་ནི་རྟག་པའོ། །མཆོག་ཏུ་ནི་དམ་པས་ཏེ། རྡོ་རྗེ་སེམས་དཔའ་ལ
་སོགས་པའི་དངོས་གྲུབ་ཀྱིས་བདེ་བ་རྣམས་ཀྱི་བདག་པོ་སྟེ། ཁྱབ་བདག་རྟོག་པའི་ཚུལ་འདི་ཡིན་ནོ། །མཆོག་ནི་དམ་པས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ན་རྣམ་པར་དག་པ་སྟེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན
་པོའི་རྡོ་རྗེའི་བདེ་བ་ལས་བྱུང་བས་ན་གྲུབ་པའོ། །རྡུལ་ཕྲ་རབ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཚུངས་པའི་རིགས་ལྔའི་དངོས་གྲུབ་སྟེར་པས་ན་མཛའ་ཡས་པའི་འབྲས་བུ་དང་ལྡན་པའོ། །གསལ་བ་ནི་སྙིགས་མ་ལྔ
་ཐམས་ཅད་དང་བྲལ་བའི་མཆོག་དང་པོའི་རྡོ་རྗེ་སེམས་དཔའ་ཨི་མཆོག་དམ་པ་སྟེ། ཕུལ་དུ་བྱུང་བའི་སྐུ་གང་ཡིན་པ་དེའི་ཚུལ་ནི་ཐོབ་པར་བྱེད་པའི་རྒྱུའོ། །གསལ་བའི་རང་བཞིན་དུ་ཡོངས་སུ་རྫོགས་པས་ན་གསལ་བ་ཡོངས་སུ་སྤྱད་པའོ། །
་མཆོག་ཏུ་རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་རྟོག་པའི་ཚུལ་དེ་ཉིད་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་ཐམས་ཅད
་ཀྱི་རྟོག་པ་རྫོགས་སོ།། །།དེ་ལྟར་དངོས་གྲུབ་ཐམས་ཅད་ཀྱི་ཐབས་སུ་གྱུར་པའི་བདག་ལ་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་ཆོ་གའི་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་རྣམས་ཀྱི་རྟོག་པ་ཐམས་ཅད་ཀུན
་ནས་བསྡུས་པའི་དྲི་མ་སྔོན་དུ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། དེ་ནས་སེམས་དཔའ་ཆེན་པོ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་མཆོག་གི་མདོ་ཞེས་བྱ་བའི་བར་གྱིས་མདོར
་དྲི་བའི་ཚུལ་གྱིས་མདོར་བསྟན་པ་གསུངས་པ་ཡིན་ནོ། །དེ་ནས་སྟོན་པ་རྡོ་རྗེ་འཆང་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་མཆོག་ཏུ་གསང་བའི་ཆོ་གའོ་ཞེས་བྱ་བའི་བར་དུ་གསུངས་པས་རྟོག་པ་ཐམས་ཅད་ཀུན་ནས་བསྡུས་པ་དྲིས་པའི་ལན་བཏབ་པའི
་ཚུལ་གྱིས་རྒྱས་པར་བསྟན་པའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པའི་ངེས་པ་ཤེས་པར་སྒྲུབ་པ་པོ་རྣམས་ཀྱིས་དངོས་གྲུབ་གྲུབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། རྣམ་རྟོག་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ
་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ནི་རྣམ་པར་རྟོག་པ་མེད་པའི་ཆོས་རྣམས་སོ། །རྣམ་པར་རྟོག་པ་མེད་པའི་ཆོས་དེ་དག་ལས་སེམས་ཅན་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི
་དངོས་གྲུབ་ཀྱི་དོན་དུ་ཕྱོགས་བཅུ?་ཀུན་ཏུ་བརྟག་པ་ནི་སེམས་ཅན་དོན་ནི་ཡོངས་སུ་བརྟགས་པས་ཏེ། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང། །དངོས་གྲུབ་མཆོག་ནི་བསྒྲུབ་བྱ་སྟེ། བདག་བྱིན་བརླབ་སོགས་བསྒྲུབ་པ་པོས། །ཞེས་བྱ་བའི་རྣམ་པར་རྟོག
་པའོ་ཞེས་བྱ་བའི་དོན་ཏོ། །དེས་ན་རྟོག་པ་ཀུན་བཤད་དེ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྱོད་ཡུལ་དུ་སེམས་ཅན་གྱི་དོན་ཡོངས་སུ་རྟོག་པའི་ཚུལ་གྱིས་རྒྱུས་རྟོག་པ་སྟེ་ཐམས་ཅད་དགུག་པ་ལ་སོགས་པ་སྟོན་པར
་བྱེད་པའི་སྒྲའི་ཚོགས་དཔལ་རྡོ་རྗེ་སེམས་དཔའ་ཡང་དག་པར་གསུངས་པ་ནི་ཀུན་ཏུ་རབ་ཏུ་གསུངས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟོག་པ་ཐམས་ཅད་པ་ཡོངས་སུ་དག་ཕྱིར་རོ་ཞེས་བྱ་བ་ལ། སྒྲུབ་པ་པོས་གཟུང་བ་དང་འཛིན་པ་ལ
་སོགས་པའི་རྣམ་པར་རྟོག་པ་རྣམས་སྦྱང་བའི་ཕྱིར་རོ། །དེ་ལྟར་རྟོག་མའི་དོན་གྱི་རྒྱུད་བསྟན་ནས། ད་ནི་རྒྱུད་ཕྱི་མ་ཤེས་བས་དངོས་གྲུབ་ཐོབ་པ་ཉིད་དོ། །ཞེས་བྱ་བ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྒྱུད་ཕྱི་མ་ཇི་ལྟར་ཡིན་ཞེས་བྱ
་བ་གསུངས་ཏེ། དང་པོའི་སྦྱོར་བ་ལ་སོགས་པ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ། །སྐལ་པ་བཟང་པོ་ལ་སོགས་པ་ལས་སྔར་ད་ལྟར་བྱུང་བའི་རྒྱུད་རང་བཞིན་དུ་རྟག་ཏུ་གནས་པས་ན་ཕྱི་མ་སྔ་མར་ཡང་དག
་འབྱུང་བའོ། །རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་ནི་དེ་ཁོ་ན་ཉིད་དོ། །ལྷ་མོ་བཞི་ཕྲེང་གི་དབུས་ན་བཞུགས་པའི་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བ་ནི་གསང་བའོ། །དེ་ཉིད་ཤིན་ཏུ་རྣལ་འབྱོར་གྱི་ཚུལ་གྱིས་གསང་བའོ། །ཕྱི་མ་དང་བཅས་ཞེས
་བྱ་བ་ནི་ཕུལ་དུ་བྱུང་བའི་རྒྱུད་ཅེས་བྱ་བའི་དོན་ཏེ། དེ་ཉིད་བདག་གི་འདོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ལྟར་རྒྱུད་ཕྱི་མ་བསྟན་ནས། ད་ནི་དང་པོའི་གནས་ཤེས་པ་བསྟན་པར་བྱ་བའི་ཕྱིར་དང་པོའི
་གནས་ཤེས་པ་ཞེས་བྱ་བ་གསུངས་ཏེ། ད་ལྟར་བྱུང་བའི་རང་བཞིན་གྱིས་ཕུལ་དུ་བྱུང་བ་དང། དཔག་ཏུ་མེད་པའི་གཟུགས་ཀྱིས་གནས་པས་ན་རབ་ཏུ་གནས་པའོ། །དེ་ཡང་གང་དུ་གནས་ཞེ་ན། ནམ་མཁའ་ཀུན་ལ་ཞེས་བྱ
་བ་གསུངས་སོ། །དང་པོའི་རྡོ་རྗེ་དང། རྡོ་རྗེ་དང་རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་རྣམས་ཀྱིས་རྫོགས་པས་ནི། རྡོ་རྗེ་ཀུན་དངོས་གྲོང་ཁྱེར་རོ། །བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་བདེ་བ་ཆེན
་པོ་སྟེ། དེས་ཉམས་དགའ་བ་ཆེན་པོ་ནི་ཡིད་དང་རྗེས་སུ་མཐུན་པའོ། །གྲོང་ཁྱེར་ནི་དཀྱིལ་འཁོར་རོ། །དེ་ཉིད་མཆོག་སྟེ་ཐོག་མ་དང་ཐ་མ་མེད་པའོ། །ད་ནི་ཐོག་མ་དང་མ་མེད་པ་ཤེས་པས་དངོས་གྲུབ་ཐོབ་པ་ཡང་ཡིན་ཞེས་བྱ་བའི་ཕྱིར། །དེ་ལ
་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་སོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་ཆེན་པོའི་དེ་བཞིན་ཉིད་དང་རོ་གཅིག་པའི་ཤེས་པ་ཡང་རྡོ་རྗེ་ཆེན་པོའོ། །དེའི་བཞིན་ནི
་དེའི་དངོས་པོ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཞེས་བྱ་བ་བརྗོད་པ་ཡིན་ནོ། །ད་ནི་རྡོ་རྗེ་སེམས་དཔའ་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་གང་ཡིན་ཞེས་བྱ་བ་གསུངས་སོ། །ཀུན་གྱི་དམ་པ་དངོས་གྲུབ་ཆེ་བ་ནི་བླ
་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ཉིད་དབང་ཕྱུག་དམ་པས་ཏེ། བག་ཆགས་དང་བཅས་པ་ཡི་ཉོན་མོངས་པ་དང་བྲལ་བའི་ཐུགས་བྱིན་གྱིས་བརླབ་པའོ། །དེའི་སྐུའི་རང་བཞིན་ཅན་གྱི་ལྷ་ནི་ལྷག་པའི་ལྷའོ། །ལྷག་པའི་ལྷ་ཉིད་ནི་གསུང?་ལྷ་ཁོ་ན
་སྟེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བའོ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ། །རབ་ཏུ་དགའ་བ་མི་འགྱུར་མཆོག་ཅེས་བྱ་བ་ལ་དེ་ལྟར་འདས་མ་ཐག་ཏུ་བཤད་པའི
་མཚན་ཉིད་ཅན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་སྟེ། ས་དམའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་མནན་ནས་ནམ་མཁའ་ཨི་ཁམས་ཐམས་ཅད་ལ་རྟག་ཏུ་གནས་པའི་སྐུ་གསུང
་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་མཛེས་བས་ན་རྒྱལ་པོའོ། །ཐག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཡིན་པས་ན་རབ་ཏུ་དགའ་བའོ། །རྟག་པས་ན་མི་འགྱུར་མཆོག་སྟེ། དེ་ལྟ་བུ་རྡོ་རྗེ་སེམས་དཔར་བརྗོད་པ་ཡིན་ནོ། །ད་ནི་དགའ་བ་ཆེན་པོ
་ཉིད་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་པའི་ཕྱིར། དེ་ལ་བཅོམ་ལྡན་འདས་དགའ་བ་ཆེན་པོ་ཉིད་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་སྐྱོན་མེད་པའོ། །རང་བཞིན
་ལས་གཡོ་བར་མི་འགྱུར་བས་ན་རྟག་པའོ། །ཕྱི་མའི་མཐར་ཐུག་གི་བར་དུ་གཟུགས་ཐམས་ཅད་སྟོན་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ན་ཤིན་ཏུ་ཆགས་པས་ཐམས་ཅད་རྗེས་སུ་ཆགས་པར་མཛད་པའོ། །དེ་ཁོ་ན་ཉིད་འདིས་གསང་བ་ནི
་ཐུན་མོང་མ་ཡིན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་ཆགས་པའོ། །ཆེན་པོ་ནི་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་དོན་ཏེ། དེ་ལ་དགྱེས་པས་ན་དགའ་བ་ཆེའོ། །ཀུན་ཏུ་བཟང་པོ་ཉིད་ཤེས་པས་ཀྱང་གྲུབ་པར
་འགྱུར་རོ། །ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཐམས་ཅད་དུ་ཆགས་པ་དང་བཅས་པ་བྲལ་བས་ནི་ཤིན་ཏུ་དག་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སོགས་པ་རྣམས་ཀྱི་བྱང་ཆུབ་ཆེན་པོའི
་རང་བཞིན་གྱི་མཆོག་ཡིན་པས་ན་ཀུན་གྱི་མཆོག་གོ། སྐལ་པ་བཟང་པོ་ལ་སོགས་པ་ལས་ཀྱང་སྔར་རྟག་ཏུ་བཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་ན་འདོད་ཆགས་གདོད་ནས་གྲོལ་བའོ། །དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན
་གནས་པ་དེ་བཞིན་དུ་མཁྱེན་པ་དང། དེ་བཞིན་དུ་གཞན་རྣམས་ལ་འང་སྟོན་པས་ན་དེ་བཞིན་གཤེགས་པའོ། །གདུལ་བྱ་རྣམས་ལ་ཀུན་ནས་བཟང་པོ་འདི་ལས་བྱུང་བས་ན་ཀུན་ཏུ་བཟང་པོའོ། །བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ནི་བྱང་ཆུབ
་སེམས་དཔའ་ཨོ། །ཆོ་ག་མཆོག་ཅེས་བྱ་བ་ནི་མཆོག་རང་བཞིན་གྱི་ཀུན་ཏུ་བཟང་པོ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །རྡོ་རྗེ་སྙེམས་པའི་བདག་པོ་ཉིད་ཅེས་པས་ཀྱང་གྲུབ་པར་འགྱུར་རོ། །ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་རྡོ་རྗེ་སྙེམས་པའི
་བདག་པོ་བཅོམ་ལྡན་འདས་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། ཀུན་མཆོག་དངོས་གྲུབ་ཆེན་པོའོ། །དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག་ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྐུའི་ཕྱག་རྒྱ་སྟེ། བྱེད་པ་པོར་གྱུར་པ
་དེ་དང་བྱེད་པར་གྱུར་པའི་རྡོ་རྗེ་དབང་ཕྱུག་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཅན་གྱི་གསང་བ་ལྔ་ཤེས་པའི་ཕྱི་མའི་མཐར་ཐུག་པའི་བར
་དུ་བར་མཆོད་པས་བསྐྱེད་ཅིང་མངོན་དུ་བྱེད་པ་ནི། །རྡོ་རྗེ་དབང་ཕྱུག་ཆེར་བསྟོད་པའོ། །རྒྱུ་དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙེམས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་སྟེ། དེའི་བདག་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་སེམས
་དཔའ་ཨོ། །བཅོམ་ལྡན་འདས་རྡོ་རྗེ་སྙེམས་མའི་རང་བཞིན་གྱི་རིག་པའི་ལྷ་མོའི་བདག་པོ་ཡིན་ནོ་ཞེས་བྱ་བ་ལ་བདག་པོའི་སྒྲའི་གཉིས་པས་བསྟན་ཏོ། །ད་ནི་སེམས་ལ་སོགས་པ་ཤེས་པས་གྲུབ་པར་འགྱུར་རོ། །ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར།
་དེ་ནས་མཆོག་ཏུ་ཞེས་བྱ་བ་གསུངས་ཏེ། རང་རིག་པའི་རང་བཞིན་ཉིད་ཀྱིས་བསམ་པར་མི་ནུས་པའི་ཕྱིར་བསམ་གྱིས་མི་ཁྱབ་པས་ཏེ། བྱང་ཆུབ་སེམས་ནི་རྟག་བརྟན་པ་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་ཉིད་དང་རོ་གཅིག་པ་ཉིད་ཀྱིས
་ཐམས་ཅད་དུ་འགྲོ་བས་ན་རྒྱ་ཆེ་བའོ། །རྒྱ་མཚོ་ཆེན་པོ་བཞིན་དུ་ཤེས་པས་གཞན་གྱི་ཤེས་རབ་ཀྱིས་འཇུག་པར་མི་ནུས་པས་ན་ཟབ་མོའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་རྣམས་ནི་དངོས་གྲུབ་ཐཾས་ཅད་དེ། དེ་དག་གིས་གདུལ་བྱ
་རྣམས་ལ་བདེ་བ་འགའ་འབྱུང་བ་དེ་ནི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རྣམས་སོ། །དེ་རྣམས་ཀྱི་མི་འགྱུར་བ་ནི་རང་གི་བསྐྱེད་པའི་རྒྱུའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་འབྲང་བས་ན་ཐམས་ཅད་ལ་ཁྱབ་པའོ། །གསེར་དང་ནམ་མཁའ་དང
་ཆུའི་ཁམས་བཞིན་དུ་རང་བཞིན་གྱིས་དག་པས་དྲི་མ་མེད་པའོ། །བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །བདག་ཉིད་བརྟན་པ་ནི་མི་ཕྱེད་པའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་འདིའི་ལས
་ཀྱི་ཁྱད་པར་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་འབྲངས་པའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་འདི་མངོན་དུ་བྱ་བའི་ཕྱིར། བསྒོམ་པའི་ཁྱད་པར་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཉིད་བརྟན་པ་ཉིད
་སེམས་དཔའ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་རང་རིག་པའི་རང་བཞིན་ཅན་གྱི་སེམས་གང་ཡིན་པ་དེ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་གཡོ་བ་ཉིད་ཀྱི་ཕྱིར། སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་
་སྟེ། དེ་བཞིན་ཉིད་དང་རོ་གཅིག་པའི་སེམས་སོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ཅེས་བྱ་བ་དེ་ལ། མཉམ་པར་བཞག་པ་ནི་ཏིང་ངེ་འཛིན་ཏེ། སེམས་རྩེ་གཅིག་པ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དེ་ཉིད
་མཉམ་པར་བཞག་པའི་ཕྱིར། དེ་བཞིན་ཉིད་ཀྱི་རྣམ་པ་ཅན་གྱི་སེམས་རྩེ་གཅིག་པ་ཉིད་ཀྱི་རྣལ་འབྱོར་ནི་ཏིང་ངེ་འཛིན་དུ་བརྗོད་པ་ཡིན་ནོ། །རྣམ་ཤེས་ལས་ནི་རྡོ་རྗེ་ཀུན་ཞེས་བྱ་བ་ལ། རྣམ་པར་ཤེས་པས་ན་རྣམ་ཤེས་ཏེ། ཟླ་བའི
་དཀྱིལ་འཁོར་དང། སེམས་དཔའ་ཨི་རྡོ་རྗེ་དང། རྡོ་རྗེའི་བདག་ཉིད་དང། ཡོངས་སུ་གཅོད་པའི་རྣམ་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་རྣམ་པར་ཤེས་པ་ལས་སེམས་དཔའ་རྡོ་རྗེའི་དངོས་པོ་ནི་སེམས་དཔའ་རྡོ་རྗེ་ཉིད་དེ
་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་དེ་སེམས་དཔའ་ཨི་རྡོ་རྗེའི་དེ་ཉིད་གྱུར་པ་ཡིན་ནོ། །རྡོ་རྗེ་ལས་ནི་རྡོར་འཛིན་བྱུང་ཞེས་བྱ་བ་ལ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སེམས་དཔའ་ཨི་སྐུ་བསྐྱེད་པར་འགྱུར་རོ། །འདིས་ནི་འདི་ལྟར་འཆད་པར
་འགྱུར་ཏེ། སྔ་མ་བཞིན་དུ་སྡིག་པ་དྲལ་བའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་རྡོ་རྗེ་རྣམ་པར་བསམས་ལ་དེ་ཉིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པ་བསྒོམ་པར་བྱ་སྟེ། དེའི
