CLOSE WINDOW

N2131: dpal mchog dang po'i rgya cher bshad pa shes rab kyi pha rol tu phyin pa 'byung ba zhes bya ba
Wyliee-texts based on the ACIP/ALL Input

text in 3 volumes

volume 1 (rgyud 'grel (yi)) - volume 2 (rgyud 'grel (ri)) - volume 3 (rgyud 'grel (li)) -

ཀླན་ཆོས་འབྱུང། རྩ་སྐྱ་པ་སྟོན་འབུམ་།བླ་མ་ཁྲི་སྟན་སེང་གེ་།གནུར་ཡེ་ཤེས་རྒྱལ་མཚན། སྲས་བླ་མ་ཆོས་རྒྱལ་ལོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ་ཤྲཱི་ཕ་ར་མཱ་ཊཱི་ཀཱ་བོད་སྐད་དུ། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ། གསུང་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ཏེ། དཔལ ་མཆོག་དང་པོ་བདེ་བ་ཆེ། །ཅི་ནུས་པར་ནི་རྣམ་པར་དབྱེ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདིའི་བརྗོད་པར་བྱ་བ་དང་།འབྲེལ་བ་ནི་གང་ཞིག་ཡིན། དགོས་པ་དང། དགོས་པའི་ཡང་དགོས་པ་ནི་ཅི་ཞིག་ཡོད་ཅེ་ན། དེ་བརྗོད ་པར་བྱ་སྟེ། དཔལ་མཆོག་དང་པོ་ཞེས་བྱ་བ་ནི་རྒྱུད་འདི་ཉིད་ཡིན་ལ། འདི་ཉིད་ཀྱི་འདི་སྐད་བདག་གིས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་འཛིན་པ་ཉིད་ཅེས་བྱ་བ་ལ། དཔལ་མཆོག་དང་པོ་ནི་རྡོ་རྗེ་འཆང་ཆེན་པོའི་མཚན་ཉིད་བདག་དང་གཞན་གྱི་དོན་ཕུན ་སུམ་ཚོགས་པ་སྟོན་པར་བྱེད་པ་གླེང་གཞི་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་སྟོན་པ་ཡིན་ཏེ། དེ་ཡང་དཔལ་མཆོག་དང་པོ་རྡོ་རྗེ་འཆང་ཆེན་པོའི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆེན་པོས་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པ་བསྐྱེད ་པར་བྱ་བའི་ཕྱིར། གསུངས་པའི་ཐབས་ཀྱི་ཕྱོགས་གཅིག་གི་ངོ་བོ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་བསྒོམས་པས་མངོན་པར་འདོད་པ་སྐྱེད་པའི་གདུལ་བྱ་རྣམས་ཀྱིས། དཔལ་མཆོག་དང་པོ་སྟེ་རྡོ་རྗེ་འཛིན་པ་ཆེན་པོ་མངོན་དུ་བྱ་བའི་ཕྱིར་ཐབས་མ་ལུས་བར ་བསྟན་པའི་དོན་དུ། དེ་ནས་བཅོམ་ལྡན་འདས་ཤེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །དེ་ལ་ཐབས་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། དེ ་ཡང་ཏིང་ངེ་འཛིན་ཉིད་ནི་རྡོ་རྗེ་འཛིན་པ་ཆེན་པོ་མངོན་སུམ་དུ་བྱ་བའི་ཐབས་ཡིན་པས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་བརྩམས་ཏེ། གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་སྙོམས་པར་ཞུགས་ནས་སོ་ཞེས་བྱ་བའི་བར་གྱིས་དེའི་བཤད་པས ་ནི་དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གསུངས་པ་ཡིན་ཏེ། དབང་བསྐུར་བ་དང། དམ་ཚིག་ཐོབ་པས་ནི་ཐབས་དེ་ལ་འཇུག་པར་བྱའོ་ཞེས་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར ་ཆེན་པོ་ཞེས་བྱ་བའི་པར?་འདིའི་བཤད་པས་ནི། སློབ་དཔོན་གྱི་ལས་དང་འཇུག་པ་ལ་སོགས་པའི་ཆོ་ག་རྒྱ་ཆེར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ལ་སློབ་དཔོན་གྱི་དངོས་གྲུབ་གྱི་ཡེ་ཤེས་བསྟན་པར་བྱའོ་ཞེས་པ་འདིའི་དོན་བསྟན་པར་བྱ ་བའི་ཕྱིར། དེ་ནས་ཆོ་ག་བཤད་དེ་ཞེས་བྱ་བ་ནས། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བ་འདིའི་བར་གྱི་བཤད་པས་ནི་དངོས་གྲུབ་ཀྱི་ཡེ་ཤེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས ་བྱ་བ་ནི། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་བྱིན་གྱིས་རློབ་པའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བསྟན་པ་ཡིན་ཏེ། འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར་འདི་ལྟར་དཀྱིལ་འཁོར་ཆེན་པོ་གསུངས་པ་ཡིན་ནོ། །ཆ་མཉམ་པ་ལ་སྤྱོད་པའི ་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དེ་མྱུར་དུ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི་འདིར་དང་པོའི་སྦྱོར་བ་གསུངས་པ་ཡིན་ནོ། །དེ་སྐད་ཅེས་བྱ་བ་ནས་བརྩམས་ཏེ། སེམས་དཔའ་ཆེན་པོ་བཞེད་ཆེན་པོ་ཞེས་པའི ་བར་ཀྱིས་བཤད་པས་ནི། དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འཕགས་པ་གསང་བའི་ཆོགས་མཐུན་པོ་ལས་གསུངས་པའི་ཚུལ་གྱིས་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ ་འཛིན་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ། ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་ཆེན་པོའི་དཀྱིལ ་འཁོར་རོ་ཞེས་བྱ་བའི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང། དམ་ཚིག་ཐོབ་པ་ལ་འདི་ལྟར་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསྟན ་པར་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད ་པ་བརྗོད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།ཁྲོས་པས་ཁྲོ་བ་སྤང་བར་བྱ་བའི་ཕྱིར་གདུག་ཅིང་གཏུམ་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་ཁམས་གསུམ་རྣམ་པར ་རྒྱལ་བ་རྡོ་རྗེ་བྱིན་གྱིས་རློབ་པའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། །གདུལ་བའི་དབང་དུ་ཉེ་བར་བཟུང་སྟེ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་མངོན་པར་རྫོགས་པར་འཆད་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་དང་བོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། གཟའ?་ལ་སོགས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ན ་གནས་པ་དེ་དག་ཀྱང་ཞེས་བྱ་བའི་གར་གྱི་བཤད་པས་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་ནོ། །ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་ཆེན་པོ་གསུངས་པའི་དངོས་གྲུབ་དེ་ལ་དབང་བསྐུར་བ་དང། དམ་ཚིག་ཐོབ་པ་དེས་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ལ། དཀྱིལ་འཁོར ་འདི་ཉིད་དུ་དབང་བསྐུར་བ་དང། དམ་ཚིག་ཐོབ་པ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་ཉེ་བར་བསྟོན་པར་བྱའོ། །ཞེས་བྱ་བ་འདིའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་བཤད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཁམས་གསུམ ་རྣམ་པར་རྒྱལ་བ་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ། །ཞེས་བྱ་བའི་བར་གྱིས་བཤད་པར་མཛད་པ་ཡིན་ཏེ། ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན ་རྫོགས་སོ།། །།གཏི་མུག་གི་གཉེན་པོར་གྱུར་པ་འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་བར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ངོ་བོ་ཉིད་ཀྱིས་དག་པ་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚད་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར ་དང་པོའི་སྦྱོར་བས་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས ་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། །ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །འདི་ཉིད་དུ་དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང། བསྒོམ་པ་བྱའོ་ཞེས ་པ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ནས་བརྩམས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །འདི་ཉིད་དུ་དབང་བསྐུར་བ་དང་དམ་ཚིག་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་རྒྱུད་ལས་གསུངས་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱའོ། །ཞེས་བྱ་བ ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ། །ཞེས་བྱ་བའི་བར་གྱིས་བཤད་པར་མཛད་པ་ཡིན་ཏེ། ་འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བསྟན་པ་རྫོགས་སོ།། །།སེར་སྣའི་གཉེན་པོར་གྱུར་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ནོར་བུ་རིན་པོ་ཆེའི་དམ་ཚིག་གི་དཀྱིལ་འཁོར་བསྡུས ་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཁམས་གསུམ་གྱི་བདག་པོ་ཞེས་བྱ་བ་ནས་བརྩམས་ཏེ། ལུས་དང་གང་དང་ཡིད་ཐམས་ཅད་ཀྱི་བདེ་བ་རབ་ཏུ་ཐོབ་པས་ཡང་དག་པར་གནས་སོ་ཞེས་བྱ་བའི་བར་གྱིས་དང་པོའི ་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་ནམ་མཁའ་ཨི་སྙིང་པོ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཨི་གཟུགས་ཀྱིས་གནས་སོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ནོར་བུ་རིན ་པོ་ཆེའི་དམ་ཚིག་གི་དཀྱིལ་འཁོར་གྱི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དཀྱིལ་འཁོར་འདི་ཉིད་དུ་དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་ཞེས་བྱ་བ ་ནས་བརྩམས་ཏེ། རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང། དམ་ཚིག་ཐོབ་པ་རྣམས་ལ ་སློབ་དཔོན་གྱི་དངོས་གྲུབ་གྱི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་རྟོག་པའི་རྒྱལ་པོ་ཆེན་པོ་ཞེས་པའི་བར་གྱིས་བཤད་པར་མཛད་དེ་རྡོ་རྗེ་རིན་ཆེན་གྱི་དཀྱིལ ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་གཅིག་ཏུ་བྱས་ནས་རང་བཞིན་གྱིས་འོད་གསལ་བར་བསྟན་ཅིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད ་ཅན། རྡོ་རྗེ་ཁུ་ཚུར་གྱི་བསྒོམ་པ་གཙོ་བོར་བྱས་པའི་ཕྱག་རྒྱ་དང་དམ་ཚིག་གི་རྣམ་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་རྫོགས ་པར་འཚར་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཧཱུཾ?་ཁུ་ཚུར་ཞེས་བྱ་བ་ནས་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ། །ཞེས་བྱ་བའི་བར ་གྱི་བཤད་པས་ནི་ཕྱག་རྒྱ་དང། རྡོ་རྗེའི་དམ་ཚིག་ཐམས་ཅད་ཀྱིས་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་གྱི་མཆོག་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་ཕྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་གི་ཏིང་ངེ ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་པ་དང་བསྒོམ་པ་བྱ་བའི་ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ་ཞེས ་བྱ་བའི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུགས་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བརླབ་པར་བྱའོ་ཞེས་བྱ་བ་འདིའི་དོན ་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་སྒྲུབ་པ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ནས་ཕྱག་རྒྱ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁུ་ཚུར་དམ་ཚིག་ཅེས་པ་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱི་བཤད་པར་མཛད་པ་ཡིན་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི ་དོན་བསྟན་པ་རྫོགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་བའི་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་གི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་ཞེས་བྱ་བ་ནས་གཅིག་ཏུ་འདུས་པར་གྱུར་ནས་དང་པོའི་སྦྱོར་བའི་དཀྱིལ་འཁོར་གྱི་སྦྱོར་བས་གནས་སོ་ཞེས་བྱ ་པའི་བར་གྱི་བཤད་པས་ནི་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ། ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་གསུངས་པ ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་ཟླས་བརྗོད་དང་བསྒོམ་པར་བྱའོ། །ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ནས་ཆོས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས ་སློབ་དཔོན་གྱི་ལས་ཀྱི་?་ག་དང་སློབ་མ་བཞུགས་པ་ལ་སོགས་པ་ཆོ་ག་རྒྱས་བར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། བསྒྲུབ་ན་དེ ་བཞིན་དུ་ཞེས་བྱ་བ་ནས་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱི་བཤད་པ་མཛད་པ་ཡིན་ཏེ་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།རིགས་ཐམས་ཅད་ཀྱི་དཀྱིལ་འཁོར ་དུ་འཇུག་པའི་རྒྱུད་གྱུར་པའི་རྡོ་རྗེའི་འཁོར་ལོའི་དཀྱིལ་འཁོར་གྱི་བསྡུས་བའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་ལོའི་ནང་དུ་རྟོག་པ་ཞེས་བྱ་བ་ནས་རྡོ་རྗེ་ཐམས་ཅད་ལ་འཇུག་པ་ལ་ཡང་དག་པར་གནས་སོ།། ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནས། དང་པོའི་དཀྱིལ་འཁོར་གྱི་སྦྱོར་བས་གནས་སོ་ཞེས་བྱ་བའི་བཤད་པས་ནི་དཀྱིལ་འཁོར ་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ། ལས་བྱ་བ་ལ་སོགས་པས་ནི་ལས་ཀྱི་ཆོ་ག་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང ་བསྒོམ་པ་བྱའོ་ཞེས་བྱ་བར་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། སློབ་མ་རྣམས་ཀྱི་ཞེས་བྱ་བའི་བར་གྱི་བཤད་པ་རྣམས་སློབ་དཔོན་གྱི་ལས་ཀྱི་ཆོག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས ་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང། དམ་ཚིག་ཐོག་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བརླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། བསྒྲུབས་ན་ཞེས་བྱ་བ་ནས་བརྩམས་ཏེ་།དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱིས་བཤད་བར་མཛད་པ་ཡིན་ཏེ། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་གྱིས་བསྡུས་པའི་དོན་རྫོགས་སོ།། །།ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུར་གྱུར་པ་ནམ་མཁའ་ཨི ་མཛོད་ཀྱི་དཀྱིལ་འཁོར་གྱིས་བསྡུས་བའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ཞེས་བྱ་བ་ནས་བརྩམས་ཏེ། མཆོད་པའི་ཆོ་ག་རྒྱས་པའོ། །ཞེས་བྱ་བའི་བར་གྱི་བཤད་པས་དང་པོའི་སྦྱོར་བའི ་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཨི་མཛོད་ཅེས་བྱ་བ་ནས་དཀྱིལ་འཁོར་ཆེན་པོའི་སྦྱོར་བས་གནས་སོ། །ཞེས་བྱ་བའི་བར་གྱིས་བཤད་པས་མཆོད་པ་ཐམས་ཅད་ཀྱི་མཆོག་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར ་ཀྱི་མཆོག་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་འཛིན་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ ་བ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་མཛོད་ཅེས་བྱ་བ་ནས་ལས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་བས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་བཞུག་པ་ལ་སོག་པ ་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་ཞེས་བྱ་བ་ནས་བརྩམས ་ཏེ། རྡོ་རྗེ་སྣ་ཚོགས་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱིས་བསྟན་པར་མཛད་པ་ཡིན་ཏེ། ནམ་མཁའ་ཨི་མཛོད་ཀྱི་དཀྱིལ་འཁོར་ཀྱི་བསྡུས་པའི་དོན་རྫོགས་སོ།། །།བསྲུང་བའི་ལས་ཀྱི་གཙོ་བོར་གྱུར་པ ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བ་ལངས་ཏེ། ཞེས་བྱ་བ་ནས། ཐམས་ཅད་འདུལ་བ་ནི་བྱང་ཆུབ་པོ་ཞེས་བྱ་བའི་བར་གྱིས་བཤད་པས་དང ་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་ནས་དང་པོའི་དཀྱིལ་འཁོར་གྱི་སྦྱོར་བས་འདུག་གོ་།ཞེས་བྱ་བའི་པར་གྱིས་བཤད་པས་བདུག་པ་ཐམས་ཅད་འདུལ་བར་བྱིན་གྱིས་བརླབས་པ ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ། ཞེས་བྱ་བས་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས ་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟློས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་སྟེ། དེ་ནས་རྡོ་རྗེ་གནོད་སྦྱིན་ཅེས་པ་ནས་བརྩམས་ཏེ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར ་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བསྒྲུབས་ན་ཞེས་བྱ་བ་ནས། རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པ་མཛད་པ་ཡིན་ཏེ། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱིས་བསྡུས་པའི་དོན ་རྫོགས་སོ།། །།རིགས་ཐམས་ཅད་ཀྱི་རང་གི་སྐུའི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་བྱེད་པའི་བསྡུས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཉམ་པ་ཉིད་ལ ་རབ་ཏུ་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་ཤེས་པར་བྱའོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས ་ཏེ། དཀྱིལ་འཁོར་ཆེན་པོ་རབ་ཏུ་ཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། །དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ། ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ ་པ་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་ཆོ་ག་རྒྱས་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བཤད་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པ་ལས་ཀྱི་ཆོ་ག ་རྒྱས་པར་གསུངས་པ་ཡིན་ནོ། །བསྡུས་པའི་དཀྱིལ་འཁོར་གྱི་དོན་རྫོགས་སོ།། །།འཇིག་རྟེན་པའི་ལྷ་རྣམས་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་ཞི་བ་རྩེ་གཅིག་པས་མཚན་པ་ལ་སོགས་པ་དཀྱིལ ་འཁོར་བཞིའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རབ་ཏུ་སྦྱོར་བའོ་ཞེས་བྱ་བའི་བར་གྱི་བཤད་པས་འཇིག་རྟེན་པའི་དཀྱིལ་འཁོར་བཞི་པོའི་ཐུན་མོང་གི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན ་གསུངས་པ་ཡིན་ནོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཞེས་བྱ་བ་ནས་བརྩམས་ཏེ། སྔགས་ཀྱི་བར་གྱི་མིང་གིས་ནི་ཞི་བ་རྩེ་གཅིག་པས་མཚན་པའི་དཀྱིལ་འཁོར?་?་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཞི་བ་རྩེ་གཅིག་པའི་དཀྱིལ་འཁོར་གྱི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས ་བྱ་བ་ནས་བཙམས་ཏེ། དཀྱིལ་འཁོར་ཞི་བ་རྩེ་གཅིག་པས་མཚན་པའོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །། ་མ་མོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཡི་གེ་བྷཡོ་ཞེས་བྱ་བའི་བར་གྱི་བཤད་པས་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ ་བ་ནས་བརྩམས་ཏེ། ཕྱག་རྒྱའི་དཀྱིལ་འཁོར་དངོས་གྲུབ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་རང་བཞིན་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །མིང་པ ་གསུམ་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ་། འདིར་ཡང་དང་པོའི་སྦྱོར་བ་ནི་བཤད་ཟིན་ཏོ། །དེ་ནས་སྒྲང་རྩི་བྱེད་པ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། སྭ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང ་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །གསུམ་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ། ཅེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་གི་དཀྱིལ་འ་ཧོར་རོ་ཞེས་བྱ་བའི་བར་ག་ཡིས་བཤད་པས་ནི། སློབ ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །སྲིད་མོ་བཞིའི་དཀྱིལ་འཁོར་གྱི་བསྡུས་བའི་དོན་བཤད་པར་བྱ་སྟེ། འདིར་ཡང་དང་པོའི་སྦྱོ་བ་ནི་སྔ་མ་དེ་ཉིད་དོ། །དེ་ནས་སྲིད་མོ ་བཞིས་རང་གི་སྙིང་པོ་འདི་སྡུས་སོ་ཧ་མ་ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པ་འང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་འདིའི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། ལས ་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་ཨ་ལ་སོགས་པའི་ཆོ་ག་རྒྱ་ཆེར་གསུངས་པ་ཡིན་ནོ། །ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་རྟོག་པའི་བསྡུས་པའི་དོན་རྫོགས་སོ།། །། ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དང་གཞན་དག་འདྲི་བ་ན། སློབ་དཔོན་གྱིས་ཇི་ལྟ་བ་བཞིན་གཤེགས་སུ་གསོལ་བ་དང། སྤྲུལ་བ་རང་གི་ལུས་ལ་བཅུག་ནས་།རང་གི་རྟོག་པ་ལས་གསུངས་པར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིག་བཞི་འདོན་ཅིང། དེའི་དོན་ལ་ལྷག་པར་མོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ། ཕྱག་ན་རྡོ་རྗེའི་སྐུར་རྟག?་པར་མོས ་ནས་ལེགས་སོ་ཞེས་བྱ་བས་ཡང་དག་པར་དགའ་བར་བྱས་ཤིང་བདག་ཉིད་བསྲུང་བ་བྱས་ལ་ལྡང་བར་བྱ་ཞེས་པ་ནི་གཞུང་ལྷག་མ་རྣམས་ཀྱིས་སྟོན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ཕྱག་རྒྱ་ཆེན་པོ་གཙོར་བྱས་པ་ཀུན་གཞིའི་རྣམ ་པར་ཤེས་པའི་གཉེན་པོར་འགྱུར་པའི་བསྡུས་པའི་དོན་རྫོགས་སོ།། །།ང་ནི་ནམ་མཁའ་ལྟ་བུར་མཉམ་པ་ཉིད་ཀྱི་ཡེ་ཤེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཉིད་ཉོན་མོངས་པ་ཅན་གྱི་ཡིད་ཡི་གཉེན་པོར་གྱུར་བ་དུམ་བུ་གཉིས ་པ་རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། མིང་གི་དབང་བསྐུར་བས་དབང་བསྐུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ན་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་བ་ནས་བརྩམས་ཏེ། བྲན་དག་གོ་ཞེས་བྱ་བའི་བར་གྱི་བཤད་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དབང ་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླུམ་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་རྒྱའི་ཆོ་ག་རྒྱས་པའོ། །ཞེས་བྱ་བའི་བར་གྱི་དགའ་?་པས ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར ་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། གསང་བའི་ཆོ་ག་རྒྱས་བའོ་ཞེས་བྱ་བའི་བར་གྱིས་བཤད་པ་མཛད་པ་ཡིན་ཏེ། རྩ་བའི་རྒྱུད་ལས་དུམ་བུ་གཉིས་པའི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་བསྒྲུས་པའི ་དོན་རྫོགས་སོ།། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཡང་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་སྦྱོར་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་གསུངས་པའི་བཤད་མ་ཐག་པ་ཉིད་དེ་ཡིན ་པ་དང་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་བརྩམས་ཏེ། བཞད་པ་ཆེན་པོ་ཁྱོད་རབ་ཏུ་བཞད་ཅིང་ངོ་མཚར་ཆེན་པོར་གྱུར་ཏོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི། ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ ་ནས་གསུངས་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས ་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བརླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་བསྒྲུབས་ན་ཞེས་བྱ་བ་ནས་བརྩམས ་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།ཁྲོ་བོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན ་བཤད་པར་བྱ་སྟེ། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནོ་སྔར་བཤད་པ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་བརྩམས་ཏེ། རྡོ་རྗེ་ཆེན་པོའི་དམ་ཚིག་གི་དཀྱིལ་འཁོར་གྱི་བྱིན་གྱི་བྱིན་གྱིས་བརླབ་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི ་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། གཞན་དག་གོ་ཞེས་བྱ་བའི་བར་གྱི་བཤད་པས ་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས ་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་དུ་ཞེས་བྱ་བ་ནས་བརྩམས་ཏེ། རབ་ཏུ་དགའ་བ་འབྱུང་བ་གསང་བའི་རྡོ་རྗེ་དམ་ཚིག་གི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་མཛད་པ་ཡིན་ཏེ། རབ་ཏུ་དགའ་བའི་རྡོ་རྗེའི་ཁྲོ་བོའི་བསྡུས ་པའི་དོན་ནོ། །སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། ཏིང་ངེ་འཛིན་དང་པོ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་སོ ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་རྒྱས་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །ཞེས ་བྱ་བའི་བར་གྱིས་བཤད་པ་ནི་དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ ་པར་བྱའོ། །ཞེས་བྱ་བའི་དོན་བསྟན་པའི་ཕྱིར་དེ་ནས་སྒྲུབ་ན་ཞེས་བྱ་བ་ནས་བརྩམས་ཏེ། བདེ་བ་ཆེན་པོ་པདྨའི་ཆོ་ག་རྒྱས་པའོ། །ཞེས་བྱ་བའི་བར་གྱི་བཤད་པར་མཛད་པ་ཡིན་ནོ།། །།ནོར་བུ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་བསྡུས ་བའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་བཤད་པ་ཉིད་དུ་བཟུང་ངོ། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་དང་ལྡན་པའི་བདག་པོ་ཞེས་བྱ་བ་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་གནས་སོ་ཞེས ་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ཏེ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་རྒྱས་པའོ་ཞེས ་བྱ་བའི་བར་གྱི་བཤད་པས་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ ་ཤེས་བསླབ་པར་བྱའོ་ཞེས་པའི་དོན་བསྟན་པའི་ཕྱིར་དེ་ནS་ལS་བསྒྲུབས་ན་ཞེས་བྱ་བ་ནས་བརྩམས་ཏེ། ནོར་བུའི་རྒྱལ་མཚན་གྱི་ཆོ་ག་རྒྱས་པར་བཤད་པར་མཛད་པ་ཡིན་ནོ། །དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་གསུངས་པའི་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་འཇུག་པ་དང། དབང་བསྐུར་བ་དང། དངོས་གྲུབ་ཐམས་ཅད་སྡུད་པར་བྱེད་པའི་བསྡུས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་སྔར་གསུངས་པ ་ཉིད་འདིར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་སྡུད་པ་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་དུ་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། ཏིང་ངེ་འཛིན་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པ་ནི ་རྒྱ་ཆེན་པོས་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་བརྩམས་ཏེ། ཆོ་ག་ཐམས་ཅད་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར ་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར་དངོས་གྲུབ་ཐམས་ཅད་དང་ལས་ཐམས་ཅད་དོ། །ཅེས་བཤད་པ་ཡིན་ནོ།། །། ་མིང་པོ་གསུམ་གྱི་དཀྱིལ་འཁོར་གྱིས་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་འདིར་དང་པོའི་སྦྱོར་བ་ནི་ལྟ་ལ་སོགས་པ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་གསུངས་པ་ཡིན་ནོ། །ལྷ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཧྲཱི: ་ཞེས་བྱ་བའི་བར་གྱི་བཤད་པས་འདིར་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། འདོད་པའི་ཡོན་ཏན་དམ་པ་ལྡས་ཞེས་བྱ་བའི་བར ་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།དེ་ནི་སྲིད་མོ་བཞིའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ་།དེ་ལ་ཏིང་ངེ་འཛིན ་དང་པོ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་བཤད་པ་ཉིད་དོ། །དེ་ནས་གསང་བའི་ལྷ་མོ་རྣམས་ཀྱི་རང་གི་ཕྱག་རྒྱ་ཕུལ་བ། ཧྲི(རྒྱུད་འགྲེལ་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་པ་ནས་བརྩམས་ཏེ་གཉིས་པའི་བར་དུ་ཤེས་པར་བྱའོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར ་གསུངས་པ་ཡིན་ནོ།། །།ལྷ་མ་ཡིན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་ཏིང་ངེ་འཛིན་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་ལྷ་མ་ཡིན་ཐམས་ཅད་ཅེས་བྱ་བ་ནས་བརྩམས ་ཏེ་ཇི་སྲིད་ཕཊ་ཅེས་བྱ་བའི་བར་གྱིས་བཤད་པས་ནི་འདིར་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ། ཞེས་བྱ་བ་ནས་བརྩམས་ཏེ། གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། དེ་ནས་དཀྱིལ ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ་སློབ་མ་གཞུག་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་བར་གྱི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །། ་ཀླུའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཡང་ཏིང་ངེ་འཛིན་དང་པོ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཀླུའི་རིགས་བཞིས་རང་གི་སྙིང་པོ་ཕུལ་བ། སླ་ཞེས་བྱ་བའི་བར་གྱི་བཤད་པས་ནི་གཉིས་པ ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ལ་སོགས་པས་ནི་གསུམ་པ་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་འདིར་ཡང་བཟླས་བརྗོད་དང་བསྒོམ་པ་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར་དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནས ་བརྩམས་ཏེ། གལ་ཏེ་གྲུབ་བར་གྱུར་ན་དགའ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །རྟོག་པ་དང་པོ་ལ་སོགས་པ་གསུངས་པའི ་?་ཐམས་ཅད་དང། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་གསུངས་པའི་ཆོ་ག་ཐམས་ཅད་གདུལ་བྱ་རྣམས་ཀྱི་ཉེས་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་མི་འགྱུར་བ་རྣམས་ཀྱི་བསྒྲུབ་པའི་ཁྱད་པར་གྱིས་མྱུར་དུ་དངོས་གྲུབ་བསྒྲུབ་པའི་ལས་དཔལ་རྡོ་རྗེ ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་རྡོ་རྗེ་རི་རབ་ཆེན་པོའི་རིའི་རྩེ་མོ་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། བཙུན་མོའི་ཚོགས་སྣ་ཚོགས་པའི་རྡོ་རྗེ་ལྷ་མོ་དང་བཅས་པས་མདུན་དུ་བྱས་ཏེ་།ཅེས ་བྱ་བའི་བར་གྱི་བཤད་པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །བདེ་བ་ཆེན་པོ་རབ་ཏུ་འགྲུབ་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། མངོན་དུ་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས ་གསུམ་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་དེ་ནས་བདེ་བར་གཤེགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་ ་ཐམས་ཅད་ཤིན་ཏུ་དོན་ཡོད་པ་ཉིད་དོ། །ཅེས་བྱ་བའི་བར་གྱིས་བཤད་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།རྟོག་པ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་རྣམས ་རང་གི་ལྷའི་ཕྱག་རྒྱ་བཞིའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་མདུན་དུ་ཡང་རང་གི་ལྷག་པའི་ལྷ་རང་གི་ཕྱག་རྒྱ་ཞིས་ཀུན་ནས་རྒྱས་བཏབ་ནས། མངོན་པར་འདོད་པའི་ཕྱག་རྒྱ་བཅིངས་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། ་དེ་ནས་དང་པོའི་དཀྱིལ་འཁོར་གྱི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་པར་གྱི་བཤད་པས་རང་གི་ལྷའི་སྙིང་པོ་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བཅིངས་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། མདོར་བསྡུས་པའོ་ཞེས་བྱ་བའི་བར་གྱི་བཤད་པ་ཡིན་ནོ། །དེ་ལྟར་རང་གི་ལྷའི་སྙིང་པོ་བརྗོད་ཅིང་ཕྱག ་རྒྱ་ཐམས་ཅད་བཅིངས་ལ། དེའི་འོག་ཏུ་རང་གི་ལྷའི་སྙིང་པོ་ཉེ་བའི་སྙིང་པོ་དང་བཅས་པས་བཟླས་པ་བྱས་ན་འགྲུབ་པར་འགྱུར་རོ་ཞེས་བཤད་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་སྒྲུབ་ན། ཞེས་བྱ་བ་ནས་བརྩམས ་ཏེ། དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པ་ཡིན་ཏེ། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།། །།དུམ་བུ་གཉིས་པ་འདི་ཉིད་ཀྱི་རྩ་བའི་རྒྱུད་ཀྱི་བྲིས་ལ་སོགས་པ་གང་རྟོག་པ ་ཐམས་ཅད་བསྡུས་པ་གང་ཡིན་པ་དང་?། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཀྱི་ཕྱི་མའི་ཆོ་ག་རྒྱས་པར་གསུངས་པ་གང་ཡིན་པ་དེའི་ཡང་བསྡུས་པའི་དོན་བཤད་པར་བྱ་སྟེ་།ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ངེས ་པར་ཤེས་པས་དངོས་གྲུབ་འཐོབ་པར་འགྱུར་རོ། །དེ་བས་ན་དེ་གསུངས་པའི་སྙིང་པོ་དང་རྒྱུད་ཤེས་པས་སོ། །ངེས་ན་རྒྱུད་དེར་ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་འདྲི་བ་སྟེ། དེ་བས་ན་དཀྱིལ་འཁོར་བཤད་པའི་རྒྱུད་དང་དཀྱིལ་འཁོར་ཡང་དག ་པར་ཤེས་པ་དང་བཅས་པས་དཀྱིལ་འཁོར་ལ་ཡང་ཡེ་ཤེས་དམ་པ་དང་བཅས་པར་གསུངས་སོ། །རིགས་ཐམས་ཅད་ཀྱི་རྡོ་རྗེའི་བྱེ་བྲག་ཤེས་པས་ན་དེ་གསུངས་པ་ཡིན་ནོ། །དེ་བས་ན་དཀྱིལ་འཁོར་ཐམས་ཅད་ཤེས་པས་དེ་བསྟན་པ་ཡིན་ནོ།། ་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཐོག་མ་དང་ཐ་མ་མེད་པ་རབ་ཏུ་དགའ་བའི་སྙིང་པོ་དེ་ཁོ་ན་ཉིད་སྟོན་པ་ཧཱུཾ་ཞེས་བྱ་བས་ཀླུ་ལེན་ཅིང་ཧཱུཾ་གི་གླུའི་བཟླས་པའི་དོན་བཤད་པ་ཤེས་པས་དེའི་ཕྱིར་རྒྱུད་དེ་གསུངས་སོ། །དེ་ནས་སེམས ་ཀྱི་རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་ཀྱིས་དེ་སྐད་གསུངས་པ་ཡིན་ནོ། །ཡང་རྡོ་རྗེ་སེམས་དཔའ་འབྱུང་བ་དང། དེ་བཞིན་གཤེགས་པ་འབྱུང་པ་དང། རིགས་འབྱུང་བ་དང། མངོན་པར་བྱང་ཆུབ་པ་འབྱུང་པའི་ཡེ་ཤེས་བསྒོམས་པས་དེ ་གསུངས་པ་ཡིན་ནོ། །ཡང་བདུད་ཉིད་ཤེས་པ་དང་རྟོག་པ་ཐམས་ཅད་བསྒྲུབ་པ་ཤེས་པ་ལ་སོགས་པའི་སྙིང་པོ་དང། བསྒྲུབ་པ་དང། སྙིང་པོ་དང་ཕྱག་རྒྱ་དང་རིགས་པ་བསྒྲུབ་པའི་དངོས་གྲུབ་ཤེས་པ་དང། བསོད་ནམས་གྲུབ་པ་ཤེས ་པ་དང་སློབ་དཔོན་གྲུབ་པ་ཤེས་པ་དང། མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བ་དང། གར་གྱི་མཆོད་པ་བསྒྲུབ་པ་ཤེས་པ་དང་། གསང་བའི་མཆོད་པ་ཤེས་པ་སྟེ། དེ་བས་ན་དེ་བསྟན་པ་དང་། ཡང་ཕྱག་རྒྱ་ཆེན་པོ་ལ་གནས་པས ་སྡིག་པ་མེད་པ་ཡང་འགྲུབ་པར་འགྱུར་པ་དང། བདག་ལ་སྨད་པ་ཡོངས་སུ་སྤངས་པའི་ཕྱིར་དེ་གསུངས་པ་དང། བྱང་ཆུབ་ཀྱི་སེམས་སྨད་པས་དངོས་གྲུབ་ཏུ་མི་འགྱུར་བ་སྟེ། དེ་བས་ན་བརྙས་པར་མི་བྱའོ་ཞེས་གསུངས་སོ། །དེ་རང་གི་ལྷའི་ཆ ་ལུགས་འཆང་བའི་བསྒྲུབ་པའི་དཀྱིལ་འཁོར་ནི་གང་གི་ཕྱིར་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། དེ་བས་དངོས་གྲུབ་མཆོག་གི་བསྒྲུབ་པ་ཤེས་པའི་རྒྱུད་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས་དངོས་གྲུབ ་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པས། དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་བཤད་པའི་འབྲས་བུའི་ཁྱད་པར་དུ་བསྒྲུབ་པ་གསུངས་པ་ཡིན་ནོ། །རྟོག་པ་ཐམས་ཅད་ལ་སྒྲུབ་པ་པོས་དང་པོའི་རྡོ་རྗེའི་ཕྱག་རྒྱའི་ཡི་གེ་ཧཱུཾ ་བརྗོད་ཅིང་བཅིངས་ལ་དེའི་འོག་ཏུ་དེ་དག་རྒྱས་བཏབ་པ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་ཕྱིས་མ་བསྒྲུབས་པས་སོ། །ཞེས་བྱ་བའི་བར་གྱི་བཤད་པ་ལ་སྤྱོད་ལམ་རྣམ་པ་བཞིར་ཆོས་ཀྱི ་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་འཐོབ་པའི་བར་གྱི་བཤད་དོ། །ལས་ཀྱི་ཕྱག་རྒྱ་གྲུབ་པའི་སྒྲུབ་པ་པོས་ཡི་གེ་ཨ་ལས་རང་གི་སྟེང་གར་སྣ་ཚོགས ་རྡོ་རྗེ་བསམ་ལ་།ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་ལྷའི་སྙིང་པོ་བརྗོད་ཅིང་བར་གྱི་ཚུལ་གྱིས་རང་གི་ལྷ་བསྒོམ་པར་བྱ་བའམ། ཕྱག་རྒྱའི་མཆོད་པ་བཅུ་གཉིས་འདི་བྱའོ། །ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས ་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་མཆོག་གོ་ཞེས་བྱ་བའི་བར་གྱི་བཤད་དོ། །རང་གི་སྙིང་པོ་བརྗོད་ཅིང་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ་བདག་པོ་བསྒྲུབ་པོ་ཞེས་བྱ་བའི་བར་གྱིས་བཤད་དོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པ་པོས་རཱི་བྷི་ཏྲ་ལ་སོགས་པ་བྱེད་པ་ལྔའི་ཁམས་ཀྱིས་རྒྱན་དང་བཅས་པས་ཡི་གེ་ཧཱུཾ་འདོན་ཅིང་བཅོམ་ལྡན་འདས་བསྒྲུབ་པར ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་པའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་བསྒྲུབ་པའི་རྒྱུད་དེ་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་པའི་དཀྱིལ་འཁོར་གྱི་སྒྲུབ་པ་པོས་ཡི་གེ་ཧཱུཾ་འདོན ་ཅིང་ལས་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་ལྔ་བཅིངས་ལ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བྱ་བའི་ཉེ་བའི་སྙིང་པོ་དང་ཧཱུཾ་བཟླས་ལ། དཔལ་རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ་པར་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྒོམས་པར་བྱའོ། །ཞེས་བྱ་བ་འདིའི་དོན་རབ ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནས་བརྩམས་ཏེ་ཆོ་ག་རྒྱས་པ་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པ་ཡིན་ནོ། །གཞུང་ལྷག་མ་རྣམས་ཀྱིས་ནི་ཇི་ལྟར་བྲིས་པའི་དཀྱིལ་འཁོར་གཤེགས་སུ ་གསོལ་ལ། སྤྲུལ་པ་རྣམས་སློབ་དཔོན་གྱིས་རང་གི་ལུས་ལ་བཅུག་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་འདི་ལ་བྱིན་གྱིས་བརླབས་པ་མཛད་པའི་ཕྱིར་བདག་ཉིད་གསོལ་པ་འདེབས་པར་གྱུར་པར་བསམ་ལ། མཐར་ཐུག ་པར་བྱིན་གྱིས་རློབ་པའི་ཚིགས་སུ་བཅང་བ་བརྗོད་ལ། བདག་ཉིད་བསྲུང་བ་བྱས་ཏེ་ལྡང་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །རྒྱུད་ཀྱི་དུམ་བུ་གཉིས་པའི་བསྡུས་པའི་དོན་རྫོགས་སོ།། །།ད་ནི་དུམ་པ་གཉིས་པ་ཉིད་ཀྱི་རྟོག ་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་ཀྱི་ངོ་བོ་ཉིད་སྒྲུབ་པ་པོས་མྱུར་དུ་འགྲུབ་པའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་འདིའི་གནས་ཀྱི་དབང་ཕྱུག་གི་ཞེས་བྱ་བ་ནས་བརྩམས་ཏེ། བཙུན་མོའི་ཁོར་དང་བཅས་པའི་ཚོགས་སྣ ་ཚོགས་བའི་རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར་བས་ཞེས་བྱ་བའི་བར་གྱི་བཤད་པས་ནི། ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །བདེ་བ་ཆེན་པོ་རབ་ཏུ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་ཇི་བཞིན་བསྒྲུབས་པས་སོ། །ཞེས་བྱ ་བའི་བར་གྱིས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱང་ནས་བརྩམས་ཏེ། ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་ཐོབ་པ་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ།། ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཆེན་པོ་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པས། སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཡང ་རྒྱས་པར་གསུངས་པ་ཡིན་ནོ། །དམ་ཚིག་ཐོབ་པ་ཉིད་དང་དབང་བསྐུར་བ་ཉིད་དག་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དེའི་ཕྱིར་སྒྲུབ་པ་བཤད་དེ། ཞེས་བྱ་བ་ནས ་བརྩམས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆོ་ག་རྒྱས་པའོ། །ཞེས་བྱ་བའི་བར་གྱི་བཤད་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།དེ་བཞིན་གཤེགས་པའི་དཀྱིལ ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ནས་བརྩམས་ཏེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སོ་ཞེས་བྱ་བའི་བར་གྱི ་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པས་ཞེས་བྱ་བ་ནས་བརྩམས་ཏེ། བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ་ཅེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན ་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཡང་སྔ་མ་བཞིན་དུ་རྒྱ་ཆེར་གསུངས་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་མཆོག་བསྒྲུབ་པ་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྡོ་རྗེའི་རྟོག་པའི་ཆོ་ག་རྒྱས་པའོ། །ཞེས་བྱ ་བའི་བར་གྱིས་བཤད་པ་ཡིན་ནོ། །རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །དེ་ནས་རྡོ་རྗེ་འཛིན་པ ་ཞེས་བྱ་བ་ནས་བརྩམས་ཏེ། བྱིན་གྱིས་བརླབས་སོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་ནོ།། ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་ནི་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་གསོལ་བ་བཏབ་ནས་བརྩམས་ཏེ། དམ་ཚིག་ཆེན་པོའི་ཆོ་ག་རྒྱས་པའི་རྒྱུད་རོ་ཞེས་བྱ་བའི་བར་གྱི ་བཤད་པས་ནི?་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར ་བྱ་བའི་ཕྱིར་དེ་ནས་བསྒྲུབས་ན་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་མེ་ལྟར་འབར་བའི་རྟོག་པའི་ཆོ་ག་རྒྱས་པའོ་ཞེས་བྱ་པའི་བར་གྱི་བཤད་པ་བསྟན་པ་ཡིན་ནོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་གྱི ་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཏིང་ངེ་འཛིན་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། དེར་ནི་པདྨ་བཟང་དེ་གནས་ཞེས་བྱ་བའི ་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་བཟླས་བརྗོད་དང་བསྒོམ ་པ་བྱའོ་ཞེས་བྱ་བ་བདེའི་དོན་བསྟན་པར་བྱ་བའི་ཕྱིར། འགྲོ་བ་ཐམས་ཅད་ལེགས་པར་སྦྱངས་ཏེ་ཞེས་བྱ་བ་ནས་སྒྲུབ་པ་ཆེན་པོའི་ཆོ་གའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་བསྟན་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ཉིད ་ལ་སློབ་དཔོན་གྱིས་བསྒྲུབ་བའི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་བསྒྲུབས་ནས་ཞེས་བྱ་བ་ནས་བརྩམས་ཏེ་ཡེ་ཤེས་རྡོ་རྗེ་རྟོག་པའི་ཆོ་ག་རྒྱས་པའོ་ཞེས་པའི་བར་གྱིས་བསྟན་པ ་ཡིན་ནོ། །ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཡང་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་ཡང་དཀྱིལ ་འཁོར་གྱིས་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས ་པ་བརྒྱད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ་སྒྲུབ་པ་ཆེན་པོའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཡང་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང ་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་རིན་ཆེན་གྱི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད ་པས་བསྟན་པ་ཡིན་ནོ།། །།ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། །འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན ་ཅེས་བྱ་བ་ནས་བརྩམས་ཏེ། ཨོཾ་བྷུར་བྷུ་བ(རྒྱུད་འགྲེལ་བཞི། ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་བསྐྱེད་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་ཡང་གསུངས་པ་ཡིན ་ཏེ། མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པ་ཡིན་ནོ། །སྲིད་མོ་བཞིའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ།། ་དེ་ནས་རྡོ་རྗེ་འཛིན་པ་ཅེས་བྱ་བ་ནས་བརྩམས་ཏེ། བྷཡོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་ནས་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར ་བྱའོ། །ཐིག་གསུམ་གྱི་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། སྲིང་མོ་བཞི་རྣམས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ ་ཡིན་ནོ།། །།ཀླུའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། སླ་ཞེས་བྱ་བའི་བར་གྱི་བཤད་པས ་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་ནས་ཞེས་བྱ་བ་ལ་སོགས་པ་ནི་ཏིང་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །ཟུར་བཞི་ཞེས་བྱ་བ་ནས་བརྩམས་ཏེ། ཀླུའི་དཀྱིལ་འཁོར་གྱི་རྒྱུད་དོ་ཞེས་བྱ་བའི་བར་གྱི ་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །གདོན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་ཏིང་འཛིན་ནི་ཀླུའི་དཀྱིལ་འཁོར ་དུ་བཤད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཧཱུཾ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པར་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར ་བྱའོ་།ཟུར་བཞི་ཞེས་བྱ་བ་ནས་བརྩམས་ཏེ་སྡུག་བསྔལ་ཐམས་ཅད་ལས་འདོན་པའི་རྒྱུད་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱིས་གདོན་ཐམས་ཅད་གཞིག་པའི་ལས་གསུངས་པ་ཡིན་ནོ་།འཇིག་རྟེན་པ་དང་འཇིག ་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའི་བསྡུས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི ་དཀྱིལ་འཁོར་དུ་གསུངས་?་ཡིན་ནོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ཀུན་མཆོག་ཅེས་བྱ་བ་ནས་བརྩམས་ཏེ། འགྲོ་བ་འདུལ་བའི་དམ་པ་ཡིན་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་ ་འཛུམ་པ་མཛད་ཅེས་བྱ་བ་ནས་བརྩམས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་དང་རྩ་བའི་རྒྱུད་རྫོགས་སོ་ཞེས་བྱ་བའི་བར་གྱི ་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཉིད་གསུངས་པ་ཡིན་ནོ། །ལས་ཀྱི་སྒྲིབ་པའི་དབང་གིས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་སྦྱོར་བས་ཀྱང་གྲུབ་པར་མ་གྱུར་པའི་རྣལ ་འབྱོར་པ་རྣམས་ཀྱི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གང་དག་གསུངས་པ་དེས་མྱུར་དུ་འགྲུབ་པར་བྱེད་པས་དེ་རྣམས་ཀྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱི་གསང་བ་ཆེ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སྙེམས ་པ་བདག་པོའི་བདག་ཅེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །འདོད་ཆགས་ཆེན་པོ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ནས་བརྩམས་ཏེ། མཆོག་ཏུ་གསང་བའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་ནས་ཞེས་བྱ་བ་ནས་བརྩམས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་འདིར་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་གི་དཀྱིལ་འཁོར ་ཆེན་པོ་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་གྱི་བསྡུས ་པའི་དོན་རྫོགས་སོ།། །།དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས ་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ་།ོ་བྲུཾ་ཁཾ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་བ་གསུངས་པ་ཡིན་ནོ། །དེ་ནས་འདུས་པར་མཛད་དེ་ཞེས་བྱ་བ་ནས་བརྩམས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །གནས ་ཁང་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་འགྲུབ་བར་འགྱུར་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །རྡོ་རྗེ་མེ་ལྟར ་རབ་ཏུ་འབར་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཁྲོ་བོ་ཧཱུཾ་མཛད་ཀྱིས་རང་གི་རིགས་ཀྱི་དཀྱིལ ་འཁོར་གྱི་ཆོ་ག་སྤྲུལ་པར་བྱ་བའི་ཕྱིར། ལྷ་ཐམས་ཅད་ཀྱི་སྙིང་པོ་བརྗོད་ནས་གནས་ཇི་ལྟ་བ་བཞིན་དུ་བཀོད་དོ། །ཞེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་འདུས་པར་མཛད་དེ་ཞེས་བྱ་བ་ནས་བརྩམས་པ་ནི་ཏིང་ངེ་འཛིན་གསུམ་པ ་ཡིན་པར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་མཆོག་ཏུ་གསང་བའི་ཆོ་ག་ཅེས་བྱ་བ་ནས་བརྩམས་ཏེ་། རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ། ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང ་སློབ་མ་གཞུགས་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།ད་ནི་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་རིགས་ཀྱི་དཀྱིལ་འཁོར་ཉིད་ཀྱི་ཚོགས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱི་བསྒྲུབ་པར་བྱ་བའི་ཕྱིར། ཕྲ་མོའི་ཆོ ་ག་གང་གསུངས་པ་དེའི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །ཡི་གེ་ཧཱུཾ་གིས་དཀྱིལ་འཁོར་སྤྲུལ་ནས་རང་གི་སྙིང་པོས་ལྷ་ཐམས་ཅད ་གནས་ཇི་ལྟ་བ་བཞིན་བཀོད་དོ། །ཅེས་བྱ་བ་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པར་མཛད་ནས་བརྩམས་པ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཤིན་ཏུ་ཕྲ་བ་ཅེས་བྱ་བ ་ནས་བརྩམས་ཏེ། ཚོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མཆོག་ཏུ་རབ་ཏུ་གྲུབ་པའོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་ཡང་གསུངས་པ་ཡིན་ནོ།། །། ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །སྔ་མ་བཞིན་དུ་སྔགས ་ཇི་ལྟ་བས་དཀྱིལ་འཁོར་བྱིན་གྱིས་བརླབས་ནས། རང་གི་སྙིང་པོས་ཐམས་ཅད་གནས་ཇི་ལྟ་བ་བཞིན་བཀོད་དོ་ཅེས་བྱ་བ་འདིས་ནི་དཀྱིལ་འཁོར་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པར་མཛད་དེ་ཞེས་བྱ་བ་ལ་སོགས་པ་ནི་གསུམ ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ནས་བརྩམས་ཏེ། འགྲོ་བ་འདུལ་བའི་ཆོ་གའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །ནམ་མཁའ་ཨི་སྙིང་པོའི་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། ། ་སྔ་མ་བཞིན་དུ་རང་གི་སྙིང་པོས་རིགས་ཀྱི་དཀྱིལ་འཁོར་སྤྲུལ་ལ་རང་གི་སྙིང་པོས་ལྷ་ཐམས་ཅད་གནས་ཇི་ལྟ་བ་བཞིན་བཞག་པར་བྱའོ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཅེས་བྱ་བ་ལ ་སོགས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་ཞེས ་བྱ་བ་ནས་བརྩམས་ཏེ། རྟོག་པ་ཐམས་ཅད་ཀྱི་ཆོ་གའོ་ཞེས་བྱ་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱིས་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །ནམ་མཁའ་ཨི་སྙིང་པོའི་རིགས་ཀྱི་དཀྱིལ ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།བདག་ལ་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་ཕྱག་རྒྱའི་ཐབས་ཀྱི་ངོ་བོ་ཉིད་ཀྱིས་རྟོག་པ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ ་ནས་བརྩམས་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་བསྟན་པ་ཡིན་ནོ།། །།འདི་དག་ཉིད་ཀྱི་དུམ་བུ་གཉིས་པ་ལས་གསུངས་པའི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་དང་རྩ་བའི་རྒྱུད་དང། རྟོག་པ ་ཐམས་ཅད་བསྒྲུབ་པའི་ཆོ་ག་དང། ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་དྲིས་པ་སྔོན་དུ་འགྲོ་བ་གང་རྟོག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་ལས་གསུངས་པའི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། ཕྱག་རྒྱ་ཆེན་པོ ་ལ་སོགས་པའི་རྟོག་པ་ངེས་བའི་ཡེ་ཤེས་ཀྱིས་འགྲུབ་པར་འགྱུར་རོ། །དེ་བས་ན་དེ་དག་བཤད་པར་བྱ་སྟེ། རྒྱུད་ཕྱི་མའི་ཡེ་ཤེས་ལ་སོགས་པ་ཐོག་མ་དང་ཐམ་མེད་པ་དང། རྡོ་རྗེ་སེམས་དཔའ་དང། དགའ་བ་ཆེན་པོ་ཉིད ་དང་ཀུན་ཏུ་བཟང་པོ་ཉིད་དང། རྡོ་རྗེ་སྙེམས་པའི་བདག་པོ་ཉིད་དང། ཐུགས་ཀྱི་སེམས་དཔའ་དང། རྡོ་རྗེ་དང། རྡོ་རྗེ་འཛིན་པ་དང། རྡོ་རྗེ་འཛིན་པ་ཆེན་པོ་དང། ཀུན་ཏུ་བཟང་པོའི་སྤྱོད་པ་དང། བདུད་དང་བདུད་ལས་རྒྱལ་བ་དང། ་སངས་རྒྱས་ཀྱི་བྱང་ཆུབ་དང། ཕྱག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀུན་འབྱུང་བ་དང། འདོད་པ་དང། ཐར་པ་དང། རྣམ་པ་གསུམ་དང། སེམས་ཅན་ཐམས་ཅད་ལ་སོགས་པའི་ཀླུ་ལས་འབྱུང་བ་དང། ་དང་པོ་གྲུའི་ངོ་བོ་ཉིད་དུ་སྟོན་པ་དང། ཉེ་བའི་སྙིང་པོ་དང། དེ་ཁོ་ན་ཉིད་དང། བདེ་བ་ཆེན་པོ་དང། རྡོ་རྗེ་དོན་ཡོད་པའི་དེ་ཁོ་ན་ཉིད་བཤད་པའི་དཀྱིལ་འཁོར་གྱི་དོན་དང། རྒྱུད་དང་དཀྱིལ་འཁོར་གྱི་འབྲས་བུ་དང། ཐིག་གདབ་པའི ་ཆོ་ག་དང། དཀྱིལ་འཁོར་བྲི་པའི་ཆོ་ག་དང། གསང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་བཤད་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་དང། རིགས་ཀྱི་དེ་ཁོ་ན་ཉིད་དང། རྡོ་རྗེའི་རིགས་ཐམས ་ཅད་ཀྱི་བདག་པོའི་དེ་ཁོ་ན་ཉིད་དང། རྡོ་རྗེ་རིགས་ཀྱི་དེ་ཁོ་ན་ཉིད་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དེ་ཁོ་ན་ཉིད་དང། རིགས་ཀྱི་དེ་ཁོ་ན་ཉིད་དང། ནམ་མཁའ་ཨི་སྙིང་པོའི་དེ་ཁོ་ན་ཉིད་དང། དེའི་རིགས་ཀྱི་དེ་ཁོ་ན་ཉིད་དང། ་རིགས་ཐམས་ཅད་ཀྱི་དབང་བསྐུར་བའི་དེ་ཁོ་ན་ཉིད་དང། དཔལ་མཆོག་དང་པོའི་མཚན་མའི་དེ་ཁོ་ན་ཉིད་དང། རིགས་ཐམས་ཅད་ཀྱི་མཚན་མའི་དེ་ཁོ་ན་ཉིད་དང། ཐམས་ཅད་འགུགས་པའི་དེ་ཁོ་ན་ཉིད་དང། མཆོད་པ་ཆེན ་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པའི་ཆོ་ག་རྒྱལ་པའི་རྒྱུད་དང། རང་གི་ལྷག་པའི་ལྷ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོའི་རྒྱུད་དང། ཐམས་ཅད་སྒྲུབ་པ་པོ་ལ་སྤྲོ་བའི་རྒྱུད ་ཡེ་ཤེས་རྣམས་གསུངས་པ་ཡིན་ནོ། །དེ་ནས་གཞུང་ལྷག་མ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་ཇི་ལྟ་བ་བཞིན་གཤེགས་སུ་གསོལ་ཏེ། སྤྲུལ་པ་རང་གི་ལུས་ལ་ཉེ་བར་བསྡུ་བ་བྱས་ནས། བདག་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་བསྲུངས་ལ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདག་ཉིད་ལ་མཉེས་པས་ལེགས་སོ་ཞེས་བྱ་བ་བྱིན་ནས། སློབ་དཔོན་ལྡང་བར་བྱའོ་ཞེས་སྟོན་པ་ཡིན་ཏེ་།དུམ་བུ་གཉིས་པའི་བསྡུས་པའི་དོན་རྫོགས་སོ།། །།ད་ནི་སོ་སོར་རྟོག་པའི་ཡེ་ཤེས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་རྟོག་པ་དང་བཅས་པ་དང། རྟོག་པ་མེད་པ་ཡིད་ཀྱི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་དུམ་བུ་གསུམ་པའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་དང་པོ་ཡིད་འོང་གནས་? ་བརྩམས་ཏེ། གང་དུམ་བུ་གཉིས་པའི་བསྡུས་བའི?་དོན་བཤད་པ་ལས། རྡོ་རྗེ་མེ་ལྟར་འབར་བའི་ཕྲ་མོའི་གསང་བའི་ཆོ་ག་མ་གཏོགས་པ་དེ་དག་ནི་གསུམ་པའི་ཡང་ཡིན་པར་ཤེས་པར་བྱའོ། །གང་དང་ཁྱད་པར་གཞན་དག་ཡོད་པ་དེ་ནི་ཕྱིས ་བཤད་པར་བྱའོ། །དུམ་བུ་གསུམ་པའི་བསྡུས་པའི་དོན་རྫོགས་སོ།། །།ད་ནི་བྱ་བ་གྲུབ་པའི་ཡེ་ཤེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི ་རྣམ་པར་ཤེས་པའི་གཉེན་པོར?་གྲུབ་?་བུམ་དུ་བཞི་པའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་གནས་ཡིད་དུ་འོང་བར་ཞེས་བྱ་བ་ནས་བརྩམས་ཏེ། གང་དུམ་བུ་གཉིས་པའི་བསྡུས་པའི་དོན་བཤད་པ་ལས་རྡོ་རྗེ་མེ་ལྟར་འབར་བའི་ཕྲ་མོའི ་གསང་བའི་ཆོ་ག་མ་གཏོགས་པ་གཞན་པ་དེ་དག་ཐམས་ཅད་ནི་འདིའི་ཡང་ཡིན་པར་ཤེས་པར་བྱས་ལ། གང་འདི་ལ་ཁྱད་པར་དུ་གྱུར་པ་དེ་དག་ནི་ཕྱིས་བཤད་པར་བྱའོ། །དུམ་བུ་བཞི་པའི་བསྡུས་པའི་དོན་རྫོགས་སོ།། །།ཇི ་སྐད་དུ་བཤད་པའི་བསྡུས་པའི་དོན་བཤད་པས། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་རྡོ་རྗེ་འཛིན་པ་ཆེན་པོའི་བརྗོད་པར་བྱ་བ་བཤད་པ་ཡིན་ལ། དེ་སྟོན་པའི་སྒྲའི་ཚོགས་ནི་རྒྱུད་དེ་རྒྱུད་ནི་བརྗོད་པའོ། །དེ་ལྟར་ན་བརྗོད་པར་བྱ་བ་དང། ་བརྗོད་པའི་མཚན་ཉིད་ནི་འབྲེལ་པའོ། གདུལ་བྱ་རྣམས་དཔལ་མཆོག་དང་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་འདོད་པ་བསྐྱེད་པ་ནི་དགོས་པའོ། །འདོད་པ་བསྐྱེད་པ་དེ་དག་ཀྱང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས ་དེའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །དེ་ལ་དཀྱིལ་འཁོར་གྱི་རྣམ་གྲངས་བཤད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལ་ནི་དཀྱིལ་འཁོར་བཅོ་ལྔ་པའོ། །དུམ་བུ་གཉིས་པའི་རྩ་བའི ་རྒྱུད་ལ་ནི་བཅུ་གཅིག་གོ་།དེ་ཉིད་རྟོགཔ་ཐམས་ཅད་ཀྱི་ཕྱི་མའི་རྒྱུད་དང། རྩ་བའི་རྒྱུད་ལ་ནི་བཅུའོ། །ཡང་འདིའི་རིགས་ཀྱི་དཀྱིལ་འཁོར་ནི་དྲུག་གོ་།དུམ་བུ་གསུམ་པ་ལ་ནི་ཉི་ཤུ་རྩ་གཅིག་གོ་།དུམ་བུ་བཞི་པ་ལ་ཡང་དཀྱིལ་འཁོར ་ཉི་ཤུ་རྩ་གཅིག་ཡོད་དོ། །དེ་ལ་རྡོ་རྗེ་འཛིན་པ་ཆེན་པོའི་ནམ་མཁའ་ཨི་ཁམས་ཐམས་ཅད་དང། མཉམ་པར་བཞུགས་ཤིང་རིགས་ཐམས་ཅད་ཀྱི་ངོ་བོ་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གཟུགས་ཅན་སེམས་ཅན་རྣམས་ཀྱི་དོན་མཛད་པར ་རོ་གཅིག་པ་ནི་དཔལ་ལོ། །དེ་ཉིད་ནི་མཆོག་དང་པོ་སྟེ། མཆོག་ནི་ཕུལ་དུ་བྱུང་བའོ། །བསྐལ་པ་བཟང་པོ་ལ་སོགས་པ་ད་ལྟར་བྱུང་བ་ནས་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་ཀྱིས་རྟག་པ་ཉིད་དུ་བཞུགས་པས་ན་དེའི་ཕྱིར་དང་པོ་ཞེས ་བྱའོ། །དེ་སྟོན་པའི་དེ་ཁོ་ན་ཉིད་བཅུའི་མིང་གི་ཚོགས་ནི་རྒྱུད་ཅེས་བྱ་སྟེ། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད། ཅེས་གསུངས་པའི་ཕྱིར་རོ། །དེ་ལ་དེ་ཁོ་ན་ཉིད་བཅུའི་དཀྱིལ་འཁོར་དང། སྔགས་དང་ཕྱག་རྒྱ་དང། བསྲུང་བ ་དང། སྤྱན་དྲང་བ་དང། སློབ་དཔོན་གྱི་ལས་ཀྱི་དབྱེ་བ་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་དང། བཟླས་བརྗོད་དང། བསྒོམ་པ་དང། སྦྱིན་སྲེག་དང། ཉེ་བར་བསྡུ་བ་དང། མཆོད་ནས་སླར་གཤེགས་སུ ་གསོལ་བའོ། །དཔལ་མཆོག་དང་པོའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།། །།དེ་ལྟ་བུའི་དཔལ་མཆོག་དང་པོའི་རྒྱུད་སྡུད་པར་བྱེད་པས་བཅུའི་དབང་ཕྱུག་ལྕང་ལོ་ཅན་གྱི་ཕོ་བྲང་ན་གནས་པ་རྡོ་རྗེ་འཆང་བས་བློ་ལ་བཞག་ནས་འདི ་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ནི་ཡང་དག་པར་བསྡུས་པའི་བཤད་མ་ཐག་པའི་གཞུང་དང་དོན་གྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་གིས་ཅེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་པ་སྟེ། བདག་ཉིད ་ཀྱིས་ཐོས་ཀྱི་གཞན་ལས་བརྒྱུད་དེ་འོངས་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཐོས་པ་ཞེས་བྱ་བ་ནི་ཐོས་པའི་རང་བཞིན་གྱིས་ཤེས་རབ་འཁྲུལ་པ་མེད་པའི་རྣམ་པར་ཤེས་པས་ཐོས་ཀྱི། རྟོག་པ་ནི་མ་ཡིན་པར་སྟོན་ཏེ། འདིས ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་དང། མཉམ་པར་བཞག་པ་ཡང་ཡིན་པར་སྟོན་ཏོ། །གང་གི་ཚེ་ཁྱོད་ཀྱིས་ཐོས་ཞེ་ན། དུས་གཅིག་ན་ཞེས་བྱ་བ་སྨྲས་ཏེ། དུས་གཅིག་ནི་དུས་ཚོད་གཅིག་ན་ཐོས་ཀྱི། གཞན་དག་ཏུ་ནི་གཞན ་དག་ཐོས་སོ་ཞེས་བྱ་བ་སྟེ། འདིས་ནི་བདག་ཉིད་ཐོས་པ་མང་བར་སྟོན་ཏོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པས། སྐད་ཅིག་མ་གཅིག་ལ་ཡང་དུས་གསུམ་གྱི་བསྐལ ་པ་རྣམས་སོ་སོར་སྣང་བ་འམ། ཐམས་ཅད་ཤེས་པ་སྟེ། འདིས་ནི་བདག་ཉིད་ཚད་མའི་སྐྱེས་བུ་ཡིན་པར་སྟོན་ཏོ། །ཁྱོད་ཀྱིས་གང་ལས་གང་དུ་ཐོས་ཞེས་རྟོག་པ་དག་གི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་འདིར་འབྲེལ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་གནས་གང་དུ་བཞུགས་ཤེ་ན། བཅོམ་ལྡན་འདས་ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བཞུགས་ཏེ། དེ་ལས་བདག་གིས་རྒྱུད་ཐོས་སོ་ཞེས་པའོ། །ཉོན་མོངས་པ་དང་ལྷའི་བུ་ ་དང་ཕུང་པོ་དང་འཆི་བདག་གི་མཚན་ཉིད་ཅན་དུ་གནས་པའི་བདུད་རྣམས་བཅོམ་པས་ན། བཅོམ་ལྡན་འདས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་དེ་ཡང་ཁྱད་པར་ཇི་ལྟ་བུ་ཞིག་ལས་ཁྱོད་ཀྱིས་ཐོས་ཞེ་ན། དེ་བཞིན ་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་རྣམས ་ཀྱི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་འཇོམས་པས་ན་རྡོ་རྗེའོ། །དེ་རྣམས་ཀྱི་བྱིན་གྱི་བརླབས་ནི་སྔོན་གྱི་འཕེན་པའི ་ཤུགས་སོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེ་ལས་སྐྱེས་པའོ་གང་ལས་སྐྱེས་ཤེ་ན། རྟག་ཏུ་དྲི་མེད་སྙིང་རྗེའི་ཤུགས་ལས་བྱུང། །སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་བརྩོན ་འགྲུས་མཛའ་ཡས་པ། ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ལ་དམ་ཚིག་དང་མཁྱེན་པ་ནི། རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་དེ་སྣ་ཚོགས་ཤིང་།རྣམ ་པ་ཐ་དད་པའི་བྱེ་བྲག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པར་རྣམ་པར་ངེས་པའི་ངོ་བོ་སྟེ། །དེ་དག་ཐམས་ཅད་དང་ལྡན་པ་ནི་བཅས་པའོ། །འདིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རིགས་ཐུགས་སུ་ཆུད་པ་དང། དམ་ཚིག ་མཁྱེན་པ་ཉིད་དུ་སྟོན་ཏོ། །གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང། དམ་ཚིག་ཤེས་པ་ཉིད་དུ་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་མི་གཉིས་པའི ་སེམས་དང་སེམས་ལས་བྱུང་བ་དེ་དག་ལས་བྱུང་བའི་རིན་པོ་ཆེའི་ཅོད་པན་དེས། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་མཚན་ཉིད་ཅན་གྱི་ཁམས་གསུམ་དུ་ཆོས་ཀྱི་རྒྱལ་པོའི་མཚན་མར་གྱུར་པའི་དབང་བསྐུར་བ་བརྙེས ་ནས་ཁམས་གསུམ་ལ་སྤྱོད་པའི་སེམས་ཅན་རྣམས་ཆོས་ཉིད་ཀྱིས་འཇིག་རྟེན་ལས་འདས་པའི་ལས་ལ་ངེས་པར་སྤྱོད་པས་ན་ཆོས་ཀྱི་རྒྱལ་པོའོ། །འདིས་ཀྱང་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་རིགས་ཐུགས་སུ་ཆུང་ཅིང་དབང་བསྐུར་བ་བརྙེས་པར་སྟོན་ཏོ། །གསང་སྔགས་ཀྱི་སྒོ་ལ ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་དབང་བསྐུར་བ་དང་ལྡན་པར་ཤེས་པར་བྱའོ། །ཞེས་སྟོན་པར་འགྱུར་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ ་ཉིད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། རྣལ་འབྱོར་ཆེན་པོ་དེ་གང་ལ་ཡོད་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་ཆེན་པོའོ། །དེ་ཡང་དབང་ཕྱུག་ཅེས་བྱ་བ་སྟེ། དབང་ཕྱུག་དང་ལྡན་པས་ན་དེ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་ཆེན་པོའི་དབང་ཕྱུག་གོ་འདིས་ཀྱང་བཅོམ་ལྡན་འདས་པདྨའི་རིགས་ཐུགས་སུ་ཆུད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་མཁྱེན་པས་ན་རྣལ་འབྱོར་གྱི་དབང་ཕྱུག་ཅེས་བཤད་པ ་ཡིན་ལ། གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་རྣལ་འབྱོར་ལ་དབང་ཕྱག་ཏུ་གྱུར་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས ་རང་གི་དོན་ཕུན་སུམ་ཚོགས་པ་བརྙེས་ནས་དེ་བཞིན་དུ་གཞན་གྱི་དོན་མཛད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། ་དེ་ཉིད་ནི་ཕྱག་རྒྱ་ཐམས་ཅད་དེ་སེམས་ཅན་གྱི་ཁམས་རྣམས་བྱང་ཆུབ་ལ་བརྩོན་འགྲུས་ཀྱི་གཟུགས་བརྙན་བསྐྱེད་པའི་ཕྱིར། རྒྱས་འདེབས་པའི་ཕྱིར་ཏེ། དེ་ཉིད་ནི་མཉམ་པ་ཉིད་དོ། །དེ་ཐུགས་སུ་ཆུད་པ་ནི་བརྙེས ་པའོ། །སྣ་ཚོགས་ཀྱི་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིའོ། །བྱ་བ་མཛད་དེ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པ་སྟེ། བྱ་བ་མཛད་པ་ཉིད་ཀྱིས་བྱ་བ་མཛད་པ་སྟེ། དེས་སེམས་ཅན་གྱི་ཁམས་མ ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཅེས་བྱ་བ་རྣམ་པ་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འཐོབ་པར་སྲེད་པའོ། །དེ་ཡོངས་སུ་སྐོར་བ་ནི་མངོན་པར་འདོད་པ་ཐོབ་པའོ། །དེ་ཉིད་ནི་ཕྲིན་ལས་ཏེ་དེ་མཛད་པས་ན་རེ་བ ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྲིན་ལས་མཛད་པའོ། །མ་ལུས་པའི་སྒྲ་བཤད་པ་ནི་མཛའ་དག་གི་མིང་མ་ཡིན་པ་ཡང་སྲིད་པ་ཉིད་ཡིན་ནོ། །དེ་བས་ན་ལུས་པ་མེད་པའི་སྒྲ་ནི་མཛའ་དག་གི་དོན་གྱི་མིང་ཡིན་ནོ། །ཡང་ན་མ་ལུས་པ་ནི ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །ལུས་པ་མེད་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དོ་ཞེས་བྱ་བར་བཤད་པར་བྱའོ། །གང་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཅེས་སྨོས་པའི་ཚིག་ཡོད་པ་དེར་ནི་འཇིག་རྟེན་གྱི་ཁམས་མ་ལུས ་ཤིང་ལུས་པ་མེད་པ་ནས་སེམས་ཅན་གྱི་ཁམས་ཐམས་ཅད་ཅེས་བཤད་པར་བྱའོ། །འདིས་ཀྱང་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རིགས་ཀྱང་ཐུགས་སུ་ཆུད་དོ། །ཞེས་ཀྱང་སྟོན་པ་ཡིན་ལ། གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པས་ཀྱང ་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའི་རིག་སྔགས་གྲུབ་པས་དཀྱིལ་འཁོར་འདྲི་བ་ལ་སོགས་པའི་ལས་རྣམས་ལ་འཇུག་པར་བྱའོ་ཞེས་སྟོན་ཏེ། །དེ་ལྟར་གྱུར་པ་སུ་ཞིག་ཡིན་ཞེ་ན། ཐུགས་རྗེ་ཆེ་བ་རྣམ་པར་སྣང་མཛད་ཆེན་པོ ་ཞེས་བྱ་བ་སྨོས་ཏེ། མི་དམིགས་ཤིང་རང་གིས་དང་གིས་འབྱུང་བའི་ཐུགས་རྗེ་མངའ་བས་ན་། ཐུགས་རྗེ་ཆེན་པོའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་ཚུལ་གྱིས་རྣམ་པར་མཛེས་ཤིང་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད ་པ་ཉིད་ཡིན་པས་ན། རྣམ་པར་སྣང་མཛད་དོ། །དེ་ཉིད་ནི་ཆོས་ཀྱི་སྐུ་དང། རྣམ་པར་སྨིན་པའི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུས་རྟག་པའོ། །འདས་པ་དང་མ་འོངས?