་རྗེས་ལ་ནམ་མཁའ་ཨི་ཕྱོགས་སུ་དབྱངས་བཅུ་དྲུག་དང་བཅས་པའི་ཡི་གེ་ཧཱུཾ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་དུ་བསམ་པར་བྱའོ། །དེའི་སྟེང་དུ་ཀ་ལ་སོགས་པ་གསལ་བྱེད་ཀྱི་ཡི་གེ་དང་བཅས་པའི་ཡི་གེ་ཧཱུཾ
་ལས་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །དེར་ཡང་ཡི་གེ་ཧཱུཾ་དང་བཅས་པའི་དང་པོའི་རྡོ་རྗེ་རྩེ་ལྔ་པ་སྟེ། རྡོ་རྗེ་ལ་ཡི་གེ་ཧཱུཾ་རྣམ་པར་བསམས་ལ། བཛྲོད?་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་བསྒོམ་པར་བྱའོ། །དེ་ནས་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་དེ་ཉིད་རྡོ་རྗེས་སེཾས་དཔའ་ཨི
་བདག་ཉིད་དུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སེམས་ཅན་གྱི་སེམས་དེ་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་སེམས་དང་སེམས་དཔའ་དང་ཏིང་ངེ་འཛིན་དང། རྡོ་རྗེ་དང་རྡོ་རྗེ་འཆང་ཞེས་པ་རྣམས་བསྟན་ནས། ད་ནི་རྡོ་རྗེ་འཆང་ཆེན་པོ་ཤེས་པས་གྲུབ་པར
་འགྱུར་རོ། །ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་པ་བཤད་ཟིན་ཏོ། །ནིའི་སྒྲ་ནི་ངེས་པར་གཟུང་བས་ཏེ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ཁོ་ནའོ། །
་བདག་ལ་བྱིན་གྱིས་བརླབས་མཆོག་སྒྲུབ་པ་ཞེས་བྱ་བ་ལ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་གང་ཡིན་པ་དེ་ཉིད་བདག་ལ་བྱིན་གྱིས་བརླབ་པའི་མཆོག་སྒྲུབ་པ་དེ་རྫོགས་པར་བྱེད་ཅིང་བདག་ཉིད་རྡོ་རྗེ་འཆང་ཆེན་པོས་ཏེ། ཉིན་རེ་ནི་ཉིན
་ཞག་རེ་རེ་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་དེས་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ཡིན་ནོ། །སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་འདིས་རྟག་ཏུ་བདག་ཉིད་རྡོ་རྗེ་སེམས་དཔའ་ཉིད་དུ་རྫོགས་པར་བྱེད་པ་གང་ཡིན་པ་འདི་ནི་རྡོ་རྗེ་འཆང་ཆེན་པོ
་ཉིད་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །ཀུན་ཏུ་བཟང་པོའི་སྤྱོད་པ་ཤེས་པ་གྲུབ་པར་འགྱུར་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ཏེ་སྙིང་སྟོབས་ཞེས་བྱ་བ་ནི་སྟོབས་ཀྱིས་ལྷའི་གཟུགས་ཅན་དྲག་པོའོ།།
་རྡུལ་ཞེས་བྱ་བ་ནི་འདོད་པའི་གཟུགས་ཅན་ཚངས་པའོ། །མུན་པ་ཞེས་བྱ་བ་ནི་དཔྱིད་ཀྱི་ལྷའི་གཟུགས་འཛིན་པའི་ཁྱབ་འཇུག་གོ། གསུམ་པོ་དེ་དག་གི་གཟུགས་འཛིན་པས་དེ་དག་གིས་འདུལ་བའི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཀུན་ཏུ་བཟང
་པོ་ཡིན་ཏེ། རྒྱུ་དེའི་ཕྱིར་བདག་ནི་རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པའི་ཕྱིར་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པས་ཏེ། ཇི་ལྟ་བ་བཞིན་དུ་སྐལ་པ
་དང་ལྡན་པའི་སེམས་ཅན་འདུལ་པའི་རྗེས་སུ་འགྲོ་བ་ནི་རྗེས་སུ་མཐུན་པས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རྗེས་མཐུན་པའི་སྤྱོད་པ་ཡིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བདུད་ཉིད་དང། བདུད་ལས་རྣམ་པར་རྒྱལ་བ་ཉིད་ཤེས་པ་དག་གིས་ཀྱང
་གྲུབ་པར་འགྱུར་རོ་ཞེས་བྱ་བ་གཉིས་པོ་དེ་དག་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཉིད་ཁོ་?་བདུད་ཉིད་དེ་ཞེས་བྱ་བ་ལ། འདིར་དོན་དམ་པར་ཕྱིའི་བགེས་རྣམས་འདོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་རང་རིག་པ
་ཙམ་དུ་ཡོད་པས་བདུད་ཀྱིས་རྣམ་པར་རྟོག་པ་དང། འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་ནི་བདུད་ཏེ། བདུད་ཀྱི་དངོས་པོ་ནི་བདུད་ཉིད་དེ། སེམས་ཉིད་དེ་བཞིན་གཤེགས་པར་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས
་དེ་ཉིད་ཆོས་བདག་མེད་པར་རྟོགས་པས་དེ་བཞིན་གཤེགས་པས་ཏེ། འདིས་བདུད་ལས་རྣམ་པར་རྒྱལ་བར་བསྟན་ཏོ། །སླར་ཡང་རྣམ་གྲངས་གཞན་གྱིས་བདག་ཉིད་དུ་བསྟན་པར་བྱ་བའི་ཕྱིར་རང་སེམས་གདུལ་བར་བྱ་བའི་ཕྱིར། བདག་ནི
་བདུད་ཉིད་གྱུར་པ་ཡིན་ཞེས་བྱ་བ་གསུངས་ཏེ། རང་གི་སེམས་ནི་རང་གི་སེམས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བསྒོམ་པ་ལ་རབ་ཏུ་སྦྱོར་བའི་རྣལ་འབྱོར་སེམས་སོ། །དེ་གདུལ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང
་ངེ་འཛིན་རྫོགས་པས་ཏེ། དེའི་དོན་དུ་ཇི་ལྟ་བ་བཞིན་དུ་རབ་ཏུ་གྲགས་པའི་ལྷའི་བུའི་བདུད་ཀྱི་གཟུགས་ཉིད་བདག་གིས་ཉེ་བར་བླངས་པར་གྱུར་ན་བདག་ཉིད་བདུད་དུ་གྱུར་པ་ཡིན་ནོ། །འདིས་ནི་འདི་ལྟར་འཆད་པར་གྱུར་ཏེ། གང་དག་འགེགས
་ཀྱིས་ཉེ་བར་མཚོན་པའི་དངོས་གྲུབ་འདོད་པ་དེ་རྣམས་བདུད་ཀྱི་གཟུགས་སུ་བདག་ཉེ་བར་འགྲོ་བ་ཡིན་ནོ། །དེ་ནི་བྱང་ཆུབ་དང་སངས་རྒྱས་ཤེས་པ་དག་གིས་ཀྱང་གྲུབ་པར་འགྱུར་རོ་ཞེས་བྱ་བ་གཉིས་པོ་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས
་མངོན་པར་རྫོགས་པར་བྱང་ཆུབ་དང་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་དང་མཚུངས་པའི་ཆོས་ཐམས་ཅད་བསྒོམ་པ་ནི་རང་གི་སེམས་སོ་སོར་རྟོགས་པ་སྟེ། རང་གི་སེམས་སོ་སོར་རྟོགས་པ་དེ་ཁོ་ན་ཉིད་ཀྱིས་གང་ཞིག་བྱང་ཆུབ
་སེམས་ཀྱི་མཆོག་གི་རྡོ་རྗེ་ཉིད་ནི་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་ཡིན་ནོ། །དེ་ཉིད་ཉིད་ཕྱིར་སངས་རྒྱས་ཉིད། །ཅེས་བྱ་བ་ལ། གང་ཞིག་བྱང་ཆུབ་ཀྱི་སེམས་རང་གིས་སེམས་སུ་སོ་སོར་རྟོགས་པས་དེ་བཞིན་ཉིད
་དང། རང་བཞིན་གཅིག་བ་ཉིད་དེ་ནི་དེའི་རང་བཞིན་ཉིད་དོ། །དེ་ཁོ་ན་ཉིད་ཡིན་པ་དེའི་ཕྱིར་དེ་སངས་རྒྱས་ཉིད་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་ཕྱིར་སངས་རྒྱས་ཉིད་ཇི་ལྟར་ཡིན་?་བདག་བྱིན་བརླབ་མཆོག་བསྒྲུབ་ཕྱིར་རོ། །ཞེས་བྱ་བ་ལ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་བསྒོམ་པའི་རིམ་པས
་བྱང་ཆུབ་ཀྱི་སེམས་ཀྱི་མཆོག་གི་རྡོ་རྗེ་སངས་རྒྱས་ཀྱི་གཟུགས་སུ་རྫོགས་པ་གང་ཡིན་པ་དེ་ནི་བདག་ལ་བྱིན་གྱིས་བརླབ་པ་མཆོག་གི་སྒྲུབ་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་མཆོག་གི་རྡོ་རྗེ་དེ་ཉིད་དེའི་སངས་རྒྱས་ཉིད་ཡིན་ནོ། །ཕྱག་ན
་རྡོ་རྗེ་ཉིད་ཤེས་པས་ཀྱང་གྲུབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཡིན་ཞེས་བྱ་བ་གསུངས་ཏེ། སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་དང། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས
་ཀྱིས་ཕྱེད་པར་མི་ནུས་བསམ་མི་བྱང་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རེ་རེ་བསྒོམ་པའི་ལམ་གྱི་རང་བཞིན་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདས་དངོས་པོ་མེད་པའི་རང་བཞིན་དུ་མངོན་དུ་བྱེད་པ་ནི་འབིགས་ཤིང་སོ་སོར་རྟོགས
་པའོ། །གདུག་པ་ཡང་ཡིན་ལ་ཐམས་ཅད་དེ་ཉིད་ཡིན་པས་ན་གདུག་པ་ཐམས་ཅད་དེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང། ལྷ་ཆེན་པོ་ལ་སོགས་པའི་སེམས་ཅན་གདུག་པ་རྣམས་སོ། །དེ་དག་གནོན་པ་ནི་ལྟུང་བར་བྱེད
་པའོ། །སངས་རྒྱས་ཀུན་གྱི་དངོས་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །རྡོ་རྗེ་ནི་རྩེ་ལྔ་པས་ཏེ། དང་པོའི་རྡོ་རྗེའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དང། བྱང་ཆུབ་ཀྱི་སེམས་ལས་བྱུང་བ་དང། དེ་སྟོན་པར
་བྱེད་པ་དང། དེ་བསྐྱེད་པའི་རྒྱུར་བདག་ཉིད་བརྟན་པ་ནི་མི་ཕྱེད་པའོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཀུན་ཏུ་བཟང་པོ་ནི་བཤད་ཟིན་ཏོ། །ཀུན་ཏུ་བཟང་པོ་དེ་ལ་དུམ་བུ་གཉིས་པ་རྩ་བའི་རྒྱུད་དུ་རྒྱལ་བ་སྟེ་།
་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚོན་ཆ་དེ་ལག་ཏུ་བྱིན་པ་ཡིན་ནོ། །མཚོན་ཆ་དེ་ཅིའི་དོན་དུ་བྱིན་པ་ཡིན་ཞེ་ན། བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་དུ་བྱ་བའི་ཕྱིར་སེམས་ཅན་རྣམས་ལ
་སངས་རྒྱས་ཀྱིས་བཀའ་སྩལ་པ་ནི་བསྟན་པ་ཐམས་ཅད་དོ། །དེ་གྲུབ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་པ་པོ་རྣམས་ཀྱིས་མངོན་དུ་བྱ་བ་སྟེ། དེའི་དོན་ལག་ཏུ་བྱིན་པ་དེའི་ཕྱིར་ཀུན་ཏུ་བཟང་པོ་དེ་ཉིད་ཕྱག་ན་རྡོ་རྗེ་ཞེས་བྱ་བར་བརྗོད་པ་ཡིན་ནོ།།
་དེ་ལྟར་ཀུན་ཏུ་བཟང་པོ་བསྟན་ནས་ད་ནི་དང་པོའི་རིགས་ལ་སོགས་པ་བྱུང་བ་ཤེས་པས་གྲུབ་པར་འགྱུར་རོ། །ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ། །དེ་ཉིད
་རིགས་རྣམས་ཀྱི་ཡུམ་མོ། །ཡབ་ནི་ཐབས་ལ་མཁས་པའོ་ཞེས་བྱ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡབ་ཏུ་གྱུར་པ་དེ་གང་ཞེ་ན་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནི་ཡབ་ཏུ་གྱུར་པ་ཡིན་ནོ་ཞེས་བྱ
་པའི་དོན་ཏོ། །སེམས་ཅན་འདུལ་བའི་རྒྱུས་དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། པདྨ་དང། ནོར་བུ་དང། རྡོ་རྗེ་སེམས་དཔའ་ཨི་རིགས་རྣམས་བྱུང་བ་ནི་རབ་ཏུ་འབྱུང་བ་གང་ཡིན་པ་ནི་རིགས་རྣམས་སུ་བརྗོད་པ་ཡིན་ནོ། །དེ་ལྟར་རིགས་རྣམས་འབྱུང་བ་བསྟན་ནས་ད
་ནི་བཅོམ་ལྡན་འདས་འདོད་པ་དང་ཐར་པའི་རང་བཞིན་དུ་ཤེས་པས་ཀྱང་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་འདོད་ཆགས་ཆེན
་པོའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་དུ་སྟེ། ཅིའི་ཕྱིར་བཅོམ་ལྡན་འདས་འདོད་ཆགས་ཆེན་པོ་ཡིན་ཞེས་བྱ་བའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ནི། དངོས་གྲུབ་ཐམས་ཅད་དོ། །དེ་དག་རྗེས་སུ་སྒྲུབ་པ་ནི་རྗེས་སུ་ཆགས
་པ་སྟེ། དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས་པ་གང་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཆགས་པ་ཆེན་པོ་ཡིན་པས་ན་འདོད་པ་ཞེས་བྱ་བའོ། །ཐར་པའི་རང་བཞིན་གྱི་བཅོམ་ལྡན་འདས་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཐམས་ཅད་མི་འགྱུར་བདེ། བདེ
་བ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་ཀྱི་ཐོག་མ་དང་ཐ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱ་བ་གང་ཡིན་པ་དེ་ནི་མི་འགྱུར་བདེ་བའོ། །དེ་ཉིད་བདེ་བ་ཆེན
་པོ་ཞེས་བྱ་བར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བརྗོད་པ་ནི་གསུངས་པ་ཡིན་ནོ། །དེ་ལྟར་ཐར་པའི་རང་བཞིན་བསྟན་ནས་ད་ནི་རྣམ་པ་གསུམ་གྱི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ཤེས་པས་ཀྱང་གྲུབ་པར་འགྱུར་རོ། །ཞེས་བྱ་བ་རབ་ཏུ་བསྟན?
་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་ཞེས་བྱ་བ་གསུངས་ཏེ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་གསུམ་ནི་ད་ཡིན་ནོ་ཞེས་བདག་ཉིད་སྟོན་པར་མཛད་པ་ཡིན་ནོ། །ཅིའི་ཕྱིར་ཁྱེད་དུས་གསུམ་ཡིན་ཞེ?
་ན། མཛའ་ཡས་ཕྱིར་ཞེས་བྱ་བ་ལ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་རྣམས་ཀྱི་དེ་བཞིན་ཉིད་ནི་མཛའ་ཡས་པ་ཉིད་དོ། །གང་གི་ཕྱིར་དེའི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་བདག་ཡིན་པ་སྟེ། མཛའ་ཡས་པའི
་རྒྱུ་དེ་ཉིད་ཀྱི་ཕྱིར་ད་ནི་དུས་གསུམ་ཡིན་ནོ། །འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཆོས་ཉིད་ཀྱིས་བདག་དུ་ས་གསུམ་གྱི་དངོས་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་སྲིད་གསུམ་གདུལ་བྱའི་ཕྱིར་ཞེས་བྱ་བ་ལ་འདོད་པ་དང། །གཟུགས
་དང། གཟུགས་མེད་པའི་རང་བཞིན་ཅན་གྱི་གདུལ་བྱའི་སེམས་ཅན་གདུལ་བའི་རྒྱུས་འདོད་པ་དང། གཟུགས་དང། གཟུགས་མེད་པའི་སྲིད་པའི་རང་བཞིན་དུ་བདག་ཉིད་ཀྱི་དངོས་པོ་རྫོགས་པའི་ཕྱིར་བདག་སྲིད་གསུམ་ཡིན་ནོ། །མིང་པོ
་གསུམ་གྱི་གཟུགས་ཀྱིས་འདུལ་བའི་སེམས་ཅན་གྱི་དོན་དུ་མིང་པོ་གསུམ་གྱི་གཟུགས་སུ་བདག་ཉིད་ཀྱི་དངོས་པོ་རྫོགས་པར་མཛད་པས་ན་གསུམ་མཆོག་གོ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱིས་སེམས་ཅན་གདུལ་པའི་ཕྱིར
་དཀོན་མཆོག་གསུམ་གྱི་གཟུགས་རྫོགས་པར་མཛད་པས་ན་དཀོན་མཆོག་གསུམ། །ས་འོག་ས་སྟེང་ས་བླའི་རང་བཞིན་དུ་བདག་ཉིད་ཀྱི་དངོས་པོ་སྟོན་པའི་ཕྱིར། དེའི་ཆོས་ཉིད་ཀྱིས་ཐམས་ཅད་དོ། །ཐམས་ཅད་ཡིན་པའི
་རྒྱུ་དེ་ཉིད་ཀྱིས་འཇིག་རྟེན་གསུམ་པ་ཡིན་ནོ། །འདོད་པ་དང། གཟུགས་དང། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་བདག་ཉིད་ཀྱི་དངོས་པོ་སྟོན་པའི་ཕྱིར་དེའི་ཆོས་ཉིད་ཀྱི་ཁམས་གསུམ་པ་ཡང་པ་ཡིན་ནོ། །དེ་ལྟར་དུས་གསུམ་ལ
་སོགས་པའི་དབྱེ་བའི་རྣམ་པ་གསུམ་དུ་བདག་ཉིད་བསྟན་ནས་ད་ནི་དངོས་གྲུབ་ཁོ་ནའི་དོན་དུ་ཐམས་ཅད་ཉིད་ཤེས་པ་བསྟན་པའི་ཕྱིར། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཇི་ལྟར་ཡིན་ཞེས་བྱ་བ་གསུངས་ཏེ། རི་བོ་ལ་སོགས
་པ་སེམས་མེད་པའི་དངོས་པོ་ནི་མི་རྒྱུ་བ་སྟེ། དེའི་རང་བཞིན་ང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཀུན་མཐོ་ཆེ་བའི་ཕྱིར་ཞེས་བྱ་བའོ། །རྒྱུ་བ་སེམས་ཀྱིས་འདུས་བྱས་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སེམས་དང་སེམས་ལ་སོགས་པའི་ཤེས་པ་སེམས
་ཀྱིས་འདུས་བྱས་པ་ཞེས་བྱ་བའི་མཐར་ཐུག་པ་དེ་དག་ཐམས་ཅད་རྣལ་འབྱོར་པས་བསྒོམ་པར་བྱ་བ་ཡིན་པ་དེའི་ཕྱིར། རང་གི་སེམས་ཀྱི་ལས་ཀྱི་བྱ་བ་དེ་ཁོ་ན་ཉིད་དོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །དང་པོའི་གླུ་འབྱུང
་པ་དང། དང་པོའི་གླུའི་རང་བཞིན་དང་ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཤེས་པ་རྣམས་ཀྱིས་གྲུབ་པར་འགྱུར་རོ། །ཞེས་བྱ་བ་དེའི་ཕྱིར་གསུམ་པོ་དེ་དག་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་ནི་མི
་གནས་པའི་མྱ་ངན་ལས་འདས་པ་རྫོགས་པའོ། །ལོངས་སྤྱོད་རྫོགས་པའི་སྐུས་ཀུན་ཏུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པ་ནི་དབང་ཕྱུག་ཆན?
་པོའི་མཆོག་གི་དངོས་གྲུབ་པོ། །སྲིད་པ་ཤིན་ཏུ་གྲུབ་པ་དང། དབང་ཕྱུག་ཆེན་པོའི་མཆོག་དེ་དག་གྲུབ་པའི་ཕྱིར་མཁས་པས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་བསྐལ་པ་བཟང་པོའི་སྔོན་རོལ་དུ་དེ་རྣཾས
་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ནི་གསུངས་པར་གྱུར་པའོ། །དེ་ལྟར་དང་པོའི་གླུ་འགྱུར་བ་བསྟན་ནས་ད་ནི་དང་པོའི་གླུའི་རང་བཞིན་བསྟན་པར་བྱ་བའི་ཕྱིར་དེ་ནས་དེ་གང་ཡིན་ཞེས་བྱ་བ་གསུངས་ཏེ། འདོད
་ཆགས་ཆེན་པོ་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རབ་ཏུ་དགའ་པའོ། །ཤིན་ཏུ་རྟག་པས་ན་མི་འགྱུར་བ་མཆོག་གོ། སྐྱེ་བོ་ཀུན་གྱི་མངོན་སུམ་མ་ཡིན་པས་ན
་གསང་པ་ཏེ་གསང་བ་དེ་ཉིད་ཀྱི་ཕྱིར་སྙིང་པོ་སྟེ། དེས་པའི་ཤེས་པས་གསུངས་པ་ནི་ཡི་གེ་ཧཱུཾ་གི་རང་བཞིན་ཅན་གསུངས་པར་གྱུར་པ་སྟེ་དེ་ཉིད་མི་འགྱུར་མཆོག་སྟེ། ཡི་གེ་ཧཱུཾ་མི་འགྱུར་པའི་མཆོག་ཡིན་ནོ། །དེ་ལྟར་དང
་པོའི་གླུའི་རང་བཞིན་བསྟན་ནས་ད་ནི་ཉེ་བའི་སྙིང་པོ་དེ་ཁོ་ན་ཉིད་ཤེས་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཤེས་པ་ཞེས་བྱ་བ་གསུངས་ཏེ། དེ་ཉིད་གསང་ཞིང་གསང་བ་དང། སྙིང་པོ་རབ་ཏུ་བརྗོད་པའོ་ཞེས་བྱ
་བ་ལ་ངེས་པར་འབིགས་པའི་ཤེས་རབ་ནི་དེ་ཁོ་ན་ཉིད་དོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱིས་བཀབ་པ་ནི་གསང་བའོ། །བཙུན་མོའི་འཁོར་དང་ཤིན་ཏུ་རྣལ
་འབྱོར་གྱི་བསྒོམ་པས་དེ་ལོངས་སྤྱོད་པ་ནི་གསང་བའོ། །གསུམ་པོ་འདི་དག་ནི་སྙིང་པོ་ཞེས་བརྗོད་པ་ཡིན་ནོ། །སྙིང་པོ་འདི་རྗེས་སུ་གྲུབ་པ་ནི་སྒོམ་པ་སྟེ། དེ་གྲུབ་པ་ནི་སྙིང་པོ་རྗེས་སུ་སྒྲུབ་པའི་ཚུལ་དུ་རྫོགས་པ་གང་ཡིན་པ་དེ་ནི་ཉེ་བའི
་སྙིང་པོ་སྟེ། ཉེ་བའི་སྙིང་པོའི་དངོས་པོ་ནི་ཉེ་བའི་སྙིང་པོ་ཉིད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རབ་ཏུ་བརྗོད་པ་གསུངས་པ་ཡིན་ནོ། །ད་ནི་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པ་ཤེས་པས་གྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་བའི
་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཀུན་གྱི་མི་འགྱུར་བདེ། བདེ་བ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བ་དེ་ཉིད་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་བསྒྲུབ་པས
་ཏེ། རྫོགས་པའི་ཕྱིར་འབྲས་བུ་མེད་པ་མ་ཡིན་པའི་རྒྱུ་ཡིན་པས་དོན་ཡོད་པའོ། །དེ་ཉིད་མི་འདའ་པས་ན་འདའ་བར་དཀའ་པའི་དམ་ཚིག་གོ་།འདི་ལྟར་འཆད་པར་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་ཐར་པའི་ངོ་བོ
་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བའི་རང་བཞིན་བསྐྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གནས་ཞེས་བྱ་པ་ནི་ནམ་མཁའ་
་ཐམས་ཅད་དང་རི་རབ་ལ་སོགས་པའོ། །ཇི་ལྟར་འཁོར་ལོ་ཞེས་བྱ་བ་ནི་ཟུར་བཞི་པ་དང། སྒོ་བཞི་པ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དགོད་པ་ཞེས་བྱ་བ་ནི་སྤྲོས་པ་ལ་སོགས་པའི་ཁྱད་པར་རོ། །ཇི་ལྟར་འགྲོ་བ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང
་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་ཅན་གྱི་འཁོར་ལོ་དགོད་པར་གྱུར་པ་གང་ཡིན་པ་དེ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སོ་སོར་ངེས་པའི་གནས་དཀྱིལ་འཁོར་གྱི་ལྟེ་བ་ལ་སོགས་པའི་གནས་བརྟགས་པར་གྱུར་པ་གང་ཡིན་པ་དེ
་བཞིན་དུ་བྲི་བའི་དབང་དུ་བྱས་འདིར་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དཀྱིལ་འཁོར་སྤྲུལ་པར་མཛད་པ་ཡིན་ནོ། །དཀྱིལ་འཁོར་དུ་ཞུགས་པ་དང་མཐོང་བའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང
་གོ་སླའོ། །ཐིག་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། དཀྱིལ་འཁོར་བྲི་བར་བྱ་བ་ནི་ཐིག་གདབ་པར་བྱ་བའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་གཟུགས་ཅན་དང། གཟུགས་ཅན་མ་ཡིན་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཤེས་པ་དང་རེག་ལ་སོགས་པའི
་བཟོ་ལ་མཁས་པའོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་ནི་སྟོང་པ་ཉིད་དེ། དེ་ལ་དམིགས་པ་ནི་མངོན་དུ་བྱེད་པའོ། །ཤར་དང་ནུབ་དང་བྱང་དང་ལྷོར་ཞེས་བྱ་བ་ལ་ཕྱོགས་ཞེས་བྱ་བ་རེ་རེ་དང་སྦྱར་རོ། །ཚངས་ཐིག་གཉིས་པ་དང་མཚམས་ཀྱི་ཐིག
་གཉིས་པ་ནི་ཐིག་བཞི་སྟེ། ཀ་བ་བརྒྱད་ཀྱི་ཚུལ་གྱིས་དཀྱིལ་འཁོར་བརྒྱད་དེ། དཀྱིལ་འཁོར་བརྟག་པའི་ཆོ་གའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གང་དང་གང་གི་བདག་པོ་གང་དང་གང་ཡིན་པ་དེ་དང་དེར་དེའི་རྣལ
་འབྱོར་དང་ལྡན་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་རབ་ཏུ་གོམS་པར་བྱས་ནས་དཀྱིལ་འཁོར་དེ་དག་དེར་བྲི་བར་བྱ་སྟེ། དེ་ལྟར་ན་གལ་ཏེ་དཀྱིལ་འཁོར་དེ་བག་མེད་པས་མ་ཚང་པ་འམ་ལྷག་པར་གྱུར་ན་ཡང་དཀྱིལ་འཁོར་བརྟག
་པ་གྲུབ་པ་ཡིན་ནོ་ཞེས་བྱ་བའོ། །ད་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་བཤད་ཟིན་ཏོ། །ཐོག་མ་མེད་པ
་མཆོག་ཉིད་ནི་ཞེས་བྱ་བ་ལ། ད་ལྟར་བྱུང་བའི་རང་བཞིན་གྱིས་རྟག་ཏུ་དམ་པ་ཡིན་པས་ན་ཐོག་མ་མེད་པའི་མཆོག་གོ། །།ནིའི་སྒྲ་ནི་ངེས་པར་བཟུང་བས་ཏེ། ཐོག་མ་མེད་པ་མཆོག་ཉིད་ཁོ་ནའོ། །དཔལ་མཆོག་དང་པོའོ་ཞེས་པ
་བརྗོད་དོ་ཞེས་བྱ་བ་ལ། བརྗོད་པ་ནི་བསྟན་པ་ཡིན་ནོ། །རིགས་ལྔའི་དཀྱིལ་འཁོར་རྣམས་ནི་དཀྱིལ་འཁོར་ཐམས་ཅད་དེ། དེའི་བདག་པོ་ནི་གཙོ་པོའོ། །མཆོག་ནི་དམ་པའོ། །དབང་ཕྱུག་མཆོག་ཅེས་བྱ་བ་ནི་ཁམས་གསུམ་པའི་ཆོས་ཀྱི
་རྒྱལ་པོའོ། །དེའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་མཆོག་འདོད་པ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཀྱི་ཐུགས་རྟོགས་པས་ཏེ། དེ་ལས་བྱུང་བའི་ཡིད་བདེ
་བ་ནི་ཀུན་མཆོག་འདོད་པ་ཆེན་པོའི་ཡིད་འོང་བདེ་བར?། །དེ་སྟོན་པར་བྱེད་པའི་ཐམས་ཅད་དུ་ཁྱད་པའི་འཛུམ་པ་ནི་འཛུམ་པ་ཆེན་པོའོ། །དེ་ལྟར་གྱུར་པའི་འཛུམ་པ་ངེས་བཅོམ་ལྡན་འདས་སྲིད་པ་མཆོག་ཏུ་རྟག་ཏུ་བཞིན་འཛུམ་པ་ཡིན་ནོ
་མཆོག་ཏུ་མི་འགྱུར་པའི་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བ་རྫོགས་པ་ནི་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེའི་ཕྱིར་ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ཆོས་ཐམས་ཅད་དེ་།
་ཀུན་གཞི་རྣམ་པར་ཤེས་པ་དང། མི་བསྐྱོད་པ་དང། བྱང་ཆུབ་ཀྱི་སེམས་དང། རང་བཞིན་གྱི་སྐུ་དང། དེ་བཞིན་གཤེགས་པའི་རིགས་དང། སྟོང་པ་ཉིད་ཀྱི་རྡོ་རྗེ་རྣམས་སོ། །དེ་དག་གིས་རྣམ་པར་དག་པ་ནི་དེ་བཞིན་ཉིད་རྟོགས་པ་སྟེ་རྒྱུ་དེའི་ཕྱིར་རོ
་རྡོ་རྗེ་འཆང་དེ་ཟླ་བའི་འོད་ཡིན་ནོ། །ཆོས་ཐམས་ཅད་རྣམ་པར་དག་པའི་རྒྱུ་འབའ་ཞིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཟླ་བའི་འོད་ལྟ་བུ་ཡིན་པ་གཅིག་པུར་མ་ཟད་ཀྱི་གསང་བའི་དེ་ཉིད་ཉིད་ཕྱིར་དཀར་ཞེས་བྱ་བ་ལ། ལྷ་མོ་བཞི
་ཕྲེང་གིས་དབུས་ན་བཞུགས་པའི་ཕྱག་རྒྱ་ཆེན་པོ་ནི་གསང་བའི་དེ་ཁོ་ན་ཉིད་དེ། དེ་ཉིད་འདོད་ཆགས་དང་ཞེ་སྡང་དང?། གཏི་མུག་ལ་སོགས་པའི་དྲི་མ་དང་བྲལ་བའི་རྒྱུ་འདིས་ཀྱང་དཀར་པོའོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ།
་གང་གི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་ཐམས་ཅད་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག
་མི་མངའ་བ་དེའི་ཕྱིར་སྐུ་མདོག་དཀར་པོ་སྟེ། རང་གི་རང་བཞིན་སྟོན་པར་མཛད་ཅིང་བཞུགས་པ་ཡིན་ནོ། །གཟུགས་ཐམས་ཅད་སྟོན་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་འདོད་ཆགས་ཆེན་པོའི་ཉོན་མོངས་པའི་རང་བཞིན་སྟོན་པར
་མཛད་པས་ན་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དམར་ཞིང་སྣ་ཚོགས་འབར་བ་ཡིན་ནོ། །རྟག་པ་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུའི་བུམ་པའི
་དབང་བསྐུར་བས་འདོད་ཆགས་ལ་སོགས་པའི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་འཁྲུད་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཡོན་ཏན་འདི་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བ་དང་ལྡན
་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཞབས་གཡས་པས་ཉེ་བར་མཚོན་པའི་སྐུས། བདུད་བཞིའི་རང་བཞིན་ཅན་གཡོན་པའི་སྐུ་ལས་མཐོ་བ་དང། བརླ་དང། བྱིན་པ་དང།
་ཞབས་ཀྱིས་ཉེ་བར་མཚོན་པའི་འཁོར་བའི་ཡན་ལག་ཡང་དག་པར་གནོན་ཅིང་འཛིན་པ་སྟེ། འཛིན་པ་དེས་རྒྱལ་པ་ལ་ནི་ཕྱི་རོལ་པ་ལས་རྒྱལ་བ་སྟེ། མི་སྣང་བར་མཛད་པ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར་སེམས་དཔའ་ཨི་སྐྱིལ་མོ་ཀྲུང
་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ནོ། །རྒྱུ་དེས་རྡོ་རྗེ་སེམས་དཔའ་ནི་ཐམས་ཅད་ཀྱི་མཆོག་སྟེ། དེའི་རང་བཞིན་གྱི་བསྒོམ་པ་སོ་སོར་རྟོགས་པར་མཛད་པས་ཏེ། དེ་སྟོན་པར་མཛད་པ་བཅོམ་ལྡན་འདས་མ་འདོད
་ཆགས་རྡོ་རྗེ་མ་ཡིན་ནོ། །ཐམས་ཅད་ཀྱི་མཆོག་སོ་སོར་རྟོགས་པས་ཡུལ་དུ་བྱས་པའི་དོན་མངོན་དུ་བྱ་བ་ནི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་དམ་པ་སྟེ། དེ་སྟོན་པར་བྱེད་པ་ནི་བཅོམ་ལྡན་འདས་མ་ཀི་ལི་ཀི་ལ་ཡིན་ནོ། །དངོས་གྲུབ་ཐམS
་ཅད་ཀྱི་བདེ་པ་དམ་པ་ནི་ཐམས་ཅད་ཀྱི་མཆོག་སྟེ། ངེས་བདུད་བཞི་ལས་རྒྱལ་བ་ནི་རྣམ་པར་རྒྱལ་བས་ཏེ། དེ་མཐོང་བ་ནི་དེ་ལས་བྱུང་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཏེ། དེ་སྟོན་པར་བྱེད་པས་ཀུན་མཆོག་རྣམ་པར་རྒྱལ་བའི་མཐོ་པ
་ནི། བཅོམ་ལྡན་འདས་མ་རྡོ་རྗེ་དྲན་མ་ཡིན་ནོ། །སངས་རྒྱས་སྤྲུལ་པ་དང། སེམས་ཅན་གྱི་དོན་སྤྲུལ་པའི་སྐུས་མཛད་པས་ན་དབང་ཕྱུག་ཐམས་ཅད་དེ། དེས་མཆོད་པ་ཆེན་པོ་ནི་ཐམས་ཅད་དུ་ཁྱབ་པའི་སོ་སོར་རྟོགས་པའི་མཆོད་པ་ནི
་བཅོམ་ལྡན་འདས་མ་རྡོ་རྗེ་འདོད་མའི་དབང་ཕྱུག་མ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ནི་འདོད་ཆགས་རྡོ་རྗེ་མའི་གཟུགས་ཀྱིས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས
་པ་ཐམས་ཅད་ནི་ཀི་ལི་ཀི་ལའི་གཟུགས་ཀྱིས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བ་ཐམས་ཅད་ནི་རྡོ་རྗེ་དྲན་མའི་གཟུགས་ཀྱིས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་པའི་བདག་པོ་ཐམས་ཅད་ནི་རྡོ་རྗེ་འདོད་པའི་དབང་ཕྱུག
་པའི་གཟུགས་ཀྱིས་བྱིན་གྱིས་བརླབ་པ་སྟེ། རྡོ་རྗེ་སེམས་དཔའ་ཨི་མཆོག་གི་སྐུའི་ཡན་ལག་ནི་དེ་དག་གི་སྐུ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་གསང་བ་ལྔའི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་དེ་བཞིན
་གཤེགས་པ་དང་དེ་རྣམས་ཀྱི་རིགས་ཀྱི་བསྟན་པར་བྱ་བའི་ཕྱིར་དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་པ་ནི་རྣམ་པར་སྣང་མཛད་དོ། །མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ
་རྣམས་ནི་གོ་སླའོ། །ལྔ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་བརྗོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་ལ། དོན་དམ་པར་འདི་རྣམས་དེ་བཞིན་གཤེགS
་པ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པ་དེའི་ཕྱིར་འདི་རྣམས་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་དུ་བརྗོད་པ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔའ་ཨོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་མི་བསྐྱོད
་པ་ཉིད་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དུ་བཞུགས་པ་ཡིན་ནོ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཁོ་ན་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་དང། ཆོས་དང། རྡོ་རྗེ་ལས་ཀྱི་གཟུགས་སུ་བཞུགས་པ་ཡིན་ནོ། །དེ་ལྟར་དེ
་བཞིན་གཤེགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང། དེའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་གདུག་པ་དྲག་པོ་ནི་ཆོགས
་དང་བཅས་པའི་འཇིགས་བྱེད་ལ་སོགས་པ་སྟེ། དེ་རྣམས་འདུལ་བ་ལ་ཞི་བ་ཉིད་དགོད་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་དག་གདུལ་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་ངོ་བོ་ནི་ཤེས་དང་ཐབས་ཀྱི་རང་བཞིན་ཅན་འཇིག
་པའི་དུས་ཀྱི་ཉི་མ་འཆར་ཀིང?་འོད་བཞིན་དུ་གདུག་པ་ཐམས་ཅད་ཀྱི་བུད་ཤིང་སྲེག་པར་ནུས་པ་ན་ཉི་མའི་འོད་ལྟ་བུའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་འཛིན་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་ཨོ། །རང་ཉིད་ཅེས་བྱ་བ་ནི་རང་ཉིད་ཀྱིས་བྱུང་བ
་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །གདུག་པ་དང་དྲག་པོའི་སེམས་ཅན་གདུལ་བའི་ཕྱིར་སྒེག་པའི་གཟུགས་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའ་ཉིད་རྡོ་རྗེ་ཉི་མ་མེ་ལྟར་འབར་བར་གྱུར་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ
་བའི་དོན་ཏོ། །རྡོ་རྗེ་མཚོན་ཆ་འཛིན་མ་ལ་སོགས་པ་ནི་རྡོ་རྗེ་དྲིལ་བུ་མ་ལ་སོགས་པ་མཐར་ཐུག་པའི་བར་གྱི་རྡོ་རྗེའི་རིགས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་གྲུབ་པའི
་དོན་དུ་དེའི་ཐབས་ཀྱི་ཁྲོ་བོའི་གཟུགས་སུ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བས་རང་གི་རྡོ་རྗེ་ལས་སྦྲུལ་པར་མཛད་པ་ཡིན་ནོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་བདག་པོ་དང། རིགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་པདྨའི་རིགས་ཀྱི
་བདག་པོ་དང། རིགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པདྨ་དམར་པོ་བཞིན་དུ་ཉོན་མོངས་པའི་དྲི་མ་ཐམས་ཅད་ཀྱིས་མགོས་པའི་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་དང། ཐུགས
་རྗེ་ཆེན་པོ་ནི་པདྨ་དགའ་ཨོ?། །དེས་ཐམས་ཅད་དག་པ་ནི་པདྨའི་རིགས་རྟོགས་པའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། བླ་ན་མེད་པ་ཞེས་བྱ་བའོ། །རྡོ་རྗེ་སེམས་དཔའ་རང་ཉིད་བདག་ཅེས་བྱ་བ་ནི་ཐམས་ཅད་དག་པའི་རང་བཞིན་ཅན་འཇིག་རྟེན
་དབང་ཕྱུག་གཞན་ནི་མ་ཡིན་ནོ་ཞེས་བྱ་བའོ། །རྡོ་རྗེ་ཆོས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེ་རབ་ཏུ་སྒྲུབ་པ་ནི་རྟོགས་པའོ། །དེས་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ནི་ལོག་པར་ལྟ་བ་སྤོང་བ་སྟེ། དེའི་དོན་དུ་པདྨ་ཆེན་པོའི་རིགས་ནི་སྐྱོན་ཐམས་ཅད་དང་བྲལ
་བས་ན་དག་པའོ། །དེ་ཉིད་ཏིང་ངེ་འཛིན་གྱི་ཡེ་ཤེས་བསགས་པ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་རྫོགས་པར་མཛད་པ་ཡིན་ནོ། །དེ་ལྟར་པདྨའི་རིགས་ཀྱི་བདག་པོ་དང། དེའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་ནོར་བུའི་རིགས་ཀྱི་བདག་པོ
་དང། དེའི་རིགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ནམ་མཁའ་ཨི་སྙིང་པོ་ཡིན་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ན་ནམ་མཁའ་ཐམས་ཅད་དེ། ནོར་བུའི་རིགས་དེའིའོ། །ཐམས་ཅད་ནམ་མཁའ་
་བཅོམ་ལྡན་འདས་ཞེས་བྱ་བ་ནི་ནམ་མཁའ་ཨི་སྙིང་པོའོ། །དེ་ཡང་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱིས་མཐོ་བ་ཆེ་བ་ཡིན་པས་ན། སེམས་ཅན་བསོད་ནམས་མཐོ་བ་ཆེ་པ་སྟེ། ནམ་མཁའ་ཐམས་ཅད་ཁྱབ་ཅིང་ཐམས་ཅད་སྟེར་བའི་བཅོམ་ལྡན་འདས
་ནམ་མཁའ་ཨི་སྙིང་པོའི་སྐུའོ། །སེམས་ཅན་བསོད་ནམས་མཐོ་བ་ཆེ་བའི་སྐུ་དེ་ཉིད་ཀྱི་ཕྱིར་བདག་ཉིད་ནམ་མཁའ་ཨི་སྙིང་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བསྐུར་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ
་སེམས་དཔས་གསུངས། །དབང་བསྐུར་དང་ནི་གཏེར་དང་ནི། །རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར། དེ་དག་བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང
་པོས་བསགས་པར་མཛད་ནས་བཞུགས་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བསྟན་ནས། ད་ནི་དབང་བསྐུར་བ་ཤེས་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པར་བྱ་དབའི་ཕྱིར། དེ་ན་རིགས་ཐམས་ཅད་ཀྱི་དབང་བསྐུར
་བ་ཤེས་པའོ་བྱ་བ་གསུངས་ཏེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་རྩེ་མོ་ཅན་གྱི་ཡིད་བཞིན་གྱི་ནོར་བུའི་རིན་པོ་ཆེའི་ཅོད?་ཕན?་དེས་རིན་པོ་ཆེའི་ཅོད་ཕན?་གྱིས་དབང་བསྡུད་བདེའི་རྣལ་འབྱོར་པ་རྣམས
་ཀྱིས་བྱའོ། །ཁྲོ་བའི་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བ་དང་ལྡན་པའི་ཅོད་པན་གྱིས་རྡོ་རྗེ་ཚན་པོའི་རིགས་ཀྱི་དབང་བསྐུར་བའོ། །དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་དང་ལྡན་པའི་ཅོད་པན་གྱིས་པདྨའི་རིགས་ལའོ། །ཡིད་བཞིན་གྱི་ནོར་བུ་དང་ལྡན
་པས་ནོར་བུ་ཆེན་པོའི་རིགས་ཀྱི་བདག་དང་གཞན་ལ་དབང་བསྐུར་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཆོག་གི་དངོས་གྲུབ
་ཆེ། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེའི་དོན་དུ་མཚོན་ཆ་ཆེན་པོ་རྡོ་རྗེ་རྩེ་ལྔ་པ་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གསང་བ་ལྔའི་དེ་ཉིད་ཆེ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང
་འདོད་ཆགས་རྡོ་རྗེ་མ་དང། ཀི་ལི་ཀི་ལ་དང། རྡོ་རྗེ་དྲན་མ་དང། རྡོ་རྗེ་འདོད་པའི་དབང་ཕྱུག་མ་ཅན་དུ་ཤེས་པར་བྱའོ། །དེའི་རང་བཞིན་ཅན་ནི་གསང་བ་ལྔ་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་སྟོན
་པར་བྱེད་པའི་དང་པོ་རྩེ་ལྔ་པ་ནི་རྡོ་རྗེ་རྩེ་ལྔ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་མཆོག་དང་པོའི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་རིགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་རིགས་ཐམས་ཅད་ཅེས
་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་སངས་རྒྱས་ཉིད་ཅེས་བྱ་བ་ལ། །གང་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་རྡོ་རྗེ་རྩེ་ལྔ་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །མི་བསྐྱོད་པ་དང?
་རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་རྣམས་ནི་སངས་རྒྱས་ཐམས་ཅད་དེ། དེ་རྣམས་ཀྱི་དངོས་པོ་ནི་སངས་རྒྱས་ཐམས་ཅད་ཉིད་དོ། དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་སྟོན་པར་བྱེད་པའི
་དེ་བཞིན་གཤེགས་པའི་རྡོ་རྗེ་རྩེ་ལྔ་པ་ནི་སངས་རྒྱས་ཐམས་ཅད་དུད?་སྤོང་པ་ཡིན་ནོ། །སྣ་ཚོགས་བྱ་བ་རྡོ་རྗེ་ཅན་ཞེས་བྱ་བ་ལ། རིགས་ཀྱི་བདག་པོ་དང་བཅས་པའི་རྡོ་རྗེའི་རིགས་ཐམས་ཅད་ནི་རྡོ་རྗེ་ཅན་ཏེ། དེ་རྣམས་ཀྱི་ཡང་རིགས་ཀྱི་ཕྱག་མཚན་འབར་བའི་རྡོ་རྗེ
་རྩེ་ལྔ་བ་གང་ཡིན་པ་དེ་སྣ་ཚོགས་བྱ་བའི་རང་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས་པོ་ནི་སྣ་ཚོགས་ཏེ་དེའི་བྱ་བ་ནི་གདུག་པ་དང། དྲག་པོའི་སེམས་ཅན་འདུལ་རྡོ་རྗེ་?་ཞེས་བྱ་བ་ལ་པདྨའི་རིགས་ཀྱི་ཕྱག་མཚན་ནི་རང་ཕྱུག
་རྡོ་རྗེ་ཆེ་པ་ཞེས་བྱ་བ་ལ་པདྨའི་རིགས་ཀྱི་ཕྱག་མཚན་ནི་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་སྟོན་པར་བྱེད་པ་དང། པདྨའི་རིགས་སྟོན་པར་བྱེད་པ་ཤེས་པར་བྱའོ། །ནོར་བུ་ཆེན་པོའི་ཕྱག་མཚན་ནི་ནོར་བུ་སྟེ། དེ་ལ་རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་ནོར?་ཐམས་ཅད་?
་པས་ཏེ། དེ་དེར་བསམ?་པར་བྱ་བའི་དོན་ཏོ། །ང་ནི་ཐམS་ཅད་དགུག་པར་བྱ་བ་བསྟན་པར་བྱ་བའི་ཕྱིར། རྟོག་པ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་རྟོག་པ་ལས་དགུག་པའི་ཕྱག་རྒྱར་གང་བསྟན་པ་དེ་ནི་རྟོག་པ་ཀུན་གྱི་གསང་བའི་རྡོ་རྗེ་ལྕག
་ཀྱུ་སྟེ། དྲིལ་བུ་དང་བཅས་པའི་དེ་དང། དགུག་པའི་སྔགས་ཀྱིས་རང་གི་ལྟ་གཅིག་པཱུམ་འཁོར་དང་བཅས་པ་སྤྱན་དྲངས་ནས་དེའི་རྗེས་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་རྗེས་སུ་བསྒྲུབ་པར་བྱ་སྟེ། བརླ་གཡས་པ་དང། གཡོན་པ་དག་གིས་དྲིལ་བུ་དཀྲོལ?
་ཞིང་བྱ་བ་ཡིན་ནོ། །དེའི?་མཆོད་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོག་པ་ཡང་ཡིན་ལ་ཀུན་ཡང་དེ་ཉིད་ཡིན་པས་ན་རྟོག་པ་ཀུན་ཏེ། རིགས་ལྔའི་ལྷའི་རྟོག་པ་རྣམས་སོ། །དེ་རྣཾས
་ཀྱི་གསང་བ་ཆེན་པོའི་མཆོད་པ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་བཞིའོ། །ངེས་མཆོད་པ་ནི་མཆོད་པ་ཆེན་པོ་བྱས་ནས་རབ་ཏུ་དགའ་བ་སྟེ། ཡིད་བདེ་བ་སྐྱེས་ནས་མཆོད་པར་བྱ་བ་ནི་སྒྲུབ་པར་བྱ་བའི་ལྷའི་?
་གཟུགས་མདུན་དུ་མཆོད་པར་བྱ་སྟེ། སླར་ཡང་གླུ་དང་རོལ་མོའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །འདིར་འདི་ལྟར་འཆད་པར་འགྱུར་ཏེ། རྗེས་སུ་རྣལ་འབྱོར་བྱས་ལ་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོག
་དེ། ཆོ་ག་ཐམས་ཅད་རྗེས་སུ་སྦྱང་ནས་བཅོམ་ལྡན་འདས་བསྒྲུབ་པར་བྱ་བའི་ལྷའི་གཟུགས་དཀྱིལ་འཁོར་གྱི་ཚུལ་དུ་འམ། དཔའ་བོ་གཅིག་པུ་ཇི་ལྟ་བ་བཞིན་དུ་བཞག་ནས། རྣམ་པ་བཅུ་གཉིས་ཀྱིས་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས
་ཡང་དག་པར་མཆོད་ལ་སླར་ཡང་ཇི་ལྟ་བ་བཞིན་དུ་བཤད་པའི་གླུ་དང་རོལ་མོའི་རྣམ་པར་འཕྲུལ་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་མཆོད་པའི་ཕྱག་རྒྱའི་བཅུ་གཉིས་ཀྱི་སྙིང་པོ་རྣམས་དཔལ་རྡོ་རྗེ་སེམས
་དཔའ་ཨི་དཀྱིལ་འཁོར་ལས་གསུངས་པ་ཉིད་རིགས་དང་རིགས་ལས་གཟུང་བར་བྱའོ། །གླུ་ཡང་རང་གི་རིགས་ལས་གསུངས་པའོ། །གསང་བའི་མཆོད་པ་བཞིའི་རང་བཞིན་རང་གི་རིགས་ཀྱི་ཁུ་ཚུར་གཉིས་ཀྱིས་ཕྱག་རྒྱ་བཅིང
་བར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་རིགས་ལས་གསུངས་པའི་བར་དུ་དགའ་མ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་པ་ཁོ་ན་རྡོ་རྗེའི་རིགས་ལ་ཁྲོ་བ་དང་བཅས་པ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ
་མཉམ་པའི་ཐལ་མོས་ཞི་བ་རྣམས་སོ། །པདྨའི་རིགས་ལ་པདྨའི་ཐལ་མོས་སོ། །ནོར་བུའི་རིགས་ལ་ནོར་བུའི་ཁུ་ཚུར་གྱིས་མཆོད་པ་རྣམ་པ་བརྒྱད་ཀྱི་ཕྱག་རྒྱ་བཅིང་བར་བྱ་བ་ཡིན་ནོ། །དེ་ལྟར་མཆོད་པའི་དེ་ཁོ་ན་ཉིད་བསྟན
་ནས། ནི་དངོས་གྲུབ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་བསྟན་པར་བྱ་བའི་ཕྱིར་རོ། དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་གསུངས་ཏེ། རྟོག་པ་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་རྟོག་པ་ཀུན་ཏེ། དེ་རྣམས་ཀྱི་གསང་བ་ཆེན་པོའི་ཕྱག་རྒྱ་ཐམས་ཅད
་ནི་ཕྱག་རྒྱ་ཆེན་པོ་རྣམས་ཏེ། དེ་དག་གིས་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་ལེགས་ཤིང་མཛེས་པར་བྱིན་གྱིས་བརླབ་པའོ། །དེའི་རྗེས་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱིS་བདག་ཉིད་རབ་ཏུ་བསྒྲུབས་ལ་སྙིང་པོ་སྟེ། རང་གི་ལྷའི་བཟླས
་བ་བྱ་བའི་སྔགས་ཀྱིས་བཟླ་བ་ནི་བདག་ཉིད་ལ་མངོན་པར་སྔགས་པར་བྱའོ། །དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱི་བདག་ཉིད་རབ་ཏུ་བསྒྲུབ་པར་བྱེད་པ་དེ་གང་ཡིན་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་ཉིད་གསུངས་པ་ཡིན་ཏེ། དེ་ཡང་བཤད
་ཟིན་པས་སླར་ཡང་བཤད་པར་མི་བྱའོ། །འདིས་ནི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པས་བདག་ལ་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །ཞེས་བསྟན་པར་འགྱུར་རོ། །ད་ནི་རང་གི་ལྷག
་པའི་ལྷ་ཐམས་ཅད་ཀྱི་བསྒྲུབ་པ་ཆེན་པོའི་རྒྱུད་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོག་པ་ཀུན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྟོག་པ་སྟེ། དེ་རྣམས་ལ་བསྟན་པ་དང་གཡོ
་བའི་དངོས་པོ་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་རྣལ་འབྱོར་བྱས་ཏེ། རང་གི་ལྷའི་བཟླ་བར་སྙིང་པོས་རང་གི་ལྷའི་གཟུགས་རྣམ་པར་བསམས་ལ་རང་གི་ལྷའི་གཟུགས་ཉིང་ཇི་སྲིད་བསྒྲུབ་པར་བྱ་སྟེ། དེ་སྲིད་ཀྱི་མིག་སྨན་ལ
་སོགས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ང་ནི་ཐམས་ཅད་རྗེས་སུ་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དང་དྲིལ་བུ་ནི་འདིར་རང་གི་རིགས་ཀྱི་ཕྱག་མཚན་ཏེ། གཉིས་པོ་དེ་འཛིན་པར་བྱེད་པས་ན
་རྡོ་རྗེ་དང་དྲིལ་བུ་འཆང་པའོ། །རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་པས་བདག་ཉིད་རང་གི་ལྷའི་རྣལ་འབྱོར་དང་ལྡན་པར་བྱས་ལ་བརྟན་པ་དང་གཡོ་བའི་རང་བཞིན་ཅན་གྱི་འགྲོ་བ་ཐམས་ཅད་གདོད་ནས་མ
་སྐྱེས་པའི་ཕྱིར་ནམ་མཁའ་ཨི་མཚན་ཉིད་ཅན་དུ་རྟོགས་པར་བྱའོ། །རྡོ་རྗེ་དྲིལ་བུས་?་པ་སང་པས། །ཞེས་བྱ་བ་ནི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་ཡེ་ཤེས་རྣམས་ཀྱིས་དེ་མངོན་དུ་བྱེད་པ་ནི་རབ་ཏུ་སང་བ་སྟེ། རབ་ཏུ་སང་པ་དེ་དག་གིས་དཔལ་མཆོག
་དང་པོ་ལ་སོགས་འགྲུབ་ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་རྟོག་པ་ཐམས་ཅད་རྗེས་སུ་སྒྲུབ་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་གྲུབ་པར་འགྱུར་རོ། །ད་ནི་འབད་པ་མེད་པ་ཤེས་པ་བསྟན་པར་བྱ་བའི་ཕྱིར་དོལ་ཞེས་བྱ་བ་ལ་སོགས་བ་གསུངས
་ཏེ། བསྒྲུབ་བྱ་བ་ནི་ཇི་ལྟ་རང་གི་ལྷའི་གཟུགས་ཏེ། དེ་ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྒྲུབ་པ་རྣམས་ཀྱིས་རྫོགས་པར་བྱའོ། །དེ་ཇི་ལྟར་ཞེ་ན། ཅི་འདོད་ཅེས་བྱ་བ་སྟེ། ཇི་ལྟར
་འདོད་པའི་རྣལ་འབྱོར་ཕྱི་སོ། །ཅི་འདོད་པ་ནི་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའོ།། ཅི་འདོད་པའི་སྤྱོད་པ་ནི་ཇི་ལྟར་འདོད་པའི་སྦྱོད་ལམ་དང་ལྡན་པའོ། །ཅི་འདོད་པའི་ལས་ནི་མཆོད་རྟེན་གྱི་ལས་དང། གླེགས་བཾ་བཀླགས?་པ་ལ་སོགས
་པའི་དགེ་པའི་སྤྱོད་པའོ། །ཅི་འདོད་པའི་སྤྱོད་པ་དང་ལས་ནི་ཅི་འདོད་པའི་སྤྱོད་པ་དང་ལས་སོ། དེ་དག་གང་ལ་ཡོད་པ་དེ་ནི་ཅི་འདོད་བའི་སྤྱོད་པའི་ལས་དང་ལྡན་པའོ། །བྱ་བའི་རྒྱུད་ལ་བཀག་པའི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་ཐུག་པ་ན?
་ཁོལ?་སོགས་པ་ཟ་བས་ན་ཐམས་ཅད་ཟ་བའོ། །གར་གྱི་ཚུལ་གྱིས་རྗེས་སུ་སྒྲུབ་པར་བྱེད་པས་ན་ཐམས་ཅད་བྱེད་པའོ། །ལངས་པ་འམ་ནི་འདུག་པ་འམ། འཆག་པ་འམ་ནི་ཇི་ལྟར་གནས་ཞེས་བྱ་བ་འདིས་འདུག་པའི་ངེས་པ་མེད་པ
་སྟོན་པ་ཡིན་ནོ། །དབ?་ཏུ་དགོད་དམ་རབ་ཏུ་སྨྲ་ཞེས་བྱ་བ་འདིས་འདུག་པའི་ངེས་པ་མེད་པར་བསྟན་པ་ཡིན་ནོ། །གང་དེར་ཇི་ལྟ་བ་དེ་བཞིན་དུ་ཞེས་བྱ་བ་འདིས་གནས་ཀྱི་ངེས་པ་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཀྱི་རང
་བཞིན?་གྱི་དངོས་པོ་གང་དང་གང་མིག་ལ་སོགས་པའི་དབང་པོའི་སྤྱོད་ཡུལ་དུ་གྱུར་པས་ན་དབང་པོའི་ལམ་དུ་གྱུར་པས་ཏེ། དངོས་པོ་དེ་དང་དེའི་རང་བཞིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱི་རང་བཞིན་དང་གཅིག་ཏུ་བྱའོ། །སྒྲ་ནི་རྡོ་རྗེ་སེམས
་དཔའ་ལ་སོགས་པའི་སྒྲ་དང། སྲིན?་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དྲི་དང། རོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རོ་དང། རེག་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རེག་བྱ་དང། ཆོས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོས་དང་གཅིག་ཏུ་བྱའོ།།
་དེ་ལྟར་ན་དངོས་པོ་དེ་རང་བཞིན་བདག་ཅིག་ཏུ་བྱ་བ་ཡིན་ནོ། །རྣལ་འབྱོར་གང་གིས་གཅིག་ཏུ་བྱ་ཞེ་ན། མཉམ་པར་མ་བཞག་རྣལ་འབྱོར་གྱིས་ཏེ་བྱེད་པར་གྱུར་པ་ངེས་སོ། །རང་གི་ལྷག་པའི་ལྷ་ནི་རང་གི་ཡིད་ཀྱི་ལྷ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི
་རང་བཞིན་ཅན་གྱི་ཡིད་དེ་ཉིད་ཀུན་ཏུ་བསྒོམ་སྟེ། བསམ་པར་བྱ་བ་ཡིན་ནོ། །མཉམ་པར་མ་བཞག་པའི་རྣལ་འབྱོར་བསྒོམ་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ནི་རྣལ་འབྱོར་འདིས་ཐམས་ཅད་ཀྱི་ལྷའི་རང་བཞིན་བསྒྲུབ་བ་སྟེ། རྫོགས་པར་བྱས་ན་ཐམས་ཅད?
་ཉིད་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །དེ་གང་གི་ཕྱིར་ཞེ་ན། སངས་རྒྱས་ཀུན་དངོས་ཐམས་ཅད་ལ་ཞེས་བྱ་བ་ལ་རང་གི་ལྷའི་རང་བཞིན་དུ་གཟུགས་ལ་སོགས་པ་ཐམས་ཅད་རྟག་ཏུ་བལྟ་ཞིང་རབ་ཏུ་གྲུབ་པར་འགྱུར་རོ། །དམ་ཚིག་ཆེ?
་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པའི་ཚུལ་གྱིས་དཔལ་མཆོག་དང་པོའི་རྒྱུད་ཀྱི་ཆོ་ག་ནི་བསྒྲུབ་བར་བྱ་བ་དང། སྒྲུབ་པའི་རྣམ་པ་ཅན་བྱིན་བརླབ་པ་ཞེས་བྱ་བ་དང་སྦྱར་རོ། །བྱིན་གྱིས་བརླབས་པ་དེ?