་པ་དང། ད་ལྟར་བྱུང་བའི་དུས་གསུམ་ནི། དུས་གསུམ་མོ། །དབུས ་དེ་དག་ཏུ་མཉམ་པ་ཉིད་ཅེས་བྱ་བའི་སྤྲུལ་པའི་སྐུ་བཞུགས་པའོ། །ཡང་ན་དུས་གསུམ་པོ་དག་གི་དུས་སུ་ཀུན་རྫོབ་ཀྱི་གཟུགས་ལ་བཞུགས་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་པས་དུས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པའོ། །སྐུ་ཐམས ་ཅད་ནི་རྣམ་པ་བཞི་སྟེ། ངོ་བོ་ཉིད་ཀྱི་སྐུ་དང། རྣམ་པར་སྨིན་པའི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུའོ། །དེ་སྐད་དུ་གང་འདི་རྒྱ་ཆེན་དུ་མ་ཡི། །སྐུ་མདོག་དབྱིབས་དང་གདན་རྣམས་དང། ཕྱག་མཚན་སྣ་ཚོགས ་དབྱེ་བར་ནི། སྐུ་ཡི་གསང་བ་འདི་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང་རྡོ་རྗེའི་རིགས་ནི་ངོ་བོ་ཉིད་ཀྱི་སྐུའི་ཚུལ་ལོ། །རིན་པོ་ཆེའི་རིགས་ཐམས་ཅད་ནི་རྣམ་པར་སྨིན་པའི་སྐུའི་ངོ་བོ་ཉིད ་དོ། །པདྨའི་རིགས་ཐམས་ཅད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དོ། །ལས་ཀྱི་རིགས་ཐམས་ཅད་ནི་སྤྲུལ་པའི་སྐུའི་ངོ་བོ་ཉིད་དོ། །ཡང་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་བྱང་ཆུབ་ཀྱི་སེམས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན ་ནི་དེ་བཞིན་གཤེགས་པའི་རིགས་སོ། །དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི། རིན་པོ་ཆེའི་རིགས་སོ། །རང་བཞིན་གྱི་རྣམ་པར་དག་པའི་རིགས་ཅན་ཆོས་ཀྱི ་ཕྱག་རྒྱ་གཙོ་བོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་པདྨའི་རིགས་སོ། །སངས་རྒྱས་ཀྱི་སྤྲུལ་པས་འགྲོ་བའི་དོན་བྱས་པ་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ། བརྩོན་འགྲུས་ཀྱི་ཕ་རོལ ་ཏུ་ཕྱིན་པ་དང། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་ལས་ཀྱི་རིགས་ཡིན་པར་ཤེས་པར་བྱའོ། །རྡོ་རྗེའི་རིགས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ཡིན་པས་མི་བསྐྱོད་པའི་ངོ་བོ་ཉིད་ཡིན་པས་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དང་བཞིན་ཅན ་ཡིན་དང་ཤེས་པར་བྱའོ། །ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱང་སྤྲུལ་པའི་སྐུའི་ངོ་བོ་ཉིད་ཡིན་པས་བྱ་བ་འགྲུབ་པའི་ཡེ་ཤེས་ཀྱི་རང་བཞིན། །དེ་སྐད་དུ། རྡོ་རྗེ་སེམས་དཔའ་ཨི་དབང་བསྐུར་བས། །ངོ་བོ་ཉིད་སྐུར་ཤེས་བར་བྱ། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་བཞིན་མཚན ་དང་དཔེ་བྱང་ཡིན། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་དུ་འདོད། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །ཅེས་གསུངས་པའི་ཕྱིར་རོ། །གསུང་ཐམས་ཅད་ནི་རབ་ཏུ་དགའ་བ་དང། རྡོ་རྗེ་དང། ཁྲོ་བོ་དང། ཏིང་ངེ ་འཛིན་དང། བཀའ་ཚིག་གི་བྱེ་བྲག་གིས་རྣམ་པ་ལྔའོ། །ཐུགས་ཐམས་ཅད་ནི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་རང་གི་རིགས་ཀྱི་མཚན་མའི་ཕྱག་རྒྱ་རྣམས་ཏེ་།དེ་དག་ཀྱང་མི་ཕྱེད་པར་མངའ་བས་ན་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེའོ། །དེ་བཞིན་གཤེགས ་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་དུ་གཞན་རྣམས་ལ་སྟོན་པར་མཛད་པ་ན་དེ་བཞིན་གཤེགས་པ་སྟེ། འདིས་ཀྱང་གང་ལས་ཐོས་པའི་སྟོན་པ་པོ་དེ་ནི། ་སངས་རྒྱས་ཐམས་ཅད་བསྡུས་པར་གྱུར་པ་ནི་རྣམ་པར་སྣང་མཛད་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡོན་ཏན་སྔོན་དུ་འགྲོ་བའི་བཤད་པ་བྱས་ནས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བཅོམ་ལྡན་འདས་དེ་གདན་བཞུགས་ཤེས་རྣམ་པར་རྟོག་པ་ལ་དེ ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གནས་སྨྲས་པ་ཡིན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཞུགས་ཤིང་བསྟེན་པ་ཡིན་ཏེ། དེ་བས་ན་བསྔགས་པའི། །བསྔགས་དང་གྱུར་བ་ཉིད་ཀྱིས་ན་བསྟོད་པ་སྟེ། དེར་ནི་ཀུ་དང་རིན་པོ་ཆེ་ཆེན་པོ་སྟེ། ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང། རིན་པོ་ཆེ་ཞེས་བྱ་བ་རྡོ་རྗེ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱིས་སྤྲས་པ་ནི་གང་དུ་མཛེས་པར་བྱ་བའི་ཕྱིར་སྤྲས་ཤིང་སྤེལ་བ་དེང། ཁ་དོག་སྣ་ཚོགས་པའི་དྲིལ་བུ་བཏགས་པ་དང། དེར་དང། འཕེན་དང། མེ་ཏོག་གི་ཕྲེང་བ་དང། རྔ་མ་དང། ་དྲ་བ་དང་དྲ་བ་ཕྱེད་པ་དང། ཟླ་བ་རླུང་གི་བསྐྱོད་པས་མཛེས་པར་གྱུར་པས་བརྒྱན་པ་ཕྱོགས་བཅུ་ཐམས་ཅད་ན་གནས་པའི་འདོད་པའི་ཁམས་ཐམས་ཅད་ན་ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བཞུགས་པའོ། །དེ་ལ་གཞན་རྣམས་ཀྱིས་སྤྲུལ་པའི ་འདོད་པའི་ཡོན་ཏན་ལྔ་རྣམས་ཏེ། དེ་རྣམས་ལ་དབང་བསྐུར་བའི་དང་ཚུལ་ཅན་གང་ཡིན་པ་དེ་ནི་གཞན་འཕྲལ་དབང་བྱེད་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་བདག་པོའི་དང་པོའི་གནས་སུ་བཞུགས་པ་སྟེ། རྡོ་རྗེ་ལྷ་མོའི་ཚོགས་ཀྱི་དབུས་སུ་བཞུགས་པ། རབ ་ཏུ་དགའ་བ་ཆེན་པོའི་སྐུ་འཛིན་པར་མཛད་པའི་རྡོ་རྗེ་འཆང་ཆེན་པོ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའོ། །དེར་གྱུར་ནས་བཅོམ་ལྡན་འདས་བཞུགས་ཤིང། ནམ་མཁའ་ཐམས་ཅད་ལ་རབ་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་བཞུགས ་གནས་སུ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཇི་ལྟར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོར་གྱུར་པ་དེ་ནི་འདིའི་འོག་ནས་བཤད་པར་བྱའོ། །འདིས་ཀྱང་གང་དུ་ཐོས་པ་དེ་སྟོན་པར་གྱུར་པ་ཡིན་ནོ། །དེ་ལྟར ་ན་བཅོམ་ལྡན་འདས་ཀྱི་གནས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་ནས། ད་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བྱ་བ་ཕྲག་བརྒྱ་དང་ཐབས་གཅིག་ཏུ་བཞུགས་པ་ལ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དེ ་དག་གི་ནང་ནས་བསྒྲུབ་པའི་ཡན་ལག་ཏུ་གྱུར་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྟེ། རྭ་ནས་བཟུང་བའི་ཚུལ་གྱིས་སྟོན་པར་འདོད་ནས་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་སྨྲོས་སོ། །དེ་ལ་འདིའི་ཕྱག་ན་རྡོ་རྗེ ་མངའ་བས་ན་ཕྱག་ན་རྡོའོ། །སྤྱན་གྱིས་རྣམ་པར་ལྟ་བ་ནི་སྤྱན་རས་གཟིགས་ཏེ་།ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའོ། །ཞེས་སོ་སོར་རྟོག་ཅིང་ཐམས་ཅད་ལ་བསྐྱབས་པའི་ཕྱིར་གཟིགས་པས་ན་སྤྱན་རས་གཟིགས་སོ། །དབང་ཕྱུག་ནི་དེ་ལ་མངའ་ ་བརྙེས་པའོ། །ནམ་མཁའ་ཨི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྙིང་པོ་ན་སྐྱེ་བའི་གནས་ཏེ། དེ་གང་ལ་ཡོད་པ་དེ་ནི་ནམ་མཁའ་ཨི་སྙིང་པོའོ། །ཆོས་རྣམས་ནི་རང་བཞིན་གྱིས་འོད་གསལ་བའོ། །ཞེས་བྱ་བའི་བསྒོམ་པ་འདིས་ཆོས་ཐམས་ཅད་གཅིག་ཏུ་བྱེད་པའི་ཁུ་ཚུར ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ཁུ་ཚུར་ཏེ། དེ་བཞིན་ཉིད་བདེན་མི་བསླུ་གང། །རྡོ་རྗེ་ཁུ་ཚུར་དུ་བཤད་དེ། ཅེས་གསུངས་པའི་ཕྱིར་རོ། །འཇམ་ཞིང་གཉེན་པའི་དཔལ་གང་ལ་ཡོད་པ་དེ་ནི་འཇམ་དཔལ་ཏེ། གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྒྱུ་ལ ་ངེས་པར་འབྱུང་བ་ཉིད་ཀྱིས་ན་ཉོན་མོངས་པའི་རྩུབ་པ་དང་བྲལ་ཞིང་ན་ཚོར་ལོ་བརྒྱད་པའི་གཞོན་ནུའི་གཟུགས་མངའ་བའི་ཕྱིར་རོ། །སེམས་བསྐྱེད་མ་ཐག་པའི་རྗེས་ཐོགས་ཉིད་ལ་ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་བསྐོར་ཞིང་སྤྲུལ་པའི་དང་ཚུལ་གང་ལ་ཡོད་པ ་དེ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ནམ་མཁའ་ནི་གོང་བྱེད་པ་སྟེ་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་མཛོད་ཀྱི་མཛོད་འདི་ལས་མངའ་བས་ནམ་མཁའ་ཨི་མཛོད་དོ། །ཕུང་པོའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བདག་གི་བདུད ་དང། ལྷའི་བུའི་བདུད་ནི། བདུད་ཐམས་ཅད་དེ། །དེ་རྣམས་འཇོམས་ཤིང་མི་སྣང་བར་མཛད་པའི་དང་ཚུལ་གང་ལ་ཡོད་པ་དེ་ནི་བདུད་ཀྱི་སྟོབས་ཐམས་ཅད་རྣམ་པར་འཇོམས་པའོ། །དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་གསང་སྔགས་འགྲུབ་པར་འགྱུར་རོ་ཞེས ་བསྟན་པར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེ་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཆོས་ལ་བདག་མེད་པ་བསྒོམ་པ་དང་ལྡན་པས་འགྲུབ་པར་འགྱུར་རོ། །ཞེས་བསྟན་པར་བྱ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསྟན་པ་ཡིན ་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱ་བ་རང་བཞིན་གྱིས་འོད་གསལ་བ། ཤེས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་འགྲུབ་པར་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཁུ་ཚུར་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བསྒོམས་པས་འགྲུབ་པའི་ཕྱིར། འཕགས་པ་འཇམ་དཔལ་བསྟན་པ་ཡིན་ནོ། །དཀྱིལ་འཁོར་དུ་འཇུག་པས་འགྲུབ་པའི་ཕྱིར་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་ཡིན་ནོ། །མཆོད་པ་ཐམས་ཅད་ལ་འཇུག་པས་འགྲུབ ་པར་བསྟན་པའི་ཕྱིར་ནམ་མཁའ་ཨི་མཛོད་བསྟན་པ་ཡིན་ནོ། །བགེགས་ཐམས་ཅད་བཟློག་པར་ནུས་ན་འགྲུབ་པར་གསུངས་པའི་ཕྱིར་རྡོ་རྗེ་གནོད་སྦྱིན་བསྟན་པ་ཡིན་པར་བསྒྲུབ་པའི་ཡན་ལག་སྟོན་པ་ཡིན་ནོ། །དེ་དག་ལ་སོགས་པ་ཅེས་བྱ་བ་ནི་གང་ལ་དེ་དག་གཙོ ་བོར་གྱུར་པ་དེ་ནི་དེ་དག་ལ་སོགས་པ་སྟེ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡོངས་སུ་བསྐོར་ཞིང་ཀུན་ནས་འཁོར་བར་གནས་པའོ། །མདུན་གྱིས་བལྟས་ནས། ཞེས་བྱ་བ་ནི་གུས་པས་ཁྱད་པར ་དུ་ཕུལ་དུ་ལྷུང་བའི་སེམས་ཀྱིས་ཡང་དག་པར་གནས་པའོ། །དེར་ཅི་ཞིག་མཛད་ཅེ་ན་ཆོས་སྟོན་ཏེ་ཞེས་བྱ་བ་ནས་སྨོས་ཏེ་དམ་པའི་ཆོས་སྟོན་པར་མཛད་ཅིང་རབ་ཏུ་འཆང་བར་མཛད་ཅེས་བྱ་བའི་དོན་ཏོ། །མཚན་ནི་ཇི་སྐད་དུ་བཏགས་ཁྱད་པར་ནི་ཇི་ལྟ་བུ་དང་ལྡན ་པའི་ཆོས་སྟོན་པར་མཛད་ཅེ་ན། ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཐོས་བཞིན་པའི་གནས་སྐབས་ན་ཡང་དང་པའི་རྒྱུར་གྱུར་པས་ན་ཐོག་མར་དགེ་བའོ། །བར་དུ་བསམ་པའི་གནས་སྐབས་ན་ཡང་དགེ་བའི་རྒྱུར་འགྱུར་བས་ན་བར་དུ་དགེ་བའོ།། ་ཐ་མར་བསྒོམ་པའི་ཤེས་རབ་ཀྱི་གནས་སྐབས་ན་ཡང་ཐོལ་བའི་རྒྱུར་འགྱུར་བས་ན་ཐ་མར་དགེ་བའོ། །ཡང་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྫོགས་པར་བྱེད་པས་ན་ཐོག་མར་དགེ་བའོ། །ལྷག་པའི་སེམས་ཀྱི་སླབ་པ་རྫོགས་པར་བྱེད ་པས་ན་བར་དུ་དགེ་བའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྫོགས་པར་བྱེད་པས་ན་ཐ་མར་དགེ་བའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཚིག་གི་ངོ་བོར་གྱུར་པས་ན་དོན་བཟང་པོའོ། །ཚིག་ཙམ་མ་ཡིན་པའི་སྒྲ་ལ་སོགས་པའི་ཉེས ་པ་དང་བྲལ་བས་ན་ཚིག་འབྲུ་བཟང་པོའོ། །ཆོས་དང་གང་ཟག་ཏུ་འཛིན་པ་དང་བྲལ་བས་ན་མ་འདྲེས་པའོ། །ཐེག་པ་མ་ལུས་པ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་འཐོབ་པར་བྱེད་པས་ན་ཡོངས་སུ་རྫོགས་པའོ། །ཆོས ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སྟོན་པའི་རང་བཞིན་ཡིན་པས་ན་ཡོངས་སུ་དག་པ་སྟེ། རབ་ཏུ་དགའ་བའི་སའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ཉིད་བསྒོམ་པའི་ལམ་ལ་ཡང་དང་ཡང་དུ་མངོན་དུ་བྱེད་པ་ཡིན་པས་ན་ཡོངས་སུ་བྱ་བ་སྟེ། དེ་ལྟ ་བུའི་རང་བཞིན་ཅན་གྱི་ཆོས་སྟོན་པར་མཛད་དོ། །ཞེས་ཁྱད་པར་དུ་མཛད་ནས་ང་ནི་མིང་ཉིད་བསྟན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་དོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་སྨོས་ཏེ་ཆོས་ཐམས་ཅད་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས ་ཀྱི་ངོ་བོ་ཉིད་རྣམ་པར་དག་པ་ནི་དེ་རྣམས་ཀྱི་དོན་དམ་པས་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེའི་སྒོ་ནི་འཇུག་པའི་གནས་སོ། །དེ་ཡང་གང་གིས་མངོན་སུམ་དུ་བྱེད་པ་སྟེ། འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདིས་ནི་འདི་ལྟ་སྟེ་།བྱང་ཆུབ ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་ཐོས་པ་དེ་ལ་ནི་དེ་སྐད་ཅེས་བྱ་ལ། མིང་འདི་སྐད་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་སྟོན་པར་མཛད་པའོ། །དེ་ལ་རབ་ཏུ་དགའ་ ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ནི་ཤེས་རབ་བོ། །དེའི་ཕ་རོལ་ཏུ་ཕྱིན་བཅིང་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་མངོན་སུམ་དུ་བྱེད་པའི་ངོ་བོ་ཉིད་རྣམ་པར་གྲོལ་བའི་ལམ་གྱི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེའི ་ཚུལ་ནི་སྔར་བཤད་པ་ཉིད་དེ། དེས་དེ་ཐོབ་པ་གང་ཡིན་པ་དེ་ཡང་དག་པར་སྟོན་པ་ནི་རབ་ཏུ་འཆད་པར་མཛད་པའོ། །གང་འདི་སྟོན་པར་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་ཞིག་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི ་ལྟར་ཞེས་བྱ་བ་ནི་དཔེ་ཉེ་བར་སྟོན་པའི་དོན་ཏོ། །ཤིན་ཏུ་དག་པས་ན་རབ་ཏུ་དགའ་བ་སྟེ་།གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་མི་དམིགས་པའི་ཐུགས་རྗེ་ཆེན་པོས་ཆགས་པའི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ལས་གཟུགས་མ་ལུས་པར་སྟོན་པས ་ཕྱི་མའི་མཐར་ཐུག་པའི་བར་དུ་འགྲོ་བའི་དོན་ལ་སྤྱོད་པའོ། །དེ་སྐད་དུ་བཅོམ་ལྡན་འདས་རབ་ཏུ་དགའ་བ་ཇི་ལྟ་བུ་ལགས་ཞེས་པ་ལ། ཉེས་པ་མེད་པར་རྟག་ཏུ་འབྱུང། །ཆགས་པ་ཀུན་ལ་རྗེས་སུ་དགྱེས། །དེ་ཉིད་ཀྱིས་གསང་བཅོམ་ལྡན་འདས། །འདོད ་ཆགས་ཆེན་པོ་དགའ་བ་ཆེ། །ཞེས་བཀའ་སྩལ་པའི་ཕྱིར་རོ། །དེའི་དེ་བཞིན་ཉིད་དུ་ཚུལ་ཅིག་པ་ནི་རྣམ་པར་དག་པའོ། །དེའི་གནས་ནི་བཞི་སྟེ་།དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་ནོ། །འདི་ནི་ཞེས་བྱ་བ་ནི་སྔ་མ་དང་སྦྱར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་གི ་ཕྲད་དོ། །བསྡུས་པའི་ཚིག་ཁ་སྐོང་བ་ལ་འཇུག་གོ་།དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང། ཡང་དག་པར་སྦྱར་རོ། །བྱང་ཆུབ་པའི་ངོ་བོ་ཉིད་ལ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཨོ། །ཞེས་ཉེ་བར་དགོངས་ཏེ། དེའི་འབྲས་བུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི ་གནས་ནི་སེམས་ཅན་གདུལ་བའི་རྟེན་ནོ། །དེའི་དོན་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་གནས་འདི་ནི་སེམས་ཅན་རྣམས་འདུལ་བའི་རྟེན་ཡིན་ཏེ། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ཀྱིས ་འདུལ་བར་བྱ་བ་རྣམས་འདུལ་བའོ། །འདིས་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ཀྱིས་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་བཤད་པ་ཡིན་ནོ། །འདོད་ཆགས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པ་ལ་ཤིན་ཏུ་ཞེན་པའི་ཆགས་པ་སྟེ་། ་འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་འོང་བ། །ཞེས་གསུངས་པའི་ཕྱིར་རོ། །འདོད་ཆགས་ཉིད་མངའ་ཡིན་པས་ན། འདོད་ཆགས་ཀྱི་མདའ་སྟེ་ཕྲ་མོར་འབིགས་པས་མངའ་ཞེས་བྱ། །ཞེས་བཤད་པ་དང། ཡང་རྒྱུ་འདི་ཉིད ་ལས། མཆོག་ཀུན་འབིགས་པས་གཅིག་པུ་ཉིད། ཅེས་གསུངས་པའི་ཕྱིར་རོ། །དེའི་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཚིག་འདིས་ཀྱང་རྡོ་རྗེ་ཡིད་ལས་བྱུང་བའི་དོན་བསྟན་པ་ཡིན་ནོ། །རེག་པ་རྣམ་པར་དག་པ་ཞེས་བྱ་བ་ལ ་སོགས་པ་ལ་དེ་ལྟར་བསྒོམ་པ་དང་ལྡན་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་སུམ་དུ་བྱེད་པ་ནི་རེག་པ་སྟེ། དེ་སྐད་དུ་བདེ་བ་ཐམས་ཅད་དངོས་གྲུབ་མཆོག་ཅེས་གསུངས་པའི་ཕྱིར་རོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །འདིས་ཀྱང་རྡོ་རྗེ་རྩེ་མོ་ཅན ་གྱི་ངོ་བོ་ཉིད་བཤད་པ་ཡིན་ནོ། །སྡུག་པའི་འཆིང་བ་རྣམ་པར་དག་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་།རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་ནས་འཁོར་བ་ཇི་སྲིད་པར་ཡོངས་སུ་མི་གཏོང་བ་ནི་སྡུག་པའོ་དེ་ཉིད་ནི་འཆིང་བ་སྟེ། རབ ་ཆགས་འཆིང་བ་ཆུ་སྲིན་འདྲ། །དེས་འདི་ཆུ་སྲིན་རྒྱལ་མཚན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལྷག་མ་རྣམས་ནི་ལྔ་མ་བཞིན་ནོ། །འདིས་ཀྱང་རྡོ་རྗེ་དྲན་པའི་དོན་བསྟན་པ་ཡིན་ནོ། །ཐམས་ཅད་ལ་དབང་ཕྱུག་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྡོ་རྗེ ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མི་གཏོང་བའི་སྡུག་པའི་འཆིང་བས་བཅིངས་པར་རྣལ་འབྱོར་པས་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འཁོར་བ་ཇི་སྲིད་དུ?་འཛིན? ་པར་བྱེད་པས་ཐམས་ཅད་ལ་དབང་ཕྱུག་དང་དབང་བྱེད་པ་ཞེས་བྱ་བ་གསུངས་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །འདིས་ཀྱང་རྡོ་རྗེ་བསྙེམ་མའི་དོན་བསྟན་པ་ཡིན་ཏེ། དེ་སྐད་དུ་གཡོང་དུ་ག་སྙེམས་པས?་དབང་དུ་བྱེད་ཅེས་གསུངས་པའི་ཕྱིར་རོ།། ་དེས་དེ་བསྙེམས་པས་མཐོ་བའི་ཐུན་མོང་དུ་བཤད་པ་ཡིན་ནོ། །འདིར་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ངོ་བོ་ཉིད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལྟ་བ་རྣམ་པ་དག་པའི་གནས་ཞེས ་བྱ་བ་ལ་སོགས་པ་ལ་ཇི་སྐད་དུ་གསུངས་པའི་འདོད་ཆགས་ཀྱི་མདས་ཆོས་ཀྱི་དབྱིངས་སོ་སོར་རྟོག་པར་བྱས་ནས། ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་མཐོང་བའི་ལྟ་བ་ལ་བྱའོ། །གཞན་དག་ནི་གོ་སླའོ། །འདིས་ཀྱང་སྒེག་མོའི་དོན་གསུངས་པ་ཡིན་ནོ།། ་དགའ་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པའི་རེག་པ་རྣམ་པར་དག་པ་ལས་ཟག་ཐ་མེད་པའི་དགའ་བ་ཉེ་བར་འབྱུང་བར་འགྱུར་རོ། །གཞན ་དག་ནི་གོ་སླའོ། །འདིས་ཀྱང་བཞད་པའི་དོན་བཤད་པ་ཡིན་ནོ། །སྲེད་པ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དྲན་པའི་ངོ་ཉིད་ཀྱི་སྡུག་པའི་འཆིང་བའི་མ་འོངས་པའི་འདོད་པ་ཡོངས་སུ་མི་སྤོང་བའོ། །ལྷག་མ་རྣམས་ནི་གོ་སླའོ།། ་འདིས་ཀྱང་རྡོ་རྗེ་ཀླུ?་མཁན་མའི་དོན་བཤད་པ་ཡིན་ནོ། །བསྙེམས་པ་ཞེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་གི་བདག་པོའི་བསྙེམས་པས་ཁམས་གསུམ་མ་ལུས་པ་ནི་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམས་ཟིལ་གྱིས་མནན་ནས་རྣམ་པར་སྣང་བ ་ནི་འདིར་བསྙེམས་པའོ། །ལྷག་མ་ནི་གོ་སླའོ། །འདིས་ཀྱང་རྡོ་རྗེ་གར་མཁན་མའི་དོན་བཤད་པ་ཡིན་ནོ། །རྒྱན་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་ཡན་ལག་དང་བསམ་གཏན་གྱི་མེ་ཏོག་གི་རྒྱན་གྱིས་ལྟ་བ་རྣམ་པར ་དག་པར་འགྱུར་ཏེ། དེ་བས་ན་རྣམ་པར་དག་པའི་གནས་ཞེས་གསུངས་སོ། །གཞན་དག་ནི་གོ་སླའོ། །འདིས་ཀྱང་རྡོ་རྗེ་མེ་ཏོག་མའི་དོན་བཤད་པ་ཡིན་ནོ། །ཡིད་ཚིམ་པར་བྱེད་པ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ ་ལ། ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པར་མཐོང་བས་དགའ་བ་ཉེ་བར་སྐྱེ་བར་འགྱུར་ཏེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུག་པ་མ་ཡིན་པར་གསུངས་སོ། །ལྷག་མ་རྣམས་གོ་སླའོ། །སྣང་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ ་སོགས་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པའི་ངོ་བོར་རབ་ཏུ་མཐོང་བས་ན་ཆོས་ལ་སྲེད་པ་ཉེ་བར་འབྱུང་བར་འགྱུར་ཏེ་།དེས་ན་སྣང་བ་རྣམ་པར་དག་པའི་གནས་ཞེས་གསུངས་སོ། །ལྷག་མ་ནི་གོ་སླའོ།། ་འདིས་ཀྱང་རྡོ་རྗེ་མར་མེ་མའི་དོན་བསྟན་པ་ཡིན་ནོ། །ལུས་བདེ་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔའི་ངོ་བོ་ཉིད་ནི་ལུས་སོ། །དེ་ཉིད་ནི་བདེ་བ་སྟེ། དེས་དྲེག་པའི་བསྙེམས་པ་ཉེ་བར་འབྱུང་བར ་འགྱུར་ཏེ་དེ་བས་ན་དེ་ནི་འདིའི་བཤད་པ་ཡིན་ཏེ། འདིས་ཀྱང་རྡོ་རྗེ་བསྙེམས་མའི་དོན་བཤད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །གཟུགས་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པར་བྱ་བའི་ཕྱིར། ་གདུལ་བྱ་རྣམས་ལ་གང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཡང་དག་པར་སྟོན་པ། རྡོ་རྗེ་འཆང་ཆེན་པོས་མཛད་པ་དེ་ནི་གཟུགས་སོ། །ལྷག་མ་རྣམས་ནི་གོ་སླའོ། །སྒྲ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟོན་པར་མཛད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྒྲའོ། །གཞན་དག་ནི་གོ་སླའོ། །དྲི་ཞེས་བྱ་བ་ལ་སོགས་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་བདག་མེད་པར་བསྒོམས་པས། ཤེས་བྱ་མ་ལུས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་གྲགས་པའི་དྲི་གང་ཡིན་པ་དེ་ནི་དྲིའོ། །ལྷག་པ་རྣམས་ནི་གོ་སླའོ། །དེ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་དང་ཏིང་ངེ ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ངོ་བོ་ཉིད་ཀྱིས་ལུས་ཀྱི་བདེ་བ་རྣམ་པར་དག་པའི་གནས་ཐོབ་པར་བྱ་བའི་ཕྱིར། གང་སྒེག་པ་ལ་སོགས་པའི་ཉམས་རྡོ་རྗེ་འཛིན་པ་ཆེན་པོ་རང་ཉིད་ཀྱིས་སྟོན་པར་མཛད་པ་དེ་ནི ་རོ་ཞེས་བྱའོ། །ལྷག་མ་རྣམས་ནི་ཤེས་པར་ཟད་དོ། །ཚིག་བཞི་པོ་དེ་དག་གིས་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་གཟུགས་དང། རྡོ་རྗེ་སྒྲ་དང། རྡོ་རྗེ་དྲི་དང། རྡོ་རྗེ་རེའི་དོན་བསྟན་པ་ཡིན་ནོ། །དེ་ཡང་འདོད་པའི་ཁམས་ཀྱི་དབང་ཕྱུག་གདུལ་བར་བྱ་བའི་ཕྱིར། བཅོམ ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་གང་འདི་བཙུན་མོའི་འཁོར་གྱི་ནང་དུ་བཞུགས་པའི་རབ་ཏུ་དགའ་བ་ཆེན་པོའི་སྐུར་སྤྲུལ་པ་མཛད་པ་དེ་མཐོང་བ་དང། འདོད་པའི་ཁམས་ཀྱི་དབང་ཕྱུག་དེའི་རང་ཉིད་ཀྱི་ཆུང་མའི་འཁོར་ཉིད་ལ་སྡུག་བསྔལ་བསྐྱེད་པའི་བློ་སྐྱེས ་ནས། བཅོམ་ལྡན་འདས་ལ་མངོན་པར་འདོད་པས་ཕྱག་བྱས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་སྐུ་འདི་ནི་གཟུགས་རྣམ་པར་དག་པའི་གནས་སོ་སྙམ་ནས། བཅོམ་ལྡན་འདས་ལ་ཇི་ལྟར་ན་ཁྱེད་ཀྱི་གཟུགས་ཕུན་སུམ་ཚོགས་པ་འདི་དག་ཐོབ་པར་གྱུར་ཞུས་པ ་དང། དེའི་ཕྱིར་དེ་གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བཀོད་ནས། དེ་ཉིད་ཀྱི་ཆེད་དུ་བཅོམ་ལྡན་འདས་གང་འདི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་སྟོན་པར་མཛད་པ་དེ་ནི་སྒྲའོ། །ཐོས་ནས་ཀྱང་དེའི་དོན་དེ་ལ་ལྷག་པར་མས ་པའི་ཡེ་ཤེས་ཀྱི་སྒྲ་རྟོག་པ་ནི་དྲིའོ། །དེ་ཉིད་ཤིན་ཏུ་ཡང་དེའི་རང་བཞིན་དུ་གྱུར་པ་ནི་རོའོ། །དེ་ནས་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་བསམ་གཏན་མངོན་སུམ་དུ་བྱས་པ་ནི་བརྒྱན་ནོ། །དེ་ནས་ངེས་པར་འབྱེད་པའི་ཆའི་ཆོས་རྣམ་པར་འབྱེད་པའི་མཚན ་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་པ་ནི་ཡིད་ཚིམ་པའོ། །དེ་ནས་སྣང་བ་ཐོབ་པ་དང། སྣང་བ་མཆེད་པ་དང། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་ལས་བྱུང་བའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཁོང་དུ ་ཆུད་པ་ནི་སྣང་བའོ། །དེ་ཉིད་ཀྱིས་ན་ཆོས་དང་གང་ཟག་ཏུ་རྟོགས་པའི་དྲི་མ་དང་བྲལ་བས་ན་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཐོབ་པ་ནི། ལུས་བདེ་བའོ། དེ་ནས་ཆོས ་ཐམས་ཅད་ལ་བདག་མེད་པ་མཐོང་བ་ནི་ལྟ་བའོ། །དེའི་རྒྱུར་གྱུར་པ་རབ་ཏུ་མགུ་བ་ནི་དགའ་བའོ། །དེ་ནས་ཇི་ལྟར་མཐོང་བའི་ཆོས་བདག་མེད་པའི་ཡེ་ཤེས་ཡང་དང་ཡང་དུ་བསྒོམ་པ་ནི་སྲེད་པའོ། །བསྒོམ་པ་དང་རབ་ཏུ་ལྡན་པའི་སྤྲོ་བའི་མཚན་ཉིད་ཅན ་གྱི་དྲེགས་པ་ནི་བསྙེམས་པའོ། །སྤྲོ་ངན་གྱུར་བ་དེ་ལ་ཡང་ནས་ཡང་དུ་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་ནི་འདོད་ཆགས་ཀྱི་མངའ་ཨོ། །དེས་རབ་ཀྱི་མཐར་ཐུག་པའི་རབ་ཏུ་དགའ་བ་རྣམ་པར་དག་པ་ནི་རེག་པ་རྣམ་པར་དག་པ་སྟེ། བྱང་ཆུབ་ཀྱི་སེམས་བདེ ་བ་ཆེན་པོ་ལ་སོགས་པ་མངོན་དུ་བྱས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་མངོན་སུམ་དུ་བྱས་ནས་ཡོངས་སུ་མི་གཏོང་བར་ནུས་པ་ནི་སྡུག་པའི་འཆིང་བའོ། །དེས་ཀྱང་གཟུང་བ་དང་འཛིན་པ་ཀུན་ཏུ་སྦྱོར་བ་ལས་རང་བཞིན་གྱིས་འོད ་གསལ་བའི་རྣམ་པར་གྲོལ་བ་ཐོབ་ཅིང། །ལྷུམ་གྱིས་གྲུབ་པར་འཇུག་པའི་ལམ་ལ་གནས་པ་ཐོབ་པས་ཐམས་ཅད་ལ་དབང་ཕྱུག་དང་དབང་བ་ཉིད་ཐོབ་སྟེ། རབ་ཏུ་དགའ་བའི་བདེ་བ་ཆེན་པོའི་གཙོ་བོས་བརྒྱད་པའི་དབང་ཕྱུག་ཏུ་གྱུར་ན། རབ་ཏུ་དགའ་ ་བའི་བར་དུ་རྒྱུད་ལ་གསུངས་པ་ཡིན་ནོ། །འདི་ལྟར་སྟོན་པར་མཛད་པ་ནི་ཡུལ་སྤངས་པས་ཐར་པ་ཐོབ་པར་འདོད་པས་སྐྲག?་པ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དེ་རྣམས་ཀྱི་འཁོར་བའི་མི་རྟག་པའི་གཟུགས་སྤངས་ནས་འདི་ན་ལྟ་བས་མི ་དོམས་པའི་གཟུགས་ཐོབ་སྟེ། བདེ་བ་ཆེན་པོ་རྗེས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བར་ངེས་པར་འགོད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་གཟུགས་ཡང་དག་པར་སྟོན་པར་མཛད་པ་ཡིན་ནོ། །གཟུགས་འདི་ནི་པི་བང་ལ་སོགས་པའི་སྒྲ་མེད་པར ་བདེ་བ་ཆེན་པོ་འབྱུང་བར་མི་འགྱུར་རོ། །དེ་བས་ན་པི་བང་བརྡུངས་པ་ལ་སོགས་པས་སྒྲ་སྟོན་པར་མཛད་པ་ཡིན་ནོ། །དྲི་མེད་པར་ཡང་མ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར། ཕྱག་ན་དྲིའི་སྣོད་བསྣམས་པའོ། །དེ་ཡང་རོའི་སྣོད་མེད་པར་མ་ཡིན་པས་དེའི་ཕྱིར ་ཕྱག་ན་རོའི་སྣོད་བསྣམས་པའོ། །མེ་ཏོག་གི་རྒྱན་མེད་པར་ཡང་དེ་བཞིན་ཏེ་དེ་བས་ན་ཕྱག་ན་ཐལ་མོ་སྦྱར་བས་མེ་ཏོག་བསྣམས་པའོ། །དེ་ཡང་བདུག་སྤོས་མེད་པར་ཡིད་ཚིམ་པར་མི་འགྱུར་བས་སྤོས་ཁང་འཛིན་པའི་ཕྱག་གིས་སྤོས་ཁང་བསྣམས་པའོ། །དེ་བཞིན ་དུ་མུན་ནག་ཏུ་ནི་ཕན་ཚུན་མཐོང་བ་མེད་པས་དེའི་ཕྱིར་མར་མེ་བསྣམས་པར་མཛད་པ་ནི་མར་མེའོ། །དེ་ཡང་དྲིའི་བྱུག་པ་མེད་པར་ལུས་བདེ་བར་མི་འགྱུར་བས་དུང་ཆོས་ཀྱི་ཕྱག་གི་དྲི་བསྣམས་སོ། །རྣམ་པར་སྒེག་པ་དང་བྲལ་བས་རབ་ཏུ་དགའ་བའི་བདེ་བ་ཆེན ་པོ་འབྱུང་བར་མི་འགྱུར་བས། དེའི་ཕྱིར་སྒེག་པ་དང་བཞད་པ་དང། གླུ་ཆེན་པོ་དང། གར་རྣམས་བྱེད་པས་རྣམ་པར་སྒེག་པར་གོ་རིམས་ཇི་ལྟ་བ་བཞིན་དུ་མིག་དགའ་པའི་སྡུག་པ་དང། ལྟ་བ་དང་མིག་གི་ཆགས་པ་དང། དགའ་བ་དང། མིག་གི་ཆགས ་པའི་སྲེད་པ་དང། མིག་གི་ཆགས་པ་འབྱུང་བའི་སྤྲོ་བོའི་བསྙེམས་པའི་ངོ་བོ་ཉིད་དུ་སྟོན་ཏེ་འདི་དག་ཀྱང་གཞན་མ་ཡིན་པར་གྱུར་པ་ཉིད་ནི་འཁྱུད་པར་བྱེད་པ་ཡིན་ཞིང་ནམ་ཡང་ཡོངས་སུ་མི་སྤོང་སྟེ། དེ་བས་ན་རྣམ་པ་ཐམས་ཅད་པ་འདི་རྣམས་དབང་བརྙེས ་ཉིད་བསྟེན་པ་ཉིད་ཀྱིས་རབ་ཏུ་དགའ་བའི་བདེ་བ་ཆེན་པོ་འབྱུང་བར་འགྱུར་བས། འདོད་ཆགས་ཀྱི་མངའ་དང་རེག་པ་དང། སྡུག་པའི་འཆིང་བ་དང་བདག་པོར་གྱུར་པའི་གནས་ཀྱི་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡུལ་སྤངས་པས་ཐར་པ་ཐོབ་པར་འདོད་པས་སྐྲག་པ་ ་ཞེས་བྱ་བའི་མདོ་ལས། བྲིན་དཱའི་ནགས་ནི་ཉམས་དགའ་བས། །ཝ་ཉིད་གྱུར་ཀྱང་མཆོག་ཡིན་གྱིས། །གཽ་ཏམ་ཡུམ་རྣམས་སྤངས་པ་ཡི། །ཐར་པ་ནམ་ཡང་མི་འཚལ་ལོ་ཞེས་གསུངས་ཏེ། གཏན་ཚིགས་དེའི་ཕྱིར་རབ་ཏུ་དགའ་ ་བ་རྣམ་པར་དག་པའི་གནས་འདི་ནི། བྱང་ཆུབ་སེམས་དཔའ་ཨི་གནས་སོ་བྱ་བ་ནས། རོ་རྣམ་པར་དག་པའི་གནས་འདི་ནི་བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་རྒྱུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ ་བ་ནི་གང་གི་ཕྱིར་རབ་ཏུ་དགའ་བ་ནས། རོའི་མཐར་ཐུག་པའི་ཆོས་ཐམས་ཅད་ནི་དོན་དམ་པར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་བས་ན་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་གནས་སོ ་ཞེས་བྱ་བ་ནས། དེ་བཞིན་དུ་ཇི་སྲིད་དུ་རོ་རྣམ་པར་དག་པའི་གནས་འདི་ནི་བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཀྱང་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པར་རྣལ་འབྱོར་པ་རྣམས་ཀྱིས ་ཁོར་དུ་ཆུད་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་པར་བྱ་བའི་ཕྱིར་དེ་དག་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ཆོས་ཐམས་ཅད་དེ། ཇི་སྐད་བཤད་པའི་རབ་ཏུ་དགའ་བའི ་རྣམ་པར་དག་པ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཉིད་ཀྱི་རྣམ་པར་དག་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ་དེ་བཞིན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པའི་རྒྱུར་གྱུར་པས་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་སྟེ། འདིར་ཤེས་རབ་ནི་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པའི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་བའི་མཚན་ཉིད་ཅན་ནོ། །དེའི་ཕ་རོལ་ཏུ་ཕྱིན་པ་ནི་སོན་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི ་རྣམ་པར་དག་པ་ཁོང་དུ་ཆུད་པ་མངོན་སུམ་དུ་བྱས་པའི་ངོ་བོ་ཉིད་དོ། །དེ་ཡང་ཆོས་ཐམས་ཅད་དྲི་མ་དང་བྲལ་བ་ཉིད་ཀྱི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་དང་དབྱེར་མི་བྱེད་པའོ། །ཞེས་བྱ་བའི་དོན་ཏོ། །ཡོངས་སུ་དག་པའོ ་ཞེས་བྱ་བ་ནི་ཁམས་གསུམ་པ་ལྟ་བུའི་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དོན་འདི་སྟོན་པར་འགྱུར་བ་ཡིན་ཏེ། གང་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པ་ཡིན་ཏེ། དེ་ལྟར་ཡིན་པའི་གཏན་ཚིགས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ ་དུ་བྱས་པས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དག་པ་འཐོབ་པར་འགྱུར་ཏེ། ཐ་མི་དད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་ནས་དེ་ལ་ཉན་པ་དང་སེམས་དཔའ་ལ་སོགས་པ་དང་ལྡན་པ་རྣམས་སྤྲོ་བ ་བསྐྱེད་པར་བྱ་བའི་ཕྱིར་ལག་ན་རྡོ་རྗེ་སུ་ལ་ལས་ཞེས་བྱ་བ་ལ་སོགས་པས་དེའི་ཕན་ཡོན་གསུངས་པ་ཡིན་ཏེ། ལག་ན་རྡོ་རྗེ་ཞེས་བྱ་བ་ནི་བོད་པའོ། །སུ་ལ་ལས་ཞེས་བྱ་བ་ནི་ཐ་མལ་པའི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཚུལ་གསུངས་པ་ཡིན་ནོ།། ་ཆོས་ཐམས་ཅད་ཇི་སྐད་དུ་བཤད་པའི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ནི་དེའི་གནས་དཀྱིལ་འཁོར་ལ་སོགས་པའོ། །དེའི་བསྒྲུབ་པ་ནི་གང་གིས་མངོན་སུམ་དུ་བྱེད་པར་འགྱུར་བ་སྟེ། དེ་ལ་ནི་ཆོས་ཐམས་ཅད ་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་བསྒྲུབ་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པའི་ངོ་བོ་ཉིད་ཇི་སྐད་དུ་བཤད་པའོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རབ་ཏུ་དགའ་བ་ལ་སོགས་པའི ་རྣམ་པར་དག་པའི་ངོ་བོ་ཉིད་གཙོ་བོར་སྨོས་པ་གཟུང་བའི་ཚུལ་གྱིས་བློ་ལ་བཞག་ནས་སྨྲས་པའོ། །ལན་ཅིག་ཐོས་ན་ཡང་ཞེས་བྱ་བ་ནི་དེ་ལྟ་བུའི་ཚུལ་ལན་ཅིག་ཁོ་ནའོ། །ཐོས་པ་ནི་ཐོས་པའི་རང་བཞིན་གྱི་ཤེས་པས་བཟུང ་བའོ། །ཡང་ཞེས་བྱ་བའི་སྒྲས་ནི་གང་གིས་ཡང་དང་ཡང་དུ་ཐོས་པ་ལྟ་སྨྱོས་ཀྱང་ཅི་དགོས་ཞེས་སྟོན་ཏོ། །དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཅེས་བྱ་བ་ནི་ཉན་པ་པོ་དེ་ཐོས་པ་ནས་བརྩམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར ་སངས་རྒྱས་པར་མ་གྱུར་ཀྱང་ཇི་སྐད་དུ་བཤད་པའི་སྒྲིབ་པ་ཐམས་ཅད་ལ་སོགས་པ་ཉེ་བར་བསམ་པས། སེམས་ཅན་དམྱལ་བ་ལ་སོགས་པར་ནམ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྒྲིབ་པ་ཐམས་ཅད་དེ་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་རྣམས ་ནི་བཤད་པའོ། །དེ་ལ་འདོད་པ་ལ་འདུན་པ་དང། གནོད་སེམས་དང། གཉིད་དང། རྨུགས་པ་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་སྟེ། སྒྲིབ་པ་དེ་རྣམས་ཆེན་པོ་འདོད་ཆགས་ལ་སོགས་པས་ཕྱེ་བའི་འདོད་ཆགས་པ་སོགས་པའི་ཉོན་མོངས་པ་ནི་ཉོན ་མོངས་པ་ནི་སྒྲིབ་པའོ། །འཕགས་པའི་ལམ་སྐྱེ་བའི་གནས་སུ་གྱུར་པ། དམ་པའི་ཆོས་སྤོང་བ་ལ་སོགས་པའི་ལས་ནི་ཆོས་ཀྱི་སྒྲིབ་པའོ། །མཚམས་མེད་པ་ལྔ་ལ་སོགས་པ་ནི་སྒྲིབ་པ་སྟེ། ཇི་སྐད་དུ་བཤད་པའི་སྒྲིབ་པ་དེ་དག་ཉིད་ཀྱི་ཆེ་བ་ནི་ཆེན་པོའོ།། ་བསམས་པ་ཞེས་བྱ་བ་ནི་སྦྱོན་པ་དང། དངོས་གཞི་དང་ཇི་སྐད་དུ་བཤད་པའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ལས་རྣམས་བྱས་ནས་མངོན་པར་དགའ་བའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ཤིན་ཏུ་ཆུང་བ་དང། འབྲིང་ཙམ་དུ་བསགས་པའི་སྒྲིབ་པས་ནི་ཤིན་ཏུ་ཡང་ངན ་འགྲོ་ད་འགྲོ་བར་མི་འགྱུར་རོ་ཞེས་སྟོན་ཏོ། །སེམས་ཅན་དམྱལ་བ་ལ་སོགས་པ་ཞེས་བྱ་བས་ནི་མནར་མེད་པ་སོགས་པ་དམྱལ་བ་ཆེན་པོ་བརྒྱད་དང། ཉེ་འཁོར་བ་རྣམས་ནི་དམྱལ་བའི། །དེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་དམྱལ་བ་ལ་སོགས་པའི ་ངན་སོང་རྣམས་ཏེ། ཡི་དགས་རྣམས་དང་དུད་འགྲོ་རྣམས་སོ། །དེ་ལྟར་ན་དམྱལ་བ་ལ་སོགས་པ་ངན་སོང་དེ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །ནམ་ཡང་ཞེས་བྱ་བ་ནི་རྣམ་གྲངས་གང་གིས་ཀྱང་མ་ཡིན་པའོ། །སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ་མེད་པར་བྱང ་བར་འགྱུར་རོ། །ཞེས་བྱ་བ་ནི་གང་སྒྲིབ་པ་ཐམས་ཅད་སྦྱོང་བ་དང། དངོས་གཞི་ལས་ཀྱི་ངོ་བོ་བྱས་མ་ཐག་ཏུ་ཞེས་པ་དེ་རྣམས་བྱས་པ་ཙམ་གྱི་སྡུག་བསྔལ་མེད་པར་ཅེས་པ་སྡུག་བསྔལ་མེད་ཅིང་རིམས་ལ་སོགས་པའི་གནོད་པ་མ་བྱས་པར་དེ་རྣམས་ཟད་པར་འགྱུར་ལ། ་བསམS་པ་རྣམས་ཀྱང་རིམས་ལ་སོགས་པའི་གནོད་པ་མི་བྱེད་དོ་ཞེས་སྟོན་པ་ཡིན་ནོ། །འདི་སྐད་སྟོན་པར་འགྱུར་བ་ཡིན་ཏེ་ཇི་སྐད་དུ་བཤད་པའི་སྒྲིབ་པ་རྣམས་ད་ལྟར་གྱི་ཚེ་འདི་ལ་ཆེན་པོ་ལ་སོགས་པ་བྱས་ཤིང། མངོན་པར་དགའ་བ་ཡང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཐོས་ན། དེའི་རིམས་ལ་སོགས་པ་གནོད་པ་བསྐྱེད་པ་དེ་རྣམས་ཟད་པར་འགྱུར་ཞིང། བྱས་མ་ཐག་ཏུ་ཡང་སྡུག་བསྔལ་མེད་པར་འགྱུར་རོ། །སུ་ཞིག་འཛིན་པ་དང་ཞེས་བྱ་བ་ནི་གཞུང་དང་དོན་གྱི་ཚུལ་མི་བརྗེད་པའི་སྦྱོར་བས་སེམས་ལ་ཡང་དག་པར་འཇོག ་པའོ། །ཉིན་དེ་ཞིང་ཀློགས་དང། །ཞེས་བྱ་བ་ནི་ཡི་དམ་ཡང་དག་པར་བླངས་ནས་ཉིན་རེ་ཞིང་གླེགས་བམ་དུ་བྱས་ནས་ཀློག་པར་བྱེད་བའོ། །ཁ་ཏོན་དུ་བྱེད་པ་དང། ཞེས་བྱ་བ་ལ་སོགས་པ་ནི་ཆོག་ཏུ་བཟུང་ནས་ཡང་དང་ཡང་དུ་སྦྱོར་ཞིང་འདོན་པ་ནི་ཁ་ཏོན་དུ་བྱེད ་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཐོས་ནས་སེམས་པ་རང་བསྒོམ་པར་བྱེད་པའོ། །འམ་ཞེས་བྱ་བ་ནི་ཚུལ་བཞིན་ནམ་ཡིད་ལ་བྱེད་པ་ཞེས་རྣམ་པར་བརྟག་པའོ། །དེ་ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལའོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་རབ ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་ཇི་སྐད་དུ་བཤད་པ་ཉིད་དོ། །དེ་ལ་དམིགས་པའི་སེམས་རྩེ་གཅིག་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ཐོབ་པ་ནི་རྙེད་པར་གྱུར་བ་སྟེ། དེ་ཐོབ་པས་ཆོས་ཐམས་ཅད་ལ་དབང་དུ་གྱུར་བ་སྟེ། དེ་ཉིད་ནི་རབ་ཏུ ་དགའ་བ་ལ་སོགས་པའི་རྣམ་པར་དག་པ་མངོན་སུམ་དུ་བྱེད་པ་ལ་མངའ་བདག་ཏུ་འགྱུར་བའོ། །དེ་ཡང་དངོས་སུ་ན་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའི་གཞན་གྱི་དབང་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ནི་དོན་ཏོ། །ཆོས ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལས་ཐོབ་པར་གྱུར་པའི་སྐད་ཅིག་མ་དང་པོ་ལ་བསྐྱེད་པ་ནི་དགའ་བའོ། །སྐད་ཅིག་མ་གཉིས་པ་སྐྱེས་པ་ནི་མགུ་བའོ། །སྐད་ཅིག་མ་གསུམ་པ་ལ་སོགས་པ་སྐྱེས་པ་ནི་མཆོག་ཏུ་དགའ་བ་སྟེ་ཐམས་ཅད་ལ་དགའ་བ་དང ་མགུ་བ་དང་མཆོག་ཏུ་དགའ་བདག་ནི། དགའ་བ་དང་མགུ་བ་དང་མཆོག་ཏུ་དགའ་བ་སྟེ། དེ་རྣམས་མྱོང་བར་འགྱུར་ཞིང་མངོན་སུམ་དུ་བྱེད་པར་འགྱུར་རོ། །རྡོ་རྗེ་གཟུགས་ནས་བརྩམས་ཏེ་རྡོ་རྗེ་བསྙེམས་པའི་བར་གྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི་བྱང་ཆུབ་ཆེན་པོའི་སེམས་དཔའ་ཨི ་ངོ་བོ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེ་རྣམས་ཀྱི་ཚེ་ནི་རྣལ་འབྱོར་པས་དེའི་རང་བཞིན་མངོན་པར་རྟོགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་ཚེ་བཅུ་དྲུག་གིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པ་དང་བཅས ་པའི་རྒྱུར་གྱུར་པས་དེ་བཞིན་གཤེགས་པ་ཉིད་ཐོབ་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དུས་གསུམ་དུ་གཤེགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང། ་འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཡིན་ལ། དེ་རྣམས་སུ་གྱུར་པ་ནི་དེ་བཞིན་གཤེགས་པ་ཉིད་དེ། དེ་ནི་ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་ཐོབ་པའི་རྐྱེན་གྱིས་ཐོབ་པར་འགྱུར་རོ། །རྡོ་རྗེ་འཛིན་པ་ཉིད་ཅེས་བྱ་བ ་ལ་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །དེ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ། གཉིས་སུ་མེད་པའི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའ་ཨོ། །དེའི་རྒྱུ་མཐུན་པ་ལས་བྱུང་བ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱང་རྡོ་རྗེ་འཛིན་པ་ཞེས་བྱའོ། །དེ་འགྱུར་པ་ནི་རྡོ་རྗེ་འཛིན་པ་ཉིད་དེ། དེ ་ཐོབ་པར་འགྱུར་བའོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཅེས་བྱ་བའི་བར་གྱིས་བཤད་པས་ནི་ཐབས་ཀྱི་ཕྱོགས་གཅིག་དང། དང་པོའི་སྦྱོར་བའི་ཏིང་འཛིན་ཡང་བཤད་པ་ཡིན་པར་ཤེས་པར་བྱའོ། །དེ་ནས ་བཅོམ་ལྡན་འདས་ཀྱིས་རང་གི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྨྲས་སོ་ཞེས་བྱ་བ་སྦྱར་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་བཟླས་མ་ཐག་པའི་སྒྲའི་དོན་སྟོན་པ་སྟེ། ?་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པའོ། །དེ་མངོན་པར་རྟོགS་པ་ནི་ཁོང་དུ་ཆུད་པའི་རྟོག་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཨོ། །དེ་ཉིད་ནི་དཀྱིལ་འཁོར་ཐམས་ཅད་པ་སྟེ། འཇིག་རྟེན་པ་དང ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་གང་ཡིན་པ་དེ་ནི་དཀྱིལ་འཁོར་རོ། །འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དམ་ཚིག་ཆེན་པོའི་ཁོ་ན་ཉིད་རྡོ་རྗེ་དང་པོའི་བྱིན་གྱིས་རློབ་པ་ཞེས་བྱ་བའི་བར་དུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་ངོ་བོ ་ཉིད་དུ་བཤད་པ་ཡིན་ནོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དབྱིངས་ནི་རྒྱུ་སྟེ་སྐྱེད་པར་བྱེད་བའི་རྒྱུ་གང་ཡིན་པའོ། །མཛའ་དག་ནི་མ་ལུས་པ་སྟེ། དེ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་མཛའ་དག་ཅེས་བྱ་སྟེ། རྣམ་པར་སྣང ་མཛད་ཀྱི་དཀྱིལ་འཁོར་རོ། །དེ་དག་གི་སེམས་དཔའ་ཨི་མཆོག་ནི་གཙོ་བོའི་དམ་པ་སྟེ་རྣམ་པར་སྣང་མཛད་དོ། །འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པར་ཡང་བཤད་དོ། །ཁམས་གསུམ་མཛའ་ ་དག་ན་ཞས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསུམ་དུ་གང་གནས་པ་སྟེ། དེར་འཇིག་རྟེན་གསུམ་པོ་མ་ལུས་པ་ནི་ས་པའི་འཇིག་རྟེན་དང། བར་སྣང་གི་འཇིག་རྟེན་དང། མཐོ་རིས་པའི་འཇིག་རྟེན་ནོ། །དེར་རྣམ་པར་རྒྱལ་བ་གང་ཡོད་པ་དེ་ནི ་ཁམས་གསུམ་པོ་མཛའ་དག་ན་འཇིག་རྟེན་གསུམ་པོ་མ་ལུས་པ་ལས་རྣམ་པར་རྒྱལ་བ་ཅེས་བྱ་བ་སྟེ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དོ། །འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་དུ་བཤད་དོ། །སེམས་ཅན་གྱི ་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཅེས་བྱ་བ་ནི་བཤད་ཟིན་ཏོ། །དེ་གང་གིས་འདུལ་ཞིང་ལུང་དང་རྟོག་པ་རབ་ཏུ་བཞག་པ་གང་ཡིན་པ་དེ་ལ་ནི་འདི་སྐད་ཅེས་བྱ་སྟེ། འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ ་བཤད་པ་ཡིན་ནོ། །དོན་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ནོ། །དེ་གྲུབ་པ་གང་ཡིན་པ་དེ་ནི་དོན་ཐམས་ཅད་གྲུབ་པ་སྟེ། འཕགས་པ་ནམ་མཁའ་ཨི་སྙིང་པོའོ། །འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད ་ཡིན་པར་བཤད་དོ། །ལག་ན་རྡོ་རྗེ་ཐམས་ཅད་པ་ཞེས་བྱ་བ་ལ། ལག་ན་རྡོ་རྗེ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ལག་ན་རྡོ་རྗེ་ཐམས་ཅད་དེ་རིགས་ལྷག་མ་རྣམས་ཀྱི་དཀྱིལ་འཁོར་དུ་བཞུགས་པའོ། །འདིས་ཀྱང་བསྡུས་པའི་དཀྱིལ་འཁོར་ལ་སོགས ་པའི་ལྷག་མ་རྣམས་ཀྱི་ངོ་བོ་ཉིད་ཡིན་པར་བཤད་པ་ཡིན་ནོ། །དུ་མ་ནི་གཅིག་མ་ཡིན་པ་སྟེ། རྡོ་རྗེ་གཙུག་ཏོར་དང། རྡོ་རྗེ་མཛོད་སྤུ་དང། རིག་པ་མཆོག་ལ་སོགས་པའོ། །དེ་ཉིད་ནི་རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་གསང་བའི་སེམས་ཅན་ཆེན་པོས་གཡོག་བྱས ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་དོན་འདི་ནི་ཞེས་བྱ་བ་ནི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པའི་གནས་བཅུ་བདུན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེའི་དོན ་ནི་རྟེན་དང་བརྟེན་པའི་ངོ་བོ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་རོ། །སྟོན་ཏེ་ཞེས་བྱ་བ་ནི་སྤྲུལ་ནས་རབ་ཏུ་བསྟན་པའོ། །བཞིན་རབ་ཏུ་འཛུམ་ཞིང་ཞེས་བྱ་བ་ནི་གོ་པར་ཟད་དོ། །ལག་པ་གཡོན་པ་རྡོ་རྗེ་བསྐྱངས་ཏེ་ཞེས་བྱ་བ་ལ་དྲིལ་བུ་དང་བཅས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར ་ནི་ལག་པ་གཡོན་པའི་རྡོ་རྗེའོ། །དེ་ལ་ནད?་བུ?་བསྟན་ནས་གཡོན་པའི་རྐྱེད་པའི་ཕྱོགས་སུ་བཀན་ཏེ་འཇོག་པ་ནི་ལག་པ་གཡོན་པ་རྡོ་རྗེ་བསྒྱིངས་པའོ། །དེ་ཐོག་མའི་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་གང་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་བྱུང་བའོ། །གསོར་བས ་ནི་ཕྱག་གཡས་པས་ཇི་སྐད་དུ་བཤད་པའི་རྡོ་རྗེ་ཉེ་བས་འཕེན་པ་སྟེ། གསོར་བར་གྱུར་ཅིང་གཡོན་པའི་རྡོ་རྗེ་?་པས་གནས་པའོ། །རང་གིས་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་ཅིང་ཞེས་བྱ་བ་ནི་རང་གི་སྙིང་གའི་ཕྱོགས་སུ་བ་དན་གྱི་གུད་མོའི་སོར་མོ་ལ་རྡོ ་རྡོ་རྗེ་མོ་གྱེན་དུ་བསྟོད་པར་གཞག་པའི་ཚུལ་གྱིས་འཛིན་པའོ། །བདེ་བ་ཆེན་པོ་ཡང་ཡིན་པ་རྡོ་རྗེ་ཡང་ཡིན་པས་ན་བདེ་བ་ཆེན་པོ་རྡོ་རྗེའོ། །དེ་ཉིད་དོན་ཡོད་པ་སྟེ། དངོས་གྲུབ་ཐམས་ཅད་མི་ཟད་པར་སྩོལ་བར་བྱེད་པ། བསླུ་བ་མེད་པ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ ་འཁོར་ཞེས་བྱ་བའི་དོན་ཏོ། །དེའི་དམ་ཚིག་ནི་རྫོགས་པར་བྱེད་པའི་རྒྱུ་སྟེ། དེ་སྐད་ཅེས་བྱ་བ་དེ་ཉིད་ཀྱི་མིང་གང་ལ་ཡོད་པ་དེ་ནི་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་སྐྱེད་པར་བྱེད་པའི་རྒྱུའི་རང་གི་སྙིང ་པོའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་པའོ། །སྨོས་སོ་ཞེས་བྱ་བ་གསུངས་པའོ། །དེ་ཡང་ཧཱུཾ་ཞེས་བྱ་བ་སྟེ། རང་གི་ཡང་ཡིན་ལ། དེ་ཁོ་ན་ཉིད་ཀྱང་ཡིན་པས་རང་གི་དེ་ཁོ་ན་ཉིད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཇི་སྐད་དུ་བཤད་པའི་དེ་ཁོ་ན་ཉིད་བཙུའོ།། ་དེ་རྣམས་ཀྱི་སྙིང་པོ་དེར་ནི་ངེས་པའི་ཡེ་ཤེས་སོ། །དེ་བསྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་ནས་འདི་གསུངས་བཙམ་གྱིས་ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་དང། རྡོ་རྗེ་འཛིན་པ་དང་བཅས་པ ་ཞེས་བྱ་བ་ནི་གོ་བར་ཟད་དོ། །འཇིག་རྟེན་ཁམས་ཐམས་ཅད་ནི་སྟོད་གསུམ་གྱི་སྟོང་ཆེན་པོ་ན་སངས་རྒྱས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་ངོ། །ཁམས་གསུམ་ཐམས་ཅད་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་ཅན་གྱི་ཁམས་གསུམ ་ཐམས་ཅད་དོ། །དེ་ལྟར་ན་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས། ཇི་སྲིད་དུ་འགྲུབ་ཀྱི་བར་དུ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་མཉེས་པས་བརྟན་པོས་མཉེས་པར་བྱས་ནས་ཞེས་བྱ ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པར་རྣམ་པར་སེམས་རྩེ་གཅིག་ཏུ་བྱས་པ་ནི་རྗེས་སུ་མཉེས་པར་བྱ་བ་བརྟན་པོ་སྟེ། དེ་སྐད་དུ། འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་དུ་འོང། །དེ་ཡི་རྗེས་ཆགས་བསྒྲུབ ་སྦྱོར་བས། །རྗེས་སུ་ཆགས་པ་ཞེས་བཤད་དེ། །ཞེས་གསུངས་པའི་ཕྱིར་རོ། །དེས་མཉེས་པར་བྱས་པ་ནི་དགྱེས་པར་བྱས་པའོ། །བཀུག་པ་ནི་དྲངས་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ་ཞེས་རྒྱ་བ་ནི་གང ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་བསྐུལ་བའི་ཕྱིར། དཀྱིལ་འཁོར་སྤྲུལ་པར་མཛད་པ་དེ་ནི་འདིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་དེར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱིས་རྡོ་རྗེ་སེམས་དཔའ་ལ ་སོགས་པའི་གནས་སུ་བཞུགས་པའོ། །དམ་ཚིག་གིས་བཅིངས་ནས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་གྲུབ་བར་བྱ་བའི་ཕྱིར་རབ་ཏུ་བཞག་པའོ། །དེ་སྐད་དུ་ཕྱག་རྒྱ་ལ ་སོགས་པ་དམ་ཚིག་བཤད་ཅེས་གསུངས་པའི་ཕྱིར་རོ། །དབང་དུ་བྱས་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་རྣམ་པར་སྦྱངས་པར་བྱ་བའི་ཕྱིར། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་རང་དབང་དུ་བྱས་པའོ། །དངོས་གྲུབ་ཐམས་ཅད་གྲུབ་བོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ ་ལ་སོགས་པ་ནས་རྡོ་རྗེ་རོའི་བར་གྱི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུད་རྫོགས་པ་ནི་དངོས་གྲུབ་ཐམས་ཅད་ལ་གྲུབ་པའོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གོ་སླའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བའི་གཉིས ་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་བདེ་བ་ཆེན་པོ་སྟེ་།མི་འགྱུར་བདེ་བའི་དངོས་གྲུབ་ཀུན། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་པའི་ཐར་པ་ལ་ནི། བདེ་བ་ཆེན་པོའི་སྒྲར་རྒྱུད་ཕྱི་མ་ལས་གསུངས་ཏེ། དེའི་ཕྱིར་རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་སྟེ། ་དེ་ནི་དེ་ལས་བྱུང་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་སྟེ་།དེ་བཅིངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོམས་པར་ཞུགས་པས་རྣམ་པར་སྣང་མཛད་བཞུགས་པ་སྟེ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་གསང་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་རོ། །དེ་ལ་དམིགས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཐུགས་རྩེ་གཅིག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་སེམས་དཔའ་ཨི ་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་བཞུགས་སོ་ཞེས་སྟོན་པར་འགྱུར་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞུགས་སོ། །ཞེས་བྱ་བའི་བར་གྱི་བཤད་པས་དཀྱིལ ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་དང། དེ་བཞིན་དུ་ཕྱག་རྒྱའི་ཡེ་ཤེས་ཀྱི་ཕྱོགས་གཅིག་ཀྱང་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་ལ་སོགས་པ་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར ་བྱའོ། །དེ་ལྟར་ཐབས་ཀྱི་ངོ་བོ་ཉིད་ཏིང་ངེ་འཛིན་གསུམ་པ་བཤད་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སློབ་དཔོན་གྱི་ལས ་རྣམས་དང། སློབ་མ་གཞུག་པ་ལ་སོགས་པའི་ཚིག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པའི་ཚིག་སྟེ། དམ་ཚིག་གསུམ་གྱི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ ་རྗེ་གསང་བ་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་རོ། །དེ་ཡང་གང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྣམ་པར་སྣང་མཛད་བསྐུལ་བའི་རྗེས་ཐོགས་ཉིད་ལ་སྤྲུལ་པར་མཛད་པ་སྟེ། དེ་ཉིད་དམ་ཚིག་གོ་།དེའི་འབྱུང་བ་ནི་དཀྱིལ་འཁོར་བྱིན་གྱིས ་རློབ་བའི་ཡེ་ཤེས་གང་དང་དཀྱིལ་འཁོར་བརྟན་པར་བྱེད་པའི་ཡེ་ཤེས་གང་གིས་འབྱུང་བར་འགྱུར་བ་དེ་ལ་འདི་སྐད་ཅེས་བྱའོ། །ཡེ་ཤེས་དེ་ཉིད་ཀྱི་ཕྱག་རྒྱ་གང་ཡིན་པའམ། ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་མངོན་དུ ་མཛད་པ་སྟེ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་བསྐྱེད་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། མི་བསྐྱོད་པའི་སེམས ་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཏེ། ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། དམ་ཚིག་ཆེན་པོ་ཉིད་གཅིག་པུ། །འདི་ནི་དམ་ཚིག་ཆེན་པོར་བཤད། །ཅེས་གསུངས་པ་དང། ཐོག་མཛའ་མེད་པའི་སེམས་དཔའ་ནི ་ཞེས་བྱ་བ་ལ་སོགས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེའི་དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བའི་དེ་ཁོ་ན་ཉིད་དང། ཀུན་ཏུ་བཟང་པོ་ཉིད་དོ། །དེ་སྐད་དུ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཅི་ཞིག་ཡིན་ཞེ་མ་འདི་ལྟ་སྟེ། རབ་ཏུ་དགའ་བ་དང། ཀུན་ཏུ་བཟང་པོའི ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེའོ། །དེ་ལྟར་ན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་བྱ་བའི་སྒྲ་འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བཤད་པར་གྱུར་པ་ཡིན་ནོ། །དེའི་བྱིན་གྱིས་རློབ་པ་ནི་གཞལ་ཡས་ཁང་སྟེ། དཀྱིལ་འཁོར་ཞེས་བྱ་བའི ་དོན་ཏོ། །དེ་ལྟར་ན་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་ཅེས་བྱ་བ་ནི་བློ་ལ་བཞག་པ་འདས་མ་ཐག་ཉིད་དུ་བཤད་པར་བྱ་བ་བསྟན་པ་ཉིད་དོ། །དེ་ནས་ཞེས་བྱ་བའི་སྒྲ་དེ་མ་ཐག་པ་སྟེ། སྔར་བསྙེན་པ་བྱས་པའི་རྗེས་ཐོགས ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ་གང་གིས་ཕྱིར་དཀྱིལ་འཁོར་དུ་འཇུག་པ་མེད་པར་སྐལ་པ་མེད་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟན་པར་མི་བྱའོ། །དེར་ཞུགས་ན་འགྲུབ་པར་འགྱུར་ཏེ། དེ་བས་ན་དེ་རྣམས་ཀྱི་བག་ཆགས་བསྐྲུན ་པར་བྱ་བའི་ཕྱིར། ཡང་དག་པར་རབ་ཏུ་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ། །ཅི་ཞིག་ཞེ་ན། དཀྱིལ་འཁོར་དམ་སྟེ་ཞེས་གསུངས་སོ། །མིང་ཅི་སྐད་དུ་བཏགས་ཞེ་ན་དེ་ཉིད་དང་པོ་དམ་ཚིག་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ནི་བཤད་ཟིན ་ཏོ། །དང་པོའི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེའི་བྱིན་གྱིས་བརླབས་ནི་དཀྱིལ་འཁོར་ཏེ། གང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་སྤྲུལ་བར་མཛད་པ་དེ་ལ་མིང་དེ་སྐད་ཅེས་མཚུངས་པར་སྤྱོད་ཅིང་མིང་འདོགས་པ་གང་ཡིན་པ་དེ་ནི། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཕྱིན ་གྱིས་རློབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཁ་དོག་དང། དབྱིབས་ཀྱི་བདག་ཉིད་ཅན་དག་ཀྱང་གང་སྤྲུལ་པ་དང་འདྲ་བར་བྲིས་པ་ཡིན་པས་དེ་ལ་ཡང་མིང་འདི་སྐད་ཅེས་བྱའོ། །གྲུ་བཞིར་བགྱི་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཁ་དོག་དབྱིབས་ཀྱི་བདག་ཉིད་ཅན་གྱི་གཟུགས ་ཅན་དཀྱིལ་འཁོར་དུ་གསུངས་པ་ཡིན་ཏེ་།ཕྱོགས་བཞིའི་རི་མོ་དང་ལྡན་པ་ནི་གྲུ་བཞིའོ། །དེ་ཡང་གང་གི་ཕྱིར་ངོས་ཀྱི་རི་མོ་ལ་བྱའོ། །དབུས་ཀྱི་རི་མོའི་ཕྱོགས་བཞིར་ཆ་བརྒྱད་པའི་སྒོ་བཞི་དང་ལྡན་པ་ནི་སྒོ་བཞི་དང་ཞེས་བྱའོ། །སྒོ་བཞི་ཕྱེད་ཀྱི་ཚད་ཀྱི་ཁམས་ཀྱིས་སྐོར ་ཕྱོགས་སུ་ཕྱི་རོལ་ཀུན་ནས་བསྐོར་ལ་རྟ་བབས་དང་བཅས་པར་བྱ་བ་ནི། ཁྱམས་རྣམས་ཀྱིས་ཡོངས་སུ་བསྒོ་བ་ཞེས་བྱའོ། །སྒོ་རྣམས་སུ་ནི་སྒོའི་སུམ་འགྱུར་གྱི་ཚད་ཀྱི་རྟ་བབས་བཞི་དང་ལྡན་པར་བྱ་བ་ནི་རྟ་བབས་བཞི་དང་ཡང་དག་ལྡན་ཞེས་བྱའོ། །འོད་ཟེར་དེ་ཉིད་འབར ་བ་ཡིན་པས་ན་འོད་ཟེར་འབར་བ་སྟེ། དེ་ཉིད་ཀྱིས་འཁྲིགས་པའི་འོད་གང་ཡིན་པ་དེ་ནི་འོད་ཟེར་འབར་བས་འཁྲིགས་པའི་འོད་ཅེས་བྱའོ། །མཚམས་སུ་རི་མོ་གཉིས་འདུས་པ་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་གྲཝ་ཞེས་བྱ་སྟེ། དེ་རྣམས་དང་སྒོ་ཁྱུད་ཀྱི་མཚམས་རྣམས ་སུ་ཞེས་བྱ་བ་ལ་སྒོ་རྣམས་ཀྱི་སྒོ་ཁྱུད་?་དེ་མཛེས་པ་དང་རྗེས་སུ་མཛེས་པ་ཞེས་བྱ་བ་ཐད་ཀར་བྱུང་བ་སྒོའི་ཕྱེད་ཀྱི་ཚད་དུ་རྩིག་པ་སྟོན་པའི་རི་མོའོ། །དེ་རྣམས་ཀྱི་མཚམས་ནི་རི་མོ་གཉིས་འདུས་པའོ། །དེ་དག་ཏུ་ཟླ་བ་ཕྱེད་པ་ལ་རབ་ཏུ་གནས ་པ་ནི། ཟླ་བ་ཕྱེད་པ་ལ་རབ་ཏུ་གནས་ཤིང་འདུག་པ་སྟེ་དེ་ཡང་རྡོ་རྗེ་རྩེ་ལྔ་དང། རྡོ་རྗེ་རིན་པོ་ཆེ་དང། རྡོ་རྗེ་པདྨ་དང། སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་ཤིང་བརྒྱན་པ་ནི། རིན་ཆེན་ཀུན་གྱིས་ཉེ་བར་མཛེས་ལ་བྱའོ། །དེ་ལ་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་མཚམས ་དང། ཤར་ལྷོའི་མཚམས་སུ་ནི་རྡོ་རྗེ་རྩེ་ལྔ་པས་ཉེ་བར་མཛེས་པར་བྱའོ། །གཞན་ངག་ཏུ་ཡང་གོ་རིམ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་ལ་སོགས་པས་ཉེ་བར་མཛེས་པར་བྱའོ། །རྩེ་མོར་སྣ་ཚོགས་བ་དན་ནི་ཞེས་བྱ་བ་ལ་སོགས་པ་ལ་རྩེ་མོའི་ཁ་དོག་ལྔ་པ་ནི། ་རྩེ་མོ་སྣ་ཚོགས་ཏེ་མཛའ་མ་ཁ་དོག་ལྔ་པས་མཛེས་པར་བྱ་ཞེས་བྱ་བའི་དོན་ཏེ། །རྩེ་མོ་སྣ་ཚོགས་པ་ཡང་དེ་ཉིད་ཡིན་ལ་བ་དན་ཡང་དེ་ཉིད་ཡིན་པས་རྩེ་མོ་སྣ་ཚོགས་པ་དན་ནོ། །དྲིལ་བུའི་མཆོག་ནི་དམ་པའོ། །དེ་བཏགས་པ་ནི་རྟོག་པ་སྟེ། རྩེ་མོ་སྣ ་ཚོགས་པའི་བ་དན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་དཀྱིལ་འཁོར་དུ་རླུང་གིས་བསྐྱོད་ཅིང་གཡེངས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྱད་པར་དུ་བྱ་བའི་རྣམ་པར་དབྱེ་བས་གཞན་པའི་ཚིག་གི་ཕྲད་དོ། །མེ་ཏོག་གི་ཆུན་འཕྱང་ནི་མེ་ཏོག་གི་ཕྲེང་བའོ།། ་མེ་ལོང་ནི་གོ་བར་ཟད་དེ། དེ་དག་གིས་སྤྲས་པ་ནི་བརྒྱན་པའོ། །ཕྱིའི་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་ནི་ཐམས་ཅད་ལ་ཤེས་པར་བྱའོ། །དེའི་ནང་དུ་ཅེས་བྱ་བ་ལ་སོགས་པ་ལ་བཤད་པའི་དཀྱིལ་འཁོར་དེའི་དབུས་སྐུ་འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར ་ཏེ། འཁོར་ལོ་དཀྱིལ་འཁོར་རབ་ཏུ་བཤད་ཅེས་གསུངས་པས་སྒྲ་འདི་ནི་ཟླུམ་པོ་འབའ་ཞིག་སྟོན་པའི་ཚིག་ནི་མ་ཡིན་ནོ། །དཀྱིལ་འཁོར་བརྒྱད་དང་མཉམ་པར་ཞེས་བྱ་བ་ནི། རྣམ་པར་ཐར་པ་བརྒྱད་ནི་དཀྱིལ་འཁོར་བརྒྱད་དེ། དེའི་རྒྱུ་མཐུན་པ་ལས་བྱུང ་བ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་རྣམ་པར་ཐར་པ་བརྒྱད་སྟོན་པར་བྱེད་པའི་དཀྱིལ་འཁོར་གང་བཅོམ་ལྡན་འདས་ཀྱིས་སྤྲུལ་པར་མཛད་པ་དེ་ཡང་དཀྱིལ་འཁོར་བརྒྱད་ཅེས་བྱ་སྟེ། དེ་དང་མཉམ་པར་གང་བྲིས་པ་དེ་ནི་དཀྱིལ་འཁོར་བརྒྱད་དང་མཉམ་པར་རུ་ཞེས་བྱའོ།། ་དེ་ལ་རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གྱི་གཟུགས་རྣམས་ལ་ལྟ་བ་ན་དེ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་ཟིལ་གྱིས་གནོན་པ་འདི་ནི་རྣམ་པར་ཐར་པ་དང་པོའོ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས ་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བསམ་གཏན་གསུམ་པ་སྔ་མ་བཞིན་དུ་མཐོང་བ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད ་ནི་དྲུག་པའོ། །ཡོད་མིན་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་ནི་བརྒྱད་པ་སྟེ། སྔ་མ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་ཐམས་ཅད་ལ་ཤེས་པར་བྱའོ། །རྡོ་རྗེ་ཐིག་གིས་ཐིག་བཏབ་པ་ཞེས་བྱ་བ་ནི་གང་དཀྱིལ་འཁོར་བརྒྱད་དང ་མཉམ་པའི་དཀྱིལ་འཁོར་གང་ཞིག་བཤད་པའི་དེ་ཉིད་ནི་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཕྱི་རོལ་ནས་ཀུན་ཏུ་བསྐོར་བའོ། །རྡོ་རྗེ་འཁོར་ལོ་ཞེས་བྱར་བཤད་ཅེས་བྱ་བ་ནི། མིང་དེ་སྐད་བཤད་དོ། །ཅེས་བྱ་བའི་དོན་དོ། །དེའི་ཞེས་བྱ་བ་ནི་དབུ་མའི་དཀྱིལ་འཁོར ་གྱིའོ། །དབུས་སུ་ཞེས་བྱ་བ་ནི་དབུ་མའི་ཕྱོགས་ཏེ་ལྟེ་བ་ཞེས་བྱ་བའི་དོན་ཏོ། །ཅི་རིགས་པར་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་ལ་སོགས་པ་སྔར་བྱས་ཏེ་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ་ཞེས་བྱ་བར་སྟོན་པ་ཡིན་ཏེ། དེ་དག་ནི་ཕྱིས་བཤད་པར་བྱའོ། །སངས་རྒྱས ་སྐུ་ནི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ཨི་སྐུའི་གཟུགས་བརྙན་ཏེ། སངས་རྒྱས་རྡོ་རྗེ་འཛིན་དུ་བཤད་ཅེས་འདི་ཉིད་ཀྱི་འོག་ནས་གསུངས་པ་དང། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གཉིས་པ་ཡིན་པས་དེའི་ཕྱིར་ཡང་སོམ་ཉི་མི་བྱའོ། །འཛུམ་བཅས ་ཞེས་བྱ་བ་ལ་ཅུང་ཟད་བཞད་པ་ནི་འཛུམ་པའོ། །དེ་དང་བཅས་པར་བཞུགས་པ་ལ་འཛུམ་བཅས་ཞེས་བྱའོ། །ཟླ་བའི་མདོག་ཅན་ལ་ཞེས་བྱ་བ་ནི་གོ་བར་ཟད་དོ། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནི། ་རྡོ་རྗེ་བསྙེམས་པ་སྟེ། དེ་ཡང་བཤད་ཟིན་ཏོ། །རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་བསྙེམས་པ་འཛིན་པའོ། །མཆོག་ནི་དམ་པའོ། །རྡོ་རྗེ་ཕྲེང་སོགས་ཀྱིས་སྤྲས་ཤིང་ཞེས་བྱ་བ་ནི་བརྒྱན་པ་སྟེ། དེ་ལ་དང་པོ་དབུ་རྒྱན་དེ་ནས་སྣ་ཚོགས་རྡོ་རྗེའི་ཕྲེང་བ་དེ་ནས་རྡོ་རྗེ ་རིན་པོ་ཆེའི་ཕྲེང་བ། དེ་ནས་སྤྱི་བོའི་གནས་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ལྔས་བརྒྱན་པར་བྱ་སྟེ། དེ་ལྟར་ན་སྐུ་གཟུགས་དེ་ནི་རྡོ་རྗེ་ཕྲེང་བ་ལ་སོགས་པས་སྤྲས་པར་འགྱུར་རོ། །སྣ་ཚོགས་འབར་བ་འཁྲིགས་པའི་འོད་ཅེས་བྱ་བ་ནི། དམར་པོ་དང་ལྗང ་གུ་དང། སྔོན་པོ་དང། སེར་པོ་དང། དཀར་པོའི་མདོག་ཅན་གྱི་རི་མོ་སྣ་ཚོགས་པས་འབར་བ་ནི་སྣ་ཚོགས་འབར་བའོ། །དེ་ཉིད་ནི་འཁྲིགས་པའི་འོད་དེ། དེ་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །པདྨའི་གདན་ལ་བཞུགས་པར་ནི་ཞེས ་བྱ་བ་ནི། སྣ་ཚོགས་པདྨའི་སྡོང་བུ་དང་བཅས་པའི་སྟེང་དུ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ལུགས་མ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རྫས་ལས་སྐུའི་གཟུགས་བརྙན་དུ་བྱས་པའོ། །མངོན་པར་འདུ་བྱས་པའོ་ཞེས་བྱ་བ་ནི་ལག་གི་ལས་སུ ་བྱས་པའོ། །རང་གི་སྙིང་པོ་ཀུན་བཟླས་ཏེ། དེ་ཚེ་དཀྱིལ་འཁོར་བལྟ་བར་བྱ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་རང་གི་སྙིང་པོ་ནི་ཡི་གེ་ཧཱུཾ་སྟེ། དེ་བཟླས་ལ་དཀྱིལ་འཁོར་ཐིག་གདབ་པ་ལ་སོགས་པ་ཐམས་ཅད་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས ་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ཐམས་ཅད་ཧཱུཾ་ཉིད་ཀྱིས་ཡང་དག་པར་དགོད་པར་བྱ་ཞིང་བཞག་པར་བྱའོ། །དེ་ལ་ཇི་ལྟར་དགོད་པར་བྱ་ཞེ་ན་རྡོ་རྗེ་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་ལ་རྡོ་རྗེ་ཤུགས་ནི་འདི་ཡིན་ཏེ། བདག་ཉིད་རྡོ་རྗེ་ཤུགས་ཀྱིས་ནི། རྡོ་རྗེ་རྡོ་རྗེ་ཞེས་སྨྲས་པ། རྡོ་རྗེ་ཤུགས་ཞེས་བཤད་པ་སྟེ། ཀུན་ཏུ་འགྲོ་བ་གྲུབ་པའོ། །ཞེས་བྱ་བ་འདིས་ནང་གི་དཀྱིལ་འཁོར་ལ་སོགས་པ་ལས་བྱུང་སྟེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ལ་དཀྱིལ་འཁོར ་ཐམས་ཅད་དུ་ཡང་དག་པར་བསྡུས་པ་སྟེ། དཀྱིལ་འཁོར་བའི་ཚོགས་བཞག་པར་བྱའོ། །ཡང་ན་བྲི་བར་བྱ་ཞེས་བྱ་བ་ནི་ཚོན་རྩི་རྣམས་ཀྱིས་ལེགས་པར་བྲི་བར་བྱའོ། །གནས་གང་དག་ཏུ་བྲི་བར་བྱ་ཞེ་ན། ཕྱོགས་རྣམས་ཀུན་ཏུ་སྟོན་པ་པའོ། །ཞེས་བྱ་བ་སྟེ་ཕྱོགས་བཞི་རྣམས ་སུ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྟོན་པ་པོ་སྟེ། རྗེས་སུ་སྟོན་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གང་དུ་དགོད་ཅེས་རྟོག་པ་དག་གི་ཕྱིར། མདུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་མདུན་གྱི་ངོས་ལ་རྡོ་རྗེ་ཡིད་ལས་བྱུང་བ་ཞེས་བྱ་བའི། རྡོ་རྗེ ་སེམས་དཔའ་སངས་རྒྱས་ལྔའི་དབུ་རྒྱན་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་གཞུ་བསྣམས་པ། ཕྱག་གཡས་པས་མདའ་གསོར་བར་བསྩོན་པ་སྐུ་མདོག་དམར་སྐྱེ་དགོད་པར་བྱའོ། །སངས་རྒྱས་ཀྱི་ནི་ཞེས་བྱ་བ་ལ་སོགས?་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་གཡས་ལོགས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལ ་སྐུ་ཐམས་ཅད་ལ་ཀུན་ནས་འཁྱུད་པ། ཕྱག་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་གཅིངས་པས་ཐུགས་ཀའི་ཕྱོགས་སུ་འཁྱུད་པས། སྐུ་མདོག་དེ་ཉིད་དང་འདྲ་བས་དམར་སྐྱ་བྱའོ། །ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་གཟུགས་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པ་སྟེ་དང་པོའི་རྡོ་རྗེའོ། །སྐུ ་མདོག་ཇི་ལྟ་བུ་ཞེ་ན། ཉི་མའི་འོད་ཅན་ཞེས་བྱ་བ་གསུངས་ཏེ། ཉི་མ་ནི་མའི་དཀྱིལ་འཁོར་ཏེ། དེའི་འོད་ནི་མདངས་ཏེ་འོད་དམར་བའོ། །དེ་ནས་ཉི་མའི་འོད་ལྟ་བུའི་འོད་ཡོད་པས་ན་དེ་སྐད་ཅེས་བྱའོ། །རྒྱབ་ཏུ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རྒྱུད་དུ་རྡོ་རྗེ་འདོད ་པ་ཕྱག་གཡས་པ་ན་ཆུ་སྲིན་གྱི་རྒྱལ་མཚན་ཐོགS་པ། གཡོན་གདན་ལ་རྟེན་པ་དང། བཅས་པ་སྐུ་མདོག་སྡོ་སྐྱ་དགོད་པར་བྱའོ། །གཡོན་དུ་ཞེས་པ་ལ་སོགས་པ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་གཡོན་དུ་རྡོ་རྗེ་བསྙེམས་པ་རྡོ་རྗེ་ཁུ་ཆུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམ ་ནས་རྐེད་བའི་ཕྱོགས་གཉིས་སུ་བསྙེམས་པས་འཛིན་པ། གསེར་བཙོ་མའི་མདོག་འདྲ་བ་དགོད་པ་འམ། བྲི་བར་བྱའོ། །སངས་རྒྱས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་སྔ་མ་བཞིན་དུ་ཤར་ལྷོའི་མཚམས ་སུ་རྡོ་རྗེ་སྦྲང་རྩི་ཐལ་མོ་ཁོང་སྟོང་ཁ་ཕྱེ་བས་སྤྱི་བོའི་ཕྱོགས་སུ་རྡོ་རྗེ་མེ་ཏོག་གི་ཚོགས་ཐོགས་པ་དང། ལྷོ་ནུབ་ཀྱི་མཚམས་སུ་རྡོ་རྗེ་སྤྲིན་གྱི་བདུག་པའི་སྦོས་ཁང་ཐོགས་པའོ། །ནུབ་བྱང་མཚམས་སུ་རྡོ་རྗེ་སྟོན་ཀ་མ་བཞིན་དུ་མེ་མར་གྱི་སྡོང་བུ་འཛིན་པའོ། ། ་བྱང་ཤར་གྱི་མཚམས་སུ་རྡོ་རྗེ་དགུན་དེ་བཞིན་དུ་དྲའི་རུང་ཆོས་ཐོགས་པར་དགོད་པ་འམ་བྲི་བར་བྱའོ།། །།ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་བྱའི་དཀྱིལ་འཁོར་གྱི་ལྷའི་རྣམ་བུ་ལ་མེའི་ཕྱོགས་མཚམས་སུ་རྡོ་རྗེ་སྒེག་མོ་རྡོ་རྗེ་ཁུ ་ཚུར་གཉིས་ཀྱིས་རྡོ་རྗེ་གཉིས་ཐོགས་ནས། རྡོ་རྗེ་བསྙེམས་པར་གནས་པའོ། །བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་བཞད་པ་དང། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སོའི་ཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས་ཐོགས་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཛུམ ་ཞིང་ངོ་མཚར་དུ་གྱུར་པ་ལ་རབ་ཏུ་འཇོག་པའོ། །རླུང་གི་ཕྱོགས་སུ་རྡོ་རྗེ་གླུ་ཆེན་པོ་རྡོ་རྗེ་?་རང་བརྡུང་པའོ། །དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་གར། ལག་པ་གཉིས་རྡོ་རྗེ་རྩེ་གསུམ་པ་གཉིས་ཐོགས་ཏེ་གར་བྱེད་པའི་ཚུལ་གྱི་གནས་པ་བྲི་བར་བྱའོ། །སྒོའི་དབུས་ནི ་ཞེས་བྱ་བ་ལ་སོགས་པ་ལ་ཤར་གྱི་སྒོར་རྡོ་རྗེ་གཟུགས། ལྷོ་རྡོ་རྗེ་སྒྲ། ནུབ་ཏུ་རྡོ་རྗེ་?། བྱང་དུ་རྡོ་རྗེ་རོ?་ཀུན་ཏུ་བྲི་བར་བྱ་སྟེ། འདི་དག་ཀྱང་གོ་རིམ་ཇི་ལྟ་བ་བཞིན་དུ་མེ་ལོང་དང། པི་བང་དང་དྲིའི་དུད་ཆོས་དང། རོའི་སྣོད་དང་བཅས་པ་བྲི་བར་བྱའོ། །སངས་རྒྱས་དཀྱིལ ་འཁོར་ཅན་བརྒྱད་ནི་རྡོ་རྗེ་འཛིན་སོགས་བྲི་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐིག་གི་ནང་གི་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་གནོད་སྦྱིན་གྱི་མཐར་ཐུག་པའི་བར་དུ་གོ་རིམས་བཞིན་དུ་དྲི་བར་བྱའོ་ཞེས་བྱ ་བའི་དོན་ཏོ། །རྡོ་རྗེ་འཁོར་ལོ་ཐམས་ཅད་དུ། སངས་རྒྱས་རྡོ་རྗེ་འཛིན་གྱིས་བསྐོར་ཞེས་བྱ་བ་ནི་ཕྱོགས་བཞི་པོ་ཐམས་ཅད་དུ་འཁོར་ལོའི་ནང་དུ་དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས་ཏེ་མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན ་ཡོད་གྲུབ་པ་ཞེས་བྱ་བ་དང། རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་བརྒྱད་ཀྱིས་བསྐོར་ཞིང་ཡོངས་སུ་འཁོར་བར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། རྡོ་རྗེ་ཐི་གི་ནང་དུ་ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ། དེའི་གཡས་ལོགས་སུ་རྡོ་རྗེ ་སེམས་དཔའ་ཨོ། །གཡོན་དུ་ནི་འཕགས་པ་འཇམ་དཔལ་ལོ། །ལྷོ་ཕྱོགས་སུ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཏེ། དེའི་གཡས་སུ་ནི་ནམ་མཁའ་ཨི་སྙིང་པོའོ། །གཡོན་དུ་རྡོ་རྗེ་གནོད་སྦྱིན་བྲི་བར་བྱའོ། །དེ་ལྟར་ན་སངས་རྒྱས་དཀྱིལ་འཁོར་ཅན་བརྒྱད་ནི། ་སུ་ནི་རྡོ་རྗེ་ཆོས་སོ། །གཡོན་དུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བྱང་ཕྱོགས་སུ་ནི་དོན་ཡོད་གྲུབ་པ་སྟེ། དེའི་གཡས་ལོགས་སུ་རྡོ་རྗེ་ཁུ་ཚུར། གཡོན་དུ་རྡོ་རྗེ་གནོད་སྦྱིན་བྲི་བར་བྱའོ། །དེ་ལྟར་ན་སངས་རྒྱས་དཀྱིལ་འཁོར་ཅན་བརྒྱད་ནི། ་རྡོ་རྗེ་འཛིན་སོགས་བྲི་བར་བྱ། །རྡོ་རྗེ་འཁོར་ལོ་ཐམས་ཅད་དུ། །སངས་རྒྱས་རྡོ་རྗེ་འཛིན་གྱིས་བསྐོར་ཞེས་བྱ་བ་ལེགས་པར་བྲིས་པར་གྱུར་པ་ཡིན་ནོ། །ཕྱིའི་དཀྱིལ་འཁོར་གནས་རྣམས་སུ། །འདོད་པའི་དབང་ཕྱུག་བྲི་བྱ་སྟེ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི ་ལྷའི་སྣམ་བུ?་ལ་འདོད་པའི་དབང་ཕྱུག་ནས་བརྩམས་ཏེ། ཆུ་ལྷའི་མཐར་ཐུག་པའི་བར་དུ་ཆུད་མ་དང་བཅས་པ་ནི་བྲི་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །མདུན་དུ་འཇིག་རྟེན་གསུམ་རྒྱལ་པོ། །འདོད་པ་ཚངས་པ་ཞི་བྱེད་མཆོག། ཞེས་བྱ་བ་ནི་ཕྱིའི་སྣམ་བུའི ་ཤར་ཕྱོགས་ནས་མདུན་དུའོ། །འཇིག་རྟེན་གསུམ་གྱི་ནི་རྒྱལ་པོ་སྟེ། འཇིག་རྟེན་བདག་པོར་འདོད་པའི་ལྷའོ། །ཚངས་པ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཞི་བྱེད་ཅེས་བྱ་བ་ནི་གྲགས་པར་ཟད་དོ། །མཆོག་ཅེས་བྱ་བའི་སྒྲ་ནི་ཁྱབ་འཛུག་དང། སྐེམ་བྱེད་དང། བརྒྱ ་བྱིན་ལ་བྱ་སྟེ། དེ་དག་ཀྱང་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ཕྱོགས་སུ་འདོད་པའི་ཁམས་ཀྱི་དབང་ཕྱུག་དང། ཚངས་པ་དང། ལྷ་ཆེན་པོ་དང། ཁྱབ ་འཇུག་དང། ཀརྐི་ཀ་དང། བརྒྱ་བྱིན་ཆུད་མ་དང་བཅས་པ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་ཟླ་བ་དང། ཉི་མ་དང། སྤེན་པ་དང། མིག་དམར་རོ། །ནུབ་ཕྱོགས་སུ་སྟོབས་ཀྱི་ལྷ་དང། དཔྱིད་ཀྱི་ལྷ་དང། རྒྱལ་བ་དང། རྣམ་པར་རྒྱལ་བ་དང། ནོར་སྦྱིན་དང། རླུང་ལྷ་དང། ་མེ་ལྷ་དང། ལུས་ངན་པོའོ། །བྱང་དུ་ཕག་དང། གཤིན་རྗེ་དང། ཚོགས་ཀྱི་བདག་པོ་དང། ཆུ་ལྷ་ཆུང་མ་དང་བཅས་པར་བྲི་བར་བྱའོ། །དེ་དག་ཐམས་ཅད་ཀྱང་ཡི་གེ་ཧཱུཾ་ཉིད་ཀྱིས་དགོད་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དཀྱིལ་འཁོར་ཆེན ་པོ་འདིར་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུའོ། །འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ། །ཞེས་བྱ་བ་ནི་དེར་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་འཇུག་པ་དྲན་པར་བྱ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། སློབ་མ་གཞུག ་པར་བྱ་བའི་ཕྱིར། གསོལ་བ་གདབ་བར་བྱའོ་ཞེས་བྱ་བའི་བར་དུ་འོག་ནས་འབྱུང་བ་གང་ཡིན་པ་དེ་རྣམས་རྩོམ་བ་སྟོན་བའོ། །དེ་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཉེ་བར་དགོད་པ་ཡིན་པར་ཤེས་པར་བྱའོ། །དང་པོ་ཉིད་དུ་ཅེས་བྱ་བ་ནི་ཞུགས་ནས་ཡང་དག་པར་སྒེག་པར ་འགྱུར་བ་དང། ཕྱག་བྱའོ་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་ཆོ་ག་རྒྱས་པར་མ་བྱས་པར་ཞུགས་པ་ཙམ་གྱིས་སློབ་དཔོན་ཇི་ལྟ་བུའི་འབྲས་བུ་ཐོབ་པ་དེ་ནི་དཀྱིལ་འཁོར་དུ་ཞུགས་པའི་འབྲས་བུ་ཡིན་ནོ། །ཞེས་སྤྲོ་བ་བསྐྱེད་བའི་ཕྱིར། ཆོ་ག་ཇི་ལྟ་བུས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ཆོ་ག་འདིས་ཞུགས་པའི་ཞེས་བྱ་བ་ནི་འོག་ནས་བཤད་པའི་ཆོ་གས་ཞུགས་པའི་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་བྱིན་གྱིས་བརློབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་ཆེན་པོ་སློབ་དཔོན་དང་ཞེས ་བྱ་བ་ལ་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དུ་རོ་གཅིག་པའི་སེམས་ཀྱང་རྡོ་རྗེ་སེམས་དཔའ་ཨི་ཚུལ་དུ་ཉེ་བར་གདགས་པས་རྡོ་རྗེ་ཆེན་པོ་ཞེས་བྱ་བ་སྟེ་རྡོ་རྗེ་ཆེན་པོ་དེས་རྡོ་རྗེ་སེམས་དཔའ་ཨི་ཆ་ལུགས་དང་ལྡན་པའི་སློབ་དཔོན ་ནི་རྡོ་རྗེ་ཆེན་པོ་སློབ་དཔོན་ཏེ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་དོན་ཏོ་།དཀྱིལ་འཁོར་ཐམས་ཅད་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། དེར་སློབ་དཔོན་དུ་གྱུར་པས་ན་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ནོ། །དམ་ཚིག་ཐམས་ཅད་ཤེས་པ་དང ་ཞེས་བྱ་བ་ནི་དམ་ཚིག་ཀྱང་ཡིན་ལ་ཐམས་ཅད་ཡིན་པས་དམ་ཚིག་ཐམས་ཅད་དེ་གདུག་པ་རྣམས་འདུལ་བའི་ཕྱིར། དེ་བཞིན་གཤེགས་པའི་བཀའ་བསྒོམ་པའི་ཚུལ་ལོ། །དེ་ལ་རྗེས་སུ་འཇུག་ཅིང་དེ་དག་ཤེས་པས་ན་དམ་ཚིག་ཐམས་ཅད་ཤེས་པ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་སློབ ་དཔོན་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་རིགས་པ་དང་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང། པདྨ་རིགས་ཀྱི་ཆོས་ཐམས་ཅད་དེ། དེ་དག་ཐམས་ཅད་རིགས་ཅིག་ཁོང་དུ་ཆུད་པས་ན་ཆོས་ཐམས་ཅད་རིག་པ་སྟེ། པདྨ་རིགས་ཀྱི་དཀྱིལ་འཁོར ་དུ་འགྱུར་རོ?