་ཉིད་ཁྱད་པར་བསྟན་པར་བྱ་བའི་ཕྱིར། མ་མཉམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཀྱང་མ་ཉམས་པས་ན་མ་ཉམས་པའོ། །མཆོག་ཀྱང་ཡིན་ལ་བླ་མ་ཡང་དེ་ཉིད་ཡིན་པས་མཆོག་གི་བླ་མའོ། །གསལ་བ
་ནི་སམ?་ལ་བ་ཉིད་དོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་དངོས་གྲུབ་ནི་མཆོག་ཏུ་གསད་པའི་དངོས་གྲུབ་སྟེ། དེའི་ཆོ་ག་ནི་སྔར་བཤད་པ་སྟེ། དེས་ལྷའི་བདེ་བ་རབ་ཏུ་སྟེར་བའོ། །ཅིའི་དོན་དུ་བྱིན་གྱིས་བརླབ་ཅེན།
་མྱུར་དུ་ཐུབ?་པའི་ཕྱིར་ཞེས་བྱ་བ་སྟེ། མྱུར་དུ་དངོས་གྲུབ་ཐོབ་པའི་ཕྱིར་རོ། །སུས་བྱིན་གྱིས་བརླབ་ཅེ་ན། དེ་བཞིན་གཤེགས་པ་ཀུན་གྱིས་ཞེས་བྱ་བའོ། །དེ་དག་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་བཅུ་དྲུག་ནི་རྡོ་རྗེ་མཆོག་སྟེ། དེས་འཛིན་པར
་མཛད་པས་ན་རྡོ་རྗེ་མཆོག་འཛིན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱིར་རོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྲས་ཏེ། དེ་དང་བཅས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཔལ་མཆོག
་?་སོའི?་རྒྱུད་ཀྱི་ཆོ་ག་འདི?་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ལྟར་གང་གིས་གསུངས་པ་ཡིན་ཞེ་ན། མཆོག་ཏུ་བདེ་བ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱིས་དབྱིངས་བདེ་བ་ནི་མཆོག་ཏུ་བདེ་པའོ?
་དེས་དམ་པ་སྟེ་མཆོག་ཏུ་བདེ་བ་དམ་པའོ། །གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་རང་བཞིན་ཅན་གྱི་དང་པོའི་རྡོ་རྗེ་ནི་མཆོག་གི་རྡོ་རྗེ་སྟེ། དེ་འཛིན་པར་མཛད་པས་ན་མཆོག་གི་རྡོ་རྗེ་འཛིན་པའི་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ།
་དེ་ཡང་ཆེན་པོ་སྟེ་ཐམས་ཅད་ཁྱབ་པ་དང། དགའ་བ་ཆེན་པོ་ཞེས་བྱ་བའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་བ་ལས་མཆོག་ཏུ་གསང་བའི་ཆོ་གའི་བཤད་པ་རྫོགས་སོ། །ད་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་ཆོ་གས?
་སློབ་དཔོན་ལས་ཀྱི་ཆོ་ག་དང། སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྗེས་སུ་སྤྱད་ནས་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ནས་རང་གི་ལུས་ལ་སྤྲུལ་པ་ཉེ་བར་བསྡུ་བ་དང། བདག་ཉིད་བསྲུང་པ་བྱ་སྟེ། དེ
་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ལ་ལེགས་པར་མཛད་པ་དག་གིས་ཡང་དག་པར་མགུ་སྟེ། སློབ་དཔོན་ལྡང་བར་བྱའོ་ཞེས་བྱ་བ་དོན་འདི་ཟུར་གྱི་ཚིག་གིས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཆང་ཞེས་བྱ་བ་ལ
་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་ཏུ་བརྗོད་བས་ཏེ་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའོ། །རྡོ་རྗེ་འཆང་ནི་རྡོ་རྗེ་སེམས་དཔའ་ཨོ། །སེམས་ཅན་གྱི་ཁམས་ལུང་དང་རྟོགས་པ་རབ་ཏུ་འཇུག
་ཅིང?་སྟོན་པར་མཛད་པས་ན་སྟོན་པའོ། །ནམ་མཁའ་བཞིན་དུ་མཐར་ཐུག་པ་མེད་པ་ནི་མཛའ་ཡས་པའོ། །ཕྱོགས་བཅུའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་འགྲོ་བས་ན་ཀུན་ཏུ་འགྲོ་བའོ། །དཔལ་མཆོག་ཅེས་བྱ་བ་ལ་སོགས་པས་འཇིག་རྟེན
་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀུན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་དག་པར་བསྟོད་པའོ། །ནིའི་སྒྲ?་ནི་ངེས་པར་གཟུང་བ་ལ་བྱ་སྟེ། སངས་རྒྱས་ཐམས་ཅད་ཁོ་ན་ཞེས་བྱ་བའོ། །རྟོག་པ་ཡོངས་སུ་རྫོགས
་པ་ནི་མཐར་ཐུག་པ་དེའི་དོན་དུ་ཡང་གསུངས་པ་ཡིན་ནོ། །ཅི་གསུངས་པ་ཡིན་ཞེ་ན། དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དཔལ་མཆོག་དང་པོའི་རྒྱུད་ཀྱི་རྣམ་པ་ཅན་གྱིས་བདག་གིས་ངེས་པའི་ཤེས་པ་འདི?
་ནི་སྙིང་པོ་ཡིན་ནོ། །མཆོག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་མཆོག་ཆེན་པོའོ། །བདེ་བ་ཆེན་པོའི་མཆོག་གི་རྗེས་སུ་ཆགས་པ་ཨུཆེན་པོས་ཏེ། །ཐམས་ཅད་དུ་ཁྱབ་པའི་རིགས་ལྔའི་གཟུགས་བསྟན་པས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་རིགས་ལྔའི?་
་ལྷའི་ཏིང་ངེ་འཛིན་རྫོགས་པར་བྱེད་པའོ། །ཐམས་ཅད་ཀྱི་མཆོག་ཀྱང་དེ་ཡིན་ལ་སེམས་དཔའ་ཡང་དེ་ཡིན་པས་ན་ཐམས་ཅད་ཀྱི་མཆོག་གི་སེམས་དཔའ་སྟེ། རིགས་ལྔའི་ལྷའི་རྣམ་པ་ཅན་ནོ། །དེ་དག་གི་འབྱུང་གནས་ནི་དེ
་དག་སྐྱེད་པར་བྱེད་པའི་རྒྱུའོ། །ཅིའི་ཕྱིར་རྒྱུད་འདི་ཐམས་ཅད་ཀྱི་མཆོག་གི་འབྱུང་གནས་ཡིན་ཞེ་ན། རྟག་ཏུ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་འདི་དུས་ཐམས་ཅད་དུ་སེཾས་ཅན་གྱི་ཁམས་ཐམས་ཅད་ལ་ཐམས་ཅད་ཀྱི
་མཆོག་གི་དབང་ཕྱུག་ཉིད་གསོལ་བ་དེའི་ཕྱིར་རོ། །ཐམས་ཅད་ཀྱི་མཆོག་ཀྱང་དེ་ཡིན་ལ་སྦྱོར་བ་ཡང་དེ་ཡིན་པས་ཐམས་ཅད་ཀྱི་འབྱོར་པ་སྟེ། རིགས་ལྔའི་ཕུན་སུམ་ཚོགས་པའོ། །དེས་དབང་ཕྱུག་སྟེ་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་ནི་རྡོ
་རྗེ་འཆང་ངོ། །དེའི་དངོས་པོ་ནི་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་ཉིད་དེ། དེ་བསྒྲུབ་པ་པོ་རྣམས་ལ་གསོལ་པའོ། །འདི་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་ཅིག་པུར་མ་ཟད་ཀྱི་གང་གིས་ཀྱང་འདི་ཡོངས་སུ་རྫོགས་པར་ནུས་བ་མ་ཡིན་ནོ་ཞེས་བྱ་དང་ལྷག
་པར་བྱ་བའི་ཕྱིར་མཛའ་ཡས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་མཛའ་མེད་པས་ན་མཛའ་ཡས་པའོ། །མཛའ་ཡས་པ་ཉིད་ཀྱི་ཕྱིར་གང་གིས་ཀྱང་འདིའི་མཐར་ཐུག་པ་མེད་པས་མ་ཐོབ་པའོ། །ཐོབ་པ་མེད་པ་ཉིད་ཀྱི་ཕྱིར་མཐར
་ཐུག་པ་མེད་བས་ཏེ། ཡོངས་སུ་རྫོགས་པ་མེད་པའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། མཐར་ཐུག་པ་མེད་བ་ཁོ་ནའོ། །ཚུལ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ཚུལ་ཆེན་པོས་ཏེ། བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང
་བཅས་པའི་རང་བཞིན་ཉིད་ཀྱི་ཆོས་གྱི་དབྱིངས་ཀྱི་དམ་ཚིག་གོ་ཞེས་བྱ་བའི་དོན་ཏོ། །འདི་གང་གིས་ཤེ་ན་མཆོད་པ་ཆེན་པོ་ཐམས་ཅད་ཅེས་བྱ་བ་ལ་རིགས་ལྔའི་ལྷ་མོ་རྣམས་ནི་མཆོད་པ་ཆེན་པོ་ཐམས་ཅད་དེ། དེ་རྣམས་ཀྱི་དམ་ཚིག་ནི
་དེ་ཡིན་ནོ། །ནམ་མཁའ་བཞིན་དུ་ཐམས་ཅད་དུ་འགྲོ་བས་ནམ་མཁའ་དང་མཚུངས་པའོ། །འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། མཆོག་གི་དངོས་གྲུབ་འཕེལ་བ་སྟེ་ཞེས་བྱ་བ་ལ། རིགས་ལྔའི་དངོས་གྲུབ་ཀྱི་མཆོག་གི་དངོས་གྲུབ་སྟེ། དེ་ཉིད་གོང་ནས
་གོང་དུ་འཇུག་པས་ན་འཕེལ་བའོ། །དེ་ལྟེར་བས་ན་མཆོག་གི་དངོས་གྲུབ་འཕེལ་བ་སྟེ། དེ་ལྟ་བུ་གང་ཡིན་པ་དེ་གང་གིས་ཀྱང་ཡོངས་སུ་རྫོགས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཐོག་མ་མཐར་ཐུག་མེད་པའོ་ཞེས་བྱ་བ་ལ་།
་ཐོག་མ་ནི་དང་པོ་བསྐྱེད་པའོ། །མཐར་ཐུག་པ་ནི་ཡོངས་སུ་རྫོགས་པས་ཏེ། ཉིད་མཚམས་སྦྱོར་བ་མེད་པར་འཇིག་པའོ། །གང་ལ་ཐོག་མ་དང་མཐར་ཐུག་པ་གཉིས་མེད་པས་ཏེ། ཐོག་མ་དང་ཐ་མ་མེད་པའོ། །འདི་ལྟར་འཆད་པར
་འགྱུར་ཏེ། འདི་ཐོག་མ་དང་ཐ་མེད་པ་ཡིན་ཏེ། ཇི་སྐད་དུ་ད་ལྟར་བྱུང་བའི་རང་བཞིན་གྱི་ནམ་མཁའ་ཨི་ཁམས་ཐམས་ཅད་རྟག་ཏུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་ཐམས་ཅད་དུ་འགྲོ་བ་སྟེ། དེའི་ཕྱིར་འདིར་ཡོངས་སུ
་རྫོགས་པར་བྱེད་པར་སུས་ཀྱང་ནུས་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །གལ་ཏེ་འདི་ཡོངས་སུ་རྫོགས་པར་བྱེད་པར་ནུས་པ་མ་ཡིན་ན་།འོ་ན་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་ཇི་ལྟར་བརྗོད་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ
་གང་གི་ཕྱིར་སེམས་ཅན་རྣམས་ནི་ངན་པ་ལ་ཞེན་ཅིང་གཞུང་ཉུང་བ་ལ་མངོན་པར་དགའ་བ་རྒྱ་ཆེ་བའི་འཇིགས་པས་འཇིགས་པའི་ཕྱིར་རོ། །ནམ་མཁའ་ཨི་ཁམས་ཐམས་ཅད་ལ་རྟག་ཏུ་ཞུགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས
་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་དུ་གཤེགས་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་མི་མོས་ཤིང་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་དད་པ་མེད་པའོ། །བསྒྲུབ་པར་བྱ་བའི་སྦྱོར་བས་གཞན་དུ་སྨྲ་ཞིང་གཞན་བྱེད་པས
་གཡོ་སྒྱུ་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅིའི་ཕྱིར་གཡོ་སྒྱུ་ཅན་ཡིན་ཞེ་ན། མ་སྦྱངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པས་མ་ཐུལ་བས་ན་མ་སྤྱངས་པའོ། །རྟག་ཏུ་སྟེ་དུས་ཐམས་ཅད་དུ་འདོད
་པའི་ཡོན་ཏན་ལྔ་ལ་ཞེན་པས་ཏེ། རྟག་ཏུ་རྗེས་སུ་ཆགས་པའོ། །སྡོམ་པའི་ཚུལ་ཁྲིམས་ཙམ་ལ་ཆགས་པས་ན། ཆགས་པ་དང་བྲལ་བ་ལ་ཆགས་པའོ། །དེ་ལྟར་གྱུར་པའི་སེམས་ཅན་ཡོངས་སུ་མ་སྦྱངས་པ་དེ་རྣམས་རྒྱས་པར
་བཤད་པ་མཛའ་ཡས་པ་ཐོས་ནས་སུན་འབྱིན་པས་མནར་མེད་པའི་དམྱལ་བ་ཆེན་པོར་ལྟུང་བར་མ་གྱུར་ཅིང་ཅེས་བྱ་བའི་ཕན་གདགས་པར་བྱའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་འདི་ཡོངས་སུ་རྫོགས་པས་ཏེ། མདོར་བསྡུས་པ་ཡོངས་སུ་མཐར་ཐུག་པར
་བྱས་པའོ། །གང་གི་ཁྱིམ་ན་ཡོད་པ་དེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འདིས་འདི་ལྟར་འཆད་བར་འགྱུར་ཏེ། སློབ་མ་གཞུག་པ་ལ་སོགས་པ་རྫོགས་པར་བྱས་ནས། རིགས་ཐམས་ཅད་ཀྱི་ལྷའི་མཆོད་པ་དང། ཕྱག་རྒྱ་དགྲོལ་བ་དང
་དབང་བསྐུར་བ་དང། གོ་ཆ་བཅིང་བ་དང། མཉེས་པ་བྱ་བ་བྱས་ནས། དེའི་རྗེས་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བར་བྱ་སྟེ། ཕུར་བུ་བཏོན་པ་དང། དཀྱིལ་འཁོར་གྱི་ལྷ་གཤེགས་སུ་གསོལ་བ་བྱས་ལ། དེའི་འོག་ཏུ
་སྤྲུལ་པ་ཡིད་ཀྱིས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེ་བསྲུང་བ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་སེམས་དཔའ་དང། གཙུག་ཏོར་དང། རྡོ་རྗེ་ཁུ་ཚུར་རྣམས་ཀྱིས་བདག་ཉིད་བསྲུང་བ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད
་འདུས་པས། ཡབ་མཆོག་སངས་རྒྱས་སྲས་རྣམས་ལེགས་སོ་ཞེས་བྱ་བ་ནས་བརྩཾས་ཏེ། དེ་སྲིད་བདེ་བ་ཐམས་ཅད་ཅེས་བྱ་བའི་མཐར་ཐུག་པའི་བར་དུ་བསྟན་པའི་ལེགས་པར་མཛད་པ་རྣམས་ཀྱིས་བདག་ཉིད་དགའ་བར་གྱུར་པར་བསམ
་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་ཉེ་བར་བསྡུས་པར་བྱས་ལ་ལངས་ཏེ། ཇི་ལྟར་དགེ་བའི་ཕྱོགས་དང་མཐུན་པར་རྗེས་སུ་སྤྱད་པར་བྱའོ། །དེ་ནས་ཕུར་བུ་གདོན་པའི་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ཨོཾ་བཛྲོད་ཀཱི་ལི་ཀཱི་ལ་ཡ་སརྦ་ཀི་ལ་ཡ་སརྦ
་ཀི་ལན་བྷུདྡྷ་སར་ཏེ་ན་བཛྲ་ཨ་ཛྙཱ་ཡཾ་ཧཱུཾ་ཕཊ། ཕུར་བུ་ཐམས་ཅད་གདོན་པའི་སྔགས་སོ། །དེ་ནས་འདིའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཀྱིས་ཁ་སྦྱོར་གྱི་ཐལ་མོ་བྱས་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ། དབུས་མ་གཉིས་ཀྱིས་རྩེ་མོ
་ཡང་དག་པར་སྦྱར་བ་བྱས་ལ་དེའི་ཚིགས་གསུམ་པའི་དྲུང་དུ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པ་ཅན་ནས་གང་ཙམ་གྱི་བར་ཡོད་པར་གཟུང་ཞིང། མཐེའུ་ཆུང་གཉིས་དང་མཐེ་བོང་གཉིས་ཀྱི་རྩེ་མོ་བྱས་ཏེ། འདི་ནི་རྡོ་རྗེ་ཕུང་བུའི་སྒྲགས?