་ཞེས་སྟོན་པར་གྱུར་པ་ཡིན་ནོ། །ལས་ཐམས་ཅད་སྒྲུབ་པ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་ལས་གང་དག་གསུངས་པའི་ལས་དེ་དག་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱེད་པས་ན། དེའི་ཕྱིར་ལས་ཐམས་ཅད་བསྒྲུབ་པ་ཞེས་བྱ་བ་སྟེ། རིན ་པོ་ཆེའི་རིགས་ཀྱི་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་གྲུབ་པ་དང་ཞེས་བྱ་བ་ལ་དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཐམས་ཅད་དེ། དཀྱིལ་འཁོར་ལྷག་མ་གྲུབ་པ་གང་ཡིན་པ་དེ་ནི་དངོས?་གྲུབ་པ་སྟེ། དཀྱིལ་འཁོར་ལྷག་མ ་རྣམས་གྲུབ་པས་གྲུབ་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ལྟ་བུའི་ངོ་བོ་ཉིད་དུ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་ནི། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱིས་ནུས་པ་དང་ལྡན་པར་མཛད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར ་གྱུར་པ་ཉིད་ཀྱིས་ན། དབང་བསྐུར་བ་ཐམས་ཅད་འཐོབ་པ་ཞེས་བྱ་བ་སྟེ། དེ་ལ་དབང་བསྐུར་བ་ཡང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་དབང་བསྐུར་བ་ཐམས་ཅད་དོ། །དེ་ཡང་ཕྱི་དང་བསང་བའི་དབང་བསྐུར་བ་གང་རིགས་ཐམས་ཅད ་ཀྱི་དཀྱིལ་འཁོར་དུ་གསུངས་པ་དེ་དག་ཐམས་ཅད་ཐོབ་པའོ། །ཐམས་ཅད་ཤེས་པ་དང་ལྡན་པ་ཞེས་བྱ་བ་ནི། འདིས་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཤེས་པ་དང་ལྡན་པའོ། །མཆོད་པ་ཐམས་ཅད་ནི་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་སྟེ། ་ཐམས་ཅད་ཀྱི་མཆོད་པ་དེ་ཉིད་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དཀྱིལ་འཁོར་ཐམས་ཅད་འདིའི་དབང་དུ་འགྱུར་ཞིང། རང་?་ལས་པར་འགྱུར་རོ། །དེ་བས་ན་རྒྱུ་དེ་ལྟ་བུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད ་འགྲུབ་པར་འགྱུར་རོ། །འདིའི་ཕྱག་རྒྱ་ཐམས་ཅད་ཀྱང་རང་ཉིད་བཅིངས་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པས་ཕྱག་རྒྱ་ཐམས་ཅད་རང་ཉིད་ཀྱིས་རང་ཉིད་ལ་བཅིངས་ན་འདིའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ།། ་དམ་ཚིགས་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་དམིགས་པ་ལ་སོགས་པ་དམ་ཚིག་ལས་འདས་པར་བྱེད་པ་ནི་ཉེས་པ་དང་བཅས་པ་སྟེ། དེ་ཉེས་པ་དང་བཅས་སུ་ཟིན་ཀྱང། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱའི་བྱིན་གྱིས ་བརླབས་ཀྱིས་དམ་ཚིག་ཐམས་ཅད་བྱིན་གྱིས་བརླབས་པར་རྟོགས་པར་འགྱུར་ཏེ། དེ་ཡང་དམ་ཚིག་ཐམས་ཅད་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་སྒྲུབ་པ་པོའི་རྒྱུད་ལ་སོ་སོར་སྣང་བའི་སྦྱོར་བས་གནས་པར་འགྱུར་རོ་ཞེས་བྱ་བའི་དོན ་ཏོ། །མ་བསླབས་པར་ཡང་ཐམས་ཅད་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི། དེ་ནས་བསྟན་བཅོས་ལ་སོགས་པ་བསླབས་པར་ཡང་དེ་རྣམས་ཀྱིས་བྱིན་གྱིས་བརླབ་པར་མཛད་པའི་མཐུས་ཐམས་ཅད་ཤེས་པར་འགྱུར་རོ། །མཆོད་པ་ཐམས་ཅད་ནི་རྣ?་བ་བཅུ ་གཉིས་ཏེ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་མཆོད་པ་རྣམས་སོ། །དེ་ལ་སོགས་པ་གང་ཡིན་པའོ། །བྱ་བ་ཐམས་ཅད་ནི་བྱ་བ་གང་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ལ་སོགས་པ་འགྲུབ་པའི་ངོ་བོ་ཉིད་ཏེ། དེ་ལྟ་བུའི་བྱ་བ་ཐམས་ཅད་ཀྱང་འདི་ལ ་འགྲུབ་པར་འགྱུར་རོ། །མདོར་ན་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་ཆེར་བཤད་པ་བོར་ནས་ཐ་མལ་བའི་རྡོ་རྗེ་རིག་པ་འཛིན་པ་ལ་སོགས་པ་དང་དངོས་གྲུབ་ཀྱི་མཆོག་སྟོན་པར་མཛད་པ་ནི་མདོར་བསྡུས་པ་སྟེ། མདོར་བསྡུས་པ་དེས་མདོར་བསྡུས་པའོ།། ་ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ཏེ། བདག་ཉིད་ཀྱི་དངོས་པོ་གང་གིས་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་དེ་ཉིད་ཀྱི་རྡོ་རྗེ་རིག་པ་འཛིན་པ་ལ་སོགས་པ་དངོས་གྲུབ་ཀྱི་མཆོག་ཐོབ་པར་འགྱུར་རོ། །ཇི་ལྟར་བུ་ཞེ་ན། ཇི་ལྟར་མངོན་པར་འདོད་པ་ཞེས་བྱ་བ་གསུངས་ཏེ། དེའི ་འདོད་པ་ཇི་ལྟ་བུས་ཇི་ལྟ་བ་འདོད་པ་དེ་ལྟ་བུ་ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །མངོན་པར་འདོད་པའི་དངོས་གྲུབ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་འཐོབ་པར་འགྱུར་རོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་ཉིད ་ནི་དེ་བཞིན་གཤེགས་པ་ལྔ་པོ་ཉིད་དོ། །རྡོ་རྗེ་འཛིན་པ་ཉིད་ནི་རིགས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྒྱུ་གང་གིས་ཕྱིར་ན། ཇི་སྐད་དུ་བཤད་པའི་འབྲས་བུ་དཀྱིལ་འཁོར་དུ་འཇུག་པ་ཙམ་གྱི་སློབ་དཔོན་ལ་འབྱུང་བར་འགྱུར་ཞེ ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཧཱུཾ་གི་ངོ་བོ་ཉིད་དུ་འདི་སྙིང་ལ་ཞུགས་ཤིང་དོན་ཡོད་ལ་མི་བསླུ་བའི་ཕྱིར། ལས་ཐམས་ཅད་ལ་འབྲས་བུ་དང་བཅས་པའི་རྒྱུད་ན་བཀུག་ཅིང་སྤྱན་དྲངས་ཏེ། ་དེ་བས་ན་རྒྱུ་འདི་ཉིད་ཀྱིས་དཀྱིལ་འཁོར་དུ་ཞུགས་ཤིང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་སེམས་ཅན་གྱི་དོན་ཏེ། སྒྲུབ་པ་པོའི་རང་དགར་དབང་དུ་བྱས་ལ། དེའི་རང་བཞིན་དུ་བསྒོམ་པའི་སྦྱོར་བ་དང། རྗེས་སུ་མཉེས་པར་བྱས་ཏེ། དེའི ་ཕྱིར་བདག་ཉིད་སློབ་དཔོན་དུ་གྱུར་ནས་སློབ་དཔོན་དུ་འཇུག་ཅིང། སྒོ་སྲུངས་ནས་བརྩམས་ཏེ། དཀྱིལ་འཁོར་ཐམས་ཅད་བསྟན་པར་བྱ་ཞིང། དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པའི་རྣམ་པར་སེམས་རྩེ་གཅིག་པར་སློབ་དཔོན་བྱེད་པ་ལ་མཉེས ་བར་བྱེད་པའོ། །དཀྱིལ་འཁོར་གྱི་དངོས་གྲུབ་ཀྱང་དེ་ཉིད་ཀྱིས་བསྒྲུབས་ན་འགྲུབ་པར་འགྱུར་ཞིང་རྫོགས་པར་འགྱུར་བས་བཅོམ་ལྡན་འདས་དེ་ཡང་དེ་ལ་འགྲུབ་པར་འགྱུར་ཏེ། དེ་བས་ན་ཇི་སྐད་དུ་གསུངས་བའི་འབྲས་བུ་དཀྱིལ་འཁོར་དུ་འཇུག་པ་ཙམ་གྱི་སློབ ་དཔོན་ཀྱིས་འཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་པའི་རྗེས་ཐོགས་ཉིད་ལ་བསྡུ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ནས་བཅིངས་ལ ་དབང་དུ་བྱས་ཏེ། དང་པོར་མཆོད་ཡོན་ཕུལ་ལ། རྡོ་རྗེ་ཕྱག་རྒྱ་དང་དང་པོའི་རྡོ་རྗེའི་མཚན་ཉིད་ཅན་བཅིང་བ་དང་པོ་སྟེ། ཐོག་མར་བྱས་ལ་ཕྱག་རྒྱ་གཞན་དག་བཅིང་བ་དང། དཀྱིལ་འཁོར་དུ་འཇུག་པར་བྱས་ནས། ཧཱུཾ་ཟློས་ཤིང། རྡོ་རྗེ་ལྟ་བས་ལྟ་བཞིན་དུ་དཀྱིལ ་འཁོར་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་ལྟ་བ་ཡང་ཆགས་ཤིང་གདངས་པའི་མིང་དག་གིས། བུད་མེད་དག་ལ་བལྟས་ན་ནི། རྟག་ཏུ་དབང་དུ་འགྱུར་བ་སྟེ། རྡོ་རྗེ་ལྟ་བའི་མཚན་ཉིད་དོ། །རྡོ་རྗེ་བཅིང་བ་བསྟན་བྱས་ཏེ། མཛུབ་མོ་མཐེ་བོའི་མངལ་དུ་ནི། །གཡས་པ ་ཡི་ནི་མཐེ་བོའི་མཚན། །བཅུག་ལ་བསྐྱོད་ཅིང་བསྡམ་པར་བྱ། །ཞེས་བྱ་བ་འདི་ནི་ལྔ་པོའི་བསྡུས་པ་ཞེས་བྱ་བའི་ཕྱག་རྒྱའོ། །ལྔ་པོ་བསྡུས་པ་བཅིངས་ནས་ནི། །གུད་བསྒྲེད་སྲིན་ལག་ནང་དུ་གཞུག། མཐེ་བོ་མཐེའུ་ཆུང་བསྙམས་རྡོ་རྗེ?། །དེ་ནི་དང་པོའི་རྡོ་རྗེ་མཆོག་?་བྱང ་འདི་ནི་དང་པོའི་མཚན་ཉིད་དོ། །དེ་ནས་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱ་དང། བཟླས་བརྗོད་ལན་གཅིག་བྱས་ལ་ཕྱག་བྱ་ཞིང་ཞེས་བྱ་བ་ནི་དེ་ལྟ་བུའི་རྡོ་རྗེའི་ཕྱག་རྒྱ་དང་ཡི་གེ་ཧཱུཾ་བཟློས་ཤིང་དཀྱིལ་འཁོར་ཐམས་ཅད་རབ་ཏུ་ཇི་ལྟ་བ་བཞིན་བསྒྲུབས་ལ། ་རང་གི་ལྕེ་ལ་ཡི་གེ་ཧཱུཾ་ལས་གནོད་མཛེས་ཀྱི་རྡོ་རྗེ་བསམ་ལ། བཛྲ་ཛི་ཧྭ་ཞེས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་དང་བཅས་པར་བསམ་ལ། ལྷ་ཐམས་ཅད་ལས་ཀྱི་ཕྱག་རྒྱ་ཉེ་བར་བསྟན་ཏེ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ ་ཆེན་པོ་ཇི་སྐད་དུ་བཤད་པ་བཅིངས་ཤིང་བསྟན་ལ། ལྷག་མ་རྣམས་ཀྱིས་ཀྱང་ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པའི་ཡི་གེ་ཧཱུཾ་ཟློས་ཤིང་ཕྱག་རྒྱ་ཆེན་པོ་དེ་དག་ཉིད་ལ་ཉེ་བར་བསྟན་པར་བྱའོ། །དེ་ནས་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་ཐམས་ཅད་ཇི་ལྟ་བ་བཞིན ་དུ་དབང་བསྐུར་ནས་བུམ་པ་རྣམས་དང། ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ལ། དེའི་རྗེས་ཐོགས་ཉིད་དུ་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། དེ་དག་ཀྱང་འདིའིའོག་ནས་ཤེས་པར་བྱའོ། །གོས ་དམར་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཕྱག་བྱས་ནས། དཔལ་རྡོ་རྗེ་སེམས་པའི་སྦྱོར་བ་ཆེན་པོ་དང་ལྡན་པ་ལ་གོས་དམར་པོ་ལ་ཧཱུཾ་དམ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཟླས་པས་ཀྱང་དེ་སྟོང་གཡོགས་དང ་སྨད་གཡོགས་དང་ཟེའུ་ཁ་དང་གདོང་གཡོགས་བྱས་ལ། ཕྱག་བཞི་སྔོན་དུ་འགྲོ་བ་ལ་སོགས་པས་སྡོམ་པ་བཟུང་བ་དང། མེ་ཏོག་གི་ཕྲེང་བ་ཐོགས་ཤིང་གདོང་དྲི་ཞིམ་པས་བྱུག་པ་དང། རྡོ་རྗེ་ཐལ་མོས་རྡོ་རྗེ་གར་བྱེད་ཅིང་བསྐོར་བས་སྙིང་གར་མེ་ཏོག་ཐོགས ་ཏེ་བདག་ཉིད་འཇུག་པར་བྱའོ། །ཞེས་བྱ་བ་ནི་རྡོ་རྗེ་གར་ལས་ཧཱུཾ་བྱུང་བའི་རྡོ་རྗེ་ཐལ་མོས་མེ་ཏོག་བླངས་ལ། དེ་བསྐོར་ནས་སྙིང་གའི་ཕྱོགས་སུ་བཞག་སྟེ་བཛྲ་བཛྲ་ཧཱུཾ་ཞེས་འདོན་ཞིང་དཀྱིལ་འཁོར་དུ་འཇུག་བར་བྱའོ་ཞེས་བྱ་བའི་དོན་ཏེ་དེ་ལ་རྡོ་རྗེ་གར་ནི་འདི་ཡིན་ཏེ། ་ལག་པ་གཡས་པ་བ་དན་གསུམ་པ་བྱས་ལ། གཡོན་པ་ཡང་བ་དན་གསུམ་པ་ཉིད་དུ་བྱས་ལ་དེ་ལྟར་བ་དན་རྩེ་གསུམ་པའི་མཆོག་གི་བསྒྱིངས་པ་དང་བཅས་པས། ཐ་མ་ལ་སོགས་པ་ནས་དགྲོལ་བས་གློག་ལྟར་འདེགས་ཤིང་བསྐོར་གར་བྱེད་པ་འདི་ནི་རྡོ་རྗེ་སྐར་རོ།། ་ཞུགས་ནས་ཀྱང་ཡང་རྣམ་པར་སྒེག་པས་བསྐོར་བས་འདུས་ཅིང་ཞེས་བྱ་བ་ནི་ཇི་ལྟར་སྔར་རྡོ་རྗེ་སྒྲེག?་པས་ཕྱག་བྱ་བར་གསུངས་པ་དེ་བཞིན་དུ་འདིར་ཡང་བྱའོ་ཞེས་སྟོན་པ་ཡིན་ནོ། །སྙིང་པོ་ཡང་བཟླས་བརྗོད་བྱའོ་ཞེས་བྱ ་བ་ནི་ཧཱུཾ་བཟླས་ལ་ཕྱག་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ་དེ་བཞིན་དུ་འདུག་ནས་བསྒྲུབ་པ་བྱའོ། །ཞེས་བྱ་བ་ནི་དེ་ལྟར་ཕྱག་བྱས་བསྐོར་བ་ལན་གསུམ་བྱས་ལ། དེ་ཁོ་ན་ཉིད་བརྗོད་དེ་མེ་ཏོག་དོར་ནས ་སླར་བླངས་ལ། རང་གི་མགོ་ལ་བཅིངས་ཏེ། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ལ་ཡི་གེ་ཧཱུཾ་འདོན་ཅིང་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱས? ་པས་བདག་ཉིད་སྟོན་པར་མཛད་པ་འམ། སྨིན་མ་བསྐྱོད་པ་འམ། ལུས་ཐམས་ཅད་དམ་ཡན་ལག་ཐམས་ཅད་ཅེས་བྱ་བ་ནི་གལ་ཏེ་ཞིག་ན་སྐུ་ཐམས་ཅད་ཀྱང་བསྐྱོད་བར་འགྱུར་བ་འམ། སྐུའི་ཕྱོགས་གཅིག་བསྐྱོད་པར་འགྱུར་བའོ། །ཁ་དོག་དམར་པོར ་འགྱུར་རོ། །ཞེས་བྱ་བ་ནི་སྐུ་ཐམས་ཅད་དམ། ཞལ་ཙམ་དམར་པོར་འགྱུར་བའོ། །འོད་ཟེར་གྱི་རང་བཞིན་ཞལ་ལམ་སྐུ་ཐམས་ཅད་སྟོན་པར་འགྱུར་རོ། །ཆོ་འཕྲུལ་དཔག་ཏུ་མེད་པ་ཡང་སྟོན་པར་འགྱུར་རོ་ཞེས་བྱ་བ་འདི་ནི་མཚན་མོའོ། །འདི་ཉིད་ནི ་ཉིན་མོའོ། །ཞེས་བྱེ་བྲག་ཤེས་པར་མི་འགྱུར་བར་འོད་ཟེར་གྱིས་བཀུག་ནས་འཁྲིགས་པ་དང། གང་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཆོ་འབྲུལ་བརྒྱ་རྩ་བརྒྱད་ཀྱི་རྣམ་པ་གང་ཡིན་པ་དེ་དག་ཀྱང་སྟོན་པར་འགྱུར་རོ། །བདག་ཉིད་མཐོང་བ་སྩོལ་ཅིང་དངོས་གྲུབ ་མཆོག་ཀྱང་སྩོལ་བར་འགྱུར་རོ། །ཞེས་བྱ་བ་ནི་རང་རང་གི་གཟུགས་ཉིད་མཐོང་བ་སྩོལ་བ་དང། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཀྱི་དངོས་གྲུབ་མཆོག་སློབ་དཔོན་ལ་སྩོལ་བར་འགྱུར་རོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་དེ་ནས་བཟུང་ནས་སོ།། ་ཉིན་རེ་ཞིང་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ། །ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་རྣམས་དང། འཇིག་རྟེན་པ་རྣམས་ཀྱང་ཉིན་རེ་ཞིང་སློབ་དཔོན་ལ་འབྱུང་བར་འགྱུར་བའོ། །གང་དུ་ཞུགས་པ་ཙམ་གྱིས་མི་ཚུགས་པ་དང། མི ་གསོད་པར་འགྱུར་རོ། །ཞེས་བྱ་བ་ནི་དེར་རང་ཉིད་ཞུགས་པའོ་ཞེས་སྔ་མ་བཞིན་དུ་རྒྱུ་དང་སྦྱར་ཏེ། གང་ཞིག་དཀྱིལ་འཁོར་འདི་ལ་ཞུགས་བཙམ་གྱིས་མི་ཚུགས་པར་འགྱུར་བ་འདི་ནི། གང་བདུད་ལ་སོགས་པས་ཟིལ་གྱིས་གནོན་ཅིང་ཚུགས་པར་མི་འགྱུར་བ་དང། དེ་ཉིད ་ཀྱིས་ཀྱང་མི་གསོད་པ་སྟེ། བསད་པར་མི་ནུས་པའོ། །དངོས་པོ་ཐམས་ཅད་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་རྫོགས་པའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་བྱ་བ་ནི། དེ་དག་ཉིད་ཀྱི་འབྱོར་པའོ། །ཡེ་ཤེས་ཐམས་ཅད་དང་ཞེས་བྱ་བ་ནི། དཔལ ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་དང། བྱང་ཆུབ་ཀྱི་སེམས་རྫོགས་པར་འགྱུར་བ་ལ་སོགས་པའོ། །བྱ་བ་ཐམས་ཅད་ནི་སངས་རྒྱས་ཀྱི་སྦྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཚུལ་ཏེ། དེ་དག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སློབ་དཔོན་ལ་བསྒྲུབ་པར་མཛད ་ཅིང་རྫོགས་པར་མཛད་དོ། །དེར་དེ་ལྟ་བུའི་འབྲས་བུ་ཐོབ་པར་འདོད་པའི་སློབ་དཔོན་གྱིས་རང་ཉིད་འཇུག་པར་བྱའོ། །དེ་ནས་ཡང་དག་པར་མཆོད་ལ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་རབ་ཏུ་བ་སྒྲུབ་པར་མཛད་པ། བཅོམ་ལྡན་འདས་གསང་བའི་མཆོད་པ་བཞིས་ཡང་དག་པར ་མཆོད་ཅིང། བླུ་དང་རོལ་མོས་ཀྱང་མཆོད་དེ་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས། ཆུའི་དབང་བསྐུར་བ། བཅོམ་ལྡན་འདས་ལས་རྡོ་རྗེ་ཐལ་མོ་བསྐོར་བས། བཅོམ་ལྡན་འདས་ལས་ཕྱག་བྱས་ལ་བླང་བར་བྱའོ། །རྡོ་རྗེ་མིང་གིས་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པ ་ལ་དེ་ལྟ་བུའི་དབང་བསྐུར་བ་བླངས་ནས། ཡང་ཕྱག་རྒྱ་དང་ཅོད་པན་དང། དང་དབྱངས་དང། རྡོ་རྗེ་དང་དྲིལ་བུ་དར་བཅས་པའི་དང་པོའི་རྡོ་རྗེའི་དབང་བསྐུར་བ་བླངས་ལ། ཡི་གེ་ཧཱུཾ་ཉིད་ཟློས་ཤིང་མིང་གི་དབང་བསྐུར་བས་སློབ་དཔོན་བདག་ཉིད་དབང་བསྐུར་བར་བྱའོ། །ལྷག་མ ་རྣམས་ནི་གོ་བར་ཟད་དོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྒྲུབ་པ་པོ་རང་ཉིད་ལ་དབང་བསྐུར་བ་སྩོལ་བར་མཛད་པ་དེའི་ཚེ། སྐད་ཅིག་དེ་ཉིད་ལ་སྒྲུབ་པ་པོས། དཔལ་རྡོ་རྗེ་སེམས་མ་ལ ་སོགས་པའི་དངོས་གྲུབ་མཆོག་རྣམས་མ་བསམ་བཞིན་དུ་ཐོབ་པར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདག་ཉིད་མཐོང་བ་མ་སྩལ་བ་དེའི་ཚེ་སྒྲུབ་པ་པོས་ཇི་སྐད་བཤད་པའི་དབང་བསྐུར་བ་རང་ཉིད་ཀྱིས་བླང་བར་བྱ་སྟེ། དེའི་ཚེ་ལོ ་ཕྱེད་ཀྱི་བདུད་རྒྱུན་མི་འཆད་པར་བསྒྲུབ་པ་དང་ལྡན་པའི་སྒྲུབ་པ་པོས་ཡིད་ལ་འདོད་པའི་དངོས་གྲུབ་མཆོག་འགྲུབ་པར་འགྱུར་རོ། །དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི་དེ་ནས་གཟེངས་བསྟོད་པས་སོ། །དེ་ནས་ཐམས་ཅད་ཅེས་བྱ་བ་ལ ་སོགས་པ་ལ་གང་འོག་ནས་བཤད་པའི་མིང་གི་དབང་བསྐུར་བ་དེས་དབང་བསྐུར་བ་དེ་ནི། འདིར་རྡོ་རྗེ་མིང་གི་དབང་བསྐུར་བ་གཉིས་པ་སྟེ། རྡོ་རྗེ་མིང་གི་དབང་བསྐུར་བ་དེ་འོག་ནས་བཤད་པའི་ཚུལ་གྱིས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བྱིན་གྱིས་བརླབ་པ་ལ ་སོགས་པ་བྱས་ལ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ལུང་བསྟན་པའི་མཐར་ཐུག་པའི་བར་གྱི་འཇུག་པ་ལ་སོགས་པའི་ཆོ་ག་བྱས་ལ། བདག་ལ་བྱིན་གྱིས་བརླབ་པ་བྱ་སྟེ། འོག་ནས་བཤད་པའི་མཚན་ཉིད་ཅན་གྱིས་ཇི་ལྟར་མངོན་པར་འདོད་པའི་ཆོ་གས་རྡོ་རྗེ ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བསྒྲུབ་པ་བྱས་ལ་དཀྱིལ་འཁོར་ཆེན་པོ་ལས་བྱུང་བར་བྱའོ། །དཀྱིལ་འཁོར་ཆེན་པོའི་གསང་བ་བསྒྲུབ་པ་ལན་གཅིག་བྱའོ། །ཞེས་བྱ་བ་ནི་གང་དཀྱིལ་འཁོར་ཆེན་པོ་འདི་བཤད་མ་ཐག་པའི་གསང་བ་བསྒྲུབ་པའི་དེ་ཉིད་སློབ ་དཔོན་གྱིས་ལན་ཅིག་སྟེ་ཐང་ཅིག་བྱའི་ཡང་ནས་ཡང་དུ་ངལ་བསོ་ཞིང་བྱ་བ་ཡང་མ་ཡིན་ལ། ཉིན་ཞག་བཞི་ལྔ་འམ། ཟླ་བ་ཙམ་གྱིས་བྱ་བ་ཡང་མ་ཡིན་གྱི། གཞན་དུ་སྟན་གཅིག་ལ་འདུག་པའི་ཚེ། མཚན་མ་བྱུང་བའི་མཐར་ཐུག་པའི་བར་དུ་བྱའོ་ཞེས་སྟོན་ཏོ། །དེ་ནས ་སློབ་མ་གཞུག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་སློབ་མ་གཞུག་པར་འདོད་ན་སྔ་མ་བཞིན་དུ་སྡོམ་པ་བཟུང་བའི་བར་གྱི་ཆོ་ག་བྱས་ལ། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་བསྡུས་པ་བཅིངས་ལ་སྔ་མ་བཞིན་དུ་སློབ་དཔོན་ཞུགས་ནས་དེ་བཞིན་དུ་རྡོ་རྗེ ་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས་ཕྱག་བྱས་ཏེ། ཧཱུཾ་གི་ངོ་བོ་ཉིད་ཀྱི་སྙིང་པོས་སྙིང་པོ་དེ་ཉིད་ཅི་འདོད་བར་ཟློས་པའི་སློབ་དཔོན་གྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབ་པར་བྱའོ། །ཇི་ལྟར་བཅོམ་ལྡན་འདས་སློབ་དཔོན་གྱིས་བསྒྲུབ་པར་བྱ་ཞེ་ན། ཕྱག་རྒྱ ་ཆེན་པོས་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ལ་སྙིང་པོ་འདོན་ཅིང་བསྒྲུབ་པར་བྱའོ། །དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ནི་མ་ཡིན་ནོ། །མཚན་མ་དེ་ཉིད་འབྱུང་སྟེ་ཞེས་བྱ་བ་ནི་གང་རྡོ་རྗེ་ཐལ་མོ་བསྐོར་བས་འཇུག་པ་ལ་བསྟན་ལ་ནི་འདིར ་ཡང་འབྱུང་ངོ། །ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་དངོས་གྲུབ་རྣམས་ལ་བཅོམ་ལྡན་འདས་མཚན་མའི་དངོས་པོ་བསྐྱེད་པར་མཛད་པ་སྟེ། དེ་བས་ན་རིགས་ཐམས་ཅད ་ཀྱིས་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་བའོ། །བཞུགས་པ་འདིས་ཀྱང་ཞེས་བྱ་བ་ནི་ལྔ་པོ་བསྡུས་པའི་འཇུག་པས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་དང་པོའི་འཇུག་པས་དབང་བསྐུར་བ་ཐམས་ཅད་ཐོབ་པ་འམ། རྡོ་རྗེ་འཛིན་པ་ཉིད་ཀྱི་བར་དུ་ཐོབ་པ་སྟེ། དེ་ལྟར ་ན་འདིས་ཀྱང་དབང་བསྐུར་བ་ཐམས་ཅད་ཐོབ་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་བླང་བ་ལ་སོགས་པ་བྱས་ནས་ཞེས་བྱ་བ་ནི། ཇི་ལྟར་དང་པོའི་འཇུག་པ་ན། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཆུའི་དབང ་བསྐུར་བ་དང། ཕྱག་རྒྱ་དང་ཙད་པན་དང། དར་དབྱངས་དང། རྡོ་རྗེ་དང་བདག་པོ་དང་མིང་དང་ལུང་བསྟན་པ་རྣམས་བླངས་ལ། སློབ་མ་གཞུག་པའི་ཕྱིར་རྗེས་སུ་གནང་བ་མནོས་ལ་སློབ་མ་གཞུག་པར་བྱའོ། །རྡོ་རྗེ་སློབ་མ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔར་བྱས ་པའི་སློབ་མ་དེ་རྣམས་ལ། འདི་ལྟར་རྡོ་རྗེ་སློབ་དཔོན་གྱིས་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཐམས་ཅད་སློབ་དཔོན་ཉིད་ཀྱིས་བྱའོ། །ཕྱག་རྒྱ་བཅིང་བ་ཡང་བསླབ་པར་བྱའོ་ཞེས་བྱ་བ་ནི་གང་གིས་ལྷ་གང་ཞིག་བཟུང་བ་དེ་ལྷའི ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་བསླབ་པར་བྱའོ། །སེམས་ཅན་གང་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རིགས་ལ་མོས་པ་དེ་རྣམས་ལ་ཡང་དཀྱིལ ་འཁོར་འདི་ཉིད་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཐམས་ཅད་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་དུ་ཁྱད་པར་གྱི་?་རྒྱས་པར ་འབྱུང་བ་དེ་བཞིན་དུ་འདིར་ཡང་བྱ་བ་སྟེ། གཞན་དག་བའི་ནི་དེ་རྣམས་ཀྱི་ཡིད་ལ་ཅི་འདོད་པའི་དངོས་གྲུབ་འགྲུབ་པར་མི་འགྱུར་ཏེ། ཁྱད་པར་གྱི་ཆོ་གའི་ནུས་པ་ལ་དག་ལས་པའི་ཕྱིར་རོ། །དེ་ནས་ལྷ་གཞན་དག་ལ་དད་པ་རྣམས་དང་ཞེས་བྱ་བ་སོགས་པ ་ལ། ལྷ་ཆེན་པོ་ལ་སོགས་པ་རྣམས་ལ་དད་པ་ཡར་དཀྱིལ་འཁོར་འདི་ཉིད་དུ་ཞི་བའི་མདུད་གིས་མཚན་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བྱའོ། །དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་ཞི་བའི་མདུད་གིས་མཚན་པའི ་དཀྱིལ་འཁོར་དུ་འཇུག་པའི་མདུད་གིས་མཚན་པ་ལས་གསུངས་བའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བ་དེ་བཞིན་དུ། འདིར་ཡང་དེ་ལས་གསུངས་པའི་?་པའི་?་གའི་སྟོབས་ཀྱིས་འགྲུབ་པར་འགྱུར་རོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར ་སློབ་མ་གཞུག་པ་ལ་སོགས་པ་བྱས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོ་ག་གང་དང་གང་གིས་ཞུགས་པ་དེ་རྣམས་ནི་ཇི་ལྟར་ཞུགས་པ་རྣམས་སོ། །ཟས་དང་རོའི་བཅུད་དང་གནས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཡང་དག་པར་ཚིམ་པར་བྱས་ལ་ཞེས་ ་བྱ་བ་ནི། ཟས་ཐམས་ཅད་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་ཇི་ལྟར་གྲགས་པ་རྣམས་སོ། །རོ་ཐམས་ཅད་ཅེས་བྱ་བ་ནི། ཥ་ཊ་ལ་སོགས་པ་དྲུག་གོ། གནས་པ་ནི་གར་གྱི་བསྟན་བཅོས་ལས་བཤད་པ་དང། གནས་པ་དང། འདུག་པ་དང། འཆག་པ་དང། ཉལ་བ་དང། རྒྱུད ་ལས་བཤད་པའི་གནས་པ་རང་གི་ལྟའི་ངོ་བོ་ཉིད་དུ་གསལ་བའི་ཡིད་ཀྱིས་འདུག་པ་སྟེ། དེ་ལྟར་ཟད་དང་པོ་དང་གནས་པ་ཐམས་ཅད་དེ། དེ་དག་ཐམས་ཅད་ཀྱི་སློབ་མ་ཐམས་ཅད་ཅི་འདོད་པར་ཚིམ་པར་བྱས་ལ། རྡོ་རྗེ་གར་དང། མཆོད་པ་ལ་སོགས་པ་སློབ་དཔོན་གྱིས་བྱ ་སྟེ། སློབ་དཔོན་སློབ་མ་དང་བཅས་པས་དཀྱིལ་འཁོར་ཆེན་པོ་མཆོད་པར་བྱ་བའི་ཕྱིར། བྱ་བ་འདི་ནི་འདི་ཉིད་ཀྱི་འོག་ནས་ཤེས་པར་བྱའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་གར་དང་མཆོད་པ་བྱས་ནས། ཅི་ནུས་པའི་ཚུལ་གྱིས་ཟས་དང་སྐོམ་ལ་སོགས་པའི ་ལོངས་སྤྱོད་དང་ལྡན་པར་བྱའོ། །དེ་བཞིན་དུ་བཟླས?་བརྗོད་ཀྱང་བྱས་ལ། ཇི་སྐད་ཅེས་པའི་གར་དང་གླུ་དང་དགོད་པ་ལ་སོགས་པས་མཆོད་པ་ཇི་ལྟ་བ་བཞིན་བྱའོ། །དེ་ལ་འདིར་ནི་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་ནི། བྱ་བའི་རྒྱུད ་ལ་སོགས་པ་གཞན་དག་ལ་བཤད་པ་ལྟར། སྣོད་དང་སྣོད་མ་ཡིན་པ་རྟག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ནི་གང་གི་ཕྱིར་ཕྱག ་རྒྱ་རྣམས་ཀྱིས་རང་གི་གཟུགས་?་དུ་རྒྱས་བཏབ་པས་འདི་དག་ནི་བདེ་བ་ཆེན་པོའི་དམ་ཚིག་ཡིན་པའི་ཕྱིར་རོ། །འདིར་བདེ་བ་ཆེན་པོ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། དེ་ཉིད་ནི་རྡོ་རྗེའོ། །དེ་ལས་བྱུང་བའི་དཀྱིལ་འཁོར་གྱི་ཚུལ་ལ་སོགས་པ་ནི་དམ་ཚིག ་གོ། ཇི་ལྟར་ཡང་འདི་བདེ་བ་ཆེན་པོའི་དམ་ཚིག་བ་རྡོ་རྗེ་ཡིན་ཞིང། ཕྱག་རྒྱ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ཡིན་ཞེ་ན། འདོད་པའི་བསམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ནི་གནས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས ་པའི་མངོན་སུམ་དུ་བྱ་བར་མངོན་པར་འདོད་པ་ནི་བསམ་པའོ། །དེ་ཡོངས་སུ་རྫོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་སུམ་དུ་བྱས་པའོ། །དེ་ཉིད་གྲུབ་ཅིང་རྫོགས་པ་ནི་རྡོ་རྗེའི་སྦྱོར་བའོ། །རྡོ་རྗེའི་སྦྱོར་བ་དེས་ནི་རྡོ་རྗེ་ཆོས་མཉམ ་པ་ཉིད་ཀྱི་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནི་རྡོ་རྗེ་ཆོས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ་རྡོ་རྗེ་ཆོས་ཀྱི་མཉམ་པ་ཉིད་དེ་རྒྱུར་གྱུར་པའི་ཕྱག་རྒྱས་སེམས་ཅན་གྱི་ཁམས་ཐམས་ཅད་རྒྱས་བཏབ་པ་འདི་ནི་བདེ་བ་ཆེན་པོའི་རྡོའི ་སྦྱོར་བ་ཡོན་ཏེ། དེ་བས་ན་དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཕྱིར་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པས་ནི་རང་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན་ཉིད་བཅུ ་ཁོང་དུ་ཆུད་པར་འགྱུར་ལ། དེ་ཁོང་དུ་ཆུད་པས་ཇི་ལྟར་ཞུགས་པའི་སེམས་ཅན་གྱི་ཁམས་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་ཏེ། དེ་བས་ན་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ ་བརྟག་པར་མི་བྱའོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཆེན་པོའི་ཞེས་བྱ་བའི་བར་གྱི་བཤད་པས་སློབ་དཔོན་གྱི་ལས་གྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ ་ཡིན་ནོ། །གཞན་ཡང་དེ་དག་ཉིད་གསལ་བར་བྱ་བའི་ཕྱིར། ཆོ་ག་ཐམས་ཅད་བཤད་པར་བྱ་སྟེ། དེ་ལ་དང་པོ་ཁོ་ན་སློབ་དཔོན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་བྱིན་གྱིས་བརློབ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང། དམ་ཚིག་ཐོབ་པ་དེ་ལས་གསུངས ་པའི་དམ་ཚིག་ཡོངས་སུ་སྐྱོང་བས། སེམས་ཅན་ཡོངས་སུ་དག་པ་གསང་བའི་ཆོ་ག་ཐམས་ཅད་ཀྱི་བྱ་བ་ཤེས་པ་དཔའ་བ་བརྟན་པ། ས?་བ་དང་ལྡན་པ། དུལ་བ་འདུལ་བའི་ཀུན་ཏུ་སྦྱོད་བ་དང་དན་པ་ལ་གནས་པ་དད་པ་དང་ལྡན་པ། ཆོས་ཐབ་མོ་ལ་ལྷག་པར་མོས་པ ་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོང་བའི་བློ་དང་ལྡན་པ། ལུས་དང་སྲོག་ལ་བལྟོས་པ་མེད་པ་དང། བཅོམ་ལྡན་འདས་ཡོངས་སུ་མཉེས་བར་བྱེད་དོ། །དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ་ལ་ལྷག་པར་མོས་པས་ནང་གི་ཁྲུས་བྱས་ལ། ཆུའི་ཁྲུས་དོན་དུ་གཉེར་བ་དང ་ལྡན་པ་རྣམས་ཀྱིས་ཀྱང་ཁྲུས་ཀྱི་ཆོ་ག་འམ། རང་ཉིད་ཇི་ལྟར་དགའ་བས་ཆུའི་ཁྲུས་བྱའོ། །དེ་ནས་ལྷའི་ཁང་པ་དང་ཉེ་བར་ཕྱིན་པ་དང། དེ་རྐང་པ་གཉིས་བཀྲུས་ལ་ཉེ་རེག་བྱས་ནས། ཧཱུཾ་ཕཊ་ཅེས་བྱ་བ་ཁྲོ་བོའི་སྙིང་པོ་ལན་བརྒྱ་སྟོང་ཟློས་ཏེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གཡོན ་ཕྱོགས་སུ་བསྐོར་བས་བགེགས་ཐམས་ཅད་བསལ་ལ། ལྷའི་ཁང་པར་འཇུག་པར་བྱའོ། །དེ་ནས་རྡོ་རྗེ་རྩེ་མོའི་སྔགས་ཡོངས་སུ་བཟླས་པའི་སྤོས་ཆུས་སྟན་དང་ལྷའི་ཁང་པ་གསང་གཏོར་བྱས་ལ། ས་མ་ཡ་སྟཝཾ་ཞེས་བརྗོད་ལ་འདུག་པར་བྱའོ། །དེ་ནས་ཡང་ལྐོག་མའི་ཕྱོགས ་སུ་ཡི་གེ་ཧྲཾ་ལས་པདྨ་འདབ་མ་བརྒྱད་པ་ལྕེའི་པདྨའི་འདབ་མ་ལ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ། བཛྲ་ཛཱི་ཧྭ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །ལག་པ་གཉིས་སུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་བསམ་ལ། དེའི་སྟེང་དུ་ཧཱུཾ་གཉིས་ལ་རྡོ་རྗེ་རྩེ་ལྔ ་པ་གཉིས་བསམ། ལག་པའི་རྩེ་མོ་ཡང་ཧཱུཾ་ཉིད་ལས་རྡོ་རྗེ་རྩེ་གཅིག་པའི་གཟུགས་སུ་རྣམ་པར་བསམ་ལ། ཧཱུཾ་ལས་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་སྤྲུལ་ཏེ། ཨོཾ་གྲིཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ་ཞེས་བརྗོད་ལ། ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ ་ནད་བཅིངས་ནས། །ཡིད་ཀྱིས་ཁྲོས་ནས་བདག་བྱ་བ། །རྡོ་རྗེ་མཐེ་བོ་དམ་པོ་སྟེ། །ཁྲོ་བོ་ཏི་རིན་ཏི་རིར་བཤད། །ོཾ་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ། ཨ་བྷི་ཥིཉྩ་མཾ། ཞེས་བྱ་བ་དང། ཏི་རིན་ཏི་རིའི་ཕྱག་རྒྱས་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བླད་བར་བྱའོ།། །།རྡོ་རྗེ་བསྡམས ་པ་བཅིངས་ལ་མཐེ་བོ་གཉིས་བསྙམས་པའི་ཁུ་ཚུར་སྤྱི་བོར་གཞག་པ་འདི་ནི་རྡོ་རྗེ་ཏི་རིན་ཏི་རི་ཏེ། འདིས་སྤྱི་བོ་ནས་བརྩམས་ཏེ། ཕྱོགས་བཞིར་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཚུལ་བྱས་ལ། ཡང་ཕྱག་རྒྱ་འདི་ཉིད་དཔྲལ་བའི་ཕྱོགས་སུ་བཞག་ནས་གཉིས་སུ་བྱས་ཏེ ་དར་དབྱངས་བཅིང་བའི་ཚུལ་ཇི་ལྟ་བ་བཞིན་དུ་བྱས་ཏེ། མཉམ་པའི་ཐལ་མོས་ལྷ་རྣམས་མཉེས་པར་བྱའོ། །བཛྲ་ཏུ་ཥའཡ་ཧོ། །ཡང་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བརྗོད་དེ། རྡོ་རྗེ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བཅས་ལ། གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་གའི ་ཕྱོགས་སུ་བཞག་ནས། གཡས་རྡོ་རྗེ་གསོར་ཞིང་བགེགས་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་བ་ཙམ་ཐ་བྷཱཉྫ་ར་ཎ་ཧཱུཾ་ཕཊ་ཅེས་བྱ་བ་དང། རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བགེགས་ཐམས་ཅད་བསྐྲད་པ་དང། སྲེག ་པ་དང། འཚེད་པ་དང། བཅིང་བ་ལ་སོགས་པ་བྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། སོར་མོ་རྣམས་ནང་དུ་འབར་བ་ལྟ་བུར་བྱས་ལ་།མཐེ་བོ་རྡོ་རྗེ་བསྒྲེང་བ་འདི་ནི་།ཁྲོ་བོ་ཏི་རིན་ཏི་རི་ཞེས་བྱ་བ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་བརྐྱང་སྟེ། བསྡམས་པ་ས་ལ་བཞག་སྟེ། བཛྲ་ནཻ་ཏྲི་བནདྷ་སརྦ་བིགྷྣ་ནཾ་ཞེས་བྱ་བས་བགེགས་ཐམས་ཅད་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བརྐྱང་ལ་ས་ལ་རེག་པར་བྱས་པ་དང། ཨོཾ་བཛྲ་དྲི་ཌོ་མེ་བྷ་བ་རཀྵ་སརྦཾ་ཞེས་བྱ་པས་ས ་འོག་བཙིར་བར་བྱའོ། །རྡོ་རྗེ་འཇིགས་བྱེད་སྤྱན་གྱིས་ནམ་མཁའ་བཅིང་བར་བྱ་སྟེ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། དེ་ལ་འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ནས། མགོ་པོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུ་ལྟར་བཞག་པ་འདི ་ནི་རྡོ་རྗེ་འཇིགས?་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་གནོད་སྦྱིན་གྱིས་རྡོ་རྗེ་འཇིགས་བྱེད་སྤྱན་གྱིས་སྟེང་དུ་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱང་སྟེ། མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱས་ཏེ། ཁར་བཞག་པ་འདི་ནི་རྡོ་རྗེ ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་ཏོར་ཕྱག་རྒྱ་དང་ལྡན་པས་ཤར་ཕྱོགས་ཅིང་བར་བྱ་སྟེ། ཨོཾ་ཏྲུཾ་བནདྷ་ཧཾ་ཞེས་བྱ་བ་འམ། ཏྲུཾ་ཞེས་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་ཆུང་ལུ་གུ་རྒྱུད་དུ་སྒྲེལ་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ཏེ། བཟློག་ནས་སྤྱི་བོར་བཞག ་པ་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་ཞགས་པས་དེ་ཉིད་བཅིང་བར་བྱ་སྟེ་།ཧཱུཾ་བཛྲ་བཱ་ཤ་ཧྲི་།རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མར་མདུང་པ་བྱས་པ་འདི་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ་།ོཾ་བཛྲ་པཱ་ཏང་ཀེ་པཱ་ཏང ་ཀེ་ནིར་ཊཏ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་བྱས་ཏེ། མཛུབ་མོ་གཉིས་མཉམ་པོར་ཕྱེ་ལ། མཐེ་ཆུང་གཉིས་བདན་ལྟར་ཕྱེ་བ་འདི་ནི་རྡོ་རྗེ་བ་དན་གྱི་ཕྱག་རྒྱའོ། །རྡོ་རྗེ་ནག་མོས་བྱང་ཕྱོགས་བཅིང་པར་བྱ་སྟེ། ཧྲི་བཛྲ་ཀཱ་ལི་རུཊ་མཊ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ ་སྙིང་གར་བརྟན་པར་བཞག་པ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །རྡོ་རྗེ་རྩེ་མོས་ལྷོ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཤི་ཁ། ར་རུ་?་མ་ཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱིས་དཀྱིལ་འཁོར་བཅིང་བ་བྱས ་ལ་རབ་བྱ་སྟེ། ཧཱུཾ་བཛྲ་ཀརྨ། ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་ནང་དུ་རབ་བྱས་ཏེ། ཧཱུཾ་རྡོ་རྗེ་ཁུ་ཚུར་གཉིས་བཅིང་ལ། མཁྲིག་མ་གཉིས་སྣོལ་ཏེ། མཐེ་ཆུད་གཉིས་ལྕགས་ཀྱུར་སྤྲེལ་ལ། ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཛུབ་མོ་གཉིས་སྡིགས་མཛུབ་དུ་བསྒྲེང་བ་འདི? ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ། །འདི་ཉིད་ལས་གུང་མོ་དང་མཛུབ་མོ་གཉིས་རྡོ་རྗེར་བྱ་བ་ནི། རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དང་བཛྲ་བནདྷ་བཾ་ཞེས་བྱ་བས་རྡོ་རྗེའི་དྲ་བ་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྤོས་ཆུའི་སྣོད་ལྷའི་ཁང་བའི་སྒོར་བསང ་གཏོར་བྱ་བའི་ཕྱིར་བཞག་ལ། རྡོ་རྗེ་མེའི་སྔགས་བཟླས་པའི་སྨོས་ཆུ་མཆོད་པའི་ཡན་ལག་ཐམས་ཅད་བསང་གཏོར་བྱ་བ་དང། རྡོ་རྗེ་མེ་ལྟར་འབར་བ་ཕྱག་རྒྱ་དང་བཅས་པ་ཡང་བཟླས་པར་བྱའོ། །དེ་ནས་བཛྲ་བུཥཔེ་ཧཱུཾ་ཞེས་བྱ་བ་དང། མེ་ཏོག་གི་ཕྱག་རྒྱས་མེ་ཏོག ་བྱིན་གྱིས་བརླབ། ཨོཾ་བཛྲ་གནདྷེ་ཞེས་བྱ་བ་དང། དྲིའི་ཕྱག་རྒྱས་དྲི། ཨོཾ་བཛྲ་དྷཱུ?་པེ་ཧཱུཾ་ཞེས་བྱ་བ་དང། རྡོ་རྗེ་བདུག་པའི་ཕྱག་རྒྱས་བདུག་པ། ཨོཾ་ཨ་ཀཱ་རོ་མུ་ཁོཾ?་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏཔནྣ་ཏྭའ་ཏ་ཅེས་བྱ་བ་དང། རལ་གྲིའི་ཕྱག་རྒྱས་ལྷ་བཤོས་ཏེ། རྡོ་རྗེ་བསྡམས་པས་རལ་གྲི ་འདེབས་པ་ལྟར་བྱེད་པ་ནི་རལ་གྲིའི་ཕྱག་རྒྱའོ། །ཧཱུཾ་བཛྲ་ཨཱ་ལ་ཀེ་ཧཱུཾ་ཞེས་བྱ་བ་དང། མར་མེའི་ཕྱག་རྒྱས་ནི་མར་མེ་ལའོ། །ཧཱུཾ་ཞེས་བྱ་མ་དང། ཏིལ་དང། ནས་དང། ཀུ་ཤ་དང། མེ་ཏོག་དཀར་པོ་དང། འབྲས་ཡོས་དང། ཙན་དན་དཀར་པོའི་དུད ་ཆོས་ལ་སོགས་པའི་སྣོད་གཙང་མའི་ནང་དུ་བཞག་སྟེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་རྒྱས་ལན་གསུམ་འམ་བདུན་ནས་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ལ། དེ་དག་ཐམས་ཅད་བཞག་པར་བྱའོ། །མཆོད་རྟེན་ཐམས་ཅད་དགུག་པ ་དང། །བདག་ལ་བྱིན་བརླབས་སོགས་བསྒྲུབས་པས། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། ལུགས་མ་འམ་ཡང་ན་བརྐོས་པ་འམ། །བྱས་པ་འམ་ནི་བྲིས་པ་ཡི། །དང་པོའི་འཁོར་ལོ་བཞག་ནས་མི། དེ་ནི་སླར་ཡང་རབ་ཏུ་བསྒྲུབ།། ་ཡི་གེ་ཧཱུཾ་འདོན་ཅིང་དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བརྗོད་དེ། ས་ལ་བཞག་ནས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། དེ་ཉིད་ཁང་བཞག་ན་དཀྱིལ་འཁོར་དེར་རབ་ཏུ་གནས་པར་འགྱུར་རོ། །དེ་ནས་གལ་ཏེ་?་ན ་མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་ཡ་བཱཀྩིཏྟ?་པྲ་ཎ་མེ་ན་བཛྲ་བནདྷ་ནཾ་ཀ་རོ་མི་ཞེས་བྱ་བ་དང། ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་ལྔ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་ཕྱག་བྱའོ། །ཡང ་ཤར་ཕྱོགས་ནས་ནུབ་ཏུ་བལྟས་ཏེ། སྔགས་འདི་དང་རྡོ་རྗེ་ཐལ་མོ་བརྒྱད་ནས་ལུས་ཐམས་ཅད་ཀྱི་ཕྱག་བྱའོ། །ོཾ་སརྦ་ཏཐཱ་ཀ་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ། ཨཱཏྨ་ནཾ་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲས་ཏྭ་ཨ་དྷི་ཏིཥཐ་སྭ་མཾ། དེ་ནས་དེ་བཞིན་དུ་གནས་པ་ལས། རྡོ ་རྗེ་ཐལ་མོ་སྙིང་གའི་ཕྱོགས་སུ་བཞག་ལ། ལྷོ་ཕྱོགས་ནས་བྱང་དུ་ཁ་བལྟས?་ཏེ། སྔགས་འདི་དང་འབྲལ་བ་ས་ལ་རེག་པས་ཕྱག་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཤེ་ཀཱ་ཡ། ཨཱཏྨ་ནཱི་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་ཨ་བྷི་ཡི་རྩེ་མོ། དེ་ནས་དེ་བཞིན་དུ ་གནས་པ་ལས། རྡོ་རྗེ་ཁུ་ཚུར་སྤྱི་བོར་བཞག་ལ། ནུབ་ཕྱོགས་སུ་ཁ་ཤར་དུ་བལྟས་ཏེ། སྔགས་འདི་དང་ཁས་ལ་རེག་པས་ཕྱག་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ?་པྲ་?་ནཱ་ཡ། ཨཱཏྨ་ནཱཾ་ནི་ཏེ་ཡཱ་མི་ས་ན་ཏ་ཐཱ་ག་ཏ་བཛྲ་དྷ་?་བྲ་བརྟ་ཡ་མ། དེ་ནས་དེ་བཞིན་དུ་གནས་པ་ལས། ་རྡོ་རྗེ་ཐལ་མོ་སྙིང་གར་བཞག་སྟེ། བྱང་ཕྱོགས་སུ་ལྷོར་ཁ་བལྟས་ཏེ། སྔགས་འདི་དང་སྤྱི་པོས་ལ་རེག་པས་ཕྱག་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཀརྨ?་ཎེ་། ཨཱཏྨ་ནི་ནིརྱཱ་ཏ་ཡཱ་མི། ས་ན་ཏ་ཐཱ་ག་ཏ་བཛྲ?་?་ཀུ་རུ་མཾ། དེ་ནས་ཤར་ཕྱོགས་སུ་པུས་མོ་གཉིས་ས་ལ་བཙུགས་ཏེ ་འདུག?་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ?་དང། ལས་ཀྱི་རིགས་སུ་ཞུགས་པ་ཐམས ་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིགས་སྔགས་ཀྱི་ལྷ་ཐམས་ཅད་དགོངས་སུ་གསོལ། །བདག་རྡོ་རྗེ་མིང་འདི་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་དང། དེ་བཞིན་གཤེགས་པ་དང། ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང། གསང་སྔགས་དང། རིགས་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་?། འདས་པ་དང། མ་འོངས་པ་དང། ད་ལྟར་བཞུགས་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། རང་སངས་རྒྱས་དང། འཕགས་པ་ཉན་ཐོས་དང། ཡང་དག་པར་སོང་བ་དང། ཡང་དག་པར་ཞུགས་པ་རྣམས་དང། ་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་མཛད་པར་བསྐུལ ་བར་བགྱིའོ། །ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་བཞེད་པ་དེ་དག་ཐམས་ཅད་ལ་ཡོངས་སུ་མྱ་ངན་ལས་མི་འདས་པར་གསོལ་བར་འཚལ་ལོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི ་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བ་འམ། ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་།ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ ་དང། གསང་?་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུཥཔ་པཱུ་ཛཱ་མེ་གྷ་ས་མུ་དྲ་སཕ་རཎ་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་འམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིམ་གཤེགས་པ་ཐམས་ཅད་ལ ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ ་སརྦ་ཏ་ཐཱ་ག་ཏ་བྷ?་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ཏེ་འདི་སྐད་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་འདི? ་ལས་བྱུང་བ་འམ། རིན་པོ་ཆེའི་འོད་དམ། མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀི་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཆ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པའི། ?་དག་པར་སྦྱར་བའི། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས ་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི ་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་གནདྷེ་པཱུ་ཛ་མེ་བྷས་མུ་དྲ་སྤ་ར་ན་ས་མ་ཡེ་ཧཱུཾ། ཐལ་མོ་ཁོང་སྟོད་དུ་སྦྱར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་འདི་འམ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས ་ཅད་མ་རིན་པོ་ཆེའི་རི་བོ་འམ། རྒྱ་མཚོ་རིན་པོ་ཆེའི་ཚོགས་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ། མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱ་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷཡཾ་ག་རཏན་ཨ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས ་བཞད་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རྒོད་པ་དང། སྒེག་པ་དང། རྩེད་འཇོའི་བདེ་བའི་བྱེ་བྲག་གང་དག་ཡོད་པ་དེ་རྣམས ་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང ་སྔགས་དང། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཧཱསྭ་ལཱ་སྱ་ར་ཀྲཱི་ཌ་སཽ་ཁྱ་ཨ་ནུཏྟ་རཔཱུ་ཛ་མེ་བྷ་ས་མུ་དྲ་སཕ་ར་ཎས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་འདི་སྤྱི་བོར་བཞག་ལ། ཡང་ཐལ་མོ་ཁོང ་སྟོང་དུ་སྦྱར་བ་བཅིངས་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་དམ། གོས་ཀྱི་ཤིང་གང་དག་ཡོང་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང ་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི ་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུདྷར?་བོ་དྷི་ཨ་ལོཾ?་ཀཱ་ར་བསྟཝ་པཱུ་ཛ་མེ་ཕ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་པར་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའ་ཨི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་རྗེ་ཆེན་པོའི་དབང་གི་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་བསྐྱེད་དེ། མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང། མ་གྲོལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དང། དབུགས་མ་ཕྱིན་པ་རྣམས ་དབུགས་དབྱུང་བར་བྱ་བའི་ཕྱིར་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕ་ཡིར་དང། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་པའི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པར་བ་གྱིའོ།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ་མེ་བྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་།སྒེག་མོའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱང་ཐམས་ཅད་ཀྱིས་ཡང་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག ་ལུས་པོར་གྱུར་ཅིག་།ོཾ་སརྦ་ཐཱ་ག་ཏ་མ་ཧཱུ?་བཛྲོད?་བྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་?་དང་ཡིག་ཀྱི་ལས་ཀྱི་མཛའ་ ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག་།དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཛའ་ཐམས་ཅད་དང་ལྡན་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་པོ་དྷི་ཧ་ར་ཤཱི་ལ་པཱ་ར་མི་ཏ་པཱུ་ལ་མ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཀླུ་མཁན་མའི་ཕྱག ་རྒྱ་བཅིངས་ལ་འདི་སྐད་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱང་ཐམས་ཅད་ཀྱིས་ལུས་ལ་ཡང་དག་པར་བརྒྱན་པར་བྱས་པ་དང། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང། ཞེ་འགྲས་པ་མེད་པས་ཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང། ་ཆོས་དབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་དཱརྨ་ཨ་བ་བོ་དྷི་ཀྵཱན་ཏི་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱང ་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་མངོན་པར་དགའ་བ་དང་ལྡན་པ་དང། ། སངས་རྒྱས་ཉིད་ལ་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག། །ོཾ་སརྦ་ཏ་ཐཱ་ག་ཏ་སན་?་ར་ད་?་ཏྱཾ་ཀ་ཨ་ ་ནུཏྟ་ད་མ་དཱ་བིརྱ་པཱུ་ཛ་མེ་བྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཐམས་ཅད་བྲལ་བར་གྱུར་ཅིག་།བསམ ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། མངོན་པར་ཤེས་པ་རྣམས་དང། རིག་པ་ཐམས་ཅད་དབང་དུ་གྱུར་པ་ཕུན་སུམ་ཚོགས་པར་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་སཽ་ཁྱ་བི་ཧཱ་ར་དྷཡ་ན་སཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ ་དྲ་སཕ་ར་ན་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ཡེ་ཤེས་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག། སོ་སོ་ཡང་དག་པར་རིག་པ ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང། སྒྱུ་རྩལ་དང་ལྡན་ལ། གསང་བའི་ཆོ་ག་ཤེས་པ་དང། དེ་ཁོ་ན་ཉིད་མཐོང་སྟེ་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག། ་ཨོཾ་སརྦ་ཏ་ཐཱ?་ག་ཏ་ཨ་ནཱ་ཏྟ་ར་ཀླེ་ཤཙྪེ་ད་སརྦ་དྷརྨཱ་ས་མནྟ། ཛྙཱ་ན་མ་ཧཱ་པྲཛྙཱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་དྲ་སཕ་ད་ཎ་ས་མ་ཡེ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་དྲུང་དུ་བདག་ཉིད་ཀྱིས་ཕྱིན་པར ་ལྷག་པར་མེས་པར་བྱས་ལ། ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་ཐམས་ཅད་དུ་ཁ་དང་ལྕེ་བརྒྱ་སྟོང་ཕྲག་སྙེད་ཀྱི་སྒོ་ནས་མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས ་པའི་བསྟོན་པས་མཆོད་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་ནིརྱ་ཏ་ན་པཱུ་ཛ་མི་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། བསམ་པ་གཅིག་པའི་སྦྱོར་པས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ལྷག ་པར་མོས་པར་བྱས་ལ། །ོཾ་སརྦ་ཏ་ཐཱ?་ག་ཏ་ཙིཏྟ་ནིརྱ་ཏ་ན་པཱུ་ཛ་མེ་བྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ་ཆོས་ཐམས་ཅད་ནི་དངོས་ཨོ་མེད་པའི་ངོ་བོ་ཉིད་དང། སྟོང་པའི་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ ་གུ་ཧཡ་པྲུ་དྲ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ་བདག་ཉིད་དངུལ་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བར་གྱིས། དུས་ཐམས་ཅད ་དང། རྣམ་པ་ཐམས་ཅད་དུ་བདག་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ་ཞེས་བརྗོད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ཐུན་མོང་བྱས ་ཏེ། དགེ་བའི་རྩ་བ་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག ་པར་ལྡན་པའི་བདེ་བ་ཉིད་དང། ཡིད་བདེ་བ་དང་བཅས་པ་ཉིད་ཀྱིས་མིའི་མཆོད་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག། བདེ་གཤེགས་གསང་སྔགས་རྣམས་ལ་མཁས་པ་དང་།རྟག་ཏུ་ཆོས་རྒྱལ་ལྷུན་གྱིས་གྲུབ་ཐོབ་ལ། །འགྲོ་བ་མ་ལུས་དགོད་པར་གནས ་བགྱིད་ཅིང། །གལ་ཏེ་མ་ཐོབ་ན་ཡང་དུས་འདིར་སྨོན། །དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྔོས་ནས། སྡོམ་པ་བཟུང་བར་བྱ་སྟེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ ་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང། །དགེ་བའི་ཆོ་ས་ནི་སྡུད་པ་དང། །སེམས་ཅན་དོན་ནི་བྱེད་པ་གསུམ། །བདག་གིས་བརྟན་པོར ་གཟུང་བགྱི་ཞིང། །སངས་རྒྱས་ཆོས་དང་འཕགས་དགེ་འདུན། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང ་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ཡང་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིག་མཆོག་དག་པ་ལ། །ཕྱི་དང ་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས།། ་དམ་པ་བདག་གིས་བསྐྱེད་བགྱི་ཞིང། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་ནི་དགྲོལ་བར་བགྱི། །དབྱུགས་མ་ཕྱུང་བ་དབྱུགས་དབྱུང་ཞིང། །སེམས་ཅན་མྱ་ངན ་འདས་ལ་དགོད། །དེ་ནས་གཟུགས་བརྙན་ལ་སོགས་པའི་སྦྱོར་བས་ཕྱག་རྒྱ་བཅིངས་པ་སྔོན་དུ་འགྲོ་བས། །ཆོ་ག་རྣམས་རྗེས་སུ་སྤྱད་པར་བྱ་སྟེ། །ཐལ་མོ་དམ་དུ་བསྡམས་པ་ལས། །སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོར་བཀའ་ ་སྩལ་ཏེ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །བཛྲ་ཨཉྫ་ལི་ཞེས་བྱ་བ་ནི། །རྡོ་རྗེ་ཐལ་མོའི་སྔགས་སོ། །བཛྲ་བནདྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་སྟེ། བཛྲ་བནདྷ་ཏྲཊ་ཅེས་བྱ་བ་དང། རྡོ་རྗེ་བསྡམས་སྙིང་གར་དགྲོལ་ལོ། །བཛྲ་ཨཱ་བེ་ཤ་ཞེས་བྱ་བ་དང། ་རྡོ་རྗེ་དབབ་པའི་དམ་ཚིག་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱ་སྟེ། དང་པོའི་རྡོ་རྗེ་སྐུ་མདོག་དམར་པོ་འོད་དམར་པོ་འབར་བས། བདག་ཉིད་ཀུན་ཏུ་གང་བར་གྱུར་པར་བསམ་པར་བྱའོ། །དབག་པ་དེ་ཡང་འདིས་བརྟན ་པར་བྱ་སྟེ། ?་བཛྲ་དྲི་དྷོ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་དྷཱ་བ་ཧྲི་ད་ཡ་མེ་བྷཱ་བ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡ་ཙམ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་སྦྱར་བ་ནི། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱའོ། །བཛྲ་མུཥྚི་ཞེས་བྱ་བ་དང། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིང ་ལ་འདི་སྐད་ཅེས་བསྡོད?་དོ། །ོཾ་བཛྲ་སནདྷི་པཾ། རྡོ་རྗེ་བསྡམས་པ་ལས་མཐེ་ཆུང་དང་སྲིན་ལག་གཉིས་ཀྱི་བར་དུ་མཐེ་བོང་བཞག་ནས་བསྣམས་ལ་མཛུབ་མོ་གཉིས་བཀུག་པ་ནི། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ ་ནས། རྡོ་རྗེ་རོ་བི?་མཐར་ཐུག་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་ས་མ་ཡ་སྟཝཾ། ཞེས་བརྗོད་དེ་བཅིངས་ལ། ཡི་གེ་ཧཱུཾ་ལན་གསུམ་དུ་བརྗོད་?། འདིས་རང་གི་སྙིང་གར་གཞུག་པར་བྱ་སྟེ། ཨོཾ་བཛྲ་མུ(རྒྱུད་འགྲེལ་ཕྱག་རྒྱ་དང་བཅས་པས་ངན་འགྲོ་ཐམས་ཅད་དགུག་པར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་སུ?་ལེགས་པར་བྱིན་དུ་འཕགས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ོཾ་བཛྲ་པཱ་ཎི་བི་སཕོཊ་ཡ་སརྦ་ཨ་པཱ་ཡ་བནདྷ་ནི་ཕྲ་མོ་ཀྵ་ཡ་སརྦ་ཨ ་པཱ་ཡ་ག་ཏིབྷ:?་སརྦ་སཏྭཾ། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་བྱ་བ་ཕྱག་རྒྱ་དང་བཅས་པས་སྡིག་པ་ཐམས་ཅད་བྲལ་བར་བྱའོ། །རྡོ་རྗེ་བཅིངས་པ་བསྡམས་བྱས་ཏེ། གུང་མོ་གཉིས་ག་སྦྱར་ནས་ནི། །ཐ་མ་བཞི་ནི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན།། ་དེ་ནས་རང་གི་སྙིང་གར་རྡོ་རྗེ་ལ་ཧཱུཾ་ཡིད་ཀྱིས་མ་ནོར་བར་བྲིས་ནས། དེ་གཉིས་ཡིད་ལ་གདོན་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་དེ་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས། རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་ཡོངས་སུ་གྱུར་པར་རྣམ་པར་བསམ་ལ། དེའི་སྟེང་དུ་ཡང་ཡི་གེ་ཧཱུཾ་དང་ཀ ་ལ་སོགས་པ་རྣམས་ཀྱིས་སྐར་མ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྐྱེད་པར་བྱའོ། །ཟླ་བའི་དཀྱིལ་འཁོར་གཉིས་པོ་དེ་ཉིད་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དང་པོའི་རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམས་ལ། རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་བསམས་ཏེ། རྡོ ་རྗེ་ནི་བདག་གོ་ཞེས་བསྒོམས་ནས། རྡོ་རྗེ་དེ་ལས་དེ་བཞིན་གཤེགས་པའི་རིགས་རྣམས་སྤྲུལ་ལས་དེས་སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་དུ་བསྐྱེད་ནས། དེ་རྣམས་རྡོ་རྗེ་དེར་བཅུག ་ནས་རྡོ་རྗེ་ཆེན་པོ་དེ། བདག་ནི་སེམས་དཔའ་ཀུན་བདག་གྲགས། །བདག་ཉིད་ཀྱང་ནི་བདག་ལ་གནས། །ཞེས་བྱ་བས་བྱིན་གྱིས་བརླབས་ལ། །སེམས་དཔའ་ནི་བདག་གོ་ཞེས་བྱ་བའི་ང་རྒྱལ་དུ་བསྒོམ་པར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཛྲ་སཏྭ་ཧཾ ་ཞེས་བརྗོད་ལ། །བཟླས་མ་ཐག་ཏུ་བསྒོམས་པའི་རྡོ་རྗེ་ཆེན་པོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསམ་མོ། །དེ་ནས་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ལ། ཡང་སྒྲུབ་པ་པོས་བཛྲ་ས་ཏྲ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ལྟར་སེམས ་དཔར་བྱིན་གྱིས་རློབ་པའི་སྦྱོར་བས། རྡོ་རྗེ་སེམས་དཔའ་བདག་ཉིད་རྣམ་པར་བསམ་ལ། དེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སོ་སོར་སྣང་ཞིང། གཟུགས་བརྙན་དང་འདྲ་བར་བསམ་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་ས་མ ་ཡ་སཏྭ་ཧཾ། དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ས་མ་ཡོ་ཧཾ་།དེ་ཉིད་ཀྱིས་སྙིང་ག་དང་།དཔལ་བ་དང་ལྐོག་མ་དང། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། དེ་ནས་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བཅས ་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་བླངས་ལ་བསྙེམས་པར་བྱ་སྟེ། ལག་པ་གཡས་པས་དང་པོའི་རྡོ་རྗེ་བླངས་ནས་གསོར་ནས། །རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་བཞག་པར་བྱ་ཞིང། ཧཱུཾ་འདོན་པས་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱག ་རྒྱ་ཆེན་པོ་སྟེ། དེ་ལྟ་བུའི་ཕྱག་རྒྱ་བཅིངས་ནས་འདུག་ལ་།ཧཱུཾ་ཨཱ:ཞེས་བརྗོད་དེ། མདུན་དུ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་བསམ་ནས། ཧཱུཾ་བརྗོད་དེ་རྡོ་རྗེར་བདག་ཉིད་བསྒོམས་ལ། བཛྲོ་ཧཾ་ཞེས་བརྗོད་དོ། །ཡང་ཧཱུཾ་དེ་ཉིད་བཟློས་ཤིང་བཛྲ་སཏྭ་ཧཾ་ཞེས་བརྗོད ་ལ། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་དུ་བསྒོམས་ལ། དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་སྙིང་པོ་དང་ཕྱག་རྒྱ་དང་བཅས་པ་འདི་དག་གིས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་སྟེ། བཛྲ་ཨཾ་གུ་ཤ་ཛ:། བཛྲ་པཱ་ཤ་ཧཱུཾ། བཛྲ་སཕོ་ཊ་བཾ། བཛྲ ་ཨཱ་བེ་ཤ་ཨ་།དེ་ནས་འདི་དག་གི་ཕྱག་རྒྱ་བཤད་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་མཛུབ་མོ་ལྕགས་ཀྱུར་བཅིངས་ལ། མཐེ་ཆུང་ལྕགས་ཀྱུ་ཆེན་པོ་བྱེ་བ་ནི། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །མཁྲིག་མ་མདུད་པ་ནི་ཞགས་པའོ། །མཐེའུ་ཆུང་དང་མཛུབ་མོ ་མདུད་པ་ནི་ལྕགས་སྒྲོག་གིའོ། །རྒྱབ་གཉིས་བསྙམས་ཏེ་མནན་པ་ནི། རྡོ་རྗེ་འབེབས་པའི་ཕྱག་རྒྱའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་ཧཱུཾ་དྲི་ཤྱ་ཞེས་བྱ་བས། བཅོམ་ལྡན་འདས་ལ་ལྟ་བར་བྱ་སྟེ། ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་ལ་བསྒོམ ་པར་བྱ། །བཀུག་ཅིང་བཅུག་ལ་བཅིང་བ་དང། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །ཧཱུཾ་དང་གསང་བའི་ལྕགས་ཀྱུ་དང་པོའི་རྡོ་རྗེས་ལྕགས་ཀྱུ་གཉིས་སུ་བྱས་ལ། དེ་དང་དགུག་པའི་སྦྱོར་བས། རང་གི་སྙིང་ཀའི་ཕྱོགས་སུ་ལྕགས་ཀྱུ་ལ་སོགས་པས་དགུག་པ ་ལ་སོགས་པས་བྱས་ལ། ཡང་དང་པོའི་རྡོ་རྗེ་བཅིངས་ནས། ས་མ་ཡ་སྟཝཾ་ཞེས་བརྗོད་དེ། རྒྱབ་ཏུ་འོད་ཀྱི་དཀྱིལ་འཁོར་བསྐྱེད་ནས། བཅོམ་ལྡན་འདས་བཞུགས་པར་གྱུར་པ་དང། བདག་ཉིད་ལྷན་ཅིག་ཏུ་གྱུར་པར་བསམ་ལ། ས་མ་ཡ་སྟཝཾ་ཨ་ཧཾ་ཛ:ཧཾ་བཾ་ཧོ(རྒྱུད་འགྲེལ་ཞེས་ལན་གསུམ་བརྗོད་པས། མཛུབ་བཅས་ཟླ་བའི་མཆོག་ཅན་ལ། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག་།རྡོ་རྗེ་ཕྲེང་སོགས་ཀྱིས་སྤྲས་ཤིང། སྣ་ཚོགས་འབར་བ་འཁྲིགས་པའི་འོད། ཞེས་བྱ་བ་སྣ་ཚོགས་པདྨ་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གི་བཞུགས་ལ། ་དགའ་བ་ཆེན་པོས་གཟིགས་པ་ཞལ་འཛུམ་ཞིང་རྣམ་པར་གཡོ་བ་བསམ་ལ། མིག་གཉིས་སུ་ཧཱུཾ་གཉིས་བསམས་ནས། ལྕེ་ལ་ཡང་ཧཱུཾ་བཀོད་དེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱ་གར་ལས་བྱུང་བ་བཅིང་བར་བྱའི་།དེ་ནས ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་ཚུལ་གྱིས་ཛ(རྒྱུད་འགྲེལ་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། འདི་སྐད་བརྗོད་པར་བྱའོ། །བཛྲ་དྷཱ?་ཏུ་དྲི་ཤྱ་ཛ(རྒྱུད་འགྲེལ་དོ། །དེ་བཞིན་དུ་བཅོམ་ལྡན་འདས་མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། འདི་?་བརྗོད་དོ། །ོཾ་བཛྲ་དྷཱ་ཏུ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ། ཨ་ཧཾ་བཛྲ་དྷཱ་ཏུ་ཞེས ་ལན་གསུམ་བརྗོད་དོ། །ཡང་དེ་རྣམས་ཀྱི་གསང་སྔགས། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཏན་ཧཱུཾ། ཨོཾ་བཛྲ་དྷརྨ་ཧཱུཾ། ཨོཾ་བཛྲ་ཀརྨ་ཧཱུཾ། ཞེས་བྱ་བ་སྟེ། འདི་དག་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་སྔགས་ཡིན་ནོ། །དེ་ནས་དེ་རྣམས་ཀྱི་ཕྱག་རྒྱ ་བཤད་བར་བྱ་སྟེ། དེ་ལ་རྡོ་རྗེ་བསྡམS་པ་ལས་བྱུང་བའོ། །རྡོ་རྗེ་སེམས་མ་བརྟན་བྱས་ལ། གུང་མོ་མྱུ་གུ་ལྟར་མཉམ་སྒྲེར། །གུང་མོ་ནང་དུ་གཞིབས་པ་ནི། །སངས་རྒྱས་གཉིས་པ་ཡིན་པར་བཤད། །གུང་མོ་རིན་ཆེན་འདྲ་བ་དང། གུང་མེ་པདྨ?་འདྲ་བར ་དགུག། སངས་རྒྱས་ལྔ་པའི་ཕྱག་རྒྱ་ནི། །དེ་བཞིན་མཛུབ་མོ་བཀུག་པའོ། །དེ་ནས་བཛྲ་ཛྙཱ་ན་ཞེས་བྱ་བའི་ཆོས་ཀྱི་ཕྱག་རྒྱ་དེ་བཞིན་གཤེགས་པ་ལྔའི་སྔགས་ལ་བསམ་ནས་།དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་པར་བྱའོ། །དེ་ལ་འདི་དག་ནི་རྡོ་རྗེ་ཁུ་ཚུར ་ལས་བྱུང་བ་སྟེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡིས་ལ་རེག། རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན ་མཆོག་།གདོན་མི་ཟ་བར་མ་འཇིགས་སྦྱིན། །ཞེས་བྱ་བ་སྟེ། དེ་བས་ན་གོ་རིམ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ནས་དོན་ཡོད་གྲུབ་པའི་མཐར་ཐུག་པའི་བར་དུ། བཛྲ་དྷཱ་ཏུ་ཞེས་བྱ་བ་ཐུན་མོང་གི་སྙིང་པོས་བྱང་ཆུབ་མཆོག་དང། ས་གནོན་ལ་སོཌ ་བའི་ཕྱག་རྒྱ་དང་རབ་ཏུ་སྦྱར་རོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུན་མོངས་གི་སྙིང་པོས་སྔགས་པ་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམ་ལ། མཚན་མ་རྣམས་དང་བཅས་པར་རབ་ཏུ་སྦྱར་ན། ཕྱག་རྒྱ་ཆེན་པོར་འགྱུར་རོ། །དེ་ནས་དང་པོའི་ཕྱག་རྒྱ་བཅིངས ་ལྔ། བཛྲ་སཏྭ་ཨ་དྷི་ཏིཥྛ་ཞེས་བྱ་དང། རང་གི་སྙིང་གའི་ཟླ་བ་ལ་དང་པོའི་རྡོ་རྗེ་བསྐྱེད་དོ། །བཛྲ་རཏན་ཨ་དྷི་ཏིཥྛ་ཞེས་བྱ་བ་དང། དཔྲལ་བའི་ཕྱོགས་སུ་རྡོ་རྗེ་རིན་ཆེན། བཛྲ་དྷརྨ་ཨ་དྷི་ཏཥྛི་ཞེས་བྱ་བ་དང། ལྐོག་མའི་ཕྱོགས་སུ་པདྨ། བཛྲ་ཀརྨ་ཨ་དྷི་ཏིཥྛ་ཞེས་བྱ ་བ་དང། སྤི་བོར་སྣ་ཚོགས་རྡོ་རྗེ་བསྐྱེད་པར་བྱའོ། །དེ་ནས་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲི་ཡཾ(རྒྱུད་འགྲེལ་ཧོ(རྒྱུད་འགྲེལ་བྱ་ཏེ(རྒྱུད་འགྲེལ་ལྡན་འདས་རྣམ་པར་སྣང་མཛད་གསེར་གྱི་མདོག་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམ་ལ། ཨོཾ་བུ་ཁཾ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་དོ། །དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་དཀར་པོ་ས་གནོན་གྱི་ཕྱག་རྒྱས་བཞུགས་པར་བསམ་ལ། བཛྲ་ ་སཏྭ་ཨ་བྷི་ཥིཉྩ་མཾ་ཞེས་བརྗོད་དོ། །རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་གནས་བཻ་ཌཱུརྱ་སྔོ་བསངས་ཀྱི་མདོག་ཅན། མཆོད་སྦྱིན་གྱི་ཕྱག་རྒྱས་བཞུགས་པར་བསམ་ལ། བཛྲ་རཏན་ཨ་བྷི་ཥིཉྩ་མཾ་ཞེས་བརྗོད ་དོ། །ལྟག་པར་འོད་དཔག་ཏུ་མེད་པ་བཙག་ཡུག་སྣམ་གྱི་མདོག་ཅན། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་བཞུགས་པར་བསམ་ལ། བཛྲ་དྷརྨ་ཨ་བྷི་ཥིཉྩ་མཾ་ཞེས་བརྗོད་དོ། །རྣ་བ་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྣ་ཚོགས་པའི་མདོག་ཅན ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་བཞུགས་པར་བསམ་ལ། ཕྱག་རྒྱ་འདི་དང་ལྡན་པས་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾ་ཞེས་བརྗོད་དེ། དེ་ཡང་ཞལ་དཀར་པོ་དཔུང་བའི་མཛའ་ནས་ཕྱག་གཉིས་པ་ལ་ཤའི་མདོག་ཅན། ལྷག་མ་ནི་ཁ་དོག་སྔོན་པོ། ་ཞལ་གྱི་འོག་ནས་ལྟེ་བའི་མཐར་ཐུག་པའི་བར་ནི་དམར་སྐྱ། བརླ་གཉིས་སེར་སྐྱ། བུས་མོ་མན་ཆད་ཁ་དོག་དཀར་པོའི་མདོག་དང་ལྡན་པའི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བསྐྱེད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་ཕྱག་རྒྱ་བཤད ་པར་བྱ་སྟེ། རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་བསྣོལ་བར་བྱས་ལ། མཛུབ་མོ་གཉིས་རྩེ་མོ་ནང་དུ་བཀུག་ནས་གུད་མོ་བསྙམས་པའི་ཚིག་དང་སྦྱར་བ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཅེས་བྱ་བའི་དབང ་བསྐུར་བའི་ཕྱག་རྒྱའོ། །དེ་ནས་ཕྱོགས་ཐམས་ཅད་དུ་ཅོད་པན་བཅིངས་ལ། མདུན་དུ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པར་བྱེད་པ་ལྟ་བུས་ཕྲེང་བ་བཅིང་བ་བྱས་ལ། རྒྱབ་ཏུ་དེ་བཞིན་དུ་མདུད་པ་བྱས་ཏེ། སྒེག་པ་དང་བཅས་པས་མཛའ་མ ་ལ་སོགས་པ་ལས་དགྲོལ་བས་ལོགས་གཉིས་སུ་དར་དབྱངས་འཕྱང་བར་བྱས་ལ་།མཐར་མཉམ་པའི་ཐལ་མོས་མཉེས་པར་བྱས་ཏེ། བཛྲ་ཏུ་ཥྱ་ཧོ་ཞེས་བརྗོད་དོ། །དེ་ནས་ཡང་བཛྲ་རཏན་ཨ་བྷི་ཥིཉྩ་མཾ། ཞེས་བྱ་བས། རྡོ་རྗེ་རིན་པོ་ཆེའི ་ཕྲེང་བའི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་འདིའི་ཕྱག་རྒྱ་བཤད་པར་བྱའོ། །རྡོ་རྗེ་ཐལ་མོ་ཁ་ཐུར་དུ་བསྟན་ལ། མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་ལ་རྩེ་སྦྱར་བར་བྱས་ནས། དེ་སྙིང་ག་ནས་བརྟེག་སྟེ་དབང་བསྐུར་བའི་གནས་སུ་གཞག་པ་འདི་ནི། །རྡོ ་རྗེ་རིན་ཆེན་གྱི་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ནས་ཨོཾ་པདྨ་མ་ལེ་ཨ་བྷི་ཥིཉྩ་ལོ་ཀེ་ཤྭ་ར་ཏེ། ཞེས་བྱ་བའི་རིག་སྔགས་འདི་དང། པདྨའི་ཕྲེང་བའི་དབང་བསྐུར་བ་བླང་བ་དང། ཨོཾ་ཨ་བྷི་ཥིཉྩ་མཾ། ཞེས་བྱ་བ་དང། ཕྱག་རྒྱ་འདིས་སྣ་ཚོགས་ཕྲེང ་བའི་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེ་བསྡམས་པ་ལས་བྱུང་བའི། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས། སྲིན་ལག་དང་མཐེའུ་ཆུང་བསྙམས་ཏེ་བརྐྱང་ལ་བ་དན་ལྟར་བྱས་ཏེ། དེ་ལྟར་ན་རྣལ་འབྱོར་པ་རྡོ་རྗེའི་ཕྲེང་བ་ལ་སོགས་པས་སྦྲས་པར་འགྱུར་རོ། །དེ ་ནས་ཡི་གེ་གཉིས་ཀྱིས་སྔ་མ་བཞིན་དུ་གོ་ཆ་བྱས་ལ། ཧཱུཾ་ཟློས་བཞིན་དུ་དང་པོའི་རྡོ་རྗེའི་དབང་དང། བདག་པོའི་དབང་བླངས་ལ། རྡོ་རྗེ་རང་གི་མགོ་བོ་ལ་བཞག་ལ་ཧཱུཾ་དེ་ཉིད་ཟློས་ཤིང་མིང་གི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་འདིས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ ་ཞུགས་བླང་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷི་པ་ཏིསྟཝ། ཨ་བྷི་ཥིཉྩ་མི་མ་ཧཱ་བཛྲ་དྷ་ར། འདི་ནི་སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་ཡིན། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །རྡོ་རྗེ་འཆང་ཆེན་བརྟུལ་ཞུགས་ཡིན། །རྡོ་རྗེ་འདི་ནི་དེ་བཞིན་གཤེགས་པ ་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོའི་མཆོག་སྟེ། འདི་ཡོངས་སུ་མི་སྤང་བས་འདི་རྟག་ཏུ་ཆོངས་ཤིག་ཅེས་བྱ་བའི་གསང་བའོ། །ཧྲི་བཛྲ་གརྦྷ་པ་ཏི་ཨ་ཏི་ཤྲཱི་ཧེ་བཛྲ་ན་མ་སང་དྷཡ་ས་མ་ཡ་སྟཝཾ་བྷུར་བྷུ་བ(རྒྱུད་འགྲེལ་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང། །ཆོས་ཀྱི་དྲུང་དུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ལྟར་བདག་ཉིད་བསྐྱེད་ནས། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་བཅིངས་ལ། ཧཱུཾ་འདོན་པ་ལ ་བརྩོན་ཞིང། གཡས་པའི་མིག་ཏུ་ཊ་ལས་ཟླ་བ་བྱ། གཡོན་བར་མ་བཀོད་ལ་ཉི་མའི་དཀྱིལ་འཁོར་བསྐྱེད། ཧཱུཾ་གིས་མིག་འབྲས་དུས་མཛའ་ཨི་མེ་ལྟ་བུར། །གནས་པ་འདིས་ནི་རྡོ་རྗེ་ལྟ་བུ་བྱ། །དེ་ནས་ཡིད་ཀྱིས་ནམ་མཁའ་ཨི་ཕྱོགས་ལ་འདུག་སྟེ། སྣོད ་ཀྱི་འཇིག་རྟེན་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། དེའི་དབུས་སུ་ཡི་གེ་ར་བསམ་ལ། དེ་ལས་དུས་མཛའ་ཨི་རླུང་གིས་སྤར་བའི་སྲེག་པའི་བསྐལ་བའི་མེ་ལྟ་བུའི་རྡོ་རྗེ་འབར་བའི་འོད་དང་ལྡན་པའི་རྡོ་རྗེ་དེས་སངས་རྒྱས་ཀྱི་ཞིང་ཐམས ་ཅད་ཐལ་བར་བྱའོ། །དེ་ནས་ནམ་མཁའ་ཨི་ཕྱོགས་སུ་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་པའི་ཡི་གེ་ཁཾ་དཀར་པོའི་གཟུགས་ཅན་གྱི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བདུད་རྩིའི་ཆར་གྱི་རྒྱུན་རྣམ་པར་འབེབས་པས། སངས་རྒྱས་ཀྱི་ཞིང་ཀུན ་ཏུ་ཚིག་པ་བཀྲུས་ལ། འོ་མ་ཅན་གྱི་རྒྱན་ཚོ་དབབ་རླབས་ཀྱི་ཕྲེང་བ་འཁྲུགས་པས་གང་བར་གནས་པར་བསམ་མོ། །དེ་ནས་རའི་མེས་འོ་མ་ཙན་གྱི་རྒྱ་མཚོ་སྐོལ་ལ། དེའི་དབུས་སུ་པདྨ་ཆེན་པོའི་གཟུགས་ཅན་དེ་ལ། དེ་བས་ཆུ་པདྨ་དཔག་ཏུ་མེད ་བས་ཡོངས་སུ་བསྐོར་བ་དེའི་ཡང་རྩ་བར་ཡི་གེ་པྲ་ལས་ཚད་མཛའ་ཡས་པའི་གསེར་གྱི་རུས་སྦལ་ཡང་པདྨའི་ལྟེ་བ་ལ་ཡི་གེ་པྲ་ཉིད་གསེར་གྱི་མདོག་ཡི་གེ་ཁམ་གི་གཟུགས་ཅན་དུ་བསམ་ལ། ཇི་སྐད་དུ་བཤད་པའི་རྣམ་པར་སྣང་མཛད་ཀྱང་ནམ ་མཁའ་ཨི་ཕྱོགས་ནས་བྱོན་ཏེ་བཞུགས་པར་བསམ་མོ། །དེ་ནས་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བས་པདྨ་དེ་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་གསེར་གྱི་རི་ལ་སོགས་པས་ཡོངས་སུ་བསྐོར་བར་རྣམ་པར་བསམ་ལ་།ོཾ་བཛྲ་ཌི་ཌཧོ་མེ་བྷ་བ ་རཀྵ་སར་སྭཱཧཱ། ཞེས་བྱ་བ་དང་རྡོ་རྗེ་བསྡམས་པ་བརྐྱང་ལ། དེ་བཞིན་དུ་ས་ལ་རེག་པར་བྱས་ཏེ་བྱིན་གྱིས་བརླབ་པར་བྱའོ་།དེ་ནས་དེ་བཞིན་དུ་དང་པོའི་རྡོ་རྗེ་ལས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ཁང་པ། ནམ་མཁའ་ཨི་ཕྱོགས་ཐམས་ཅད ་ལ་གནས་པ་སྤྲུལ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བསྐྱེད་ལ། ནམ་མཁའ་ཨི་ཕྱོགས་ནས་བཅས་ལ། དབུས་ཀྱི་པདྨའི་གདན་ལ་སེམས་པའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་ལ། ཡིད ་ཀྱིས་རང་བཞིན་གྱི་ལུས་ཀྱིས་འོག་མིན་གྱི་གནས་སུ་སོང་སྟེ། བསྐལ་པ་གྲངས་མེད་པ་གསུམ་ལས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བདག་ཉིད་བསམ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་ཀྱང། སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་དུ་བཞིན་དུ་ཡོངས་སུ་གང་བར་རྣམ་པར་བསམ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་ཉིད་དང། ཆོས་ཉིད་དག་ཀྱང་དྲན་པར་བྱའོ། །དེ་ནས་ཐེག་པ་ཆེན་པོའི་ངེས་པར་འགྱུར་བའི་ཆོས་སོ། །དེ་ནས་ཐེག་པ་ཆེན་པོའི་བྱང ་ཆུབ་སོ?་དགེ་འདུན་རྗེས་སུ་དྲན་པར་བྱས་ལ། སེམས་ཅན་ཐམས་ཅད་དང། འགྲོ་བ་ཐམས་ཅད་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་བསྡུས་པ་རྣམས་སུ་ལྷག་པར་བྱམས་པ་བསྐྱེད་པ་དང། ངན་འགྲོ་ཐམས་ཅད་ལ་སོགས་པའི་སྡུག་བསྔལ་གྱིས་ཀུན་ཏུ་གཟེར་པ་རྣམས་ལ་སྙིང་རྗེ་བ ་དང། འཕགས་པ་ཐམས་ཅད་ལ་དགའ་བ་དང། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་ཡང་བཏང་སྙོམས་པར་བྱ་བ་དང། ཆོས་ཐམས་ཅད་ལ་ཡང་དངོས་པོ་མེད་པའི་ངོ་ཉིད་དང། སྒྱུ་མ་ལྟ་བུ་དང། མིག་ཡོད་ལྟ་བུར་ལྷག་པར་མོས་པར་བྱས་ལ། བྱང་ཆུབ་ཀྱི་སེམས ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་དང། ཐབས་མཁས་པའི་སྦྱོད་པ་དང། རིགས་ལྔ་རྣམས་དང། རྡོ་རྗེ་དང་དྲིལ་བུ་དང། ཕྱག་རྒྱ་དང་སློབ་དཔོན་ཉིད་དང། བྱམས་པ་དང། མི་འཇིགས་པ་དང། ཟང་ཟིང་དང། ཆོས་ཀྱི་སྦྱིན་པ་དང། ཐེག་པ་གསུམ་གྱིས་ངེས་པར ་འབྱུང་བའི་ཚུལ་ཐམས་ཅད་སྟོན་པ་དང། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་མངོན་དུ་བྱས་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བ་དམ་པ་གྲུབ་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། མི ་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །དེ་ནས་རིམ་པ་འདིས་མངོན་པར་བྱང་ཆུབ་པ་མངོན་དུ་བྱའོ། །རྡོ་རྗེའི་སྐྱིལ་མོ་?་བཅས་ལ། དེའི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་བཞག་ལ། རང་གི་སྙིང་གར་སེམས་དཔའ་ཨི ་རྡོ་རྗེ་རྣམ་པར་བསམས་ནས་འདི་ལྟར་བསྒོམ་པར་བྱའོ། །དེནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདི། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏེ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་གང་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་བརྗོད་ལོངས་སྤྱོད་པའི་སྐུ་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས ་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་མངོན་པར?་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ ་ཏེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས། །དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་གྱིས། བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་ ་སྩལ་ཏོ། །རིགས་ཀྱི་?