་དང་ཕྱག་རྒྱའོ། །འདི་ནི་དབུས་མའི་རྩེ་མོས་ཕུར་བུ་གཟུང་སྟེ། མངོན་སུམ་དུ་འམ་ཡིད་ཀྱིས་གདོན་པར་བྱའོ། །དེ་ནས་ཕུར་བུ་དེ་ཉིད་ཡིད་ཀྱིས་རྡོ་རྗེ་རྩེ་ལྔ་པའི་དབུས་སུ་འམ། དགྲ་བོའི་ལུས་ལ་གཞུག་པར་བྱའོ། །དེ་ནས་ཞི་བའི་རིགS
་པས་པའི་འོ་མ་ལ་ཡོངས་སུ་བཟླས་ཏེ། ཕུར་བུའི་བུ་གུ་དེ་ཡོངས་སུ་དགང་བར་བྱའོ། །སྦྱིན་པའི་ཕ་རོལ་ཕྱིན་དམ་ཚིག། ཕྱག་རྒྱའི་དོན་ནི་རབ་སྟོན་བྱེད། །རྒྱུད་འདིའི་བཤད་པ་བྱས་པ་ཡིས། །བདག་གིས་དགེ་བ་གང་བསགས་པ།
་ངེས་ནི་འཇིག་རྟེན་མ་ལུས་པ། །སྦྱིན་པའི་ཕ་རོལ་ཕྱིན་ཀུན་དགའ་ཨི། །སྙིང་པོ་བསམ་མི་ཁྱབ་དགེ་འབྱུང། །ཁྱབ་བདག་རྡོ་རྗེ་རིན་ཆེན་གྱུར། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལ
་དུམ་བུ་གཉིས་པའི་བཤད་པ་རྫོགས་སོ།། །།དེ་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་གཉེན་པོ་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་སྟོང་པའི་དངོས་པོས་སྦྱིན་པའི
་ཕ་རོལ་ཏུ་ཕྱིན་པ་དང་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ཅན་གྱི་དཔལ་མཆོག་དང་པོ་རྡོ་རྗེ་ཆེན་པོ་དེའི་རང་བཞིན་གདུལ་བྱ་རྣམས་ཀྱིས་མངོན་དུ་བྱེད་པའི་ཕྱིར་དུམ་བུ་གཉིས་པ་བསྟན་ནས་ད་ནི་རང་བཞིན་གྱིས་དག་པའི་སོ་སོར
་རྟོག་པའི་ཡེ་ཤེས་ཡིད་ཀྱི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཆོས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་དེའི་རང་བཞིན་གདུལ་བྱ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། དེ་ནས་དང་པོའི་གནས
་དགྱེས་པ་ཞེས་བྱ་བ་ལ་སོགས་པས་དུམ་བུ་གསུམ་པ་གསུངས་པ་ཡིན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་དུ་བསྟན་ནས་སླར་ཡང་བྱ་བ་ནན་ཏན་བསྒྲུབ་པའི་ཡེ་ཤེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང།
་ལས་ཀྱི་ཕྱག་རྒྱའི་རང་བཞིན་ཅན་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་རྣམ་པར་ཤེས་པ་རྣམས་རྣམ་པར་དག་པའི་རྒྱུར་གྱུར་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གདུལ་བྱ་རྣམས་མངོན་དུ་བྱེད་པའི་ཕྱིར། དེ་ནས་དང་པོའི་གནས
་དགྱེས་ནས། །ཐམས་ཅད་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ཀྱིས་དུམ་བུ་བཞི་པ་བསྟན་པར་གསུངས་པ་དེ་ཡིན་ནོ། །དུམ་བུ་བཞི་པོ་དེ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་མཚན་པ་མེད་པ་དང། སྨོན་པ་མེད་པ
་དང་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམས་ཏེ། མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་སྒྲུབ་པར་བྱེད་པ་བསྟན་པ་ཡིན་ཏེ། དེའི་ཕྱིར་གཉིས་སུ་བྲོས་པའི་ཉེས
་པར། གས?་པར་མི་བྱའོ། །གལ་ཏེ་གཉིས་སུ་ཟློས་པ་ཡོད་ཀྱང་སྒྲ་གཅིག་གིས་དོན་དུ་མ་སོ་སོར་སྟོན་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སྒྲ་དེ་ཉིད་ཀྱིས་དགོས་པའི་དབང་གིས་དོན་གཞན་བསྟན་པར་བྱ་བ་ཡིན་ཏེ། སྐྱོན
་ཡོད་པ་མ་ཡིན་ནོ། །དུམ་བུ་གཉིས་པོ་འདི་ལས་གཞན་ཡང་ཁྱད་པར་ཅི་ཡོད་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་དུམ་བུ་གསུམ་པར། དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་ཁོ་ན། རྡོ་རྗེ་སེཾས་དཔའ་ཨི་དཀྱིལ་ཁོར་ཆེན་པོ་ཡིན་ཏེ། འདིའི་བྱང
་ནི་འདི་ཡིན་ཏེ། རབ་ཏུ་དགའ་བ་དང། དགའ་མ་དང་སྤྱན་མ་དང། དཔལ་ཆེན་མོ་རྣམས་ཀྱི་སྒྲར་སྤྱོད་རྡོ་རྗེ་མ་དང་རྡོ་རྗེ་སྤྲིན་མ་དང། རྡོ་རྗེ་སྟོན་མ་དང། རྡོ་རྗེ་དགུན་མ་རྣམས་བརྗོད་པ་ཡིན་ནོ། །དེ་རྣམས་ཀྱི་ཡང་རིམ་པ་བཞིན་དུ་འདིར་ནི་སྙིང་པོ་འདི
་རྣམས་ཡིན་ཏེ། ཨོཾ་མ་དུ་བཛྲ།བྷུཾ་བྷུཾ། ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ་ཨོཾ་ཤ། རཏ་བཛྲེ་ཨཾ་ཨཾ་ཨོཾ་བཛྲེ་ཤེ་ཤི་རི་ཧཱུཾ་ཧཱུཾ་ཞེས་བྱའོ། །དུམ་བུ་ཞེས་ས་པ་ལ་ནི་ཧེ་བཛྲ་ཏེ། མ་ཧཱ་ར་ཏེ་བཛྲེ་ཧོ། །ོཾ་བཛྲ་ལོ་ཙི་ནི་མ་ཤྲཱི་བཛྲ་ཉི་ཞེས་བྱ་བ་ལ་སོགས་པ་ནི
་གསུམ་པར་ནི་ཧེ་མཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ནི་དུམ་བུ་གཉིས་པར་སྤྱན་འདྲེན་པའི་སྔགས་སོ། །ཧཱུཾ་མ་ཧཱ?་སུ་ཁ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པར་སྤྱན་འདྲེན་པའི་སྔགས་སོ། །ོཾ་མཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་ནི་གཉིས་པར
་བུམ་པའི་སྔགས་སོ། །ཧཱུཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པར་རོ། །གཉིས་པ་སྣ་ཚོགས་པའི་གོས་ཀྱིས་རབ་ཏུ་གཡོགས་པའི་སློབ་དཔོན་གྱིས། །དཀྱིལ་འཁོར་དུ་འཇུག་པར་བྱའོ། །གསུམ་པར་ཛ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྲུང་བའི་སྔགས་སོ། །གསུམ་པར་ཡི་གེ་ཧཱུཾ་ལ་སོགས་པའོ། །གསུམ་པ་ནི་འདིར་དུམ་བུ་བཞི་པ་སྟེ། ཁྱད་པར་གྱི་གནོད་པ་ཡོད་པ་མ་ཡིན་ནོ། །ཐམས་ཅད་དུ་ནི་དུམ་བུ་གཉིས་པ་ལས་གསུངས་པའི་རྒྱས་པར
་བསྟན་པ་དབང་དུ་བྱེད་པ་ཉིད་དུ་བཟུང་བར་བྱའོ། །དུམ་བུ་གཉིས་པོ་འདིར་ཡང་ཁྱད་པར་ནི་སོ་སོ་དང་བསྡུས་པ་བསྟན་པས་སྐབས་ཁ་ཅིག་ཏུ་ཚིག་གཞན་གྱིས་དངོས་པོ་དེ་ཉིད་བསྟན་པར་བྱ་བ་ཡིན་ནོ། །ཞེས་བྱ་བའོ། །དུམ་བུ་གསུམ་པའི
་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་རྣམ་པར་འགྲེལ་པ་རྫོགས་སོ།། །།དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོ་ཡང་དུམ་བུ་གཉིས་པའི་ལས་གསུངས་པའི་དཀྱིལ་འཁོར་དང་འདྲ་བས་ཏེ། སླར
་ཡང་བཤད་པར་མི་བྱའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཡང། དུམ་བུ་གཉིས་པ་ལས་གསུངས་པའི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་དང་འདྲ་བ་སྟེ། འདིར་ཁྱད་པར་ནི་འདི་ཡིན་ཏེ། ཐིག་སྐུད་གསུམ་པའི་དཀྱིལ
་འཁོར་གྱི་དཀྱིལ་གྱི་ཐིག་སྐུར་བདུན་པའི་བར་མཚམས་བསྐོར་བར་བྱ་སྟེ། དེའི་རྗེས་ལ་སླར་ཡང་ཐིག་སྐུད་བདུན་པའི་བར་མཚམས་ཀྱི་ཕྱི་རོལ་ཏུ་མེའི་ཕྱོགས་ཀྱི་ཆར་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མེད?་པ་གསུམ་པོའི་དཀྱིལ
་འཁོར་རོ། །བདེན་བྲལ་དུ་སྲིང་མོ་བཞིའི་དཀྱིལ་འཁོར་རོ། །རླུང་དུ་ཀླུའི་དཀྱིལ་འཁོར་རོ། །དབང་ལྡན་གྱི་ཕྱོགས་ཀྱི་ཆར་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་རོ། །སླར་ཡང་འཁོར་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཕྱོགས་དང་མཚམས
་རྣམས་སུ་འཇིག་རྟེན་གྱི་ཁམས་བརྒྱད་དེ། དེ་རྣམས་སུ་ཡང་དེ་བཞིན་གཤེགས་པའི་རེ་རེ་ལོགས་གཡས་པ་དང། གཡོན་པ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་གཉིས་གཉིས་ཀྱིས་ཡོངས་སུ་བསྐོར་བ་བྲི་བར་བྱའོ། །དེ་ལ་ཤར་གྱི
་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ནུབ་ཀྱི་ཕྱོགས་སུ་འོད་དཔག་ཏུ་མེད་པའོ། །ལྷོར་མི་བསྐྱོད་པའོ། །བྱང་དུ་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པར་མཛད་པའོ། །མེའི་ཕྱོགས་སུ་ཡེ་ཤེས་ཏེ་ལ་ལའོ། །བདེན་བྲལ་དུ་འཇིགས་དབྱངས
་འབྲུག་སྒྲའོ། །རླུང་དུ་གསེར་འོད་བརྩེགས་བར་སྣང་བའོ། །དབང་ལྡན་གྱི་ཕྱོགས་ཆར་དེ་བཞིན་གཤེགས་པ་བདེན་པར་གསུངས་པ་བྲི་བར་བྱའོ། །ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཅིང་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲིའི
་གདན་ལ་བཞུགས་ནས་ཆོས་སྟོན་པ་བྲི་བར་བྱའོ། །དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ་གཡས་ལོགས་སུ་འཇིག་རྟེན་དབང་ཕྱུག། གཡོན་པར་རྡོ་རྗེ་འཆང་བའོ། །མི་བསྐྱོད་པའི་གཡས་ལོགས་སུ་སྤོས་ཀྱི་གླང་པོ། །གཡོན་པར་རྡོ་རྗེ་སྙིང་པོའོ། འོད་དཔག
་ཏུ་མེད་པའི་གཡས་ལོགས་སུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། །གཡོན་དུ་མཐུ་ཆེན་ཐོབ་པའོ། །ཡེ་ཤེས་ཏ་ལ་ལའི་གཡས་ཕྱོགས་སུ་འཇམ་དཔལ། །གཡོན་དུ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའོ། །བདེན་བར་གསུངས་པའི་གཡས་ལོགས་སུ་བྱང
་ཆུབ་སེམས་དཔའ་བཟང་པོའི་དཔལ། གཡོན་དུ་རིན་ཆེན་དྲ་བ་ཅན། གསེར་འོད་བརྩེགས་པར་སྣང་བའི་གཡས་ལོགས་སུ་དྲི་མ་མེད་པའི་གཟི་བརྗིད་གཡོན་དུ་རྒྱལ་བའི་བློ་གྲོས་སོ། །འཇིགས་དབྱངས་འབྲུག་སྒྲའི་གཡས་ལོགས་སུ་ནམ་མཁའ་ཨི་སྙིང་པོ།།
་གཡོན་དུ་སའི་སྙིང་པོའོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པར་མཛད་པའི་གཡས་ལོགས་སུ་བློ་གྲོས་མི་ཟད་པ། གཡོན་དུ་ཀུན་བཟང་པོའོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཕྱག་རྒྱ་དང་སྔགས་ལ་སོགས་པ་ནི
་འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་མཛད་ཅེས་བྱ་བའི་རྒྱུད་ཆེན་པོ་ལས་ཤེས་པར་བྱའོ། །འདིར་ཁྱད་པར་ཡང་འདི་ཡིན་ཏེ། རྡོ་རྗེ་མཚོན་ཆ་འཛིན་མ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུ་ལ་མཐར་ཐུག་གི་བར་གྱི་ལྷ་མོ་བཅུ་དྲུག་ནི་གཡོན
་བརྒྱད་པའི་གནས་པས་བཞུགས་ཤིང་ངོ། །དབུ་སྒྲ་འཁྲུག་ཅིང་གྱེན་དུ་མཛེས་ཤིང་གཡོ་པའོ། །དུམ་བུ་གསུམ་པར་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོའི་བཤད་པ་རྫོགས་སོ།། །།པདྨའི་རིགས་ཀྱི་དཀྱིལ
་འཁོར་ཆེན་པོ་ནི་སྔར་བཤད་པ་དང་མཚུངས་པ་ཡིན་པས་སླར་ཡང་བཤད་པར་མི་བྱའོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་སྔར་བཤད་པ་དང་མཚངས་པ་ཡིན་པ་ལོས། །ཁྱད་པར་ནི་འདི་ཡིན་ཏེ། གང་ཞིག་ཡིད་དུ་འོང་མའི
་སྙིང་པོའི་ཁྱད་པར་རོ། །དེ་ལ་གཉིས་པར་བཛྲ་ཨ་བྷི་ཤི་ཀ་ཛ། མ་ཧཱ་བཛྲེ་ནི་ཌཌ་ཎེ་ཧཱུཾ། མ་ནི་དྷཱ་ཛཱ་གྲ་ཀེ་ཡཱུ་རེ་བི། མ་ཧཱ་བཛྲ་མ་ཧཱ་མ་ཧེ་ཧོ་ཞེས་བྱ་བ་ནི་དུམ་བུ་གཉིས་པ་ཡིད་དུ་འོང་བའི་སྙིང་པོ་རྣམས་སོ། །གསུམ་པ་ལ
་ཨོཾ་ར་ཏི་བཛྲི་ནི་མ་ཌ་ཨོཾ་ཙི་ན་ཌཱ་ཏ་མ་ནི་ཧོ། །ོཾ་བཛྲ་མ་ཧཱ་མ་ཧE་ཧཾ་ཞེས་བྱའོ། །འཇིག་རྟེན་པའི་དཀྱིལ་འཁོར་བཞི་པོ་ནི་སྔ་མ་བཞིན་ཁོ་ནའོ། །བསྡུས་པའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན
་ཏེ། གང་ཞིག་མདོར་བསྟན་པ་ནི་སྔར་བཤད་པ་འདི་ཁོ་ན་འདིར་རྗེས་སུ་འཇུག་པའོ། །གང་གི་ཕྱིར་དེ་རྒྱས་པར་བཤད་པའི་ཆོ་ག་དེ་ཉིད་འདིར་དབང་དུ་བྱས་ལ་ཉིད་ཀྱི་རྗེས་སུ་འཇུག་པའི་བྱེད་པའི་ཕྱིར་རོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར
་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་གསང་པའི་དཀྱིལ་འཁོར་དང་འདྲ་བ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། འདོད་ཆགས་རྡོ་རྗེ་མ་ནི་དམར་བ་དང་དཀར་བའོ། །ཀི་ལི་ཀི་ལི་ནི་དཀར་པོ་དང་སེར་པོའོ། །རྡོ་རྗེ་དྲན་མ་ནི་སྔོ་བ་དང་དཀར་པོའོ
་རྡོ་རྗེ་འདོད་པའི་དབང་ཕྱུག་མ་ནི་ལྗང་བ་དང་དཀར་བའོ། །ོཾ་མ་དུ་བཛྲི་གྷུཾ་གྷུཾ་ཞེས་བྱ་བ་ལ་སོགས་པ་ནི་དུས་ཀྱི་མཆོད་པ་རྣམས་ཀྱི་སྙིང་པོ་བཞིའོ། །དུས་མཉམ་དུ་རྡོ་རྗེ་དང་བཅས་པའི་དྲིལ་བུ་དང། པི་ཝང་ལ་སོགས་པའི་རོལ་མོ་ལ་འཁྲུགས་མའི
་དབྱངས་ཀྱིས་རྡོ་རྗེ་གར་གྱི་མཆོད་པ་བྱས་ལ། གསང་བའི་ལྕགས་ཀྱུ་དྲིལ་བུ་དང་བཅས་པ་དང། ཨོཾ་ཨ་ཧཱུཾ་གི་བཟླས་པ་ཟུར་བཞིའི་ཚུལ་གྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །དུམ་བུ་གསུམ་པ་དཔལ་རྡོ་རྗེ་སེམས
་དཔའ་ཨི་གསང་བའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་ནི་དུམ་བུ་གཉིས་པ་ལས་གསུངས་པ་ཁོ་ན་ཡིན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། མཆོད་པ་ཐམས་ཅད་ཀྱི་ཡོངས་སུ་གང
་པའི་སྣོད་ནམ་མཁའ་ཨི་སྙིང་པོའི་ཕྱག་ཏུ་བྲི་བར་བྱའོ། །རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་གསང་བའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་དང་པོའི་གསང་བའི་དཀྱིལ་འཁོར་དུ་བྲི་བར་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། རྡོ་རྗེ་མཚོན་ཆ་དང་རྩེ
་གསུམ་ཆེན་པོ་དང། ལྕགས་ཀྱུ་དང་ཞགས་པ་འཛིན་མ་རྣམས་དང། ལྷན་ཅིག་ཏུ་གདན་གཅིག་ལ་བཞུགས་པའི་བཅོམ་ལྡན་འདས་བྲི་བར་བྱའོ། །མཚམས་བཞིར་ནི་མདའའཛིན་མ་ལ་སོགས་པ་བཞི་བྲི་བར་བྱའོ། །ཧྲི་ཨ་ར་ལི་ཧཱུཾ་ཞེས་བཅོམ
་ལྡན་འདས་ཀྱི་བསྒྲུབ་པར་བྱ་བའི་སྙིང་པོའོ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲི་ཧྞ་གྲིཧྞ་ཧཱུཾ། གྲིཧྞཱ་པ་ཡ་གྲིཧྞཱ་བ་ཡ་ཧཱུཾ། ཨ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཕཊ་ཅེས་བྱ་བས་རྡོ་རྗེ་འབར་བ་ལྕགས་ཀྱུ་ཆེན་པོ་དང། གར་གྱི་ཚུལ་གྱིས་བཅོམ་ལྡན་འདས་འཁོར?
་དང་བཅས་བའི་བཅོམ་ལྡན་འདས་སྤྱན་དྲང་བར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང། འཕགས་པ་ནམ་མཁའ་ཨི་སྙིང་པོ་དག་གི་གསང་བའི་དཀྱིལ་འཁོར་ཡང་སྔ་མ་བཞིན་ཁོ་ནའོ། །བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ
་པ་དང། རྣལ་འབྱོར་སྒྲུབ་པ་སྔར་བཤད་པ་གཟུང་བར་བྱའོ། །ཕྱག་རྒྱའི་རྒྱུད་ཀྱང་དེ་བཞིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་རྡོ་རྗེ་དྲིལ་བུ་བ་དན་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་གཉིས་གཞན་ནོ། །དེ་དག་ནི་འདི་ཡིན་ཏེ།
་གཡས་པའི་རྡོ་རྗེ་ཁུ་ཚུར་བཅིངས་ནས་ལག་པ་གཡོན་པ་བ་ངན་གསུམ་གཡོ་བར་བྱ་སྟེ། འདི་ནི་སྣ་ཚོགས་པའི་བ་དན་འཛིན་པའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ནས་དྲིལ་བུའི་རྣམ་པར་བྱས་ནས་གཡས་པའི་རྡོ
་རྗེ་ཁུ་ཚུར་དེའི་སྟེང་དུ་གཟུང་བར་བྱ་སྟེ། འདི་ནི་དམ་ཚིག་གི་ཕྱག་རྒྱ་གཞན་ཡིན་ནོ། །འདིར་དང་པོ་ནི་རྟོག་པ་ཐམས་ཅད་ཀུན་ལས་བཏུས་པའི་དཀྱིལ་འཁོར་ཆེན་པོའི་བཤད་པའི་དོན་སྟོན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི་གསང་བའི་དཀྱིལ་འཁོར
་ལྔ་པོའི་དོན་སྟོན་པར་བྱེད་པའོ། །དེ་ལ་རྟོག་པ་ཐམས་ཅད་ཀུན་ལས་བསྡུས་པ་དང། པོའི་ཁྱད་པར་གང་ཡིན་པ་དེ་བཤད་པར་བྱ་སྟེ། དེ་ལ་ཆགས་པ་ཆེན་པོ་ནི་རྡོ་རྗེ་སྙེམས་པའི་བདག་པོ་ཁོ་ནར་བཤད་པ་ཡིན་ནོ། །སྙེམས་པའི་བདག་པོ
་ཉིད་དེ་ཡང་བཤད་ཟིན་ཏོ། །ཐིག་གདབ་པའི་ཆོ་གས་ཆ་གསུཾ་པ་མ་ལུས་པར་ཐིག་དབ་པར་བྱས་ལ་དཀྱིལ་འཁོར་བྲི་བར་བྱའོ། །ཞེས་བྱ་བ་འདི་གསུངས་པའི་དངོས་པོ་རྒྱུད་ཐམས་ཅད་དུ་ཡང་གཟུང་བར་བྱའོ། །དཀྱིལ་འཁོར་དུ་ཞུགས་ཏེ་ནང་གི་རིམ་པར་གནས་ནS།།
་?་ཧཱུཾ་?་ཧོ:པྲ་སིདྡྷཾ་མཾ་ཞེས་བྱ་བ་དཀྱིལ་འཁོར་གྱི་བདག་པོ་ལ་སློབ་དཔོན་གྱིས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་གང་གསུངས་པ་དེ་གཉིས་པ་འདིར་ཤེས་པར་བྱའོ། །གང་ལ་བསོད་ནམས་མ་ཚང་བར་ཕྱིའི་ཡོ་བྱད་ཀྱི་ཕུན་སུམ་ཚོགས་པ་མེད་ན་དེས
་ཐལ་བ་བཟང་པོས་དཀྱིལ་འཁོར་རེ་ཁཱ་གཅིག་པ་བྲིས་ཏེ་ཇི་ལྟ་བ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཆོ་གས་འཇུག་པ་ལ་སོགས་པ་བྱས་ཏེ་ཉིན་ཞག་བཞིའི་བར་དུ་བཟླས་པ་དང། བསྒོམ་པས་བསྒྲུབ་པར་བྱས་ན་དེའི་རྗེས་ལ་སྒྲིབ་པ
་ཐམས་ཅད་སྤོང་བར་འགྱུར་རོ། །མེ་ཏོག་དང་སྤོས་དང་མར་མེ་དང་དྲི་རྣམ་པ་སྣ་ཚོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རིགས་ལའོ། །མེ་ཏོག་དང་སྤོས་དང། མར་མེ་དང། དྲིའི་ལྷ་མོ་རྣམས་ཀྱང་སྐུ་མདོག་སྣ་ཚོགས་པའོ། །དེ་བཞིན་གཤེགས་པའི་?