་རང་གི་སེམས་ལ་རྟོག་ཅིང་མཉམ་པར་ཞོག་ལ། རང་བཞིན་གྱིས་གྲུབ་པའི་སྔགས་ཅིང་གར་བཟློས་ཤིང་བསྒྲུབ་པར་གྱིས་ཤིག་།ོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། དེ་ནས་བྱང་ཆུབ་སེམས་དཔའ་ང་བཞིན་གཤེགས་པ་ཐམས་ཅད ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་གི་སྙིང་ག་ན་ཟླ་བའི་དཀྱིལ་འཁོར་ལྟ་བུར་གདའ་བ་བདག་གིས་རྟོགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་དེ་ནི་རང་བཞིན ་ཀྱིས་འོད་གསལ་བས་ན། དེ་ནི་ཇི་ལྟ་བུར་སྦྱངས་པ་དེ་ལྟ་བུར་འགྱུར་ཏེ། དཔེར་ནར?་དཀར་པོ་ཆེན་གྱིས་བསྒྱུར་བཞིན་ན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་བཞིན་གྱིས་འདི་གསལ་བའི་སེམས་ཤེས་པ་རྒྱས་པར་བྱ་བའི་ཕྱིར། ཨོཾ་བོ་དྷི་ཙིཏྟ་ཨུ་ཏཔཱ་ར་ཡཱ་ནི?། ་ཞེས་རང་བཞིན་གྱིས་ཟུང་པའི་སྔགས་འདིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཡང་དེ་བཞིན་གཤེགས་པའི་བཀས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། འདི་སྐད་ཅེས་གསལ་ཏོ།། ་ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་གང་ལགས་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སེམས་བསྐྱེད་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་མངོན་སུམ་དུ་གྱུར ་ཀྱིས་དེ་ལེགས་པར་བསྒྲང་ཤིག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་བསྐྱེད་པ་ཀུན་ཏུ་བཟང་པོ་དེ་བརྟན་པར་བྱ་བའི་ཕྱིར། སྔགས་འདིས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབས་སུ་སོམས་ཤིག་།ོཾ་ཏིཥཔ་བཛྲ། བྱང་ཆུབ་སེམས་དཔས་གསོལ ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེར་བདག་གིས་མཐོང་ངོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་ཀུན་ཏུ་བཟང་པོའི་སེམས་རྡོ་རྗེ་འདི ་སྔགས་འདིས་བརྟན་པར་གྱིས་ཤིག་།ོཾ་བཛྲ་ཨཱཏྨ་ཀོཉཧཾ། དེ་ནས་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཇི་སྙེད་པ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད ་གྱི་བྱིན་གྱི་བརླབས་ཀྱི་སེམས་དཔའ་ཨི་རྡོ་རྗེ་དེར་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེ་ལ། རྡོ་རྗེའི་དབྱིངས་རྡོ་རྗེའི་དབྱིངས་ཞེས་བྱ་བ་རྡོ་རྗེའི ་མིང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་དབྱིངས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པའི་སྐུ་ནི་བདག་ལགས་པར་མཐོར་? ་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་ལྟ་བས་ན། སེམས་དཔའ་ཨི་རྡོ་རྗེ་དེ་རྣམས་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་རང་བཞིན་གྱིས་གྲུབ་པའི་སྔགས་འདིས་ཅི་དགར་ཟློས ་ལ་བསྒོམས་ཤིག་།ོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། དེ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དབྱིངས་ཀྱིས་བདག་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཐམས ་ཅད་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་རློབས་ལ། མངོན་པར་རྫོགས་པར་བྱང་ཆུབ་པ་འདི་བརྟན་པར་མཛད་ཅིག། དེ་ནས་དེ་སྐད་ཅེས་གསོལ་བ་དང། དེ་བཞིན ་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཀྱི་སེམས་དཔའ་ཨི་རྡོ་རྗེར་ཞུགས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སཾ་བོ་དྷི་དྲི་ཌཧ་བཛྲ་ཏིཥྛ་ཞེས་བྱ་བ་དང། དེའི་སྙིང་ག་དང། སྨིན་མཚམས་དང། ལྐོག་མ་དང། སྤྱི་བོ་རྣམས་སུ་གོ་རིམ་ཇི་ལྟ་བ་བཞིན ་དུ་རྡོ་རྗེ་སེམས་མ་དང། རྡོ་རྗེ་རིན་ཆེན་མ་དང། རྡོ་རྗེ་ཆོས་མ་དང། རྡོ་རྗེ་ལས་མས་བརྟན་པར་བྱ་བའི་ཕྱིར་མངོན་པར་བྱང་ཆུབ་པ་རྫོགས་པར་བྱས་པར་གྱུར་ཏོ། །དེ་ནས་སླར་བྱུང་སྟེ། ཡང་བཛྲ་རཏན་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྙིང་པོ་ཟློས་པས། དེ་ལ་རིན་པོ ་ཆེའི་ཅོད་པན་དང། དར་དབྱངས་ཀྱིས་དབང་བསྐུར་བ་བྱིན་ནོ། །དེ་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ཇི་ལྟར་སྣ་ཚོགས་འདུལ་འགྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ་བ་དང། དེ་བཞིན་དུ་རྡོ་རྗེ་དང ་རིན་པོ་ཆེ་དང། པདྨ་དང། ལས་དང། ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ་བའི་རྗེས་སུ་གནང་བའི་དབང་བསྐུར་བ་བྱིན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཚོགས་ཀྱི་ཡེ་ཤེས་བསྐྱེད་ནས། སངས་རྒྱས་ཀྱི་སྤྲུལ་པའི་ལས་དང། སེམས ་ཅན་གྱི་བྱ་བའི་ལས་ཀྱིས། སྣ་ཚོགས་པའི་ལས་ཉིད་ལ་རབ་ཏུ་གཞག་སྟེ། འདོད་པའི་ཁམས་ཐམས་ཅད་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་སུ་བཞག་པར་གྱུར་བ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ་ལ ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཀྱིས་ཡོངས་སུ་བསྐོར་བས་བཞུགས་སོ། །དེ་ནས་ཨོཾ་བཛྲ་དྷ་ཏུ་ཏྭཱི་ཤྭ་ར་ཧཱུཾ་བཛྲི་?། ཞེས་བྱ་བའི་རིག་སྔགས་འདི་ཕྱག་རྒྱ་དང་ལྡན་པས་སྙིང་ག་དང། སྨིན་མཚམས་དང། ལྐོག་མ་དང། སྤྱི་བོ་རྣམས་སུ ་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཐལ་མོ་ལས། མཐོ་བོར་གཉིས་ནི་བསྣོལ་བྱས་ལ། མཛུབ་མོ་རྩམ་བཀུག་ནས་ནི། བུད་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་བྱ་བ་འདི་ནི་ཕྱག་རྒྱའོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ནས། ་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་ནི། བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་སྟོན་པར་གྱུར་པ་སྟེ། གཞུང་འདི་དག་གིས་ནི་སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་སྟོན་པར་གྱུར་པ ་ཡིན་ནོ།། །།དེ་ལྟར་དང་པོའི་སྦྱོར་བ་སྔོན་དུ་བྱས་ནས། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཧཱུཾ་ཟློས་ཤིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་སྙིང་ག་ལས་ཕྱུང་སྟེ། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་དེ་བཞིན ་གཤེགས་པ་དེ་དག་ཐམས་ཅད་བཀུག་སྟེ། བཅུག་ལ་བཅིངས་ཏེ་དབང་དུ་བྱས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་གི་བར་དུ་རང་གི་གནས་སུ་ཧཱུཾ ་ཉིད་ཀྱིས་བཞག་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ།། །།དེ་ནས་བསྡུ་བའི་ཕྱག་རྒྱ་གཉིས་པ་བཅིངས་ལ། ཨོཾ་བཛྲ་ས་མ་ཡ་ཛ(རྒྱུད་འགྲེལ་བསྡུ་བར་བྱའོ། །དེ་ནས་རྡོ་རྗེ་བསྡུ་བ་དེས་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་བྱོན་པ?་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བརྡྷ་ནི་ཀ་རོ་མི།། ་ཞེས་བརྗོད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ེ་མའོ་བྱང་ཆུབ་སེམས་དཔའ་ཡི། །ཀུན་ཏུ་བཟང་པོ་སྤྱོད་པ་མཆོག། དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛོས།། ་དེ་ནས་ཆེད་དུ་བརྗོད་པ་དེ་སྐད་དུ་སྨྲས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་འདུས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་དག་ཐཾས་ཅད་དེ་བཞིན་གཤེགས་པ་ཐཾས་ཅད་ཀྱི་བྱིན་བརླབས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ ་འཆང་ཆེན་པོའི་ཐུགས་སུ་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ་ཕྱུང་ནས། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པ་དང་བཅས ་པ་དང། གཅིག་ཏུ་གྱུར་ནས་གནས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་ཇི་སྙེད་ཐམས་ཅད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་བདེ་བ་ཆེན་པོ་ཡིས། །རྡོ་རྗེའི ་ཕྱག་རྒྱ་ཐམས་ཅད་བཅིངས་ནས། ཧཱུཾ་ཟློས་པ་ལ་འབད་པའི་རྣལ་འབྱོར་པ། རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་དེ་རྣམས་ཀྱིས་བསླང་ནས། དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་བར་གྱུར་པར་བདག་ཉིད་བསམ་ལ། དབང་བསྐུར་བ་ཐམས་ཅད་བསླང་བར་བྱའོ། །དེ་ལྟར ་དབང་བསྐུར་བ་བླངས་ནས། རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ནས་ཆུའི་ལྷའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གཟུགས་དང། སྒྲ་དང་།དྲི་དང། རོའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བཀུག་ལ་བཅུག་སྟེ། བཅིངས་ལ་དབང་དུ་བྱས་ཏེ། མཆོད་ཡོན་ཕུལ་ཏེ་ཕྱག་རྒྱ་བཞིས་རྒྱས ་བཏབ་ལ། རང་གི་དབང་བསྐུར་བྱས་དབང་བསྐུར་བར་བྱ་སྟེ། འདི་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ།། །།དེ་ལ་རང་གི་ལས་ལ་ངེས་པར་སྦྱོར་བ་ནི་རབ་ཏུ་སྦྱོར་བའི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ། འདི་སྐད་ཅེས ་བརྗོད་པར་བྱ་སྟེ། སེམས་ཅན་གྱི་ཁམས་ཐཾས་ཅད་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ལ་དགོད་པར་མཛོད་ཅིག་།ཧཱུཾ་དེ་བཞིན་དུ་རྡོ་རྗེ་རོའི་བར་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ། འདི་སྐད་བརྗོད་པར་བྱ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་དོ་རྣམ་པར་དག་པའི་གནས་ལ་རབ ་ཏུ་དགོད་པར་མཛོད་ཅིག་ཧཱུཾ། དེ་ལྟར་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ནས། ཡང་རྡོ་རྗེ་བསྡུ་བ་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་བར་དུ་བརྗོད་པར་བགྱི། །དཔལ་མཆོག ་དང་པོ་སེམས་དཔའ་ཆེ། ཞེས་བྱ་བ་ནས་བཙམས་ཏེ། མགོན་པོ་ཁྱོད་ལ་དད་བགྱིས་པས། །རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ་།ཅེས་བྱ་བའི་མཐར་ཐུག་པའི་བར་གྱིས་བསྟོད་དོ། །དེ་ནས་སྔར་བཤད་པའི་གསང་བའི་ལྕགས་ཀྱུས་དགུག་པ་དང། གཞུག ་པ་དང། བཅིང་བ་དང། དབང་དུ་བྱ་བ་དག་བྱས་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རང་གི་གནས་སུ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་བྱས་ལ་།ར་བ་དང་དྲ་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ། ཨོཾ་བཛྲ་རཀཤ་ཧཾ་ཞེས་བྱ་བ་དང། ་རྡོ་རྗེ་བསྲུང་བའི་དམ་ཚིག་གི་ཕྱག་རྒྱས་བསྲུང་བ་ཐམས་ཅད་ཡང་དག་བར་བསྲུང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ། མཐེ་བོང་མཐེ་ཆུང་གཉིས་ཐད་ཀར་སྦྱང་ལ། མཛུབ་མོ་གཉིས་གཤིབས་པ་འདི་ནི་རྡོ་རྗེ་བསྲུང་བའི་དམ་ཚིག ་གི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་མཆོད་ཡོན་ཧཱུཾ་དང་བཅས་པར་ཕུལ་ལ་།དང་པོའི་རྡོ་རྗེ་བཅིངས་ཏེ། རང་གི་སྙིང་ཀའི་ཟླ་བ་ལ་ཧཱུཾ་ལས་དང་པོའི་རྡོ་རྗེ་བསྐྱེད་ལ། ཧཱུཾ་དྲི་ཤྱ་ཞེས་བྱ་བས་བཅོམ ་ལྡན་འདས་འཁོར་དང་བཅས་པ་ལ་བལྟ་བ་བྱས་ནས། ཛ(རྒྱུད་འགྲེལ་ཅད་ཀྱི་ལྗགས་ལ་ཡང་ཧཱུཾ་བསམ་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གང་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་ལས་ཀྱི་ཕྱག་རྒྱ་ཧཱུཾ་ཟློས་ཤིང་གར་ལས་བྱུང་བ་སྟེ། བ་དན ་གསུམ་པ་རྩེ་གསུམ་ཅན། །བསྒྱིངས་པས་མཛའ་སོགས་ལས་གྲོལ་བས། །གློག་འགྱུ?་ལྟར་འདེགས་མདུན་དུ་བསྐོར། །དེ་ནི་རྡོ་རྗེ་གར་ཞེས་བཤད། །ཅེས་བྱ་བ་དང། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པ་དཀུར་བསྟན་ནས། གཡས་པ ་བསྟོད་པའི་ཚུལ་གྱིས་སྙིང་གར་འཛིན་པ་འདི་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདའ་གསོར་བ་དང། བཅས་པ་གཡོན་དུ་འཕེན་པ་ནི་རྡོ་རྗེ་ཡིད་ལས་བྱུང་བའི་འོ། །ཁུ་ཚུར་གཉིས་པ་དེ་དག་ཉིད་ཀྱིས་རང་ལ ་འཁྱུད་པར་བྱེད་པ་དེ་ནི་ཀཱི་ལི་ཀཱི་ལའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་པོ་དེ་དག་ཉིད་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་སྡུག་པའི་འོ། །རྡོ་རྗེ་ཁུ་ཚུར་དེ་དག་ཉིད་བཀན་ནས་ལག་པ་གཉིས་རྐེད་པ་གཉིས་སུ་འཇོག་པ་ནི་རྡོ་རྗེ་བསྙེམས་པའི་འོ། །མེ་ཏོག ་ལ་སོགས་པ་ནས་གར་གྱི་བར་གྱི་ལས་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའི་ཚུལ་དུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱད་འགྱུར་རོ། །རྡོ་རྗེ་གཟུགས་ལ་སོགས་པ་ནས་ཆུ་ལྷ་ལ་སོགས་པའི་མཐར་ཐུག་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི་དྲིས་པའི་རྗེས་སུ་མཐུན་པའི ་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་དག་ཉིད་ལས་ཀྱི་ཕྱག་རྒྱའི་ཚུལ་རབ་ཏུ་སྦྱར་བ་ནི་འདིར་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་ཁུ་ཚུར་ལས་བྱུང་བ་ཡིན་ཏེ། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར ་སྙིང་ཀའི་ཕྱོགས་སུ་ཆོས་གོས་ཀྱི་རྩེ་མོ་འཛིན་པའི་ཚུལ་གྱིས་བཞག་ལ། གཡས་པ་སོར་མོ་ཐམས་ཅད་བརྐྱང་བས། ས་ལ་རེག་བའི་ཚུལ་དུ་བྱ་བ་འདི་ནི་མི་བསྐྱོད་པའིའོ། །འདི་ཉིད་ལག་པ་གཡས་པ་རྐྱོང་བའི་ཚུལ་དུ་བཞག་པ་འདི་ནི་རིན་ཆེན་འབྱུང ་ལྡན་གྱིའོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་གཡོན་པའི་ཆོས་གོས་ཀྱི་རྩེ་མོ་འཛིན་པའི་ལག་པས་པདྨའི་སྡོང་བུ་བཟུང་ལ། ལག་པ་གཡས་པས་པདྨའི་འདབ་མ་ཁ་འབྱེད་པ་ལྟ་བུ་ནི་འོད་དཔག་ཏུ་མེད་པའིའོ། །མི་བསྐྱོད་པའི་ཕྱག་རྒྱ་ལས། ལག་པ ་གཡས་པ་བ་དན་གསུམ་པ་ལྟར་བྱས་ཏེ་།མི་འཇིགས་པ་སྦྱིན་པའི་ཚུལ་དུ་བཞག་པ་ནི། དོན་ཡོད་གྲུབ་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ལག་པ་གཉིས་བསྙེམས་པ་དང་བཅས་པ་དང། འདེགས་པའི་ཚུལ་གྱིས ་འཇོག་པ་འདི་ནི་ཕྱག་ན་རྡོ་རྗེའི་?། །ལག་པ་གཡོན་པ་སྙིང་ཀར་བཞག་ལ། གཡས་པ་རལ་གྲི་འཛིན་པ་ལྟ་བུ་ནི་འཇམ་དཔལ་གྱིའོ། །རྡོ་ཁུ་ཚུར་གཉིས་དབང་བསྐུར་བའི་གནས་སུ་འཇོག་པ་ལྟ་བུ་ནི་ནམ་མཁའ་ཨི་སྙིང་པོའི་འོ། །རྡོ་རྗེ་གར་བསྐོར་ཏེ ་ཐལ་མོ་ཁོང་སྟོང་དུ་བྱས་ནས་སྤྱི་གཙུག་ཏུ་འཇོག་པ་ནི་ནམ་མཁའ་ཨི་མཛོད་ཀྱིའོ། །གཡས་དང་གཡོན་གྱི་པདྨ་ཁ་འབྱེད་པ་ལྟ་བུར་བྱེད་པ་ནི། སྤྱན་རས་གཟིགས་དབང་ཕྱུག་གིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུར་བྱ་བ་ནི་སེམས་བསྐྱེད་མ་ཐག་ཏུ ་ཆོས་ཀྱི་འཁོར་ལོ་བསྐོར་བའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ངེས་པར་འཚིར་བ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །མཐེའུ་ཆུང་དང་མཛུབ་མོ་མཆེ་བ་ལྟར་བྱ་བ་འདི་ནི། རྡོ་རྗེ་གནོད་སྦྱིན་གྱི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ ་ཐམས་ཅད་རྒྱས་གདབ་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནི་བཤད་ཟིན་ཏོ། །གཞན་དག་གི་ཡང་བྲིས་པ་དང། རྗེས་སུ་མཐུན་པ་བཅིང་བར་བྱའོ། །དེའི་འོག་ཏུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཀྱི་ཕྲེང་བ་ལ་སོགས ་པས་དབང་བསྐུར་ལ། དེ་བཞིན་གཤེགས་པ་རྣམས་དང། ཕྱི་རོལ་གྱི་རྡོ་རྗེའི་རིགས་ཆུ་ལྷའི་བར་དུ་ཡང་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་རོ། །རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། རྡོ་རྗེ་ངོའི་མཐར་ཐུག་པ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ ་བྱང་ཆུབ་སེམས་དཔའ་བརྒྱད་ནི། སངས་རྒྱས་ལྔའི་དབུ་རྒྱན་གྱི་ཕྱག་རྒྱས་དབང་བསྐུར་བར་བྱའོ།། །།དེ་ནས་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས་ཕྱག་བྱས་ལ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང། །ཡེ་ཤེས ་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔར་བདག་སྒྲུབ་མཛོད། །ཅེས་བྱ་བའི་དེ་ཁོ་ན་ཉིད་ཀྱིས་ཡང་དག་པར་བསྐུལ་ལ། བསྟོད་པའི་ཕྱག་རྒྱ་བཅིངས་ཏེ། ཡང་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་དེ། མཆོད་ཡོན་ཕུལ་ལ། བཅོམ་ལྡན ་འདས་འཁོར་དང་བཅས་པ་ལ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་བཛྲ་སཕར་ཎ་ཁཾ་ཧཱུཾ་ཞེས་འདོན་ཞིང་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་ཀྱང་ལེགས་པར་མཆོད་དོ། །དེ་ནས་ཕྱག་བཞི ་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཉ་ཀོ་ཧཾ་ཞེས་བྱ་བས་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་དུ་བདག་ཉིད་བསྒོམ་པ་དང། ཨོཾ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་བྱ་བས་གཟུགས་བརྙན་དང་མཚུངས་ཤིང། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་དུ་བསམ་པ་དང། ཨོཾ་སརྦ་ས ་མི?་ཧཾ། ཞེས་བྱ་བས་ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཡེ་ཤེས་གཅིག་གི་རྒྱུ་མཐུན་པ་ཡིན་པར་རྣམ་པར་བསྒོམས་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ཟླ་བའི་རྡོ་རྗེ་ལ་ཧཱུཾ་ཞེས་བྱ་བ་རྣམ་པར་བཀོད་དེ། དེ་ཉིད་འདོན ་ཅིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོས་དབང་ཕྱུག་ཆེ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔར་བདག་གྱུར་ཅིག་།ཅེས་བརྗོད་ལ་བསྒོམས་ཏེ། ལྷ་ཐམས ་ཅད་ཀྱི་ཞལ་གྱི་སྒོ་ནས་ཧཱུཾ་གི་སྒྲ་མངོན་པར་སྒྲོག་པར་མཛད་པར་བསམ་ཏེ། དེ་ལྟར་ན་ཡང་ཐམས་ཅད་ཀྱི་ཡང་བཟླས་པ་བྱས་པར་འགྱུར་རོ། །བསྒོམ་པས་དུབ་པར་གྱུར་ན། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་ཡང་དུ་བསྟོད་པ་དང། མཆོད་པ་རྣམ་པ་བཅུ་གཉིས ་དང། ཕྱག་བྱས་ཏེ་འདི་དག་གིས་ནི་ཐམས་ཅད་སྤྱན་དྲངས་པ་དང། མཆོད་པ་ཆེན་པོ་དང། བདག་བྱིན་གྱིས་བརླབ་པ་དང། སྒྲུབ་པ་བཤད་པ་ཡིན་ནོ། །དེ་ནས་བྷ་ར་ཏ་དང་བི་ཤི་ཁ་ལ་མཁས་པའི་སྒྲུབ་པ་དང་རྗེས་སུ་སྒྲུབ་པ་དག་བཤད་པར་བྱ་སྟེ། དེ་ལ་ཧཱུཾ་གི་གླུ ་ནི་རྗེས་སུ་སྒྲུབ་པ་སྟེ། རྡོ་རྗེ་དང་དྲིལ་བུ་དང། གླིང་བུ་དང། པི་བང་དང། ཅང་ཏིའུ་དང། རྫ་རྔ་དང། རྔ་བོ་ཆེ་ལ་སོགས་པའི་རོལ་མོ་རྣམས་དང། བརྡུད་བའི་ཐལ་མོ་དང་བཅས་པ་དང། ཧཱུཾ་གི་གླུ་ཉིད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་དང་གསུང་དང་ཐུགས་ཡང ་དག་པར་སྟོན་པ་ནི་རྗེས་སུ་བསྒྲུབ་པ་སྟེ། དེ་སྐད་དུ་རང་ལྷ་ཇི་བཞིན་སྦྱོར་བ་ཡི། །རྡོ་རྗེ་ཀུན་མཆོག་ལུས་དང་ནི། །གླུ་དང་རོལ་མོའི་ཆོ་ག་དང། །རྡོ་རྗེ་ཉིད་ཀྱིས་མཉེས་པར་བྱ། །རང་ལྷར་ཇི་བཞིན་སྦྱོར་བ་ཡི། །རྩ་བའི་དབྱངས་ཀྱིས་རྦ་བསྐལ་ཞིང། །གླུ་དང ་རོལ་མོའི་ཆོ་ག་དང། དྲིལ་བུ་ཉིད་དང་གླུར་བླང་ངོ། །རང་ལྷར་ཇི་བཞིན་སྦྱོར་བ་ཡི། །སྣ་ཚོགས་ཕྱག་རྒྱའི་བདག་པོའི་མཆོག། གླུ་དང་རོལ་མོའི་ཆོ་ག་དང། །དམ་ཚིག་ཉིད་ཀྱང་རྗེས་སུ་སྒྲུབ། །རྡོ་རྗེ་དྲིལ་བུ་རོལ་མོ་མཉམ། །སྣ་ཚོགས་བརྩོན་པའི་རོལ་མོ་དང ་རང་གསང་ཆོ་ག་ལེགས་བརྗོད་པས། གཡས་པའི་ཐལ་མོ་རབ་ཏུ་འགྲུབ། །འདི་ཡིས་རྟོག་པ་ཐམས་ཅད་ལ། །རྡོ་རྗེའི་ཆ་ལུགས་བསྐུལ་བྱས་པས། །རང་གི་ལྷ་ཡི་གཞིར་གྱུར་གྱི། །དམ་ཚིག་ཐམས་ཅད་འགྲུབ་པར་འགྱུར ་དེ་ནས་རྗེས་སུ་སྒྲུབ་པའི་ལན་བཤད་པར་བྱ་སྟེ། སློབ་མའི་ཚོགས་དང་བཅས་པ་དང། ཤིན་ཏུ་བྱང་བར་བསླབས་པའི་བུད་མེད་ཀྱི་ཚོགས་དང། རྡོ་རྗེའི་གར་དང། མཆོད་པའི་སྦྱོར་བ་དང། སྣ་ཚོགས་པའི་ཕྱག་རྒྱ་མཆོད་པའི་སྦྱོར་བ་རྣམས་ཀྱིས ་ཀྱང་བྱའོ། །དེ་ལ་རྡོ་རྗེའི་གར་ནི་འདི་ཡིན་ཏེ། རྡོ་རྗེའི་གར་གྱིས་གར་བྱེད་ཅིང། །བསྒྱུར་བཅས་འཛིན་པ་ཆེན་པོ་དང། །དཀྱིལ་འཁོར་དུ་ནི་གར་བྱེད་ཅིང། །ཡོངས་སུ་བཟློག་ནས་རབ་ཏུ་སྦྱར། །དེ་ནས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང། །ཤིན་ཏུ་གསང་བའི་སྣ་ཚོགས ་ཕྱག་རྒྱའི་མཆོད་པ་བཤད་པར་བྱ་སྟེ། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །རྟོག་པ་ཀུན་གྱིས་རྣམ་བརྒྱན་པས། །གཏམ་དང་མཚན་མའི་རྒྱ་དག་གིས། །གང་ཞིག་བྱེད་པ་དེ་གར་ཡིན། །གསེར་རམ་ཡང་ན་དངུལ་དག་དང། །དེ་བཞིན་ཤིང་ལས་བྱས ་པའི་གདོད། །རང་གི་གདོང་དམ་ལྷ་རྣམས་ཀྱི། །གྲུབ་པའི་ཕྱག་རྒྱར་རབ་ཏུ་གནས། །དེ་ལྟར་ལན་ཅིག་བསྒྲུབ་བྱས་ནས། །དེ་ཡི་འོག་ཏུ་ཅི་བདེར་བྱ། །ཀུན་ཟ་དེ་བཞིན་ཐམས་ཅད་བྱེད། །སྤྱོད་པ་ཅི་དགར་འདོད་པར་བྱེད། །ལངས་པ་དང་ནི་འདུག་པ་དང། ་འཆག་གམ་དེ་བཞིན་གནས་པ་དང། །རྒོད་དམ་རབ་ཏུ་སྨྲ་ཡང་རུང། །གང་ན་ཇི་ལྟར་སྤྱོད་ཀྱང་རུང། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་མ་བཞག་སྦྱོར་བ་ཡི། །རང་གི་ལྟར་ནི་བསྒྲུབ་པར་བྱ། །དེ་ཉིད་སྦྱར་བ་འདི ་ཡིས་ནི། །འདི་དག་ཐམས་ཅད་བསྒྲུབ་བྱས་ནས། །ཐམས་ཅད་རྡོ་རྗེ་སེམས་དཔའ་དངོས། །རྟག་ཏུ་བལྟས་པས་རབ་འགྲུབ་འགྱུར། །ཞེས་གསུངས་པས་གལ་ཏེ་ཤིན་ཏུ་མཉམ་པར་གཞག་པའི་སྦྱོར་བ་བསྒོམས་པས་དུབ?་བར་གྱུར་ཅིང་མཉམ་པར ་མ་གཞག་པའི་སྦྱོར་བས་གནས་པར་འདོད་ན། དེའི་ཚེ་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་གནས་སུ་བཞག་སྟེ། དང་པོའི་རྡོ་རྗེས་བདག་ཉིད་ལན་གཅིག་བྱིན་གྱིས་བརླབས་ལ་གནས་པར་བྱ་ཞིང། བྱ་བ་ཐམས་ཅད་བྱས་ལ། ཡང ་སླར་ཞུགས་ཏེ། དང་པོའི་སྦྱོར་བ་དེ་ཉིད་ཀྱིས། ཛ(རྒྱུད་འགྲེལ་རྒྱ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་མཆོད་དེ། །དེ་ནས་ཕྱག་བྱས་ཏེ། དེ་བཞིན་དུ་བསྒོམ་པར་བྱའོ། །གལ་ཏེ་ཕྱག་རྒྱ་ལྷོད་བར་གྱུར་ཏམ། རང་ཉིད་གཏོང་བར་འདོད་ན་དེའི་ཚེ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གང་གི་ཚེ་གནས་སྐབས་དང་པོ་ཉིད་དམ་གནས་སྐབས ་གཉིས་པར་ལྷ་གཤེགས་སུ་གསོལ་བར་འདོད་པར་གྱུར་ན། དེའི་ཚེ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ཅིང་མཆོད་དེ། མེ་ཏོག་ལ་སོགས་པའི་མཆོད་པ་དང། ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་མཆོད་པ་བྱས་ལ་།རྡོ་རྗེ་རྣཾས་པར་སྒེག་པའི་ཕྱག་རྒྱས་རྗེས་སུ་ཕྱག་བྱ་བའི་སྦྱོར་བས་ཀྱང ་ཕྱག་བྱས་ལ། འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་ཡང་ཡོངས་སུ་བསྡོས་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་དེ་གང་དང་གང་ནས་བྱུང་བ་དེ་དང་དེ་དེ་ཉིད་དུ་དགྲོལ་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དཀྲོལ་བས་བཛྲ་མུ(རྒྱུད་འགྲེལ་དེ་ནས་སྙིང་གནས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རང་གི་དབང་བསྐུར་བའི་གནས་ན་གནས་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་བ་འཆིང་བའི་ཚུལ་དུ་བཅིང་ཞིང། དེ་བཞིན་དུ་གོ་ཆ་བཅིང་བར་བྱ་སྟེ། དེ་ནས་ཨོཾ་བཛྲ་རཏན་ཨ་བྷི་ཥིཉྩ་ཞེས ་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་དབང་བསྐུར་བའི་སྙིང་པོའོ། །སརྦ་མུ་དྲ་མཻ་ཏྲི?་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ་ཞེས་བྱ་བ་ནི་གོ་ཆ་བཅིང་བའི་སྙིང་པོའོ། །དེ་ལ་འདེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་བཅིངས་ལ། མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་དང ་རྩེ་སྦྱར་བའོ། །དེ་ནས་མཉམ་པའི་ཐལ་མོ་བསྡམས་པས་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཕྱིར་བསྐུལ་པར་བྱ་སྟེ། ཐོག་མཐར་རབ་དགའ་ཨི་ངོ་བོར་བརྟན། །འགྲོ་བ་འདི་དག་ཀུན་གྱི་དཔུང།། ་སེམས་དཔའ་ཆེན་པོ་བརྟན་མཛོད་ལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། ཞེས་བརྗོད་དེ། མེ་ཏོག་གི་ཐལ་མོ་གྱེན་དུ་བགྲོད་པར་བྱའོ། །ཧཱུཾ་མུ:ཡང་ཞེས་བརྗོད་ནས་དེས་ནི་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་པར ་འགྱུར་རོ། །ཇི་ལྟར་མངོན་པར་སྤྲུལ་པའི་དཀྱིལ་འཁོར་གྱི་ཚོགས་དང་བཅས་པའི་འཁོར་ལོ་ཡང་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་པ་དང། རྡོ་རྗེ་སེམས་དཔའ་ལན་གསུམ་བཟླས་ཏེ། དང་པོའི ་རྡོ་རྗེ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་བདག་ཉིད་བསྲུང་བ་བྱས་ལ། ལངས་ཏེ་མཆོད་རྟེན་གྱི་ལས་དང། གླེགས་བམ་བཀླག་པ་ལ་སོགས་པའི་དགེ་བའི་བྱ་བ་ལ་སྦྱོར་བ་ཅི་བདེར་གནས་པར་བྱའོ། །དེ་ལྟར་ཉིན་རེ་ཞིང ་བྱས་ནས། ཇི་སྲིད་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་འམ། དུས་ཇི་སྲིད་དུ་ཉིན་རེའི་སྦྱོར་བས་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་འམ། རྣལ་འབྱོར་ཆེན་པོས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་བསྒོམ ་པར་བྱ་བ་འམ། རང་གི་སྙིང་གར་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། ཟླ་བ་གཅིག་གམ་།ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱིས་རང་གི་སྙིང་གར་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེའི་བར་དུ་བསྒོམ་པར་བྱའོ། །གང་ཞིག ་སྒོམ་བར་བྱེད་མི་ནུས་པ་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ། སྔགས་ཐམས་ཅད་ཀྱིས་བཟླས་བརྗོད་འབུམ་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་རྣལ་འབྱོར་ཆེན་པོ་འདི་ཉིད་བཤད་པར་བྱ་སྟེ། བདག་བསྲུང་པ་ལ་སོགས་པ་སྔོན་དུ ་འགྲོ་བ་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་ལུས་ལ་ཡིད་ཀྱིས་ཞུགས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། སངས་རྒྱས་ཀྱི་ཞིང ་དཔག་ཏུ་མེད་པ་དང་མཉམ་པའི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་སྔ་མ་བཞིན་དུ་དཀྱིལ་འཁོར་པར་སྤྲུལ་ལ། ཇི་ལྟ་བ་བཞིན་དུ་ཞུགས་ཏེ་།རང་གི་མགོ་ལ་མེ་ཏོག་གི་ཕྲེང་བ་དོར་ལ། རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་བརྟུལ ་ཞུགས་བླང་བའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དཔལ་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་ཀྱི་རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པའི་པདྨའི་གདན་བསྐྱེད་ལ། དཀྱིལ་འཁོར་དེ་རང་གི་ལུས་ལ་ཆུ་དང། འོ་མ་བཞིན་དུ་གཙིག་ཏུ་གྱུར ་པར་བསམ་ལ། རང་གི་ལུས་རྡོ་རྗེ་སེམས་དཔའ་ཨི་དབྱིབས་ལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ཧཱུཾ་བཟློས་ཤིང་འདུག་པའི་རྣལ་འབྱོར་པས་གཞིའི་ལུས་ལ། ཕྱི་རོལ་དུ་ནམ་མཁའ་ཨི་གསུ་ཧཱུཾ་ཨ་ཞེས་བྱ་བས་དཔལ་རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་ཆེན་པོ་སྣ ་ཚོགས་པདྨའི་སྟེང་དུ་བསྐྱེད་ལ་།ཧཱུཾ་བཛྲོ་ཧཾ་ཞེས་བརྗོད་ལ། རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་ལུས་ལ་ཇི་སྲིད་རྡོ་རྗེའི་རོའི་གནས་སུ། རྡོ་རྗེ་རོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ?་ཧཱུཾ་ཟློས་ཤིང་འདུག་པའི་རྣལ་འབྱོར་པས་གཞིའི་ལུས་ལས་ཕྱི ་རོལ་ཏུ་ནམ་མཁའ་ཨི་ཕྱོགས་ལ་ཧཱུཾ་ཨ་ཞེས་བྱ་བས། རྡོ་རྗེ་རོའི་རྡོ་རྗེའི་སྣོད་སྣ་ཚོགས་པདྨའི་སྟེང་དུ་བསམ་ལ། ཧཱུཾ་བཛྲ་ས་ར་བྷཉྩ་ནཾ་ཨ་ཧཾ་ཞེས་བསྒོམ་པར་བྱ་ཞིང། རོ་རྡོ་རྗེའི་སྣོད་དེ་རོ་རྡོ་རྗེ་ནི་བདག་གོ་ཞེས་བསྒོམ་པར་བྱའོ། །དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་གཟུགས་མདུན་དུ ་སྤྲུལ་ལ། སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དབུག་པ་དང། གཞུག་པ་དང་བཅིང་བ་དང། དབང་དུ་བྱ་སྟེ། དང་པོའི་རྡོ་རྗེ་བཅིངས་ལ་ཧཱུཾ་དྲི་ཤྱ་ཞེས་བྱ་བས་ཐམས་ཅད་བལྟ་བར་བྱའོ། །དེ་ནས་སྔར་བཤད་པའི་གསང་བའི་ལྕགས་ཀྱི་དང། ཧཱུཾ་གིས་རང་རང ་གི་གནས་སུ་ཐམས་ཅད་བཅུག་ལ། ཡང་དང་པོའི་རྡོ་རྗེ་བཅིངས་ཏེ། ཛ། ཧཱུཾ་བཾ་ཧོ(རྒྱུད་འགྲེལ་བརྗོད་དེ། ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་དང། ལྷན་ཅིག་ཏུ་གྱུར་པས། བདག་ཉིད་རྡོ་རྗེའི་ངོ་བོ་ཉིད་ཡིན་པར་བསམ་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་བསམ་ལ། སྔ་མ་བཞིན་དུ་ལྷ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་དང ་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྐུ་དང་བཞིའི་ལུས་ལ་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་སྔ་མ་བཞིན་དུ་སངས་རྒྱས་ཐམས་ཅད་བཅུག་ལ། ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དེ་ནས་གནས་ཀྱི་ངེས་པ ་བཤད་པར་བྱ་སྟེ། སྔགས་པའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་མདུན་དུ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་དང། ཕྱག་ན་རྡོ་རྗེ་དང། རྡོ་རྗེ་ཡིད་ལས་བྱུང་བ་བསམ་པར་ཤེས་པར་བྱའོ། །དཔྲལ་བར་ཀཱི་ལི་ཀཱི་ལ་དང། ནམ་མཁའ་ཨི་སྙིང་པོའོ། །ལྐོག་མའི ་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་དང། རྡོ་རྗེ་དྲན་པའོ། །སྤྱི་བོར་རྡོ་རྗེ་བསྙེམས་པའོ། །མགོ་བོ་ལ་རྡོ་རྗེ་དབྱིད་དོ། །འདོམས་ཀྱི་གསང་བར་རྡོ་རྗེ་སྤྲིན་ནོ། །མིག་གཉིས་སུ་རྡོ་རྗེ་སྟོན་ཀའོ། །ནུ་མ་དང་བྲང་དང་སྙིང་ག་རྣམས་སུ་རྡོ་རྗེ་དགུན་ནོ། །རྡོ་རྗེ་སེམས ་དཔའ་ཨི་གཡོན་ལོགས་སུ་ནི་རྡོ་རྗེ་སྒེག་མོའོ། །སྔགས་པའི་སོའི་ཕྲེང་བ་གཉིས་ལ་ནི་རྡོ་བཞད་མའོ། །རྡོ་རྗེ་ཆོས་ཀྱི་གཡོན་སུ་ནི་རྡོ་རྗེ་གླུ་མཁན་མའོ། །རྡོ་རྗེ་བསྙེམས་པའི་གཡོན་ལོགས་སུ་ནི། རྡོ་རྗེ་གར་མཁན་མའོ། །སྔགས་པའི་གཟུགས་ཀྱི་སྐྱེ་མཆེད་ལ་ནི་རྡོ་རྗེའི ་གཟུགས་སོ། །སྒྲའི་སྐྱེ་མཆེད་ལ་ནི་རྡོ་རྗེ་སྒྲའོ། །དྲིའི་སྐྱེ་མཆེད་ལ་ནི་རྡོ་རྗེ་དྲིའོ། །རོའི་སྐྱེ་མཆེད་ལ་ནི་རྡོ་རྗེ་རོ་དགོད་པར་ཤེས་པར་བྱའོ། །ཡེ་ཤེས་ཀྱི་ནང་དུ་ནི་འཕགས་པ་འཇམ་དཔལ་ལོ། །ཕྲག་པ་གཉིས་སུ་ནི་ནམ་མཁའ་ཨི་མཛོད་དོ། །སྟེ་བ ་ལ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །རྐེད་པ་ལ་ནི་རྡོ་རྗེ་ཁུ་ཚུར་རོ། །ཁར་ནི་རྡོ་རྗེ་གནོད་སྦྱིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་ཐམས་ཅད་དུ་ཁྱབ་པའི་ཡིན་པས་དེ་རྣམས་ཀྱི་གནས་ངེས་པར་ཡོད་པར་མི་འདོད་དོ།། །།ཕྱག ་རྒྱ་དགྲོལ་བའི་དུས་སུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱི་བོའི་གཙུག་གི་གནས་སུ་དགྲོལ་བའོ། །མི་བསྐྱོད་པ་ནི་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུའོ། །རིན་ཆེན་འབྱུང་ལྡན་ནི་ཀཱི་ལི་ཀཱི་ལའི་གནས་སུའོ། །འོད་དཔག་ཏུ་མེད་པ་ནི་རྡོ་རྗེ་སྡུག་པའི ་གནས་སུའོ། །དོན་ཡོད་གྲུབ་པ་ནི་རྡོ་རྗེ་བསྙེམས་པའི་གནས་སུ་དགྲོལ་པར་བྱའོ།། །།དེ་ནས་དེ་བཞིན་དུ་དང་པོའི་རྡོ་རྗེས་སྙིང་ག་དང། སྨིན་མཚམས་དང། ལྐོག་མ་དང། སྤྱི་བོ་རྣམས་སུ་བྱིན་གྱིས་བརླབས་ལ། ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས། གོ་ཆ་མཆོག་གི་ཕྱག་རྒྱས་བདག་ཉིད་གོ་བགོ་བར་བྱའོ། །དེ་ནས་དེ་བཞིན་དུ་དངོས་གྲུབ་དང། བརྟུལ་ཞུགས་བླང་བའི་བར་གྱི་ཆོ་ག་ཐམས་ཅད་བྱས་ནས། རྡོ་རྗེ་མཚོན་ཆ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་བཅུ ་གཉིས་ཀྱིས་ཡང་དག་པར་མཆོད་ལ། མཆོད་པ་དེ་རྣམས་རང་གི་གནས་སུ་བཞག་སྟེ། རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱ་དང་ལྡན་པའི་རབ་ཏུ་འདུད་པ་དང་ལྡན་པས་ཀྱང། ཕྱག་བྱས་ལ་ཕྱག་རྒྱ་ཆེན་པོར་བསྒོམས་ཏེ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བླང་བར་བྱའོ། །ཐོག་མཛའ་ ་མེད་པའི་སེམས་དཔའ་ཨི་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་པ་བདག་པོའི་བདག། བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུ་ཉིད་དོ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ། །ཡི་གེ་ཧཱུཾ་ནི་རྡོ་རྗེའི་ས་བོན་ནོ། ། ་ལས་དྲིལ་བུ་རྡོ་རྗེ་བསྙེམས་མར་བསམ་ལ་།ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །བཅོམ་ལྡན་འདས་མཆོག་དེ་ཉིད་ནི། །སྲིད་པའི་བདག་པོ་ཀུན་གྱི་མཆོག་།དམ་པའི་དབང་ཕྱུག་དང་ཆོས་མཆོག། བདེ་གཤེགས་བཀའ་བཞིན་བྱེད་པའོ། །སྲིད་པ་རང་བཞིན ་དག་པ་སྟེ། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པོའི་སེམས་དཔའ་ཡིས། །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །དྲིལ་བུ་འདི་ནི་མཆོག་ཏུ་གསང་བའི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་བྱེད ་པ་འམ། ལྷ་རྣམས་བསྒྲུབ་ན་དཀྲོལ་བར་བྱ་སྟེ། དེས་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ལ་འཇུག་པས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་ཅིང། རྡོ་རྗེ་ཐམས་ཅད་དབབ་པར་བྱ་བ་རབ་ཏུ་སྒྲུབ་པར་བྱེད་པ་དང། དབང་དུ་བྱ་བ་དང། བསྒྲུབ་པར་བྱ་བ་རབ ་ཏུ་གྲུབ་པར་བྱེད་པའི་ཆོས་སོ། །དེ་ནས་དག་པའི་ཐབས་རྟོགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དམ་ཚིག་རྟག་ཏུ་རྟེན་པར་བྱའོ། །དེ་བརྗོད་པར་བྱ་སྟེ་།སྲིད་པའི་བདེ་བ་ཤིན་ཏུ་ཆུང། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས།། ་དམ་ཚིག་འདིས་ནི་རྟག་ཏུ་འཐོབ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཅི་འདོད་པར་ནི་བསྟེན་ནས་སུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པ་བྱ། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི ་ཐེག་པ་ཆེན་པོའི་དམ་ཚིག་ཆེན་པོའི་རྣལ་འབྱོར་བཅོམ་ལྡན་འདས་ནི་དམ་ཚིག་གོ་།དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང། །འདའ་བ་རུ་ནི་མི་མཛད་པ། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱིས་གཟུགས་ནི་བརྟན་ཕྱིར་རོ། །ཞེས་གསུངས ་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་ཀྱང་བཤད་དེ། ཇི་ལྟར་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་དམ་པ་དམ་ཚིག་ཐབས། །བསོད་ནམས་བྱིན་བརླབས ་སྒྲུབ་བྱེད་ཅིང། །རྟག་ཏུ་དངོས་གྲུབ་ཀུན་དབང་ཕྱུག། ཀུན་ཏུ་འགྲོ་བའི་དོན་བྱེད་དོ། །ཞེས་གསུངས་པ་སྟེ། དོན་དེ་ཉིད་གསལ་བར་བྱེད་པའི་ཧཱུཾ་ཡང་བཟླས་པར་བྱ་སྟེ། འདི་ནི་དམ་ཚིག་གོ་།དེ་ནས་དམ་ཚིག་གསུམ་གྱི་གླུ་དང། མཆོད་པ་དང་དྲིལ་བུ་དཀྲོལ་བ་བྱ་སྟེ། ་ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་།སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་དམ་པར ་བདག་གྲུབ་མཛོད། ཁྱོད་ནི་ཉེས་བྲལ་དམ་པ་སྟེ། །འདོད་ཆགས་ཀུན་གྱིས་རྗེས་སུ་མཉེས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག ་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེ་སོགས་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་བསྙེམས་པའི་དག་པོའི་བདག། དེ་ནས་སྔ་མ་བཞིན་དུ་བཛྲ་ཨཏྨ་ཀོ་ཧཾ་ཞེས་བྱ་བ་ལ་སོགས་པའི་སྔགས ་གསུམ་བརྗོད་ལ། དེ་བཞིན་དུ་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཞུགས་ཏེ། དང་པོའི་རྡོ་རྗེ་ལས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་ཚད་ཙམ་གྱི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་སྤྲུལ་ལ། ཡང་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོར་བསམ ་ཏེ་།ཧཱུཾ་ཞེས་བྱ་བ་འདོན་ཞིང། ཡིད་ཀྱིས་དེའི་དབུས་སུ་གནས་ལ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ་དཀྱིལ་འཁོར་ཆེན་པོའི་སྦྱོར་བས་ཧཱུཾ་ཉིད་ཀྱིས་བཅུག་ལ། བཛྲ་ཨཱཏྨ་ཀོ་ཧཾ་ལ་སོགས་པ་སྔགས་གསུམ་བརྗོད་དེ། སྔ་མ ་བཞིན་དུ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དང་པོའི་རྡོ་རྗེར་བྱིན་གྱིས་རློབ་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་བ་རྒྱལ་བསྐྱེད་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀ་ན་ཡོད་པའི་རྡོ་རྗེའི་དབུས་སུ་ཧཱུཾ་བཀོད་དེ། དེ་བཞིན་དུ་ཐམས་ཅད་དུ་བདག་ཡིན་ནོ་ཞེས ་བསྒོམ་ཞིང་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལན་ཅིག་གམ་།དུས་ཇི་སྲིད་ཀྱིས་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ཆེན་པོ་དེ་མངོན་སུམ་དུ་མཐོང་བ་དེ་སྲིད་དུ་བསྒོམས་ལ། དེ་ནས་དཀྱིལ་འཁོར་བྲི་བར་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ནས ་སྔོན་དུ་བསྙེན་པ་བྱས་ནས། ཉིན་རེ་འམ་ཟླ་རེ་འམ། ལོ་རེ་ཞིང་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་དང་པོ་ཁོ་ནར་ཡོ་བྱད་ཐམས་ཅད་དང་ཡང་དག་པར་ལྡན་པས། མངོན་པར་འདོད་པའི་སའི་དབུས་སུ་མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་དང ་མངོན་སྦྱོར་ཀྱི་སྦྱིན་སྲེག་གི་ཆོ་གས་དཀྱིལ་འཁོར་གྱི་བེགས་བཟློག་ལ་བདག་དང་སློབ་མ་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་སེམས་ཅན་གདུག་པ་རྣམས་བསྐྲད་ལ། གནས་བསྲུང་བ་བྱས་ཏེ། ཡང་དེ་ཉིད་ཀྱིས་སྔགས་ལན་བདུན ་བཟླས་པའི་ཡུངས་ཀར་དང། ཆུ་དང་ཐལ་བ་རྣམས་ཀྱིས་གཏོར་ལ། སའི་ཕྱོགས་དེར་ཁྲུ་གང་ཙམ་མམ། འདོམ་གང་ཅམ་བརྐོས་ཏེ། བཟློག་ལ་སྐྲ་དང་རུས་པ་དང། ཞོགས་མ་དང། སོལ་བ་དང། ཐལ་བ་ལ་སོགས་པ་བསལ་ཏེ། དག་ཅིང་དྲི ་ཞིམ་པའི་སས་བཀང་ལ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྤོས་ཆུས་སྤང་ཞིང་འཐས་པར་བཅག་པར་བྱའོ། །ཤིན་ཏུ་མཉམ་པའི་སྒོ་བཞི་པའི་ཁང་པ་བརྩེག་མའི་ནང་དུ་ཆུད་པ། རྟ་བབས་བཞིས་མཛེས་པར་བྱས་པ། སྒོ་བཞིའི་སྒོ་གླེགས་བཟང ་པོས་བསྐོར་བའི་གནས་སུ་སློབ་མ་ཤིན་ཏུ་མཁས་པས་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཡོངས་སུ་བཟླས་པའི་རྣམ་པ་ལྔས་ལེགས་པར་བྱུག་ཅིང། དེ་ཉིད་ཡོངས་སུ་བཟླས་པའི་སྦོ་ཆུས་གསང་གཏོར་བྱ་བ་དང། དེ་ཉིད ་ལན་བདུན་བཟླས་པའི་རིན་པོ་ཆེ་དང། འབྲུ་དང། སྨན་ཐམས་ཅད་པའི་དབུས་སུ་གཞུག་པར་བྱ་སྟེ། ས་ཡོངས་སུ་སྦྱང་བའི་ཆོ་གའོ།། །།དེ་ལས་ས་ཡོངས་སུ་སྦྱངས་ཤིང་ཤིན་ཏུ་འཐས་པར་བཅགས་ཟིན་པའི་གནས་སུ་རྡོ་རྗེ་གནོད་སྦྱིན ་གྱིས་བགེགས་བསལ་ལ། ཡུངས་ཀར་དང་ཆུ་དང་ཐལ་བ་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་པས་མངོན་པར་གཏོར་བར་བྱའོ། །དེ་ནས་ཡང་སློབ་མ་ཤིན་ཏུ་མཁས་པས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་བའི་རྣམ་ལྔས་ལེགས་པར ་ཟུག?་ཅིང། སྤོས་ཆུས་ཀྱང་ཕྱོགས་ཏེ་བསང་གཏོར་བྱའོ། །དེ་ནས་ཀྱང་རིན་པོ་ཆེ་དང། འབྲུ་དང་སྨན་ཐམས་ཅད་ལ་བཟླས་བརྗོད་ལན་བདུན་བྱས་པའི་སའི་ཆ་དེའི་དབུས་སུ་བཞག་པར་བྱ་སྟེ། འདི་ཡང་འདིར་ས་སྦྱངས་པའི་ཆོ་གའོ།། དེ་ནས་ཡང་འདིར? ་སློབ་མ་ཤིན་ཏུ་མཁས་པས་སའི་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་དྲིས་ཉེ་བར་བྱུག་པར་བྱའོ། །དེ་ནས་ལུགས་མ་འམ་འབུར་དུ་བརྐོས་པ་འམ། རིས་སུ་བྲིས་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ ་རྣམས་དང། རིག་པའི་ཚོགས་རྣམས་ཀྱིས་བརྒྱན་ཅིང། ཐ་མར་ཚོན་གྱི་ར་བ་ཉེ་བར་མཛེས་པར་བྱ་བ་དང། རྒྱལ་མཚན་གྱི་དམ་པ་དང། བླ་རེ་མཆོག་དྲིལ་བུ་བཏགས་པ་བྲེ་བ་དང། མེ་ཏོག་དང། མར་མེ་དང། མེ་ཏོག་གི་ཆུན་འཕྱང་དང། དྲ་བ་དང། དྲ་བ ་ཕྱེད་པ་དང། ཟླ་བ་རྡོ་རྗེ་དང། རིན་པོ་ཆེ་དང། བ་དན་དང། ཕྲེང་བ་རྣམས་དང། སྒོ་བཞི་དང། མཚམས་བཞིར་སྦོས་ཁང་བཞག་པ་དང། རོལ་མོ་དང། གླུ་དང་གར་རྣམས་ཀྱིས་ཡང་དག་པར་མཆོད་ནས། ས་ལ་ལག་པ་བཞག་སྟེ། ཧཱུཾ་དང་ཡི་གེ་བརྒྱ ་པ་ལན་བདུན་བཟླས་བརྗོད་བྱའོ། །ས་ཡོངས་སུ་བཟུང་བའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ། བགེགས་གཞོམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དང་པོའི་རྡོ་རྗེས་དཀྱིལ་འཁོར་སྤྲུལ་པ། ཕྱག་བྱ་བ་ལ ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ནས། ལྷའི་རྣལ་འབྱོར་དང་གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་དེ། དབུས་སུ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འདུག་ལ། འདི་ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱ་སྟེ། དེང་དུ་བདག་ཆེ་འདྲས་བུ ་ཡོད། །བདག་གིས་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར?་ནི?་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། ་དེ།?་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པ་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཕྱག་བྱས་ཏེ་བདུག ་སྤོས་ཕུལ་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས ་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་དོ། །ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། དང་པོའི་སྦྱོར་བ་དང། དཀྱིལ་འཁོར་མཆོག་དང། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་བཅད། ་ཧཱུཾ་ཟློས་པ་ལ་བརྩོན་ཞིང་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་།བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་གདབ་པར་བསམ་ཏེ། བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ ་བདེ་བ་ཆེ། །སྙིང་པོ་འདིའི་རྟག་པ་ཉིད། །བདེ་ཆེན་མྱུར་དུ་གྲུབ་པར་མཛོད། །ཅེས་བྱ་བས་གསོལ་བ་བཏབ་པར་བསམ་མོ། །དེ་ནས་དེ་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱིས་ནམ་མཁའ་ཡོངས་སུ་གང་བར་བསམ་ཏེ། བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག། ཕྱག་ན་རྡོ་རྗེ་བརྟན་བདག་སྟེ།། ་བདག་པོ་རྡོ་རྗེ་ཆེན་པོར་བདག་བྱིན་གྱིས་བརླབས་པ་མི་འདོར་རོ། །ཧཱུཾ་ཞེས་བརྗོད་པར་བྱའོ། །མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི། །སློབ་དཔོན་རང་གིས་ཕྱག་རྒྱ་ཡིས། །རྡོ་རྗེ་དྲིལ་བུ་འཆང་བྱ་ཞིང། འཁོར་ལོའི་ཆོ་ག་ཐམས་ཅད་བྱ། །རྟོག་པ་ཀུན་ལ ་མཉམ་འཇུག་པས། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ། །དམ་ཚིག་གསུམ་ཞེས་བྱ་བ་ཡི། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་པའོ། །དངོས་གྲུབ་ཀུན་གྱི་མཆོག་ལ། །རྡོ་རྗེ་དྲིལ་བུས་རབ་བསྐུལ་པས། །ཆོ་ག་ལྷག་གམ་མ་ཆང་ནའང། །འགྲུབ་པར་འགྱུར་ཏེ ་སྨད་མི་བྱ། །དེ་ནས་དཀྱིལ་འཁོར་ཐམས་ཅད་མངོན་དུ་བྱས་ལ། དང་པོའི་རྡོ་རྗེས་ཧཱུཾ་བཛྲ་ཨུཏ་ཏིཥཐ་མཧཱ་མཎྜ་ལ་ཨུཏཋ?་ཏ་ཡ་ཞེས་བརྗོད་དེ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་བཞིག་ལ། བདག་ཉིད་དང་པོའི་རྡོ་རྗེ་ཉིད་དུ་ཧཱུཾ་གིས་བྱིན་གྱིས་བརླབས ་ལ། ཡང་ཕྱག་རྒྱ་ཆེན་པོར་བསམ་ཏེ། བཛྲ་ཏིཥྛ?་མ་ཌ་ཞེས་བྱ་བ་མིག་གཉིས་སུ་བཀོད་དེ། དེ་བཞིན་དུ་ལངས་ལ་ཕྱག་རྒྱ་ལ་གནས་པས་ཐམས་ཅད་དུ་བལྟས་ཏེ། བསྙེམས་པས་ཧཱུཾ་འདོན་ཅིང་སོང་ལ་རྐང་པ་གཉིས་ཀྱི་འོག་ཏུ་ཨ་ལས་སྣ་ཚོགས་རྡོ ་རྗེ་བསམ་ཏེ། རྐང་བ་ནས་བརྩམས་ནས་ནམ་མཁའ་ཨི་ཁམས་མ་ལུས་པ་དང་མཉམ་པར་གནས་པའི་སའི་ཆ་རྡོ་རྗེར་གྱུར་པར་ལྷག་པར་མོས་པར་བྱས་ལ། རྡོ་རྗེའི་ལྟ་བས་ཀྱང་གཡོན་པས་བགེགས་བསལ་ཏེ། སྐོར་ཕྱོགས་དང་སྟེང་འོག་དང། ནམ ་མཁའ་ཨི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་གྱི་མཚམས་བཅད་པ་དང། ར་?་དང་པྲ་བདག་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། རྡོ་རྗེ་རྒྱུའི?་ངོ་བོ་ཞལ་བཞི་པ། ཕྱག་བཞི་པའི་གསང་བའི་གཟུགས་ཅན་གྱི་དཀྱིལ་འཁོར་ཕྱག་རྒྱ་དང། སྔགས ་འདི་དང་ལྡན་བས་དགུག་པར་བྱའོ། །ོཾ་བཛྲ་མཐུ་ལ་ཧཱུཾ་ཛ་།རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་པོ་དང་འཛུབ་མོ་རྡོ་རྗེ་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་འགུགས་པར་བྱེད་པ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཕྱག་རྒྱའོ། །ོཾ་མ་ཧཱ་བཛྲ་ཙ་ཀྲ་ཨདྷི་ཏིཥྛ་སིདྡྷ་ཧཱུཾ་ཞེས ་བྱ་བ་ཕྱག་རྒྱ་འདི་དང་ལྡན་པས་དཀྱིལ་འཁོར་ཡང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་འཁོར་ལོ་བསྐོར་བའི་ཚུལ་ཏུ་འགལ་མེ་བསྐོར་བ་ལྟར་བྱ་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེང་གི་ཕུར་བུ་ལ་མཛའ་ཡས་དང། རྣམ་པར་རྒྱལ་བ་དང། ་སྤྲིན་སྒྲ་དང་།གསུས་པོ་ཆེ་ཞེས་བྱ་བ་རིམ་པ་བཞིན་དུ་སྟེང་གི་འཁོར་ལོ་བསྒྱུར་བ་དང། ཧཱུཾ་མཛད་དང། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་དང། རྡོ་རྗེ་ཆེན་པོ་དང། རྟ་མགྲིན་ལྟ་བུ་ལ་འོག་ཏུ་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བསྐྱེད ་ནས། ཙན་དན་དམར་པོས་བྱུག་ཅིང། སྲད་བུ་དམར་པོ་དང། མེ་ཏོག་གི་ཕྲེང་བ་དམར་པོས་བཅིངས་ཏེ། ཧི་ཀྲོ་ཏ་ཡ། ཏྲི་ཊ་ཏྲི་ཊ། ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཕྱིའི་དཀྱིལ་འཁོར ་གྱི་གྲ་བཞིར་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་ཐོབས་བརྡུད་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ་བསྲུང་བ་བྱས་ཏེ་།དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་གནོད་སྦྱིན་གྱི་བསྲུང་བ་རྣམས་ཡང་དག་པར་བསྲུངས་ཏེ། རྡོ་རྗེ་གནོད ་སྦྱིན་གྱིས་ཡོངས་སུ་བཟླས་པའི་བུམ་པ་དཀྱིལ་འཁོར་གྱི་སྒོར་བསངས་གཏོང་བྱ་བའི་ཕྱིར་བཞག་པར་བྱའོ། །དེ་ནས་སྤོས་ཆུ་ལས་རྡོ་རྗེ་གནོད་སྦྱིན་ཉིད་བཟླས་ལ་།དེ་ཉིད་འདོན་ཅིང་སྤོས་ཆུ་ངེས་དཀྱིལ་འཁོར་གྱིས་གཞི་བྱུག་པར་བྱའོ། །དེ་ནས་ལྷ་ཐམས་ཅད ་ཀྱིས་གནས་སུ་དྲིའི་དཀྱིལ་འཁོར་བྱས་ལ། ལག་པས་བྲང་ཅིང། ཧཱུཾ་ལན་བདུན་དེ་དག་ལ་བཟླས་ལ། དེ་རྣམས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནམ་མཁའ་ཨི་ཕྱོགས་ལས་ཕབ་སྟེ། ཧཱུཾ་ཉིད་ཀྱིས་བཅུག་ལ་མཆོད་དོ། །དེ་ནས་ཕྱི་རོལ་ཏུ་གཏོར་མ་སྦྱིན ་ལ། རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་རྣམས་དང་ལྡན་པ། སྨན་དང་འབྲུ་དང། རིན་པོ་ཆེ་ལ་སོགས་པ་དང། ཡང་དག་པར་ལྡན་པར་བྱས་ནས་ཆུ་ཅུང་ཟད་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། རྡོ་རྗེ ་སེམས་དཔའ་རེ་རེ་ཞིང་ཡང་ལན་བརྒྱ་རྩ་བརྒྱད་བཟླས་པའི་མཆོད་ཡོན་བུམ་པའི་སྟེང་དུ་བཞག་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་རྡོ་རྗེ་དང། མེ་ཏོག་གི་ཡལ་ག་ལས་རེ་རེ་ཞིང་ཡང་ལན་བརྒྱ་རྩ་བརྒྱད་བཟླས་ནས། མེ་ཏོག་བཅུག་ལ་བསྡུག་པས ་འདུག་སྟེ། དེ་ནས་དབང་བསྐུར་བའི་དོན་དུ་རྡོ་རྗེ་སེམས་དཔའ་ཨི་སྤྱན་སྔར་བཞག་ལ། ཉི་མ་གཉིས་པ་ལ། དེ་ལ་དུས་གསུམ་དུ་བཟླས་བརྗོད་བྱའོ། །དེ་ལྟར་བུམ་པའི་བསྙེན་པ་བྱས་ནས། རྡོ་རྗེ་གནོས་སྦྱིན་དང། རྡོ་རྗེ་སེམས་དཔའ་དང། སངས་རྒྱས་སྤྱན་གྱིས་མར་ལ ་སོགས་པའི་སྦྱིན་སྲེག་རེ་རེ་ཞིང། རྒྱ་རྩ་བརྒྱད་བྱ་སྟེ། འདི་ནི་ལྷག་མར་གནས་པའི་སྦྱིན་སྲེག་གི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། མཆོད་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་འཁོར་དང ་བཅས་པ་ལེགས་པར་མཆོད་ལ་སྔ་མ་བཞིན་ཕྱག་བྱས་ནས་མཆོད་ཡོན་ཕུལ་ཏེ། སློབ་མ་ལྷག་པར་གནས་པའི་ཆོ་ག་བྱའོ། །དེ་ལ་དང་པོར་རེ་ཞིག་ལག་ན་མེ་ཏོག་ཐོགས་པས་།སློབ་དཔོན་ལ་ཕྱག་བྱ་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག ་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ ་དག་ནི་བདག་ལ་སྩོལ། །བར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང་གར་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམ་ལ། ལག་པ་གཡས ་པས་རྡོ་རྗེ་བླངས་ཏེ། སུ?་ར་ཏ་ས་མ་ཡསྟཝཾ། ཧོ་བཛྲ་སིདྡྷཡ་ཡ་ཐཱ་སུ་ཁཾ་ཞེས་བྱ་བའི་སྙིང་པོས་རང་གི་སྙིང་གར་རྡོ་རྗེ་བཞག་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ་།རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། ཤིན་ཏུ་བསམ་པ་བཟང ་པོར་ལྡན་པར་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་བཤེགས་པ་རྣམས་ཀྱིས་བྱིན་གྱིས་བརློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང། །རརྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི།། ་སྤྱན་སྔར་ད་ལྟ་མ་ལུས་སོ་སོ་བཤགS། །བདེ་གཤེགས་རྣམས་ཀྱི་ཚོགས་གཉིས་མ་ལུས་དང། །སྲས་རྣམས་ཀྱི་ནི་ཟབ་ཅིང་མཛའ་མེད་པའི། འགྲོ་བ་མ་ལུས་དོན་རྣམས་བསྒྲུབ་མཛད་དང། །དེ་ལས་གཞན་ལའང་བདག་ནི་ཡི་རང ་ངོ། །ཐུགས་རྗེས་གདུངས་པས་ཐུགས་དང་ལྡན་འགྱུར་ཞིང། །བློ་གྲོས་སྡིག་མེད་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །རབ་མཆོག་བློ་ཡིས་ཀུན་དགའ་ར་བ་སྟེ།། ་དམན་པ་འཇིག་པར་བྱེད་པས་འཁོར་ལོའི་ཚུལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་ཕུལ། །གསུང་མཆོག་ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་འཇོམས་ཤིང། །བློ་གྲོས་རྣམ་རྒྱས་ཐུགས་རྗེ་ཆེན་པོའི ་ཡིད། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་གསོལ་ཞིང། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ཐོགས་བདག་པོའི་ཡུལ་ཉིད་ལས། །འབྲས་བུའི་ནུས་པས་དགྲ་ཡི་ཚོགས་ལས་རྒྱལ། །སོ་སོར་རིག་དང་སྙིང་རྗེའི་རྩ་བ་ཅན།། ་བྱང་ཆུབ་ཡང་དག་རིག་པ་བདག་གིས་གཟུང། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་ཕྱིར་དང། །བསྐྱབ་པའི་ཕྱིར་རམ་ཡང་ན་བདག་གི་སེམས། །ཡང་དག་ཉིད་དུ་དག་པར་བྱ་བའི་ཕྱིར། །ཐམས་ཅད་རྩ་བཞིན་ལྟོས་པ་མེད་པར་སྦྱིན། །དེ་བཞིན་ཚུལ ་ཁྲིམས་བཟོད་དང་བརྩོན་འགྲུས་དང། །བསམ་གཏན་དང་ནི་ཤེས་རབ་བླ་མེད་པ། །བདག་དང་གཞན་རྣམས་དག་པར་བྱ་ཕྱིར་འདི། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་གཤེགས་སྔགས་ལ་རྒྱ་ཆེར་མཁས་པ་དང། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས ་གྲུབ་པ་ནི། །འགྲོ་འདི་རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །འདི་ནམ་མཁའ་བཞིན་དུ་ནི་གནས་པར་བགྱི། །ཅེས་ལན་གསུམ་བྲོད་དོ། །བདག་གི་དགེ་བའི་རྩ་བ་ཡང་དག་པར་བསྡུས་པ་འདིས། །བདག་གི་བ་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ།། ་བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། །བདག་གི་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང་ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བརྟུལ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་བཞག་པར་བགྱིའོ།། ་བདག་གི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་སེམས་ཅན་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ། །ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོག་པར་བགྱིའོ། །བདག་གིས་མ ་ཡེངས་པའི་སེམས་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གིས་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་སོ ་སོར་རྟོགས་པའི་ཕྱིར་བསླབ་པར་བགྱིའོ། །བདག་གིས་སྟོབས་བཅུ་དང་།མི་འཇིགས་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་བདག ་གིས་སངས་རྒྱས་?་ཆོས་ཚད་མེད་པ་མ་ལུས་པ་ལ་མངོན་པར་གནས་ཤིང། བསྒྲུབ་པར་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྡོ་རྗེ་ལྟ་བུར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང། དེ་བཞིན ་བཤེགས་པ་ཐམས་ཅད་ཀྱིས་བཀའ་བཞིན་མཛད་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའོ། །དེ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པར་བྱས་པའི་དགེ་བའི་རྩ་བའི་སྟོབས་ཀྱིས ་བདག་སེམས་བསྐྱེད་པ་འདི་ལ་གནས་པས། བདེ་བ་མཛའ་ཡས་པ་ལ་གནས་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་རྫོགས་པ་ལ་གདུལ་བྱའི་སྐྱེ་བའི་ཚོགས་མ་ལུས་པ་ལ་བདེ་བའི་དབང་ཕྱུག་གི་བར་དུ་དབྱེ་བ་མང་པོ་ཡང་དག་པར་བསྟན་པས་སྨིན་པར ་བྱ་ཞིང། རབ་ཏུ་དགའ་བའི་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བྱའོ། །དེ་ནས་དཔལ་ཆེན་མོས་སློབ་མའི་ལག་ཏུ་དྲི་སྦྱིན་པ་དང། རབ་ཏུ་དགའ་བས་མེ་ཏོག་རབ་ཏུ་དགའ་བས་བདུག་སྤོས། སྤྱན་གྱིས་མར་མེ་སྦྱིན་ཞིང། བཛྲ་ཧ་ས ་ཞེས་བྱ་བ་མངོན་པར་བཟླས་ཤིང། ཕྱག་རྒྱ་མཆོག་གིས་བསྲུང་བ་བྱས་བའི་ཨ་ཤད་ཐ་ལས་བྱས་ལ་།དྲིས་བསྒོས་ཤིང་མེ་ཏོག་གིས་བཅིངས་པའི་སོ་ཤིང་དང། བཛྲ་ཏིཥྛ་ཞེས་བྱ་བ་བཟླས་པའི་ཀུ་ཤ་སར་པ་སློབ་མ་ལ་སྦྱིན་པར་བྱའོ། །དེ་ནས་དབུང ་པ་གཡོན་པར་མདུད་པ་གསུམ་དང་ལྡན་པའི་བསྲུང་བསྐུད་ལ། ཨོཾ་བཛྲ་རཀྵ་ཧཾ་ཞེས་བྱ་བ་འདི་བཟླས་ལ། བདག་ཉིད་ཀྱིས་ཡང་དག་པར་བཅིངས་པར་བྱའོ། །དེ་ནས་ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ་ཞེས་བྱ་བའི་ཕྱག་རྒྱ་དང་ལྡན་པའི་བྱམས་པའི་གོ་ཆས ་གོ་བསྐོན་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ་།རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་གཉིས་ཀྱིས་མདུད་པ་དང། །བདག་གམ་གཞན་ལ་གོ་བསྐོན་ན། །བརྟག་པ་ཡིན་བསྲུང་པར་འགྱུར། །དེ་ནས་སློབ་མ་རྣམས་ལ་འདི་སྐད་ཅེས་བརྗོད་པར ་གཙུག་དུ་དགོད་དོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེ་བོ་སྙིམ་པ་བཅུ་གནས་སུ། །མཛུབ་མོའི་རྩེ་མོ་བཀབ་པ་ནི། །སེམས་དཔའ་ཨི་གཙུག་ཏོར་ཞེས་བྱར་གྲགས། །དེ་ནས་སློབ་མ་རྣམས་ལ་འདི་སྐད་ཅེས་བརྗོད་པར ་བྱ་སྟེ། བཞིན་བཟང་དག་ལོངས་ལ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་གྱིས་ཤིག་།ནང་པར་ཐར་བ་ཆེན་པོའི་གྲོང་ཁྱེར་མཐོང་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་མཆོད་པ་བྱས་ལ་བདུག་སྤོས་ཕུལ་ཏེ། བཅོམ ་ལྡན་འདས་འཁོར་དང་བཅས་པ་ཉེ་བར་སྙན་གསན་དབབ་པ། སྤྱན་དྲང་བར་བྱའོ། །རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད ་པའི་ཕྱིར། སན་ནི་དཀྱིལ་འཁོར་བྲི་བ་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང། །གསང་སྔགས་ལྷ་གཞན་གང་ལགས་དང།། ་འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཆེན་ཨང། །གང་དུ་ལྷ་ཡི་སྦྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི ་མིང། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་དྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཞུགས་ནི་བརྩེ་བར་དགོངས་ནས་སུ། །ཚེགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཞེས་ལན་གསུམ ་བརྗོད་དེ་ལྟ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཕྱག་རྒྱས་ལ་།མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ལ། ཕྱག་བྱས་ཏེ། སློབ་མ་རྣམས་ལ་ཟབ་ཅིང་རྒྱ ་ཆེ་བའི་ཆོས་བཤད་པ་བྱས་ནས། སློབ་མའི་ཚོགས། དང་བཅས་པའི་སློབ་དཔོན་དཀྱིལ་འཁོར་གྱི་སའི་མཛའ་ལོགས་སུ་ཉལ་བར་བྱའོ། །དེ་ནས་སྐྱ་རེངས་འཆར་བའི་དུས་སུ། ཁྲུས་བྱ་བ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་བྱས་ལ། ཉི་མ་འཆར་བའི ་དུས་སུ་དཀྱིལ་འཁོར་བྲི་བ་བརྩམས་པར་བྱ་སྟེ། དེ་བཞིན་དུ་དང་པོའི་རྡོ་རྗེ་བསྐྱེད་ནས། དང་པོ་ཁོ་ནར་སྲད་བུ་ཚོན་དམར་པོ་དང། ལྗང་གུ་དང། སྔོན་པོ་དང། སེར་པོ་དང། དཀར་པོ་དྲི་ཞིམ་པས་སོ་སོར་བཅོ་བར་བྱའོ། །དེ་ནས་རིམ་པ་འདི་ཉིད ་ཀྱིས་བཞག་ལ། ཧྲི་ཨ་ཧཱུཾ་ཏྲཾ་ཨོཾ་ཞེས་བྱ་བའི་ས་བོན་གྱི་ཡི་གེ་རྣམས་ལས། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། རྣམ་པར་སྣང་མཛད་རྣམས་སྲད་བུ་ལ་རྣམ་པར་ ་བསམ་ལ། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་རང་རང་གི་ཕྱོགས་ན་བཞུགས་པས། རང་རང་གི་ས་བོན་གྱི་འོད་ཟེར་གྱི་སྲད་དུ་རང?་རང་གི་ཐུགས་ཀ་ལས་ཡང་དག་པར་གཏོང་བར་བསམ་པར ་བྱའོ། །དེ་ནས་དེ་རྣམས་འབར་བའི་ལྟ་བ་དང། ལྕགས་ཀྱུས་ཛ་ཧྲི་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། འབར་བའི་ལྟ་བ་དང། ལྕགས་ཀྱུས་བཀུག་ནས། རང་གི་ལག་པ་གཉིས་སུ་བཞག་ལ། རང་གི་ལག་པར་བཞག་པ་དེ་རྣམས་ཀྱིས་ཕྱི ་རོལ་གྱི་སྲད་བུ་ལ་ཀུན་ཏུ་བཀང་ལ་བསྒྲིལ་བར་བྱ་སྟེ། ཨ་ནྱོ་ཉ་ཨ་ནུ་ག་ཏ་སརྦ་དྷརྨཱ་པ་ར་སྤ་ར་ཨ་ནུ་པྲ་བཥྚི་སརྦ་དྷརྨཱ། ཨ་ཏྱན་ཏ་ཨ་ནུ་པྲ་བཥྚི་སརྦ་དྷརྨཱ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་དྲི་བཟང་པོས་བྱུགས་པའི་གསེར་ལ་སོགས་པའི ་སྣོད་དུ་བཞག་ལ་མེ་ཏོག་གིས་གཏོར་ཏེ། ཡང་དག་པར་མཆོད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གཟུང་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་དྲི་ཞིམ་པོས་བྱུག་ལ ་མེ་ཏོག་གི་སིལ་མ་གཏོར་ཏེ། ནམ་མཁའ་ལ་བཞུགས་པའི་བཅོམ་ལྡན་འདས་མེ་ཏོག་ལ་སོགས་པ་དང། གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། མིག་གཡས་གཡོན་དུ་ཛ་གཉིས་ལས་ཉི་མ་དང་ཟླ་བ་ཁ་དོག་སེར་པོ ་བསྐྱེད་དེ་ཡིད་ལ་ཧཱུཾ་ཟློས་ཤིང། རྣམ་པར་སྣང་མཛད་དུ་བསྒྱུར་ནས། བཛྲ་ཀརྨ་ཞེས་བརྗོད་དེ། རང་གི་སྙིང་ག་ལས་བསྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་སུ་དྲངས་ལ་ཕྱུང་སྟེ། ཧཱུཾ་ཞེས་བཟློས་ཤིང་ཡང་རྡོ་རྗེ་འཛིན་པ་ཆེན་པོར་བདག ་ཉིད་བསམ་ལ། དྲི་ཞིམ་པོ་དང། ཡུངས་ཀར་དང་ལྡན་པའི་ཚོགས་དཀར་པོ་དང། ལྷན་ཅིག་བསྒོས་ཏེ་སྲད་བུ་དེ་དང་པོའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་ལ། ཕྱི་ནས་ཅི་བདེར་བྱ་བ་དང། རིམ་པ་འདིས་ཐིག་གདབ་པར་བྱའོ། །དེ་ལ་དང་པོ་ཁོ་ནར་དེ་བཞིན ་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། ཡི་གེ་རྫས་བསྒྲུབ་པའི་གྲགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་ཅན་གྱི་ལག་ཏུ་གཏང་བ་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ་ནས། སློབ་དཔོན་ནུབ་ཏུ་གནས་ནས། ཤར་དུ་བལྟས་ཏེ། ཚངས་པའི་ཐིག་གདབ ་པར་བྱའོ། །ཡང་ལྷོ་ཕྱོགས་སུ་གནས་ནས། ཁ་བྱང་ཕྱོགས་སུ་བལྟས་ཏེ་།ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་ནས་ཤར་ལྷོ་མཚམས་སུ་གནས་ནས། བྱང་ཕྱོགས་སུ་ཁ་བལྟས་ཏེ། ཕྱིའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ ་ནས་ནུབ་བྱང་མཚམས་སུ་གནས་ནས། ལྷོ་ཕྱོགས་སུ་ཁ་བལྟས་ཏེ། ནུབ་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་གནས་ནས་ཁ་ཤར་དུ་བལྟས་ཏེ་བྱང་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །ཡང་ཤར་ལྷོའི་མཚམས་ཀྱི་ཆ་ལ་འདུག་ནས། ནུབ ་ཕྱོགས་སུ་བལྟས་ཏེ། ལྷོ་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཁྱམས་ཀྱི་ཐིག་དང། ལྷའི་རྣམ་བུའི་ཐིག་ཀྱང་གདབ་པར་ཤེས་པར་བྱ་སྟེ། ཐམས་ཅད་དུ་སློབ་དཔོན་དང། སྒྲུབ་པའི་གྲོགས་མཆོག་ནི། བསྐོར་བའི་ཚུལ་གྱིས་འགྲོ་བར་ཤེས ་པར་བྱའོ། །དེ་ནས་ཤར་ལྷོ་མཚམས་སུ་གནས་ནས་ནུབ་བྱང་མཚམས་ཀྱི་བར་དུ་སྲད་བུ་བརྐྱང་སྟེ་ཐིག་གདབ་པ་དང། ཡང་ལྷོ་ནུབ་ཀྱི་མཚམས་སུ་འདུག་ལ་།བྱང་ཤར་གྱི་མཚམས་སུ་སྲད་བུ་བརྐྱང་སྟེ། ཐིག་གདབ་པར་ཤེས་པར་བྱའོ། །དེ་ནས་སྒོ ་དང་སྒོ་ཁྱུད་གདབ་སྟེ། དེ་ལ་ཐིག་གདབ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱའོ། །ཛ(རྒྱུད་འགྲེལ་བརྒྱད་ཆིར?་བྱའོ། །སྒོ་འགྲམ་དང་ཁ་ཁྱེར་དང་ལྷའི་སྣམ་བུ་ནི་སྒོ་ཕྱེད་ཀྱིས་ཚད་དོ། །ཚོན་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་དོ། །རྟ་བབས་ཀྱི་ཚད་ནི་སྒོའི་སུམ་འགྱུར་དུ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ནི་ནང་གི་དཀྱིལ་འཁོར་ཏེ་ཟུར་བཞི་པ། སྒོ་བཞི་པ ་ཀ་བ་བརྒྱད་པ། རྟ་བབས་མེད་པར་ལེགས་པར་ཐིག་བཏབ་ལ། དཀྱིལ་འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུར་བུ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ། སྟེང་རྡོ་རྗེ་རྩེ་ལྔ་པ་ལྟ་བུར་བྱས་ཏེ་།ཧཱུཾ་ལས་བསྐྱེད་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ ་བིགྷྞན་བནདྷ་ཧཱུཾ་ཕཊ། ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་། རྡོ་རྗེ་བརྡུང་བར་བྱའོ། །དེ་ལ་བཏགས་པའི་སྲད་བུས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཐིག་གདབ་པར་བྱའོ། །དེ་ལ་དཀྱིལ་འཁོར་བརྒྱད་ཆ་འདྲ་བའི་ཀ་བ་བརྒྱད་ཉིད་ཀྱི་ཐིག་ཆ་མཉམ ་པར་ཐིག་གདབ་པར་བྱ་སྟེ་།ཤར་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི། ལྷོ་ཕྱོགས་ཀྱི་ཆར་འདུག་ལ་བྱང་དུ་བལྟས་ཏེ། ཐིག་གདབ་པར་བྱའོ། །ནུབ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་བྱང་ཕྱོགས་ཀྱི་ཆར་གནས་ལ་ལྷོ་ཕྱོགས་སུ་བལྟས་ཏེ། གདབ་པོ། །བྱང་ཕྱོགས་ཀྱི ་ཆའི་ཀ་བའི་ཐིག་ནི་ནུབ་ཕྱོགས་སུ་འདུག་ལ་ཤར་དུ་ཁ་བལྟས་ཏེ། གདབ་བོ། །ལྷོ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་ཤར་ཕྱོགས་ཀྱི་ཆར་འདུག་ལ་ནུབ་ཏུ་བལྟས་ཏེ་གདབ་པར་བྱའོ། །ད་ནི་ལུང་ལས་གསུངས་པའི་ཐིག་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས ་ཐིག་ནི་གདབ་བྱ་བ། །སྲད་བུ་གཉིས་འགྱུར་དག་གིས་ཏེ། ནམ་མཁའ་ཐམས་ཅད་ཚད་གྱུར་པས། །ཚད་མེད་པ་ནི་ཚད་ཡིན་ཏེ། །བཟང་པོ་སངས་རྒྱས་ཀུན་གྱི་གནས། །ཕྱོགས་རྣམས་ཐམས་ཅད་མཉམ་པ་ཉིད། །ཤར་དང་ནུབ་དང་བྱང་དང་ལྷོ། །ཐིག ་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཟུར་བཞི་པ་ལ་སྒོ་བཞི་པ། །ཁྱམས་རྣམས་ཀྱིས་ནི་ལེགས་པར་བསྐོར། །རྟ་བབས་བཞི་དང་ཡང་དག་ལྡན། །འོད་ཟེར་འབར་བ་འཁྲིགས་པའི་འོད། །དཀྱིལ་འཁོར་ཀུན་གྱི་གྲཝ་རྣམས་དང། །སྒོ་དང་སྒོ་ཁྱུད ་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་རབ་གནས་པའི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །མི་མཉམ་མེད་པས་ཟུར་བཞི་སྟེ། །དྲན་དང་དབང་པོའི་སྒོ་བཞིའོ། །བསམ་གཏན་རྣམས་ཀྱི་རྟ་བབས་བཞི། །ཏིང་འཛིན་ཁ་ཁྱེར་ཤེས་པར་བྱ། །ཁ་ཁྱེར་ལ ་བརྟེན་རྡོ་རྗེ་བདག། གཟུངས་རྣམས་ལྷ་མོས་མཆོད་པ་ཡིན། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག། དར་ཕན་དྲིལ་བུ་སྒྲོགས་པ་ཡིན། །མེ་ལོང་ཡེ་ཤེས་རྟག་མེད་རྟོག ་བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང། །དྲི་བ་དྲ་ཕྱེད་རིན་ཆེན་མཆོག་།ཉི་མ་ཟླ་བ་ཡང་དག་ལྡན། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་པའོ། །ཕྱིའི་དཀྱིལ་འཁོར་རོ།། །།དེ་ཡི་ནང་གི་དཀྱིལ་འཁོར་ནི། །དཀྱིལ་འཁོར་བརྒྱད ་པ་དག་དང་མཚུངས། །རྡོ་རྗེའི་ཐིག་ནི་ཡོད་བཏབ་པས། །རྡོ་རྗེ་འཁོར་ལོ་ཞེས་བྱར་གྲགས། །བྱང་ཆུབ་སེམས་ནི་ཐེག་པ་ཆེ། །རྡོ་རྗེ་ཐིག་ནི་རབ་བསྐོར་བས། །རྡོ་རྗེ་ཐིག་ནི་ཡོངས་བཏབ་ལ། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །ཡང་དག་བྲིས་ཏེ་ཀུན་གྱི་མཆོག། ་ཐར་པ་ཆེན་པོའི་རང་བཞིན་གྲོང། །ཐོག་མ་མེད་ཅིང་མཆོག་ཉིད་པས། །ཕྱོགས་རྣམས་ཐམས་ཅད་མཉམ་པ་ཡིན།། །།དེ་ནས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ་།གྲིཧྞ་པ་ཡ་གྲིཧཏཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ་ཞེས་བརྗོད་ལ་དཀྱིལ་འཁོར་གྱི་ལྟེ་བ་ལ་གནས་པའི་ཕུར་བུ་ཕྱུད་ལ། འོག་ནས་བཤད་པའི་མཚོན་སྣ་ལྔས། ཕུར་བུའི་བུ་ག་བཀང་སྟེ་མཉམ་པོར་བྱའོ། །དེ་ནས་མིག་གཉིས་ལས་ཉི་མ་དང། ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་ཏུ་བལྟས་ཏེ། སྒོ ་རྣམས་བྱའོ། །དེ་ནས་ཚོན་སྦྱར་བ་བཤད་པར་བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བས་ཕྱག་རྒྱ་འདི་དང་ལྡན་པས་ཚོན་ཐམས་ཅད་ལ་ལན་བདུན་བཟླས་ན། རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངS ་སོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། །རྡོ་རྗེ་ཕྱག་རྒྱ་གཉིས་ལས་ནི། །མཛུབ་མོ་རྩེ་མོ་མཉམ་སྦྱར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཧི་ཞེས་བྱ་བའི་མཐར་ཁྲོ་བོ་ཏི་རིན་ཏེ་རིའི་ཕྱག་རྒྱ་བཅིངས་ལ་སྦར་བར་བྱའོ། །དེ་ལ ་ཚན་རྩི་དཀར་པོ་ལ་ནི། དེ་བཞིན་གཤེགས་པ་དཀར་པོའི་ཕྲ་རབ་རྣམས་གཞུག་པར་བྱའོ། །སེར་པོ་ལ་ནི་སེར་པོའོ། །སྔོན་པོ་ལ་ནི་སྔོན་པོའོ། །ལྗང་གུ་ལ་ནི་ལྗང་གུའོ། །དམར་པོ་ལ་ནི་དམར་པོ་བཅུག་ནས། ཇི་སྐད་དུ་བཤད་པའི ་འབར་བའི་ལྟ་བས། མངོན་པར་སྦར་བའི་དུས་སུ་ཡང་དང་པོའི་རྡོ་རྗེ་ཐོག་མར་ཚོན་དགྱེ་བ་བརྩམས་པར་བྱས་ལ། ཚོན་ཐམས་ཅད་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཧཱུཾ་ཟློས་ཤིང་དགྱེ་ལ་དེའི་འོག་ཏུ་ཇི་ལྟར་དགའ་བར་ཚོན ་དགྱེ་བར་བྱའོ། །དེ་ལ་ཚོན་དགྱེ་བའི་རིམ་པ་ནི་འདི་ཡིན་ཏེ། དམར་པོ་དང། ལྗང་གུ་དང། སྔོན་པོ་དང། སེར་པོ་སྟེ། དཀར་པོ་ནི་ཐམས་ཅད་ཀྱི་ནང་རོལ་དུའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨའི་གདན་ལ། ། ་དཔལ་རྡོ་རྗེ་སེམས་དཔའ་མཚན་ཉིད་ལྔར་བཤད་པ་ལྟ་བུའི་ལུགས་མ་ལ་སོགས་པའི་སྐུ་གཟུགས་བཀོད་ལ། ཧཱུཾ་གིས་ཀྱང་བར་སྣང་གི་ཕྱོགས་སུ་སྤྱན་དྲངས་ཏེ། གཟུགས་དང་གཅིག་ཏུ་བསྲེ་བར་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་ཤེས་པར ་བྱ་སྟེ། གང་གིས་ཕྱིར་ལྷ་ཐམས་ཅད་ཀྱི་ཡང་དགོད་པའི་སྙིང་པོ་ནི་ཧཱུཾ་འདི་ཉིད་དོ། །དེ་ལ་དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ་སྐུ་མདོག་དམར་སྐྱ། །དེ་བཞིན་གཤེགས་པ་ལྔའི་ཅོད་པན་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། མེ་ཏོག་ཅན་གྱི་མདའ་གཞུ་བསྣམས ་པ། ཕྱག་གཡས་ནས་རྡོ་རྗེ་རྩེ་གཅིག་པའི་མདེའུ་ཅན་གྱི་མདའ་གསོར་བ་ལ་བརྩོན་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལ་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན། རྡོ་རྗེ་ཁུ་ཚུར་བཅིངས་པའི་ཕྱག་གཉིས་ཀྱིས་རང་གི་ཐུགས་ཀའི ་ཕྱོགས་སུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་མདོག་དམར་པོ་བསྣམས་ནས?་འཁྱུད་པའི་ཚུལ་གྱིས་བཞུགས་པའོ། །དེའི་རྒྱབ་ཏུ་རྡོ་རྗེ་དྲན་པ་སྐུ་མདོག་སྔོ་སྐྱ། ཕྱག་གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ། ཕྱག་གཡོན་གྱིས་གདན་ལ་བསྙེམས་པ ་དང་བཅས་པས་བཞུགས་པའོ། །དེའི་གཡོན་དུ་རྡོ་རྗེ་བསྙེམས་པ་གསེར་བཙོ་མ་ལྟ་བུའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ཏེ། སྐུ་གཉིས་སུ་བསྙེམས་པ་དང་བཅས་པ། དབུ་གཡོན་དུ་ཅུང་ཟད་འདུད་པ་སྒེགས་པ་དང ་བཅས་པའོ། །ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་རབ་ཏུ་དགའ་བ་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པའོ། །ལྷོ་ནུབ་མཚམས་སུ་རབ་ཏུ་དགའ་མ་སྐུ་མདོག་ཀཱི་ལི་ཀཱི་ལ་དང་མཐུན་པའོ། །ནུབ་བྱང་མཚམས་སུ་རྡོ་རྗེ ་སྤྱན་སྐུ་མདོག་རྡོ་རྗེ་དྲན་པ་དང་མཐུན་པའོ། །བྱང་ཤར་མཚམས་སུ་དཔལ་ཆེན་མོ་སྐུ་མདོག་རྡོ་རྗེ་བསྙེམས་པ་དང་མཐུན་པ་སྟེ། དེ་དག་ཀྱང་གོ་རིམ་ཇི་ལྟ་བ་བཞིན་དུ་མེ་ཏོག་གི་ཟ་མ་ཏོག་དང། སྦོས་ཁང་དང། མར་མེའི་སྡོང་བུ་དང། དྲིའི་དུང ་ཆོས་རང་གི་སྤྱི་བོའི་ཕྱོགས་སུ་ཐལ་མོ་ཁ་འབྱེད་པས་འཛིན་པའོ། །རྡོ་རྗེ་ཕྲེང་བའི་ནང་དུ་ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་དཀར་པོ་རྡོ་རྗེ་རྩེ་ལྔ་པ་བསྣམས་པས་གནོན་གྱི་ཕྱག་རྒྱས་བཞུགས་པའོ། །དེའི་གཡས་ལོགས་སུ ་ཕྱག་ན་རྡོ་རྗེ། རྡོ་རྗེ་དང་དྲིལ་བུ་བསྣམས་ཤིང་།གཡོན་བསྙེམས་པ་དང་བཅས་པའོ། །གཡོན་དུ་འཇམ་དཔལ་གཞོན་གྱུར་པ་ནམ་མཁའ་ཨི་མདོག་ཅན། གཞོན་ནུའི་སྐུའི་ཆ་ལུགས་འཆང་བ། འཛུམ་བ་དང་བཅས་པ། ཕྱག་བཞིན་རལ་གྲི་བཞི་དང། །དེ ་བཞིན་གཤེགས་པ་རྣམས་ལ་འདེབས་པའོ། །རྡོ་རྗེ་ཕྲེང་བའི་ནང་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་བཻཌཱུརྱ་སྔོ་བསངས་ལྟ་བུའི་མདོག་ཅན། རྡོ་རྗེ་རིན་པོ་ཆེ་མཆོག་སྦྱིན་པའི་ཕྱག་གིས་བསྣམས་པ། དེའི་ལྷོ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི ་སྙིང་པོ་སྐུ་མདོག་བརྒྱད?་ལྟ་བུ་རང་གི་མགོ་ལ་དབང་བསྐུར་བའི་ཕྲེང་བ་རང་ཉིད་འཆིང་བ་ཞལ་རྣམ་པར་བཞད་པའོ། །གཡོན་ལོགས་སུ་ནམ་མཁའ་ཨི་མཛད་སྐུ་མདོག་སྣ་ཚོགས་པ་ཕྱག་ན་སྣ་ཚོགས་རྡོ་རྗེ་དང། སྣ་ཚོགས་དྲིལ་བུ་བསྣམས་ནས། རྡོ་རྗེ་བསྙེམས་པ ་བགྱིད་?་བྱས་ནས་བཞུགས་པ་ཞལ་རྣམ་པར་བཞད་པའོ། །རྡོ་རྗེ་ཕྲེང་བའི་ནང་གི་ནུབ་ཕྱོགས་སུ་འོད་དཔག་ཏུ་མེད་པ་གསེར་བཙོ་མ་ལྟ་བུའི་མདོག་ཅན་པདྨ་བསྣམས་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་ཆོས ་སྟོན་པར་མཛད་པའོ། །དེའི་གཡས་ལོགས་སུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་སྐྱ། གཡོན་པ་བསྙེམས་པ་དང་བཅས་པས་པདྨའི་སྡོང་བུ་བཟུང་ནས། ཕྱག་གཡས་པས་རང་གི་ཐུགས་ཀར་འབྱེད་པར་མཛད་པའོ། །གཡོན་ལོགས་སུ་སེམས་བསྐྱེད ་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། གསེར་གྱི་མདོག་ཅན་ཕྱག་གཡོན་པས་གདན་ལ་རྟེན་པ། ཕྱག་གཡས་པའི་གུང་མོའི་རྩེ་མོར་རྡོ་རྗེ་འཁོར་ལོའི་རྩིབས་བརྒྱད་པ་རང་གི་ཐུགས་ཀའི་ཕྱོགས་སུ་བསྐོར་བའི་ཚུལ་གྱིས་བསྣམས་པ། ཞལ་རྣམ་པར ་བཞད་པས་བཞུགས་པའོ། །རྡོ་རྗེ་ཕྲེང་བའི་ནང་གི་བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་སྐུ་མདོག་སྣ་ཚོགས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་ཁུ་ཚུར་གསེར་གྱི་མདོག་ཅན་དམ་ཚིག ་ཁུ་ཚུར་གྱིས། རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ཞལ་རྣམ་པར་བཞད་པའོ། །གཡོན་ལོགས་སུ་རྡོ་རྗེ་གནོད་སྦྱིན་སྐུ་མདོག་སྔོན་པོ་རྡོ་རྗེ་མཆེ་བ་རྣམ་པར་གཙིགས་པ་འབར་བའི་ཕྲེང་བ་ཀུན་ཏུ་འཁྲིགས་པའི་འོད་མངའ་བ། འཇིགས་པར་མཛད་པ། ? ་ཞེས་གསལ་བར་བཞད་པའི་ཞལ་གྱིས་ཀུན་ཏུ་བཞུགས་ཤིང། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་མཆེ་བའི་མཚོན་ཆ་བསྣམས་ནས། ཞལ་གྱི་གྲཝ་གཉིས་སུ་འཛག་པས་བཞུགས་པའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ། ཤར་ལྷོ་མཚམས་ཀྱི་ཕྱོགས ་སུ་རྡོ་རྗེ་སྒེག་མོ། རྡོ་རྗེ་ཡིད་ལས་བྱུང་བའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས། གཉི་ག་བཉེམས་པར་བྱས་ཏེ། དབུ་གཡོན་དུ་འདུད་པས་ཕྱག་འཚལ་བའོ། །ལྷོ་ནུབ་མཚམས་སུ་རྡོ་རྗེ་བཞད་པ་རྡོ་རྗེ་བཀང? ་བ་རྡོ་རྗེ་ཀཱི་ལི་ཀཱི་ལ་དང་མདོག་འདྲ་བ་ཕྱག་གཡས་ན་སོའི་ཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས་བསྣམས་ནས། །བཞད་པའི་ཚུལ་དུ་མཛད་ཅིང། གཡོན་གྱི་གདན་ལ་བརྟེན་ཏེ་བཞུགས་པའོ། །ནུབ་བྱང་དུ་རྡོ་རྗེ་གླུ་ཆེན་མོ་སྐུ་མདོག་རྡོ་རྗེ་དྲན་པ་དང། མཐུན་པ་རྡོ ་རྗེ་མི་བང་བརྡུང་བར་མཛད་པའོ། །བྱང་ཤར་གྱི་མཚམས་སུ་རྡོ་རྗེ་གང་སྐུ་མདོག་རྡོ་རྗེ་སྙེམས་མ་དང་མཐུན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བསྣམས་ཏེ། གར་མཛད་པའོ། །ནང་དང་ཕྱི་རོལ་ཏུ་བཅས་པའི་ཤར་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་གཟུགས་སྐུ་མཆོག ་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པ་ཕྱག་ན་མེ་ལོང་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་སྒྲ་སྐུ་མདོག་རྡོ་རྗེ་ཀཱི་ལི་ཀཱི་ལ་རང་མཐུན་པའི་པི་བང་བརྡུང་བ་ལ་བརྩོན་པར་མཛད་པའོ། །ནུབ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ཇི་སྐུ་མདོག་རྡོ་རྗེ་དྲན་པ་རང ་མཐུན་པ་ཕྱག་ན་དྲིའི་དུང་ཆོས་བསྣམས་པའོ། །བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་རོ་སྐུ་མདོག་རྡོ་རྗེ་བསྙེམས་པ་དང་མཐུན་པ་ཕྱག་ན་དོའི་སྣོད་བསྣམས་པའོ། །དེའི་ཕྱིར་འདི་དག་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཉིད་ཡིན་པར་འདོད་དེ། མེ་ལོང་དང། པི་བང་དང། ་དྲི་བ་སྣོད་དང། རོའི་སྣོད་རྣམས་ནི་གཟུགས་ལ་སོགས་པའི་ཕྱག་མཚན་ཡིན་ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་ནོ་ཞེས་རྩ་བའི་རྒྱུད་ལས་གསུངས་པའོ།། །།ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ཀྱི་ནང་དུ་འདོད ་པའི་ཁམས་ཀྱི་དབང་ཕྱུག་རྣམས་སྔར་བཤད་པའི་རིམས་ཀྱིས་ཆུ་ལྷའི་མཐར་ཐུག་པའི་བར་དུ་ཆུང་མ་དང་བཅས་པར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོས་བྲི་བར་བྱའོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ ་རྗེ་གཟུགས་ཀྱི་བར་དུ་ནི་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །རྡོ་རྗེ་སེམས་དཔའ་ནི་ཤར་ཕྱོགས་སུ་གཟིགས་ནས་བཞུགས་པའོ། །ལྷག་མ་རྣམས་ནི་རང་གི་བདག་པོ་ལ་གཟིགས་ ་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་བྲིས་ནས། ཕྱི་དྲོའི་དུས་སུ་མཚམས་ལ་བབ་པ་ན་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་ཨ་བྱས་ལ། ཁྲོ་བོ་ཏི་རིན་ཏི་རིའི་བཅིངས་ཏེ། བཛྲ་དང་ཧཱུཾ་བཞི་བཟློས་ཤིང་དཀྱིལ་འཁོར་ཆེན་པོར ་འཇུག་བར་བྱའོ། །དེ་ནས་བསྐོར་བ་ལན་བདུན་བྱས་ལ་ལྷག་པ་དང་མ་ཚང་བའི་ཉེས་པ་ཞིག་པར་བྱ་བའི་ཕྱིར་རྡོ་རྗེ་དྲིལ་བུ་དཀྲོལ་ལ་དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ་བར་བྱ་བའི་ཚུལ་གྱིས ་བླངས་ཏེ་།ཕྲེང་བས་དབང་བསྐུར་བའི་སྔགས་ཀྱིས་རང་གི་མགོ་ལ་བཅིངས་ནས་སྒོ་དབྱེ་བ་ཇི་ལྟ་བ་བཞིན་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ལ། སུར་ཏ་འབཛྲོ་ཧཾ་ཞེས་བྱ་བ་ལ་སོགས་པ་དང། གཞན་ཡང་རང་གི་མིང་བརྗོད ་ཅིང། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུཾ་ཨ་ཞེས་བྱ་བ་དང། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ལྟེ་བར་རང་གི་རྡོ་རྗེའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར ་བསམ་ལ། ཧཱུཾ་བཛྲ་སཏྭ་ཧཾ་ཞེས་བྱ་བས། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་བཅིངས་ལ་།ཧཱུཾ་ཨ་ཞེས་བྱ་བ་དང། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ལྟེ་བར་རང་གི་རྡོ་རྗེའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར ་བསམ་མོ། །དེ་ནས་ཧཱུཾ་བཛྲ་རས་བྷཉྫ་ནོ་ཧཾ་ཞེས་བྱ་བས་ཕྱག་རྒྱའི་ང་རྒྱལ་དུ་བསམ་ལ། ཧཱུཾ་བཛྲ་ར་སོ་ཧཾ་ཞེས་བྱ་བས་ཕྱག་རྒྱའི་གཟུགས་ཏེ། རྡོ་རྗེ་རོའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་བདག་ཉིད་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡུ་བ་དང། མཚན་བརྒྱ་སུ་རྒྱད ་པས་བསྟོད་པས་དེ་བཞིན་དུ་བྱས་ལ། རྡོ་རྗེ་ཅན་གྱི་སྤྱན་སྔར་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ལ་ཡོངས་སུ་བརྟག་པའི་དཀྱིལ་འཁོར་དེ་དག་སོང་བའི་ལྕགས་ཀྱུ་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ། དེ་བཞིན་དུ་རྡོ་རྗེ་?་གནོད་སྦྱིན་གྱིས་བག་ནས ་བསྐྲད་པ་ལ་སོགས་པ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་གནོད་སྦྱིན་གྱིས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། དེ་བཞིན་དུ་མཆོད་ཡོན་ཕུལ་ནས་དང་པོའི་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་བསམ ་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པའི་བར་གྱིས་ལས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོས་ཉེ་བར་བསྟན་ནས། དབང་བསྐུར་བའི་ཕྱག་རྒྱས་དེ་རྣམས་དབང་བསྐུར་ལ། མཆོད་ཡོན་ཕུལ་ཏེ། བུམ་པ་གདབ་ལ་སོགས་པས ་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་པར་བྱའོ། །དྲིལ་བུའི་མཆོག་བཏགས་རྒྱལ་མཚན་དག་།གྲཝ་རྣམས་སུ་ནི་བཞག་པར་བྱ། །ཕྱི་ཡི་མཚམས་ཀྱི་གནས་སུ་ནི། །བུམ་པ་ཡལ་གར་བཅས་པས་མཛེས། །ཕྱག་ན་རྡོ་རྗེའི་སྤྱན་སྔར་ཡང། །བུམ་པ ་སྤོས་ཆུས་གང་བ་བཞག། གང་ཞིག་རྡོ་རྗེར་བཅས་པ་ལ། །ནགས་ཀྱི་ལྕུག་མས་བཟླས་བརྗོད་བྱ། །འདི་སྐད་སྟོན་པར་འགྱུར་ཏེ། རྩ་བ་ནག་པོའི་རི་རི་མེད་པ། ལྟོ་བ་ཆེ་བ་མགྲིན་པ་མཐོ་བ་། མཆུ་འཕྱང་པ། བྱུ་རུ་དང། གསེར་དང་དུང་དང། མུ་ཏིག་དང། པདྨ ་རཱ་ག་སྟེ་རིན་པོ་ཆེ་ཐམས་ཅད་དང། བྲི་ཧ་ཏི་དང། ཀཎྚ་ཀ་རི་དང། ཧ་ས་ཧ་དང། དཏྭོཏ?་པ་བཟའ་?་དང། ཨ་པ་ར་ཛི་ཏ་དཀར་པོ་སྟེ། སྨན་ཐམས་ཅད་དང། འབྲས་སཱ་ལུ་དང། ནས་དང། གྲོ་དང། ཏིལ་དང། མ་ཤ་སྟེ། འབྲུ་ཐམས་ཅད་དང། ཙན་དན་དཀར ་པོ་དང། ལྡན་པའི་ཆུ་དང། མེ་ཏོག་དཀར་པོ་དང། དྲི་ཤིན་ཏུ་ཞིམ་པ་རྣམས་ཀྱིས་ཡོངས་སུ་བཀང་ལ། ཕྱི་རོལ་ཀུན་ཏུ་དྲི་ཞིམ་པོས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ལ། རང་གི་ལྷའི་ཕྱག་རྒྱས་མཚན་པ། མདུལ་བར་?་གཙང་མ་བཟུང་པོས་བཀྲིས? ་པ། འབྲས་བུ་དང་ལོ་མ་བཟང་པོ་དང་ལྡན་པའི་ཡལ་གས་ཁ་བརྒྱན་པ་དང་པོའི་རྡོ་རྗེས་ཡོངས་སུ་གཟུང་བའི་མེ་ཏོག་གི་ལྕུག་མ་ལ་མཚན་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཤིང། ཧཱུཾ་ཡང་བཟླས་ལ་ཕྱི་རོལ་ཀུན་ཏུ་ལྷ་རེ་རེ་ཞིང་དབུལ་བར་བྱ་སྟེ། དེ་ལ་ཐར་པོར ་དཔལ་རྡོ་རྗེ་སེམས་དཔའ་ཨི་མདུན་དུ་གཅིག་དབུལ་བར་བྱའོ། །ཡང་བུམ་པ་གཅིག་འཇུག་བསྒོར་མངོན་དུ་ཕྱོགས་པར་བཞག་པར་བྱའོ། །དེ་ལྟར་བུམ་པ་བུལ་ནས་བུམ་བ་གང་བ་ཡང་སོ་སོར་དབུལ་བར་བྱའོ། །དེ་ལྟར་འབྱོར་བར ་མ་གྱུར་ན། །བཅོམ་ལྡན་འདས་ལ་བུམ་པ་གཅིག། ལྷག་མ་རྣམས་ལ་བུམ་པ་ལྔ་དང། བུམ་པ་གང་བ་ཡང་དབུལ་བར་བྱ་སྟེ། བཅུ་ལས་ཉུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བུམ་པ་རྣམས་དང། བུམ་པ་གང་བ་ཡང་ཕུལ་ནས། རས་ཟུང ་འབུམ་མ་མ། ཁྲིའམ། སྟོང་ཕྲག་གཅིག་གམ། ལྷ་རེ་རེ་ཞིང་རྡོ་རྗེ་རིན་པོ་ཆེ་དང། ཧཱུཾ་གཉིས་བཟླས་ལ། དབུལ་བ་དང། བླ་རེ་དང། རྒྱལ་མཚན་དང་བ་དན་སྣ་ཚོགས་པ་རྣམས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར ་བྱའོ། །མེ་ཏོག་གི་ཤིང་བརྒྱ་འམ་།བཞི་འམ། མེ་ཏོག་ཐམས་ཅད་ཀྱང་སྔར་བཤད་པའི་མེ་ཏོག་གི་རིག་སྔགས་ཀྱིས་དབུལ་བ་དང། དྲི་ཐམས་ཅད་ཀྱང་དྲིའི་རིག་སྔགས་ཀྱིས་དབུལ་བ་དང། ག་བུར་དང། ཨ་ཀ་རུ་དང་དུ་རུ་ཀ་དང། ཙན་དན་ལ ་སོགས་པའི་བདུག་པ་རྣམས་ནི་བདུག་པའི་རིགས་པས་སོ། །ཁ་ཟས་རོ་བརྒྱ་པ་ལ་སོགས་པ་ནི་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པས་སོ། །མར་གྱི་མར་མེ་ལ་སོགས་པ་ནི་མར་མེའི་རིག་སྔགས་མངོན་པར་བཟླས་ལ། བཛྲ་སྤ་ར་ཎ་ཁམ་ཞེས་བརྗོད ་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར་བྱའོ། །མ་འབྱོར་ན་ཡང་བཅུ་ལས་ཉུང་བར་མི་བྱའོ། །མར་མེ་སྡོང་བུ་དང་བཅས་པའི་སྣོད་ཆེན་པོ་སྟོང་བཞག་པར་བྱ་སྟེ། ཐ་ན་སྣོད་ཆེན་པོ་བཞི་མར་མེའི་རིག་སྔགས་ཉིད་ཟླས་ལ་དབུལ ་བར་བྱའོ། །རོལ་མོ་བརྒྱ་སྟོང་དམ། རོལ་མོའི་སིལ་སྙན་བཅུ་ཧཱུཾ་གིས་རོལ་མོའི་ཕྱག་རྒྱ་དང་ལྡན་པས་བཟླས་ལ་དབུལ་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལག་པའི་སོར་མོ་རྣམས་ཀྱིས་རོལ་མོ་རྡུད་པ་ལྟ་བུ་རྣམ་པ་བཅུ་པོ་འདི་ལྟ་སྟེ། པི་བང་དང། གླིང་བུ ་དང། རྔ་དང་མུ་ཀུཎ?་དང། རྔ་བོ་ཆེ་དང། རྫ་རྔ་དང། རྔ་རིངས་དང། ཀུན་ཛ་དང། ཏི་མི་ལ་བརྡུང་བའི་རྐེད་ཉག་ཚུལ་དུ་བྱེད་པའོ། །ཕྱི་རོལ་དུ་གང་ལ་སོགས་པ་ཡང་ཧཱུཾ་ཉིད་ཀྱིས་དབུལ་བར་བྱའོ། །དར་དཔྱངས་འཕྱང་བར་བྱ་བ་དང། མེ་ཏོག་གི་ཆུན ་པོ་དང། རྔ་ཡབ་ཀྱིས་རྣམ་པར་བརྒྱན་པ་དང། དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ་དང། ཟླ་བ་ཕྱེད་པ་དང་བཅས་པས་ཉེ་བར་མཛེས་པར་བྱས་པ་དང། རྟ་དང་གླང་པོ་ཆེ་དང། བ་ལང་གི་ཁྱུ་ཤིན་ཏུ་བརྟགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བ ་དྲིལ་བུ་དང་བཅས་པ་ཡང་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པས། བཅོམ་ལྡན་འདས་འཁོར་དང་བས་པ་ཡང་དག་པར་མཆོད་ལ། ཨོཾ་གྱིས་རིན་པོ་ཆེས ་བདུན་དང་།དཔག་བསམ་གྱི་ཤིང་དང། ཁ་ཟས་རོ་བརྒྱ་པ་དང། གླུ་དང་གར་ལ་སོགས་པའི་སྤྲིན་རྣམས་སྤྲུལ་ལ། དཔྲལ་བའི་ཕྱོགས་སུ་ཐལ་མོ་ཁོང་དུ་སྦྱར་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་པཱུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཧོ། ཞེས་བྱ་བས་དེ་རྣམས་དབུལ་བར ་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏཔནྣ་ཏྭཱ་ཏ་ཞེས་བྱ་བ་མངོན་པར་བཟླས་ལ། འདི་ཉིད་བརྗོད་ཅིང་ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་སྤྱན་མ་ལ་སོགས་པས་སྦྱིན ་སྲེག་བྱས་ལ། །དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཚུལ་གྱིས་ཐབ་ཀྱི་དབུས་སུ་མེ་ཏོག་གིས་བཞུགས་སུ་གསོལ་ལ། ཧཱུཾ་བཟློས་ཤིང་མེར་ལ་སོགས་པའི་རྫས་ལས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས? ་པ་ནས། རྡོ་རྗེ་རོའི་པིར་ལ་ཡང་ཧཱུཾ་བཟློས་ཤིང་རེ་རེ་ལ་སྦྱིན་སྲེག་བདུན་བདུན་དབུལ་བར་བྱའོ། །དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡ་མི་ཞེས་བྱ་བས། བྱང་ཆུབ་ཆེན་པོའི་སེམས ་བསྐྱེད་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ལས་རང་གི་སྙིང་གར་ལེགས་པར་བཞག་སྟེ། ཧཱུཾ་ཞེས་བྱ་བས་རྡོ་རྗེ་བསྐྱེད་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སུ་ར་ཏ་ས་མ་ཡ་སྟཝཾ་ཧོ། །བཛྲ་སིདྡཡ་ཡ་ཐ ་སུ་ཁཾ། དེ་ནས་སྒོར་བཞག་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། རས་དམར་པོ་ཟུང་གྱོན་ཞིང། མེ་ཏོག་གྱི་ཕྲེང་བ་བཏགས་པ་དང། གདོང་དྲི་ཞིམ་པོས་བྱུགས་ལ་ཇི་སྐད་དུ་བཤད་པའི་གང་ལས་བྱུང་བའི་རྡོ་རྗེ་ཐལ་མོ་བཅིངས ་ནས་དེ་དང་མེ་ཏོག་བླངས་ཏེ། དེའི་སྙིང་གའི་ཕྱོགས་སུ་བསྐོར་ནས་བཞག་ལ། བཛྲ་བཛྲ་ཧཱུཾ་ཞེས་བྱ་བ་ཟློས་ཤིང། སློབ་དཔོན་འཇུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོར་བཛྲ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་པར་བྱའོ། །ཡང་ལྷོ་ཕྱོགས་ཀྱི་སྒོར་དཀྱིལ་འཁོར་ཆེན་པོར་དེ་བཞིན་དུ་འཇུག་པར་བྱ་སྟེ་།བཛྲ་པཱ་ཤ་ཧཱུཾ་ཞེས་བརྗོད་ལ། རྡོ་རྗེ་བསྡམས་པ་ལས་ཞགS་པར་བྱས་པས་བདག་ཉིད་གཞུག་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་དེ་བཞིན་དུ་བདག ་ཉིད་ཞུགས་ལ། བཛྲ་སཕོ་ཊ་བཾ་ཞེས་བྱ་བས། རྡོ་རྗེ་ལྕགས་སྒྲོག་བཅིངས་ཏེ་བདག་ཉིད་བཅིང་བར་བྱའོ། །ཡང་བྱང་ཕྱོགས་ཀྱི་སྒོར་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨ། ཞེས་བྱ་བས་བདག་ཉིད་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་ཞུགས ་ལ། མཧཱ་ར་ཏ་སུ་དྲི་ཌཉ་སུ་ཏོ་ཥོ་སུ་སུ་ཥོ་བཛྲ་ས་ཏྭ་ཨཱརྱ་སིདྡྷཡ་མཱ་ཞེས་བརྗོད་དེ། རྡོ་རྗེ་གར་ལས་བྱུང་བའི་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་རྒྱའོ། །དེ་སྐད་དུ་ཞུགས་ནས་མགོན་ལ་ཕྱག་བྱས་ཏེ། གཡོན་པའི་རྡོ་རྗེ་མིག ་དང་ནི། །གཡོན་བསྙེམས་འཛུམ་པའི་ཚུལ་གྱིས་ནི། །རོལ་པའི་མིག་ནི་བཙུམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ོཾ་པ་ར་མ་ཤ་ཡ་སུ་ལ་ལི་ཏ་བི་ལ་སེ་ན་མི་ཏེ། ན་མ་མཱི་བྷཱ་ག་བྷཱ་ན་ཏ་མ། ཛ(རྒྱུད་འགྲེལ་ཧི་ཧི(རྒྱུད་འགྲེལ་བྱ་སྟེ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དེ་བདག་འགྲུབ་མཛོད། །ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཡང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་ཕྱེ་ལ། བདག་ཉིད་དབབ་པར་བྱ་སྟེ། ཨ་ཨ་ཞེས་བྱ་བ་བརྒྱ་བཟླས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་ཉིད་ཀུན་ཏུ་གང་བར་བསམ་མོ། །དེ་ནས་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་དོར་ལ། དེ ་སླར་བླངས་ཏེ། རང་གི་མགོ་ལ་དེ་ཉིད་ཀྱང་བཅིངས་པར་བྱའོ། །དེ་ནས་དེ་ཉིད་ཀྱི་གདོང་གཡོགས་དཀྲོལ་ལ། དེ་ཉིད་བཟློས་ཤིང་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། རྡོ་རྗེ་གཟུགས་ཀྱི་བར་གྱི་དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ ་ཞེས་བྱ་བ་ལ་སོགས་པས་ཞུགས་པའི་ཕྱག་རྒྱུ་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེ་བལྟ་བས་བལྟ་ཞིང། ཇི་སྲིད་བཅོམ་ལྡན་དས་ཀྱི་མཐོང་བ་གནང་ནས། དངོས་གྲུབ ་ཐམས་ཅད་སྩལ་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་འདུག་སྟེ། ཤིས་པ་བརྗོད་པའི་ཚུལ་གྱིས་བདག་གི་སྙིང་ཁར་གཞག་ལ། མཚན་བརྒྱ་རྩ་བརྒྱད་པ་ལ་སོགས་པས་བསྟོད་པ་བྱས་ཏེ། འདོད་ཆགས་རྡོ་རྗེ་ལ་སོགས་པ ་གསང་བའི་མཆོད་པ་བཞིས། བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་དེ། །གླུ་དང་རོལ་མོ་ལ་སོགས་པས་ཀྱང་མཆོད་ལ། ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཅོམ་ལྡན་འདས་རྡོ་རྗེའི་བལྟ་བས་བལྟ་ནས། རྡོ་རྗེ་ཐལ་མོ་བསྐོར་བཅོམ ་ལྡན་འདས་ལ་ཕྱག་བྱས་ནས་ཀྱང། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་དང་པོའི་རྡོ་རྗེས་གཟུངས་པའི་མེ་ཏོག་གི་ཡལ་ག་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་སྔགས་འདིས་བཟླས ་བརྗོད་ཉི་ཤུ་རྩ་གཅིག་བྱས་ཏེ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷ་ཨ་བྷི་ཥིཉྩ་སརྦ་སུ་ཁ་སོ་མ་ན་སྱ་ནི་ཨད་དཀུ་རུ་ཀུ་རུ་ཛ(རྒྱུད་འགྲེལ་རང་གི་ལུས་རྣམ་འབྱོར་ཆེན་པོས་བཤད་པའི་གནས་རྣམས་སུ་ལྷ་ཐམས་ཅད་དགོད་པར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་ཕྱག་རྒྱ་ཆེན་པོས་འདུག་ལ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར ་མཆོད་དེ། མཆོད་ཡོན་བླངས་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གཟུགས་རང་གི་མགོ་ལ་བཞག་སྟེ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུཾ་པ་བླངས་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩུ་ཧཱུཾ་ཞེས་བརྗོད་དེ། དེས་བདག ་ཉིད་དབང་བསྐུར་བར་བྱ་ཞིང་བཏུང་བར་བྱའོ། །ོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛ(རྒྱུད་འགྲེལ་བསྐུར་བ་ཐམས་ཅད་ཡང་དག་པར་བླངས་ཏེ་ལུགས་མའམ། བརྐོས་པའམ། བྲིས་པའམ། བྱས་པའི་སངས་རྒྱས་ཀྱི་ཕྲེང་བ་ལ་སོགས་པ་དང། ལྡན་པའི་ཅོད་པན་རྡོ་རྗེ་རིན་ཆེན་གྱི་སྔགས་དང་ཕྲེང་བའི་དབང་བསྐུར་བའི་སྔགས་བཟླས ་པས་བདག་ཉིད་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱིས་རྡོ་རྗེའི་དབང་བླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང། ཕྱག་རྒྱའི་མཆོད་པའི་རྣམ་པར ་འདོད་ཆགས་རྡོ་རྗེ་ལ་སོགས་པ་གསང་བ་བཞི་དང། བཅུ་གཉིས་ཀྱིས་བདག་ཉིད་མཆོད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞིང། དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཧཱུཾ་ཞེས་བྱ་བ་བརྗོད ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་གསང་སྔགས་གཟུང་སྟེ། ཚིགས་སུ་བཅད་པ་ལྔ་བས་རྗེས་སུ་གནང་བ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་ཡང་བླངས་ལ། བདག་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཇི་ལྟར་མངོན་པར་འདོད་པའི ་ཆོ་གས་བཅོམ་ལྡན་འདས་རབ་ཏུ་བསྒྲུབས་ལ་ཕྱིར་འབྱུང་བར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སྔར་བཤད་པའི་ཆོ་ག་ཉིད་ཀྱིས་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་གྱིས་ལྔ་པོ་བསྡུས་པའི་འདི་ཉིད་བཅིངས་ལ ་སླར་ཡང་ཞུགས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་སྔོན་ཁྱིམ་ལ་དགའ་བ་ཡི། །སྲིད་པའི་བདེ་བ་དག་བྱའི་ཕྱིར། །འདོད་པ་ཀུན་གྱི་དངོས་གྲུབ་ཅེས། །འགྲོ་བ་ཀུན་ཀྱང་འགྲུབ་པར ་གྱིས། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། སློབ་མ་གཞུག་པར་བྱའོ། །དེ་ལ་སླབ་པའི་གཞི་ལྔ་བླངས་པ་འམ། དགེ་སྦྱོད་དམ། དགེ་སློང་གི་བསླབ་པ་ཡོངས་སུ་བཟུང་བས། སྡོམ་པ་བཟུང་ལ་དེ་སློབ་དཔོན་ལ ་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་བསྟན་པས། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ ་རྣམས་ཀྱང་སྩལ་དུ་གསོལ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་རས་དམར་པོ་བཟང་པོ་གཅིག་གིས་སྨོད་གཡོགས་བྱ། །གཅིག་གིས་སྟོན་གཡོགས་བྱས་ལ། ཡང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང། རྡོ་རྗེ་འབེབས་ ་པས། གདོང་གཡོགས་ལ་ཡོངས་སུ་བཟླས་ལ། དེས་སློབ་མའི་གདོང་གཡོགས་པ་དང། མེ་ཏོག་གི་ཕྲེང་བ་གདགས་ཤིང། གདོང་དྲི་ཞིམ་པོས་བྱུགས་ལ་ཕྱག་བཞི་བྱེད་དུ་གཞུག་གོ། །།ཡང་ལག་ན་མེ་ཏོག་ཐོགས་པས་སློབ ་དཔོན་ལ་ཕྱག་བྱས་ལ་ལག་ན་མེ་ཏོག་ཐོགས་པ་ཉིད་ཀྱིས་སྡིག་པ་བཤགས་པ་དང། རྗེས་སུ་ཡི་རང་བ་དང། བསྐུལ་བ་དང། གསོལ་བ་གདབ་པ་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཐུབ་པའི་ཉི་མི་མ་ལུས་པ། །སངས་རྒྱས་རྣམས་ནི་བདག ་ལ་དགོངས། །བདག་མིང་འདི་ཞེས་བྱ་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་པ། །མི་ལྡོག་པ་ཡི་འཁོར་ལོས་འབྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོ་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས ་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང། །དེ་གོ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོངས་བ། །སློབ་དཔོན་ཆེན་པོ ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་གསོལ་པ་གདབ་པར་བྱ་སྟེ། ་ཆེ་ག་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་ཡང་སློབ་དཔོན་གྱི་ལྔ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱོད་གསང་བ ་ཆེན་པོའི་རིགས་དག་པ་ཤིན་ཏུ་སྤས་པ་ཡོངས་སུ་འཛིན་པར་འདོད་དམ་ཞེས་དྲི་བར་བྱའོ། །དེས་ཀྱང་བདག་འཚལ་ལོ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་།སངས་རྒྱས་ཆོས་དང་དགེ ་འདུན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག་།བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས ་བསྒྲགས་སོ། །སློབ་དཔོན་དག་ཀྱང་གཟུང་པར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པ་ལ། །ཉིན་དང་མཚན་དུ་ལན་གསུམ་དུ། །ཟང་ཟིང ་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས་སོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ་།སྡོམ ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཞན་ཡང་བཅུ་བཞི་འདི་དག་ནི། །པས་ཕམ་པར་ནི་རབ་ཏུ་བ་ཤིང། །སྤང་ཞིང་དར་བར་མི་བྱའོ། །རྩ་བའི་ལྟུང་པར་ཤེས་པར་བྱ། །ཉིན་དང་མཚན ་མ་ལག་གསུམ་དུ། །ཉིན་རེ་ཞིང་ནི་ཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། ཁོ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ། །འདོད་ལ་ལོག་པར་མི་སྦྱད་ཅིང། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང ་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། ། ་དག་གི་རྣམ་པ་བཞི་རྣམས་དང། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་པ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་ཡིན། །འཁོར་བདག་ཀྱང་ཡོངས་མི་སྤང། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང ་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ངེས་ཀྱང་འདི་སྐད ་བརྗོད་པར་བྱ་སྟེ། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་མྱ་ངན་འདས་ལ་དགོད། ། ་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་ལ་ཨོཾ་སརྦ་ཡེ་ཙིཏྟ་ཨུཏཔཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། དེའི་སྣང་གིར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ནས། རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ལ་འདི་སྐད་ཅེད་བརྗོད་པར ་བྱའོ། །དེར་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་གྱིས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བ་འདི་དཀྱིལ་འཁོར་མཐོང་བ་རྣམས་ལ་སྨྲ་བར་མི་བྱ་ཞིང། དད་པ་མེད་པ་རྣམས་ལ་ཡང་མ་ཡིན་ནོ། ། ་དེ་ནས་ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིང་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་དམ་ཚིག་གསང་བ་སྟེ། སངས་རྒྱས་ཐམས་ཅད་རབ་གྲུབ་པ། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །རིགས་རྣམས་ཐམས་ཅད་དེར་བརླག་འགྱུར། །ོཾ ་མ་ཧཱ་སུ་ཁ་ཧ་ན་ས་མ་ཡ་མཱ་ཏི་ཀྲ་མི་ཎ་མ་སུརསྟཝཾ། དེ་ནས་ཡོན་གྱི་མཆོག་བླངས་ལ། སྒོར་བཞག་པའི་བུམ་པའི་ཆུས་དབང་བསྐུར་ནས། །དང་པོར་རང་ཉིད་འཇུག་པའི་ཆོ་གས་གཞུག་པར་བྱའོ། །ཞུགས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ ་ར་ཏ་སུ་དྲི་ཌཧ། སུ་ཏོ་ཥྱོ་སུ་སུ་ཁོ། བཛྲ་སཏྭ་ཨཱདྱ་སིདྡྷཡ་མཱཾ། ཞེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ་།དེང་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས ་པ་ཐམས་ཅད་འགྲུབ་པར་ཡང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ཀྱིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག་།ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་།དེ་ནས་རྡོ་རྗེ ་སློབ་དཔོན་རང་ཉིད་ཀྱིས། སེམS?་མ་རྡོ་རྗེའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང། གྱེན་དུ་བསྟན་པ་བཅིངས་ལ་།རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱིས་རྡོ་རྗེའི་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས ་ན། ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང། ནམ་མཁའ་ཨི་སྙིང་པོའི་ཆུ་ལ་ཡོངས་སུ་བཟླས་ལ། སློབ་མ་དེ་འཐུང་དུ་གཞུག་གོ། དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱིས། །དེ་ཡི་སྙིང་ལས་ཡང ་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲ་ཀ་ཐ། དེ་ནས་སློབ་མ་ལ་འདི་སྐད་བསྒོས་ཤིག། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ད་ཡིན་གྱིས། །ངས་འདི་བྱོས་ཤིག་ཅེས་བསྒོ་པ་གང་ཡིན་པ་དེ་བྱ་དགོས ་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པས། ཁྱོད་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས ་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗད?་དུ་གཞུག་གོ་།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་སེམས་མའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ། འདི་སྐད་ཅེས་བརྗོད་དུ་གཞུག་གོ་།འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རང་ཉིད་དུ་འབབ་པར་ཤོག་།དེ་ནས་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བ་འདི་ལན་བརྒྱ་ཟློས་སུ་གཞུག་གོ་།ཡང་གཡོན་པའི་ཁུ་ཚུར་བཅིངས་ལ། སེམས་མ་རྡོ་རྗེའི་ཕྱག་རྒྱ་ཕྱེ་སྟེ། ཧཱུཾ་ཨ་ཨ་ཨ ་ཨ་ཞེས་བྱ་བ་ལན་བརྒྱ་ཟློས་སུ་གཞུག་གོ་།སྦྱོར་བ་གཉིས་ཀ་ལ་ཡང་འོད་ཟེར་དམར་པོའི་འོད་ཀྱིས་ཀླུན་ནས་འཁྲིགས་པའི་རྡོ་རྗེ་སེམས་དཔས་ཀུན་ནས་འཁྲིགས་པའི་རྡོ་རྗེ་སེམས་དཔས་ཀུན་ཏུ་གང་བར་བསམ ་ན་ངེས་བར་འབབ་པར་འགྱུར་རོ། །ལྷའི་ཡེ་ཤེས་ཀྱང་འདི་ལས་སྐྱེ་བར་འགྱུར་རོ། །དེ་ནས་མེ་ཏོག་གི་ཕྲེང་བ་དོར་ཞིང་ཕྲེང་བས་དབང་བསྐུར་བ་དང། གདོང་གཡོགས་དཀྲོལ་ཞིང་དཀྱིལ་འཁོར་བསྟན་པ་དང། འཇུག་པའི་ཕྱག ་རྒྱ་དཀྲོལ་བ་དག་སློབ་དཔོན་གྱི་ལས་ཀྱི་ཆོ་གར་བསྟན་པའི་སྦྱོར་བས་བྱེད་དུ་གཞུག་གོ། །།དེ་ནས་དེ་བཞིན་དུ་པདྨ་བྲིས་ལ་། སློབ་མ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་བར་བྱ་སྟེ། པདྨ་དེ་ལ་རྡོ་རྗེ་སེམས་དཔའ་ཨི་ཕྱག ་རྒྱ་ཆེན་པོས་ཉེ་བར་བཞག་ལ། ཡོན་གྱི་མཆོག་བླངས་ཏེ་མཆོད་ཡོན་བྱིན་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ནས། སློབ་དཔོན་གྱི་ཆོ་གས་དབང་བསྐུར ་ཞིང་ཆུ་དེ་འཐུང་དུ་བཅུག་ལ་།འདི་སྐད་ཅེས་བརྗོད་དོ། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །དམ་ཚིག་འདས་ནས་སྲེག་པར་བྱེད། །དམ་ཚིག་བསྲུངས་ནས་དངོས་གྲུབ་ནི། །རྡོ་རྗེའི་བདུད་རྩི་ཆུ་འདིས་འགྲུག་།རྡོ་རྗེ་དྲིལ་བུ་ཕྱག ་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེས་བུ་འདུས་པའི་ནང་གནས་ཤིང། །དད་པ་མེད་པས་བརྒད་དར་འགྱུར། །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང། རྩོད་པན་གྱིས་དབང་བསྐུར་པ་དང། རྡོ་རྗེ་དང་བདག་པོ་དང ་མིང་གི་དབང་བསྐུར་བ་དང། རང་གི་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་དང། ཆོས་ཀྱི་དེ་ཁོ་ན་ཉིད་རྣམས་ཀྱི་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང། རྡོ་རྗེ་མཚོན་ཆ་ལ་སོགས་པས་དེ་ཡང་དག་པར ་མཆོད་ལ། དེ་ལ་སྙིང་པོ་བྱིན་ཏེ། དང་བོར་མནའའདོར་དུ་བཅུག་ལ། ལྷའི་ཕྱག་རྒྱ་བཞི་བསླབ་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བ་བཤད་དེ། དབང་བསྐུར་བར་འོས་པ་བཅུག་ལ་སློབ་དཔོན་གྱིས་ལས་ཀྱི་ཆོ་ག་ཐམས་ཅད་དང། དཀྱིལ ་འཁོར་དང། ལྷའི་དེ་ཁོ་ན་ཉིད་ཐམས་ཅད་བསྟན་པར་བྱ་སྟེ། འདི་དག་གིས་ནི་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་བར་གྱུར་པ་ཡིན་ནོ།། །།དེ་ནས་དབང་བསྐུར་བའི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་བར་དུ་ཁྲུ་དོ ་ཡོངས་སུ་དོར་བར་དབང་བསྐུར་བའི་དཀྱིལ་འཁོར་ཤར་ཕྱོགས་ཀྱི་སྒོར་བལྟས་པ་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་ལ། ཟུར་བཞི་པ་སྒོ་ནུབ་ཏུ་བལྟས་པ། ཚོན་གྱི་ཕྱེ་མ་སྣ་ལྔས་བྲི་བར་བྱ་སྟེ། དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ། ་དེའི་སྟེང་དུ་དང་པོའི་རྡོ་རྗེ་ཁ་དོག་དམར་པོར་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དེ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་། སྣ་ཚོགས་པདྨ་དང། རས་ཀྱིས་གཡོགས་པའི་སེང་གདན་ནམ། སྟན་ནང་ཚངས་ཅན་རྡོ་རྗེ་རྩེ་མོས ་མངོན་པར་བཟླས་པ་དེར་བཞག་སྟེ། དེ་ཡང་དབང་བསྐུར་བར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དེ། གདན་དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོས་འདུག་ནས་དང་པོའི་རྡོ་རྗེ་དེ་ཉིད་དང། རྡོ་རྗེ་སེམས་དཔའ་ལ་སོགས་པས་སྙིང་ག་དང། སྨིན ་མཚམས་དང། ལྐོག་མ་དང་སྤྱི་བོ་རྣམས་སུ་བྱིན་གྱིས་བརླབས་པ་དང་།སེང་གེའི་གདན་གྱི་སྟེང་དུ་བླ་རེ་བྲེ་ཞིང། གཡས་ལོགས་སུ་དར་དང། མེ་ཏོག་གི་ཆུན་པོས་བརྒྱན་པའི་གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན་ཧཱུཾ་གིས་བཟླས་པ ་བཞག་པ་དང། གཡོན་ཕྱོགས་ཀྱི་ཆར་དར་སྣ་ཚོགས་པའི་རྒྱལ་མཚན་དང། བ་དན་ལ་ནམ་མཁའ་མཛོད་ཀྱི་སྔགས་བཟླས་པ་བཞག་ལ། མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། དུད་དང། ་རྔ་རིང་དང་།རྔ་པོ་ཆེ་དང། རཱ་དུང་ལ་སོགས་པའི་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་པའི་སྒྲ་དང་།ཕྱི་རོལ་ཏུ་གླུ་དང་།གར་རྣམས་བྱ་བ་དང། རྡོ་རྗེ་མཚོན་ཆ་བཟླས་པས་མཆོད་དོ། །དེ་ནས་ཡོན་གྱིས་མཆོག་བླངས་ལ། དཔལ་རྡོ་རྗེ་སེམS ་དཔའ་ཨི་སྐུ་གཟུགས་དེའི་སྤྱི་བོར་བཞག་སྟེ་།བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་ཡིན་ཏེ། ཕུན་སུམ་ཚོགས་པ་མངའ་པ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ ་གསུམ་སྤངས་པ། སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིS་མཆོད་པ། །ཆོས་ཀྱི་དམ ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ།། །།དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་?་ཤིས་ཕྱུག་།མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེ་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་ཞུགས་ཡོངས་ལྡན་པ། །ཚོགས་ཀྱི་ལས་དགྱེས་ཐུབ ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམ་པའི་ཚུལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་ཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས ་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།གྲོང་ཁྱེར་སེར་ཀྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྟུམས?་ནས་བལྟམས་པའི་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩི་ཆུས་གཏོར་བའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ ་རྣམས་ལ་ཞི་བྱེད་ཤོག་།གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བའི་ལྷ་ཡི་མངོན་བསྟོད་པས། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ་དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།རབ་ཏུ་འོད ་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང། །བཻདཱུརྱ་ལྟར་སྔོ་བའི་རྩཝ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་?་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ཆུ་པོའི་འགྲམ་ན་རྩ་ཤའི་ཕྲེང་གིས་ཡོངས་བསྐོར ་པ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡེ་བཀྲ་ཤིས་གང། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཆོ ་ས་སྟེང་དང་ནི་ནམ་མཁའ་ལ། བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།སྡུག་བསྔལ་མཛའ་དག་གཞིག་ཕྱིར་རྡོ་རྗེ་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་པར་ ་བཏུལ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།གྲོང་ཁྱེར་བར་ཎཱ་སེར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ ་ཤིས་གང། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ ་ལྡན་ཤཱཀྱ་ཐུབ་པ་སེང་གེས་ཀུན་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག་།ཉེ་བར་སྟོན་པའི་རྒྱལ་བའི་བཀྲ ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི ་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ?་རྣམས་ལ་ཞི་བྱེད་ཤོག་།དེ་བཞིན་གཤེགས་པ་ཞི་བའི་མཆོག་ཏུ་ཉེར་གཤེགས་པ། །མན་དྷ་ར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིS་གང ་བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་གྱི་བཀྲ་ཤིས་གང། །བཀྲ་ཤིས་དེས ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།ད་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ། །དང་པོར་བུམ་པ་གང་པ་དང། །རྡོ་རྗེ་གཟུགས་ལ་སོགས་པ་དེ་དག་དབུལ་ལོ། །དེ་ནས་བུམ་པ་དེ་རྣམས་ཀྱིས་སོ། །དེའི་འོག་ཏུ་རྣམ་པར་རྒྱལ ་བའི་བུམ་པ་ལས་ཏུ?་བླངས་ཏེ་།དེ་བཞིན་དུ་དབང་བསྐུར་བར་བྱ་ཞིང། འཐུང་དུ་ཡང་གཞུག་གོ། དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང། ཅོད་པ་ན་དང་དར་དབྱངས་ཀྱི་དབང་བསྐུར་བ་དང། རྡོ་རྗེ་དང་བདག་པོ་དང། མིང་གི་དབང་བསྐུར་བ་ཡང་བྱིན་ལ། དངོས་གྲུབ ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱང་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང། རྡོ་རྗེ་མཚོན་ཆ་ལ་སོགས་པ་མཆོད་པའི་ཕྱག་རྒྱ་རྣམ་པ་བཅུ་གཉིས་དུམ་བུ་གཉིས་པའི་རྩ་པའི་དཀྱིལ་འཁོར་དུ་བཤད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཆོས ་ཀྱི་དེ་ཁོ་ན་ཉིད་ཀྱིས་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་ཡང་མཆོད་པ་བཅུ་གཉིས་པོ་དེ་དག་ཉིད་དེ་བཞིན་གཤེགས་པའི་ཁུ་ཚུར་ལས་བྱུང་པའོ། །རྡོ་རྗེའི་རིགས་ལ་ནི་ཁྲོ་བོའི་ཁུ་ཚུར་གཉིས་ལས་བྱུང་བའོ། །པདྨའི ་རིགས་ལ་ནི་པདྨའི་ཁུ་ཚུར་གཉིས་ལས་བྱུང་བའོ། །རིན་པོ་ཆེའི་རིགས་ལ་ནི་རིན་པོ་ཆེའི་ཁུ་ཚུར་གཉིས་ལས་བྱུང་བར་གཟུང་བར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལ་ནི་ཁ་དོག་སྣ་ཚོགས་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ ་ནི་དཀར་པོའོ། །རྡོ་རྗེའི་དཀྱིལ་འཁོར་ལ་ནི་སྔོན་པོའོ། །པདྨའི་དཀྱིལ་འཁོར་ལ་ནི་དམར་པོའོ། །རིན་པོ་ཆེའི་དཀྱིལ་འཁོར་ལ་ནི་སེར་པོར་ཤེས་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་རྣམས་རྗེས་སུ་སྤྱད་པ་བྱས་ལ། ཡི་གེ་བྲས་བྱིན་གྱིས་བརླབས་པའི ་རིན་པོ་ཆེའི་ཐུར་མ་འམ། གསེར་གྱི་ཐུར་མ་བླངས་ལ། སློབ་མའི་མིག་གཉིས་སུ་པྲ་བཀོད་དེ། ཐུར་མ་དེས་དེའི་མིག་ཏུ་བྱུགས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། ཁུ་ཁྱོད་ཀྱིས ་ནི་མི་ཤེས་པའི། །རབ་རིབ་རྒྱལ་བས་བསལ་བར་མཛད། །ོཾ་བཛྲ་ནཻ་ཏྲ་ཨ་པ་ཧཱ་ར་བ་ཏྲ་ཡི་ཧྲི། དེ་ནས་མེ་ལོང་བླངས་ལ། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དངས་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད ་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཡི་གེ་ཧོས་མངའ་དང ་བཅས་པའི་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་གྱིས་ཤིག་ཅེས་བརྗོད་ལ། ཕྱོགས་བཞིར་མངའ་བཞི་འཕེན་པའི་ཚུལ་བྱེད་དུ་གཞུག་ཅིང། སྟེང་དུ་འཕེན་དུ་བཅུག་ལ། ཨོཾ་བཛྲ་རཱ་ག་ཧོ་ཞེས་ཀྱང་སྨྲར་གཞུག་པར་བྱའོ། །དེ་ནས ་ཨོཾ་བཛྲ་ས་ཏྭ་ཞེས་བྱ་བས་མེ་ལོང་བསྟན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ་།རྡོ་རྗེ་སེམས་དཔའ་མེ་ལོད་ལྟར། །དག་ཅིང་བསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །དེ་བཞིན་གཤེགས་པ ་ཀུན་བདག་གང། །བྱང་ཆུབ་སེམས་འདིར་ཤེས་པར་གྱིས། །དེ་ནས་བཛྲ་ཧེ་ཏུ་མཾ། ཞེས་བྱ་བས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་སུ་དགོད་པ་དང། བཛྲ་བྷཱ་ཥ་རཾ་ཞེས་བྱ་བས་དུང་ལག་པ་གཡས་པར་བྱིན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཕན ་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་ཏུ་མ་ལུས་གང་བར་གྱིས། །སོམ་ཉིད་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱད་པའི་ཚུལ་གྱི་མཆོག། ་འཇིག་རྟེན་འདི་ལ་རབ་ཏུ་བསྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་ཤིན་ཏུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང། །ཀུན་ཏུ་ཁྱོད་ལ་བསྲུང་བར་བྱེད། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ་ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །འདོར་ན་འཇིག་རྟེན་ཐམས ་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཁྲོ་བོའི་ཁོར་ལོ་རབ་ཏུ་བསྐོར། །འདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །པདྨའི་འཁོར་རབ་ཏུ་བསྐོར། །མདོར་ན ་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་དེ་བཞིན་གཤེགས་པ་དང། རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་ཧཱུཾ་མཛད་དང། འཇིག་རྟེན་དབང་ཕྱུག་དང། ནམ ་མཁའ་ཨི་སྙིང་པོའི་ང་རྒྱལ་དང། །ཚིགས་སུ་བཅད་པ་འདི་རྣམས་ཀྱིས་།རྗེས་སུ་གནང་བ་བྱིན་ལ་རང་གི་ལྷའི་སྙིང་པོ་སྦྱིན་པར་བྱའོ། །དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབས་ལ་།གཟེངས་བསྟོད་པའི་ཕྱག་རྒྱ་བཅིངས་ཏེ། སློབ་མ་ཐམས་ཅད་ལ་དབང་བསྐུར ་བ་སྦྱིན་པར་བྱའོ། །ོཾ། འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་དག་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷཡ་ས་མ་ཡསྟཝཾ་།བྷུར་བྷུ་བ: ་སྭ(རྒྱུད་འགྲེལ་པར་བྱའོ། །རྗེས་སུ་སྒྲུབ་པ་དང། རྗེས་སུ་སྒྲུབ་པའི་ལན་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ནས་སྦྱིན་སྲེག་བྱ་སྟེ། སློབ་མ་བསང་གཏོར་བྱས་ལ་གཡོན་ལོགས་སུ་བཞག་སྟེ། དེའི་གཡས་པའི་མཐེ་བོང་ལག་པ་གཡོན་པས་གཟུང་ནས། ཧཱུཾ་གིས་མར་གྱི་སྦྱིན ་སྲེག་ལན་བདུན་བྱས་ལ། བླུགས་གཟར་གྱིས་སློབ་མ་ལ་བསྐོར་བ་བྱས་ཏེ། དེ་ཉིད་ཀྱིས་དགར་བླུགས་གསུམ་དབུལ་བར་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱིས་དེ་བཞིན་དུ་སྦྱིན་སྲེག་བྱའོ། །དེ་ནས་སློབ་མའི་ལག་པར་རྡོ་རྗེ་གཉོད་སྦྱིན་བཟླས་པའི་གདུ་བུས་བརྟགས ་ལ། དེ་ཉིད་བཟླས་པའི་ཚུས་བསང་གཏོར་བྱའོ། །ོཾ་རུ་རུ་སྤྲ?་རུ་ཛཱོ་ལ་ཏིཥྛ་སདྡྷི་ལོ་ཙ་ནེ་སརྦ་ཨརྦ་སཱ་དྷ་ན་སྭཱ་ཧཱ། ཞེས་བྱ་བའི་སངས་རྒྱས་སྤྱན་གྱི་སྔགས་དང། སྙིང་གར་བྱུགས་ཏེ། སློབ་མ་བཏང་བར་བྱ་བ་ནི་སློབ་མའི་ཐུན ་མོང་གི་ཆོ་གའོ། །གང་ཞིག་སློབ་དཔོན་གྱི་དབང་གིས་དབང་བསྐུར་བ་དེ་ལ་ནི། དེ་ལ་དམིགས་ཏེ་མར་གྱི་སྦྱིན་སྲེག་བརྒྱ་ཧཱུཾ་ཞེས་བྱ་བ་དང། སྦྱིན་སྲེག་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱིས་ཡང་སྦྲང་རྩི་དང། མར་དང། ཞོ་དང་སྲེས་པའི་ཏིལ་གྱིས་སྦྱིན ་སྲེག་བརྒྱ་སངས་རྒྱས་སྤྱན་གྱི་སྔགས་ཉིད་ཀྱི་དབུལ་ལོ། །དེ་ནས་དེ་བཞིན་དུ་གདུ་བུ་བཏགས་ལ་བསང་གཏོར་བྱས་ཏེ། སྙིང་ག་ནས་བྱུགས་ནས། དེ་ནས་ཡང་སྔ་མ་བཞིན་དུ་ཐབ་ཀྱི་ནང་དུ་དཀྱིལ་འཁོར་བསམ་ལ། དཀྱིལ་འཁོར་པའི་ལྷ་རྣམས་ལ ་སྦྱིན་སྲེག་ཕུལ་ནས། ཡང་དཀྱིལ་འཁོར་ལ་བཞུགས་པའི་བཅོམ་ལྡན་འདས་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། དེ་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་ཉེ་རེག་བྱ་སྟེ། ཕྱག་རྒྱ་དགྲོལ་པ་ལ་སོགས ་པ་སྔར་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དེ་བཞིན་དུ་རང་གི་ལུས་ལ་སྦྲུལ་པའི་དཀྱིལ་འཁོར་བཅུག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས ་པ་ཉིད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཛའ་ཡས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས། རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ། ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་ཉིད་པས་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །བདེ་བ་ཆེན་པོ་ལེགས་སོ་ལེགས། །བློ་གྲོས་ཆེན་པོ་ལེགས་སོ་ལེགས། །ཆོ་ག་འདི་ནི་ལེགས་པར ་སྨྲས། །སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །འབྲས་བུ་ཡོད་པ་འདུལ་བའི་མཆོག། རྡོ་རྗེ་མདོ་སྡེ་བྱིན་གྱིས་བརླབས། །དེ་ནས་སྔ་མ་བཞིན་དུ་བདག་ཉིད་ལ་བསྲུང་པ་ལེགས་པར་བྱས་ལ། ཧཱུཾ་ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་ཕྱག་པར་བྱའོ། །དེ་ནས་གླེགས ་བམ་བཀླག་པ་དང་མཆོད་རྟེན་གདབ་པ་ལ་སོགས་པ་ཅི་ནུས་པའི་དགེ་བའི་ལས་རྣམས་རྗེས་སུ་སྤྱོད་པར་བྱེད་ཅིང་གནས་པར་བྱའོ། །འདི་ནས་བརྩམས་པ་འདི་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ་ཐུན་མོང་དུ་གྱུར་པ་ཡིན་པར་ཤེས ་པར་བྱའོ། །སྔོན་དུ་བསྙེན་པ་བྱས་ལ་སོགས་པའི་ཆོ་ག་རྣམས་གང་དུ་ཁྱད་པར་དུ་ཕྱེ་སྟེ། བཤད་པ་མེད་པ་དག་ལ་ནི་དཀྱིལ་འཁོར་གྱི་བདག་པོའི་དབང་དུ་བྱས་ནས་བྱ་བ་ཡིན་པར་ཤེས་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས ་པ་རྫོགས་སོ།། །།དབང་བསྐུར་བ་དང་།དམ་ཚིག་ཐོབ་པ་རྣམས་ལ། སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླང་བར་བྱའོ་ཞེས་བྱ་བ་འདི་ནི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི ་སྒྲས་ནི་འདས་མ་ཐག་པའི་དོན་སྟོན་པར་བྱེད་པ་སྟེ་།སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །ཆོ་ག་ཞེས་བྱ་བ་ནི་མངོན་པར་འདོད་པ་འགྲུབ་པར་བྱ་བའི་དངོས་གྲུབ་ཀྱི་ཕྱིར་རྒྱུ་དང་བྱེད་པ་ཞེས་བྱ་བའི་དོན་ཏོ། ། ་འབྱུང་སྟེ་ཞེས་བྱ་བ་རྩོམ་པར་བྱེད་པའོ། །ཟླ་བ་ཉ་ནས་བརྩམས་ཞེས་བྱ་བ་ནི་ཟླ་བ་ཡང་གྱི་ངོ་ཚེས་བཅོ་ལྔ་ལ་དཀྱིལ་འཁོར་དུ་འཇུག་པའི་མཚན་མོ་ནས་ཉེ་བར་བཟུང་བའོ། །ཕྱག་ན་རྡོ་རྗེའི་སྦྱན་སྔར་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྐུ་གཟུགས་ལུགས ་མ་འམ། བརྐོས་པ་ལ་སོགས་པའི་གཟུགས་ཀྱི་སྤྱན་སྔར་ཏེ་མདུན་དུའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་།ཞེས་བྱ་བ་ནི་ལྔ་པོ་བསྡུས་པ་བཅིངས་པའོ། །ཇི་ལྟར་སྐྱོ་བར་མ་གྱུར་པ་ཞེས་བྱ་བ་ནི། ཇི་སྲིད་སྐྱོ་བ་སྐྱེ་བར་མ་གྱུར་པའོ། །དང་པོར་བྱིན ་གྱིས་བརླབས་པ་ལ་སོགས་པ་བྱས་ལ། ཞེས་བྱ་བ་ནི་བཟླས་བརྗོད་ཀྱི་གོང་དུ་བྱ་བ་ཐམས་ཅད་དྲངས་ནས་གསུངས་པ་ཡིན་ཏེ། མཆོད་པ་དང། བདག་ལ་བྱིན་གྱིས་བརླབ་པ་དང། དབང་བསྐུར་བའི་ཆོ་ག་དང་། ་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླངས་པར་བྱས་ནས། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རྣམས་བླང་བའོ། །རྡོ་རྗེའི་དམ་ཚིག་གིས་བརྗོད་ཅིང་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་གསུང་གིས་བཟླས་བརྗོད་བྱའོ་ཞེས་བྱ་བའི ་དོན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། དཀྱིལ་འཁོར་ཆེན་པོར་ཞུགས་ནས། ཇི་ལྟར་སློབ་དཔོན་ལས་རང་གི་འདོད་པའི་ལྷ་བསྒྲུབ་པར་བྱ་བའི་ཕྱིར་ཧཱུཾ་ཞེས་བྱ་བ་བཟླས་ཤིང་ཕྱག་རྒྱ་བཞིའི་ཡེ་ཤེས་རླབས་ལ། དེ་ནས་བརྩམས་ཏེ་། རྡོ་རྗེ ་སེམས་དཔའ་ཨི་ལས་རིས་ལ་སོགས་པ་བྲིས་པའི་སྐུ་མདུན་དུ་གཞག་སྟེ་། དེའི་སྤྱན་སྔར་ཇི་སྐད་དུ་བཤད་པའི་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་མ་ཐག་ཏུ། ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིངས་ཏེ་།ཧཱུཾ་ཞེས་བྱ་བའི་འོག ་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་རབ་ཏུ་དགའ་བའི་རྡོ་རྗེའི་ཚིག་གིས་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །སྐྱོ་བར་གྱུར་ན་མཉམ་པར་མ་བཞག་པའི་སྦྱོར་པས་རྡོ་རྗེའི་ཆོ་ག་ཀྱང་བཟླས་པར་བྱའོ། །བྱ་བ ་ཐམས་ཅད་བྱས་ནས། ལྔ་པོ་བསྡུས་པའི་ཕྱག་རྒྱ་དེ་བཞིན་དུ་བཅིངས་ལ། ཇི་སྲིད་ཐུན་དང་པོའི་མཐར་ཐུག་བའི་བར་དུ་འམ། ཐུན་གཉིས་པའི་མཐར་ཐུག་པའི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བ ་བྱས་ལ། ལངས་ཏེ་ཇི་སྐད་དུ་བཤད་པའི་སྤྱོད་ལམ་གྱིས་གནས་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་བདག་ལ་བྱིན་གྱིས་བརླབས་པར་བྱས་ལ། ཇི་སྲིད་ཟླ་བ་གཅིག་གི་བར་དེ་སྲིད་དུ་བཟླས་བརྗོད་བྱས་ནས་མངོན་དུ་བསྙེན་པ་བྱས་པར་འགྱུར་རོ། ་དེ་ནས་བརྩམས་ཏེ། ཕྱག་ན་རྡོ་རྗེའི་བཀའ་ཇི་ལྟ་བཞིན་དུ་བསྒྲུབ་པ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། འདི་ཉིད་ཀྱི་འོག་ནས་བཤད་པའི་རས་རིས་ལ་སོགས་པ་སྒྲུབ་པ་ཐམས་ཅད་མངོན་དུ་བསྙེན་པ་རྫོགས་ནས། དཀའ་ཉེ་བར ་བརྩམས་ནས་འགྲུབ་པར་འགྱུར་ཞིང་རྫོགས་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་བཀའ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འདི་ནི་སྡུད་པར་བྱེད་པའི་ཚིག་ཡིན་ཏེ། རྡོ་རྗེ་སེམས་དཔས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ་། གཞན་དུ་མི་འགྱུར་རོ། །ཞེས་བྱ་བའི ་དོན་ཏོ། །དེ་ནས་རས་རིས་འདྲི་འམ། འདྲིར་འཇུག་ན། ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་སྔོན་དུ་བསྙེན་པ་བྱས་པས། རས་རིས་བསྒྲུབ་པ་ལ་སོགས་པ་ཐམས་ཅད་འགྲུབ་པར་འགྱུར་གྱི་གཞན་དག་ལ་ནི་མ་ཡིན་ཏེ། གཏན་ཚིགས་དེ་བས་ན་སྔོན་དུ ་བསྙེན་པ་བྱས་ལ། དེ་ནས་རས་རིས་བདག་ཉིད་ཀྱི་དྲི་བ་འམ། རི་མོ་མཁན་དཀྱིལ་འཁོར་མཐོང་བའི་འདྲིར་འཇུག་པར་བྱའོ། །དང་པོར་རྡོ་རྗེ་བྲིའི་ཕྱག་རྒྱས་བྲིས་ལ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་ནི་རྡོ་རྗེ་བྲི་བའི་ཕྱག་རྒྱ་སྟེ། དེས་དང་པོ་ཧཱུཾ་ཞེས་བྱ་བ ་བློས་ཤིང། པིར་བླངས་ལ། དེ་རི་མོ་བྲི་བར་བྱ་བ་འམ་བྱེད་དུ་གཞུག་གོ་།དེའི་འོག་ཏུ་ནི་ཅི་བདེ་བྱའོ་ཞེས་བྱ་བ་ནི་དེ་ཕན་ཆད་ཀྱི་དུས་སུ་ནི་ཕྱག་རྒྱ་མེད་པར་ཡང་འདྲི་འམ། འདྲིར་གཞུག་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་ཡང་དེ་ཉིད་ཀྱིས ་དང་པོ་བརྩམ་པར་བྱའོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལ་སོགས་ཏེ། བཅོམ་ལྡན་འདས་ཀྱིས་རྒྱུད་འདིར་དཀྱིལ་འཁོར་ཇི་སྲིད་གསུངས་པ་དེ་རྣམས་སུ་ཡང་རྡོ་རྗེ་བྲི་བའི་ཕྱག་རྒྱས་དང་པོ་བརྩམ་པར་བྱས་ལ། ཕྱི་ནས་ཚོན་རྩི་ཐམས ་ཅད་དགྱེས་པ་ལ་ཧཱུཾ་ཞེས་བྱ་བ་ཉིད་ཟློས་བཞིན་དུ་ཅི་བར་བྱའོ་ཞེས་པའོ། །དབུས་སུ་བཅོམ་ལྡན་འདས་ཆོ་ག་ཇི་ལྟ་བ་བཞིན་དུ་བྲི་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་སྟོན་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་བྱས་ལ། ཆོ་ག་ ་ཐམས་ཅད་རྗེས་སུ་སྤྱད་ལ། བླ་རེ་དང། གདུགས་དང། རྒྱལ་མཚན་དང། འཕན་ལ་སོགས་པས་གནས་མཛེས་པར་བྱས་ལ། བུམ་པ་དང། བུམ་པ་གང་བ་རྣམས་ཀྱང་དགོད་དེ། སའི་ཕྱོགས་པའི་རྣམས་ལྔ་དང། སྤོས་ཆུ་དྲི་ཞིམ་པོས་ཉེ ་བར་བྱུགས་པའི་གནས་སུ་བྲི་བར་བྱ་བའི་རས་བཞག་ལ། དེ་སྔ་མ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་བསམ་ནས། མཆོད་ཡོན་ཕུལ་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཡོངས་སུ་བརྟགས་པའི་གནས་རྣམས་སུ ་ཧཱུཾ་ཞེས་བྱ་བ་བཀོད་ནས། མཆོད་པ་རྣམ་པ་ལྔས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རས་ཀྱི་དབུས་སུ་བྲི་བ་འམ། འདྲིར་གཞུག་པར་བྱའོ། །དེའི་འོག་ལོགས་སུ་ཕྱག་ན་རྡོ་རྗེ། ཤར་ལྷོ་མཚམས་སུ་འཇམ ་དཔའ་ཨི་དབྱངས་ལྷོར་ནམ་མཁའ་ཨི་སྙིང་པོ། །ལྷོ་ནུབ་མཚམས་སུ་ནམ་མཁའ་ཨི་མཛོད། བཅོམ་ལྡན་འདས་ཀྱི་སྟེང་གི་ཆ་ལ་འཇིག་རྟེན་དབང་ཕྱུག། ནུབ་བྱད་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ ་རྡོ་རྗེ་ཁུ་ཚུར་བྱང་ཤར་མཚམས་སུ་རྡོ་རྗེ་གནོད་སྦྱིན་བྲི་འམ། འདྲིར་འཇུག་པར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ་ཞེས་བྱ་བ་ནི། དེ་ལྟར་རས་རིས་བྲིས་ནས། དེའི་རྗེས་ཐོགས་ཉིད་ལ། ཚེས་བཅོ་ལྔ་ནས་ཉེ་བར་བཟུང་སྟེ། བདག་ལ་བྱིན་གྱིས་བརླབ་པ ་ལ་སོགས་པ་བྱས་ཏེ། རས་རིས་ལ་བཅོམ་ལྡན་འདས་སྤྱན་དྲངས་ནས་ཡང་དག་པར་བཅུག་ལ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ། བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི ་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དང་པོའི་རྡོ་རྗེའི་ནང་དུ་ཧཱུཾ་ཞེས་བྱ་བ་རྣམ་པར་བསམ་ལ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ཉིན་རེའི་སྦྱོར་བས་ཇི་སྲིད་ཟླ་བ་ཉ་བ་གཉིས་པ་ལ་ཐུག་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དེའི་ཚེ ་མཚན་ཐོག་ཐག་ཏུ་བཟླས་བརྗོད་བྱས་ན་ཐོ་རངས་ཀ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཐོང་བ་སྩལ་ནས། །དེ་ལ་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཅི་ལྟར་འདོད་པ་སྩལ་བར་འགྱུར་རོ། །ཆོ་ག་གཞན་ཡང་ཞེས་བྱ་བ་ལ་སོགས་པ ་ལ། དེ་བཞིན་དུ་མངོན་དུ་བསྙེན་པ་བྱས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཨི་རས་རིས་ཀྱི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཞེས་བྱ་བ་ཉིད་ཀྱི་བྲི་བར་བྱའོ། །དེའི་མདུན་གྱི་ཆ་ནས ་བརྩམས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞི། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས། ཡོངས་སུ་བསྐོར་བར་བྲི་བར་བྱའོ། །དེ་ནས་དེའི་མདུན་དུ་ཆོག་ཐམས་ཅད་རྗེས་སུ་སྤྱད་པ་དཔལ་རྡོ་རྗེ་སེམས་དཔའ་ཨི ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་དུ་བཟླས་བརྗོད་བྱས་ནས། ཟླ་བའི་མཐར་ཐུག་པ་དང། མཚན་ཐོག་ཐག་བཟླས་བརྗོད་བྱས་ལ། དེ་ནས་ནང་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མཐོང་བ་སྩལ་ནས། བསྒྲུབ་པ་པོ་ལ་སངས་རྒྱས་ཉིད་ལ ་སོགས་པའི་དངོས་གྲུབ་སྩོལ་བར་འགྱུར་རོ། །རས་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔའ་བོ་གཅིག་བུ་རས་ལ་བྲི་བར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས ་ཏེ། རས་རིས་ཀྱི་སྤྱན་སྔར་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་ཕྱག་རྒྱ་ཆེན་པོ་བཅིངས་པ་ཉིད་ཀྱིས། མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ཐོ་རངས་ཀ་བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེས་མཐོང་བ་སྩལ་ནས། རྡོ་རྗེ་སེམས་དཔའ་ཉིད་སྩོལ་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དཔའ་པོ་གཅིག་པུའི་རས་རིས་སྒྲུབ་པ་ཡང་ཤེས་པར་བྱའོ།། །།དེ་ནས་བཀླགས་པ་ཙམ་གྱིས་འགྲུབ་པ་ཞེས་བྱ་བ་ནི ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་དང་བཅས་པའོ། །ལས་རྣམས་བཤད་པ་ནི་རྗེས་སུ་མཉེས་པར་བྱེད་པ་ལ་སོགས་པའོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ཞེས་བྱ་བ་ནི་རས་རིས་ཀྱི་བསྒྲུབ་པ་བྱས་ལ། ཟླ་བ་གཅིག ་ཇི་སྐད་དུ་བཤད་པའི་བསྙེན་པ་བྱས་ནས་དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ཡེ་ཤེས་མ་བབས་ཀྱང་ལས་རྣམས་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །གང་ཞིག་ཡེ་ཤེས་བབས་པ་ལ་ནི་ལས་ཤིན་ཏུ་ཡང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི ་དོན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའོ།། ་དེ་རྣམས་རྗེས་སུ་མཉེས་པར་བྱེད་པ་ནི་རྒྱབ་ཀྱི་ཕྱོགས་པ་རྣམས་རང་དབང་དུ་བྱ་བའི་ཕྱིར་མངོན་དུ་ཕྱོགས་པར་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། འདོད་ཆགས་ལ་སོགས་པའི་བདེ་བ་ཐམས་ཅད་ཕུལ་བས་ཞེས་བྱ་སྟེ། འདོད་ཆགས་ནི་རྡོ་རྗེ ་སེམས་དཔའ་ཨོ། །དེ་ལ་སོགས་པ་གང་ཡིན་པ་ནི། འདོད་ཆགས་ལ་སོགས་པའོ། །བདེ་བ་ཐམས་ཅད་ཅེས་བྱ་བ་ནི། རྡོ་རྗེ་ཡིད་ལས་བྱུང་བ་ནས་བརྩམས་ཏེ། རྡོ་རྗེའི་རོའི་མཐར་ཐུག་པའི་བར་གྱི་ལྷ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་སྟེ་།འདོད ་ཆགས་དམ་ཚིག་ཅེས་སུ་བཤད་ཅེས་བྱ་བ་ལ་སོགས་པས་བཤད་པའི་ཕྱིར་རོ། །དེ་རྣམས་ཕུལ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང་ཐུགས་རྡོ་རྗེ་ལས་བསྟན་པའོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ་།དཔལ་རྡོ་རྗེ ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་དུ་ཞུགས་ལ། དེ་མངོན་སུམ་བཞིན་དུ་བལྟས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པ། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ཨི་ཆ་ལུགས་ཀྱིས་བཙུག་ལ། རྡོ་རྗེ་སེམས ་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་ངོ་བོ་ཉིད་དུ་བྱས་ནས་ལས་དེ་ཡོངས་སུ་རྫོགས་པར་མཛད་པ་ལ་བརྩོན་པར་བསྒོམ་པར་བྱའོ། །དེ་ལྟར་དེ་རྣམས་རྗེས་སུ་མཉེས་པར་བྱས་ནས། རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང། ཡིད་བདེ་བ་ཐོབ་པར་འགྱུར་རོ། །རྡོ་རྗེ ་འཛིན་པ་ཆེན་པོ་ཞེས་བྱ་བ་ལ། རྡོ་རྗེ་འཛིན་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་རྣལ་འབྱོར་དེ་བཞིན་དུ་བྱས་ལ། དེ་རས་རིས་ལ་སོགས་པ་ལ་མདུན་དུ་བཞུགས་སུ་གསོལ་ཏེ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་མཆོད་ལ། འཁྱུད་པ་དང་འོ ་བྱེད་པ་ལ་སོགས་པའི་ཕྱག་རྒྱ་གཉིས་པོ་རྒྱུད་ཕྱི་མ་ལས་གསུངས་པ་དག་གིས་ཡིད་ཀྱི་རྗེས་སུ་མཉེས་པར་བྱ་བ་འམ། དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོ་ག་ལས་གསུངས་པའི་སྦྱོར་བས་རྗེས་སུ་མཉེས་པར་བྱའོ། །དེ་སྐད་དུ་གཟུགས་དེ་ལ་ནི ་ཞུགས་བཞིན་ནམ། ཡིད་ཀྱིས་བཏུད་པ་ལྟ་བུ་དང། །འཛུམ་ཞིང་མིག་གཞན་མི་ལྟ་བས། །བཟླས་ན་རིང་པོ་མི་ཐོགས་འགྲུབ། ཅེས་གསུངས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཕྱག་ན་རྡོ་རྗེ་ལ་སོགས་སྟེ། གང་གླེང་གཞིར་བཤད་པའོ། །དེ ་རྣམས་མཉེས་པར་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བས་ཧཱུཾ་ཞེས་བྱ་བ་དཔག་ཏུ་མེད་པར་བཟླས་པ་སྟེ། སྔ་མ་བཞིན་ནོ། །རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་སྟེ། དེ་རྣམས་རྗེས་སུ་མཉེས་པར་བྱའོ། །ཇི་ལྟར་འགྱུར་ཞེ་ན། རང་གི ་སྙིང་པོ་བཟླས་པས་སོ། །ཞེས་བྱ་བ་སྟེ། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས། གང་དེ་རྣམས་ཀྱི་སྙིང་པོ་གསུངས་པ་དང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྒྱུད་གཞན་དག་ལས། ཛ(རྒྱུད་འགྲེལ་བཟླས་པ་དེ་རྣམས་རྗེས་སུ་མཉེས་པར་འགྱུར་རོ། །ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི། ཐམས་ཅད་དུ་བཟླས་བརྗོད་འབུམ་བྱས་པས་སོ། །ཞེས་བྱ་བ་ནི་འདོད་པའི་དབང་ཕྱུག་ལ་སོགས་པའི་ལྷ་རྣམས་བཀུག་ལ། བདག ་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཧཱུཾ་ཞེས་བྱ་བ་དེ་རྗེས་སུ་དགའ་བར་བྱ་བའི་བསམ་པས། བཟླས་བརྗོད་འབུམ་བྱས་ན། དེ་ནས་དེ་དག་རྗེས་སུ་ཆགས་པར་སྒྲུབ་པ་པོ་ཅི་འདོད་པར་བྱེད་པར་འགྱུར་རོ། །གནོད ་སྦྱིན་མོ་ལ་སོགས་པ་རྣམས་ཀྱང་ཆུང་མ་ལ་སོགས་པའི་གཟུགས་ཀྱིས་ཉེ་བར་གནས་པར་འགྱུར་རོ། །བདག་བསྲུང་བ་ལ་སོགས་པ་ལ་ནི་ཡུངས་ཀར་ལ་ལན་ཅིག་གིས་སོ་ཞེས་བྱ་བ་ནི། ཡུངས་ཀར་ཧཱུཾ་ཞེས་བྱ་བས་རྡོ་རྗེ་རྩེ་ལྔ་པ་འབར་བ་རྣམ་པར ་བསམ་ལ། རང་གི་མགོ་ལ་བཞག་སྟེ་། རྡོ་རྗེ་འབར་བའི་ནང་དུ་བདག་ཉིད་ཆུད་པར་བྱས་པར་བསམ་ན་བདག་བསྲུང་བར་བྱས་པར་འགྱུར་རོ། །གཞན་བསྲུང་བ་ལ་ནི་རྡོ་རྗེ་བསྐོར་བས་སོ་ཞེས་བྱ་བ་ནི་།དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས ་བ་བྱས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་ཐོག་མའི་རྡོ་རྗེ་བླངས་ལ། གཞན་གྱི་ཡན་ལག་དང་ཉིད་ལག་རྣམས་སུ་རྡོ་རྗེར་བྱ་བའི་བསམ་པས། ཧཱུཾ་ཞེས་བྱ་བ་ཟློས་ཤིང་བསྐོར་བར་བྱ་སྟེ། དེས་ནི་གཞན་བསྲུང་བ་བྱས་པར་འགྱུར་རོ། །ཐམས་ཅད ་དུ་ཡང་ཧཱུཾ་ཞེས་བྱ་བ་ཟླས་ལ། བདག་ལ་བྱིན་གྱིས་རླབ་པ་ལ་སོགས་པ་བྱས་ཏེ། ལས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཐམས་ཅད་སྲུང་བ་ལ་ནི་ཡིད་ཀྱིས་ལན་ཅིག་གོ་ཞེས་བྱ་བ་ལ་ནི། གྲོང་ལ་སོགས་པ་བསྲུང་བ་ལ་ནི་ཡིད་ཀྱི་ཧཱུཾ་ཞེས་བྱ་བ་ཟློས ་ཤིང་ཕྱོགས་བཅིངས་པ་ལ་སོགས་པ་ལ་སོགས་བྱའོ། །མཚམས་དང་ཕྱོགས་དང་དཀྱིལ་འཁོར་ཐམས་ཅད་བཅིང་བ་ལ་ནི་བལྟ་བ་འམ་ཞེས་བྱ་བས་ནི་ཧཱུཾ་ཞེས་བྱ་བས་མིག་གཉིས་སུ་རྡོ་རྗེ་བསམས་ལ། བལྟས་པས་མཚམས་བཅིང ་པ་ལ་སོགས་པ་བྱའོ། །ཡུངས་ཀར་ལ་སོགས་པས་སོ་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བས་ཡུངས་ཀར་རྡོ་རྗེའི་རྣམ་པར་བསམས་ལ་དེས་ཕྱོགས་བཅིངས་པ་ལ་སོགས་པ་བྱ་སྟེ། དེ་བཞིན་དུ་ཆུ་དང་ཐལ་བ་ལ་སོགས་པས་ཀྱང་བྱའོ། །སེམས་ཅན ་ཐམས་ཅད་རེངས་པར་བྱ་བ་ལ་ནི་དབུགས་མི་འབྱིན་པས་བཟླས་པས་སོ་ཞེས་བྱ་བ་ནི། སེང་གེ་ལ་སོགས་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་རང་གི་ལུས་ལས་བྱུང་ལ། དབུགས་མི་འབྱུང་བའི་སྦྱོར་བས། བཞག་ན་མི་གཡོ་བར་བྱས་པར་འགྱུར་རོ།། ་སེམས་ཅན་ཐམས་ཅད་རྨུགས་པར་བྱ་བ་ལ་ནི་རྡོ་འཚིར་བས་སོ་ཞེས་བྱ་བས་ནི་རྡོ་རྗེ་བསྡམས་པས། རྡོ་རྗེ་བླངས་ལ་བསྒྲུབ་པར་བྱ་བའི་ལྕེ་འཚིར་བའི་བསམ་པས་བཙིར་བར་བྱ་སྟེ། དེས་ནི་ལྐུགས་པར་འགྱུར་ཏེ། ཚིག་འཕོག་པར་འགྱུར་ཞེས་བྱ་བའི ་དོན་ཏོ། །སེམས་ཅན་ཐམས་ཅད་རྨོངས་པར་བྱ་བ་ལ་ནི་མིག་བཙུམས་ནས་བཟླས་པས་སོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང། ལྷན་ཅིག་ཏུ་བྱས་ལ་ཡིད་ཀྱིས་མིག་བཙུམ་ནས་བཟླས་ན་དེས་མི་རྨོངས་པར་བྱས་པར་འགྱུར་རོ། །ཐམས་ཅད་བསད་པ་ལ་ནི་རྡོ་རྗེ ་དྲལ་བས་སོ་ཞེས་བྱ་བས་ནི་ལག་པ་གཡས་བས་དང་གཡོན་ཧཱུཾ་ཞེས་བྱ་བས་རྡོ་རྗེ་གཉིས་བསམ་ལ། ལག་པ་གཡོན་པའི་རྡོ་རྗེ་ལ་བསྒྲུབ་པར་བྱ་བའི་མིང་བློས་བསམ་ལ། ལག་པ་གཡས་པའི་རྡོ་རྗེ་བསྒྲུབ་པར་བྱ་བ་བསང་བའི་བསམ་པས་བསྣུན་ན། དེས་ནི ་ཐམས་ཅད་གསོད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་རྒྱས་བཏབ་པ་ལ་ནི་རྡོ་རྗེ་མཁའ་འགྲོ་མ་ཡི་ཕྱག་རྒྱས་སོ། །ཞེས་བྱ་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ། བསྟོད་པ་དང་བཅས་པས་མདའའཕེན་པ་ནི་རྡོ་རྗེ་མཁའ་འགྲོ་མ་ཡི་ཕྱག་རྒྱ་ཡིན་ལ། ་འདིས་བསྒྲུབ་པར་བྱ་བའི་སྙིང་གར་བསྣུན་པར་བྱ་སྟེ། འདིས་རིལ་རྒྱས་བཏབ་པར་བྱའོ། །རྒྱས་བཏབ་པར་གྱུར་པ་ལ་ནི་མཚན་མ་འདི་དག་འབྱུང་བར་འགྱུར་ཏེ། མིག་འཛུམ་པར་འགྱུར་བ་དང། སྟེང་དུ་ལྟ་བ་དང། ལྐུགས་པ་བཞིན་དུ་འདུག་པ་དང། རླུང་ལྟར ་དབུགས་འབྱིན་པ་དང། སྤྲུལ་ལྟར་འཁྲིལ་བ་དང་། ལོ?