་ལ་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང། མེ་ཏོག་ལ་སོགས་པའི་ལྷ་མོ་རྣམས་ཀྱང་སྐུ་མདོག་དཀར་པའོ། །རྡོ་རྗེའི་རིགས་ལ་ཁ་དོག་སྔོན་པོའོ། །པདྨའི་རིགས་ལ་ཁ་དོག་དམར་པོའོ། །ནོར་བུའི་རིགས་ལ་ཁ་དོག་སེར་པོའོ། །ལྷག་མ་ནི
་གོ་སླ་བས་བཤད་པར་མི་བྱའོ། །དུམ་བུ་གཉིས་པ་ལས་གསུངས་པའི་རྟོག་པ་ཐམས་ཅད་ཀུན་ནས་བསྡུས་པ་དང། རྟོག་པ་ཐམས་ཅད་ཀུན་བསྡུས་པ་གཉིས་པ་འདྲ་བ་ཡིན་ཏེ། འདི་བཤད་པ་དེ་ཉིད་གཟུང་བར་བྱའོ། །དུམ་བུ་གསུམ་པའི
་གསང་བའི་དཀྱིལ་འཁོར་གྱི་ཆོ་གས་རྣལ་འབྱོར་པ་མ་གྲུབ་ན་བསྒྲུབ་པའི་ཁྱད་པར་གྱིས་མྱུར་དུ་དངོས་གྲུབ་བསྒྲུབ་པར་བྱེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་དང་འདྲ་བར་གསུངS
་པ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་ལས་འདི་བསྐྱོད་པ་ཡིན་ཏེ། རྡོ་རྗེ་རིན་པོའི་ཅོད་པན་གྱིས་ལྷ་མོ་རྣམས་ལ་དབང་བསྐུར་པའོ། །དེ་ཉིད་ཀྱིས་སྤྱན་དྲངས་ཏེ་མཉམ་པའི་ཐལ་མོ་དྲིལ་བཅས་མཆོག་།རྩ་བའི་དབྱངས
་གྱིས་རྣམ་སད་པས། །ཧཱུཾ་གི་གླུ་ནི་བཟླས་པ་ཡིས། །ཤིན་ཏུ་གྲུབ་པར་འགྱུར་བ་ཡིན་ཞེས་བྱ་བས་སོ། །གཞན་ཡང་ཁྱད་པར་འདི་ཡིན་ཏེ། གཡས་དང་གཡོན་པའི་བླ་དག་གིས། །དྲིལ་བུ་རབ་སད་བཟླས་བྱས་ཏེ། རྟོག་པ་ཐམས་ཅད་རྗེས་སད
་པས། །དཔལ་མཆོག་དང་པོ་སོགས་འགྲུབ་འགྱུར་ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་མཚུངས་ཏེ་སླར་ཡང་བཤད་པར་མི་བྱའོ། །རྡོ་རྗེ་ཉི་མ་མེ
་ལྟར་འབར་བའི་ཆོ་ག་ཡང་དུམ་བུ་གཉིས་པའི་དང་པོའི་གསང་བའི་དཀྱིལ་འཁོར་དང་འདྲ་བའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། ཡི་གེ་ཧི་ཡིས་བཅོམ་ལྡན་འདས་དགོད་པར་བྱའོ། །དེའི་རྗེས་ལ་དང་པོའི་དམར་པོ་དང། དཀར་པོས་ཏེ
་མདའའཛིན་པའི་སྙིང་པོས་སོ། །གཉིས་པ་ནི་ཟླ་པ་ལྟར་དཀར་པོས་ཏེ་ཁ་ཊཝཱཾ་ག་འཛིན་མའི་སྙིང་པོས་སོ། །གསུམ་པ་ནི་དཀའ་བ་དང་ལྗང་པས་ཏེ། རྡོ་རྗེ་ཁྱབ་འཇུག་མའི་སྙིང་པོས་སོ། །བཞི་པ་ནི་གསེར་བཞིན་དུ་དྲི་མ་མེད་པ་སྟེ། རྡོ་རྗེ་དྲིལ་བུ་བ
་དན་མའི་སྙིང་པོས་དགོད་པར་བྱའོ། །རྟག་ཏུ་ཆགས་པ་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་པའི་རྡོ་རྗེ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་རྣམས་ཀུན་ཏུ་འབར་ཞེས་བྱའོ། །དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་བའི་སྔགས་སོ། །དེའི་རྗེས་ལ་ཆོ་ག
་ཐམས་ཅད་རྗེས་སུ་སྤྱད་ནས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཕཊ། ཨ་ན་ཡ་ཧོ་བྷ་ག་བཱན། བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ནི། མཉམ་པ་དྲིལ་བཅས་གླིང་བུ་སོགས། །རྣམ་དབྱེན་རོལ་མོ་དཀྲོལ་བ་ཡིས། །ཡི
་གེ་ཧཱུཾ་བཞིའི་གླུ་ཉིད་ནི། །ཟུར་བཞི་པ་ནི་སྒྲུབ་པར་འགྱུར་ཞེས་བྱ་བ་འདིར་བཟླས་པའི་ཆོ་ག་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་གསང་བའི་ཆོ་ག་ནི་དུམ་བུ་གཉིས་པ་ལས་གསུངས་པ་ཁོ་ན་ཡིན་ནོ། །ཁྱད་པར་ནི་འདི་ཡིན
་ཏེ། ཕྱག་གཡོན་པ་ལ་རང་གི་ཕྱག་མཚན་པདྨ་དང་བཅས་པའི་པདྨའི་ལྷ་མོ་རྣམས་སོ། །འཕགས་པ་ནམ་མཁའ་ཨི་སྙིང་པོའི་གསང་བའི་མཆོག་ཡང་དུམ་བུ་གཉིས་པ་ལས་གསུངས་པ་དང་འདྲ་བའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི
་དཀྱིལ་འཁོར་ལ། གཞན་ཡང་སྒྲུབ་པའི་ཁྱད་པར་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཱ་ར་མི་སཾ་བོ་དྷི་ཙིཏྟ་ཨུཏྭ?་ཏ་ཡ་མི་ཞེས་བྱ་བ་ལ། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། དབང་ཕྱུག་ཆེན་པོ་ལྷག་པའི་བདག་ཅེས་བྱ་བས་བྱང་ཆུབ
་ཆེན་པོར་སེམས་བསྐྱེད་དོ། །འདིར་རྡོ་རྗེ་ཐལ་མོ་ཁ་སྦྱོར་གྱི་མཆོད་པས་སློབ་མ་ཐམས་ཅད་གཞུག་པའོ། །ོཾ་འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་འཆང་གི་རྡོ་རྗེ་སྟེ། །རྡོ་རྗེ་འཆང་ཆེན་བརྟུལ་ཞུགས་ནི། །ཁྱོད་ཀྱིས་ཀྱང་ནི་རྟག
་ཏུ་གཟུང། །ས་མ་ཡ་སྟཝཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་མཆོག་གི་སེམས་ཆེན་པོ་ནི་འདི་ཡིན་ཏེ། འདི་མ་སྤངས་པར་རྟག་ཏུ་གཟུང་བ་གསང་བ་འདི་ཡིན་ཏེ། དངོས་གྲུབ་ཀྱི་ཕྱིར་རྡོ་རྗེ་བརྟུལ་ཞུགས་ཀྱི་སྔགས་འདི་ཡིན་ནོ།
་བསྡུས་པའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་དང་འདྲ་བས་ཏེ། སླར་ཡང་བཤད་པར་མི་བྱའོ། །ཉེ་བའི་སྙིང་པོའི་ཕྱག་རྒྱས་འགྲུབ་པར་འགྱུར་བས་དེ་བཤད་པར་བྱ་བའི་ཕྱིར། ཨ་ནུ་ར་ག་ཡ
་མི?་ཞེས་བྱ་བ་གསུངས་སོ། །ཇི་ལྟར་ཕབ་པའི་ཡེ་ཤེས་རབ་ཏུ་བཞུགས་པས་ཞེས་བྱ་བ་ལ་འདི་ནི་དཔལ་མཆོག་དང་པོའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་གི་དེ་ཁོ་ན་ཉིད་དེ། མཆོག་ཀྱང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཡིན་པས་མཆོག་གི་དེ
་ཁོ་ན་ཉིད་དེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོང་པ་ཉིད་དོ། །དེའི་ངེས་པའི་གསང་བའི་ཤེས་པ་ནི་དེའི་བསྒོམ་བའི་ཕྱག་རྒྱ་དང། དེ་སྟོན་པར་བྱེད་པའི་སྐུའོ། །འདིའི་མིང་སྟོན་པར་བྱ་བའི་ཕྱིར། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ།
་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ནི་བཤད་ཟིན་ཏོ། །དེའི་མཆོག་ཀྱང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཉིད་ཡིན་པས་མཆོག་གི་དེ་ཁོ་ན་ཉིད་སྔར་བཤད་པའོ། །དེ་ལ་དམིགས་པ་དང་དེ་སྟོན་པར་བྱེད་པའི་གང་ཡིན་པ་དེ་ནི་དེའི་མིང་ཅན་ནོ། །
་དེ་ཡང་རྣལ་འབྱོར་པ་རྣམས་ལ་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབས་པ་ཁོ་ནས་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་རྒྱུ་གང་གི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངེས་པའི་ཤེས་པ་ལ་དམིགས་པ་དང། དེ་སྟོན་པར་བྱེད་པའི
་ཕྱག་རྒྱ་དཔལ་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབས་པ་འབེབས་པ་ཁོ་ནས་སྐྱེ་བར་འགྱུར་གྱི། རྒྱུ་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བ་རྣམ་པར་རྟོག་པ་འདི་ཡོད་པས་དེ་བསལ་པའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
་གང་གི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་མཆོག་གི་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་མཆོག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒོམས་པ་དང། དེ་གསལ་བར་བྱེད་པའི་ལྷ་མོ
་རྟག་ཏུ་ངེས་པའི་ཤེས་པ་ལ་ཞུགས་པས་ན་རྟག་ཏུ་ཐུགས་ལ་གནས་པས་ཏེ་ངེས་པ་སྐུའི་གཟུགས་ཀྱིས་རྟག་ཏུ་བཞུགས་པའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབས་པའི་དེ་ཁོ་ནས་དེ་བསྐྱེད་པ་ཡིན་ནོ། །མཆོག
་ནི་དང་པོའི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་བཤད་ཟིན་ཏེ། །དེ་རྣམས་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་ལྷ་མོ་རྣམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པའི་ལྷ་མོ་ཡིན་ནོ། །འདས་མ་ཐག་ཏུ་བཤད་པ་དེ་ཉིད་ཁོ་ན
་འདི་ནི་ལས་ཐམས་ཅད་ཀྱི་ཚོགས་ཐམས་ཅད་ཐོགས་མར་བྱས་ལ། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཐམས་ཅད་མྱུར་དུ་སྒྲུབ་པ་པོ་རྣམས་ལ་སྟེར་བ་ཡིན་ནོ། །འདིའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞས་བྱ་བའི
་སྒྲ་ནི་བག་ཉེ་བར་དགོད་པ་ལའོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་པར་འགྱུར་བའོ་ཇི་ལྟ་བ་བཞིན་དུ་བཤད་བཅོམ་ལྡན་འདས་མའི་སྙིང་བོའི་ཕྱག་རྒྱ་འདི་ཉིད་ཀྱིའོ། །ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས
་མའི་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོ་དབང་ཕྱུག་ཆེན་པོའི་བདག་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་གང་ཡིན་པ་དེ་རྣམས་མི་འགྱུར་མཆོག་གོ། དོན་ཡོད་པ་ནི་ཐོགས་པ་མེད་པའོ། །མྱུར་དུ་ནི་མཆོག་ཏུ་མྱུར་བ
་ཉིད་དོ། །མཆོག་གི་དེ་ཁོ་ན་ཉིད་ནི་བསྒྲུབ་པར་བྱ་བ་ཐམས་ཅད་རྗེས་སུ་ཆགས་པའི་རང་བཞིན་ཅན་ནོ། །འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ། དེ་ཉིད་ཆོ་ག་རྒྱས་པའི་ཁྱད་པར་ནི་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་དེ་ལྟ་བུ་ཡིན་ནོ། །དེ་ཡང་རྟོགས
་ཐམས་ཅད་ཀྱིS་གསང་བ་ཆེན་པོའི་དམ་ཚིག་ནི་བསྡུས་པའི་དཀྱིལ་འཁོར་དང་དེ་སྒོམ་པར་བྱེད་པ་ནི་རྣལ་འབྱོར་དམ་པས་ཏེ། གསང་བ་ཆེན་པོའི་དམ་ཚིག་མཆོག་གོ། རྣལ་འབྱོར་པའོ། །དེའི་ཉེ་བའི་སྙིང་པོའི་ཕྱག་རྒྱའི་སྒྲུབ་པ་ཁྱད་པར་འདི་ཡིན་ཏེ།
་བསྒྲུབ་པར་བྱ་བ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་བསྒྲུབ་བྱ་ཐམས་ཅད་དེ། དམ་ཚིག་དང། ཆོས་དང་ལས་དང། ཕྱག་རྒྱ་ཆེན་པོའི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་རྗེས་སུ་ཆགས་པ་ནི་ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྒོམ་པའོ། །ཇི་སྐད
་དུ་ཕྱག་རྒྱ་ཆེན་པོ་བསྒོམ་བྱ་ཞིང། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་ཞེས་གསུངས་སོ། །ཐམས་ཅད་བསྒྲུབ་པར་བྱེད་པའི་རྗེས་སུ་ཆགས་པའི་བྱེད་པའི་གྱུར་པ་དེ་དག་གིས། མི་འགྱུར་མཆོག་ནི་གྲུབ་པར་འགྱུར་ཏེ། བསྡུས་པའི་དཀྱིལ་འཁོར་གྱི་རང་བཞིན་རྡོ་རྗེ
་འཆང་ཆེན་པོ་རྫོགས་པར་འགྱུར་རོ། །ནིའི་སྒྲ་ནི་ངེས་པར་གཟུང་བས་ཏེ། དེ་དག་ཁོ་ནས་འགྲུབ་པར་འགྱུར་རོ། །དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་རྣམས་སུ་འདི་དགོས་པ་ཡིན་པས་བསྡུས་པའི་དཀྱིལ་འཁོར་དུ་གསུངས་པ་ལས་གཞན་རིགས
་ལྔའི་ལས་ཀྱི་ཚོགས་རྣམས་སུ་ཡང་ཐམས་ཅད་སྒྲུབ་པའི་རྗེས་སུ་ཆགས་པ་དགོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ་རྒྱུ་གང་གིས་བསྒྲུབ་བྱ་ཐམས་ཅད་ལ་རྗེས་སུ་ཆགས་པས་བཅོམ་ལྡན་འདས་མ་འདི་འགྲུབ་བར་འགྱུར་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ
་སོགས་པ་ལ། གང་གི་ཕྱིར་ངེས་པའི་ཤེས་པ་འདི་དག་དང། དེ་སྟོན་པར་བྱེད་པའི་སྒྲ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱའི་རང་བཞིན་ཅན་གྱི་ལྷ་རྣམས་རབ་ཏུ་གྲུབ་པར་གྱུར་པ་དེའི་ཕྱིར་ངེས་པའི་ཤེས་རབ་རྣམས་དང། དེ
་སྟོན་པར་བྱེད་པའི་སྒྲའི་དངོས་པོ་རྣམས་བྱེད་པར་གྱུར་པ་སྐུ་རྣམས་ཀྱིས་རབ་ཏུ་གྲུབ་པ་ཡིན་ནོ། །དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་གང་གིས་བསྒྲུབ་པ་ཡིན་ཞེ་ན། སྒོམ་པར་རང་བཞིན་ཅན་གྱི་ཕྱག་རྒྱའི་སྦྱོར་བ་རྣམས་ཀྱིས་སོ།།
་རྣལ་འབྱོར་དམ་ཚིག་སྒྲུབ་པ་པོས་ཞེས་བྱ་བ་ལ་དམ་ཚིག་ནི་སྒྲུབ་པས་ཏེ། དམ་ཚིག་སྒྲུབ་པ་རྣམས་སོ། །བྱེད་པར་གྱུར་པའི་དམ་ཚིག་སྒྲུབ་པ་དེ་དག་གིས་རྣལ་འབྱོར་རྣམས་གྲུབ་པར་འགྱུར་ཏེ། དེའི་ཕྱིར་བཅོམ་ལྡན་འདས་མ་འདི་བསྒྲུབ་བྱ
་ཐམས་ཅད་རྗེས་སུ་ཆགས་པས་འགྲུབ་པར་འགྱུར་རོ། །ད་ནི་དེ་ཉིད་སྙིང་པོ་ལ་སོགས་པའི་རང་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ཉིད་སྙིང་གར་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཉེ་བའི་སྙིང་པོའི་ཕྱག་རྒྱ་འདི་ཉིད
་སྙིང་པོ་ངེས་པའི་ཤེས་པར་རྟག་ཏུ་འབྲས་བུའི་ཚུལ་དུ་གནས་པ་ནི་སྙིང་གར་གནས་པའོ། །དེའི་དངོས་པོ་ནི་དེ་ཉིད་དེའི་ཕྱིར་སྙིང་པོའོ། །དམ་ཚིག་སྒྲུབ་པ་ཕྱག་རྒྱའི་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་རྫོགས་པ་ནི
་དམ་ཚིག་སྒྲུབ་པ་སྟེ། དམ་ཚིག་སྒྲུབ་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་འདི་ཉིད་ཀྱི་ཕྱག་རྒྱ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །ཡེ་ཤེས་སྦྱོར་བས་རྣལ་འབྱོར་ཞེས་བྱ་བ་ལ་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང། ཐམས་ཅད་རྣལ
་འབྱོར་གྱི་རང་བཞིན་གྱི་བདག་གང་ཡིན་པ་དེ་ནི་འདི་ཉིད་ཡིན་ནོ། །རྒྱུ་གང་གིས་ཤེས་ན་ཡེ་ཤེས་སྦྱོར་བ་ཤེས་བྱ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་གྱི་རང་བཞིན་གྱིས་ཕྱག་རྒྱ་འདི་ཉིད་ད་ཡིན་ནོ། །ཐམས་ཅད
་སྒྲུབ་ཕྱིར་དམ་ཚིག་གོ་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་ནི་ཐམས་ཅད་སྒྲུབ་པས་ཏེ་རྫོགས་པའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྫོགས་པའི་རྒྱུ་ཉིད་ཀྱིས་དམ་ཚིག་བདག་ཡིན་པ་དེ་ནི་འདི་ཉིད
་ཡིན་ནོ། །སྙིང་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པའི་སྙིང་པོ་དང་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་དང། རྣལ་འབྱོར་ནི་རྣམ་པ་བཞི་དང། དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་སྟེ། ཉེ་བའི
་སྙིང་པོའི་ཕྱག་རྒྱ་འདི་ཉིད་ཡིན་ནོ། །སྙིང་པོ་ནི་ཇི་ལྟ་བ་བཞིན་དུ་བཤད་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ནོ། །རྣལ་འབྱོར་ནི་རྣམ་པ་བཞིའོ། །དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུ་སྟེ།
་ཉེ་བའི་སྙིང་པོའི་ཕྱག་རྒྱ་འདི་ཉིད་སྙིང་པོ་དང། ཕྱག་རྒྱ་དང། རྣལ་འབྱོར་དང། དམ་ཚིག་རྫོགས་པར་བྱེད་པས་ན་ཐམས་ཅད་སྒྲུབ་པར་བྱེད་པའོ། །སྙིང་པོ་ལ་སོགས་པའི་རང་བཞིན་ཅན་འདི་ཉིད་སྒྲུབ་པ་པོའི་རྒྱུད་ལ་རྫོགས་པར་བྱེད
་པ་ཡིན་ནོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། ངེས་པའི་ཤེས་པ་སྐྱེད་པར་བྱེད་པའི་བཅོམ་ལྡན་འདས་མའི་སྙིང་པོ་སྟེ། དེ་ལས་བྱུང་བའི་ངེས་པའི་ཤེས་པ་ལ་སོགས་པ་ནི་ཉེ་བར་བཏགས་ནས་ཉེ་བའི
་སྙིང་པོ་ཞེས་བྱ་བ་ཡིན་ནོ། །དེ་ནས་དེ་ཉིད་ལུང་བསྟན་པ་ཞེས་བྱ་བ་ལ། རང་བཞིན་སྟོན་པ་ནི་ལུང་སྟོན་པའོ། །འདོད་ཆགས་དམ་ཚིག་བརྗོད་པ་སྟེ། ཞེས་བྱ་བ་ལ། འདོད་ཆགས་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད
་གྱིས་ཀྱང་འདའ་བར་མི་མཛད་པས་ན་དམ་ཚིག་ཡིན་ལ། དེ་བརྗོད་པ་ནི་བསྟན་པའོ། །ཆོས་འདོད་ཡིད་ཀྱིས་བརྣག་པའོ་ཞེས་བྱ་བ་ལ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་ཆོས་སོ། །བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་ནི་འདོད
་པའོ། །ཆོས་ཀྱང་དེ་ཡིན་ལ་འདོད་པ་ཡང་དེ་ཡིན་པས་ན་ཆོས་ཀྱི་འདོད་པའོ། །དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ནི་ཡིད་ལ་བརྣག་པ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུན་རིང་པོ་ནས་དོན་དུ
་གཉེར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་མངོན་པར་བཞེད་པས་ངེས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །འདིའི་རྗེས་སུ་སྒྲུབ་པ་ནི་རྣལ་འབྱོར་རྣམ་པ་བཞིའོ། །དེ་སྒོམ་པའི་ཆོ་ག་ནི་རྗེས་སུ་ཆགས་པས་ཏེ། དེ་བརྗོད་པ་ནི
་བསྟེན་པ་ཡིན་ནོ། །ཅིའི་ཕྱིར་ཆོས་འདོད་པའི་ཡིད་ལ་བརྣག་པ་རྗེས་སུ་བསྒྲུབ་པའི་ཆོ་ག་རྗེས་སུ་ཆགས་པར་བརྗོད་ཀྱི། ཆོས་འདོད་པ་ཁོ་ན་ཅིའི་ཕྱིར་མ་ཡིན་ཞེ་ན། བྱང་ཆུབ་སེམས་ནི་བཅོམ་ལྡན་འདས། འདོད་ཆགས་ཆེན་པོ་དེ་ཡི་ལྷ་ཞེས་བྱ་བ
་ལ། གང་གི་ཕྱིར་འདོད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་བཅོམ་ལྡན་འདས་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བརྗོད་པ་ཡིན་ནོ། །དེ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་ལྷ
་ཡིན་ནོ། །འདིས་ནི་ངེས་པར་འབྱིན་པའི་ཤེས་རབ་ཀྱི་རང་བཞིན་གྱི་བཅོམ་ལྡན་འདས་རྗེས་སུ་བརྗོད་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཉེ་བའི་སྙིང་པོ་དེ་ཉིད་ལྷ་ཞེས་བརྗོད་པ
་ཡིན་ནོ། །རྗེས་སུ་ཆགས་པའི་ཕྱག་རྒྱ་འདི་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ནི་ཐམས་ཅད་རྗེས་སྒྲུབ་བྱེད་ཅེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་ཉེ་བའི་སྙིང་པོའི་ཕྱག་རྒྱ་ནི་སྒྲུབ་པར་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པས་ཏེ། དེའི
་ཕྱིར་རྗེས་སུ་སྒྲུབ་པར་བྱེད་པ་འདི་ཡིན་ནོ། །དེ་ལྟར་རྣལ་འབྱོར་རྣམ་པ་བཞི་སྟོན་པར་བྱེད་པའི་རྒྱུད་བསྟན་ནས་ད་ནི་ཕྱིའི་སྦྱོར་བའི་རྒྱུད་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ
་པ་སྟེ། སྒོམ་པའི་སྦྱོར་བའི་རྒྱུད་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི?་བ་ལི་ཀའོ། །རྡོ་རྗེ་ནོར་བུ་ནི་ཆུ་སྲིན་སེན་མོའོ། །དྲི་ནི་པྲི་ཀའོ། །གུར་གུམ་དང་ཙནདན་ན་ནི་གོ་སླའོ། །ཆ་མཉམ་པའི་རྫས་དེ
་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་བྱས་ཏེ་ལག་པས་གཟུང་ནས། ཡི་གེ་ཧཱུཾ་གིས་སྟོང་ཕྲག་བརྒྱར་མངོན་པར་སྔགས་ལ། དེ་དང་དེའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔར་གསུངས་པའི་ལས་བརྒྱ་པོ་རྣམས་དེས་བསྒྲུབ་པར་བྱས་ན་བཀླགས་པ་?