་ལྟར་ཅི་ཡང་མི་སྨྲ་བ་དང། ལྷ་ལ་སོགས་པའི་ཕྱག་རྒྱ་སྟོན་པ་དང། སོར་མོ་རྣམས་བགྲང་པ་དང། མིག་མི་འཛུམ་པར་ལྟ་བ་དང། མཆི་མགྲོག་པ་དང། རིམས་དང་བཅས་པར ་འགྱུར་བ་དང། འདར་ཞིང་གཡོ་བ་དང། རྣམ་པར་གྱུར་པ་དང། འཚིག་པར་འགྱུར་བ་དང། སྲེག་པར་འགྱུར་བ་དང། རྨོངས་པར་འགྱུར་བ་དང། འཁྲུག་པར་འགྱུར་བ་དང། འཁྲི་བར་འགྱུར་བ་དང། རྡུལ་བར་འགྱུར ་བ་དང། མངོན་པར་ལྟ་བར་འགྱུར་རོ། །སྙིང་ཐམས་ཅད་འདྲེན་ཅིང་འབྱིན་པ་ལ་ནི་ཡིད་ཀྱིས་བཟླས་པས་སོ་ཞེས་བྱ་བ་ནི་ལྷའི་སྦྱོར་བས་ཡིད་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ། དེའི་སྙིང་གི་པདྨ་བྱུང་སྟེ་བླངས་ལ། རང་གི་སྙིང་ལ་བཞག ་ལ་གཅིག་ཏུ་གྱུར་པར་བསམ་ཏེ། དེས་ནི་ཐམས་ཅད་ཀྱི་སྙིང་འདྲེན་ཅིང་འབྱིན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཟ་བ་ལ་ནི་བལྡད་ཅིང་མྱུར་བར་ཟློས་པས་སོ་ཞེས་བྱ་བས་ནི་བདག་ཉིད་རྡོ་རྗེ་ཁྲོ་བོའི་ཁ་ནམ་མཁའ་དང་མཉམ་པ། མཆེ་བ ་གཙིགས་པ་རྣམ་པར་བསམ་ལ། བསྒྲུབ་པར་བྱ་བ་ཁས་བླངས་ལ་བལྡད་ཅིང་བཟླས་ན་མྱུར་བར་དེ་ཟོས་པར་འགྱུར་རོ། །ཐམས་ཅད་སྐྲག་པར་བྱ་བ་ལ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱས་སོ། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འཇིགས ་པར་བྱ་བ་ནི་སྐྲག་པར་བྱའོ། །དེ་ཡང་གར་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ཁ་ཕྱེ་སྟེ། གདོད་ཤིན་ཏུ་འཇིགས་པ་དང། སྐྲ་གྱེན་དུ་བརྫེས་པ། འོག་ནས་མགོ་འདེགས་པས་སོ་ཞེས་བྱ་བ་སྨྲ་བར་བྱེད་པ་འདི་ནི། རྡོ་རྗེ་འཇིགས་བྱེད ་ཀྱི་ཕྱག་རྒྱ་སྟེ། འདིས་སེམས་ཅན་ཐམས་ཅད་སྐྲག་པར་བྱའོ། །ནོར་ཐམས་ཅད་འགུགས་པ་ལ་ནི་གསེར་གྱིས་བཟླས་པས་སོ་ཞེས་བྱ་བ་ནི་དོང་རྩེ་འགུགས་པའི་ཚུལ་གྱིས་བཟླས་བརྗོད་བྱས་ན། དེས་ནི་ནོར་ཐམས་ཅད་འགུགས་པར་འགྱུར ་རོ། །ནོར་དང་འབྲུ་ཐམས་ཅད་འགུགས་པ་ལ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་ལག་པ་གཡས་པའི་ཡང་མཛུབ་མོ་བསྒྲེང་ལ་གཡོན་པའི་ཡི་གེ་ཧཱུཾ་དང་སྡིག་མཛུབ་བྱ་བའི ་ཚུལ་གྱི་འདྲེན་པ་ནི། རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་སྟེ། འདིས་ནི་ནོར་དང་འབྲུ་ཐམས་ཅད་འགུགས་པར་འགྱུར་རོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པི་བར་བརྡུང་བ་དང། བཅས་པའི་ཀ་ཀ་ལེའི་གླུ་ལེན་པས་བཟླས་བརྗོད་བྱའོ་ཞེས་བྱ་བ་ལ། དེ ་བཞིན་གཤེགས་པ་ལ་སོགས་པ་དང། སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་སྟེ། རྡོ་རྗེ་སྒྲ་དང་ཕྱག་རྒྱ་ཆེན་པོས་བྱའོ། །ཐམས་ཅད་འབིགས་ཤིང་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་མདའི་ཕྱག་རྒྱས་སོ། །ཞེས་བྱ་བ་ལ་རྣམ་པར་འཇོམས ་པ་ཞེས་བྱ་བ་ནི་འབིགས་པའོ། །ཡིད་བདེ་བ་བསྐྱེད་པ་ནི་རྗེས་སུ་ཆགས་པར་བྱ་སྟེ་།རྡོ་རྗེ་ཡང་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་མདའི་ཕྱག་རྒྱ་སྟེ་། དེས་ཐམས་ཅད་འབིགས་པ་དང། རྗེས་སུ་ཆགས་པར་འགྱུར་རོ། །ཐམས་ཅད་དགའ་བར་བྱ ་བ་ལ་ནི་ཕྱོགས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་མཉེས་པས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དང་།སེམས་ཅན་གྱི་ཁམས་ཐམས་ཅད་ནི་ཐམས་ཅད་དེ། དེ་དགའ་བར་བྱ་བ་ནི་བསྒྲུབ་པར་བྱ་ཞིང་རང་དབང་དུ་བྱ་བ་སྟེ། ཀཱི་ལི་ཀཱི་ལའི ་རྡོ་རྗེ་ཕྱག་རྒྱ་བཅིངས་ལ་དེས་ཕྱོགས་བཅུར་དེ་བཞིན་གཤེགས་པ་ཐམས་ཅད་བྲིས་ལ། ཡིད་ཀྱིས་བཟླས་བརྗོད་བྱ་སྟེ། དེ་ནི་ཐམས་ཅད་བརྙེས་པར་འགྱུར་རོ། །སྡུག་པའི་བཅིང་བ་བརྟན་པར་བྱ་བ་ལ་ནི་སྙིང་བརྟན་པར་ངེས་པར་བཙིར་བས་སོ། ། ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པས་སེམས་ཅན་ཐམས་ཅད་འཁོར་བ་ཇི་སྲིད་པར་ཡོངས་སུ་མི་གཏོང་པའི་ཆགས་པ་ནི་སྡུག་བརྟན་པའོ། །དེས་འཆིང་བ་ནི་དམ་པོར་བཟུང་བ་སྟེ། སྡུག་པ་ནི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། བརྟན་པའི ་འཁྲུལ་འཁོར་གཙིར་བ་དེས་ནི་སྙིང་བཙིར་བས་དེ་རྫོགས་པར་འགྱུར་རོ་།མ་རུངས་པ་རབ་ཏུ་བསྒྲུབ་པ་ལ་ནི་རྡོ་རྗེ་སྙེམས་མས་སོ་ཞེས་བྱ་བ་ནི་རྡོ་རྗེ་བསྙེམས་པའི་ཕྱག་རྒྱའི་རྡོ་རྗེ་སྙེམས་མ་སྟེ། དེས་མ་རུངས་པ་རྣམས་རབ་ཏུ་བསྒྲུབ་པར་བྱེད་པ་འགྱུར་རོ། ་འདི་སྐད་སྟོན་པར་འགྱུར་ཏེ། མ་རུངས་པ་རྣམས་ལ་བལྟས་ལ་རྡོ་རྗེ་སྙེམས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས། ཡིད་ཀྱི་འགྲུབ་པ་བྱ་བའི་ལུས་ལ་ཞུགས་ཏེ། བདག་ཉིད་དེ་དང་ལྷན་ཅིག་ཏུ་གྱུར་པར ་བསམ་ལ། མགོ་གཡོན་ཏུ་བཏུང་དེ། བསྒྲུབ་པར་བྱ་བ་འདུད་པར་བྱེད་པའི་བསམ་པས་བཏུང་དེ། དེས་ནི་དེ་ལྟུང་པར་བྱས་བར་འགྱུར་ཞིང། དྲེགS་པ་འཕྲོག་པར་འགྱུར་རོ། །རྒྱན་ཐམས་ཅད་ཅེས་བྱ་བ་ནི་གོ་པར་ཟད་དོ། །དེ ་རྣམས་དབྲོག་པ་ནི་འབར་བའི་ལྟ་བས་དབྲོག་པས་སོ་ཞེས་བྱ་བ་ནི་རབ་ཏུ་མྱུར་བར་གཡོ་བའི་མིག། མིག་གི་རྫི་མ་འདྲེན་པ་ནི། འབར་བའི་ལྟ་བ་ཞེས་གྲགས་ཏེ། འགྲོ་བ་ཐམས་ཅད་འགུག་པའོ་ཞེས་བྱ་བ་ནི་འབར་བའི་ལྟ ་པའི་མཚན་ཉིད་དེ་།དེ་དབྲོག་པ་ནི་དགུག་པ་སྟེ། འབར་བའི་ལྟ་བས་དབྲོག་པའོ། །ཐམས་ཅད་ཡིད་ཚིམ་པ་ཞེས་བྱ་བ་ནི་བདེ་པ་སྐྱེད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་བཞག་པས་སོ། །ཞེས་བྱ་བ ་གསུངས་ཏེ། དམ་ཚིག་རྡོ་རྗེའི་ཁུ་ཚུར་བཅིངས་ལ་སྙིང་གའི་ཕྱོགས་སུ་བཞག་སྟེ། དེས་ནི་ཐམས་ཅད་ཡིད་ཚིམ་པར་འགྱུར་རོ། །མུན་པ་སྣང་བར་བྱ་བ་ལ་ནི། རྡོ་རྗེ་ཁ་ཤར་དུ་བལྟས་ཏེ་བསྐོར་བས་སོ་ཞེས་བྱ་བ་ནི། དང་པོའི་རྡོ ་རྗེ་བླངས་ལ་འོད་ཟེར་འབར་བ་གཏོན་པའི་ཚུལ་གྱིས་ཤར་ཕྱོགས་སུ་བལྟས་ལ། བསྐོར་ན་མུན་པ་མུན་ནག་སྣང་པར་བྱེད་དོ། །ལུས་པ་དེ་བར་བྱ་བ་ལ་ནི་རང་གི་མཚན་གྱིས་བཟླས་པས་སོ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པས་རང་གི ་མཚན་བཟུང་ལ། ལུས་ཀྱི་སྡུག་བསྔལ་གཞིག་པར་བྱ་བའི་ཕྱིར་བཟླས་བརྗོད་བྱ་སྟེ། དེས་ལུས་བདེ་བའི་རྒྱུར་འགྱུར་ཏེ། གཡོགས་ནས་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཟུགས་ཐམས་ཅད་སྣང་བར་བྱ་བ་ལ་ནི། རྡོ་རྗེ་གཟུགས་ཀྱི ་མཆོག་གིས་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་བསམ་པས་གར་ལས་བྱུང་བའི་རྡོ་རྗེ་བསྡམས་པ་བཅིངས་ལ། གཡོན་པའི་མཛུབ་མོ་ལྕགས་ཀྱུས་གཡས་པའི་གུང་མོའི་རྩེ ་མོ་འཁྱུད། གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་གུང་མོའི་རྩེ་མོ་འཁྱུད། མཐེ་བོང་གཉིས་རང་རང་གི་མཛུབ་མོ་དང་རྩེ་སྦྱར་ལ་མཐེའུ་ཆུང་གཉིས་སྦྱར་ཏེ། བརྐྱང་བ་འདི་ནི་རྡོ་རྗེ་གཟུགས་ཀྱི་མཆོག་སྟེ། འདིས་གཟུགས་ཐམས་ཅད ་ཡང་དག་པར་སྟོན་པར་འགྱུར་རོ། །སྒྲ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སྒྲའོ། །དེ་ཐོས་པར་བྱ་བ་ལ་ནི་ཞེས་བྱ་བ་ལ་ནི་གཞན་རྣམས་ཀྱིས་ཐོས་པར་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་པི་བང་གིས་སོ་ཞེས་བྱ་བ་སྟེ། གར་ལས་བྱུང ་བའི་རྡོ་རྗེ་བསྡམས་པ་ལས་གཡོན་པའི་མཛུབ་མོ་བཀུག་པ་ནི་ཡུ་བ་སྟེ། གཡས་པའི་མཛུབ་མོས་བརྡུངས་ལ། འདི་དང་སྒྲ་རྣམས་བྲག་ཅ་ལྟ་བུར་བསྒོམས་པས་སྒྲ་ཐམས་ཅད་འབྱུང་བར་འགྱུར་ཏེ། འདི་ནི་རྡོ་རྗེ་བི་བང་ངོ། །དྲི་ཞིམ་པོ་སྣ ་ཚོགས་པའི་ཕྱིར་ན། སྣའི་དབུགས་འབྱིན་པའི་གླུ་ཡིས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་པ་བསྐྱེད་པའི་དབུགས་འབྱིན་པ་དང། ཧཱུཾ་ཞེས་པའི་གླུའི་བཟླས་པས། དེ་བསྐྱེད་པའི་བསམ་པའི ་དབང་གིས་འབྱུང་བར་འགྱུར་རོ། །ཟས་དང་སྐོམ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། རྫས་ཐམས་ཅད་རྡོ་རྗེ་བསྡམས་པ་བཅིང་ཞིང་ཡིད་ཀྱིས་བླངས་ལ་། མངོན་པར་འདོད་པའི་གནས་སུ་བཞག་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་སྤྲོ་བ་བྱས་པར ་འགྱུར་རོ། །དབབ་པ་ཐམས་ཅད་ནི་ཞེས་པ་ལ་སོགས་པ་ལ། ལག་པ་གཉིས་ཀྱི་སེ་གོལ་བརྡེབས་ཤིང། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོད་ཟེར་འབར་བས་ཀུན་ནས་འཁྲིགས་པས་བསྒྲུབ་པར་བྱ་བ་ཀུན་ཏུ་གང་བར་བསམ་ཞིང། ཧཱུཾ ་ཞེས་བྱ་བའི་གླུ་བླང་བར་བྱ་སྟེ། དེ་ནི་བྲ་སེན་ལ་སོགས་པ་དབབ་པ་ཐམས་ཅད་བྱེད་པར་འགྱུར་རོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི། ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱིས་ཞུགས་ལ་བསྒྲུབ ་པར་བྱ་བ་གར་བྱེད་པའི་བསམ་པས་བདག་ཉིད་གར་བྱེད་ཅིང། ཧཱུཾ་ཞེས་བྱ་བ་བཟླས་ན། དེས་ནི་ཐམས་ཅད་གར་བྱེད་དུ་འཛུད་བར་འགྱུར་རོ། །ཐམས་ཅད་གླུ་ལེན་དུ་གཞུག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་ནི། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ ་ལ་ཧཱུཾ་ཞེས་བྱ་བའི་གླུ་ལ་སོགས་པའི་གྲེ་འགྱུར་ཐམས་ཅད་འབྱུང་བར་བསམ་ལ། དེ་རྫོགས་པར་བྱ་བའི་བསམ་པས་ལྕེ་བསྐྱོད་ཅིང་བཟླས་བརྗོད་བྱ་སྟེ་། དེས་ནི་ཐམས་ཅད་གླུ་ལེན་དུ་འཇུད་པར་འགྱུར་རོ། །ཐམས་ཅད་སྨྲར་འཇུག་པ་ནི་རྡོ་རྗེ་ཆུ ་ཡིས་སོ་ཞེས་བྱ་བ་ནི་ཐམས་ཅད་བབས་པས་ཡི་གེ་ཧཱུཾ་ཞེས་བྱ་བ་དང། སྦོས་ཆུའི་རྡུལ་ཕྲ་རབ་རྡོ་རྗེ་སྨྲ་བ་ལྟ་བུར་རྣམ་པར་བསམ་ལ། མངོན་པར་བཟླས་ཏེ་ཁར་བླུད་ན་དེས་ནི་ཐམས་ཅད་སྨྲ་འཛུད་བར་འགྱུར་རོ། །ཐམས་ཅད་ཐབས་ནས་ཞེས ་བྱ་བ་ལ་སོགས་པ་ལ། གདོན་ལ་སོགས་པ་ཐམས་ཅད་ཞུགས་ནས། དེ་རྣམས་ཀྱི་མངོན་པར་འདོད་པའི་དངོས་པོ་རྣམས་སྟོན་ཅིང་དྲིས་པའི་ལན་སྟོན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་འབེབས་པས་སོ་ཞེས་བྱ་བ་གསུངས་སྟེ་། དམ་ཚིག་རྡོ ་རྗེ་འབེབས་པས་སོ་ཞེས་བྱ་བའི་དོན་ཏོ། །འདི་སྒྲུབ་སྟོན་པར་འགྱུར་ཏེ་། བབས་པར་གྱུར་པ་དང། ལྕེ་ལ་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་བསམ་ཏེ། དེའི་སྟེང་དུ་ཧཱུཾ་ཨ་ཞེས་བྱ་བ་འོད་ཟེར་འབར་བ་འཁྲིགས་པ་བཀོད་ལ། རྡོ་རྗེ་འབེབས་པའི་དམ ་ཚིག་གི་ཕྱག་རྒྱ་སྟོན་པར་རྣམ་པར་བསམ་ནས། ཧཱུཾ་ཨ་ཞེས་བྱ་བ་བཟླས་བརྗོད་བྱའོ། །གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་མུའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། སྲིན་བུ་ལ་སོགས་པའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི། ་གར་ལས་བྱུང་བའི་བ་དན་གསུམ་པའི་ཕྱག་རྒྱ་གཉིས་བྱས་ལ། མཐེའུ་ཆུང་གཉིས་གཤིབས་ལ་མཛུབ་མོ་རྡོ་རྗེར་བྱ། མཛུབ་མོ་གཉིས་མདུད་དེ་བཟློག་ནས་དབང་བསྐུར་བའི་གནས་སུ་མཛུབ་མོ་རྩེ་སྦྱར་བར་བཞག་ནས། ཧཱུཾ་མུ་ཞེས་བརྗོད་ལ། ་ཁྲོས་ཤིང་གདོང་མཆེ་བ་གཙིགས་པ་འོད་ཟེར་འབར་བས། ཀུན་ཏུ་འཁྲིགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ་བའི་སྟེང་དུ་བསམ་ལ། དེས་ཀྱང་དེའི་མགོ་བོ་ནས་བརྩམས་ཏེ་། རྐང་པའི་མཐར་ཐུག་གི་བར་དུ་བསྒྲུབ ་པར་བྱ་བའི་ལུས་ལ་ཁྱབ་པར་བསམ་པར་བྱ་སྟེ། དེས་ནི་གདོན་ཐམས་ཅད་ལས་ཐར་གྱུར་ཏེ། འདི་ནི་རྡོ་རྗེ་མུའི་ཕྱག་རྒྱའོ། །གདོན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྲིན་པོ་ལ་སོགས་པའི་གདོན་ཐམས་ཅད་ཀྱིས་སེམས་ཅན་འགའ་ཞིག་འཛིན ་པར་བྱ་བར་འདོད་ན། དེའི་ཚེ་ཚོགས་ཀྱི་བདག་པོའི་གཟུགས་བརྙན་མདུན་དུ་བཞག་ལ། དེར་ཚོགས་ཀྱི་བདག་པོ་བཀུག་ཅིང་བཅུག་ལ་དབང་དུ་བྱ་སྟེ། སྔ་མ་བཞིན་དུ་རབ་ཏུ་བསྒྲུབས་ལ་དབང་བསྐུར་ཏེ་ལེགས་པར་མཆོད་ལ། ཁྲོས་པས་རྡོ་རྗེ ་གསོར་ཞིང་ཟླས་ནས། ཆེ་གེ་མོ་གདོན་གྱིས་ཟིན་དུ་ཆུག་ཅིག། ཧཱུཾ་ཞེས་བསྐུལ་ན་དེའི་ཚེ་དེ་གདོན་གྱིས་ཟིན་པར་འགྱུར་རོ། །རིམས་ཐམས་ཅད་འཛིན་དུ་འཇུག་པ་ལ་ནི་རྡོ་རྗེ་རིམས་ཀྱི་གདོན་གྱིས་སོ་ཞེས་བྱ་བ་ལ། ཉིན་ཅིག་པ་ལ་སོགས་པའི ་རིམས་བརྒྱད་ནི་རིམས་ཐམས་ཅད་དེ། གང་གི་ཚེ་དེས་སེམས་ཅན་འགའ་ཞིག་ཟིན་པར་འདོད་ན། དེའི་ཚེ་ཧཱུཾ་ཞེས་བྱ་བ་བཟློས་ཤིང་རྡོ་རྗེ་བཅིངས་ནས། ནམ་མཁའ་ལས་རིམས་བླངས་ལ་བསྒྲུབ་པ་བྱ་བའི་སྙིང་གར་སྦྱོར་བ་འདིས་རིམས་གཞུག ་པར་བྱ་སྟེ། རྡོ་རྗེ་བསྡམས་པ་བརྐྱང་ལ་སྙིང་འདད་བར་བྱ་སྟེ། དེས་ན་རིམས་ཀྱིས་འཛིན་པར་འགྱུར་རོ། །རིམས་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེའི་ལྟ་བས་བསལ་བས་སོ་ཞེས་བྱ་བ་ལ། རྡོ་རྗེའི་ལྟ་བ་ནི་ཚོགས་ཤིང་རབ་ཏུ་གདངས་པའི་མིག? ་ཅེས་བྱ་བ་ནི་རྡོ་རྗེ་ལྟ་བའི་མཚན་ཉིད་དོ། །དེས་བྱ་བས་པས་རིམས་ཐམས་ཅད་སེལ་ནུས་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ་། ཇི་སྐད་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་བྱས་ལ་མིག ་གདངས་པར་མ་ལས་ཉི་མའི་དཀྱིལ་འཁོར་གཡོན་པར་ཨ་མེད་པའི་ཡི་གེ་ཊ་ལས་ཟླ་བའི་དཀྱིལ་འཁོར། ཡང་ཡི་གེ་ཧཱུཾ་ལས་མིག་གཉིས་སུ་རྡོ་རྗེ་གཉིས་བསམ་ལ། དེ་དང་ཧཱུཾ་ཞེས་བྱ་བཟློས་ཤིང་བསྒྲུབ་པ་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། ་བྱབས་ལ་མིག་གཉིས་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་རིམས་ལ་བསྣུན་པར་བྱས་ན། དེས་ནི་རིམས་ཐམས་ཅད་བསལ་ནུས་པར་འགྱུར་རོ། །དུག་ཐམས་ཅད་སྤར་པ་ལ་ནི་ཞེས་བྱ་བ་ལ། རྒྱུ་བ་དང་མི་རྒྱུ་བའི་དུག་ཐཾས་ཅད་བེམས་པོར་གྱུར་པ་རྣམS ་ལ་བེམས་བོ་མ་ཡིན་པར་བྱ་ཞིང། རང་གི་ནུས་པ་བསྐྱེད་པར་བྱ་བ་ནི་སྦར་བའོ། །དེ་ཇི་ལྟར་བྱ་ཞེན་རྡོ་རྗེ་ལྟ་བུའི་དུག་གིས་རྒྱས་སོ་ཞེས་བྱ་བ་ནི་ཁྲོས་ཤིང་མིག་མི་འཛུམ་པའི་ལྟ་བས་ལྟ་བ་འདི་ནི་རྡོ་རྗེའི་ལྟ་བ་སྟེ། འདིས་དུག་ཐམས་ཅད ་འབར་བར་བྱེད་པར་འགྱུར་རོ། །འདི་ནི་དོན་འདི་སྐད་དུ་སྟོན་པར་འགྱུར་ཏེ། ཁྲོས་པའི་དཔལ་རྡོ་རྗེ་སེམས་དཔར་བདག་ཉིད་ཇི་ལྟ་བ་བཞིན་དུ་བསམ་ལ་། ཧཱུཾ་ཞེས་བྱ་བ་ལས་མིག་གཉིས་སུ་ལྟ་བའི་དུག་ཅན་གྱི་ཁྲོ་བོ་གཉིས་སུ་འབར་བའི ་འོད་རྣམ་པར?་འཁྲུག་པ་བསྐྱེད་ལ། ལྟ་བ་དེས་སྤར་བ་ནི་དུག་མེ་དང་རླུང་གི་དཀྱིལ་འཁོར་ལ་བསམ་ནས། ཧཱུཾ་ཞེས་བྱ་བ་ཟློས་ཤིང་སྦར་བར་བྱའོ། །དུག་ཐམས་ཅད་གཞིག་པ་ལ་ནི་རྨ་བྱའི་སྒྲོའི་ཆུན་པས་སོ་ཞེས་བྱ་བ་ནི་རང་གི་ལྷའི་རྣལ ་འབྱོར་ཇི་ལྟ་བ་བཞིན་བྱས་ལ། རྨ་བྱའི་ཆུན་པོ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག་ཅན་ཉིད་ཀྱི་དབུ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་དབུས་ཕྱོགས་བཅུ་ཐམས་ཅད་དུ་ཀུན་ཏུ་གང་བར་བསམ་ལ། ཆུན་པོ ་དེས་བསྒྲུབ་པར་བྱ་བའི་ལུས་ལ་བྱབས་པར་བྱ་ཞིང། དེས་ཀྱང་བཅོམ་ལྡན་འདས་དུག་ཐམས་ཅད་རྣམ་པར་གཡེང་བར་བྱེད་པས་བསྒྲུབ་པར་བྱ་བའི་ལུས་བཀྲུས་པར་གྱུར་པར་བསམ་ལ། དེས་ནི་ཐམས་ཅད་འཇིགས་པར་འགྱུར་རོ། ། ་དུག་ཐམས་ཅད་བཟའ་བར་བྱ་བ་ལ་ནི་རྡོ་རྗེ་བདུད་རྩིའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་ལས་འཛུབ་མོ་གཉིས་སྦྱར་ཏེ། རྐང་པའི་སོར་མོ་བསྒྱུར་ཞིང་ཧཱུཾ་ཞེས་བྱ་བ་ཟློས་ཤིང་དུག་གི་སྟེང་དུ་བཞག་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ ་སེམས་དཔས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་ཤིང། སྔར་བཤད་པའི་མཚན་ཉིད་ཀྱིས་དུག་ལ་ཁྱབ་པས་བདུད་རྩིར་གྱུར་པར་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་བདུད་རྩིའོ། །བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་བརླག་པ ་ལ་ནི་འཁྲུགས་པས་དཔག་ཏུ་མེད་པར་བཟླས་པས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བདག་ཉིད་རྡོ་རྗེ་སེམས་དཔའ་ཞལ་མཆེ་བ་རྣམ་པར་གཙིགས་པ། མདོག་ནག་པོ་རྡོ་རྗེ་འབར་བའི་འོད་ཀུན་ཏུ་འཁྲུགས་པ། རྡོ་རྗེ་གསོར་བ་ལ་སོགས་པ་ལ་བརྩོན ་བར་རྣམ་པར་བསམ་ལ། ཧཱུཾ་ཞེས་བྱ་བ་ཟློས་ཤིང། རྡོ་རྗེ་ལས་རྡོ་རྗེ་ཁྲོ་བོ་སྦྲུལ་ལ། དེས་བགེགས་ཐམས་ཅད་སྐྲག་པར་བྱ་ཞིང་བསྐྲད་པར་བྱའོ། །དཔག་ཏུ་མེད་པ་ཟླས་པས་སོ་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བ་ཉིད་ཟླས་པས་སོ། །མཁའ་འགྲོ ་མའི་གདོན་ཐམས་ཅད་འགྲོ་བ་ལ་ནི་རྡོ་རྗེ་ཆེན་པོ་གསོར་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ཆེན་པོ་གསོར་བ་སྟེ་།དེས་མཁའ་འགྲོ་མའི་གདོན་ཐམས་ཅད་ལས་གྲོལ ་བར་བྱའོ། །དེ་ཡང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བར་བདག་ཉིད་རྣམ་པར་བསམ་ལ། ཧཱུཾ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཆེན་པོ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་མཁའ་འགྲོ་མའི་གདོན་རྣམས ་གསོད་ཅིང་འཇོམས་པར་བྱེད་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་འཕེན་པས་སོ་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ་།གང་གི་ཚེ་འགའ་ཞིག ་འོངས་པར་གྱུར་ན། དེའི་ཚེ་རྡོ་རྗེ་སེམས་དཔའ་ཁྲོས་པར་བདག་ཉིད་རྣམ་པར་བསམ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། དེའི་ཐད་ཀར་འཕངས་ལ། རྡོ་རྗེའི་བར་བའི་སྟེང་དུ་ངེས་པར་བབ་པར་བསམ་པར་བྱ་སྟེ། དེ་ལྟར་ན་ཕྱག་རྒྱ་དེས ་འཇིག་པར་འགྱུར་རོ། །མཁའ་འགྲོ་མ་ཐམས་ཅད་འགུགས་པ་དང་གཞུག་པ་དང་གདུལ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་དམ་ལམ་གྱི་བཞི་མདོར་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་དེར་མཁའ་འགྲོ་མའི་ཚོགས་ཐམས ་ཅད་བཀུག་ནས་དེའི་འོག་ཏུ་བཅུག་ལ། དེ་ནས་རང་གི་བཀའ་བསྒོ་བ་ལ་སྦྱར་བར་བྱ་སྟེ་། དེ་ཡང་རྡོ་རྗེ་ཁ་ཊཝཾ་གའི་ཕྱག་རྒྱ་བཅིངས་ལ། ཁྲོས་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱའོ། །གཡོན་པའི་མཛུབ་མོ་ཐད ་ཀར་བཞག་སྟེ། གཡས་པའི་མཐེའུ་ཆུང་བརྐྱང་ལ། ཕྱག་རྒྱ་སྟེང་དུ་བཏེག་ནས་བཞག་པ་འདི་ནི་རྡོ་རྗེ་ཁ་ཊཝཾ་གའི་ཕྱག་རྒྱ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་སྦྱར་བར་བྱའོ། །མ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་ཞེས་བྱ་བ་ལ་སོགས་པ་ལ ་མ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་གཟུགས་དང་བཅས་པ་དང། གཟུགས་མེད་པ་སྟེ། དེ་ཉིད་ནི་དམ་ཚིག་ཅེས་བཤད་དོ། །དེ་རྣམས་ཀྱི་སྙིང་པོ་ནི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རོ། །ཕྱག་རྒྱ་ནི་གཟུགས་ཀྱི་དཀྱིལ་འཁོར་རོ། །སྔགས་ནི ་ཆོས་ཀྱི་དཀྱིལ་འཁོར་རོ། །རིག་པ་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེ་རྣམས་མི་གསང་བ་ཞེས་བྱའོ། །དེ་དག་འཇིག་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁྲོ་བོས་ཡི་གེ་ཕཊ་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་དུ་གྱུར་པས་ཁྲོ་བོའི་ཁུ ་ཚུར་གཉིས་ཀྱིས་ཧཱུཾ་ཕཊ་ཅེས་བྱ་བའི་ཁྲོ་བོ་སྟོང་གི་ཇི་སྐད་དུ་བཤད་པའི་དངོས་པོ་གཞིག་པར་བྱ་བའི་ཕྱིར་སྦྱར་བར་བྱ་བ་སྟེ། ཁྲོ་བོ་སྟོང་པོ་མཚོན་ཆ་སྣ་ཚོགས་པ་ཐོག་པ། ཕྱག་ན་རྡོ་རྗེའི་སྐུ་ལས་བྱུང་བ་རྣམས་ཀྱིས་མ་མཐོང་བ་ཐམས་ཅད་ཀྱི་དཀྱིལ ་འཁོར་དང། དམ་ཚིག་དང། སྙིང་པོ་དང། ཕྱག་རྒྱ་དང། སྔགས་དང། རིག་སྔགས་དང། གསང་བ་རྣམས་འཇིག་པར་བྱས་པར་བསམ་པར་བྱའོ། །མ་མོ་དང་མཁའ་འགྲོ་མ་ཐམས་ཅད་མདག་གཞུག་མར་བྱ་བ་ལ་ནི། མ་མོའི ་གནས་སུ་ཁྲོས་པས་བཟླས་བརྗོད་འབུམ་བྱའོ། །ཞེས་བྱ་བ་ནི་དྲག་མོ་ལ་སོགས་པ་ནི་མ་མོ་ཐམས་ཅད་དང་མཁའ་འགྲོ་མ་གང་ཡིན་པ་སྟེ་། དེ་རྣམས་ཀྱི་རིམ་པ་གང་ཡིན་པས་གྲུབ་པ་རྣམས། དེ་རྣམས་རང་གི་དབང་དུ་བྱེད་པར་འདོད་པས ་ཁྲོས་པ་དང། རྡོ་རྗེ་གསོར་ཞིང་མ་མོའི་གནས་རྣམས་སུ་ཧཱུཾ་ཞེས་བྱ་བའི་བཟླས་བརྗོད་ཇི་སྲིད་སྟོང་ཕྲག་བརྒྱ་རྫོགས་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱས་ནས། དེ་ནས་དེ་རྣམས་མདག་གཞུག་མར་འགྱུར་རོ། །བདུད་ཐམས་ཅད ་གྱི་སྟོབས་གཞོམ་པ་ལ་ནི་རྡོ་རྗེ་དྲག་པོའི་ཧ་ཏ་ཞེས་བྱ་བའི་གང་བརྒྱངས་སོ་ཞེས་བྱ་བ་ནི་ལྷའི་བུ་དང། ཉོན་མོངས་པ་དང། ཕུང་པོ་དང། འཆི་བདག་གི་རང་བཞིན་ནི་བདུད་ཐམས་ཅད་དོ། །དེ་རྣམས་ཀྱི་སྟོབས་ནི་ནུས་པ་སྟེ་། དེ་བཟློག་པ་ནི་གཞོམ ་པའོ། །དེ་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གང་རྒྱངས་ཀྱིས་འགྱུར་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའ་ཁྲོས་པར་རྣམ་པར་བསམ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་། བཟློག་ནས་ཁའི་གྲཝ་གཉིས་སུ་བཞག་ལ་། ཧ་ཧ་ཧ་ཧ་ཧཱུཾ་ཞེས་བཟླས་པ ་འདི་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གང?་བརྒྱངས་ཏེ། འདི་ཉིད་བཅིངས་ལ་བཟླས་པའི་དུས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲར་བ་དང་མཉམ་པའི་རྡོ་རྗེ་གནང་སྦྱིན་གྱི་གཟུགས་བདུད་ཐམས་ཅད་ཟ་བར་བྱེད་པར་བསམ་བར་བྱ་སྟེ ་དེ་ལྟ་བུ་ནི་བདུད་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་ལ་ནི། རྡོ་རྗེ་ལ་ཡོངས་སུ་བཟླས་པ་འཕང་ངོ་ཞེས་བྱ་བ་ལ་ནི་ལག་པ་གཡས་སམ་།གཡོན་དུ་ཧཱུཾ་ཞེས ་བྱ་བ་ལས་ཁྲོ་བོ་རྡོ་རྗེ་རྣམ་པར་བསམ་ལ་། རྡོ་རྗེ་ཁུ་ཚུར་བཅིངས་སྟེ། མངོན་པར་བཟླས་ལ་བསྐལ་པ་སྲེག་པ་ལྟ་བུའི་ཁུ་ཚུར་དེ་ཉིད་ཀྱིས་ཡང་དང་ཡང་དུ་གཞན་གྱི་དཔུང་གི་སྟེང་དུ་འཕང་བར་བྱ་སྟེ། དེ་ལྟ་བུས་ནི་གཞན་གྱི་དཔུང་ཐམས་ཅད ་འཇོམས་པར་འགྱུར་རོ། །འཐབ་པ་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་།རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ལྔ་པོ་བསྡུས་པ་ལས་མཛུབ་མོ་གཉིས་ལྕགས་ཀྱུར་བཅིངས་ཏེ་། སྲིན་ལག་དང་མཐེའུ་ཆུང་བསྙམས་ལ་ཕྱེ་སྟེ། ་བརྒྱད་ནས་བ་དན་གྱི་རྩེ་མོ་ལྟ་བུར་བྱ་བ་སྟེ་།གྱེན་དུ་འདེགས་པ་འདི་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། འདི་བཅིངས་ལ་ཧཱུཾ་ཞེས་བྱ་བ་ཟློས་ཤིང། རྡོ་རྗེ་དྲན་པར་བདག་ཉིད་རྣམ་པར་བསམ་ལ། ཆུ་སྲིན་གྱི་རྒྱལ་མཚན་ལས་དཔུང་གི་ཚོགས་ཡན ་ལག་བཞི་པ་ཕྱུང་སྟེ་།དེས་གཞན་གྱི་དཔུང་བཅོམ་ཞིང། གཞིག་པར་བྱ་སྟེ། དེ་ལྟ་བུས་ནི་གཡུལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཐམས་ཅད་བཅིང་བ་ལ་ནི་གོས་ལ་མདུད་པ་བྱའོ་ཞེས་བྱ་བ་ནི། ཧཱུཾ་ཞེས་བྱ་བས་གོས་ཀྱི་མཛའ་ཨི ་རྡོ་རྗེའི་ཐག་པར་བསམ་ལ། ངེས་རྐུན་པོ་ལ་སོགས་པ་ཡིད་ཀྱིས་བཀུག་ནས་ཧཱུཾ་ཞེས་བྱ་བཟློས་ཤིང་མདུད་པའི་ཚུལ་གྱིས་བཅིང་བར་བྱའོ། །ཐམས་ཅད་དགྲོལ་བ་ལ་ནི། ཡི་གེ་མུའི་ཡིས་སོ་ཞེས་བྱ་བ་ནི་བཅིང་པ་དང། རྒྱས་བཏབ་པ་དང། ་སྲེག་པ་དང། བརྩོས་པ་དང། བསྐྲད་པ་ལ་སོགས་པ་སྔགས་ཀྱི་སྦྱོར་བ་བྱས་པ་དེ་ཐམས་ཅད་ནི་ཧཱུཾ་མུ་ཞེས་བྱ་བ?་བཟླས་ན་བཅིང་བ་ཐམས་ཅད་ལས་གྲོལ་ཞིང་ཐར་བར་འགྱུར་རོ། །རོ་ལངས་དང་འཁྲུལ་འཁོར་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ ་འཇིག་བྱེད་ཀྱིས་སོ་ཞེས་བྱ་བ་ནི་རོ་ལངས་ཐམས་ཅད་དང་འཁྲུལ་འཁོར་རྣམས་ནི། རོ་ལངས་དང་།འཁྲུལ་འཁོར་ཐམས་ཅད་དེ་། དེ་ལ་མི་ཤི་བའི་རོ་ལ་སྲིན་པོ་ལ་སོགས་པ་ཞུགས་པ་ནི་། རོ་ལངས་སོ། འཁྲུལ་འཁོར་ནི་ལྷ་མ་ཡིན ་གྱིས་བྱས་པའམ་། གཞན་དག་གིས་བྱས་པ་སྟེ། དཔེར་ན་ས་འོག་དུ་འགྲོ་བའི་ལམ་དུ་བཤད་པའོ།། །།དེ་རྣམས་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱས་འཇིགས་པར་འགྱུར་ཏེ་།རྡོ་རྗེ་བསྡམས་པ་བཅིངས་ནས། སྟང་སྟབས ་ཀྱིས་འཕངས་ལ་ཕྱག་རྒྱ་བཅིངས་པ་ལས་རྡོ་རྗེ་འབར་བ་བྱུང་བས་རོ་ལངས་དང། འཁྲུལ་འཁོར་རྣམས་ལ་འབབ་པར་བསམ་པར་བྱ་སྟེ་། འདི་ནི་རྡོ་རྗེ་འཇིགས་བྱེད་དོ། །ལྕགས་སྒྲོག་ཐམས་ཅད་དགྲོལ་བ་ལ་ནི། རྡོ་རྗེ་ཁབ་ལོང་གིས་སོ ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གར་ལས་བྱུང་བ་བཅིངས་ལ། ལྕགས་སྒྲོག་རྣམས་ལ་འཕངས་པས་ཕྱག་རྒྱ་དང། སྟང་སྟབས་ལས་བྱུང་བའི་རྡོ་རྗེ་འབར་བ་རྣམས་ལྕགས་སྒྲོག་ལ་བབས་པས་ལྕགས་སྒྲོག་ཐལ་བར་བྱས་པར་བསམ ་པར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་སྒྲོག་གོ་།མེ་ཡང་དག་པར་སྐྱེད་པ་ལ་ནི་རྡོ་རྗེ་མེ་ཤེལ་གྱིས་སོ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་བཅིངས་ལ་མཐེ་བོང་དང། མཐེའུ་ཆུང་རྡོ་རྗེ་རྩེ་མོ་བཞི་པ་འབར་བ་རྣམ་པར་འཕྲོ་བ་རབ་ཏུ་སྟོན་པའི་ཚུལ་དུ་བྱས ་པ་འདི་ནི་རྡོ་རྗེ་མེ་ཤེལ་ཏེ། འདི་བཅིངས་ལ་རླུང་དང་མེའི་དཀྱིལ་འཁོར་ལ་ཧཱུཾ་ཞེས་བྱ་བ་བསམ་ཏེ་།ཧཱུཾ་ཞེས་བྱ་བ་ཉིད་ཟློས་ཤིང་མེ་བསྐྱེད་པར་བྱའོ། །ཆུ་མེད་པར་ཆུ་ཡང་དག་པར་བསྐྱེད་པ་ལ་ནི་རྡོ་རྗེ་ཆུ་ཤེལ་གྱིས་སོ་ཞེས་བྱ་བ་ནི་དེ ་བཞིན་གཤེགས་པའི་སྐུའི་མཆོག་ཅིངས་ལ་རང་གི་སྙིང་གའི་ཕྱོགས་སུ་གཞག་སྟེ། ཁྲོ་བོའི་ལྟ་བས་ཇི་ལྟར་མངོན་པར་དགའ་བའི་གླུ་ལ་ལྟ་བཞིན་དུ་འདིར་ཆུ་སྐྱེད་ཅིང་ཅེས་བྱ་བ་དང་།ཧཱུཾ་ཞེས་བྱ་བས་བཟླས་ན། ཆུ་སྐྱེ་བར་འགྱུར་ཏེ། ་འདི་ནི་རྡོ་རྗེ་ཆུ་ཤེལ་ལོ། །ནམ་མཁའ་ལས་ཞེས་བྱ་བ་ལ་སོགས་པ་ལ་། ནམ་མཁའ་ལ་ཧཱུཾ་ཞེས་བྱ་བ་ལས་ནམ་མཁའ་ཨི་མཛོད་ཟས་དང་སྒོམ་ཐམས་ཅད་འབེབས་པ་ལ་བརྩོན་པར་བསམ་ལ། དེ་ཉིད ་ལ་ལྟ་ཞིང་ཧཱུཾ་ཞེས་བྱ་བས་བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །འབུམ་རྫོགས་པ་དང་། ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་རོ། །ནམ་མཁའ་ལས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ལ་ཧཱུཾ་ཞེས་བྱ་བ་ལས་བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་རྣམ་པར་བསམ་ལ་། དེ་ཉིད་ཡིད་ལ་བྱ་ཞིང་ཧཱུཾ་ཞེས་བྱ་བས་བཟླས་བརྗོད་འབུམ་བྱའོ། །འབུམ་རྫོགས་པར་འགྱུར་བ་དང། ནམ་མཁའ་ལས་སངས་རྒྱས་ཀྱི་སྐུ་ལ་སོགས ་པའི་གཟུགས་སྟོན་པར་འགྱུར་རོ། །ནམ་མཁའ་ལ་ཡི་གེ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ལ་ཡི་གེ་ཨ་བསམ་ལ། དེ་ཉིད་ལ་སེམས་ཅན་འབུམ་ཕྲག་གཅིག་མ་རྫོགས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ཧཱུཾ་ཞེས་བྱ་བ་བཟླས་ནས ་དེ་ནས་ཡི་གེ་ཨ་དེ་ལས་འདས་པ་དང། ད་ལྟར་བྱུང་བ་དང། མ་འོངས་པ་རྣམས་ལུང་སྟོན་པ་བདེན་པར་སྟོན་པར་འགྱུར་རོ། །པྲ་སེ་ན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་། མེ་ལོང་དང། མཐེ་བོ་དང། རྩིག་པ་དང། ཆུ་དང། ་མར་མེའི་རྩེ་མོ་དང། རལ་གྲིའི་པྲ་སེ་ན་ཐམས་ཅད་དེ་། དེ་རྣམས་ལས་ཡི་གེའི་གཟུགས་སུ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱ་བ་གང་ཤེས་པར་འགྱུར་བ་དེ་ནི། པྲ་སེ་ན་ཐམས་ཅད་ལས་འདས་པ་དང། མ་འོངས་པ ་དང། ད་ལྟར་བྱུང་བའི་ལུང་བདེན་པར་སྟོན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་པྲ་སེ་ན་ཐམས་ཅད་དབབ་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་བཅིངས་པ་ལས་གཡས་པའི་མཐེ་བོ་བསྒྲེང་ལ། གཡོན་པའི་མཛུབ་མོ ་ལྕགས་ཀྱུར་བྱ་བ་ནི་པྲ་སེ་ན་ཐམས་ཅད་དབབ་པ་སྟེ། འདི་བཅིངས་ལ་ཧཱུཾ་ཞེས་བྱ་བཟློས་ཤིང། དངོས་པོ་ཐམས་ཅད་ལ་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཐམས་ཅད་གཟུགས་བརྙན་གྱི་ཚུལ་གྱིས་གསལ་བར་སྣང་ཞིང་སེམས་ཅན ་ཐམས་ཅད་དང་། བདག་ཉིད་ལ་སྒྲ་བརྙན་གྱི་ཚུལ་དུ་གསལ་ཞིང་བདེན་པར་སྒྲོགས་པར་འགྱུར་ཏེ་། པྲ་སེན་དབབ་པའི་བཟླས་བརྗོད་འབུམ་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་བཟླས་བརྗོད་འབུམ་བྱས་པས་པྲ་སེན་ཐམས་ཅད ་བསྒྲུབ་པར་བྱེད་པ་དེ་བཞིན་དུ་རང་གི་མིག་གཉིས་ལ་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་གཉིས་བསམ་ལ། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་འབུམ་བྱས་ནས་གཟུགས་བརྙན་གྱིས་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དངོས་པོ་ཐམས་ཅད་མཐོང་བར་འགྱུར་རོ།། ་དེ་བཞིན་དུ་རང་གི་རྣ་བ་གཉིས་ལ་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་བསམས་ལ། རྣ་བར་བཟླས་བརྗོད་འབུམ་བྱས་ན་བྲག་ཆའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལས་སྒྲ་རྣམས་ཐོས་པར་འགྱུར་རོ། །སྣའི་རྩེ་མོར་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་བསམ་ལ། དེ་ལ ་དམིགས་པའི་སེམས་ཀྱིས་བཟླས་བརྗོད་འབུམ་བྱས་ན་།རྡོ་རྗེ་སེམས་དཔའ་ལ་སོགས་པའི་དྲི་ཐམས་ཅད་བསྣམས་པར་འགྱུར་རོ། །ལྕེ་ལ་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་བསམ་ལ། དེའི་སྟེང་དུ་ཧཱུཾ་ཞེས་བྱ་བ་བསམ་ནས། བཟླས་བརྗོད ་འབུམ་བྱས་ན་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །ལུས་ལ་ཧཱུཾ་ཞེས་བྱ་བ་རྣམ་པར་བཀོད་ལ། ལུས་ལ་བཟླས་བརྗོད་འབུམ་བྱས་ན། དེས་ཐམས་ཅད་ཚོར་བར་འགྱུར་རོ། །རང་གི་སྙིང་གར་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་རྩེ་ལྔ་བསམ་ལ། བཟླས ་བརྗོད་འབུམ་བྱས་ན་ཡིད་ཀྱིས་ཐམས་ཅད་ཤེས་པར་འགྱུར་རོ། །རྨད་དུ་བྱུང་བ་ཐམས་ཅད་བསྟན་པ་ལ་ནི། སངས་རྒྱས་ཀྱི་སྐུ་བསྒྲུབ་པས་སོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་གཟུགས་མདུན་དུ་བཞག་ལ་།དེར་གསང་བའི ་ལྕགས་ཀྱུ་ལ་སོགས་པས་བཀུག་ནས་བཅུག་ལ་བཅིངས་ནས་དབང་དུ་བྱས་ཏེ། མཆོད་པ་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས། དེའི་ཐུགས་ཀར་ཧཱུཾ་ཞེས་བྱ་བ་བསམ་ལ། དེ་བཞིན ་གཤེགས་པ་བསྒོམ་ཞིང་བཟླས་བརྗོད་འབུམ་བྱས་ན། རྨད་དུ་བྱུང་བ་ཐམས་ཅད་སྟོན་པར་འགྱུར་རོ། །སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྨ་བྱའི་སྒྲོའི་ཆུན་པོ་ལ་ནི་བཟླས་བརྗོད་འབུམ་བྱས་པས་སོ་ཞེས་བྱ་བ་ནི་རྨ་བྱའི་ཆུན་པོ ་ལ་རྡོ་རྗེ་བཅུག་སྟེ་བཅིང་ངོ། །དེ་ནས་རྨ་བྱའི་ཆུན་པོ་དེ་ཧཱུཾ་ཞེས་བྱ་བ་ལས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱིས་རྡོ་རྗེ་སེམས་པར་རྣམ་པར་བསམ་མོ། །དེ་ནས་དེ་ཉིད་བསྒོམ་ཞིང་བཟླས་བརྗོད་འབུམ་བྱས་ན་ཆུན་པོ་འགྲུབ་པར ་འགྱུར་ཏེ་།དེ་ནས་ཆུན་པོ་དེ་བཟླས་བརྗོད་བྱ་ཞིང་གཟུགས་བརྙན་གྱིས་ཚུལ་གྱིས་བསྐོར་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང། བྲག་ཅའི་ཆུལ་གྱིས་ཐམས་ཅད་སྟོན་པར་འགྱུར ་རོ། །ཐམས་ཅད་གཡོག་པར་བྱ་བ་ལ་ནི། ཞི་བའི་གནས་སུ་བཟླས་བརྗོད་འབུམ་བྱས་པས་སོ། །ཞེས་བྱ་བས་ནི་ཐམས་ཅད་གཡོག་པ་ནི་ཚེད?་དུས་གཡོག་པ་སྟེ། གྲགས་པར་ཟད་དོ། །དེ་ཞེས་བྱ་བ་ནི་བསྐྱེད་པ་སྟེ། ལྷ་ཆེན ་པོའི་གནས་སུ་ལྷ་ཆེན་པོ་བཀུག་ལ་།ཧཱུཾ་ཞེས་བྱ་བ་བཟླས་བརྗོད་འབུམ་བྱའོ། །དེའི་འོག་ཏུ་དེ་ཤེས་པ་ལས་དེའི་སྦྱོར་བ་ཤེས་པར་བྱས་ལ། ཧཱུཾ་ཞེས་བྱ་བ་བཟླས་པས་དེ་དང་དེ་གཡོག་པར་བྱའོ། །ཐམས་དད་ལ་ལན་ལྡན ་སྟོན་པ་ལ་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དངོས་པོའི་གཏམ་གྱི་སྒྲ་ཐོས་པ་ནི་ཐམས་ཅད་ལ་ལན་སྔོན་པ་ནི་སྟོན་པ་ནི། དེ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཞེས་བྱ་བ ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །འདི་སྐད་སྟོན་པར་འགྱུར་ཏེ་། རྡོ་རྗེ་སེམས་དཔའ་ཨི་ནི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཧཱུཾ་མཛད་དུ་བདག ་ཉིད་རྣམ་པར་བསམ་ལ་བདེན་པ་གང་གིས་སྒྲ་རྣམས་ནི་བྲག་ཅི་དང་མཚུངས་པ་ཡིན་པས་བདེན་པ་ངེས་འདས་པ་དང། མ་འོངས་པ་དང། དེ་ལྟར་བྱུང་བའི་བྱ་བ་རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བཤད་དུ་གསོལ་ཞེས ་བདེན་པའི་བྱིན་གྱིས་བརླབས་བྱས་ལ། རྡོ་རྗེ་ཧཱུཾ་མཛད་སྙིང་གར་ཞུགས་པར་བསམ་ལ། དེ་ཉིད་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསམ་ལ། ཇི་སྲིད་བཅོམ་ལྡན་འདས་ཐམས་ཅད་སྟོན་པར་མཛད་པ་དེ་སྲིད་དུ་བསྒོམ་པར་བྱའོ། །རྫུ་འཕྲུལ ་ཐམས་ཅད་བསྟན་པ་ལ་ནི། །རྡོ་རྗེ་རྫུ་འཕྲུལ་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། རྫུ་འཕྲུལ་ཐམས་ཅད་ནི་སེམས་ཀྱིས་ཡང་དག་པར་འཕྲུལ་པ་སྟེ། ནམ་མཁར་འགྲོ་བ་ལ་སོགས་པའི་ཚུལ་ལོ། །དེ་ཡང་ཡིད་ལྟར་མ?་གྱོགས་པ་ལ་སོགས་པ ་ལ་རྣམ་པ་ལྔ་སྟེ། རྣམ་པ་ལྔ་པོ་དེ་དག་རྫོགས་པར་བྱ་ཞིང། མངོན་པ་གང་ཡིན་པ་དེ་ནི་རྫུ་འཕྲུལ་ཐམས་ཅད་བསྟན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རྫུ་འཕྲུལ་གྱིས་ཕྱག་རྒྱས་སོ་ཞེས་བྱ་བ་སྟེ། དང་པོའི་རྡོ་རྗེ་བཅིངས་པ་ལས་ནམ་མཁ ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐྱེད་པའི་ཚུལ་དུ་བྱ་བ་ནི། རྡོ་རྗེ་རྫུ་འཕྲུལ་གྱི་ཕྱག་རྒྱ་སྟེ། དེས་དེ་རྣམས་འབྱུང་བར་འགྱུར་རོ། །ཆོ་འཕྲུལ་ཐམས་ཅད་ཅེས་བྱ་བ་ནི་རྫུ་འཕྲུལ་དང། རྗེས་སུ་བསྟན་པ ་དང། ཀུན་བརྗོད་པའི་ཆོ་འཕྲུལ་ཏེ། གདུལ་བྱའི་སྐྱེ་པོ་རྣམས་ཀྱི་སོ་སོ་དགའ་བར་བྱེད་པའི་ཆོ་འཕྲུལ་ཏེ། དེ་རྣམས་སྟོན་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཏིང་ངེ་འཛིན་མཆོག་གིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་འོད་དཔག་ཏུ ་མེད་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ། །འདི་སྐད་སྟོན་པར་འགྱུར་ཏེ་།དཔལ་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་བྱས་ལ་ཧཱུཾ་ཞེས་བྱ་བ་ཟློས་ཤིང། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན ་གྱི་ཕྱག་རྒྱ་བཅིངས་ལ། དེའི་ངོ་བོ་ཉིད་དུ་བདག་ཉིད་བསམ་ཏེ། རང་གི་ལུས་ལ་དངོས་པོ་ཐམས་ཅད་ཕྱུང་བ་ལ་ཡང་དག་པར་བསྟན་པར་བྱའོ། །རང་གི་ལུས་ལ་སོགས་པ་དངོས་པོ་ཐམས་ཅད་ལས་ཞེས་བྱ་བ་ལ་སོགས་པ་ལ། ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ལ་། རང་གི་ལུས་ལས་སམ། རྩིག་པ་ལ་སོགས་པ་རྣམས་ལས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་པོ་ཐམས་ཅད་ཕྱུང་ལ་། རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཕྱག ་རྒྱ་བཅིངས་ལ་། ཧཱུཾ་ཞེས་བྱ་བས་བརྟན་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀློག་འགྱུ་བའི་ཚུལ་གྱིས་ནམ་མཁའ་ཕྱོགས་སུ་དངོས་པོ་ཐམས་ཅད་སྤྲུལ་པའི་བསམ་པས་བསྐོར་བར་བྱ་སྟེ། འདི་ནི་རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ་པའོ། ། ་ལྷ་ཐམས་ཅད་ནི་ལྷ་ཆེན་པོ་ལ་སོགས་པ་སྟེ་། དེ་རྣམས་དབབ་པ་ལ་ནི་ལྷ་དབབ་པའི་སྦྱོར་བས་བསྒོམས་པས། རྡོ་རྗེ་བསྐོར་པའི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་སྦྲེལ་བ་ལྟར་བྱས་ལ། གཡས ་ལོགས་ནས་གཡོན་ལོགས་སུ་དྲངས་ཏེ་། ཡང་གཡས་སུ་དྲངས་ནས་བཞག་པ་འདི་ནི་རྡོ་རྗེ་བསྐོར་བའི་ཕྱག་རྒྱའོ། །ཀླུ་ཐམས་ཅད་ནི་མཛའ་ཡས་ལ་སོགས་པ་སྟེ། དེ་རྣམས་རྗེས་སུ་འབྲང་བར་བྱེད་པར་འདོད་པས་དཔལ་རྡོ་རྗེ ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ་། ཀླུའི་ཚོར་བཟླས་བརྗོད་བྱས་ན་། རྗེས་སུ་སྤྱོད་པར་འགྱུར་རོ། །གནོད་སྦྱིན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གང་འདོད་པའི་གནོད་སྦྱིན་གྱི་གཟུགས་ལ། གནོད་སྦྱིན་དགུག་པ་ལ་སོགས ་པ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཀའ་བསྒོ་པའི་ཚུལ་དུ་བྱས་ལ། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱས་ལ། གནོད་སྦྱིན་ཐམས་ཅད་ཅི་བགྱི་ཞེས་བྱ་བ་བྱེད་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྟན་མཐོན་པོ་ལ ་འདུག་སྟེ། གང་ལས་བྱུང་བའི་རྡོ་རྗེ་གསོར་བའི་ཕྱག་རྒྱས་ཁྲོ་བ་དང་བཅས་པས་རྒོད་པའི་བཞིན་དང། དབང་ཕྱུག་ཆེན་པོའི་གཟུགས་ལ་དབང་ཕྱུག་ཆེན་པོ་བཀུག་སྟེ། ཧཱུཾ་ཞེས་བྱ་བ་ཟློས་ཤིང། རྐང་པ་གཡོན་པས་མནན་ལ། ཧཱུཾ ་ཧཱུཾ་ཞེས་བཟླས་བརྗོད་བྱས་ན། འབྱུང་པོ་ཐམས་ཅད་དབང་དུ་འགྱུར་རོ། །སེར་བ་ཐམས་ཅད་བཟློག་པ་ལ་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་རྒྱས་སོ། །ཞས་བྱ་བ་ནི་དང་པོའི་རྡོ་རྗེ་ལས་གཡས་པའི་མཛུབ་མོ་སྡིགས་མཛུབ་བསྒྲེང་ལ། ཐོག་གམ ་སྦྱིན་གྱི་ཕྱག་རྒྱ་དེ་ལས་རྡོ་རྗེ་འབར་བའི་འོད་ཟེར་ཀུན་ཏུ་འཁྲིགས་པའི་འོད་དང་ལྡན་པ། ནམ་མཁའ་དང་མཉམ་པ་ཕྱུང་ལ། དེས་སེར་བ་རྣམས་ཐལ་བར་གྱུར་པ་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་བསྲིད་སྲུང་གི་ཕྱག་རྒྱའོ། །ཀློག་འབབ་པ་ཐམས ་ཅད་བཟློག་པ་ཐམས་ཅད་བཟློག་པ་ལ་ནི། རྡོ་རྗེ་ཁྲོ་གཉིས་ཅན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་སྦྱར་བའི་ཕྱག་རྒྱ་དཔྲལ་བའི་ཕྱོགས་སུ་བཞག་ལ། དེ་ནས་སོར་མོ་ལྷག་མ་རྣམས་འབར་བ་གཏོང་བའི་ཚུལ ་དུ་བྱ་བ་འདི་ནི། རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་སྟེ་། འདི་བཅིངས་ལ་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་རྣམ་པར་བསམ་ལ། ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་མེ་འབར་བས་གློག་?་།ཆར་པ་དབབ་པ་ལ་ནི་ཀླུའི་མཚོར་བཟླས་བརྗོད ་བྱའོ་ཞེས་བྱ་བ་ནི་ཆར་དཀོན་པའི་དུས་སུ་ཀླུའི་མཚོར་ཀླུ་བཀུག་ལ། ཧཱུཾ་ནཱ་ག་ཧཱུཾ་ཞེས་བྱ་བའི་སྙིང་པོ་སྤེལ་ལ། རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་བཅིངས་ནས་བཟླས་ལ། རྡོ་རྗེ་འབར་བས་ཀླུ་ཚིག་བར་གྱུར་པ་རྣམ་པར་བསམ་ཞིང། སྙིང་བཙོར?་བས། ་ཁྲག་གི་སྐྱུགས་པར་འགྱུར་བར་རྣམ་པར་བསམ་ན། དེས་ཆར་གྱི་རྒྱུན་འབེབ་པར་འགྱུར་རོ། །ཆར་བ་བཅད་པ་ལ་ནི། དྲི?་མ་མེད་པའི་ཆུའི་སྦྱིན་སྲེག་བྱའོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཧཱུཾ་ཞེས་བྱ ་བས་མཆོད་ནས། ཆུ་དྲི་མ་མེད་བ་བླངས་ལ། དེར་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བའི་མདོག་ཅན་སྔ་མ་བཞིན་དུ་རྣམ་པར་བསམ་ལ། ཀླུའི་ཆོགས་ཀྱི་སྟེང་དུ་དྲི་མ་མེད་པའི་ཆུའི་མཚེའུ་དབུལ་ཞིང། དེས་དེ་ཚིམ་པར ་འགྱུར་ཞིང་མཚེའུ་ཐམས་ཅད་དང་བྲལ་བར་བསམ་ན། དེ་ནས་དེ་ཆར་ཉེ་བར་སྡུད་པར་འགྱུར་རོ། །སྤྲིན་བསྐྱེད་པ་ལ་ནི་ཀླུ་བྲིས་ནས། བདུག་པས་བདུག་པར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་བྲགས་པའི་ཀླུ་བྲིས་ལ། དགུག་པར་བྱའོ། །དེ་ནས་ཧཱུཾ་ཞེས་བྱ ་བས། གུ་གུལ་ལ་ཟླས་ལ། ཀླུའི་གཟུགས་བརྙན་ལ་བདུག་པར་བྱས་ན། སྤྲིན་བསྐྱེད་པར་འགྱུར་རོ། །སྤྲིན་གཞིག་པ་ལ་ནི་རྡོ་རྗེ་ནམ་མཁའ་ཨི་སྤྱན་གྱིས་སོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ། རྡོ་རྗེའི་ལྟ་བས་བལྟ་ཞིང་ནམ་མཁའ་ལ་སྤྲིན་གཏོར? ་བར་བྱ་སྟེ་། འདི་ནི་རྡོ་རྗེ་ནམ་མཁའ་ཨི་སྤྱན་ནོ། །ཆུ་མེད་པའི་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་ལ། རི་ལ་སོགས་པ་ཆུ་མེད་པའི་སའི་ཕྱོགས་སུ་ཧཱུཾ་ཞེས་བྱ་བ་བཟློས་ཤིང། དང་པོའི་རྡོ་རྗེ་བཅིངས་པ་ལས་།ཀླུ་གཉིས་བྱས་ལ་ཡིད་ཀྱི་ཀླུ་གནས་ན ་གནས་པའི་ཀླུ་དང། གཅིག་ཏུ་གྱུར་ནས་རི་ཡ་སོགས་པ་ཕྱེ་སྟེ། ལངས་ནས་ཆུའི་ཕུང་པོ་བསྐྱེད་པར་བསམ་ཏེ་།དེ་ལྟར་ན་ཤིན་ཏུ་བསིལ་བའི་ཆུའི་ཕུང་པོ་མི་ཟད་པར་སྐྱེད་པར་འགྱུར་ཏེ། འདི་ནི་རྡོ་རྗེ་ཀླུའི་ཕྱག་རྒྱའོ། །གཏེར་ཐམས་ཅད ་ཤེས་པར་བྱ་བ་ལ་ནི་སྣོད་དུ་ཆུ་གླུགས་པར་བྱའོ། །ཞེས་བྱ་བ་ནི་གང་དུ་གཏེར་ཡོད་པར་དེ་བའི་སའི་ཕྱོགས་དེར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྤྱན་དྲངས་ལ། ཡང་དག་པར་མཆོད་དེ་སྤོས་ཆུས་གང་བའི་ཟངས་མའི་བུམ་པ། རྡོ་རྗེ་ཁུ ་ཚུར་གྱིས་བཟུང་ལ། ཇི་སྲིད་དུ་ཆུ་སྟོན་པ་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ། དེ་ནས་གཏེར་འདི་ན་ཡོད་དོ་ཞེས་བྱ་བ་ཤེས་པར་བྱའོ། །སྣོད་གང་གིས་ཆུ་བླུགས་པ་དེའི་དོན་ལ་སྣོད་ཆུ་བླུགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གཏེར་ཤེས ་པར་བྱ་བས་གཏེར་གང་ན་ཡོད་པ་ངེས་པར་བྱས་ལ་། གཏེར་དང་སྲུངས་མ་དག་བཅིངས་ནས། རྡོ་རྗེ་དྲ་བའི་ཕྱག་རྒྱ་དང་རྡོ་རྗེ་བསྲུང་པའི་ཕྱག་རྒྱ་རྣམས་ཀྱིས་གྲོགས་པོ་དང། གནས་བསྲུང་བ་བྱས་ནས། རྡོ་རྗེ་བརྐོ་བའི་ཕྱག་རྒྱས་འཛོར་ལ་སོགས་པ་ལ ་ཡི་གེ་ཧཱུཾ་བཟླས་ཏེ། དབུགས་འབྱིན་ཅིང་བསྐོ་བར་བྱའོ། །དང་པོའི་རྡོ་རྗེ་དེ་ཉིད་བཅིངས་ལ། དཔྲལ་བའི་ཕྱོགས་སུ་བཞག་ནས། གཏེར་འབྱིན་པའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་བརྐོ་བའི་ཕྱག་རྒྱའོ། །དེ་ནས་གཏེར་མཐོང་ནས་རྡོ་རྗེ་ནོར་གྱི་ཕྱག་རྒྱ་བཅིངས་ལ ་བླངས་པར་བྱ་སྟེ། དང་པོའི་རྡོ་རྗེ་ཉིད་དཔྲལ་བར་བཞག་ལ། ནོར་ལེན་ལེན་པའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་ནོར་གྱི་ཕྱག་རྒྱའོ། །རྒྱལ་སྲིད་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ལ། ་དབང་བསྐུར་བའི་གནས་སུ་བཞག་སྟེ། གང་སྔོན་པར་འདོད་པའི་རྒྱལ་སྲིད་ཐོབ་པའི་བསམ་པས། ཡི་གེ་ཧཱུཾ་བཟླས་བརྗོད་བྱ་སྟེ། འདི་ནི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱའོ། །སའི་བདག་པོར་བྱ་བ་ལ་ནི། རྡོ་རྗེ་སེམས་དཔའ་ཨི་དབང་བསྐུར་བའི་ཕྱག ་རྒྱས་སོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ། ས་ཐམས་ཅད་ཐོབ་པའི་ཚུལ་གྱིས། དཔྲལ་པའི་ཕྱོགས་སུ་བཞག་པར་བྱ་སྟེ། འདི་ནི་རྡོ་རྗེ་སེམས་དཔའ་ཨི་དབང་བསྐུར་བའི་ཕྱག་རྒྱའོ། །དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ནི། འཇིག་རྟེན་དང་འཇིག ་རྟེན་ལས་འདས་པ་རྣམས་སོ། །དེ་རྣམས་སྒྲུབ་པ་ནི་རྫོགས་པར་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན་།རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཐེའུ་ཆུང་མཛུབ་མོ་རྡོ་རྗེ་བསྡམས། རྡོ་རྗེ་འཁོར་ལོ ་ཞེས་བྱར་གྲགས་། དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་པའོ་ཞེས་བཤད་པའོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི། བདེ་བ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ ་རྣམས་ནི། ཕྱག་རྒྱ་ཐམས་ཅད་དེ། །དེ་སྒྲུབ་པ་ནི་རྫོགས་པར་བྱ་སྟེ། རང་དབང་དུ་བྱས་པའོ། །དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ། བཛྲ་ཨཉྫ་ལི ་ཞེས་བྱ་བས་རྡོ་རྗེ་ཐལ་མོ་བཅིངས་ཏེ། དེ་ནས་བཛྲ་བནདྷ་ཞེས་བྱ་བས། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་བནདྷ་ཏྲ་ཏ་།ཅེས་བྱ་བས་རྡོ་རྗེ་བསྡམས་པ་སྙིང་གར་དབྱེ་བར་བྱའོ། །དེ་ནས་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བས། རྡོ་རྗེ་དབབ་པའི ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་དབབ་པ་བསྡུ་བ་བྱས་ལ། བཛྲ་མུཥྚི་ཞེས་བྱ་བས། རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་མུཥྚི་བཾ་ཞེས་བརྗོད་དོ། །དེ་ནས་ཧཱུཾ་ཞེས་བྱ་བ ་ཟློས་ཤིང། དང་པོའི་རྡོ་རྗེ་བཅིངས་པར་བྱ་སྟེ་།དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་སྒྲུབ་པ་ལ་ནི། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། ལྔ་པོ་བསྡུད་པའི་ཕྱག་རྒྱ་ནི་རབ་ཏུ ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་སྟེ། དེས་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་གི་ཕྱིར་སློབ་མ་བཞུགས་པར་བྱ་བའི་ཕྱིར། དེ་བཅིངས་ལ་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། དེ་བས་ན་དེ་ནི་དཀྱིལ ་འཁོར་ཐམས་ཅད་སྒྲུབ་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། ཇི་ལྟར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ། དེས་དཀྱིལ་འཁོར་བསྒྲུབ་པར་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་ལ། ་དེས་དཀྱིལ་འཁོར་བསྒྲུབ་པར་བྱ་བ་ཡིན་ནོ། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་སྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་གྲུབ་པ་ནི་དངོས་གྲུབ་ཐམས་ཅད་དེ་དེ་མངོན ་སུམ་དུ་བྱ་བ་ནི་སྒྲུབ་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སྙེམས་པ་སྟེ། དེའི་གཡས་པའི་ལྕགས་ཀྱུ་ནི་རྡོ་རྗེ་སྙེམས་པའི་ལྕགས་ཀྱུ་སྟེ། འདི་བཅིངས་ལ་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི ་ལྷའི་གཟུགས་མདུན་དུ་བཞག་ནས། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱ་སྟེ་། དེ་ནས་ཐམས་ཅད་དངོས་གྲུབ་སྟེར་བར་འགྱུར་རོ། །མ་གྲུབ་པ་ཐཾས་ཅད་གྲུབ་པར་སྒྲུབ་པ་ལ་ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་སྐད་དུ ་བཤད་པའི་ཕྱག་རྒྱ་ཐམས་ཅད་མ་གྲུབ་པ་ལ་ནི། མ་གྲུབ་པ་ཐམས་ཅད་ཅེས་བྱའོ། །དེ་ཐམས་ཅད་གྲུབ་པར་བྱ་བ་ལ་ནི། ཡང་སྦྱོར་བའི་རྗེས་སུ་འབྲངས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བསྒྲུབ་ཅིང་རྫོགས ་པར་བྱ་བ་ལ་ནི། མ་གྲུབ་པ་ཐམས་ཅད་གྲུབ་པར་སྒྲུབ་པའོ། །དང་པོར་རྡོ་རྗེ་ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱ་སྟེ། དེ་བཅིངས་ནས་མ་གྲུབ་ཐད་གྲུབ་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཚེ་རྡོ་རྗེ་སྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱས་དངོས་གྲུབ ་ཐམས་ཅད་སྒྲུབ་ན། དངོས་གྲུབ་ཐམས་ཅད་མ་གྲུབ་པར་མ་གྱུར་ན། དེའི་ཚེ་དང་པོའི་རྡོ་རྗེ་བཅིངས་ལ། ཧཱུཾ་ཞེས་བྱ་བའི་གླུའི་བཟླས་པས། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །རིག་པ་འཛིན་པ་ཐམས་ཅད་སྒྲུབ་པ་ནི། རྡོ་རྗེ་དང་། ་རིན་པོ་ཆེ་དང། པདྨ་དང་ལས་ཀྱི་རིག་པ་འཛིན་པ་?་པ་སྟེ། དེ་སྒྲུབ་པ་ནི་རིག་པ་འཛིན་པ་ཐམས་ཅད་སྒྲུབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིག་པ་འཛིན་པའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ་ཧཱུཾ་ཟློས་ཤིང་ཟླ་བའི་གཟུགས་ལ་གནས ་ནས་ནི། ནམ་མཁའ་ཨི་སྟེང་དུ་འདུག་ནས་སུ། །ལག་ན་རྡོ་རྗེ་བསྒོམས་ནས་ནི། །རྡོ་རྗེ་རིག་པ་འཛིན་པར་འགྱུར་རོ། །ཟླ་བའི་གཟུགས་ལ་གནས་ནས་ནི། །ནམ་མཁའ་ཨི་སྟེང་དུ་འདུག་ནས་སུ། །ལག་ཏུ་རིན་ཆེན ་བསྒོམས་ནས་ནི། །རིན་ཆེན་རིག་པ་འཛིན་པར་འགྱུར། །ཟླ་བའི་གཟུགས་ལ་གནས་ནས་ནི། །ནམ་མཁའ་ཨི་སྟེང་དུ་འདུག་ནས་སུ། །ལག་ཏུ་པདྨ་བསྒོམས་ནས་ནི། །པདྨའི་རིག་པ་འཛིན་པར་འགྱུར། །ཟླ་པའི་གཟུགས་ལ་གནས་ནས ་ནི། །ནམ་མཁའ་ཨི་སྟེང་སུ་འདུག་ནས་སུ། །ལག་ཏུ་སྣ་ཚོགས་བསྒོམ་ནས་ནི། །རིག་པ་འཛིན་པ་ཀུན་ཏུ་འགྱུར། །ཅེས་བྱ་བ་འདི་དག་ནི་རྡོ་རྗེ་རིག་པ་འཛིན་པའི་ཕྱག་རྒྱའོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས ་ཅད་ནི་དང་པོའི་རྡོ་རྗེ་དང། དེ་བཞིན་གཤེགས་པའི་རྡོ་རྗེ་དང། ཁྲོ་བོའི་རྡོ་རྗེ་དང། རིན་པོ་ཆེའི་རྡོ་རྗེ་དང། པདྨའི་རྡོ་རྗེ་དང། སྣ་ཚོགས་རྡོ་རྗེ་སྟེ། དེ་དག་སྒྲུབ་པ་ནི་རྡོ་རྗེ་ནི་ཐམས་ཅད་སྒྲུབ་པའོ། །དེ་བསྒྲུབ་པར་ཇི་ལྟར་འགྱུར་ཞེ ་ན། རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱས་སོ་ཞེས་གསུངས་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བ་དང་པོའི་རྡོ་རྗེ་ནི། རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངS ་པའི་རྣམ་པར་སྣང་མཛད་ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པ་རྣམས་སོ། །དེ་ནས་བསྒྲུབ་པར་ཇི་ལྟར་འགྱུར་ཞེ་ན། ཐུགས་ཀྱི་རྡོ་རྗེས་སོ་ཞེས་བྱ་བ་གསུངས་ཏེ། ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་ཧཱུཾ་ཞེས ་བྱ་བ་ཟློས་ཤིང། ཕྲ་མོའི་རྣལ་འབྱོར་སྦྱོར་པ་ཡིས། །ཤིན་ཏུ་མཉམ་པར་བཞག་ནས་བསྒོམ། །བྱང་ཆུབ་སེམས་དཔའ་ཐུགས་རྡོ་རྗེའང། །རྡོ་རྗེ་སེམས་དཔའ་ཨི་བསྒོམ་པའོ། །ཞེས་བྱ་བ་སྟེ། དེ་ལྟ་བུའི་རང་གི་མཚན་མའི་སྙིང་ཀའི ་ཕྱོགས་སུ་བཞག་ལ། གང་དང་གང་བསྒོམ་པ་དེ་དང་དེ་འགྲུབ་པར་འགྱུར་ཏེ། འདི་ནི་ཐུགས་རྡོ་རྗེའི་ཕྱག་རྒྱའོ། །རྡོ་རྗེ་འཛིན་པ་ཉིད་སྒྲུབ་པ་ལ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོས་སོ་ཞེས་བྱ་བ་ནི་ཤེས་པར་ཟད་དོ། །དེ་བཞིན་དུ་སངས ་རྒྱས་ཉིད་སྒྲུབ་པ་ཡང་ཧཱུཾ་ཞེས་བྱ་བ་གླུ་དང་ཟློས་ཤིང། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་བསྒྲུབ་པར་བྱའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ལ་ནི། བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་བདེ་བ་ཆེན་པོ་སྟེ། གཉིས་སུ ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་སོ། །དེ་ཡང་མི་ཟད་པ་ཡི་དངོས་གྲུབ་ཀུན། །བདེ་བ་ཆེན་པོ་ཞེས་བཤད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་དོན་ཡོད་པ་སྟེ། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ ་རྫོགས་པར་བྱེད་པས་འབྲས་བུ་དང་བཅས་པའོ། །དེའི་དམ་ཚིག་ཐམས་ཅད་ནི་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ལྷའི་ཚུལ་རྣམས་ཏེ། རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ ་འདི་སྐད་དུ་བཤད་པ་སྟེ་། གང་གི་ཕྱིར་དེ་རྣམས་ནི་འདིར་བྱང་ཆུབ་ཀྱི་སེམས་ཆེན་པོ་ལས་བྱུང་བར་འདོད་པའི་ཕྱིར་། དམ་ཚིག་ཐམས་ཅད་ཅེས་བྱའོ། །རྟོག་པ་ནི་རྣམ་པར་རྟོག་པ་སྟེ་། དེ་ཉིད་ཀྱིས་རྟོག་པ་གཞན་ཐམས ་ཅད་ཟིལ་གྱིས་?་ནས། འབར་ཞིང་མཛེས་པས་ན་རྒྱལ་པོ་སྟེ། དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་བས་ན་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཐམས་ཅད་ཀྱི་རྟོག་པའི ་རྒྱལ་པོ་ཆེན་པོ་ལས་ཞེས་བྱའོ། །དམ་ཚིག་གི་དེ་ཁོ་ན་ཉིད་ཆེན་པོ་ནི་བཤད་ཟིན་ཏོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་སྟེ། མིང་དེ་སྐད་ཅེས་བྱ་བ་ནི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྟོན་པའི་རང་བཞིན་གྱི་མཐར་ཐུག་པའོ་ཞེས་པའོ། །རྡོ་སེམས་དཔའ་ཨི་དབུགས ་དབྱུང་བའི་བཤད་པ་རྫོགས་སོ།། །།དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར་། དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང། དེ་བསྒྲུབ་པའི་འབྲས་བུ་ཡང་གསུངས་ནས། དེ་ནི་རང་བཞིན་བཟང་ཞིང ་ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། འོག་མིན་གྱི་གནས ་སུ་མངོན་པར་རྫོགས་པར་སངས་རྒྱས་ནས། འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་།ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་དང། ཐབས་ཅིག་ཏུ ་བཞུགས་ནས། དེའི་རྗེས་ཐོགས་ཉིད་ལའོ། །བདུད་བཞི་བཅོམ་པས་ན། བཅོམ་ལྡན་འདས་སོ། །ཕྱོགས་བཅུ་པོ་དག་ཏུ་རྣམ་པར་སྣང་ཞིང། གཟུགས་ཐམས་ཅད་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་དོ། ། ་ཡང་ཞེས་བྱ་བའི་སྒྲ་ནི་སླར་ཡང་ཞེས་བྱ་བའི་དོན་སྟེ། རབ་ཏུ་དག་པ་ལ་སོགས་པ་སྟོན་པར་མཛད་ནས་འདི་ཡང་དག་པར་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང། ་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་ཞི་བའི་ཆོས་ཉིད་ནི་ཞི་བའི་ཉམས་སྟོན་པའི་སེམས་དང་སེམས་ལས་བྱུང་བ་གཟུང་བ་དང། འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐུགས་སུ་ཆུད ་པའོ། །དེའི་སྒྲུབ་པ་ནི་གང་གིས་མངོན་སུམ་དུ་བྱེད་པར་འགྱུར་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འབྱེད་པའི་རྣམ་པ་སྟེ། དེ་ནི་བདག་གི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་ཅིང་འགྲོ་བ་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཚུལ་ནི་རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ ་བ་ལ་སོགས་པ་སྟེ། དེ་ཐོས་པ་ལ་སོགས་པས་རྟོག་པ་དང་བཅས་པ་གང་ཡིན་པའི་ཚུལ་ཏེ་།གསུངས་ཏེ་ཞེས་བྱ་བར་སྦྱར་རོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་གསུངས་པའོ། །གསུངས་ཏེ་ཞེས་བྱ་བ་ནི་གང་ལ་མིང་ཇི་སྐད་ཅེས་བྱ་བའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པར་མཛད་ཅིང་མཆོད་པར་མཛད་པའོ། །རྡོ་རྗེ་སྲ་བ་ཉིད་ཀྱིས་ཕྱིར་རྡོ་རྗེ་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་།བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་ཉིད ་ནི་དེ་བཞིན་གཤེགས་པའི་རིགས་ལས་རྡོ་རྗེའོ། །དེའི་མཉམ་པ་ཉིད་ནི་བཟུང?་བ་དང། འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་ཉིད་མངོན་སུམ་དུ་མཛད་པའོ། །དེ་ཉིད་ནི ་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །རྒྱུ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སྲ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ་།གང་གི་ཕྱིར་དེ་བཞིན་ཉིད་དང། །སྟོང་པ་ཉིད་དང། འདུས་མ་བྱས་དང། རང་བཞིན་མེད ་པའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་སྟེ། དེ་བཞིན་ཉིད་དུ་རོ་གཅུག་པའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ལ་ནི། རྒྱུ་བ་དང་མི་རྒྱུ་བ་རྣམས་ཀྱིས་མི་ཤིགས་པ་ཡིན་པའི་ཕྱིར་ན་རྡོ་རྗེ་ལྟར་བརྟན་ཞིང་སྲ་བའོ། །རྡོ་རྗེའི་བརྟན་པར་ ་གྱུར་པ་ཉིད་ཀྱིས་ནི། རྡོ་རྗེ་བརྟན་པ་ཉིད་དེ་དེས་རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཆེན་པོའི་ངོ་བོ་ཉིད་མི་བསྐྱོད་པའི་རང་བཞིན་དང། དེའི ་རིགས་ཀྱི་ངོ་བོར་བཤད་ནས། ང་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དང། དེའི་རིགས་ཀྱི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། དོན་ཅིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྤྱིན་པའི་ཕ་རོལ་ཏུ ་ཕྱིན་པ་འམ། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དང། རིན་པོ་ཆེའི་རིགས་ནི་དོན་ནོ། །དེའི་མཉམ་པ་ཉིད་ནི་གཉིས་དང་བྲལ་བ་ཉིད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་སུམ་དུ་མཛད་པ་ཉིད་དེ། །དེ་ཉིད་ནི་བྱང་ཆུབ ་ཆེན་པ་སྟེ། སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་གཅིག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དོན་གཅིག་པ་ཉིད་དུ་འགྱུར་བས་དོན་གཅིག་པ་ཉིད་ཀྱི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། ་དེའི་རིགས་ཀྱི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དོན་གཅིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། རིན་ཆེན་འབྱུང་ལྡན་གྱིས་འདི་སྐད་སྟོན་པར་འགྱུར་ཏེ། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང། ་རིན་པོ་ཆེའི་རིགས་དེ་དག་གི་མཉམ་པ་ཉིད་རྟོགས་པ་གང་ཡིན་པ་དེ་ནི་ཆོས་ཉིད་དང་གཞན་དུ་མི་འགྱུར་བའོ། །དེ་བས་ན་དེས་དོན་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་དང། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དང། དེའི་རིགས་ཀྱི་ངོ་བོ་ཉིད་དུ་ཡང་བསྟན་ནས། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དང། དེའི་རིགས་ཀྱི་ངོ་བོ་ཉིད་ཀྱང་བསྟན་པར་བྱ་བའི ་ཕྱིར། ངོ་བོ་ཉིད་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དང། དེའི་རིགས་ཀྱི་ངོ་བོ་ཉིད་ནི་ཆོས་སོ། །དེའི་མཉམ་པ་ཉིད་ནི་རང་བཞིན་གྱིས་རྣམ ་པར་དག་པའོ། །དེའི་མངོན་པར་བྱང་ཆུབ་པ་ནི་ཞེས་པ་ནི་སྔ་མ་བཞིན་ནོ་།དེ་ནི་འདིར་བྱང་ཆུབ་ཆེན་པོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་དང། ཤེས་རབ་ཀྱི་ཕ་རོལ ་ཏུ་བྱིན་པའི་ངོ་བོ་ཉིད་ནི། གཟུང་བ་དང། འཛིན་པའི་རྣམ་པར་རྟོག་པའི་དྲི་མ་མེད་པས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། །ངོ་བོ་ཉིད་དག་པར་གྱུར་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་རྣམ་པར་དག་པའི་ཕྱིར་ཏེ། དེས་ཆོས་ཐམས་ཅད་མཉམ་པ ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་རྣམས་ལས་ཆོས་ཅན་གཞན་དུ་མི་འགྱུར་བའི་ཕྱིར་ཏེ། དེ་བས་ན་གང་ཆོས་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་བ་དང། གང ་ཡང་ཆོས་རྣམས་ཀྱི་རྣམ་པར་དག་པ་དེ་ནི་གཅིག་པ་ཉིད་དོ། །དེ་བས་ན་དེས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། འོད་དཔག་ཏུ་མེད་པའི ་ངོ་བོ་ཉིད་དང། དེའི་རིགས་སུ་ངོ་བོ་ཉིད་དུ་ཡང་བསྟན་ནས། ང་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དང། དེའི་རིགས་ཀྱི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཐམས་ཅད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དང། དེའི་རིགས་ཀྱི་ངོ་བོ་ཉིད་དོ། །དེའི་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང། རང་བཞིན་གྱི་འོད་གསལ་བའོ། །དེའི་མངོན ་པར་རྫོགས་པར་བྱང་ཆུབ་པ་ནི་ཞེས་པ་ནི་སྔ་མ་བཞིན་ཏེ། དེ་ཉིད་བྱང་ཆུབ་ཆེན་པོའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་ཇི་སྐད ་དུ་བཤད་པའི་རྣམས་སོ། །དེའི་མི་རྟོག་པ་ནི་གཟུང་བ་དང་འཛིན་པར་བྱེད་པའི་རྣམ་པར་རྟོག་པ་མེད་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན། ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཕྱིར་ཏེ། ངེས་ཐམས་ཅད་མཉམ་པ་ཉིད་མངོན ་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །འདི་སྐད་སྟོན་པར་འགྱུར་ཏེ། དེ་ཐམས་ཅད་མཉམ་པ་ཉིད་རྟོག་པ་དང། གང་ཡང་ཐམས་ཅད་ལ་མི་རྟོག་པ་ཉིད་དེ། ཆོས་འདི་གཉིས་ནི་ཐ་མི་དད་པ་སྟེ། དེའི་ཕྱིར ་འདིས་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཉན་པ་དང། སེམས་དཔའ་དང། སྒོམ་པར་བྱེད་པ་རྣམས་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར ་ལག་ན་རྡོ་རྗེ་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་གསུངས་པ་ཡིན་ཏེ། གང་ལ་ལ་ཞེས་བྱ་བ་ནི་སྐྱེས་པ་དང། བུད་མེད་དང། ཁྱེའུ་དང་བུ་མོ་ལ་སོགས་པའི་གཟུགས་ཅན་གྱི་ཐ་མལ་པའི་གང་ཟག་གསུངས་པ་ཡིན ་ནོ། །ཆོས་མངོན་པར་བསྒྲུབ་པ་བཞི་པོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་བཞིར་གསུངས་པ་སྟེ། དེ ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་མངོན་པར་བསྒྲུབ་པ་སྟེ། ཐོས་པ་དང། བསམ་པ་དང། བསྒོམ་པའི་ཤེས་རབ་ཀྱི་མངོན་དུ་བྱ་བར་འོས་པ་ཡིན་ནོ། །འདི་དག་ཅེས་བྱ་བ་ནི་བཤད་མ་ཐག་པའི་གྲངས་བཞིར་ཡོངས་སུ ་ཆུད་པའི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་སོ། །དེ་ཉན་པ་ནི་རྣ་བའི་རྣམ་པར་ཤེས་པས་ངེས་པར་བཟུང་བའོ། །འཛིན་པ་ནི་ཚིག་དང་དོན་གྱི་ཚུལ་གྱིས་མི་བརྗེད་པར་སེམས་ལ་ཡང་དག་པར་འཇོག ་པའོ། །བཟློག་པ་ནི་གླེགས་བམ་དུ་བཀླགས་པ་ཡང་དག་པར་བླངས་ནས། ཉིན་རེ་བཞིན་ཀློག་པར་བྱེད་པའོ། །བསྒོམ་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་དག་གིས་བཟུང་བ་ཡང་དང་ཡང་དུ་མངོན་པར་བྱེད་པའོ། །དེ་ཞེས་བྱ་བ་ནི ་གང་ཟག་དེའོ། །སྡིག་པ་ཐམས་ཅད་སྤྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལ་སོགས་པའི་ལས་བྱེད་པ་ཡིན་ཡང། མནར་མེད་པ་ལ་སོགས་པ་ངན་སོང་ཐམས་ཅད་ཡང་དག་པར་འདས་པར་འགྱུར་ཞིང། ་མནར་མེད་པ་ལ་སོགས་པའི་འགྲོ་བའི་ལས་དང་བྲལ་ནས། ལྷ་དང་མིར་བཅས་པའི་འགྲོ་བ་ལ་ཡང་དག་པར་བརྟེན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་མཉེས་པར་བྱས་ནས། བྱང་ཆུབ་ཀྱི་སྙིང་པོ ་ལ་ཐུག་གི་བར་དུ་ངན་སོར་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་རོ། །ངན་སོང་ཐམས་ཅད་དུ་འགྲོ་བའི་ལས་རྣམས་མེད་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་མཉེས་པར་བྱས་པས་བསོད་ནམས ་དང། ཡེ་ཤེས་ཀྱི་ཚོགས་ཡང་དག་པར་རྫོགས་ཏེ། མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་ན་བཤད་མ་ཐག་པའི་ཕན་ཡོན་གྱིས་མཐར་ཐུག་པའི་བར་གྱི ་གཞུང་གིས་ནི། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི ་དེ་མ་ཐག་པར་སྟོན་པའི་ཚིག་སྟེ། དང་པོ་སྦྱོར་བའི་རྗེས་ཐོག་ལའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གཞི་ཕན་ཡོན་དང་བཅས་པར་གསུངས་པའོ། །བཅོམ་ལྡན། ་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། །ཤེས་རབ་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི། ཕྱག་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིང་བར་མཛད་པའོ། །དོན་གྱི་གནས་འདི་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་དོན་བཞི་པོའོ། །རྒྱ་ཆེར་སྟོན་ཅིང་ཞེས་བྱ་བ་ནི། སྔར་བཤད་པའི་ཚིག་དང་ཡི་གེ་ལས་ཐ་དད་པ་ཨ་ཞེས་བྱ་བའི་ཡི་གེ་སྤྲུལ་པར་མཛད་པ་ནི། རྒྱ་ཆེར་སྟོན་ཅིང་ཞེས་བྱའོ། །བཞིན་འཛུམ་པ་དང་བཅས་ཏེ་ཞེས་བྱ་བ་ནི་ཅུང་ཟད་ཙམ་བཞད ་པའི་ཞལ་འདི་ལ་མངའ་བས་ན་བཞིན་འཇུམ་པ་དང་བཅས་པའོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྙིང་པོ་འདི་གསུངས་སོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་རྣམས ་ཀྱི་མཉམ་པ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལྟ་བུའི་ཡེ་ཤེས་ནི་སྙིང་པོ་སྟེ། དེ་སྟོན་པར་བྱེད་པའི་ཨ་ཞེས་བྱ་བའི་སྒྲ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱའོ། །གསུངས་སོ་ཞེས་བྱ་བ་ནི་འདི་སྐད་དུ་བཀའ་ ་སྩལ་པའོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཨ་ཞེས་བྱ་བའི་ཡི་གེ་ཆོས་ཐམས་ཅད་སྟོན་པར་བྱེད་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཙམ་གྱིས་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས ་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཡང་དག་པར་འདུས་ནས་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞིར་རོ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་པ་དང། ཤེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་དབྱིངས་ཀྱི་ས་བཞུགས་པའོ། །དེ་ཡང་སེམས་དཔའ་ཆེན་པོ་བརྒྱད་ཅེས་བྱ་བ་ནི། ཕྱག་ན་རྡོ་རྗེ་ལ་སོགས་པ་ནས། རྡོ་རྗེ་གནོད་སྦྱིན་གྱི་བར ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་བརྒྱད་དུ་ཞེས་བྱ་བ་ནི། ཕྱོགས་དང་མཚམས་སུ་བཞུགས་པའོ། །བཞད་པ་ཆེན་པོ་བཞད་ཅིང་བཞུགས་སོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་གྱི ་ཁམས་བརྟུལ་ནས། །དེ་བཞིན་གཤེགས་པར་གྱུར་གཟིགས་ཏེ། །ཡིད་བདེ་བ་སྐྱེས་པར་གྱུར་པས་བཞད་པ་ཆེན་པོས་བཞད་པར་གྱུར་པ་སྟེ། །ཐམས་ཅད་དུ་འགྲོ་བའི་འཛུམ་པ་མཛད་ཅེས་བྱ་བའི་དོན་ཏོ། །དེ་ལ་དེ་ནས་དེ་སྐད་ཅེས་བཀའ་ ་སྩལ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བཞད་པ་ཆེན་པོ་བཞད་ཅིང་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བ་ལ ་སོགས་པ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང། དམ་ཚིག་ཐོབ་པ་རྣམས་ཀྱིས་ནི་བཟླས་བརྗོད་དང་བསྒོམ་པ་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི ་ལས་དང། སློབ་མ་བཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དམ་ཚིག་གསུམ་བསྒོམ་པ་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་བརྟུལ་ཞུགས་སྔར་བཤད་པས ་མཚན་མ་ཐོབ་པའི་རྗེས་ཐོགས་ཉིད་ལ། སློབ་དཔོན་གྱི་དཀྱིལ་འཁོར་འདི་བྲི་བར་བྱའོ་ཞེས་བྱ་བའི་དོན་གཞན་གྱི་དགོངས་པ་དང་སྦྱར་བ་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནི། བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །བྱིན་གྱིས་རློབ་པ་ནི་ཏིང་ངེ་འཛིན་གང་གྱིས་དེ་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ལ་སྙོམས ་པར་འཇུག་པ་ནི་མངོན་སུམ་དུ་མཛད་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དེ་བཞིན་གཤེགས ་པ་ཐམས་ཅད་དེ་སྔར་བཤད་པ་རྣམས་སོ། །དེ་ནས་ཀྱི་དེ་ཁོ་ན་ཉིད་ནི་དེ་ཁོ་ན་ཉིད་བཅུ་པོ་སྔར་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་སྟོན་པར་བྱེད་པས་གང་ལ་དེ་སྐད་ཅེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། ་དེ་ལ་དམ་ཚིག་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་བྱ་བ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་རྣམས་དང། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་སྔར་བཤད་པ་རྣམས་སོ། །འཇམ་ཞིང་ཤིན་ཏུ ་བདེ་བའི་སྟན་དང། །སངས་རྒྱས་སྐུ་གཟུགས་དགོད་པར་བྱ་བའི་མཐར་ཐུག་པ་སྟེ། ཉེ་བར་མཚོན་པ་འདིས་ན། དེ་རྣམས་ཀྱིས་དཀྱིལ་འཁོར་ལ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྦྱོར་བས། སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བསྒྲུབ་ལ། དེ་ནས་ཆོག་ཐམས་ཅད་རྗེས་སུ་སྤྱད་ནས། དཀྱིལ་འཁོར་གྱི་རྣམ་པར་སེམས་རྩེ་གཅིག་ཏུ་བྱ་སྟེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྲི ་བར་བྱ་སྟེ། འདིས་ནི་མཚན་མ་ཐོབ་པས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་པར་འགྱུར་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པ་ནི་སྔར་བཤད་པའོ། །དེའི་ཚུལ་དུ་ཞེས་བྱ་བ་ནི་དབྱིབས་ཏེ་ཟུར་བཞི་པ་ཞེས་བྱ་བ་ལ་སོགས ་པ་ཇི་སྐད་དུ་བཤད་པ་སྟེ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་ཚུལ་དེས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་འདི་བྲིས་ལ། དེའི་དབུས་སུ་ཐིག་གསུམ་གྱི་འཁོར་ལོ་བྲིས་ནས། ་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཐིག་གསུམ་གྱིས་ཟླུམ་པོར་ཐིག་བཏབ་ལ་བྲི་བར་བྱའོ། །ཞེས་བྱ་བའི་དོན་ནོ། །འདི་ཡང་ཇི་ལྟ་བུ་ཞེས་ན། བཅོམ་ལྡན་འདས་ཀྱི་ཐད་དཀར་སྣ་ཚོགས་པདྨ་རབ་ཏུ་གནས་པ་ཞེས་བྱ་བ་སྟེ། གང་དཀྱིལ་ ་འཁོར་འདི་དག་བར་སྣང་ལ་གནས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འོག་ཏུ་ཡང་དག་པར་བྲི་ཞིང། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་ཉེ་བར་མཛེས་པ་ནི། སྣ་ཚོགས་པདྨ་རབ་ཏུ་གནས་པའི་ཕྱིར་རོ། །དེ་འཁོར་ལོའི་ལྟེ་བ་ལ ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལྟེ་བ་ནི་དཀྱིལ་འཁོར་གྱི་དབུས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟག་པ་ཆེན་པོ་ཞེས་བྱ་བ་ནི་རྟག་པ་ཆེན་པོ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཀྱིས་འཁོར ་པ་ཇི་སྲིད་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་བར་སྣང་ལས་ཕབ་སྟེ། ། ཞེས་བྱ་བའི་སྐུའི་གཟུགས་བརྙན་གཅིག་ཏུ་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང ་མཛད་ཀྱིའོ། །ཕྱོགས་ཐམས་ཅད་དུ་ཞེས་བྱ་བ་ནི། ཕྱོགས་དང་ཕྱོགས་མཚམས་རྣམས་སུའོ། །དེ་བཞིན་གཤེགས་པ་བརྒྱད་བཞག་གམ་བྲི་བར་བྱ་ཞེས་བྱ་བ་ནི། སྤྲུལ་པའི་སྐུའི་གཟུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དེ་བཞིན ་གཤེགས་པ་བརྒྱད་ཡང་དག་པར་བཞག་པར་བྱའོ། །དེ་ནས་ཚོན་གྱི་ཐིག་ལེ་རྣམས་ཀྱིས་ཞེས་བྱ་བ་ནི་ཕྱག་རྒྱའི་གཟུགས་ཀྱིས་སམ། གདན་གྱིས་ཚུལ་གྱི་སམ། ཡི་གེའི་ཚུལ་གྱིས་སམ། ཐིག་ལེའི་ཚུལ་གྱིས་བྲི་བའོ། །དཀྱིལ་འཁོར་ཀྱི ་འཁོར་ལོ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་པ་དང་བཅས་པར་བྲི་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྤྲུལ་བའི་སྐུ་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས ་རྒྱས་ཀྱི་སྐུ་གཟུགས་བརྙན་བརྒྱད་ཀྱིས་བསྐོར་བ་དབུས་སུ་བྲིས་ལ། རྣལ་འབྱོར་བ་དེས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ཟླུམ་པོར་བསྐོར་ནས། དཀྱིལ་འཁོར་གསུམ་པ་བྲིས་པ་གང་ཡིན་པ་དེར་མི་བསྐྱོད་པ་ལ་སོགས་པ་དེ ་བཞིན་གཤེགས་པ་རྣམས་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་བསྐོར་བར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་ཚུལ་ཉིད་བཞིན་དུ་བྲི་བར་བྱའོ། །ཕྱི་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་དུ་བཤད ་པའི་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཕྱོགས་དང་མཆམས་རྣམས་སུ་བྲི་བར་བྱའོ། །བུམ་པ་གང་བ་བཞི་སྒོ་རྣམས་སུ་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ ་འཁོར་གྱི་སྒོ་བཞིར་བུམ་པ་གང་བ་བཞི་ལེགས་པར་བཞག་པར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་ནས་དང། གྲོ་དང། འབྲས་སཱ་ལུ་ལས་སྐྱེས་པའི་ལྗང་བུ་དང་བཅས་པའི་སའི་དུམ་བུ་དགོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ནེའུ་གསང་སྟེ། ས་ཆེན་པོ་སྟོན་པ་ཅན་གྱི་མཚན་མའོ། །ལྷོ་ཕྱོགས་ཀྱི་སྒོར་རོ་དྲུག་གིས་གང་པའི་སྣོད་ལ། དབྱིག་དང་གསེར་དང་རིན་པོ་ཆེ་དང། གོས་ལ་སོགས་པས་བརྒྱན་པ་དགོད་པ་ནི་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་དང། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་དེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བྱང་ཆུབ་ཆེན་པོའི་མཚན་མའོ། །ནུབ་ཕྱོགས་ཀྱི་སྒོར་འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་ལ ་བཞག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་ངོ་བོ་ཉིད་དེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་གདན་སྟོན་པའི་མཚན་མའོ། །བྱང་ཕྱོགས་ཀྱི་སྒོར་སྤྲུལ་བའི་སྐུའི་གཟུགས་ཅན ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བཞག་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་བྱང་ཆུབ་ཆེན་པོ་སྟོན་པར་བྱེད་པའི་མཚན་པར་བཞག་པར ་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་ས་བོན་ནི་ཨ་ཞེས་བྱ་བའི། །འདི་སྐད་སྟོན་པར་འགྱུར་ཏེ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་བཞིན་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ། དེའི་ནང་དུ་ཆ་བཞིའི་ཚད་ཀྱི་ཟླུམ་པོར་རྡོ་རྗེ་ཕུར་བུ་ལ་བཏགས་བའི་ཚོན་སྣ་ལྔའི ་སྲད་བུས་དཀྱིལ་འཁོར་ཐིག་བཏབ་སྟེ། གཉིས་པ་ནི་དེའི་ཉེས་འགྱུར་རོ། །གསུམ་པ་ནི་སུམ་འགྱུར་དུ་ཟླུམ་པོར་དེ་ཡོངས་སུ་བསྐོར་བར་དཀྱིལ་འཁོར་ཀུན་ཏུ་ཐིག་བཏབ་ལ་ལེགས་པར་བྲིས་ཏེ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན ་བྲིས་ནས། དཀྱིལ་འཁོར་གྱི་ལྟེ་བ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱི་བརྒྱན་ལ་ལོངས་སྤྱོད་རྫོགས་པའི་སྐུའི་གཟུགས་ཅན་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པ་སྐྱིལ ་མོ་ཀྲུང་གིས་བཞུགས་པ་ཞལ་གཅིག་པ་ཤར་དུ་གཟིགས་པ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་ཟླུམ་པོ་གཉིས་པ་ལ་སྤྲུལ་པའི་སྐུའི་གཟུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་བརྒྱད་བྲི་བར་བྱའོ། །དེ་ནས་དཀྱིལ ་འཁོར་ཟླུམ་པོ་གསུང་པ་ལ། ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་དང། ཕྱག་ན་རྡོ་རྗེ་དང། འཇམ་པའི་དབྱངས་དང། བཅས་པར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཚུལ་དུ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང? ་ལྡན་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོ་དང། ནམ་མཁའ་ཨི་མཛོད་དང་བཅས་པའོ། །ནུབ་ཕྱོགས་སུ་བཅོམ་ལྡན་འདས་སྣང་བ་མཛའ་ཡས། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང། སེམས་སྐྱེད་མ ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་དང་བཅས་པའོ། །བྱང་ཕྱོགས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་དང། རྡོ་རྗེ་གནོད་སྦྱིན་གཉིས་དང་བཅས་པར་སྔ་མ་བཞིན་དུ་བྲི་བར་བྱའོ། །དེ་ནས་ཕྱིའི ་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ། ཤར་ཕྱོགས་སུ་ཡང་ཕྱག་ན་རྡོ་རྗེ་ལྷོ་ཕྱོགས་སུ་ནམ་མཁའ་ཨི་སྙིང་པོ། ནུབ་ཕྱོགས་སུ་འཇིག་རྟེན་དབང་ཕྱུག། བྱང་ཕྱོགས་སུ་རྡོ་རྗེ་ཁུ་ཚུར། ཤར་ལྷོ་མཚམས་སུ་འཇམ་དཔལ་གཞོན་ནུ། ལྷོ་ནུབ་མཚམས་སུ་ནམ་མཁའ་ཨི ་མཛོད། ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱང་ཤར་མཚམས་ཀྱི་ཕྱོགས་ཆ་ལ། རྡོ་རྗེ་གནོད་སྦྱིན་བྲི་བར་བྱ་སྟེ། ལྷག་མ་རྣམས་ནི་སྔར་སྨྲས་པར་ཟད་དོ། །བུམ་པ་དང། བུམ་པ་གང་བ་རྣམས་ནི། ་ཨ་ཞེས་བྱ་བ་ཉིད་ཀྱིས་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། སྔ་མ་བཞིན་དུ་ལྷ་ཐམས་ཅད་ལ་དབུལ་བར་བྱ་སྟེ། དེ་བཞིན་དུ་གཞན་དག་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་སྔ་མ ་བཞིན་དུ་རྡོ་རྗེ་བསྡུ་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང། མཚན་རྒྱ་རྩ་བརྒྱད་ཀྱིས་བསྟོང་བར་བྱའོ། །དེ་ནས་ཨ་ཞེས་བྱ་བ་ཟློས་ཤིང་སྔར་བཤད་པའི་གསང་བའི་ལྕགས་ཀྱུ་བཅིངས་ནས། ་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ། དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་བྱས་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། མཚམས་བཅད་པ་དང། དཀྱིལ་འཁོར་བཅིང་བ་དང། ་ར་བ་དང་དྲ་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅས་པ་དང། རྡོ་རྗེ་བསྲུང་བས་སྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། ཨ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་བཅིངས་ལ། ཨ་དྲི་?་ཞེས ་བྱ་བ་ནས་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་བལྟ་བར་བྱས་ནས། ཛ(རྒྱུད་འགྲེལ་པོ་རྣམ་པར་བསམ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལྗགས་ལ་ཡང་ཨོཾ་ཞེས་བྱ་བ་བསམ་པར་བྱའོ། །དེ་ནས་ཡང་རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཨ ་ཞེས་བྱ་བ་བཟློས་བཞིན་དུ་བཅིང་བར་བྱ་སྟེ། ཆོས་གོས་འཛིན་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས ་རྒྱས་བྱང་ཆུབ་སྦྱིན་པའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་གཡོན་པ་རང་གི་སྙིང་གར་བསྟོང་པའི་ཚུལ་གྱིས་བཞག་ལ། གཡས་པ་བརྐྱང་བས་ས་ལ་རེག་པའི་ཚུལ་དུ་བྱ་བ་ནི་མི་བསྐྱོད་པའི་འོ། ་གཡོན་པ་དེ་བཞིན་བཞག་ལ། གཡས་པ་ས་ལ་རེག་པ་ལས་ཟློག་སྟེ། སྨྲད་འདོན་པའི་ཚུལ་གྱིས་བསླང་ཞིང་སྦྱིན་པ་ལྟ་བུ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་གཡོན་པ་ཆོས་གོས་འཛིན་པའི་ཁུ་ཚུར་གཡས་པས ་པདྨ་དབྱེ་བའི་ཚུལ་དུམ་ཤེའུ་ཆུང་ནས་བརྩམས་ཏེ། འབྱེད་པ་ནི་འོད་དཔག་ཏུ་མེད་པའི་?། །མི་བསྐྱོད་པའི་ཕྱག་རྒྱ་ལས་ལག་པ་གཡས་པ་བ་དན་གསུམ་པ་ལྟར་བྱས་ལ། མི་འཇིགས་པ་སྟེང་པའི་ཚུལ་གྱིས་བཞག་པ་ནི་དོན་ཡོད་པར ་གྲུབ་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཉིས་གས་བསྙེམས་པ་དང་བཅས་པར་སྟོན་པའི་ཚུལ་དུ་བཞག་པ་འདི་ནི་ཕྱག་ན་རྡོ་རྗེའིའོ། །གཡོན་པའི་སྙིང་གར་བཞག་པ་ལ། གཡས་ཀྱིས་རལ་གྲི་འཛིན་པ་ལྟ ་བུ་ནི་མགོན་པོ་འཇམ་དབྱངས་ཀྱིའོ། །རྡོ་རྗེ་གཉིས་ཀྱིས་དབང་བསྐུར་བའི་ཚུལ་དུ་འཇོག་པ་ནི་འཕགས་པ་ནམ་མཁའ་ཨི་སྙིང་པོའིའོ། །རྡོ་རྗེ་གར་བསྐོར་ཞིང་བཀྲོལ་ཏེ། འཁུར་བ་དང། སྤྱི་གཙུག་ཏུ་བཞག་པ་ནི་ནམ་མཁའ་ཨི་མཛེད་ཀྱི?། ་གཡས་ཀྱི་གཡོན་པ་དབྱེ་བ་ནི་འཇིག་རྟེན་དབང་ཕྱུག་གིའོ། །མགལ་མེའི་འཁོར་ལོ་ལྟར་བསྐོར་བ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའིའོ། །རྡོ་རྗེ་ཁུ་ཚུར་གཉིས་མནན་པ་འཆིར་བ་ནི་རྡོ་རྗེ་ཁུ་ཚུར་ཀྱིའོ། །མཐེའུ་ཆུང ་དང་མཛུབ་མོ་མཆེ་བར་བྱ་བ་ནི། རྡོ་རྗེ་གནོད་སྦྱིན་གྱིས་ལས་ཀྱིས་ཕྱག་རྒྱའོ། །བྱང་ཕྱོགས་ན་གནས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཕྱག་རྒྱ་ནི་དོན་ཡོད་པར་གྲུབ་པ་དང། འདྲ་བར་ཤེས་པར་བྱའོ་རྣམ་པར་སྣང་མཛད་ལ་སོགས ་པའི་ཕྱག་རྒྱ་ཆེན་པོ་ནི་བྲིས་པའི་རྗེས་སུ་འབྲར་ནས་བསམ་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་བྱས་ནས། སྔར་བཤད་པའི་ཚུལ་ཉིད་ཀྱིས་དབང་བསྐུར་བའི་ཕྱག་རྒྱ ་རྣམས་ཀྱི་དབང་བསྐུར་ལ། ཡང་མཆོད་ཡོན་ཕུལ་ཏེ། བུམ་པ་དང། བུམ་པ་གང་བ་དང། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་མཆོད་པར ་བྱའོ། །དེ་ནས་ཡིད་ཀྱི་དཔག་བསམ་གྱི་ཤིང་ལ་སོགས་པའི་སྤྲིན་རྣམས་ཀྱི་སྔ་མ་བཞིན་དུ་ཡང་དག་པར་མཆོད་ལ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། སངས་རྒྱས ་སྤྱན་གྱིས་སྤྲིན་སྲེག་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔ་མ་བཞིན་དུ་ཐབ་ཀྱི་དབུས་སུ་དཀྱིལ་འཁོར་གྱི་ཚུལ་གྱིས་བཀོད་ནས། ཡང་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགོ་བའི་གོས་ལ་བཟླས་པའི་སྟོད་གཡོགས་དང། སྨད་གཡོགས་བསྒོ ་ཞིར་ཆེའུ?་ཁ་བཅིངས་ཏེ། ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའི་སྙིང་པོས་གདོང་གཡོགས་ཀྱི་རས་ལ་ཡོངས་སུ་བཟླས་ཏེ། དེས་གདོང་གཡོགས་བྱས་ལ། སློབ་དཔོན་གྱི་སྔར་བཤད་པའི་ཕྱག་རྒྱ་ལ་སོགས་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས། ཨ་ཞེས་བྱ་བ ་བཟླས་པའི་བུམ་པ་སྒོ་ན་གནས་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོ་རྡོ་རྗེ་བཅིངས་ནས་བཛྲ་ཨ་ཞེས་བརྗོད་ཅིང་ཞུགས་ལ་ཇི་སྲིད་རྡོ་རྗེ་སེམས་གྲུབ་མཛོད། ཅེས་བྱ་བའི་བར་དུ་སྔར་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱ? ་ནས། ཕྱག་འཚལ་བའི་སྔགས་དང། རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱའོ། །དེ་ལ་རྣམ་པར་སྒེག་པའི་རྡོ་རྗེ་ནི་འདི་ཡིན་ཏེ། རྡོ་རྗེ་གར་གྱི་མཆོད་པས་རྣམ་པར་འགྱུར་བ་དང་བཅས་ཤིང། འཛུམ་པ་དང་བཅས་པའི་མིག་གིས་ཕྱག་བྱ་བས་རྡོ་རྗེ་སེམས ་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་མཉེས་པར་བྱ་ཞིང། ཕྱག་འཚལ་ལོ་ཞེས་བྱ་བ་སྟེ། འདི་ནི་དེའི་མཚན་ཉིད་ངོ། །དེ་ནས་བསྐོར་བ་ལན་གསུམ་བྱས་ལ། །དེ་ཁོ་ན་ཉིད་བརྗོད་དེ། ཛ(རྒྱུད་འགྲེལ་འདས་པ་ཡང་དག་པར་བསྐུལ་བར་བྱའོ། །དེ་ནས་དེ་བཞིན་གོས་གྱོན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་ཕྱག་རྒྱ་བཅིངས་ནས། ཞུགས་ན་ཞེས་བྱ་བ་འདིའི་དོན་བཤད་པ་ཡིན་ནོ། །བདག་ཉིད་སློབ་དཔོན་མེད་པར་ཡང་ཞེས་བྱ་བ་འདི ་དཀྱིལ་འཁོར་?་དང་དམ་བསྐུར་བ་སྟེ། ཡང་ཞེས་བྱ་བའི་སྒྲས་ནི་དབང་བསྐུར་བ་རྣམས་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅས་ཀྱིས་རྡོ་རྗེ་སློབ་དཔོན་ཉིད་དང། དེ་བཞིན་གཤེགས་པའི་དཀྱིལ ་འཁོར་གྱི་སློབ་དཔོན་ཉིད་དུ་ལེགས་པར་བྱིན་གྱིས་རླབ་པར་མཛད་དོ་ཞེས་སྟོན་པ་ཡིན་ནོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། གང་ཞིག་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དུ་ནི་དབང་བསྐུར་ལ། འདིར་ནི་དབང ་མ་བསྐུར་བ་དེས་ཀྱང། དཀྱིལ་འཁོར་འདི་ཉིད་བྲིས་ཏེ་ཞུགས་ན། དེ་ལྟར་ན་ཡང་ཇི་སྐད་དུ་གསུངས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི། དཀྱིལ་འཁོར་དུ་ཞུགས་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་རྟོག་པ་དང། ཞེས་པ། རྒྱུད་གཞན་དག་ནས་གསུངས་པ་དག་ཏུ་ཡང། དངོས་གྲུབ་ཐམས་ཅད་ལ་ཞེས་བྱ་བ་སངས་རྒྱས་ཉིད་ལ་སོགས་པ་རྣམས་བདུད་ལ་སོགས་པས་ཟིལ་གྱིས་མི་ནོན་པས་ན་མི་ཚུགས་བར་འགྱུར་བ་དང། དེ ་དག་ཉིད་ཀྱིས་གསོད་པར་མི་ནུས་བས་ན། མི་གསོད་པ་དང། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་སྒྲིབ་པ་ཐམས་ཅད་དང་བྲལ་བས་ཐོབ་པར་འགྱུར་རོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་གཞུག་གོ་ཞེས་བྱ་བ་ནི་སློབ་མ་གཞུག་པར་བྱ་བའི ་ཕྱིར། །རྗེས་སུ་སྣང་བ་ཇི་ལྟ་བ་བཞིན་དུ་གསོལ་ཏེ། དེའི་རྗེས་ཐོགས་ཉིད་འཇུག་པའི་ཆོ་གས་སློབ་མ་གཞུག་པར་བྱའོ། །ཞུགས་ནས་རྡོ་རྗེ་རྩེ་ལྔ་པ་བྱིན་ལ་ཞེས་བྱ་བ་ནི། སློབ་མ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཆུའི་དབང་བསྐུར་བ་དང ་ཕྱག་རྒྱ་དང། དབུ་རྒྱན་དང། ཅོད་པན་དང། དར་དཔྱངས་ཀྱི་དབང་བསྐུར་བ་བྱིན་ལ་ཨ་ཞེས་བྱ་བ་ཉིད་ཟློས་ཤིང། དེ་བཞིན་གཤེགས་པའི་རྡོ་རྗེ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་དང། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ ་ཞུགས་བྱིན་ལ། སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་རྣམས་ཀྱང་བསྒོ་པར་བྱའོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་ཡིན། བདེ་བའི་རྣམ་པར་སྨིན་པ་རྒྱ་ཆེན་པོར་འགྱུར ་བའི་ལས་རྣམས་ཏེ། དེའི་ཕྱིར་ནི་དེ་རྫོགས་པར་བྱ་བའི་ཕྱིར་རོ། །བསྟན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་དོ། །དེ་ཡོངས་སུ་སྐྱོང་ཞིང་ཉམས་སུ་ལེན་པ་ནི་གྲུབ་པ་སྟེ། དེའི་ཕྱིར་རོ་རྣམ་པར་མི་རྟོག་སྦྱོར་བ་ཡིས། ཅི་བདེ་བར་ནི་ཐམས་ཅད་ཀྱིས་ཞེས ་བྱ་བ་ནི། རྡོ་རྗེ་དང། དོན་དང། ཆོས་དང། ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པ་རྣམས་ནི་རྣམ་པར་མི་རྟོག་པའི་སྦྱོར་པ་སྟེ། རྣམ་པར་མི་རྟོག་བའི་སྦྱོར་བ་དེས་བཟླས་བརྗོད་དམ། བསྒོམ་པ་འམ། དགེ་བའི་ལས་གཞན་གང་རུང་བ་དེ། ཅི་བདེ་བར་ནི་ཐམས་ཅད་ཀྱིས ་ཞེས་པ་སྟེ། དངོས་པོ་ལ་མངོན་པར་ཞེན་པ་སྤངས་པས། དགེ་བའི་ཕྱོགས་ཐམས་ཅད་ལ་བྱ་བའི་རྒྱུད་ལས་བཤད་པའི་སྟན་ལ་སོགས་པའི་ངེས་པའི་གནོད་པ་སྤངས་ཏེ། ཅི་བདེ་བར་ཐམས་ཅད་གྱིས་ཤིག་ཅེས་བྱའོ། །དེ་ལྟར་དམ་ཚིག་བྱིན་ནས། དེ་ནས་དེ ་བཞིན་དུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཚུལ་གྱི་བཟའ་བ་དང། རོ་དང། གནས་པ་རྣམས་ཀྱི་སློབ་མ་རྣམས་ལོངས་སྤྱོད་དུ་ཞུགས་ཤིང། འབྱོར་པ་ཅི་ཡོད་པས་ཡང་དག་པར་ཚིམ་པར་བྱའོ། །དེ་ནས་མཚན་མ་བཞི་པོ་ཞེས ་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྫོགས་པར་བྱ་བའི་ཕྱིར་ནིའུ་གསིང་ས་དང་བཅས་པའི་དུམ་བུ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར། དབྱིག་དང། གསེར་དང། རིན་པོ་ཆེ་དང། གོས་ལ་སོགས་པས་གང་བའི་སྣོད་དང། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར་འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་དང། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་སྐུ་གཟུགས་འབྱོར་པ་ཇི་ལྟ་བས་སྐལ་བ་ཇི་ལྟར ་བཞིན་དུ་སློབ་དཔོན་གྱིས་སློབ་མ་རྣམས་ལ་སྦྱིན་པར་བྱ་སྟེ། མི་བསྐྱོད་བའི་རིག་ལ་ནི་ནེའུ་གསིད་དང་བཅས་པའི་དུམ་བུའོ། །རིན་པོ་ཆེའི་རིགས་ལ་མངོན་པར་བརྩོན་པ་རྣམས་ལ་ནི། ཇི་སྐད་དུ་བཤད་པའི་སྣོད་ངོ། །འོད་དཔག་ཏུ་མེད་པའི་རིགས་ལ ་མངོན་པར་བརྩོན་པ་རྣམས་ལ་ནི་བསྟན་ནོ། །དོན་ཡོད་པར་གྲུབ་པའི་རིགས་རྣམས་ལ་ནི་སངས་རྒྱས་ཀྱི་སྐུ་གཟུགས་སྦྱིན་པར་བྱ་སྟེ། འདི་ནི་འདིར་སྐལ་པ་ཇི་ལྟ་བཞིན་དུ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དམ་ཚིག་ཆེན་པོའི་དཀྱིལ ་འཁོར་རོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བཤད་པ་རྣམས་ནི། ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར། དམ་ཚིག་ཆེན ་པོ་ཡིན་ལ། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཡང་ཉེ་བར་གདགས་པས་དམ་ཚིག་ཆེན་པོ་ཞེས་བཤད་དེ། དེ་རྣམས་ཀྱི་དཀྱིལ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་ནས་དེ་བཞིན་དུ་ཞེས་བྱ་བ་ནས་བརྩམས་ཏེ། སྦྱིན ་པར་བྱའོ་ཞེས་བྱ་བའི་དོན་སླར་ཡང་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ལྟར་བཤད་མ་ཐག་པའི་ཆོ་གས་དཀྱིལ་འཁོར་བྲིས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་འདི་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས ་ལ། བུམ་པ་གང་བ་དང། བུམ་པ་རྣམས་ཀྱང་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེས། ཨ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས། དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ལ། ཡང་རྣམ་པར་སྣང ་?་ཀྱི་ང་རྒྱལ་གྱིས་རྡོ་རྗེ་བསྡུ་བ་བྱས་ཏེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོར་བསྒོམ་ཞིང། མཚན་མ་བརྒྱ་རྩ་བརྒྱད་པས་བསྟོད་ལ། ཨ་ཞེས་བྱ་བ་ཟློས་ཤིང་གསང་བའི་ལྕགས་ཀྱུས་རྣམ་པར་མཛད་ལ་སོགས་པ་ཐམས ་ཅད་བཀུག་ལ། རང་གི་གནས་སུ་བཅུག་ཏེ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་ཅིང། མཚམས་བཅད་པ་དང། དཀྱིལ་འཁོར་བཅིང་བ་དང། དྲ་བ་དང། ར་པ་རྣམས་བྱས་ནས། རྡོ་རྗེ་ཁུ་ཚུར་གྱི་སྒོ་བཅད་དེ་རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་ཡང ་དག་པར་བསྲུངས་ལ། ཨ་ཞེས་བྱ་བ་མཆོད་ཡོན་ཕུལ་ཏེ། དམ་ཚིག་གི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ལྗགས་ལ། དེ་བཞིན་དུ་ཨ་ཞེས་བྱ་བ་རྣམ་པར་བསམ་ལ། རྣམ་པར་སྣང ་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང། ཕྱག་ཆེན་པོ་དག་ཅིང་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ཞིང། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་གི་དབང་བསྐུར་བར་ཕྱོག། ་དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཨ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། བུམ་པ་དང། བུམ་པ་གང་བ་རྣམས་དང། ན་བཟའ་རྣམས་ཕུལ་ཏེ། མཆོད་པ་རྣམ་པ་ལྔ་དང། དཔག་བསམ་གྱི་ཤིང་ལ་སོགས་པས་མཆོད་པར་བྱའོ། །དེ་ནས ་གར་དང། གླུ་དང། རོལ་མོ་དང། རྟ་དང། གླང་པོ་ཆེ་དང། བ་ལང་གི་?་ལ་སོགས་པ་ཕྱི་རོལ་གྱི་མཆོད་པ་རྣམས་ཀྱང་འབྱོར་བར་གྱུར་ན། མཆོད་ལ། མེ་ཏོག་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས ་ཡིད་ཀྱིས་མཆོད་པ་བྱས་ལ་ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་སྦྱིན་སྲེག་བྱས་ལ། ཇི་སྐད་དུ་བཤད་པའི་གོས་དང། རྒྱན་དང་ལྡན་པའི་རྣལ་འབྱོར་པས། ཕྱག་བཙལ་བ་ལ་སོགས་པས་སྔོན་དུ་འགྲོ་བ་དང། ་སྡོམ་པ་གཟུང་བར་བྱའོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ། ཨུཏཔཱ་ད་ཡཱ་མི། ཞེས་བྱ་བས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ལ། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས། དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ལ་རང་གི་སྙིང་གར་བཞག་སྟེ། ཨ་ཞེས་བྱ་བས་རང ་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་དེ་བསྐྱེད་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སུ་ར་ཏེ་ས་མ་ཡསྟཝཾ་ཧོ་བཛྲ་སིདྡྷཡ་ཡ་ཐཱ་སུ་ཁཾ། དེ་ནས་སྒོ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག ་གི་ཕྲེང་བ་བཟུང་ནས། བཛྲ་བཛྲ་ཨ་ཞེས་བྱ་བ་ཟློས་ཤིང། སློབ་དཔོན་ཤར་ཕྱོགས་ཀྱི་སྒོ་ནས་དམ་ཚིག་གི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང། བཛྲ་ཨཾ་ཀུ་ཤ་ཛ:ཞེས་ཀྱང་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས ་ལ། བཛྲ་པཱ་ཤ་ཧཱུཾ་ཞེས་བརྗོད་ནས། ཡང་ཡིད་ཀྱིས་ཞུགས་པས་འཇུག་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་བཛྲ་སཕོ་ཊ་བཾ་ཞེས་བྱ་བ་དང། ཡིད་ཀྱིས་བཅིང་པར་བྱའོ། །དེ་ནས་ཡང་བྱང་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་ཨཱ་བེ་ཤ ་ཧོ་ཞེས་བྱ་བ་དང། རྡོ་རྗེ་འབེབས་པས་བདག་ཉིད་དབང་དུ་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ནས། མ་ཧཱ་ར་ཏ་སུ་དྲི་ཌཧ་སུ་ཏོ་ཥོ། སུ་སུ་ཁོ་བཛྲ་ས་ཏྭ་ཨ་དྷཡ་སིདྡྷཡ་མཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས ་ཕྱག་བྱས་ལ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང། །ཡེ་ཤེས་ཆེན་པོ་ལས་ཆེ་བ།། ་རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ། །ཛ:ཧཱུཾ་བཾ་ཧོ:པྲ་སེདྡྷཡཱ་མཾ།། །།དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཞེས་བྱ་བ་ལན་བརྒྱ་བཟླས་ལ། ཡང་གཡོན་པའི་རྡོ་རྗེ་ཁུ་ཚུར་ཀྱིས་སེམས་མ་རྡོ་རྗེ་མེའི ་ཕྱག་རྒྱ་ཕྱེ་ནས། བདག་ཉིད་ལ་དབབ་པར་བྱ་ཞིང། ཨ་ཨ་ཞེས་བྱ་བ་ལན་བརྒྱ་བཟླའོ། །དེ་ནས་ཨ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་རང་གི་མགོ་ལ་དེ་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང ་གཡོགས་དཀྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དབབ་པའི་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྣམ ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོར་རང་བསམ་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང། ཇི་སྲིད་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས། དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་པ་དེ་སྲིད་ཀྱི་བར་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར ་ལ། བདག་ཉིད་དབུལ་བའི་ཚུལ་གྱི་སྙིང་གར་བཞག་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས། བཅོམ་ལྡན་འདས་ཡང་དག་པར་མཆོད་ལ་གླུ་དང་རོལ་མོའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པར ་བྱའོ། དེ་ནས་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཅོམ་ལྡན་འདས་ལ་རྡོ་རྗེའི་བལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོས་བསྐོར་བས་ཕྱག་བྱ་ཞིང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་དང། དབང་བསྐུར་བ་རྣམས་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་དམ་ཚིག ་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེའི་མེ་ཏོག་གི་ཡལ་ག་ལས། རྣམ་པར་རྒྱལ་བའི་བུམ་པ་ལ། བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷཡ་ཨ་བྷི་ཥིཉྩ་སརྦ་སུ་ཁ་སོ་མ་ན་སྱ་ནི་ཨ་ད ་ད་ཀུ་རུ་ཀུ་རུ། ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་པར་བྱས་ནས། ཕྱི་རོལ་དུ་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ནས། མཚན་བརྒྱ་རྩ་བརྒྱད་པས་བསྟོད་? ་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨ་ཞེས་བརྗོད་དེ། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་བ་བླངས་ལ། ? ་མ་འམ། བྱས་པ་འམ། བརྐོས་པ་འམ། བྲིས་པའི་རྡོ་རྗེ་རིན་པོ་ཆེའི་ཅོད་པན་རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་པས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང། བདག་པོ་དང། མིང་གི་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ ་ཞུགས་བླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་བྱང་བདག་ཉིད་ཡང་དག་པར་མཆོད་དེ་།དེ་ནས་དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། ་ཞེས་བྱ་བ་དག་གོ། དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། གསང་སྔགས་བཟུང་སྟེ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་དག་ཀྱང་བླང་བར་བྱའོ། །དེ་ནས་ཡང་བདག་ལ་བྱིན་གྱིས་བརླབས་པ་ལ་ ་སོགས་པ་བྱས་ལ། ཅི་འདོད་པར་བཟླས་པ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། སློབ་མ་རྣམས ་ནི་བཞུག་པར་བགྱི། །དེ་ནས་ཕྱིར་བྱུང་ལ་སློབ་མ་རྣམས་བཞུག་པར་བྱ་སྟེ། འདི་ནི་སློབ་དཔོན་གྱིས་ལས་ཀྱི་ཆོ་གའོ། །དེ་ནས་སྡོམ་པ་སྦྱིན་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེ་ནས་དེ ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་སོགས་པ་ཡང་བྱེད་དུ་བཅུག་ནས། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ཏེ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ལ། འདི་སྐད་ཅིས?་བརྗོད་པར ་བྱ་སྟེ། དེང་ཁྱོད་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་པར་འགྱུར་གྱིས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་བརྗོད་པར་མི་བྱ་ཞིང། དད་པ་མེད་པར་ཡང་མ་བྱེད་ཅིག། དེ་ནས ་ལྔ་པོ་བསྡུས་པ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱིས་དམ་ཚིག་གསང། །སངས་རྒྱས་ཀུན་གྱིས་རབ་བསྒྲུབ་པ། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །རིགས་རྣམས་ཀུན་གྱིས་ཁྱོད་བརླག་འགྱུར། །ོཾ་མ་ཧཱ་སུ་ཁ་ཧ་ན་ས་མ་ཡ ་ཨ་དྷི་ཀྲ་མ་པི་སུ་ར་ཏ་སྟཾ། དེ་ནས་ཡོན་གྱི་མཆོག་བླངས་ལ། ཕྱི་རོལ་གྱི་སྒོ་ལ་མངོན་པར་ཕྱོགས་ནས། གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཚུལ་དུ་བཅུག་ནས། ཆོས་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་ལ། དམ ་ཚིག་འདི་སློབ་མ་རྣམས་ཀྱི་རྣ་བར་བསྒྲག་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་ཕྱིར་དང། བསྟན་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །རྣམ་པར་མི་རྟོག་སྦྱོར་བ་ཡིས། །ཅི་བདེ་བར་ནི་ཐམས་ཅད་ཀྱིས། །ལྷག་མ་རྣམས་ནི་སྔར་བཤད་པ་དེ་བཞིན་དུ་ཤེས ་པར་བྱའོ། །སློབ་མ་བཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དབང་བསྐུར་བ་དང། དམ་ཚིག་ཐོབ་པ་རྣམས་ལ། སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ་པ་འདིའི་དོན་བསྟན་པར་བྱ་བའི ་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །འདིས་བསྒྲུབ་པར་བྱ་བ་ཡིན་པས་ན་བསྒྲུབ་པ་སྟེ། རས་རིས་ལ་སོགས་པ་སྟེ། དེ་ཉིད་བསྟན་པའི་ཕྱིར། རས་ལ་བཅོམ་ལྡན་འདས་རྣམ་པར་སྣང ་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་གོ་བར་ཟད་དོ། །དེ་ནས་དེས་དེ་བཞིན་དུ་སེམས་དཔའ་མཆོག་བསྒྲུབ་པ་དང་ཞེས་བྱ་བ་ནི། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་བསྒྲུབ་པ་བཤད་པ་དེ་བཞིན་དུ། འདིར་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་བསྒྲུབ་པ་ལ་ཡང་ཤེས་པར་བྱའོ། །དངོས་གྲུབ་མཆོག་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་དེར་རྡོ་རྗེ་སེམས་དཔའ་ཨི་རས་རིས་ལ་སངས་རྒྱས་ཉིད་དང། རྡོ་རྗེ་སེམས་དཔའ་ཉིད་ཀྱི་དངོས་གྲུབ་ཀྱི་མཆོག་ཏུ་གྱུར་པ་དེ ་བཞིན་དུ་འདིར་ཡང་གྲུབ་པར་བཤད་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ཟླ་བ་ཉ་ནས་བརྩམས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྦྱར། རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ། ཇི་ལྟར་སྐྱོ་བར་མ་གྱུར་པས། དང་པོ ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། རྡོ་རྗེ་ཚིག་གི་ཨ་ཞེས་བྱ་བ་ཇི་སྲིད་ཟླ་བ་གཅིག་གིས་སྔོན་དུ་བསྙེན་པ་བྱས་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རས་ལ་རྡོ་རྗེ་བྲི་བའི་ཕྱག་རྒྱ་དང་པོར་བརྩམ་ཞིང། ་ཕྱིས་ཅི་བདེར་བྱ་བ་དང། བྲི་བ་འམ། འདིར་གཞུག་པར་བྱ་སྟེ། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པར་བྲི་བར་བྱའོ། །དེ་བཞིན་དུ་གཞན་ཐམས་ཅད་ནི་དམ་ཚིག་གི་དཀྱིལ ་འཁོར་ཆེན་པོའི་ཚུལ་དུ་བྱའོ། །ཞེས་བྱ་བ་ནི། དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་བཞིན་དུ་སྔོན་དུ་སྙེན་པའི་སྦྱོར་བས་ཟླ་བ་ཕྱི་མ་ཉའི་བར་དུ་བཟླས་བརྗོད་བྱ་ཞིང། དེའི་ཚེ་མཚན་ཐོག་ཐག་བཟླས་བརྗོད ་བྱའོ། །དེ་ནས་ནང་པར་བཅོམ་ལྡན་འདས་ཀྱིས་མཐོང་བ་སྩལ་ནས། སངས་རྒྱས་ཉིད་དང་བྱང་ཆུབ་སེམས་དཔའ་ཉིད་སྩོལ་བར་འགྱུར་རོ་ཞེས་བྱའོ། །གཞན་ཡང་རས་ལ་བཅོམ་ལྡན་འདས་དཔའ་པོ་གཅིག་པུ་བྲིས་ཏེ་ཞེས་བྱ་བ་ནི། སྔ་མ་བཞིན ་དུ་བསྙེན་པ་བྱས་པའོ། །བཅོམ་ལྡན་འདས་དཔའ་བོ་གཅིག་པོ་རས་ལ་བྲི་བར་བྱའོ་ཞེས་བྱ་བ་ནི། དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ལ་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཕྱི་མའི་ཉ་ལ་བབ་པ་དང། མཚན་ཐོས? ་ཐག་པ་ཟླས་བརྗོད་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང། ཇི་སྐད་དུ་བཤད་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ།། །།དེ་ནས་ཞེས་བྱ་བའི་སྒྲ་ནི་འདིས་མ་ཐག་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ཉིད་ལ ་འོ་མ་གྲུབ་པས་ཀྱང་ཞེས་བྱ་བ་ནི། དེ་ནས་རས་རིས་སྒྲུབ་པ་མ་བསྒྲུབས་པས་སོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ལས་རྣམས་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི། ཡེ་ཤེས་བབས་པ་མེད་ཀྱང་ཞེས་སྟོན་པ་ཡིན་ཏེ། གང་ཞིག་ཡེ་ཤེས་བབས ་པར་གྱུར་དེ་ལ་ནི། ལས་རྣམས་བཀླགས་པ་ཙམ་ཉིད་ཀྱིས་ཤིན་ཏུ་འགྲུབ་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །འདི་ལྟ་སྟེ། ཞེས་བྱ་བའི་སྒྲ་ནི་ཉེ་བར་སྟོན་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཇི་སྐད་དུ་བཤད་པའི་བསྒྲུབ་པའི་མཆོད་པ ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའོ། །དེ་ཇི་ལྟར་འགྱུར་ཞེས་ན། ཇི་སྙེད་པའི་དེ་བཞིན་གཤེགས་པའི་བདེ་བ་ཐམས་ཅད་ཕུལ་བས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྒོམ་པ་པོས། བསྒོམ ་པའི་རང་བཞིན་གྱི་བདེ་བ་གང་ཞིག་བྱུང་བར་གྱུར་བ་དེ་རྣམས་ནི་ཆུང་དུ་དང། འབྲིང་དང་ཆེན་པོ་རྣམས་ཇི་སྙེད་པ་སྟེ། ཇི་ལྟར་ཐོབ་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་རྣམས་སོ། །དེ་རྣམས་དབུལ་བ་ནི་བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་སེམས་ཅན་ཐམས་ཅད་བསྐྱེད་པར་ཡང་དང་ཡང་དུ་བསྒོམས་པས་ཕུལ་བ་སྟེ། ངེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །སངས་རྒྱས་ནི་ཇི་སྐད་དུ་བཤད་པ་རྣམས་སོ།། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པའི་བར་རོ། །དེ་རྣམས་ལ་མཆོད་པར་ཇི་ལྟར་འགྱུར་ཞེ་ན་བདག་ཕུལ་བས་སོ་ཞེས་བྱ་བ་གསུངས་ཏེ། ཕྱག་འཚལ་བ ་བཞིའི་སྦྱོར་བས་བདག་ཉིད་ཕུལ་ནས་ཞེས་བྱ་བའི་དོན་ཏོ། །དཀོན་མཆོག་གསུམ་ནི་སངས་རྒྱས་དང། ཆོས་དང། དགེ་འདུན་ཏེ། འོག་ནས་བཤད་པའི་མཚན་ཉིད་ཅན་ཏེ། སངས་རྒྱས་ཆོས་དང་དགེ་འདུན་ནི། །དམ་ཚིག་ཆེན་པོ་གསུམ ་འདི་ཡིན། །རས་ལ་དཀོན་མཆོག་གསུམ་དང་ནི། །བྱང་ཆུབ་སེམས་དཔའ་གཟུགས་མཆོག་བྲི། །ཞེས་པ་ལ་སོགས་པ་བཤད་པས་སོ། །དེ་རྣམས་ལ་མཆོད་པ་ཇི་ལྟར་འབྱུང་ཞེ་ན། མེ་ཏོག་ལ་སོགས་པའི་བཟླས་པས་སོ། །ཞེས་བྱ ་བ་གསུངས་ཏེ། རབ་ཏུ་དགའ་བ་དང། ཤིན་ཏུ་དགའ་བ་དང། སྤྱན་དང། ལྷ་མོ་དཔལ་ཆེན་བཞིའི་སྙིང་པོ་བཟླ་ཞིང་ཕྱག་རྒྱ་དང། ལྡན་པས་སོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ནི། ཁམས་གསུམ་ན་སྤྱོད་པ་རྣམས་སོ། །དེ་རྣམས་ལ་མཆོད་པ ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སུ་བསྐྱེད་པ་སྟེ། ཁམས་གསུམ་པ་རྡོ་རྗེ་སེམས་དཔའ་ཨི་སྐུར་བསྒོམས་པས། དེས་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་རྣམ་པར་སྦྱད་དོ་ཞེས་བྱ་བ་འདི་ཉིད་ཀྱི་འོག་ནས་གསུམ ་པ་སྟེ། ཐམས་ཅད་ལ་བྱམས་པའི་བཟླས་པས་སོ་ཞེས་བྱ་བས་ནི་ཁམས་གསུམ་གྱི་རྡོ་རྗེ་རྒྱས་བར་འཁོར་ལོ་ཆེན་པོ་ཐོག་མ་མེད་པ་ལས་བྱུང་བ་བསྒོམས་པས་ཁམས་གསུམ་མ་ལུས་པ་ན་སྤྱོད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ ་རྗེ་སེམས་དཔའ་ཉིད་དུ་བྱ་བའི་ཕྱིར། བཟླས་པ་ནི་ཐམས་ཅད་ལ་བྱམས་པའི་བཟླས་པ་སྟེ། བཟླས་པ་དེས་སེམས་ཅན་ཐམས་ཅད་ལ་མཆོད་པར་འགྱུར་རོ། །ཆོས་ཐམས་ཅད་བསྡུས་པ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་དང། སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཉེ་བར་ལེན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་པོ་འདོན་པས་སོ་ཞེས་བྱ་བས་སོ། །རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར ་རྡོ་རྗེ་མཉམ་པ་ཉིད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའི་ཞེས་བྱ་བ་ནས། ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཞེས་གསུངས? ་པའི་བར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་འདོན་པ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པའི་ཆོས་རྣམས་བསྡུས་པར་གྱུར་པ་ཡིན་ཞིང། དེ་ལྟ་བུའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །བདུད་ཐམས་ཅད་འབུལ་བ་ལ་ནི་བརྟན་ཞིང་ངེས་པའི? ་བཟླས་པས་སོ། །ཞེས་བྱ་བས་ནི་གང་གི་ཚེ་སྒྲུབ་པ་དང། རབ་ཏུ་ལྡན་པའི་རྣལ་འབྱོར་པ་ལ་བདུད་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ལས་རྣལ ་འབྱོར་པའི་སེམས་ཕྱིར་ཕྱོགས་པར་བྱ་བའི་ཕྱིར་འཇུག་པ་མཐོང་ན། དེའི་ཚེ་བཅོམ་ལྡན་འདས་མི་བསྐྱོད་པའི་ས་ནོན་གྱི་ཕྱག་རྒྱ་བཅིངས་ལ་ཆོས་ཐམས་ཅད་བདག་མེད་པར་བསྒོམ་ཞིང། ཨ་ཞེས་བྱ་བའི་བཟླས་བརྗོད་བྱ་སྟེ། དེ་ལྟ་བུ་བརྟན ་ཞིང་ངེས་པའི་བཟླས་པས་ནི་བདུད་ཐམས་ཅད་འདུལ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་ནམ་མཁའ་ཨི་སྙིང་པོར་བདག་ཉིད་བསམ་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ ་བཅིངས་ཏེ། ཨ་ཞེས་བྱ་བ་ཟློས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་དང། རྒྱན་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཡང་བདག་ཉིད་དེས་དབང་བསྐུར་ཞིང། བདག་ཉིད་ཀྱིས་བདག་ཉིད་ལ་རྒྱན་ཐམས་ཅད ་གདགས་པར་བྱ་སྟེ། དེ་ལྟ་བུས་ནི་དབང་ཐམས་ཅད་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ཐོབ་པ་ནི་རྙེད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་པདྨ་ལ་ལྟ་བས་སོ་ཞེས་བྱ་བ་གསུངས་ཏེ། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་པདྨ་ལ་ལྟ་བ་སྟེ། དེས་ཆོས་ཉིད་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་པས། ཆོས་ཐམས་ཅད་རང་བཞིན་གྱིས ་རྣམ་པར་དག་པར་བསྒོམ་ཞིང། ཨ་ཞེས་བྱ་བའི་བཟླས་བརྗོད་བྱ་སྟེ། དེ་ལྟ་བུས་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཕྲིན་ལས་ནི་འགྲོ་བའི་དོན་བྱ་བ་དང། མཆོད་པའི་ལས་རྣམས་སོ། །དེའི་དངོས་གྲུབ་ནི་རྫོགས་པར་འགྱུར་བའོ། །དེ་ཐོབ་པ་ནི་མངོན་སུམ་དུ་གྱུར་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཐམས་ཅད་རྡོ་རྗེའི་ལས་ཀྱི་མཆོག་གིས་ཞེས་བྱ་བ་གསུངS་ ་ཏེ། དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་གཟུགས་སུ་བདག་ཉིད་བསམ་ཏེ། ཨ་ཞེས་བྱ་བ་བཟླས་ན། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐཾས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །སངས་རྒྱས་ཉིད་ཅེས ་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཉིད་རབ་ཏུ་འཐོབ་པ་ནི་འཚང་རྒྱ་བར་འགྱུར་བ་ཉིད་འཐོབ་པའོ། །དེ་ཇི་ལྟར་འགྱུར། ཞེ་ན། རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་པོས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཡེ་ཤེས་ནི་ཆོས་ཀྱི་དབྱིངས ་ཀྱི་ཡེ་ཤེས་སོ། །དེ་སྟོན་པར་བྱེད་པའི་ཁུ་ཚུར་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཉིད་དེ། ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་གསང་བའི་ངོ་བོ་ཉིད ་ཀྱི་ཕྱག་རྒྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་རོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་བྱས་ལ་དེའི་ཕྱག་རྒྱ་ཆེན་པོ་བཅིངས་སྟེ། རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ནས་ཨ་ཞེས་བྱ་བ་བཟླས ་ནས། དེ་ལྟ་བུས་ནི་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ་ཞེས་པའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པ་ནི་གཉིས་སུ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་བཞིའི་ངོ་བོ་ཉིད་དོ། །དེའི་དམ་ཚིག་ནི་དེ་ལས་བྱུང ་བ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་ཚུལ་དང། དེའི་རིགས་ཀྱི་ངོ་བོ་ཉིད་དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་དག་ཉིད་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང། སྤོབས་པ་སོ་སོ་ཡང་དག་པར་རིག ་པའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་གྱུར་པས་ན། རྟོག་པ་སྟེ། དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་དེ་སྐད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ནི་རྟོག་པ་གཞན་རྣམས་ལས་མཆོག་ཏུ་གྱུར་ཞིང་ཚུལ་དེ་ཉིད་ཀྱིས་གཞན་རྣམས་ཟིལ་གྱིས་གནོན ་པས་མཛེས་ཤིང་འབར་བའི་ཕྱིར། རྟོག་པའི་རྒྱལ་པོ་ཆེན་པོ་སྟེ། རྟོག་པའི་རྒྱལ་པོ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ། བྱང་ཆུབ་ཀྱི་སེམས ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དོ། །དེ་ཉིད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་ཤིགས་པས་ན་རྡོ་རྗེའོ། །དེ་རྣམས་ཀྱི་དམ་ཚིག་ནི་དེ་ཁོ་ན་ཉིད་བཅུ་སྟེ། མིང་དེ་སྐད་ཅེས་བཏགས་པའི་རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བ་ནི། བྱང ་ཆུབ་ཀྱི་སེམས་དང། ཕྱག་རྒྱ་ཆེན་པོ་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱི་སྐུ་སྟོན་པའི་ངོ་བོ་ཉིད་ཀྱིས་མཐར་ཐུག་གོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་དབུགS་དབྱུང་བའི་བཤད་པ ་རྫོགས་སོ།། །།དེ་ལྟར་རང་བཞིན་ཤེས་བཟང་ཞིང་ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་བཟུང་བར་བྱ་བའི་ཕྱིར་། དེ་བཞིན་གཤེགས་པའི་དབུགS་དབྱུང་བ་བཤད་ནས། ད་ནི་ཁྲོ་བས་ཁྲོ་པ་སྤང་བར་བྱ་བའི་ཕྱིར། །དཔའ་ ་ཁམས་གསུམ་རྣམ་པར་རྒྱལ་བའི་དབུགས་དབྱུང་བས་གསུངས་པ་ནི། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔར་བཤད་པའི་ཚུལ་གྱིས་འདོད་པའི་ཁམས་ཐམས་ཅད་བཞན་འཕྲུལ་དབང་བྱེད་ལྷའི་རྒྱལ་པོའི་གནས་ནས། བྱང་ཆུབ ་སེམས་དཔའ་ལག་ན་རྡོ་རྗེ་ལ་སོགས་པས་ཡོངས་སུ་བསྐོར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་དང། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་འདི་གསུངས་པའོ། །དེ་ལ་མ་རུངས་པ་ནི་སེམས ་ཅན་ཉེ་བར་ལེན་པའི་གསོད་པ་ལ་ཞུགས་པའོ། །དེ་རྣམས་འདུལ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་ནས་འདིས་གདུལ་ཞིང་སེམས་ཅན་གསོད་པའི་གདུག་པ་ཡོངས་སུ་སྤངས་ནས། བྱང་ཆུབ་ཆེན་པོའི་སེམས་བསྐྱེད ་པར་མཛད་པས་ན་འདུལ་བའོ། །དེ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་ལ་དེ་བཞིན་དུ་གསུངས་པས་ན། དེ་བཞིན་གཤེགས་པའོ། །དེ་ཉིད་ནི་ཤཱཀྱའི་རིགས་སུ་སྤྲུལ་པའི་སྐུས་སྐྱེ་བ་སྟོན་པར་མཛད་པས་ན་ཤཱཀྱ་ཐུབ་པའོ། །དེ་ཉིད་ནི་རྡོ་རྗེ་སྭ་ད་ཉིད་ཀྱི ་ཕྱིར་མཉམ་པ་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་ལ་ལྟས་ནས། ཡང་གཞན་དག་ཀྱང་སྟོན་པར་མཛད་པ་ནི་ཡང་ཞེས་བྱ་བའི་སྨྲས་བཤད་པ་ཡིན་ནོ། །ཆོས་ཐཾས་ཅད ་ཅེས་བྱ་བ་ལ་སོགས་པ་ཆོས་ཀྱང་ཡིན་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །དེས་རྣམ་པར ་རྒྱལ་བ་ནི་མཉམ་པ་ཉིད་ཀྱི་སྟོབས་ཀྱིས་འདོད་ཆགས་ལ་སོགས་པ་སྤོང་བའོ། །དེའི་བསྡུ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་གང་གིས་འདོད་ཆགས་ལ་སོགས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསྒོམས་པའི་མཚན་ཉིད ་ཀྱིས་སྤོང་བར་གྱུར་པ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་པར་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་འདི་གསུངས་པ་དེ་འཆད་པར་མཛད་པའོ། །འདོད་ཆགས་སྤྲོས་པ ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་འདོད་ཆགས་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་དོ། །དེའི་སྤྲོས་པ་ནི་དེ་བཞིན་གཤེགས་པའི་རིགས་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་གྱིས་རྣམ ་པ་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་ཅིང་བྱང་ཆུབ་སེམས་དཔའ་ཨི་ངོ་བོ་ཉིད་དང། ཉོན་མོངས་པའི་ངོ་བོ་ཉིད་ལ་ཆགས་པའི་མཚན་ཉིད་ཀྱི་རྗེས་སུ་ཆགས་པ་དང། འདོད་པའི་འདོད་ཆགས་དང། སྲིད་པའི་འདོད་ཆགས་ཁ་དོག་དང་དབྱིབས་དང། རེག་པ་དང ་ཉེ་བར་སྤྱོད་པའི་དབྱེ་བས་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། དོན་དམ་པར་འདོད་ཆགས་རྗེས་སུ་མི་དམིགས་པའོ། །འདོད་ཆགས་ཀྱི་སྤྲོས་པ་མེད་པར་གྱུར་པ་ནི། འདོད་ཆགས་སྤྲོས་པ་མེད་པ་སྟེ། ་དེ་རྒྱུད་གྱུར་པས་ནི། ཞེ་སྡང་སྤྲོས་པ་མེད་པ་ཉིད་དོ། །དེ་ལ་ཞེ་སྡང་ནི་རྡོ་རྗེའི་རིགས་དང། ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས་ལ་གནོད་ཅིང་ཕན་པ་མ་ཡིན་པའི་ཚུལ་ཏེ། རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་དེ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས ་པའི་གཟུགས་ཀྱི་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པའི་སྤྲོས་པ་དང། ཉོན་མོངས་པའི་ངོ་བོ་ཉིད་མནར་སེམས་དགུ་པོའི་དངོས་པོའི་དབྱེ་བ་དང་གནས་མེད་པ་ལ་འཁྲུག་པ་ནི་བཅུ་པ་སྟེ། དེ་དག་གི་ངོ་བོ་ཉིད་སྣ་ཚོགས་པའི་ཚུལ་དུ་རྣམ་པར ་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། དོན་དམ་པར་ཞེ་སྡང་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཞེ་སྡང་གི་སྤྲོས་པ་མེད་པར་གྱུར་པ་ཉིད་ནི། ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དེ། ཞེ་སྡང་གི་སྤྲོས་པ་མེད་པ་ངེས། གཏི ་མུག་སྤྲོས་པ་མེད་པ་ཉིད་དོ། །གཏི་མུག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། བཟུང་བ་དང། འཛིན་པའི་རྣམ་པར་རྟོག་པ་མེད་པས་འཇིག་རྟེན་གྱི་དབང་ཕྱུག་ཡོངས་སུ་མི་ཞེས་པ་དང། མ་རིག་པ་ནི་གཏི་མུག་གོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་ངོ་བོ་ཉིད་ལ་འགྲོ་བ་འདུལ་བ་ལ་སོགས་པའི་གཟུགས་ཀྱི་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་རིག་པའི་ངོ་བོ་ཉིད་ཀྱང་རྨོངས་པའི་བདག་ལ་ཆགས་པ་ལ་སོགས་པ་ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་ཚུལ་དུ་རྣམ ་པར་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། དོན་དམ་པར་ནི་གཏི་མུག་ལ་གཏི་མུག་གི་དངོས་པོ་མི་དམིགས་པའི་ཕྱིར་རོ། །ཚིག་གི་དགོད་པ་གཞན་ནི་སྔ་མ་བཞིན་ནོ། །གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད ་ཀྱི་སྤྲོས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་སེམས་དང་སེམས་ལས་བྱུང་བའི་འཁོར་བ་པའི་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ་ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ་ཉིད་དོ། །དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང། དོན་ཡོད་པར་གྲུབ་པ་ལ་སོགས་པའི་དབྱེ་བས་རྣམ་པ་དུ་མའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས ་པའོ། །འཁོར་པའི་ཆོས་ཐམས་ཅད་ཀྱང་ཇི་སྐད་དུ་བཤད་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། དེ་ལྟར་གྱུར་པའོ། ། ་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་ཆོས་ཐམས་ཅད་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཇི་སྐད་དུ་གསུངས་པའོ། །དེ་རྣམས་ཀྱི་སྤྲོས་པ་མེད ་པ་ནི་ཇི་སྐད་གསུངས་པའི་མཚན་ཉིད་ཅན་གྱི་ཆོས་ཐམས་ཅད་སྤྲོས་པ་མེད་པར་གྱུར་པའོ་ཆོས་ཐམས་ཅད་སྤྲོས་པ་མེད་པར་གྱུར་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ཞེས་བྱ་བ་སྟེ། འདོད་ཆགས་དང་ཞེ་སྔར་དང། ་གཏི་མུག་གི་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ཀྱང་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད ་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱ་ཞིང་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་ཡིན་པ་དང་དབྱེར་མེད་ཅིང་ཆད་པ་མེད་དོ་ཞེས ་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། འདོད་ཆགས་ཀྱི་མཉམ་པ་ཉིད་རྟོགས་པས་ནི་ཞེ་སྡང་མི་དམིགས་པར་འགྱུར་ལ། ཞེ་སྡང་མི་དམིགས་པས་ནི་གཏི་མུག་མི་དམིགས་ཏེ། དེ་ནས་ཀྱང་ཆོས་ཐམས་ཅད་མི་དམིགས་ལ། ཆོས ་ཐམས་ཅད་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གཟུགས་ཡང་དག་པར་བསྟན་ནས། སྔོན་གྱི་འཕེན་པའི་ཤུགས་ལས་བྱུང་བའི་མ་ཆགས་པ་དང། མི? ་སྡང་བ་དང། མ་རྨོངས་པའི་ཚུལ་གྱིས་ཕྱི་མའི་མཐར་ཐུག་པའི་བར་དུ་སེམས་ཅན་རྣམས་དོན་གྱི་རྫོགས་པར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་ནི། སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་ཕན་ཡོན་སྟོན ་པར་མཛད་པ་ཡིན་ནོ། །དེས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང། འཛིན་པ་དང། ཀློག་པ་དང། སྒོམ་པ་དང། རབ་ཏུ་ལྡན་པས་སོ། །འདོད་པ་དང། གཟུགས་དང། གཟུགས་མེད་པའི་ཁམས་གཅིག་ཏུ་བསྡུས་པ་ནི ་ཁམས་གསུམ་སྟེ། དེར་སྐྱེས་པའི་སེམས་ཅན་ནི་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ནོ། །དེ་ལྟ་བུའི་སེམས་ཅན་དེ་དག་ཐམས་ཅད་བསད་ཀྱང་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་བ་སྟེ། ཀྱང་ཞེས་བྱ་བའི་སྒྲས་ནི་ཉུང་ཟད་གཅིག་བསང་པས་ནི་ཤིན ་ཏུ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ་ཞེས་སྟོན་པ་ཡིན། །ཅིའི་ཕྱིར་མི་འགྱུར་ཞེ་ན། འདུལ་བའི་དབང་གི་ཕྱིར་ཞེས་བྱ་བ་གསུངས་ཏེ། འདིས་སེམས་ཅན་རྣམས་འདུལ་བར་འགྱུར་བས་ན་འདུལ་བ་སྟེ། གང་གི་བསམ་པ་རྣམ་པར་དག་ཅིང ་སྙིང་རྗེའི་རང་བཞིན་དུ་གྱུར་པ་དེས་ནི་སེམས་ཅན་རྣམས་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཕྱིར་བྱེད་པའི་སེམས་ཀྱི་རིན་པོ་ཆེ་གང་ཡིན་པ་དེའི་དབང་ཞེས་བྱ་བ་ནུས་པ་རྒྱུར་གྱུར་པར་བྱ་བའི་ཕྱིར་ངན་འགྲོར་སྐྱེ་བར་མི་འགྱུར ་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་རྟོགས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་སྟེ། མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལྟར་དེ ་ནས་མ་རུངས་པ་འདུལ་བ་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་འདིའི་བར་གྱི་བཤད་པ་དོན་གཞན་ལ་དགོངས་པའི་ཚུལ་གྱིས་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པ ་ཡིན་ནོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཁྲོ་བོའི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུང་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲས?་ནི་དེ་མ་ཐག་པའི་དོན་སྟོན་པར་བྱེད་པའི་ཚིག་སྟེ། དང་པོའི་རྗེས་ཐོགས་ཉིད་ལ ་ཞེས་པའོ།། །ཕྱག?་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཆོས་ཉིད་འདིའི་དོན་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་མ་ཐག་པའོ། །རྒྱ་ཆེར་སྟོན་ཅིང་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བའི་ཡེ་གེ་དང། སྤྲུལ་པ་སྟོན?་པར་མཛད་ཅིང་གསལ་བར ་མཛད་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་ཞེས་བྱ་བ་ནི། ལག་དང་རྡོ་རྗེར་བྱས་ནས་ནི། མཐེའུ་ཆུད་ལྕགས་ཀྱུར་བཅིང་བར་བྱ། མཛུབ་མོ་གཉིས་ཀྱི་བསྡིགས་ནས་ནི། འཇིག་རྟེན ་གསུམ་ལས་རྒྱལ་ཞེས་བྱ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཕྱག་རྒྱ་སྟེ། དེ་བཅིངས་ནས་ཐུགས་ཀའི་ཕྱོགས་སུ་རྡོ་རྗེ་དྲིལ་བུ་འབར་བ། རྡོ་རྗེ་དང་བཅས་པས་བསྡམས་ནས་སྙིང་པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ།། ་ཇི་ལྟ་བུའི་རྡོ་རྗེའི་སྙིང་པོ་གསུངས་ཞེ་ན། །ཁྲོ་གཉེར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོ་ལས་བྱུང་བའི་དཔྲལ་བའི་ཕྱོགས་སུ་བསྙེར་བ་དང་བཅས་པ་ནི་གཉེར་མའོ། །སྨིན་མ་གཉིས་འདེགས་པ་ནི་སྨིན་མ་བཏེག་པ་སྟེ། དེ་ཡང་ཤེས ་པར་ཟད་དོ། །ཁྲོ་གཉེར་དང་བཅས་པ་དང། སྨིན་མ་བཏེག་པ་ནི་ཁྲོ་གཉེར་དད་བཅས་ཤིང་སྨིན་མ་བཏེགས་པ་སྟེ། དེ་གཉིས་དང་ལྷན་ཅིག་གནས་པ་ནི། ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་སྟེ་འབར་བར་ལྟ་ལ་ཞེས་བྱའོ། །སེམས་ཅན་ཚར ་གཅོད་པའི་ཕྱིར་ཞེ་སྔར?་ནི་ཁྲོ་ཞིང་ཞེས་བྱའོ། །གཞན་དག་སྐྲག་པར་བྱ་བའི་ཕྱིར་ཅུང་ཟད་དགོད་པར་ནི་དགོད་པའོ། །ཞལ་ལས་མཚེ་པ་ཅུང་ཟད་བཏོན་ན། གནས་པ་ནི་མཆེ་བ་ཅུང་ཟད་གཙིགས་པ་སྟེ། དེ་ལྟར་ན་ཚུལ་དེ་ལྟ་བུས་འབར་བར་ལྟ་ལ། ་པདྨའི་གདོང་ཁྲོ་བ་དང་བཅས་པས་དགོད་ཅིང་མཆེ་བ་ཅུང་ཟད་གཙིགས་པས་འཇིགས་སུ་རུང་བའི་ཞལ་གྱི་པདྨ་གང་ལ་མདའ་བ་འདི་ལ་དེ་སྐད་ཅེས་བྱ་སྟེ། ཕྱག་ན་རྡོ་རྗེའོ། །ད་ནི་དེ་ལྟ་བུར་གྱུར་པ་འབའ་ཤིག་ཏུ་ཡང་མོ་ཟད་ཀྱི། གཡོན་བརྐྱང ་བའི་ཚུལ་དུ་གནས་པས་གནས་ནས་ཞེས་བྱ་བ་སྟེ། གཡོན་པའི་བྱིན་པ་བརྐྱང་ནས། བུས་མོ་གཡས་པ་དགུག་པའི་ཚུལ་གྱི་གནས་པ་ལས། བར་དུ་མཐོ་ལྔས་ཆོད་པར་འཇོག་པ་འདི་ནི། གཡོན་བརྐྱང་བའི་གནས་པས་གནས་པའི་མཚན ་ཉིད་དོ། །དེས་བཞུགས་པས་ན་གཡོན་བརྐྱང་བའི་ཚུལ་དུ་གནས་པས་གནས་ནས་ཞེས་བྱ་བའོ། །དེ་ལྟར་བཞུགས་ནས་མིང་ཇི་སྐད་ཅེས་བྱ་བའི་སྙིང་པོར་གསུངས་ཞེ་ན། རྡོ་རྗེ་ཧཱུཾ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཀྱི་སེ? ་ཏེ། སྟོང་པ་ཉིད་ནི་རྡོ་རྗེར་བཤད་ཅེས་གསུངས་པའི་ཕྱིར་རོ། །དེ་ལས་བྱུང་བའི་ཁྲོ་བོ་ནི་རྡོ་རྗེ་ཧཱུཾ་མཛད་དེ། དེ་སྟོན་པར་བྱེད་པའི་སྒྲ་ཧཱུཾ་གི་གཟུགས་ཅན་ཡང་རྡོ་རྗེ་ཧཱུཾ་མཛད་ཡིན་ནོ། །མིང་དེ་སྐད་ཅེས་བཏགས་པའི་ངེས་པའི་ཡེ་ཤེས་དང། ་དེ་སྟོན་པའི་སྒྲའི་གཟུགས་ཅན་ནི་སྙིང་པོའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་སྨྲས་པའོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་བར་གྱུར་པའོ། །ཧཱུཾ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་ལྔ་པ་དང། བཅས་པ་ལ་ཐིག་ལེ་དང་ལྡན་པ་ནི་རྡོ་རྗེ་ཧཱུཾ་མཛད་ཡིན ་པར་ཤེས་པར་བྱའོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བ་གསུངས་པ་ཙམ་གྱིས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་སྩལ་པ་ཙམ་གྱིས་སོ་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། ཕྱོགས་བཅུ་ན་གནས ་པའི་འདོད་པའི་ཁམས་ལ་སོགས་པ་སྟེ། ཁམས་གསུམ་པོ་མ་ལུས་པ་དེ་དག་ཐམས་ཅད་ལས། དབང་ཕྱུག་ཆེན་པོ་ལ་སོགས་པ་ནས། ཆུ་ལྷེའི་མཐར་ཐུག་པའི་བར་དུའོ། །འཇིག་རྟེན་གསུམ་པོ་ནི་ས་འོག་དང་ས་སྟེང་དང། མཐོ་རིས་པ་སྟེ། ་ས་ལ་གནས་པའི་འཇིག་རྟེན་དང། ལྷ་ཡུལ་ན་གནས་པའི་འཇིག་རྟེན་དང། བར་སྣང་ལ་གནས་པའི་འཇིག་རྟེན་ནོ། །དེ་ལ་གང་བདག་པར་གྱུར་པའི་རྒྱལ་པོ་རྣམས་ནི་འཇིག་རྟེན་གསུམ་གྱི་བདག་པོ་རྣཾས་སོ། །ཡང་དག་པར་བཀུག་སྟེ་ཞེས་བྱ་བ་ནི་ཕྱོགས?་བཅུ་དག་ནས་བཀུག? ་པའོ་ལྷུང་པར་མཛད་ནས་ཞེས་བྱ་བ་ནི། དེ་ནས་ལྟུང་བར་མཛད་ནས་དཀྱིལ་འཁོར་དུ་བཅུག་པའོ། །མཚོན་ཆ་མེད་པས་བྱས་པ་ནི་རྣམ་པར་རྒྱལ་བར་མཛད་པ་སྟེ། རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ནས་རྡོ་རྗེ་འབབས་པས་ཕབ་སྟེ། དབང་དུ ་བྱས་ནས་བཏགས་ཏེ། རང་དབང་དུ་མཛད་ནས་བརྟུལ་ཞིང་རྗེས་སུ་བཏུལ་ཏེ། ལྟུང་བར་བྱས་པ་ལས་བསླངས་ནས་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ཏེ། སླར་ཡང་དམ་ཚིག་གིས་བཅིངས་ནས། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ ་ཏུ་སེམས་བསྐྱེད་དང་དང། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ལ་བཞག་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་ཆེན་པོ་ཨུ་མ་དང་བཅས་པར་རྣམ་པར་སྦྱང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ཀྱིས་མནན་པར་མཛད་པ་སྟེ། ལྷག་མ ་རྣམས་ནི་གོ་སླའོ། །དེ་ནས་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པ་ལ་ཧཱུཾ་ཞེས་བྱ་བ་གསུངས་པའི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རྩེ་བཞི་བ་འབར་བ་ལས་ཇི་སྐད་དུ་བཤད་པའི་རང་བཞིན་ཅན་གྱིས་ཁྲོ་བོ ་ཆེན་པོ་རྣམས་བྱུང་ནས། དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་རྣམས་ཀྱི་ཁྱད་པར་དུ་བྱ་བ་ནི་ཕྱག་ན་རྡོ་རྗེ་དང་འདྲ་བ་ལ་སོགས་པ་ཡིན་ཏེ། ཕྱག་ན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་ཧཱུཾ་མཛད་དང་འདྲ་བའི་བདག་ཉིད་ཀྱི ་སྐུ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཉིད་ཀྱི་དངོས་པོ་འབའ་ཞིག་ཕྱག་ན་རྡོ་རྗེ་དང་འདྲ་བར་མ་ཟད་ཀྱི། ཁ་དང་རྒྱན་དང་མཚོན་ཆ་སྣ་ཚོགས་པ་བསྣམས་པ་ཞེས་བྱ་སྟེ། སྐུ་མདོག་སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ ་དང། དཀར་པོ་སྟེ་ཁ་དོག་སྣ་ཚོགས་བ་དང། གདུ་བུ་དང། རྣ་རྒྱན་དང། དཔུང་རྒྱན་དང། ཅོད་པན་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་དང། རྡོ་རྗེ་ལ་སོགས་པའི་མཚོན་ཚ་བསྣམས་སྟེ། དེ་ལྟ་བུའི་སྣ་ཚོགས་ཤིང་ཐ་དད་པ་བསྣམས ་བ་དང་།དེ་དག་དེ་ལྟ་བུའི་ཚུལ་ཅན་འབའ་ཤིག་ཏུ་ཡང་མ་ཟད་ཀྱི། རྣམ་པར་འགྱུར་ཞིང་རྡོ་རྗེ་མཆེ་བ་གཙིགས་པ། ཚེམས་ཀྱི་སྒྲོ་གནོན་པ་སྨིན་མ་མི་ཟད་ཅིང་ཁྲོ་གཉེར་བསྙེར་བ་སྤྱན་དང་དབུ་སྐྲ་དང་ཨག་ཚོམས་འབར་བ་དང། ཞལ ་འཇིགས་པ་ཞེས་བྱ་བ་སྟེ། རྣམ་པར་འགྱུར་པའི་མཆེ་བ་གཡོ་ལ། རྡོ་རྗེ་ལྟར་མི་ཕྱེད་པའི་མཆེ་བ་ནི་རྣམ་པར་འགྱུར་བའི་རྡོ་རྗེ་མཆོ་བ་ཞེས་བྱའོ། །དེ་དག་གིས་གཙིགས་ཤིང་ཤིན་ཏུ་ཁྲོ་བས་ཚོམས་ཀྱི་སྒྲོས་གནོན་པ་སྟེ། མ་མཆུ་མནན་པ་གང་ཡིན ་བ་དེ་ལ་དེ་སྐད་ཅེས་བྱའོ། །སྨིན་མ་མི་ཟད་ཅིང་ཁྲོ་གཉེར་བསྙེར་བས་འཇིགས་སུ་རུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སྤྱན་དང། དབུ་སྐྲ་དང། ཨག་ཚོམས་འབར་བས་ཞལ་འཇིགས་པ་དང་བཅས་ཤིང ་འཇིགས་སུ་རུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྨིན་མ་མི་བཟང་པ་དང། ཁྲོ་གཉེར་བསྙེར་བ་ཡང་ཡིན་ལ། སྤྱན་དང་དབུ་སྒྲ་དང། ཨག་ཚོམས་འབར་བ་དང། ཞལ་འཇིགས་པ་ཡང་ཡིན་པས་ན། སྨིན་མ་མི་བཟད་པའི་ཁྲོ ་གཉེར་བསྙེར་བ། སྤྱན་དང། དབུ་སྐྲ་དང། །ག་ཚོམས་འབར་བ་ཞལ་འཇིགས་པ་ཞེས་བྱ་བ་ལ་རྣམ་པར་འགྱུར་བའི་རྡོ་རྗེ་མཆེ་བ་གཙིགས་པ། ཚེམས་ཀྱི་སྒྲོས་གནོན་པ་ནི་ཡང་ཁྱད་པར་གྱི་མཚམས་སྦྱོར་པའོ། །རྡོ་རྗེ་དང ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་རྩེ་མོ་བཞི་པའི་རྡོ་རྗེ་འབར་པའོ། །ལྕགས་ཀྱུ་ནི་རྡོ་རྗེས་མཚན་པའོ། །ཞགས་པ་ནི་ཤེས་པར་ཟད་དོ། །མཚོན་ཆ་ཞེས་བྱ་བ་ནི། ཚིག་སྔ་མ་རྣམས་དང། ཚིག་འོག་མ་རྣམས་ལ་རེ་རེ་ཞིང་ཡང་སྦྱར ་བར་བྱའོ། །དབྱུག་བ་དང། རལ་གྲི་དང། ཁཊཝཱཾ་ག་དང། གྲི་རིངས་དང། ཆུ་གྲི་ནི་གོ་བར་ཟད་དོ། །དེ་དག་ནི་ཕྱག་ན་བསྣམས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྲོ་བོ་ཆེན་པོ་ཧཱུཾ་མཛད་ཅེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི ་ཕྱག་ན་བསྣམས་པའི་རྡོ་རྗེ་ལས་འབྱུང་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཨི་དང་པོའི་དཀྱིལ་འཁོར་གྱིས་ཚུལ་གྱིས་བཞུགས་ཤིང་གནས་པར་གྱུར་ཏོ། །ལྷ་ལ་སོགས་པ་དེ་རྣམས་ཀྱང་ཞེས་བྱ་བ་ནི་ཁྱབ ་འཇུག་ནས་བརྩམས་ཏེ། ཆུ་ལྷའི་བར་དུ་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ཀྱི་ནང་དུ་རིམས་ཀྱིས་གནས་པར་བྱའོ། །ཅི་ཞིག་བྱས་བཞག་པར་བྱ་ཞེ་ན། །རང་གི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་གསུངས་ཏེ། ལྷ་ལ ་སོགས་པ་དེ་དག་རང་གི་དཀྱིལ་འཁོར་ལ་གནས་པའི་ཁྲོ་བོའི་ཆ་ལུགས་ལ་ཞུགས་ནས། རང་གི་དཀྱིལ་འཁོར་ལས་བཀུག་སྟེ། ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ཀྱི་ནང་དུ་བཞག་པར་བྱའོ། །གདོན་ལ་སོགས་པ་དེ་དག་ཀྱང་ཞེས་བྱ་བ་ནི། སྲིན་པོ་ལ་སོགས་པའི ་གདོན་རྣམས་ནས་བརྩམས་ཏེ། ནད་དང་ཡམས་དང་རིམས་དང། དུག་དང། ངན་སོང་ལ་སོགས་པ་ཐམས་ཅད་དོ། །དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་སོ་ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་བསྐོར་ནས་ཀུན་ཏུ་གནས་སོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱག་ན ་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱི་རོལ་ན་གནས་སོ་ཞེས་བྱ་བའི་བར་གྱི་དོན་གཞན་པའི་དགོངས་པས་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན ་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་ཚིག་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག ་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པར་སྟོན་པའི་ཚིག་སྟེ། སྔར་བསྙེན་པ་བྱས་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་ནི་མི་དམིགས་པས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མཛད་པའོ། །དེ་ལས་བྱུང་བའི་ཐབས་ཀྱིས་ཁྲོ་བོའི་གཟུགས་ཅན་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོའི་ཚུལ་ཏེ་ཐུན་མོང་ངོ། །དེ་ལ ་དམིགས་པ་ནི་རྡོ་རྗེ་དང་འདྲ་བར་མི་ཕྱེད་པ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །ཁམས་གསུམ་པོ་མཛའ་དག་ནི་ཁམས་གསུམ་མ་ལུས་པའོ། །དེ་ལས་གང་གི ་རྣམ་པར་རྒྱལ་པར་བྱས་པ་ནི་དེ་ན་གནས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་རང་དབང་དུ་བྱས་པ་དེ་ནི་ཁམས་གསུམ་པོ་མཛའ་དག་ལས་རྣམ་པར་རྒྱལ་བ་རྡོ་རྗེ་སྟེ། རྡོ་རྗེའི་རིགས་སོ། །དེའི་བྱིན་གྱིས་བརླབས་པ་ནི ་དཀྱིལ་འཁོར་ཆེན་པོ་སྟེ། དེ་སྐད་ཅེས་བྱ་བའི་མིང་གང་ལ་ཡོད་པ་དེ་གསུངས་པའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་པའི་དཀྱིལ་འཁོར་རོ། །གསུངས་ཞེས་བྱ་བ་ནི་སྨྲས་པ་སྟེ། དཀྱིལ་འཁོར་གྱི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ ་མཛད་ནས། དཀྱིལ་འཁོར་གསུངས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་བསྒོམས་པས་མཚན་མ་ཐོབ་ནས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་དོན་སྟོན་པ ་སྟེ། སྔོན་དུ་བསྙེན་པའི་མཚན་མ་ཐོབ་པའི་རྣལ་འབྱོར་པས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམ་པའི་རྗེས་ཐོགས་ཉིད་ལའོ། །དེ་བས་ན་ཞེས་བྱ་བ་ནི་རྒྱུ་སྟེ། གང་གི་ཕྱིར ་དཀྱིལ་འཁོར་དུ་མ་ཞུགས་པར་སྐལ་པ་མེད་པའི་སེམས་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟན་པའི་སྐབས་ཡོད་པ་མ་ཡིན་ནོ། །དེ་བས་ན་བསྐལ་པ་མེད་པ་དེ་རྣམས་ཀྱི་བག་ཆགས་བསྐྱེད་པར། བྱ་བའི་ཕྱིར། ་ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཕུལ་དུ་བྱུང་བས་ལེགས་པར་བཤད་པར་བྱའོ་ཞེས་པའོ། །དེ་གང་ཞེ་ན་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཆེན་པོའི་རིགས་དང་དབྱེར་མི་ཕྱེད་པ་ན་རྡོ་རྗེ་དཀྱིལ་འཁོར་རོ། ། ་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་བྱ་བ་སྟེ། སེམས་ཅན་མ་རུངས་ཤིང་གདུག་པ་རྣམས་འདུལ?་བར་བྱ་བའི་ཕྱིར་གཉིས་སུ་མེད་པས་ན་།དམ་པ་སྟེ་མཆོག་གོ། མིང་ཇི་སྐད་དུ་བྱ་ཞེ་ན། ཁམས་གསུམ་རྣམ་པར་རྒྱལ ་བ་ཞེས་བྱའོ། །ལས་ཅི་ཞིག་བྱེད་པ་ཞེ་ན། གདུག་པ་ཆེན་པོ་འདུལ་བར་བྱེད་པའོ་ཞེས་བྱ་སྟེ། འདིས་གདུག་པ་རྣམས་འདུལ་བས་ན་འདུལ་བའོ། །ཕྱོགས་བཅུ་ཐམས་ཅད་ཁྱབ་པས་ན་ཆེན་པོ་སྟེ། འདུལ་?་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདུལ ་བ་ཆེན་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དོ། །དེ་དཀྱིལ་འཁོར་ཆེན་པོ་གང་དུ་འདུལ་བ་མཛད་པ་དེ་ནི་གདུག་པ་ཆེན་པོ་འདུལ་བྱེད་པ་ཞེས་བྱ་བ་སྟེ། གདུག་པ་ཐམས་ཅད་རང་གི་བཀའ་ལ་ངེས་པར་སྦྱར་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར ་དང་པོའི་སྦྱོར་བ་ཡིས། ཕྱིའི་དཀྱིལ་འཁོར་བྲི་བར་བྱ། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་དབྱིངས་ཀྱིས། ཕྱི་མའི་དཀྱིལ་འཁོར་འདི་དག་ཐམས་ཅད་བྲི་བར་བྱའོ། །དེའི་ནང་གི་དཀྱིལ་འཁོར་ནི། དཀྱིལ་འཁོར་བརྒྱད་པ་དག ་དང་མཚུངས་ཞེས་བྱ་བ་བཤད་མ་ཐག་པའི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་སྟེ། དབུས་སུ་འཁོར་ལོའི་དཀྱིལ་འཁོར་ཇི་སྐད་དུ་བཤད་པ་དཀྱིལ་འཁོར་བརྒྱད་པ་དང་མཚུངས་ཤིང་འདྲ་བ་བྲི་བར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་ཇི ་སྐད་དུ་བཤད་པའི་ཀ་བ་བརྒྱད་དང་ལྡན་པ། རྡོ་རྗེའི་ཕྲེང་བ་ཟླུམ་པོས་བསྐོར་བའི་དཀྱིལ་འཁོར་བྲི་བ་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་དབུས་སུ་ཁྲོ་བོ་ཆེ། ཕྱག་ན་རྡོ་རྗེ་བཞག་པའི་བྱ་ཞེས་བྱ་བ་ནི། དཀྱིལ་འཁོར་བརྒྱད་དང་མཚུངས་པའི་དབུས་མའི་དཀྱིལ ་འཁོར་དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དེ་ཧཱུཾ་ཞེས་བྱ་བ་ཟློས་ཤིང། ནམ་མཁའ་ཨི་ཕྱོགས་ལས་ཕབ་སྟེ། ལུགས་མ་དང། བརྐོས་མ་ལ་སོགས་པའི་གཟུགས་བརྙན་དང་ལྷན་ཅིག་གཅིག་ཏུ་བཞག་པར་བྱའོ། །དེ་ཇི་ལྟ་བུར་དགོང་བར་བྱ ་ཞེ་ན། སངས་རྒྱས་ཕྲེང་ལ་སོགས་པས་སྤྲས་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་བྱས་པ་ཡིན་ཏེ། སངས་རྒྱས་དང། རིན་པོ་ཆེ་དང། པདྨ་དང་རྡོ་རྗེ་འབར་བ་རྩེ་བཞི་པའི་ཕྲེང་བ་ལ་སོགས་པ་དང་ལྡན་པའི་དབུ་རྒྱན་དང། གཞན་ཡང ་གང་དུ་བུ་དང། སྙན་ཆ་ལ་སོགས་པས་བརྒྱན་པ་ནི། སངས་རྒྱས་ཕྲེང་ལ་སོགས་པས་སྤྲས་ཞེས་བྱའོ། །ུཏཔལ་སྔོན་པོ་མདོག་འདྲ་?་ཞེས་བྱ་བ་ནི་སྐུ་མདོག་ཨུཏཔལ་སྔོན་པོ་དང་འདྲ་བའོ། །ཞལ་ནི་ཅུང་ཟད་མཆེ་བ་གཙིགས་ཞེས ་བྱ་བ་ནི། མཆེ་བ་ཅུང་ཟད་བྱུང་བ་ནི་མཆེ་བ་ཅུང་ཟད་དེ། དེ་གཉིས་གཙིགས་པའི་ཞལ་དང་བཅས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྲོ་བ་དང་བཅས་པར་གནས་པས་ན་ཁྲོ་བཅས་ཏེ། ཞེ་སྡང་དང་བཅས་ཞེས་བྱ་བའི་དོན་ཏོ། །ཁྲོ་བ་དང ་བཅས་པ་ཡང་ཡིན་ལ། བཞད་པའི་ཞལ་མངའ་བ་ཡང་ཡིན་པས་ན་ཁྲོ་བཅས་བཞད་པའི་ཞལ་མདའ་བའ་ཨོ། །གཡོན་བརྐྱང་བ་ནི་བཤད་ཟིན་ཏོ། །དེས་མཛེས་པར་གྱུར་པའི་གནས་པ་གང་ཡིན་པ་དེ་ནི་གཡོན་བརྐྱང་བ་ཡིས་ལེགས ་བཞུགས་པ་ཞེས་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་རྡོ་རྗེ་དྲིལ་བུ་དང་བཅས་པ་ནི། ཁམས་གསུམ་རྣམ་པར་རྒྱལ་བའི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་ནི་རྡོ་རྗེ་ཧཱུཾ་མཛད་དོ། །དེ་གང་གིས་བསྡུས་ཤིང་བཅིངས་པ་ནི་རྡོ ་རྗེ་ཧཱུཾ་མཛད་བསྡུས་པའོ། །གཡོན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འབར་འཕྲེང་འཁྲིག་པའི་འོད་དང་ལྡན་པ་ཞེས་བྱ་བ་ནི། མཆོད་ཅིང་འཕྲོ་བ་ནི་འབར་བའོ། །དེའི་ཕྲེང་བ་ནི་འབར་བའི་ཕྲེང་བ་སྟེ། དེ་ཉིད་ཕན་ཚུན་དུ་? ་བས་ན། འཁྲིགས་པའི་འོད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བའི་ཕྲེང་བས་ཀུན་ཏུ་འཁྲིགས་པར་གྱུར་པ་ཉིད་ཀྱིས་འོད་དང་ལྡན་ཞིང་འབར་བར་གྱུར་ལ་རབ་ཏུ་འབར་བས་ན་འོད་ལྡན་པའོ། །དེ་ལྟ་བུར་གྱུར་པའི་ས་སོགས ་བཅས་པའི་ཁམས་རྣམས་ཀྱིས། ཁྲོ་བོ་ཀུན་ཏུ་བཀག་པར་བྱ་ཞེས་བྱ་བ་སྟེ། དེའི་ཕྱོགས་དང་མཚམས་རྣམས་སུ་རྡོ་རྗེ་འཛིན་པ་ལ་སོགས་པའི་ཁྲོ་བོ་བརྒྱད་ས་སོགས་དང་བཅས་པའི་ཁམས་ལས་?་པ་ཧཱུཾ་ཉིད་ཀྱིས་བཞག་པར་བྱའོ།། ་གང་གི་ཕྱིར་ལྷ་ཐམས་ཅད་ཀྱི་སྔགས་ནི་འདིར་ཡི་གེ་ཧཱུཾ་ཞེས་བྱ་བ་ཡིན་པའི་ཕྱིར་འབར་འཕྲེང་འཁྲིགས་པའི་འོད་ལྡན་པ་ཞེས་བྱ་བ་ནི་གོ་བར་ཟད་དོ། །འཁོར་ལོ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། །།སླར་ཡང་གསལ་བར་བྱ ་བའི་ཕྱིར། །བྲི་བའི་ཆོ་ག་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། དམ་ཚིག་གསུམ་བསྒོམས་པ་ནས་བརྩམས་ཏེ། དཀྱིལ་འཁོར་འདི་ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པའི་བར་དུ ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་དམ་ཚིག་གསུམ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་ཡང་དག་པར་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱའོ། །འདིའི་ཕྱིའི ་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲའོ། །དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་ཐིག་རྡོ་རྗེ་ཟླུམ་པོར་དཀྱིལ་འཁོར་བརྒྱད་དང་འདྲ་བ་རྡོ་རྗེ་འབར་བ་འོད་ཀུན་ཏུ་འཁྲིགས་པར་ཕྱི་དང་ནང་དུ་བཅས་པའི་དཀྱིལ་འཁོར་བྲི་བར་བྱའོ།། ་དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་པའི་དབུས་སུ་རྡོ་རྗེ་ཧཱུཾ་མཛད་ཇི་སྐད་དུ་བཤད་པ་བཞག་ལ། དེའི་ཤར་ཕྱོགས་ཀྱི་ཆ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་ཁྲོ་བོ་རྡོ་རྗེ་འཛིན་པ་སྐུ་མདོག ་དམར་པོ། ལྷོ་ར་ཀཱི་ལི་?་ལ་ཡའི་གནས་སུ་ལྕགས་ཀྱུ་འཛིན་པ་སྐུ་མདོག་ལྗང་གུ། ནུབ་ཏུ་རྡོ་རྗེ་དྲན་པའི་གནས་སུ་རལ་གྲི་འཛིན་པ་སྐུ་མདོག་སྔོན་པོ། །བྱང་དུ་རྡོ་རྗེ་བསྙེམས་པའི་གནས་སུ་ཞགས་པ་འཛིན་པ་སྐུ་མདོག་སེར་པོ་དགོད་པར་བྱའོ། །ཤར་ལྷོ་ལ ་སོགས་པའི་མཚམས་རྣམས་སུ་དབྱུག་པ་དང། ཁ་ཊཝཱཾ་ག་དང། གྲི་རིང་དང། ཆུ་གྲི་འཛིན་པའི་ཁྲོ་བོ་རྣམས་རིམ་བཞིན་དུ་རྡོ་རྗེ་འཛིན་པ་ལ་སོགས་པ་དང་སྐུ་མདོག་མཐུན་པར་བྲི་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་གཡོན་བརྐྱང་བའི་གནས ་པས་བཞུགས་པ་ལ། གཡོན་པ་ཁྲོ་བོའི་ཁུ་ཚུར་ཐུགས་ཀའི་ཕྱོགས་སུ་བཞག་ནས་སྡིགས་མཛུབ་བསྒྲེང་བ་ལ་བརྩོན་པ། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་རང་གི་མཚན་མ་བསྣམས་ཤིང་སྟང་སྟབས་དང་བཅས་པ་བཞུགས་པའོ།། ་ཕྱིའི་མཚམས་བཞིའི་ལྷའི་སྣམ་བུ་ལ་སྒེག་མོ་ལ་སོགས་པའི་ཁྲོ་བོ་བཞི་དེ་བཞིན་དུ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་མདའ་དང་གཞུ། ལྷོའི་སྒོར་རལ་གྲི། ནུབ་ཏུ་རྡོ་རྗེ། བྱང་གི་སྒོར་མདུད་རྩེ་གསུམ་པ་དགོད་པའོ། །ཕྱིའི་དཀྱིལ ་འཁོར་གྱི་ཁྱམས་སུ་དབང་ཕྱུག་ཆེན་པོ་ཆུད་མ་དང་བཅས་པ་མ་གཏོགས་པར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཚུལ་གྱིས་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པའི་བར་དུ་བྲེ་བར་བྱ་སྟེ། འདིར་ཐམས ་ཅད་ཀྱང་ཧཱུཾ་ཞེས་བྱ་བས་ཡང་དག་པར་དགོད་པར་བྱའོ། །ཁྱམས་ཀྱི་ཕྱི་རོལ་ཏུ་དཀྱིལ་འཁོར་གྱི་ཉེ་འཁོར་ཀུན་ཏུ་ཕྲེང་བ་སྣ་ཚོགས་དང་བ་དན་སྔོན་པོ་དྲིལ་བུ་བཏགས་པ་རྩེ་མོ་སྣ་ཚོགས་པས་བསྐོར་བར་བཞག་པར་བྱའོ། །དེ་ནས ་འཇུག་པ་ཞེས་བྱ་བ་ནི། ཡང་དག་པར་དེ་ལྟར་བྲིས་ནས་དཀྱིལ་འཁོར་རྫོགས་པ་དང། ཆོ་ག་ཐམས་ཅད་ཀྱི་དཀྱིལ་འཁོར་གང་དག་ཏུ་འདས་མ་ཐག་པའི་ཆོ་ག་ཐམས་ཅད་ཀྱི་འཇུག་ན། འདིར་སློབ་དཔོན་ཇི་ལྟར་འཇུག་པར་བྱ་ཞེ་ན ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་དོག་སྔོན་པོ་དང་ལྡན་པའི་རས་ཟུང་བླངས་ལ། གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱས་ལ། གསུམ་པས་ཟེའུ་ཁ་བཅིངས་པ་སྟེ། དེ་ལྟར་གོས་སྔོན་པོ ་འགོས་པར་གྱུར་ནས། ཞུགས་ན། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སློབ་དཔོན་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུར་བྱས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁྲོས་པས་ཞེས་བྱ་བ་སྟེ། དཔལ་རྡོ་རྗེ་ཁྲོ་བོ་ཧཱུཾ་མཛད་ཀྱི་ཉམས་དང་ལྡན་པ་ནི ་ཁྲོས་པའོ། །དེ་ཡང་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་ནང་དུ་འབར་བ་ལྟ་བུར་བཞག་སྟེ། མཐེ་བོང་རྡོ་རྗེ་བསྒྲེང་བ་འདི་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་འཛིན་ཅིང་བདག་གིར་བྱེད་པ་གང་ཡིན་པ་དེ་ནི་རྡོ་རྗེ་དམ་ཚིག་ཕྱག་རྒྱ་ཡོངས་སུ་འཛིན ་པ་སྟེ། དམ་ཚིག་གི་ཕྱག་རྒྱ་བཅིངས་པ་དང་བཅས་པས་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་ལྷག་པར་མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་དང་བཅས་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་ང་རྒྱལ་དང་ལྡན་པར་གྱུར་པས། དཀྱིལ ་འཁོར་འདིར་གཞུག་པའི་རྣལ་འབྱོར་པ་ལ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་རྡོ་རྗེ་རིགས་ཀྱི་སློབ་དཔོན་དུ་བྱིན་གྱིས་རློབ་པར་མཛད་དོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་དེ་ནས་ཉེ་བར་ཟུང་སྟེ། སྡིག་པ་ཐམས་ཅད ་ལས་རྣམ་པར་གྲོལ་ཞིང་ཞེས་བྱ་བ་མཚམས་མེད་པ་ལ་སོགས་པ་སྡིག་པ་ཐམས་ཅད་དང་བྲལ་ཞིང་མི་སོད་པར་འགྱུར་རོ། །དེ་ཉིད་ཀྱིས་ན་མི་ཚུགས་པ་སྟེ། ཟིལ་གྱིས་མི་གནོན་པ་དང། ཁམས་གསུམ་ཐམས་ཅད་ན་སྤྱོད་པའི་དབང་ཕྱུག་ཆེན་པོ ་ལ་སོགས་པ་ཡང་ཧཱུཾ་ཞེས་བྱ་བ་ཙམ་གྱིས་ཚར་གཅོད་པར་ནུས་པ་དང། ཕན་འདོགས་པར་ནུས་པ་སྟེ། དེ་དག་ཉིད་ལ་བདེ་བ་དང་ཡིད་བདེ་བ་སྟེར་བས་ན་ཕན་འདོགས་པ་དང། དཔལ་རྡོ་རྗེ་ཧཱུཾ་མཛད་དང་འདྲ་བར་ཐམས་ཅད་ལས་རྒྱལ་བ་དང། ་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་ཞིང་ཧཱུཾ་ཞེས་བྱ་བ་ཙམ་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་རང་དབང་དུ་བྱེད་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ ་ཐོབ་བར་འགྱུར་བའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་གའོ། །དེ་ནས་སློབ་མ་དེ་བཞིན་དུ་བཅུག་སྟེ། ཞེས་བྱ་བ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་གའི་འོག་ཏུ་རང་གི་འཇུག་པའི་ཚུལ་གྱི་སློབ་མ་གཞུག་པར་བྱ་སྟེ། བཅུག་ནས་དེའི་འོག་ཏུ་དེ་རྣམས་ལ་ཧཱུཾ་ཞེས་བྱ ་བ་སྦྱིན་ནོ། །ཇི་ལྟར་འདིར་སྙིང་པོ་སྦྱིན་པར་བཤད་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་རྣོན་པོ་རྩེ་བཞི་པ་འབར་བ་སྦྱིན་ལ་ཞེས་བྱ་བ་ནི་དབུ་རྒྱན་གྱི་དབང་བསྐུར་བའི ་འོག་ཏུ་རྡོ་རྗེ་རྣོན་པོ་རྩེ་བཞི་པ་འབར་བ་ཧཱུཾ་ཞེས་བྱ་བས་སྦྱིན་པར་བྱ་སྟེ། ཧཱུཾ་ཞེས་བྱ་བ་ཟློས་ཞིང། རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱ་སྟེ་ཞེས་བྱ་བ་ནི་འདི་ནི་ཞེས་བྱ་བ ་ལ་སོགས་པས་སྦྱིན་པར་བྱའོ། །དེ་ནས་དེ་བཞིན་དུ་བྱུང་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་བཤད་པ་བཞིན་དུ་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དཀྱིལ་འཁོར་ཉེ་བར་བསྡུ་བ་ཇི་ལྟ་བ་བཞིན་དུ་བྱས་སྟེ། བྱུང་བར་བྱའོ་ཞེས་བྱ ་བའི་དོན་ཏོ། །འདི་དག་གི་དོན་སླར་ཡང་བཤད་པར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་སྦྱོར་བ་དང། ཡང་རང་གི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་འཇུག་པའི་དམ་ཚིག་གི ་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་དང། ལྷ་ཐམས་ཅད་ཀྱི་བུམ་པ་དང། བུམ་པ་གང་བ་རྣམས་ལ་ཧཱུཾ་ཞེས་བྱ་བ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་དཀྱིལ་འཁོར་གྱི ་སྒོ་བཞི་ཕྱེ་སྟེ། རྡོ་རྗེ་བསྡུ་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང། མཚན་རྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་དེ། གསང་བའི་ལྕགས་ཀྱུ་དང། ཧཱུཾ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ ་དཀྱིལ་འཁོར་དུ་བཀུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་དང། མཚམས་དང་དཀྱིལ་འཁོར་བཅིང་བ་དང། རབ་དད་དྲ་བ་དག་བྱས་ནས་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་སྒོ་བཞི་བཅིངས་ལ། རྡོ་རྗེ་བསྲུང་པས་བསྲུང་བ་ཐམས ་ཅད་གོ་ཆ་བསྐོན་ཏེ། ཧཱུཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱས་ཧཱུཾ་དྲིཥྱ་ཛ(རྒྱུད་འགྲེལ་བསམ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ལྗགས་ལ་ཧཱུཾ་བསམ་པར་བྱ་སྟེ། འདི་ནི་ཆོས་ཀྱི་ཕྱག་རྒྱའོ། ། ཞེས་བྱ་བ་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམ་ལ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ལས་ཀྱི་ཕྱག ་རྒྱ་ཧཱུཾ་ཞེས་བྱ་བ་ཟློས་ཤིང་བསྟན?་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པའི་ཁུ་ཚུར་གྱི་བསྙེམས་པ་བྱས་ལ་གཡས་པས་རྡོ་རྗེ་གསོར་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །གཞན་རྣམས་ཀྱི་ཕྱག ་རྒྱ་ཆེན་པོ་ཉིད་དང་འདྲའོ། །དེ་ནས་རྡོ་རྗེ་དྲིལ་བུ་དང། རྡོ་རྗེ་རྩེ་བཞི་པ་བླངས་ལ་བྲིས་པ་དང། རྗེས་སུ་མཐུན་པར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོར་བསམ་པ་དང། གཞན་རྣམས་ཀྱི་ཡར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་དབང ་བསྐུར་བས། རྡོ་རྗེ་ཕྲེང་བ་གསུམ་གྱི་དབང?་བསྐུར་བ་དང། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དབང་བསྐུར་བར་བྱ་ཞིང་རྡོ་རྗེ་འཛིན་པ་ལ་སོགས་པ་ནི་སངས་རྒྱས་ལྔའི་ཅོད་པན་གྱི་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱ་དག་གིས་དབང ་བསྐུར་རོ། །དེ་ནས་དེ་བཞིན་དུ་མཆོད་ཡོན་ཕུལ་ལ་བུམ་པ་དང་བུམ་པ་གང་བ་དང། ན་བཟའ་དང་བླ་རེ་ལ་སོགས་པ་ཕུལ་ལ། མེ་ཏོག་གི་ཤིང་ལ་སོགས་པ་མཆོད་པ་རྣམ་པ་ལྔའི་མཆོད་པ་བྱས་ལ། ཕྱི་རོལ་ཏུ་གླུ་དང་གར་དང་རོལ་མོ་དང ་རྟ་དང་གླང་པོ་ཆེ་དང། པ་ལང?