་གྱིས་འགྲུབ་པར་འགྱུར་རོ། །བ་ལི་ཀ་དང་ཙན་དན་དཀར་པོ་དང། ཙནདན་དམར་པོ་དང། སྤྲི་ཀ་དང། ནོར་བུ་དང། མུ་ཏིག་ཆ་མཉམ་པ་རྣམས་ཀྱིས་སྨན་བྱས་ལ་སྔ་མ་བཞིན་དུ་སྟོང་ཕྲག་བརྒྱ་མངོན་པར་བསྔགས་ནས་ནོར་བུ་འཆིང་བར་གཟུང
་བར་བྱས་ཏེ། འདི་ཡང་ཚུལ་དེ་དང་དེ་ལས་བརྒྱ་བསྒྲུབ་པ་བྱས་ནས་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ཙནདན་དཀར་པོ་དང། རྒྱ་སྤོས་དང། སྤྲི་ཀ་དང། ག་བུར་དང། བ་ལི་ཆ་མཉམ་པ་རྣམས་ཀྱིས་རྡོ་རྗེའི་གནས་བྱས་ལ། དེ་ཉིད་ལ
་དེ་བཞིན་གཤེགས་པའི་སྙིང་པོ་འབུམ་བཟླས་པར་བྱས་ལ་དེ་བཞིན་གཤེགས་པར་གསུངས་པའི་ལས་བརྒྱ་བསམས་པའི་དབང་གིས་ཕྱེ་མར་བྱས་པ་ཙམ་གྱིས་འགྲུབ་པར་བྱེད་པ་ཡིན་ནོ། །བ་ལི་ཀ་དང། དུ་རུ་ཀ་དང་ཙན་དན་དཀར་པོ་དང། ལ་ཆ་དང། བུ་རམ
་ཆ་མཉམ་པ་དང་ལྡན་པ་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་སྙིང་པོ་སྟོང་ཕྲག་བརྒྱ་མངོན་པར་སྔགས་པ་རྣམས་ཀྱིས་སྤོས་ཀྱི་རྡོ་རྗེ་འཆང་དུ་གསུངས་པའི་ལས་བརྒྱ་བསྒྲུབ་པར་བྱའོ། །རྡོ་རྗེ་དྲེག་དང། ས་རྫ་ས་དང། ཏིལ་རྣམས་ཆ
་མཉམ་པ་ལ་གུ་གུལ་བཅུག་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྔགས་སྟོང་ཕྲག་བརྒྱ་ཡོངས་སུ་བཟླས་པ་བྱས་ནས་མར་མེ་སྦར་པར་བྱ་སྟེ། མར་མེ་འདིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གསུངས་པའི་ལས་བརྒྱ་བསྒྲུབ་པར
་བྱའོ། །བ་ལི་ཀ་དང། ཙནདན་དཀར་པོ་དང། གུར་གུམ་དང། ག་པུར་ཆ་མཉམ་རྣམས་ཀྱིས་སྤོས་ཀྱི་སྦྱོར་བ་བྱས་ལ་འཕགས་པ་ནམ་མཁའ་ཨི་སྙིང་པོའི་སྙིང་པོ་ལན་འབུམ་ཡོངས་སུ་བཟླས་པ་བྱས་ན། དེས་བདག་ཉིད་ལ་ཡང་དག་པར་བྱུགས་ལ་སྦས་བརྟུལ
་བར་བྱ་སྟེ། དེ་ལྟར་ན་འཕགས་?་ནམ་མཁའ་ཨི་སྙིང་པོས་གསུངས་པའི་ལས་བརྒྱ་བསྒྲུབ་པར་བྱ་བ་ཡིན་ནོ། །དུམ་བུ་གསུམ་པའི་བཤད་པ་རྫོགས་སོ།། །།དུམ་བུ་བཞི་པ་ལ་ཡང་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ནི་དུན་?་གསུམ
་ལས་གསུངས་པའི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་དང་ཐམས་ཅད་འདྲ་བ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། སྣ་ཚོགས་པའི་གོས་ཀྱིས་གཡོགས་པར་གྱུར་པའི་སློབ་དཔོན་གྱིས་རྡོ་རྗེ་མཆོད་པའི་ཐལ་མོ་སྦྱོར་རོ། །སློབ་མ་ཐམས་ཅད
་གཞུག་པར་བྱ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་དང། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། འཕགས་པ་ནམ་མཁའ་ཨི་སྙིང་པོ་དང། མིང་པོ་གསུམ་དང། སྲིང་མོ་བཞི་དང། ཀླུ་དང། སྡུག་བསྔལ་ལས
་གདོན་པའི་དཀྱིལ་འཁོར་རྣམས་ཀྱང་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་རྣམས་དང་འདྲ་བ་ཡིན་ནོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ་ཐིག་སྐུད་བདུན་པའི?་བར་མཚམས་ཀྱི་ཕྱི་རོལ་གྱི་མཚམས་རྣམས་སུ་མེད་པོ་གསུམ་དང།
་སྲིང་མོ་བཞི་དང། ཀླུ་དང། སྡུག་བསྔལ་གདོན་པའི་དཀྱིལ་འཁོར་སྔ་མའི་རྗེས་སུ་འབྲངས་ནས་བྲི་བར་བྱའོ། །བསྡུས་པའི་དཀྱིལ་འཁོར་ཡང་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་དང་འདྲ་བའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ
་འཁོར་དང་འདྲ་བས་ཏེ། འདིར་ཁྱད་པར་ནི་འདི་ཡིན་ཏེ། ཨོཾ་ནམ་མཁའ་སྐྱེ་བ་མཚམ་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་ཅེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་གླུས་སྤྱན་དྲང་བ་དང། ལྷ་མོ་རྣམས་ཀྱང་འདིར་རྡོ་རྗེ་རིན་པོ་ཆེས་དབང་བསྐུར་བས
་མཚན་པའོ། །དེ་བཞིན་གཤེགས་པ་དང། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། འཕགས་པ་ནམ་མཁའ་ཨི་སྙིང་པོ་ཡི་གསང་བའི་དཀྱིལ་འཁོར་རྣམས་ཀྱང་དུམ་བུ་གཉིས་པོ་ལས་གསུངས་པའི་གསང་པའི
་དཀྱིལ་འཁོར་དང་འདྲ་བའོ། །ཞེས་བྱ་བའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དཔལ་མཆོག་དང་པོའི་དུམ་བུ་བཞི་པའི་བཤད་པ་རྫོགས་སོ།། །།ཡང་འདིར་སྨྲས་པ། བྱང
་ཆུབ་སེམས་ཀྱི་ཕྱག་རྒྱ་ཆེ། །ལུས་ཅན་ཀུན་གྱིས་ཐོབ་པའི་ཕྱིར། །འཇིག་རྟེན་སྣང་བྱེད་དགེ་བ་མི། །དུམ་བུ་དང་པོ་གསུངས་པ་ཡིན། །སྦྱིན་པའི་ཕ་རོལ་ཕྱིན་ཕྱག་རྒྱ། །དམ་ཚིག་ཅེས་གྲགས་རྟགས་ཏུ་དགེ། བསམ་པ་ཐམས་ཅད་ཡོངས་རྫོགས་པ། །
་དུམ་བུ་གཉིས་པ་གསུངས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་ཆོས་ཀྱི། །ཕྱག་རྒྱ་ཀུན་འགྲོ་རྟག་པ་སྟེ། །ལྟ་ངན་ཐམས་ཅད་འཇིགས་བྱེད་པའི། །དག་བ་གསུམ་པ་གསུངས་པ་ཡིན། །བརྩོན་འགྲུས་ཕ་རོལ་ཕྱིན་ལས་ཀྱི་ཕྱག་རྒྱ་ཀུན་ཡང་ཡང་དག་གནས། །བློ
་ལྡན་རྡོ་རྗེ་སེམས་དཔའ་ཡི། །བསམ་མི་ཁྱབ་པ་བཞི་པར་གསུངས། །ལྷ་ཡི་དབང་པོའི་གནས་དང་མཚུངས། །རྒྱལ་པོ་མུ་རྒྱའི་གནས་ཀྱིས་མཛེས། །སྔགས་ཅེས་རིན་ཆེན་ཚོགས་པའི་ས། །སྣ་ཚོགས་བརྩེ་བ་ཉམས་དགའ་ཨི་རི། །དེར་གནས་དཔལ་ལྡན་མཆོག་དང་པོ།།
་ཤེས་རབ་ཕ་རོལ་ཕྱིན་འབྱུང་བ། །བཤད་པ་བདག་གིས་བྱས་པས་ལས། །དགེ་བ་བསགས་པ་གང་ཡིན་ངེས། །སངས་རྒྱས་ཀུན་གྱི་ཀུན་དགའ་ཆེ། །སྙིང་པོ་ཁྱབ་བདག་བསམ་མི་ཁྱབ། །དེ་ཡིས་འཇིག་རྟེན་མ་ལུས་པ། །རྡོ་རྗེ་འཆང་ཆེན་རྒྱལ་གྱུར་ཅིག། ལུས
་ཅན་ཀུན་གྱིས་རྒྱལ་བ་ཡི། །ཡེ་ཤེས་ཐོབ་ཕྱིར་གཞུང་གི་གྲངས། །འདི་ཡི་ཚད་དུ་བཤད་པ་ནི། །སྟོང་ཕྲག་ཉི་ཤུ་རྩ་བཞི་ཡིན། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས
་མཛད་པ་རྫོགས་སོ།། །།གུ་གེའི་ཡུལ་གྱི་དབུས། བྱང་ཆུབ་སེམས་དཔའ་ཨི་ཐུགས་དམ་པའི་སྙིང་པོ་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཆེན་པོ་མཎྟར་ཀ་ལ་ཕན་དང། སྒྲ་བསྒྱུར་གྱི་ལོ་ཙ་པ་ཆེན
་པོ། བོད་ཀྱི་དཔལ་ལྷ་བཙན་པོ་བྱང་ཆུབ་སེམས་དཔའ་ཨི་གདུང་རྒྱུད་ལ་བླ་མ་དགེ་སློང་ཞི་བ་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།སྔོན་གྱི་སྨོན་ལམ་ཐུགས་རྗེའི་དབང་གིས་ན། །ལྷ་རིགས་བྱང་ཆུབ་སེམས་དཔའ་ཨི
་སྤྲུལ་པ་མེས་སྟེང་རྒྱལ་པོའི་རྒྱལ་པོར་སྐུ་འཁྲུངས་པ། །བླ་མ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད། །མངའ་རིགས་སྟོད་འདི་གདུལ་བའི་དོན་དུ་བྱུང། །གསང་སྔགས་སྤྱོད་པའི་ཆོས་ལུགས་ཀུན་ཉམས་དང། །དཀྱིལ་འཁོར་སྦྱིན་སྲེག་ཆོ་ག་ཆུབ་གྱུར
་པས། །དཀྱིལ་འཁོར་ཆོ་ག་པདྨ་སྟོང་ལྡན་ཏེ། །དེ་བཞིན་སྤྲིན་སྲེག་ཤག་ཏི་ཤུག་ཏིས་བྱེད། །གཞན་ཡང་གསང་སྔགས་སྦས་དོན་ནུབ་གྱུར་ཅིང། །སྦྱོར་གྲོལ་དང་ནི་ཚོགས་ལ་སོགས་པས་བསླང། །འདི་རྣམས་དོན་ངེས་བརྩལ་ཕྱིར་བཀས་གཉེར་ཏེ།
་ལོ་ཙ་རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །ཤྲདྡྷཡ་ཀ་ར་ཞེས་བྱ་སྤྱན་དྲངས་ནས། །སྒྲོན་གསལ་སྤྱོད་པ་བསྡུས་པའི་སྒྲོན་མ་སོགས། །བསྒྱུར་ཅིང་བཤད་ནས་སྔགས་བཟློག་གཞུང་གསལ་ཅིང། །སྔོན་གྱི་མཁས་པ་ཆེན་པོའི་ལུགས་ལ་བཙུད། །དེ
་བཞིན་དཀྱིལ་འཁོར་སྦྱིན་སྲེག་ཆོ་ག་དང། །སྒོམ་སྒྲུབ་ལ་སོགས་བྱ་བྲག་སྣ་ཚོགས་པའི། །སྐྱོན་མེད་གཞུང་ལུགས་ཀུན་ལ་འགྲོ་ཀུན་སྦྱར། །སྐལ་ལྡན་རྣམས་ལ་དབང་སོགས་རིམ་བཞིན་གསལ། །དེང་སང་བར་དུ་སྔགས་ཀྱི་གཞུང་དར་བ། །ལོ་ཅོ་སྐྱེས་མཆོག་དེ
་ཡི་དྲིན་ཡིན་གྲང། །ཤྲདྡྷ་ཀ་ར་ཞེས་བྱའི་མཁས་པ་དང། །རིན་ཆེན་སྒྲོན་འདྲ་རིན་ཆེན་བཟང་པོ་ཡིས། །རྣལ་འབྱོར་རྒྱུད་དོན་ཚུལ་བཞིན་བཤད་མོད་ཀྱི། །དེ་ཡི་གདམས་ངག་ནུབ་པར་གྱུར་པས་ན། །རྣལ་འབྱོར་རྒྱུད་ཀྱི་ཇི་བཞིན་དོན་མ་རྟོགས། །ཡང་དག་དོན་ལ་ནོར
་པའི་དྲི་མས་སླད། །འཁྲུལ་བ་དེ་དག་བསལ་བར་བྱ་བའི་ཕྱིར། རྒྱལ་སའི་དམ་པ་གུ་གེའི་ཡུལ་དབུས་ཀྱི། །ཐུགས་དམ་ས་ཡི་སྙིང་པོ་ཐོ་ལིང་དུ། །བླ་མ་ཞི་བ་འོད་ཀྱི་ཞམ་རིང་ལ། །རིག་པའི་འབྱུང་གནས་གྲོང་ཁྱེར་དཔེ་མེད་ཀྱི། །རྗེ་རིགས་མཆོག་གི་ནང་དུ
་སྐུ་འཁྲུངས་པ། །ཐོས་པ་མེད?་ཞིང་མཁྱེན་པར་ལྡན་པ་ཡི། མཁས་པ་མཆོག་གྱུར་སྔགས་ཀྱི་བུམ་པ་ལ། །གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ལས། །སྒྲ་དོན་ཐ་སྙད་ལ་མཁས་བྱུང་གྱུར་ན། །ཚིག་དོན་བརྟགས་ནས་བཅོས་པར་གྱིས། །སྒྲ་ཡི་བསྟན
་བཅོས་མཛའ་དག་མ་བསླབས་ཤིང། །བོད་ཀྱི་ཐ་སྙད་ཀུན་མ་བྱང་བས། །རྒྱ་གར་སྐད་ཙམ་ཉི་ཆེ་ཤེས་གྱུར་ཀྱང། ང་རྒྱལ་འབའ་ཞིག་ཙམ་ཀྱིས་བཅོས་མི་བྱ། །དོན་འདི་རྣམ་པར་ཕྱེ་བའི་བསོད་ནམས་ཀྱིས། །འཁོར་བའི་ཁོངས་ཆུང་འགྲོ་བ་རིགས་ལྔ་དང། །རྣལ
་འབྱོར་ལྔ་བསྒོམས་ལམ་ལྔ་མཐར་ཕྱིན་ནས། །ཡེ་ཤེས་ལྔ་རྫོགས་རིགས་ལྔའི་སྐུ་ཐོབ་ཤོག། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་བ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་བཞུགས་སོ།། རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་མ་ཧཱ་ཏ་?་རཱ་ཛ་ཊི
་