་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ནས་ཁྲོ་བོའི་མཚོན་ཆ་ལ་སོགས་པ་མཆོད་པ་རྣམ་པ་བཅུ་གཉིས་ཀྱི་ཡང་དག་པར་མཆོད་ལ། ཡིད་ཀྱི་མཆོད་པ་བྱས་ཏེ། ཕྱི་རོལ་ཏུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ ་དེ་ནས་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ཏེ། །དེས་སྨད་གཡོགས་དང་སྟོད་གཡོགས་ཟེའུ་ཁ་དོག་བྱས་ལ། ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་དང། ཞགས་པ་དང། ལྕགས་སྒྲོག་དང་འབེབས་པ་ཡོངས་སུ་བཟླས་པས་རང་གི ་གདོད་གཡོགས་ཏེ། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བར་བྱའོ། །དེ་ནས་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། རྡོ་རྗེ་རྩེ་བཞིན་པ་འབར་བ་སྙིང་གར་དེ་བཞིན་དུ་བཞག་ལ། སྔ་མ་བཞིན་དུ་ཤར་སྒོ་ལ་མངོན ་པར་ཕྱོགས་པའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ནས་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། བཛྲ་བཛྲ་ཧཱུཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ།། ་ཤར་ཕྱོགས་ཀྱི་སྒོར་ཨོཾ་བཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀརཥ་ཡ་སརྦ་ས་མ་ཡཱཾ་ཧཱུཾ་ཛ(རྒྱུད་འགྲེལ་བྱའོ། །ནུབ་ཏུ་ཨོཾ་བཛྲ་སཕོ་ཊ་མ་ཧཱ་ཀྲོ་དྷ་བནདྷ་བནདྷ་སརྦ་ས་མ་ཡཱཾ་ཧཱུཾ་བཾ་ཞེས་བྱ་པས་བཅིང་བར་བྱའོ། །བྱང་ཕྱོགས་ཀྱི་སྒོར་ཞུགས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡཱ་ཧཱུཾ་ཨ་ཞེས་བྱ་པས་བདག་ཉིད་དབང་དུ་བྱའོ། ། ་དེ་ནས་ཤར་ཕྱོགས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་ཞུགས་ལ། མ་ཧཱ་ར་ཏ། སུ་དྲི་ཌཧ། སུ་ཏོ་ཥོ། སུ་སུ་ཁོ། བཛྲ་སཏྭ། ཨཱདྱ་སིདྡྷཡ་མཱ་ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་གསོར་ཞིང་ཁྲོས་པས་ཁྲོ་གཉེར་དང་འཛུམ་པ་དང་བཅས་པས་ཕྱག་རྒྱའོ། །དེ་ནས ་སློབ་དཔོན་ཆེས་ཁྲོས་ཤིང། །རྡོ་རྗེ་ཅན་གྱི་སློབ་མ་མཆོག། རྡོ་རྗེ་ཧཱུཾ་མཛད་སྡིག་མཛུབ་དང། ཧཱུཾ་ཞེས་བྱ་བས་རབ་ཏུ་སྦྱར། །རྡོ་རྗེ་བསྙེམས་པ་འཛིན་གྱུར་ཅིང། །ཁྲོ་བས་འདུལ་བ་དེ་ལྟ་བུས། རྡོ་རྗེ་འཛིན་ཆེན་མཉེས་འགྱུར་ཞིང། །དགྱེས་པར ་ཡང་ནི་རབ་ཏུ་འགྱུར། །ཡང་འཇུག་པའི་ཕྱག་རྒྱ་བཅིངས་ཏེ། བསྐོར་བ་ལན་གསུམ་བྱས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང། །ཡེ་ཤེས་ཆེན་པོ་ལས་ཆེ་པ།། ་རྡོ་རྗེ་སེམས་དཔར་དང་བདག་འགྲུབ་ཛ:ཧཱུཾ་བཾ་ཧོ:པྲ་སིདྡྷཡ་མཱཾ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཞེས་བྱ་བ་ལན་བརྒྱ་བཟླས་ལ། ཡང་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། བཛྲ་ཨཱ་བེ་ཤ་ཨ། ཞེས་ལན་བ་རྒྱ ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ནས་ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མའི་རྡོ་རྗེ་ཕྱག་རྒྱ་ཕྱེ་ལ། ཧཱུཾ་ཨ་ཞེས་བྱ་བ་ལན་བརྒྱ་བརྗོད་ན། འབབ་པར་འགྱུར་རོ། །དེ་ནས་ཧཱུཾ་ཞེས་བྱ་བས་མེ་ཏོག་དོར་རོ། །དེ་ནས་བླངས་ལ་ཧཱུཾ་ཉིད་ཀྱིས་རང་གི་མགོ་ལ ་བཅིང་བར་བྱའོ། །དེ་ནས་དེ་ལྟར་བབས་པར་གྱུར་པ་དང། འདི་ལྟར་གདོང་གཡོགས་ཧཱུཾ་ཞེས་བྱ་བ་ཉིད་ཀྱིས་དགྲོལ་བར་བྱའོ། །དེ་ནས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང། ཇི་སྲིད་བཅོམ་ལྡན ་འདས་ཀྱི་ཞལ་བསྟན་ནས། དངོས་གྲུབ་ཐམས་ཅད་སྩལ་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོས་བསྐོར་བས་ཤིས་པ་བརྗོད་པར་བྱེད་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས ་ནས། ཁྲོ་བོའི་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ་གླུ་དང་གར་དང་རོལ་མོའི་མཆོད་པས་ཀྱང་མཆོད་པར་བྱའོ། །དེ་ནས་ཡང་ཕྱག་རྒྱ་ཆེན་པོར་བསམ ་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོས་བསྐོར་བར་ཕྱག་བྱས་ལ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་རྣམས་ཀྱང་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང། མེ་ཏོག་གི་ཡང ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔགས་འདི་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ་སྟེ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་བུམ་པའི་སྔགས་བཟླས་བརྗོད་བྱའོ། །དེ་ནས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས ་བརླབས་ལ། དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་བཤད་པའི་གནས་རྣམས་སུ་རང་གི་ལུས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཡང་དག་བར་བཞག་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་དབང་ཕྱུག་ཆེན་པོ་ཆུང་མ ་དང་བཅས་པ་བྲིས་ཏེ། དེ་གཉིས་ཀྱི་སྟེང་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་གཡོན་བརྐྱང་བའི་གནས་པས་གནས་པར་བསམ་ལ་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ལ། མཆོད་ཡོན་བླངས་ཏེ། མཚན་བརྒྱ ་རྩ་བརྒྱད་ཀྱིས་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བྱ་བ་དང། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་ཡང་སངས་རྒྱས་ཀྱི་ཕྲེང ་བའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བ་བླངས་པ་ལ། རིན་པོ་ཆེ་དང། པདྨ་དང། རྡོ་རྗེའི་དབང་བསྐུར་བ་སྔ་མ་བཞིན་དུ་བླང་བར་བྱའོ། །དེ་ནས་ལུགས་མ་འམ། བརྐོས་པ་འམ། བྱས་པ་འམ། བྲིས་པའི་དབུ་རྒྱན་སངས་རྒྱས་དང ་རིན་པོ་ཆེ་དང། པདྨ་དང། རྡོ་རྗེའི་ཕྲེང་བ་དང་བཅས་པས་ཕྲེང་བ་དེ་བཅིངས་ལ་རེ་རེ་ཞིང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་ཞིང་རྡོ་རྗེ་རིན་ཆེན་ཡང་བཟླས་ལ་དེས་བདག་ཉིད་དབང་བསྐུར་བ་དང་དབྱངས་དང་བཅས་པ་བྱས་ཏེ། རྡོ་རྗེ་འབར་བ ་དང་བདག་རོ་དང། མིང་གི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱ་སྟེ། འདི་ནི་གདུག་པ་འདུལ་བྱེད་པའི། ཕྱག་ན་རྡོ་རྗེའི་རྡོ་རྗེ་སྟེ། མ་རུངས་ཐམས་ཅད་འདུལ་བ་ལ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ ་བཅད། །དེ་ནས་ཕྱིའི་མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་བར་མཆོད་ལ། ཁྲོ་བོའི་མཚོན་ཆའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ལྟར་བདག་ཉིད་མཆོད་ནས། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་བར་བྱ་ཞིང། རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ ་སེམས་དཔས་འདུལ་བའི་ཕྱིར། །རྡོ་རྗེ་མེ་ལྟར་འབར་བ་ཡང། །རབ་ཏུ་འཇིགས་པའི་སྙིང་པོ་ཡིན། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །འདི་ནི ་ཐམས་ཅད་མྱུར་དུ་བསྒྲུབ། །ཅེས་བྱ་བ་ནི་ཆོས་ཏེ་འདི་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་འདིས་དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཧཱུཾ་ཞེས་བྱ་བ་ཟློས་ཤིང། ཐམས་ཅད་ནམ་མཁའ་མཆོག་སྦྱོར་བས། ཐམས་ཅད་ནམ་མཁའ་ཞེས ་སྨྲ་ཞིང། །རྡོ་རྗེ་ཕྱག་རྒྱས་རྒྱས་བཏབ་ལ། །ཁམས་གསུམ་ཡང་ནི་བཟའ་བར་བྱ། །ཞེས་བྱ་བ་ནི་དམ་ཚིག་གོ། དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། སྔགས་བཟླས་ནས། ཚིགས་སུ་བཅས་པ་ལྔ་པོས་རྗེས་སུ་སྣང་བ་དང། གཟེད་བསྟོང་པ་དང། ་ལུང་བསྟན་པ་ཡང་བཅོམ་ལྡན་འདས་ལས་མནོས་ལ་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང། བཟླས་བརྗོད་བྱས་ནས་ཕྱག་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བྱེ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ ་ཆོས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པ་བགྱི། །དེ་ནས་སློབ་མ་རྣམས་གཞུག་པར་བྱ་སྟེ། སློབ་དཔོན་གྱི་ལས་ཀྱི་ཆོ་གའོ།། །།དེ་ནས་རང་གི་སྡོམ་པ་སྦྱིན་པར་འོས་པ་ལ་སྔར་བཤད་པའི་ཚུལ ་གྱིས་དམ་ཚིག་འཛིན་དུ་གཞུག་པ་དང། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ནས། རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་གྱི་མཆོག་བླངས་ཏེ། ཤར ་སྒོ་ལ་བལྟས་ནས་གནས་པའི་བུམ་པས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཆོ་གས་བཅུག་ལ། ཆོ་ག་ཐམས་ཅད་ལ་རྗེས་སུ་བཅད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པ་ཆོག་རྒྱས་པ་རྫོགས་སོ།། །།རྡོ་རྗེ་ནི ་རྡོ་རྗེའི་རིགས་ཏེ། དེའི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན ་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རས་ལ་སྔོན་དུ་བསྙེན་པ་ལ་སོགས་པའི་སྒྲུབ་པ་ནི། རས་ལ་བཅོམ་ལྡན་འདས་ཞེS ་བྱ་བ་ལ་སོགས་པ་འདི་ཉིད་ཀྱིས་གསུངས་པ་ཡིན་ཏེ། སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། རྡོ་རྗེ་བྲི་བའི་ཕྱག་རྒྱས་ཧཱུཾ་ཞེས་བྱ་བ་ཟློས་ཤིང་ཅོམ་པར་བྱས་ལ་དཀྱིལ་འཁོར་གྱི་ཚུལ་ཉིད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས ་པའི་ལྷ་ཐམས་ཅད་བྲི་བ་འམ། འདིར་གཞུག་པར་བྱའོ། །དེ་ནས་སྒྲུབ་པ་ཆེན་པོ་ལ་ཡང་དེ་བཞིན་ཏེ། དེ་བཞིན་དངོས་གྲུབ་མཆོག་རྣམས་ལ་ནི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཨི་སྐབས་གསུངས་པའི་ཆོ་ག་ཉིད་ཀྱིས་སངས་རྒྱས་ཉིད ་དམ། རྡོ་རྗེ་འཛིན་པ་ཉིད་འདིར་བསྒྲུབ་པར་བྱ་བའོ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་བཞིན་དུ་དངོས་གྲུབ་མཆོག་རྣམས་ལ་ནི་ཞེས་བྱ་བ་གསུངས་སོ། །རས་ལ་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི། སྔར་བཤད་པའི ་ཚོགས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དཔའ་བོ་གཅིག་བུ་བྲི་བའོ། །དེའི་མདུན་དུ་ལག་པ་གཉིས་ཕྱག་རྒྱ་བཅིངས་ཏེ། བཟླས་བརྗོད་འབུམ་བྱའོ་ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་པའི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིང་བའོ ་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ནས། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དཀྱིལ་འཁོར་དུ་ཞུགས་པའི་རྗེས ་ཐོགས་ཉིད་ལ། ཟླ་བ་ཉ་ནས་བརྩམས་ཏེ། ཉིན་རེའི་སྦྱོར་བས་ཇི་སྲིད་ཟླ་བ་གཅིག་ཙམ་གྱི་བར་དུ་བཟླས་བརྗོད་བྱས་ན། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་རས་ལས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ ་མཛད་ཀྱི་དཀྱིལ་འཁོར་སྤྲུལ་ལ། མཆོད་ཡོན་ཡུལ་བ་སྔོན་དུ་འགྲོ་བ་དང། ཧཱུཾ་གི་རང་གི་གནས་སུ་དགོད་པར་བྱས་ལ། རྡོ་རྗེ་བྲི་བའི་ཕྱག་རྒྱ་དང་པོ་བརྩམས་ཏེ། ཕྱིས་ཅི་བདེར་དཀྱིལ་འཁོར་གྱི་ཚུལ་དུ་འམ། བཅོམ་ལྡན་འདས་དཔའ་བོ ་གཅིག་པུ་བྲིས་པ་འམ། འདིར་གཞུག་པར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྦྱོར་པས་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་ཚུལ་དུ་རས་ལ་བཞུགས་སུ་གསོལ་ལ། ཕྱག་རྒྱ་ཆེན་པོར་བསམས་ཏེ། ་ཉིན་རེའི་སྦྱོར་བས་ཇི་སྲིད་ཟླ་བ་གཉིས་པའི་ཉ་ལ་བབ་པ་དེ་སྲིད་ཀྱི་བར་དུ་དཔག་ཏུ་མེད་པའི་བཟླས་བརྗོད་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་དེའི་ཆེ་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། དེ་ནས་ནང་པར་བཅོམ་ལྡན་འདས་ཀྱི་ཞལ ་བསྟན་ནས། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ལ་སོགས་པ་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་རོ། །དཔའ་བོ་གཅིག་པུའི་རས་རིས་ལ་ཡང་སྔར་བཤད་པའི་ཆོ་ག་རྗེས་སུ་སྤྱད་ལ། ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཟླས་བརྗོད ་འབུམ་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ཐོ་རངས་ཁ་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས་སངས་རྒྱས་ཉིད་དམ་རྡོ་རྗེ་ཧཱུཾ་མཛད་ཉིད་སྩོལ་བར་འགྱུར་རོ། །མ་བསྒྲུབས་པར་ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་བྱས ་ནས་སྔགས་བཟླས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་དཔག་ཏུ་མེད་བྱས་ནས། དེའི་རྗེས་ཐོགས་ཉིད་ལ་སྙིང་པོ་མ་བསྒྲུབས་ཀྱང་ལས་འདི་དག་བྱེད་པར་འགྱུར་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་བདག་ལ ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཇི་སྐད་དུ་བཤད་པའི་ཐམས་ཅད་བསད་པ་ལ་ནི་རྡོ་རྗེ་ཁྲོ་བོ་མཐར་བྱེད་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ལས་གཞན་དུ་མི་འགྱུར་བའོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ནི ་བསྟན་པའོ། །ཐམས་ཅད་བསད་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་བཤད་པའོ། །དེ་བཞིན་དུ་སྔོན་དུ་བསྙེན་པ་བྱ་ཞིང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། གདུག་པ་ཐམས་ཅད་བསད་པ་ལ་ནི་ཁྲོ་བོ་རྡོ་རྗེ་མཐར་བྱེད་ཀྱིས་བྱ ་སྟེ། ལྔ་པོ་བསྡུས་པ་བཅིངས་ནས་བཟློག་ནས། ཁའི་གྲཝ་གཉིས་སུ་མཆེ་བ་སྟོན་པའི་ཚུལ་དུ་བཞག་པར་བྱ་ཞིང་གདུག་པ་ཐམས་ཅད་ཀྱང་མཆེ་བ་གཙིགས་པའི་ཞལ་ནམ་མཁའ་དང་མཉམ་པའི་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཐོས་པར་གྱུར་པར་བསྒོམ་པ ་བྱ་སྟེ། འདི་ནི་རྡོ་རྗེ་ཁྲོ་བོ་མཐར་བྱེད་དོ། །ཐམས་ཅད་རྒྱས་གདབ་པར་ནི། ཁྲོ་བོའི་ལྟ་བའི་བཟླས་པས་སོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ལ་རྡོ་རྗེ་འབར་བའི་གཟུགས་བརྙན་བསྐྱེད་པ་ནི་རྒྱས་གདབ་པའོ། །ཁྲོ་གཉེར་བསྙེར་ཞིང་མིག་གདངས ་ནས་ཁྲོ་བས་ལྟ་བ་ནི་ཁྲོ་བོའི་ལྟ་བ་སྟེ། འདིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཞེས་བྱ་བ་བཟློས་ཤིང་བསྒྲུབ་པར་བྱ་བ་རྒྱས་གདབ་བར་བྱ་སྟེ། མིག་གཉིས་ལས་རྡོ་རྗེ་འབར་བ་ཕྱུང་ལ་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱ་སྟེ། ་དེ་ལྟ་བུས་ནི་ཐམས་ཅད་རྒྱས་གདབ་པར་འགྱུར་རོ། །ཐམས་ཅད་གཞིག་པ་ལ་རྡོ་རྗེ་ཁྲོས་པས་གཞིག་པར་བྱའོ། །ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པས་གདུག་པ་ཐམས་ཅད་གཞིག་ཅིང་མི་སྣང་ལ་མི་མངོན་པ་དང། ཟས་ལ་སོགས་པའི ་དངོས་པོ་ཐམས་ཅད་སྣང་བར་གྱུར་པ་ལས་མི་སྣང་བར་བྱ་བ་ནི་གཞིག་པ་སྟེ། གསང་བའི་རྡོ་རྗེ་སོར་བཞི་པའི་ཚད་བླངས་ལ་བསྒྲུབ་པར་བྱ་བ་གཞིག་པའི་བསམ་པས་ཁྲོས་པར་གྱུར་པ་དང། རྡོ་རྗེ་ཁུ་ཚུར་གྱིས་གཡེག་པར་བྱ་བ་སྟེ། དེ་ལྟ་བུས་ནི་ཐམས ་ཅད་འཇིག་པར་འགྱུར་རོ། །ཐམས་ཅད་ངེས་པར་གནོན་པ་ལ་ནི་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་པོ་མཛའ་དག་བརྒྱལ་ནས་ཁ་སྦུབ་ཏུ་ལྷུང་བར་གྱུར་པ་ནི། ངེས་པར་གནོན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་དང ་ཁྲོས་པས་ཕྱོགས་དེར་བརྡེག་པར་བྱའོ་ཞེས་བྱ་བ་སྟེ། རང་གི་ལག་ཏུ་ཧཱུཾ་ལས་རྡོ་རྗེ་འབར་བ་བསམས་ལ་ཕྱོགས་གང་ན་བསྒྲུབ་པར་བྱ་བ་གནས་པ་དེ་ལ་རང་གི་ལག་ཏུ་བསམས་པའི་རྡོ་རྗེ་བསྒྲུབ་པར་བྱ་བ་ངེས་པར་གནོན་པའི་བསམ་པས ་བསྣུན་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེས་བཅོམ་པས་འགྱུར་རོ། །ཡུངས་ཀར་ལ་སོགས་པ་ཡང་ཧཱུཾ་ཞེས་བྱ་བས་རྡོ་རྗེ་འབར་བས་བསམས་ཏེ། དེས་ཕྱོགས་དེར་བསྣུན་པར་བྱའོ། །གནད་ཐམས་ཅད་ནི་གོ་བར་ཟད་དོ། །དེ་རྣམས་དབུག་པ་ནི་རྣམ་པར ་གཞིམ་པའོ། །དེ་ཇི་ལྟར་བྱ་ཞེ་ན། རྡོ་རྗེ་ཕྲ་མོ་འབིགས་བྱེད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛོད་ཀྱི་ཕྱག་རྒྱའི་གཡས་པའི་མཛུབ་མོ་ལྕགས་ཀྱུས་གཡོན་ལོགS་ནས་གཡོན་པའི་མཛུབ་མོ་བཟུང་ལ། བསྒྲུབ་པར་བྱ་བའི་གནས་ནས ་དྲངས་ལ། རྡོ་རྗེ་མངས?་ངེས་པར་འབིགས་པར་གྱུར་པར་བསམS་པར་བྱ་སྟེ། འདི་ནི་རྡོ་རྗེ་ཕྲ་མོ་འབིགས་བྱེད་དོ། །འདིས་གནད་ཐམས་ཅད་འབིགས་པར་འགྱུར་རོ། །ཐམས་ཅད་ཀྱི་སྙིང་ནི་སེམས་ཅན་ཐམས་ཅད་ཀྱིས་སྙིང་གི་པདྨའོ། །དེ་རྣམས ་འབྱིན་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ། དེའི་སྙིང་པོ་པདྨ་ཁྲོས་པར་གྱུར་བ་དང། འབྱུང་བར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ཀྱི་སྙིང་འབྱིན་པར་འགྱུར་རོ། །གདུག་པ་ཐམས་ཅད་ཚར་བཅད་པ་ནི་སྲིན་པོ་ལ་སོགས ་པ་ཆར་གཅོད་པའོ། །དེ་གང་གིས་འགྱུར་ཞེ་ན། ཁྲོས་པས་རྡོ་རྗེ་བསྐོར་བར་བྱའོ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རྡོ་རྗེ་འབར་བ་དེ་ཁོ་ན་ཉིད་ཀྱིས་བླངས་ལ་ཧཱུཾ་ཞེས་བྱ་བ ་ཟློས་ཤིང་ཁྲོས་པས་བསྐོར་ལ། རྡོ་རྗེ་འབར་བ་དེ་ལས་རྡོ་རྗེ་འཛིན་པ་ལ་སོགས་པའི་ཁྲོ་བོ་རྣམས་ཕྱུང་སྟེ། དེ་རྣམས་ཀྱི་གདུག་པ་ཐམས་ཅད་གཟིར་བར་གྱུར་པ་དང། བསྲེག་པ་དང། རྡོ་རྗེ་ལུ་གུ་རྒྱུད་ལ་སོགས་ལ་སོགས་པས་བཅིངས་པར་གྱུར་པས ་བསམས་པར་བྱ་སྟེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །གདུག་ཅིང་ཁྲོས་པ་ནི་སྲོག་འཕྲོག་ཅིང་མ་རུངས་པ་སྟེ། དེ་རྣམས་རྒལ་བ་ནི་གཞོམ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཁྲོས་པས་ལྕགས་ཕྱེའི་སྦྱིན་སྲེག ་བྱས་པས་སོ་ཞེས་བྱ་བ་གསུངས་ཏེ། མངོན་སྤྱད?་ཀྱི་ཐབ་ཁུང་དུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ལ། ཧཱུཾ་ཆེ་གེ་མོ་གྷ་ཏ་ཡ་ཧཱུཾ། ཞེས་བསྐུལ་ཏེ་རལ་གྲི་ལ་སོགས་པ་མཚོན་ཆའི་ཕྱེ་མའི་སྦྱིན་སྲེག་བྱས ་ལ། སྦྱིན་སྲེག་གི་སྲབ?་ཁུང་དུ་དེ་ལས་རྡོ་རྗེ་འཛིན་ལ་སོགས་པའི་ཁྲོ་བོ་རྣམས་བྱུང་བ་རྣམས་ཀྱིས་གདུག་པ་རྣམས་ཐལ་བར་བྱེད་པར་འགྱུར་ཞིང་ཟ་བར་གྱུར་བར་སྒོམ་པར་བྱའོ། །བདུད་ཐམས་ཅད་བརླག་པར་བྱེད་པ་ལ་ནི་ཞེས་བྱ་བ་ལ་བདུད ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། བདུད་ཐམས་ཅད་དོ། །དེ་རྣམས་བརླག་པ་ནི་ཟིལ་གྱིས་མནན་ཅིང་ཚར་བཅད་པས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་འགྱུར་ཞེ་ན། རང་གེ་ས་བོན་གྱི་སྦྱིན་སྲེག་གིས་སོ་ཞེས་བྱ་བ་གསུངས་ཏེ། སྔགས་པ་འདོད ་ཆགས་ལ་སོགས་པའི་ཉོན་མོངས་པས་ཟིལ་གྱི་གནོན་པ་རང། ཕུང་པོ་དང། འཆི་བདག་དང། ལྷའི་བུའི་བདུད་རྣམས་ཀྱིས་གནོན་པར་གྱུར་ན། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་ཏིང་ངེ་འཛིན་གསུཾ ་བསྒོམ་པར་བྱའོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ན་བདག་གོ་ཞེས་རྡོ་རྗེ་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ལ། མདུན་དུ་ཧཱུཾ་ལ། རྡོ་རྗེ་འབར་བའི་ཕྱག་རྒྱ་བསམས་ཏེ། དེ་ཡང་རྡོ་རྗེ་ཧཱུཾ་མཛད ་ཀྱི་ལྷ་མོར་བསམས་པར་བྱའོ། །དེ་ནས་དེ་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་བྱས་པར་བསྒོམས་ལ། ཡིད་ཀྱིས་ཡང་དག་པར་སྦྱོར་བ་བསྒོམས་པ་ལས། རང་གི་ས་བོན་རྡོ་རྗེ་རིགས་ཀྱི་གཟུགས་ཅན་གྱི་ནམ་མཁའ་ཀུན་ཏུ་བཀང་ལ། རང་གི་ལུས་ལ་བྱེ ་མའི་བུམ་པ་ལ་ཆུའི་བུམ་པ་བླུགས་པ་བཞིན་དུ་ཞུགས་ནས་བདག་ཉིད་རྡོ་རྗེའི་རིགས་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པ། སྒྱུ་ལ་ལྟ་བུ་གཟུགས་བརྙན་དང་མཚུངས་པ། འོད་ཟེར་འབར་བ་ཀུན་ཏུ་འཁྲིགས་པའི་འོད་དང་ལྡན་པ། ཉོན་མོངས་པའི་བུས ་ཤིང་ཐམས་ཅད་སྲེག་པར་བྱེད་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱའོ། །འདི་ནི་ཡིད་ཀྱི་རང་བཞིན་གྱི་ས་བོན་གྱི་སྦྱིན་སྲེག་ཡིན་ཏེ། འདིས་བདུད་ཐམས་ཅད་བརླག་པར་འགྱུར་རོ། །དེ་སྐད་དུ་ཡིད་ཀྱི་སྦྱིན་སྲེག་གི་དབང་དུ ་མཛད་ནས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཞིག་པའི་ཕྱིར། ཁྲོ་བོའི་སྤྲིན་ནི་རྣམ་པར་བསྒོམ་པར་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཕྱིའི་རང་གི་ས་བོན་དང་སྦྱིན་སྲེག་བྱ་བར་བཤད་ན་ནི། འདོད་ཆགས་ལ ་སོགས་པའི་བདུད་རྣམས་ཟིལ་གྱིས་མནན་པ་ལ། དེ་རྣམས་ལ་ངེས་པར་དམིགས་པ་དང་བཅས་པ་སྐྱེ་བར་འགྱུར་རོ། །གནོད་སྦྱིན་ཐམས་ཅད་བསྐྲད་པ་ལ་ནི་ཞེས་བྱ་བ་ནི་གནོད་སྦྱིན་མ་རུངས་པ་རྣམས་གནས་ནས་བསྐྱོད་ཅད་མི་གཞག་པ་ནི ་བསྐྲད་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཧ་ཧ་ཞེས་རྒོད་ཅིང་བཟླས་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་དབ་ཇི་ལྟ་བ་བཞིན་དུ་བྱས་ལ། །དེའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ལུས་ཀྱི་སྟོབས་དང། ཁྱིམ་ལ་སོགས་པ་ལ་གནོད་པ་བྱང ་པའི་གནད་སྦྱིན་མ་རུངས་པ་རྣམས་ཧ་ཧ་ཧ་ཧ་ཧཱུཾ་དུཥྚ་ཡཀྵ་ཨུཙྪ་ཊ་ཡ་ཧཱུཾ་ཞེས་བྱ་བ་ཧ་ཧ་ཞེས་རྒོད་པས་ཁྲོ་བོ་ཆེན་པོས་ཁྱབ་པ་དང་བཟླས་བརྗོད་བྱས་ལ་ཁ་ལས་རྡོ་རྗེ་འཛིན་པ་ལ་སོགས་པའི་ཁྲོ་བོའི་ཚོགས་སྤྲུལ་ནས་ཕྱུང་བ ་འཇིགས་བྱེད་ཆེན་པོའི་གཟུགས་ཅན་དེ་རྣམས་ཀྱི་གནོད་སྦྱིན་གདུག་པའི་རྡོ་རྗེ་འབར་བ་ལ་སོགས་པས་བསྲེགས་པར་གྱུར་པ་དང། དབྱུག་པ་ལ་སོགས་པ་རྣམས་ཀྱིས་བཏགས་པར་གྱུར་པ་དང། སྐྲོད་པར་གྱུར་པར་རྣམ་པར་བསམས་ལ། རིའི ་རྒྱལ་པོ་རི་རབ་ལ་སོགས་པའི་རི་བོ་ཆེན་པོ་རྣམས་སུ་ལྕགས་སྒྲོག་གིས་བཅིང་བར་གྱུར་བར་བསམ་བར་བྱ་སྟེ། དེ་ལྟ་བུས་ནི་གནོད་སྦྱིན་ཐམས་ཅད་སྤྲོད་པར་འགྱུར་རོ། །ཀླུ་ཐམས་ཅད་གདོན་པ་ལ་ནི་རྡོ་རྗེ་ས་ལ་བརྡབས་ནས་བཟླས་པས་སོ་ཞེས ་བྱ་བ་ནི། ཀླུའི་མཚོའི་འགྲམ་དུ་ཀླུ་གདུག་པ་འདོན་པར་བྱ་བའི་ཕྱིར་མངོན་སྤྱོད་ལ་བཤད་པའི་རྫས་རྣམས་ཀྱིས་ཀླུའི་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་དེའི་མིང་བཅུག་ནས་ཧཱུཾ་ཞེས་བྱ་བ་དང། གསང་བའི་ལྕགས་ཀྱུས་བཀུག་ལ། གཟུགས? ་བརྙན་དེར་བཅུག་སྟེ། རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ལ། དེ་བཟླས་པའི་སྲད་བུ་དམར་པོས་ཀྱང་བཅིང་བར་བྱའོ། །དེ་ནས་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་རྩེ་བཞི་པ་འབར་བ་བསྐྱེད་ལ་ཀླུའི་སྙིང་གར་རྡོ་རྗེ་ཕུར་བུ་ཇི་ལྟ་བ་བཞིན་དུ་བརྡུང་ཞིང ་ཧཱུཾ་ནཱ་ག་ཆེ་གེ་མོ་ཧཱུཾ་ཞེས་ཤིན་ཏུ་ཁྲོས་པས་བཟླས་བརྗོད་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་བཟུང་ཞིང། དེས་ཀྱང་རྡོ་རྗེ་ལྕགས་ཀྱུ་ལྟ་བུ་འབར་བའི་ཚོགས་ཀྱིས་ཁྱེར་ཏེ་འོངས་པར་བསམས་པར་བྱ་སྟེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད ་འབྱིན་པར་འགྱུར་རོ། །ལྟ་རྣམས་ལྟུང་བར་བྱ་བ་ནི། ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྣམས་ཞེས་བྱ་བ་ནི་མ་ཧཱ་དེ་བ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་བར་སྣང་ལས་ས་ལ་བབ་པ་ནི་ལྟུང་བར་འགྱུར་བའོ། །དེ་ཅི་ལྟར་འགྱུར་ཞེ་ན། ལྷ ་མོ་རྡོ་རྗེ་ལྟུང་བྱེད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལུ་གུ་རྒྱུད་དུ་བཅིངས་ལ་ལྷ་ཐམས་ཅད་བཟུང་བའི་བསམ་པས་ཕྱག་རྒྱ་བཅིངས་ལ་གྱེན་དུ་བཏེག་ལ། ལྷ་རྣམས་ལྟུ་དབང་བྱ་བའི་བསམ་པས་ཐུར་དུ་དབབ ་བར་བྱ་སྟེ། འདི་ནི་ལྷ་མོ་རྡོ་རྗེ་ལྟུང་བྱེད་ཀྱི་ཕྱག་རྒྱ་སྟེ། འདིས་ལྷ་རྣམས་ལྟུང་བར་བྱེད་པར་འགྱུར་རོ། །ལྷའི་བདག་པོ་ཐམས་ཅད་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དེ་རྣམས་དབང་དུ་བྱ་བ་ནི་རང་ཡི་དམ་དུ་བྱ་བའོ། །དེ་རྣམས་ཉིད་དྲེགས་པ་དང ་ཕྲལ་ནས་དུལ་བ་ལ་འཇོག་པ་ནི་གདུལ་བའོ། །ཤིང་རྡོ་རྗེ་ཅན་གྱི་ལྕུག་མ་ལ་སོགས་པས་བརྡེག་པ་ནི་བསྣུན་པའོ། །དེ་རྣམས་ཉིད་རྣམ་པར་སྤྱད་བར་བྱ་བའི་ཕྱིར་དང་སྲོག་དང་བྲལ་བར་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཉིད་ཀྱིས ་བསད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་སྲིད་པ་གསུམ་པོ་འདུལ་བར་བྱེད་པས་སོ་ཞེས་བྱ་བར་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཉིད་ཀྱིས་ཧཱུཾ་ཧི་ཞེས་བྱ་བས་འཇིག་རྟེན་གསུམ་དབང་དུ་བྱ་བའི་བསམས་པས་སྦྱོར་བ་ནི་སྲིད་པ་གསུམ་པོ་འདུལ ་བར་བྱེད་པ་སྟེ། རང་གི་ཁྲོ་གཉེར་གྱི་ཕྱོགས་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱི་ལྷའི་བདག་པོ་ཐམས་ཅད་འདུལ་པར་བྱེད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་རྣམས་དབང་དུ་བྱ་བ་ལ་སོགས་པ་བྱས་པར་འགྱུར་རོ། །རྣམ་ཐོས་སྲས ་རྗེས་སུ་འབྲང་བར་བྱ་བ་ནི་རྣམ་ཐོས་སྲས་ཀྱི་གཟུགས་བརྙན་ལ་སྔ་མ་བཞིན་དུ་གསང་བའི་ལྕགས་ཀྱུས་རྣམ་ཐོས་སྲས་བཀུག་ལ། བཅུག་ནས་བཅིངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ནས། གཡོན་བརྐྱང་བའི་གནས་པས ་འདུག་ལ། རྐང་པ་གཡོན་པས་རྣམ་ཐོས་སྲས་ཀྱི་གཟུགས་མནན་ནས། ཧཱུཾ་བེ?་ཤྲ་པ་ཎ་ཨ་ནུ་རཱ་ཛ་ཀུ་རུ་ཧཱུཾ། ཞེས་བཟླས་ན་རྗེས་སུ་འབྲང་བར་འགྱུར་རོ། །ལུས་ངན་པོ་མནན་ནས་དཔལ་དབྲོག་པ་ལ་ནི་རྡོ་རྗེ་སྐྱེས་བུས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག ་རྒྱ་ལས་གཡོན་པའི་ཁུ་ཚུར་གཡས་བའི་ཁུ་ཚུར་གྱིས་མནན་ས། སྔ་གཡོན་བཱི་མཛུབ་མོ་སོས་བཟུང་སྟེ། དཔལ་དབྲོག་པའི་བསམ་པས་དྲངས་པ་འདི་ནི་རྡོ་རྗེ་སྐྱེས་བུ་སྟེ། འདིས་སྔ་མ་བཞིན་དུ་ལུས་ངན་པོ་དང་རྣམ་ཐོས་སྲས་སྒྲུབ་པའི་སྦྱོར་བས ་མནན་ལ་དཔལ་དབྲོག་པར་བྱའོ། །འདོད་པའི་ལྷ་དབང་དུ་བྱ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་འདོད་པའི་ལྷའི་གཟུགས་བརྙན་མདུན་དུ་བཞག་ལ། དེ་ལ་སྔ་མ་བཞིན་དུ་འདོད་པའི་ལྷ་བཅུག་སྟེ། རྡོ་རྗེ་ཧཱུཾ་མཛད་བཅིངས ་ལ། ཧཱུཾ་ཀཱ་མ་དེ་བ་བ་ཤ་མ་ན་ཡ་ཧཱུཾ་ཞེས་བཟླས་བརྗོད་བྱས་ལ་རང་གི་ལུས་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ཀྱིས་རིམ་གྱིས་བཀུག་ནས། རང་གི་རྐང་པ་གཉིས་ལ་ལྷུང་བར་བྱས་པར་བསམས་པར་བྱ་སྟེ། དེ་ལྟ་བུས་ནི་འདོད་པའི་ལྷ་དབང་དུ་བྱས ་པར་འགྱུར་རོ། །ཚངས་པ་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ལྔ་པོ་བསྡུས་པ་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱ་སྟེ། དེ་བཅིངས་ལ་ཚངས་པའི་འདོད་ཆགས་དང་བྲལ་བ་ལས། ལྟུང་བར་བྱ་བའི་བསམ་པས ་འཇིག་རྟེན་ཐམས་ཅད་ལས་ཕུལ་དུ་བྱུང་བའི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་རྣམས་སྤྲུལ་ལ་ཉེ་བར་དབབ་པར་བྱའོ། །དེ་ནས་དེས་རྣམས་མཐོང་བས་བསམ་གཏན་ལས་ཉམས་པར་གྱུར་ཏེ། དེས་ན་དེ་ཕྱག་རྒྱ་འདིས་ལྟུང ་བར་འགྱུར་རོ། །ཁྱབ་འཇུག་གཞིག་པ་ལ་ནི་རྡོ་རྗེ་འཁོར་ལོས་དྲལ་བས་སོ། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཡོན་པ་འཁོར་ལོའི་ཚུལ་དུ་འཕྲེང་དུ་བཞག་ལ། དེ་ནས་དེ་ལ་མཛུབ་མོ་གཡས་པས་ཡང་དང་ཡང་དུ་དྲལ་བར ་བྱ་བ་འདི་ནི། རྡོ་རྗེ་འཁོར་ལོ་དྲལ་བ་སྟེ། འདི་ནི་ཁྱབ་འཇུག་འཇིག་པར་འགྱུར་རོ། །དབང་ཕྱུག་ཆེན་པོ་གདུལ་བ་ལ་ནི་རྡོ་རྗེ་ཏྲི་ཤཱུ་ལའི་ཕྱག་རྒྱས?་སོ་ཞེས་བྱ་བ་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས། གཡོན་པའི་མཛུབ་མོ་དང། གུང་མོ་དང་སྲིན ་ལག་རྩེ་གསུམ་དུ་བྱས་ལ། དེ་གཡས་པའི་མཛུབ་མོས་དྲལ་བར་བྱའོ། །འདི་ནི་རྡོ་རྗེ་རི་ཤཱུ་ལ་དྲལ་བ་སྟེ། འདིས་དབང་ཕྱུག་ཆེན་པོ་འདུལ་བར་བྱའོ། །མ་མོ་ཐམས་ཅད་བསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོས་སོ་ཞེས་བྱ་བ་ནི། ཨུ་མ་ལ་སོགས ་པ་མ་མོའི་ཚོགས་རྣམས་དང། དེའི་དངོས་གྲུབ་པ་ནི་མ་མོ་ཐམས་ཅད་དེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་ཏེ། ཧཱུཾ་མཱ་ཏྲིག་ཎ་མཱ་ར་ཡ་ཧཱུཾ། ཞེས་བཟླས་ལ་བསད་པར་བྱ་སྟེ། འདི་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོའི ་ཕྱག་རྒྱའོ། །ཕྱིའི་དཀྱིལ་འཁོར་ཐམས་ཅད་ནི་འབྱུང་པོའི་གདོན་དང། སྲིན་པོའི་གདོན་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་ཕྱག་རྒྱ་ནི་ལག་པའི་ཐབས་ཀྱི་ཚུལ་ལོ། །དམ་ཚིག་ནི་མི་འདའ་བའ་ཨི་དོན་ཏོ། །དེ་རྣམས་ཀྱི་ཆོས་ནི་གཞན་གསོད ་བའི་ཚུལ་ལོ། །གསང་བའི་དངོས་གྲུབ་ནི་དེ་རྣམས་ཀྱི་སྔགས་ནི་དངོས་གྲུབ་བོ། །དེ་ལྟ་བུའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་དང། དམ་ཚིག་དང་ཆོས་དང། ལས་དང། གསང་བའི་དངོས་གྲུབ་རྣམ་པར་གཏོར་བ་ཞེས་བྱ་བ་ནི་ཕན་ཚུན་རྣམ་པར ་གཏོར་བ་སྟེ། དེ་ཉིད་ནི་རྣམ་པར་འཇིག་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁྲོ་བོ་གདུག་པའི་དམ་ཚིག་འཇིག་པར་བྱེད་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཉིད་དེའི་ཚུལ་གྱིས་སྦྱར་བ་ནི། རྡོ་རྗེ་ཁྲོ་བོ་གདུག་པའི་དམ་ཚིག་འཇིག་པར་བྱེད ་པར་འགྱུར་རོ། །རི་དང་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ཁྲོ་བོའི་ལྟ་བས་མི་བསྐྱོད་པས་རྡོ་རྗེ་འབར་བ་སྤྲུལ་ལ། བསྒྲུབ་པར་བྱ་བའི་རི་ལ་སོགས་པའི་སྟེང་དུ་ལྟུང་བར་བྱས་ན་རི་ལ་སོགས་པ་ལྟུང་བར་འགྱུར་རོ། །ལྟུང་བ་ཐམས ་ཅད་བསླང་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་བསླང་བའི་ཚུལ་དུ་སྦྱར་བ་ནི། རྡོ་རྗེ་ཁྲོ་བོའི་བསླང་བའོ། །ཐམས་ཅད་སྤོ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། གཏེར་ལ་སོགས་པའི་དངོས་པོ་ཐམས་ཅད་གར་ལས་བྱུང་བའི་ཁྲོ་བོའི ་ཁུ་ཚུར་གཉིས་ཀྱིས་བླངས་ནས། ཡིད་ཀྱིས་དྲངས་ནས་གཞན་ཏུ་བཞག་པ་འདི་ནི། རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་མ་སྟེ། འདིས་ཐམས་ཅད་སྤོ་བར་བྱའོ། །ཐམས་ཅད་དབྲོག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། གསེར་ལ་སོགས་པའི ་དངོས་པོ་རྣམས་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བླངས་ལ་དབྲོག་པར་བྱ་སྟེ། །འདི་ནི་ཁྲོ་བོའི་འཕྲོག་པའི་ཁུ་ཚུར་ཏེ། འདིས་ཐམས་ཅད་འཕྲོག་བར་འགྱུར་རོ། །འཇིགས་པ་ཐམས་ཅད་བསྐྱེད་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་པ་ཐམས ་ཅད་ནི་སེང་གེ་ལ་སོགས་པའོ། །དེ་དབྱུང་བ་ནི་བསྐྱེད་པའོ། །དེ་ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ཁྲོ་བོའི་ལྟ་བས་བལྟ་བཞིན་དུ་སེང་གེ་ལ་སོགས་པ་སྤྲུལ་པ་འམ། མནར་མེད་པ་ལ་སོགས་པ་སྤྲུལ་ལ། གཞན་རྣམས་ལ་འཇིགས་པ ་བསྐྱེད་པར་བྱ་སྟེ། འདི་ནི་རྡོ་རྗེ་ཁྲོ་བོའི་ལྟ་བའོ། །དཔུང་ཐམས་ཅད་བསད་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་བུ་ལ་སོགས་པའི་དཔུང་ཐམས་ཅད་ནི། དཔུང་ཐམས་ཅད་དེ། དེ་བསད་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ཁ་ཕྱེ་སྟེ ་འཇིགས་བྱེད་ཀྱི་གདོང་སྐྲ་གྱེན་དུ་བརྫེས་པ། མགོ་ཐུར་བཏུད་ཏེ་འགྲོ་ཞིང་བྷཡོ་ཞེས་བྱ་བ་སྨྲ་བ་འདི་ནི་རྡོ་རྗེ་ཁྲོ་བོའི་གནོད་སྦྱིན་མོ་སྟེ། འདིས་དཔུང་ཐམས་ཅད་གསོད་བར་འགྱུར་རོ། །གཞན་གྱི་དབུང་ཐམས་ཅད་གཞོམ་པ་དང། ཞེས་བྱ་བ་ལཾ ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཐེའུ་ཆུང་གཉིས་ཁའི་གྲཝ་གཉིས་སུ་བཞག་སྟེ། མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་ཀྱིས་བསྒྲུབ་པར་བྱ་བ་འདི་ནི། རྡོ་རྗེ་ཁྲོ་བོ་མ་རུངས་བའི་སྲིན་མོ་སྟེ། འདིས་གཞན་གྱི་དཔུང་ཐམས ་ཅད་གཞོམ་པ་ལ་སོགས་པ་བྱེད་པར་འགྱུར་རོ། །རྒྱལ་པོ་ལ་སོགས་པ་མི་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུམ་ནི་གོ་སླའོ། །རང་གི་ཁྲག་གི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། བཟློག་སྟེ། ས་མ་ལུས ་ནུབ་པའི་བསམ་པས་རབ་ཏུ་སྦྱར་བ་འདི་ནི་རྡོ་རྗེ་ཁྲོ་བོའི་ས་འོག་གི་ཕྱག་རྒྱ་སྟེ། འདིས་ཐམས་ཅད་ནུབ་པར་འགྱུར་རོ། །ཁམས་གསུམ་ཐམས་ཅད་བསལ་བ་ལ་ནི། ཞེས་བྱ་བ་ལ་སོགས་པ་ལ། ས་འོག་དང། ས་སྟེང་དང། མཐོ་རིས་ནི་འཇིག ་རྟེན་གསུམ་ཐམས་ཅད་དེ། དེ་བསལ་བ་ནི་རྣམ་པར་གཞིག་པའོ། །དེ་ཡང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་སེམས་པའི་སྐྱིལ་མོ་ཀྲུང་བཅས་ལ། ཤིན་ཏུ་ཁྲོས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་བླངས་ཏེ། ཐམས་ཅད ་བྱས་ལ། གཡས་པས་རྡོ་རྗེ་འབར་བ་གསོར་ཞིང་ཧཱུཾ་ཞེས་བྱ་བ་དང། རྡོ་རྗེ་ཧཱུཾ་མཛད་ཀྱིས་རྡོ་རྗེ་འབར་པ་ལས། རྡོ་རྗེ་འཁྲིགས་པ་དུས་མཛའ་ཨི་རླུང་གིས་བསྐྱོད་པའི་བསྐལ་པའི་མེའི་ཕུང་པོ་ལྟ་བུ་སྤྲུལ་ལ། དེས་འཇིག་རྟེན་གསུམ་པོ་ཐམས་ཅད ་?་བར་བྱེད་པར་འགྱུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཁམས་གསུམ་ཐམས་ཅད་གསལ་བར་འགྱུར་རོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ལ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཆོག་གི་རྡོ་རྗེ་ཁྲོ་བས ་སོ་ཞེས་བྱ་བ་ནི་འདིའི་གོང་དུ་བཤད་མ་ཐག་པའི་རྡོ་རྗེ་མེ་ལྟར་འབར་བའི་ཕྱག་རྒྱ་དང་ཧི་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་སྟེ། ཧཱུཾ་ཧི་བྱའོ། །ཁམས་གསུམ་ཐམས་ཅད་དབབ་པ་དང། ཞེས་བྱ་བ་ལ་སོགས ་པ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་སྦྱར་ཏེ། རྡོ་རྗེ་རྩེ་མོར་སྦྱར་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཁྲོ་བོའི་ཕྱག་རྒྱ་སྟེ། འདིས་ཁམས་གསུམ་ཐམས་ཅད་དབབ་པ་དང། །དགུག་པ་དང། གཞུག་པ་དང། ་དབང་དུ་བྱ་བ་དང་།ངེས་པར་གནོན་པར་འགྱུར་རོ། །ཁམས་གསུམ་པ་ཐམས་ཅད་ཞེས་བྱ་བ་ལ་སོགས་པ་ལ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་ནི། བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་གི་ཁྲོ་བོ་སྟེ། འདིས་ཁམས་གསུམ་པོ་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ ་དང། དགུག་པ་དང། གཞུག་པ་དང། བཅིང་བ་དང། དབབ་པ་དང། རྒྱས་གདབ་པ་དང། དབང་དུ་བྱ་བ་དང། གནོད་པར་གྱུར་པ་རྣམས་སྒྲུབ་པར་འགྱུར་རོ། །དེ་ལ་རྗེས་སུ་ཆགས་པར་བྱ་བ་ནི་རང་དབང་དུ་བྱ་བའི་ཕྱིར། མངོན་སུམ་དུ ་ཕྱོགས་ཤིང་དགའ་པར་བྱའོ། །དགུག་པ་ནི་མངོན་པར་འདོད་པའི་གནས་སུ་ཉེ་བར་ཕྱིན་པར་བྱའོ། །གཞུག་པ་ནི་བཀུག་ནས་མངོན་པར་འདོད་པའི་ཕྱོགས་སུ་བཞག་གོ་དབབ་ནི་བབས་པར་བྱས་པའོ། །བཅིང་པ་ནི་མི་འགུལ་བར་བྱས་པ་དང། རྡོ་རྗེ་ལྕགས ་སྒྲག་གིས་བསྡམས་པའོ། །རྒྱས་གདབ་པ་ནི་བསྒྲུབ་པར་བྱ་བའི་སྙིང་གར་རྡོ་རྗེ་འབར་བསྐྱེད་པའོ། །དབང་དུ་བྱ་བ་ནི་བདག་དང་ནོར་དབང་དུ་བྱའོ། །ངེས་པར་གནོན་པ་ནི་ཧཱུཾ་གིས་བརྒྱལ་བར་བྱས་ནས་ཁ་སྦུབ་ཏུ་འགྱེལ་བར་བྱས་པའོ། །བདེ་བ་ཆེན ་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་རྟོག་པའི་རྒྱལ་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདོད་པ་དང། གཟུགས་དང། གཟུགས་མེད་པའི་མཚན་ཉིད་ཅན་གྱི་སྲིད་པ་གསུམ་ནི་ཁམས་གསུམ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དེ་རྣམས་ལས ་རྣམ་པར་རྒྱལ་བའི་ཕྱིར། རྡོ་རྗེ་ལྟར་མི་བྱེད་པའི་དམ་ཚིག་འདའ་བར་མི་བྱེད་པ་གང་ཡིན་པ་དེ་ལ་མིང་དེ་སྐད་བྱའོ། །རྟོགས་པའི་རྒྱལ་པོ་རྫོགས་སོ།། །།དེ་ལྟར་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། ཕྱག་རྒྱ་ཆེན་པོའི་ཡུལ་ལ ་རྡོ་རྗེ་ཧཱུཾ་མཛད་ཀྱི་དབུགས་དབྱུང་བས། ཁྲོ་བས་ཁྲོ་བ་སྤོང་བ་གསུངས་ནས། ད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། ཕྱག་རྒྱ་ཆེན་པོ་དེ་ཉིད་ཀྱིས་དབང་ཕྱུག་ལ་སོགས་པའི་རྟོག་པར་གཏི་མུག་སྤང་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས ་པ་བཅོམ་ལྡན་འདས་འགྲོ་བ་ལ་འདུལ་བའི་དབུག་འབྱུང་བ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདིས་མ་ཐག་པའི་དོན་སྟོན་པར་བྱེད་པ་སྟེ། སྔ་མ་བཞིན་དུ་ཐམས་ཅད་བྱས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདོད་པའི ་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་ལག་ན་རྡོ་རྗེ་ལ་སོགས་པས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པ་དང། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། ། ་བཅོམ་ལྡན་འདས་ཞེས་བྱ་བ་བཤད་ཟིན་ཏོ། །ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱིས་དག་པའི་ཆོས་ཉིད་དེ། དེ་ཐོབ་པ་ནི་ཐུགས་སུ་ཆུད་པའོ། །དེ་ཉིད ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ཅིང་བརྙེས་པས་ན་དེ་བཞིན་གཤེགས་པའོ། །འདོད་ཆགས་སྤྲོས་པ་མེད་པར་བསྟན་པ་ལ་བལྟོས་ནས་ཡང་ཞེས་བྱ་བ་སྨོས་སོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་སེམས་དང། སེམས་ལས་བྱུང་བ་རྣམས་དང། པདྨའི་རིགས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །དེ་ལ་གཟིགས་པས་ན་སྤྱན་རས་གཟིགས་ཏེ། དེ་ཤིན་ཏུ་མཉམ་པར་བཞག་པའི ་སྦྱོར་བས་མངོན་སུམ་དུ་མཛད་པའོ། །དེ་ན་གཙོ་བོར་གྱུར་པས་ན་དབང་ཕྱུག་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་འཆིང་བས་མ་བཅིངས་པའོ། །དེའི་ཡེ་ཤེས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་ངེས་པར་བྱས་པའོ། ། ་དེ་ཉིད་ཕྱག་རྒྱ་སྟེ་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་ནི་དེ་སྐད་ཅེས་བྱའོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་པའི་འོག་ཏུ་སྟོན་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བློ་ལ་བཞག་ནས་འདི་སྐད་དུ་སྨྲས་པའོ། །གསུངས་ཏེ་ཅེས་པ་ནི་བཀའ་ ་སྩོལ་བར་མཛད་པའོ། །འདོད་ཆགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་ཆེན་པོས་འདོད་པའི་ཁམས་ལ་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པའི་ཁམས་གསུམ་པ་ཐམས་ཅད་ཀྱི་ཆགས་པ་ནི་འདོད་པའི་འདོད ་ཆགས་སོ། །དེའི་རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ། དེས་ནི་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །འཇིག་རྟེན་ནི་འཇིག་པས་ན་འཇིག་རྟེན་ནོ། །དེ་ནི་ཁམས་གསུམ་པོ་སྟེ་འཇིག་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདོད ་ཆགས་ཀྱི་རྣམ་པར་ནི་བྱང་ཆུབ་ཆེན་པོའི་སེམས་ལ་རྣམ་པར་རྟོག་པའོ། །གནོད་སེམས་ཀྱི་རྣམ་པ་ཐམས་ཅད་ནི་ཞེ་སྡང་ཐམས་ཅད་དེ། དེའི་རྣམ་པར་དག་པ་ཡང་དེ་བཞིན་ནོ། །ཞེ་སྡང་ཐམས་ཅད་ཀྱི་རྣམ་པར་དག་པར་གྱུར་པ་ནི་ཞེ་སྡང་ཐམས ་ཅད་རྣམ་པར་དག་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་ཞིང་རྒྱུར་གྱུར་པས་རབ་ཏུ་སྒྲུབ་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། འདོད་ཆགས་ཐམས་ཅད་ཀྱི་རྨི་ལམ་ལྟ་བུར་རྟོགས་པ་ཐོབ་པས་ཞེ་སྡང་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་འགྱུར་ཏེ། ་རྗེས་སུ་ཆགས་པ་མེད་པས་ཞེ་སྡད་མེད་པར་འགྱུར་བའི་ཕྱིར་རོ། །དྲི་མ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་རྣམ་པ་སྣ་ཚོགས་པའི་ཚུལ་དུ་ཤེས་པའི་རྣམ་པར་རྟོག་པའི་གཏི་མུག་ཐམས་ཅད་དེ། དེའི་རྣམ་པར་དག་པ་ཡང་དེ་བཞིན་ནོ། ་དྲི་མ་ཐམས་ཅད་རྣམ་པར་དག་པར་གྱུར་པ་ནི། དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་དེ། དེས་ནི་སྡིག་པ་ཐམས་ཅད་རྣམ་པར་དག་པས་འཇུག་པར་འགྱུར་རོ། །དེ་ཡང་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རྣམས་ནི་སྡིག་པ་ཐམས ་ཅད་དོ། །དེ་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དང། གཏི་མུག་དང་བྲལ་པས་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་འབྱུང་བར་མི་འགྱུར་ཏེ། གཏི་མུག་མེད་པས་ན་ཉེ་བར་སྤྱོད་པ་ལ་ཀུན་ཏུ་སྤྱོད་པར་མི་འགྱུར་བའི ་ཕྱིར་རོ། །ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་ཉིད་ལ་རྣམ་པ་སྣ་ཚོགས་པའི་ཚུལ་དུ་ཕྱིའི་རྣམ་པར་རྟོག་པ་གཟུགས་དང། སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་རྣམ་པར་རྟོག་པ་སྟེ། དེའི་རྣམ་པར་དག་པ་ཡང་དེ་བཞིན་ནོ།། ་དེའི་རྣམ་པར་དག་པར་གྱུར་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱི་སྟེ། དེ་ཡིས་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ལ་འཇུག་པར་འགྱུར་ཏེ། ཚངས་པའི་གཟུགས་ཀྱིས་འདུལ་བར་འགྱུར་བ་དང། འདོད་པའི་ཡོན་ཏན་ལྔ་ལ་མངོན་པར་ཞེན་པ་ནི་སེམས་ཅན་ཐམས ་ཅད་དོ། །དེ་རྣམས་རྣམ་པར་དག་ནི་ཚངས་པ་ལ་སོགས་པ་རྨི་ལམ་ལྟ་བུར་རྟོགས་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཆོས་ཐམས་ཅད་རྣམ་པར་དག་པར་རྟོགས་པར་འགྱུར་བས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་གྱུར་ཏེ། དེ་ལ་དམིགས་པའི ་དངོས་པོ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཤེས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ནི་ཤེས་པ་ཐམས་ཅད་དེ་ཇི་སྐད་དུ་བཤད་པའི་ཤེས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་རྣམ་པར་དག ་པ་ཡང་དེ་བཞིན་ནོ། །ཤེས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་བ་ནི་ཤེས་པ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་སོ། །ད་ནི་འཇིག་རྟེན་དུ་ཇི་སྐད་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་རྣམ་པར་དག་པའི་རྒྱུར་གྱུར་པར་སྒྲུབ་པར་བྱེད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། རྣལ་འབྱོར་པས་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་ཐམས་ཅད་སྒྱུ་མ་དང་མཚུངས་པར་རྟོག་པས་མེ་ལོང་ལྟ་བུ་དང། མཉམ་པ ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པར་འགྱུར་རོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟོགས་པར་འགྱུར་ཏེ། ཤེས་པ་ཐམས་ཅད ་རྣམ་པར་དག་པའི་རྒྱུ་ཅན་ཡིན་པའི་ཕྱིར། །ལག་ན་རྡོ་རྗེ་གང་ལ་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འདོད་ཆགས་དང་དྲི་མ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐོབ་པ་ལ ་སོགས་པ་དང་ལྡན་པ་དེ་ནི་ཇི་སྐད་དུ་བཤད་པའི་འདོད་ཆགས་ཏེ་འདོད་པའི་འདོད་ཆགས་ཐམས་ཅད་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི ་གཟུགས་ཀྱི་གནས་ནས་མཆོག་ཏུ་གྱུར་པའི་འདོད་པ་རྣམས་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཏུ་ཟིན་ཀྱང་སྔ་མ་བཞིན་དུ་འདོད་ཆགས་ཀྱི་ཉེས་པས་གོས་པར་མི་འགྱུར་ཏེ། མ་རིག་པའི་ངོ་བོ་ཉིད་ཀྱི་གློ་བུར་བའི་དྲི་མ་རྣམས ་ཀྱིས་གོས་པར་མི་འགྱུར་རོ། །མྱུར་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་འཚང་རྒྱ་བར་ཡང་འགྱུར་རོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་དང་པོའི་སྦྱོར ་པའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པར་བྱེད ་པའི་ཚིག་གོ་།བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དོན་གྱིས་གནས་འདི་ཉིད་ཅེས་བྱ་བ་འདོད་ཆགས་རྣམ་པར་དག་པ་ལ་སོགས་པའི་གནས་ལྔ་པོ་བཤད་མ་ཐག་པའོ། ་ཡར་རྒྱ་ཆེར་སྟོན་ཅིང་ཞེས་བྱ་བ་ནི་སྔར་གསུངས་པའི་ཚིག་དང་ཡི་གེ་དང་དོན་ལས་གཞན་དུ་གྱུར་པ་དག་གིས་ཧྲི:ཞེས་བྱ་པའི་ཡི་གེ་སྤྲུལ་ནས་ཡང་སྟོན་པར་མཛད་པས་ན་ཡང་རྒྱ་ཆེར་སྟོན་ཅིང་ཞེས་བྱའོ། །བཞིན་རབ་ཏུ ་འཛུམ་མུལ་ཏེ་ཞེས་བྱ་བ་ནི་ཞལ་འཛུམ་པ་དང་བཅས་པའོ། །པདྨའི་འདབ་མཁའ་བྱེད་པས་ཞེས་བྱ་བ་ལ་སོགས་ནི་གཡོན་པའི་པདྨའི་ཁུ་ཚུར་གྱི་པདྨ་དམར་པོ་བླངས་ནས་བསྙེམས་པའི་ཚུལ་གྱིས་འཛིན་ཅིང་ཕྱག ་གཡེས་པས་དེ་འབྱེད་ལ། ཇི་སྐད་གསུངས་པའི་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་བལྟ་ཞིང་རྣམ་པར་རྟོག་པའོ། །འགྲོ་བ་ཐམས་ཅད་ནི་པདྨའི་རིགས་ཏེ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་པདྨའི་གཟུགས་སྣ་ཚོགས་པ ་ཞེས་མིང་དུ་བཏགས་པའི་ཧྲི(རྒྱུད་འགྲེལ་ཕྱིར་ངེས་པར་བསྐྱེད་པར་མཛད་ནས་ཧྲི:ཞེས་བྱ་བ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཧྲཱི:ཞེས་བྱ་བ་གསུངས་པ་ཙམ་གྱིས་རྗེས་ཐོགས་ཉིད་ལའོ། །པདྨ་ཆེན་པོ་དེ་ལས་ཞེས་བྱ་བ་ནི ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་འདབ་མ་ཁ་འབྱེད་པའི་ཚུལ་གྱིས་འཛིན་པར་མཛད་པ་དེ་ལས་སོ། །དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་གྱིས་ཁམས་ཐམས་ཅད་ཀྱི་རྡུལ ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་ཉིད་ལ་སོགས་པ་གང་ཡིན་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཐམས་ཅད་དེ། དེ་རྣམས་བྱུང་ནས་དཀྱིལ ་འཁོར་གྱི་ཚུལ་དུ་བཞུགས་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །དེ་རྣམས་ཀྱང་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། །བཅོམ་ལྡན་འདས་དང་འདྲ་བ་ཞེས་བྱ་བ་གསུངས་ཏེ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས ་དབང་བྱུག་གི་པདྨ་ཆེན་པོ་ལས་མངོན་པར་བྱུང་བས་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་འདྲ་ཞིང། པདྨའི་མཚན་མ་དང་པདྨས་མཚན་པའི་མཚན་མའོ་མཚན་མ་གང་ཞེ་ན། པདྨས་མཚན་པར ་ངེས་པར་བྱུང་ནས་ཞེས་གསུངས་ཏེ། ངེས་པར་བྱུང་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས་བརྩམས་ཏེ་བཞུགས་པར་གྱུར་ཏོ། །ཞེས་བྱ་བའི་བར ་གྱི་བཤད་པས་ནི་དེ་བཞིན་དུ་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་སྔོན་དུ་འགྲོ་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དམ་ཚིག་དང་དབང་བསྐུར་པ་ཐོབ་པ་རྣམས ་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ། །ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ཏེ། ་དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། སྔོན་དུ་བསྙེན་པའི་ལས་བྱས་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ཀྱང་ཡིན་ལ ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། འདོད་ཆགས་ལ་སོགས་པ་ཇི་སྐད་དུ་བཤད་པ་རྣམས་དང་པདྨའི་རིགས་སོ། །དེ་དག་ཉིད་ལ་གཟིགས་པ་ནི་ཡེ་ཤེས་གང་གིས་སོ་སོར་རྟོགས་པར་མཛད་པ་དེ་ཉིད་ནི་ཆོས ་ཐམས་ཅད་ལ་གཟིགས་པའི་ཡེ་ཤེས་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་ངེས་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏེ། །ངེས་དབང་ཕྱུག་ཏུ་གྱུར་པ་ནི་སྔ་མ་བཞིན་ནོ། །དེའི་ཡེ་ཤེས་ནི་འགྲོ་བ་འདུལ་པའི ་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ངེས་པར་བྱས་པའོ། །ཡེ་ཤེས་དེ་ཉིད་ཕྱག་རྒྱ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་དམིགས་པའི་ཏིང་འཛིན་ནི་ཆོས་ཐམས་ཅད་ལ་གཟིགས་པའི་ཡེ་ཤེས་ཀྱིས་དབང་ཕྱུག་སྟེ། ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །འགྲོ་བ་ཐམས་ཅད་ནི་སེམས་ཅན་གྱི་ཁམས་ཏེ་དེ་གང་གིས་འདུལ་བར་གྱུར་པ་དེ་ནི། འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ ་འདི་ཞེས་བྱ་བ་ནི་དེ་སྔ་མ་བཞིན་ནོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩེལ་པ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་འགྲོ་བ་ཐམས་ཅད་འདུལ་བར་ཞེས་བྱ་བའི་དཀྱིལ་འཁོར་ཆེན ་པོ་གསུངས་སོ། །ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་བསྒོམས་ནས་མཚན་མ་ཐོབ་པས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་པར་འགྱུར་བ་ཡིན་ནོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས ་དཔའ་ཨི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནང་དུ་གཉིས་པ་ནི་ཟུར་བཞི་པ་ལ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་དབུས་སུ་དཀྱིལ་འཁོར་གཉིས་པ་བྲི་བར་བྱའོ། །དེ་བཞིན་དུ་སྒོ་དང་མཚམས ་རྣམས་སུ་བཅས་པ་བྲི་བར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་དེ་ཁོ་ན་ཉིད་བསྡུས་པར་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་དཀྱིལ་འཁོར་དབུས་མ་སྒོ་བཞི་ལ་བལྟས་པ་དང་མཚམས་བཞི་ཇི་ལྟར་ཡོད་པ་དེ་བཞིན་དུ་སྤྲུལ་པའི་དཀྱིལ་འཁོར ་འདི་ཉིད་ཀྱང། སྒོ་དང་བཅས་པར་དེ་བཞིན་དུ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་དུ་ཐིག་བཞི་ཐིག་བཏབ་པ་ལ་ནི་ཞེས་བྱ་བ་ནི་དེ་ལྟར་ནང་གི་དཀྱིལ་འཁོར་ཟུར་བཞི་པ་བྲིས་ལ། ཤར་དང་ནུབ་དང་བྱང་དང། ་ལྷོར་ཐིག་བཞི་བཏབ་སྟེ། དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོ་ག་འདིས་ཐིག་བཞི་དང་ཐིག་གདབ་པར་བྱ་སྟེ། ཚོན་དམར་པོས་ཀ་བ་བརྒྱད་ཀྱི་ཚུལ་དུ་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན ་འདས་དགོད་པར་བྱའོ། །ཞེས་བྱ་བ་ཀ་བ་བརྒྱད་ཀྱི་ཚུལ་གྱིས་བྲིས་པའི་ནང་གི་དཀྱིལ་འཁོར་གྱི་དབུས་སུ་སྟེ། པདྨའི་ལྟེ་བ་ལ་པདྨའི་གདན་ལ་འཇིག་རྟེན་དབང་ཕྱུག་བྲི་བར་བྱའོ། །དེའི་མདུན་དུ་ཞེས་བྱ་བ་ལ་སོགས ་པའི་ནི་གོ་སླའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ཞེས་བྱ་བ་ལ་སོགས་པ་ལ་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ལྷོ་མཚམས་སུ་པདྨ་ཆེན་པོས་འཛིན་ལྷ་མོ་མིང་ཤྲཱི་ཞེས་བྱ་བ་ཕྱག་གཡོན་པ་པདྨ་བསྣམས་པ་། ་གཡས་ན་གཏེར་གྱི་བུམ་པ་བསྣམས་པའོ། །ལྷོ་ནུབ་མཚམས་སུ་པདྨ་ཆེན་པོ་རྒྱ་མཚོ་མིང་ཧྲཱི:ཞེས་བྱ་བ་ཕྱག་གཡོན་པ་པདྨ་བསྣམས་པ། གཡས་ན་སྤྲུལ་གྱི་ཞགས་པ་བསྣམས་པའོ། །ནུབ་བྱང་མཚམས་སུ་པདྨ་ཆེན་པོ་ཉི ་མའི་མིང་གཱི་ཞེས་བྱ་བ་ཕྱག་གཡོན་པ་ན་པདྨ་བསྣམས་པ། གཡས་ན་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་བསྣམས་པའོ། །བྱང་ཤར་མཚམས་སུ་པདྨ་ཆེན་པོ་རླུང་གི་ལྷ་མོ་མིང་དྷཱི་ཞེས་བྱ་བ་ཕྱག་གཡོན་ན་པདྨ་བསྣམས་པ། ་གཡས་ན་བ་དན་བསྣམས་པ་ལེགས་པར་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་པདྨ་ཆེན་པོ་ཆགས་པའི་མཚོན་ཆའི་མཚན་མ་བུད་མེད་ཀྱི་གཟུགས་དང། ལྷོར་པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་གི་མཚན་མ་སྦྲུལ་གྱི་གཟུགས ་དང། ནུབ་ཏུ་པདྨ་ཆེན་པོ་ནག་པོའི་མཚན་མ་ཕག་གི་གཟུགས་དང། བྱང་དུ་མི་མཇེད་ཀྱི་བདག་པོ་ཚངས་པའི་མཚན་མ་པདྨའི་གཟུགས་བྲི་བར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་འགྲོ་བ ་འདུལ་བའི་སྦྱོར་བས་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་།ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་བར ་དུ་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་པོ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་ཡང་དག་པར་བཞག་སྟེ། ཉི་མ་འཆར་པའི་དུས་སུ ་ཐིག་ལེགས་བར་གདབ་པར་བྱ་སྟེ། འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ་འཁོར་དང་འདྲའོ། །དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་རི་མོ་གཉིས་ཕྱིའི་དཀྱིལ་འཁོར་གྱི་སྒོ་བཞི་ལ་མངོན་དུ་བལྟས་པ། མཚམས ་བཞི་པོ་རི་མོ་གཉིས་ཀྱི་དབུས་ན་གནས་པ། པདྨའི་ཕྲེང་བས་ཀུན་ཏུ་མཉེས་པར་མཛེས་པར་བྱས་ལ། ནང་གི་དཀྱིལ་འཁོར་སྒོ་མེད་པར་བྲིས་ཏེ། འདིས་ཀ་བ་བརྒྱད་ཀྱི་ཚུལ་དུ་པདྨ་འདབ་མ་བརྒྱད་བྲི་བར་བྱའོ། །དེ་ནས ་ཕྱི་དང་ནང་དུ་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་རྣམས་ལ་དབུས་སུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གཡོན་བསྙེམས་པས་རྡོ་རྗེ་པདྨ་འཛིན་ཅིང་ཐུགས་ཀའི་ཕྱོགས་སུ་འབྱེད་པར་མཛད ་པ་སྐུ་མདོག་དམར་སྐྱ་ཞལ་འཛུམ་མུལ་བ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་བཞུགས་པ། འོད་དཔག་ཏུ་མེད་པའི་ཅོད་པན་གྱི་དབང་བསྐུར་བ། ཟླ་བའི་འོད་ཅན་བྲི་བར་བྱའོ། །དེའི་ཤར་གྱི་པདྨའི་འདབ་མ་ལ་པདྨ་ཆེན་པོ་སྐུ་མདོག ་དམར་བ། འདོད་པའི་ལྷའི་གཟུགས་འཛིན་པ། མེ་ཏོག་པདྨ་དང་མངའ་གཞུ་བསྣམས་པ་བྲི་བར་བྱའོ། །དེའི་ལྷོ་ཕྱོགས་སུ་པདྨ་ཆེན་པོ་གཏུམ་པོའི་དབང་ཕྱུག་སྐུ་མདོག་ནག་པོ་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པ། ་ཁྲོས་པ་སྤྱན་གསུམ་པ་ཕྱག་བཞི་པ་སྟེ། དེ་ལ་ཕྱག་གཡས་གཉིས་ན་ཏྲི་ཤཱུ་ལ་དང་པདྨ་བསྣམས་པ། གཡོན་གཉིས་ན་ཁ་ཊཝཱཾ་ག་དང་ཐོད་པ་བསྣམས་པའོ། །དེའི་རྒྱབ་དུ་པདམེ་ཆེན་པོ་ཁྱབ་འཇུག་གི་གཟུགས་འཛིན་པ། ་སྐུ་མདོག་ནག་པོ་ཕྱག་བཞི་པ་སྟེ། དེ་ལ་ཕྱག་གཡས་གཉིས་ན་པདྨ་དང་འཁོར་ལོ་བསྣམས་པ། གཡོན་གཉིས་ན་དབྱུག་པ་དང་དུང་བསྣམས་པའོ། །དེའི་བྱང་དུ་གནས་པའི་པདྨ་ལ་པདྨ་ཆེན་པོ་མི་མཛད་ཀྱི ་བདག་པོ་ཚངས་པའི་གཟུགས་འཛིན་པ། སྐུ་མདོག་དཀར་པོ་ཞལ་བཞི་པ། ཕྱག་བཞི་པ། གཡས་ན་དབྱུག་པ་དང་བགྲང་ཕྲེང་འཛིན་པ། གཡོན་གཉིས་ན་པདྨ་དང་རིལ་པ་སྤྱི་བླུགས་བསྣམས་པའོ། །ཤར་ལྷོ་མཚམས ་ཀྱི་པདྨའི་འདབ་མར་སྣ་ཚོགས་པདྨ་ལ། པདྨ་ཆེན་པོས་འཛིན་པ། ས་ཆེན་པོ་འཛིན་གཡོན་བརྐྱང་བས་གནས་པ་སྟེ། དེ་ལ་ཕྱག་གཉིས་ཀྱིས་གཅིག་ལ་གཅིག་བཟུང་བའི་ཚུལ་གྱིས་བཞུགས་ཤིང། ཕྱག་གཡོན་པ་འདེབས ་པས་ས་འཛིན་པར་མཛད་པ། ཡང་ཕྱག་གཡོན་པ་གཉིས་ན་དུང་དང་པདྨ་བསྣམས་པ། གཡས་གཉིས་ན་འཁོར་ལོ་དང་དབྱུག་པ་བསྣམས་པའོ། །ལྷོ་ནུབ་མཚམས་སུ་པདྨ་ཆེན་པོ་རྒྱ་མཚོ་ཆུ་ལྷའི་གཟུགས་འཛིན་པ་སྐུ་མདོག ་དཀར་པོ་གདེངས་ཀ་བརྒྱད་པ། གཡས་ན་པདྨ་བསྣམས་པ། གཡོན་ན་སྤྲུལ་གྱི་ཞགས་པ་བསྣམས་པའོ། །ནུབ་བྱང་གི་མཚམས་སུ་པདྨ་ཆེན་པོ་ཉི་མ་སྐུ་མདོག་དམར་པོ་ཕྱག་གཡས་ན་པདྨ་བསྣམས་པ། གཡོན ་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་བསྣམས་པ་གཞག་པར་བྱའོ། །བྱང་ཤར་མཚམས་སུ་པདྨ་ཆེན་པོ་རླུང་གི་གཟུགས་འཛིན་པར་མཛད་པ། སྐུ་མཛོགས་ནག་པོ་ཕྱག་རྒྱས་ན་བ་དན་བསྣམས་པ། ་།ཡོན་ན་པདྨ་བསྣམས་པ་བྲི་བར་བྱའོ། །ལྷག་མ་རྣམས་ནི་སྔར་སྨྲས་པ་བཞིན་ནོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཧྲཱི(རྒྱུད་འགྲེལ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་ཀྱིས་དེ་བཞིན་ཉིད་དང། དོན་ཐམས་ཅད་ལ་ཆགས་པ་ཉིད་དང། དེ་སྟོན་པའི་མཚན་མ་ནི་འདོད་ཆགས་ཀྱི་མཚན་མ་བུད་མེད་ཀྱི་གཟུགས་ཞེས་བྱ་བ་བུད་མེད་ཀྱི་ལུས་ཏེ། ངེས ་ནི་དའི་ངོ་བོ་ཉིད་དུ་སྟོན་ཏེ། བུད་མེད་ཆགས་པས་འགྲོ་བ་བདེ་བྱེད་ཕྱིར་ཞེས་བཤད་པའི་ཕྱིར་རོ། །པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ནི་ཞེ་སྡང་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ངེས་གདུག་པ་རྣམས་ལ་སྡང་བ་ནི་བྱང་ཆུབ ་ཀྱི་སེམས་ཆེན་པོ་ཞེས་བྱ་བའི་ཆོས་ཉིད་དེ་སྟོན་པའི་བྱང་ཆུབ་ཀྱིས་ཞེ་སྡང་བཟློག་པར་འགྱུར་ཏེ། དེའི་མཚན་མ་ནི་སྦྲུལ་གྱི་གཟུགས་ཞི་སྡང་ངོ་བོ་ཉིད་མེད་པར་སྟོན་པ་སྟེ། ཞེ་སྡང་ནི་དྲག་པོའོ་ཞེས་གསུངས་པའི་ཕྱིར་རོ། །པདྨ་ཆེན་པོ ་ནག་པོ་ནི་གཏི་མུག་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོའི་མཚན་ཉིད་ཅན་ཉིད་ལ་ལྟ་བ་དྲུག་ཅུ་རྩ་གཉིས་རྣམ་པར་རྟོག་པས་དབང་ཕྱུག་ལ་སོགས་པ་ཡོངས་སུ་བརྟགས་པས་གདུལ་བྱ་རྣམས་ཡོངས་སུ་འཁྲུལ་པར་གྱུར་པ་ལ་དེ་རྣམས ་ཀྱི་དངོས་པོ་ལ་མངོན་པར་ཞེན་པ་སྤང་པར་བྱ་བའི་གཏི་མུག་མཉམ་པ་ཉིད་སྟོན་པར་མཛད་པས་དེའི་ཚུལ་གྱིས་ན་གཏི་མུག་ལ་ཁྱབ་འཇུག་ཅེས་བཤད་དོ། །དེའི་མཚན་ནི་ཕྱག་གི་གཟུགས་ཏེ། ཆོས་ཉིད་དེ་སྟོན་པར་མཛད་པའོ། ་མི་མཛད་ཀྱི་བདག་པོ་ཚངས་པ་ནི་ཐར་པ་སྟེ། ཀུན་ཏུ་དགའ་བ་ཚངས་པའི་གཞི་ཞེས་ཟེར་བའི་ཕྱིར་རོ། །ཞེས་བཤད་དེ། དེའི་ཕྱིར་དེའི་མཚན་མ་ནི་པདྨ་སྟེ། དེས་དྲི་མ་ཐམས་ཅད་དང་བྲལ་བ་སྟོན་པའི་ཕྱིར་རོ། ་དེ་ལྟར་མཚན་མ་དེ་རྣམས་ཀྱིས་མཚོན་པའི་དོན་བཤད་པས་འདུལ་བྱ་རྣམས་ཀྱིས་འདོད་ཆགས་ལ་སོགས་པའི་མཉམ་པ་ཉིད་རྣམ་པར་བསྒོམས་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་སྒོ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔའི ་ངོ་བོ་ཉིད་རྟོགས་ནས། ཐར་པ་ཆེན་པོའི་གྲོང་ཁྱེར་བྱང་ཆུབ་ཆེན་པོའི་སེམས་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ། དེ་བས་ན་འདི་དག་ནི་སྒོ་རྣམས་སུ་བྲི་བར་བྱའོ། །དེ་ནས་གོས་དཀར་པོ་ཞེས ་བྱ་བ་ལ་སོགས་པས་དེ་ལྟར་དཀྱིལ་འཁོར་བྲིས་ནས་དེའི་རྗེས་ཐོགས་ཉིད་ལ་སློབ་དཔོན་རས་དཀར་པོ་ལ་པདྨའི་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པ་ངེས་སྨད་གཡོགས་དང། སྟོང་གཡོགས་དང། གདོང་གཡོགས་བྱས་ལ་ཇི་ལྟ་བ ་བཞིན་ཏུ་ཞུགས་པའི་པདྨའི་རིགས་ཀྱི་སློབ་དཔོན་ནི་འདི་ལྟར་རང་ཉིད་འཇུག་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཇི་ལྟར་པདྨ་དམར་པོ་འདི་ཞེས་བྱ་བ་ལ་ཇི་ལྟར་འདམ་གྱི་ནང་ན་གནས་ཀྱང་འདམ་གྱིས་མི ་གོས་རང་བཞིན་གྱིས་ཁ་དོག་དམར་བའི་པདྨ་དམར་པོ་ནི་རང་བཞིན་གྱིས་ཁ་དོག་དམར་པོ་ལ་རང་གི་ཉེས་བ་ཆུ་ལས་བྱུང་བའི་འདམ་ལ་སོགས་པ་གོས་པར་མི་འགྱུར་རོ། །གདན་ཞེ་ན་འདམ་གྱི་ནང་ནའོ། །དེ་བཞིན་དུ་རྣམ་པར ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་ཆགས་དང་བཅས་པར་ཁམས་གསུམ་ན་སྦྱོང་བའི་ཉོན་མོངས་པ་རྣམས་མེད་པར་ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱི་ཆགས་པ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག ་ལ་སོགས་པ་འཁོར་པའི་མཚོ་ཡི་དབུས་ན་འཁོར་བ་ནས་བྱུང་བའི་ཉེས་པ་རྣམས་ཀྱིས་མི་གོས་པས་ན། དེ་ལྟར་ཞེས་བྱའོ། །དེ་བཞིན་ཞེས་བྱ་བའི་སྒྲ་གཉིས་པ་ནི་ངེས་པར་བཟུང་བ་སྟེ། ཇི་ལྟར་པདྨ་འདམ་གྱི་ནང་ན ་དམར་དུ་ཟིན་ཀྱང་ཆུའི་ཉེས་པས་མི་གོས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་རྣམས་ནི་འཁོར་བའི་འདམ་གྱི་ནང་དུ་སྐྱེས་ཤིང་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་སུ ་ཟིན་ཀྱང་འཁོར་བའི་ཉེས་པས་གོས་པར་མི་འགྱུར་རོ། །དེ་ལྟར་ཆོས་རྣམས་བསྒོམས་ན་ནི་ཞེས་བྱ་བ་ནི་ཇི་ལྟར་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་ཀྱང་འདོད་ཆགས་ལ་སོགས་པའི ་འཁོར་བའི་ཆུའི་ཉེས་པ་ལས་ངེས་པར་གྲོལ་བ་ཡིན་ནོ། །དེ་བཞིན་དུ་ལས་དང་པོའི་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་བསྒོམ་ཞིང། ཡང་དང་ཡང་དུ་མངོན་སུམ་དུ་བྱེད་ལ། ་སྙིང་རྗེ་ཆེན་པོའི་ཆགས་པས་ཆགས་ན་བློ་ལྡན་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པ་དང་ལྡན་པའོ། །ཉོན་མོངས་ཅན་དུ་གྱུར་ཀྱང་ཞེས་བྱ་བ་ནི་འཁོར་བའི་ཉོན་མོངས་པ་ཅན་དང། ཉེ་བའི་ཉོན་མོངས་པ་ལ་སོགས་པ ་དང་ལྡན་དུ་ཟིན་ཀྱང་ངོ། །ཉོན་མོངས་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་བྱང་ཆུབ་མཆོག་ཐོབ་འགྱུར། ཞེས་བྱ་བ་ནི་ཉོན་མོངས་ཐམས་ཅད་ལས་རྣམ་པར་གྲོལ་པའི་བསྒོམ་པའི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་རྟོག་པས་མྱུར་བ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང། སངས་རྒྱས་ཉིད་འཐོབ་པར་འགྱུར་བའོ། །ཏིང་འཛིན་འདི་ལ་གཟིགས་པས་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་པས་སོ། །དེ་བཞིན་གཤེགས་པ་ཐམས ་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་བསྒོམ་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ནི་དབང་ཕྱུག་ཉིད་དུ་འཐོབ་པར་འགྱུར་ཞིང་རྟོགས་པར་འགྱུར་པ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང ་བྲལ་བས་རང་དབང་དུ་སྤྱོད་པར་མཛད་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བཏགས་སོ་ཞེས་བྱ་བ་ནི་རང་དབང་དུ་གྱུར་པ་ཐུགས་སུ་ཆུད་པ་དེས་དེའི་རྗེས་སུ་འགྲོ་བའི་དོན་ལས། བཅོམ་ལྡན་འདས ་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བརྟགས་པའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་བསྒོམ་པའི་དུས་ནས་ཉེ་བར་བཟུང་ནས་སོ། །བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ་ནི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་རྣམ་པར་དག་པ་དེ་ཐུགས་སུ་ཆུད་པ་དང། རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཐོབ་པས་སོ། །དུས་ཇི་སྲིད་ཅིག་གི་བར་དུ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་དག་པར་འགྱུར་ཞེ་ན། བྱང་ཆུབ་ཀྱི་སྙིང ་པོའི་བར་དུ་ཞེས་བྱ་བ་གསུངས་ཏེ། ཇི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་མ་བྱས་པ་དེའི་བར་དུ་།དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཐོབ་པ་ལ་གནས་སུ་གྱུར་པའི་སྒྲིབ་པ་དང ་ལྡན་པར་མི་འགྱུར་བའོ། །མྱུར་དུ་འཚང་རྒྱ་བ་ཉིད་འཐོབ་པར་འགྱུར་ཏེ། ཞེས་བྱ་བ་ནི་གོ་བར་ཟད་དོ། །སློབ་མ་གཞུག་པའོ་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི། ཇི་ལྟར་སློབ་དཔོན་གྱི་འཇུག་པ་ལ་སོགས ་པའི་ཆོ་ག་རྒྱས་པ་བཟླས་མ་ཐག་ཏུ་བཤད་པ་དེ་བཞིན་དུ་པདྨའི་སློབ་མ་རྣམས་ཀྱི་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ནི་གཏི་མུག་གི་གཉེན་པོའི་ཕྱོགས་སུ་གྱུར་པ་འདོད་ཆགས་ཐམས ་ཅད་རྣམ་པར་དག་པ་ལ་སོགས་པ་ཇི་སྐད་དུ་བཤད་པའི་ཡེ་ཤེས་རྣམ་པ་ལྔ་ནི་ཡེ་ཤེས་ཏེ། དེ་ལས་བྱུང་བའི་པདྨའི་རིགས་ཀྱི་དཀྱིལ་འཁོར་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་ནས་གོས་དཀར་པོ་ཞེས་བྱ་བ་ནས་བརྩམས་ཏེ། འདིའི ་བར་གྱི་དོན་ཡང་འདི་ལྟར་ཡང་ཤེས་པར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་བྲིས་ནས་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྦྱོར་བས་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། འཇུག་པའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི ་པདྨའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་པའི་བུམ་པ་དང། ལྷ་ཐམས་ཅད་ཀྱི་བུམ་པ་དང། བུམ་པ་གང་བ་རྣམས་ཧྲི:ཞེས་བྱ་བས་རེ་རེ་ཞིང་ལན་བརྐྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་སྟེ། རྡོ་རྗེ་བསྡུ་བ་བྱས་ལ། ་བ་ཆོས་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང། བཅོམ་ལྡན་འདས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ། གསང་བའི་ལྕགས་ཀྱུ་དང། ཧྲཱི་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ་རྡོ་རྗེ ་གནོད་སྦྱིན་གྱིས་བགེགས་བསྐྲད་དོ། །མཚམས་དང་དཀྱིལ་འཁོར་བཅིང་བ་དང་ར་བ་དང་དྲ་བ་དག་བྱས་སྟེ། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་སྒོ་བཞི་བཅིངས་ལ། རྡོ་རྗེ་བསྲུངས་པས་བསྲུང་བ་ཐམས་ཅད་གོ་ཆ་བསྐོན་ཏེ། ་ཧྲཱི་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། དམ་ཚིག་གི་ཕྱག་རྒྱ་དང་། ཧྲཱི་དང་དྲི་ཤྱ་ཞེས་བྱ་བས་འཁོར་དང་བཅས་པས་བལྟ་བར་བྱ་སྟེ། ཛ:ཧཱུཾ་བཾ་ཧོ:ས་མ་ཡསྟཝེ?། ས་མ་ཡ་སྟཝཾ་ཨ་ཧཾ། ཧྲི:ཞེས་བྱ་བ་དང་བསྒྲུབ་པར་བྱའོ། །རྡོ་རྗེ་ཐལ་མོ་ཁོང་སྟོང ་དུ་སྦྱར་བ་ལས་གུང་མོ་གཉིས་བསྙམས་ལ། མཐེ་བོང་མཐེ་ཆུང་ཕྱེ་སྟེ། པདྨའི་འདབ་མ་འདྲ་བར་བྱ་བ་འདི་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། པདྨ་ཆེན་པོའི་ཕྱག་རྒྱ་ཡང་འདི་ཉིད་ཡིན་ནོ། །འཇུག་པའི་དམ་ཚིག་གི་ཕྱག་རྒྱ ་པདྨའི་མེ་ཏོག་དང་ལྡན་པ་བཟུང་ལ། དེ་ནས་ལྕེ་ལ་ཧྲཱི་ཞེས་བྱ་བ་ཨི་ལྟ་བ་བཞིན་བསམ་ཞིང། ལྷ་ཐམས་ཅད་ཀྱི་ལྗགས་ལ་ཡང་བསམ་པ་འདི་ནི་ཆོས་ཀྱི་ཕྱག་རྒྱའོ། ། ལས་སྙིང་གར་སྣ་ཚོགས་པདྨ་བསམས་ལ། འགྲོ་བ ་འདུལ་བ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཧྲི་ཞེས་བྱ་བ་ཟློས་ཤིང། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། པདྨའི་ཁུ་ཚུར་བཅིངས་ལ་གཡས་པས་གཡོན་པ་དབྱེ་བ་འདི་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱའོ། །གཞན་རྣམས ་ཀྱི་ནི་ཕྱག་རྒྱ་ཆེན་པོ་ཉིད་དོ། །དེ་ནས་ཧྲི་ཞེས་བྱ་བས་རང་གི་སྙིང་གར་པདྨ་བསམས་ལ། ཕྱག་རྒྱ་ཆེན་པོ་བྲིས་པའི་རྗེས་སུ་མཐུན་པར་ཧྲཱི:ཞེས་བྱ་པ་ཉིད་ཟློས་ཤིང་བཅིང་བར་བྱའོ། །དེ་ནས་བཅོམ་ལྡན་འདས ་འོད་དཔག་ཏུ་མེད་པའི་དབང་བསྐུར་བ་དང་པདྨའི་ཕྲེང་བའི་དབང་བཀུར་བ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ལ་། སྔ་མ་བཞིན་དུ་མཆོད་ཡོན་དང། དུམ་པ་གང་བ་དང། ན་བཟའ་དང། བླ་རེ ་ལ་སོགས་པ་ཡང་ཕུལ་ཏེ། མེ་ཏོག་གི་ཤིང་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་པ་བྱས་ལ། ཕྱི་རོལ་ཏུ་གླུ་དང་གར་དང་རོལ་མོ་དང་རྟ་དང་གླང་པོ་ཆེ་དང། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆེད་པ་བྱེད་དུ་གཞུག་གོ། ་དེ་ནས་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང། དཔག་བསམས་གྱི་ཤིང་དང་ཁ་ཟས་རོ་བརྒྱ་ལ་སོགས་པའི་བཀོད་པ་སྤྲུལ་ལ། དེ་འདིས་དབུལ་བར་བྱ་སྟེ། ་ཕྱག་འཚལ་བའི་ཐལ་མོ་དཔྲལ་བའི་ཕྱོགས་སུ་སྦྱར་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ། ཨཱ་བརྡྷ་ཡ་ཧོ། དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ། རས་དཀར་པོ་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་ཏེ། གཅིག་གིས ་སྨད་གཡོགས་བྱ་གཉིས་པ་སྟོད་གཡོགས་བྱས་ལ། ཡང་གཅིག་ལ་རྟ་མགྲིན་ལ་སོགས་པ་སྒོ་སྲུངས་བཞིའི་སྙིང་པོ་བཟླས་པས་རང་གི་གདོང་གཡོགས་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་པས་དེ་བཞིན་དུ་སྡོམ་པ ་བླངས་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། རྡོ་རྗེ་པདྨ་རྡོ་རྗེ་ལྟེ་བ་ལྟ་བུའི་སྙིང་གར་པདྨའི་ཁུ་ཚུར་བཞག་ལ། སྔ་མ་བཞིན་དུ་སྒོ་ལ་མངོན་པར་ཕྱོགས་ནས་གནས་པའི་དབུས་སུ་བུམ་པའི་ཆུས་བདག་ཉིད་དབང་བསྐུར་སྟེ། འཇུག་པའི ་དམ་ཚིག་གི་ཕྱག་རྒྱས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་པདྨའི་མེ་ཏོག་དང་བཅས་པ་བཅིངས་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ནས། བཛྲ་བཛྲ་ཧྲཱི:ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། ཨོཾ་ཧ་ཡ ་གྲཱི་བ་མ་ཏཱ་པདྨ་ཨཾ་ཀུ་ཤ་ཨཱ་ཀརཥ་ཡ་ཤཱི་གྷཾ་སརྦ་པདྨ་ས་མ་ཡ་པདམཱཾ་ཀུ་ཤ་དྷ་ར་ཧཱུཾ་ཛ(རྒྱུད་འགྲེལ་བེ་ཤ་ཡ་མ་ཧཱ་པ་ཤུ་པ་ཏི་ཡ་མ་བ་རུ་ཎ་ཀུ་བེ་ར་བྲཧམ་པེ་ཤ་དྷ་ར་སརྦ་པདྨ་ཀུ་ལ་ས་མ་ཡཱཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་དང། ཡང་བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པས་གཞུག་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་། ཨོཾ་པདྨ ་སཕོཊ་བནདྷ་སརྦ་པདྨ་ཀུ་ལ་ས་མ་ཡཱ་ན་ཤཱི་གྷྲཾ་ཧཱུཾ་བམ་ཞེས་བྱ་བ་དང། པདྨའི་ལྕགས་སྒྲག་གིས་བཅིང་བར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་ཞུགས་ཏེ། ཨོཾ་ཥཾ་མུ་ཁ་ས་ནཏཀུ་མཱ་ར་བེ་ཤ་དྷ་ར་པདྨ་ཥཾ་ཏ་ཡ། ཨཱ་བེ་ཤ་ཡ་སརྦ་པདྨ ་ཀུ་ལ་ས་མ་ཡཱཾ་སརྦ་མུ་དྲ་བནདྷ་ཡ། སརྦ་སིདྷ་ཡོ་མེ་པྲ་ཡཙྪ་པདྨ་ཨཱ་བེ་ཤ་ཡ་ཨ་ཨ་ཨ་ཨ་ཞེས་བྱ་བ་དང། པདྨའི་འབེབས་པས་བདག་ཉིད་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། མ་ཧཱ་ར་ཧ་སུ་དྲི་ཌཧ། སུ་ཧོ་ཥོ་སུ་སུ ་ཁོ་བཛྲ་སཏྭ་སིདྡྷཡ་མཱཾ?་ཞེས་བརྗོད་དོ། །དེ་ནས་རྣམ་པར་སྒག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་རཱ་ག་མ་ཧཱ་?་ཁྱ?། མ་ཧཱ ་བཛྲ་མཧཱ་དྷཝ་ན། མ་ཧཱཛྙཱ་ན་མ་ཧཱ་ཀརྨ་བཛྲ་སཏྭ་བྱ་སིདྡྷཡ་མཾ། །ཡང་འདི་སྐད་བརྗོད་པར་བྱའོ། །ཛ:ཧཱུཾ་བཾ་ཧོ།པྲ་སིདྡྷ་མཱཾ། །དེ་ནས་རྡོ་རྗེ་ཆུ་འཐུང་ལ་བདག་ཉིད་འཇུག་པར་བྱ་སྟེ། དང་པོ་ཁོ་ནར་ས་མ་ཡསྟཝཾ་ཞེས་བརྗོད་ལ་སེམས་མ་རྡོ་རྗེ་བཅིང་ ་བར་བྱའོ། །དེ་ནས་ཨོཾ་པདྨ་སཕོ་ཊ་ཨ་དྷི་ཏིཥྛ་ཨ་ཞེས་བརྗོད་དེ། སེམས་མ་རྡོ་རྗེའི་ཕྱག་རྒྱ་སྦྱར་ལ་ཨ་ཞེས་བྱ་བ་ལན་བརྒྱ་བཟླས་པར་བྱའོ། །ཡང་ཧྲི་ཨ་ཞེས་ལན་བརྒྱ་རྗོད་པར་བྱ་སྟེ། དེས་ནི་བབས་པར་འགྱུར། ། ་དེ་ནས་ཧྲི(རྒྱུད་འགྲེལ་ཏེ། བལྟ་བར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ནས། ཏིཥཐ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས ་བལྟ་ཞིང། ཇི་སྲེད་བཅོམ་ལྡན་གྱིས་ཞལ་བསྟན་ནས། རབ་གི་དངོས་གྲུབ་སྩོལ་བར་མཛད་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ། མཚན ་བརྒྱ་རྩ་བརྒྱད་པས་བསྟོད་དེ། རྡོ་རྗེ་པདྨ་ལ་སོགས་པས་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ཡང་དག་པར་མཆོད་ལ། བླུ་དང་རོལ་མོའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང ་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ་། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་རྣམས་ཀྱང་བླང་པར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་དམ་ཚིག་གི ་ཕྱག་རྒྱས་ཡོངས་སུ་བཟུང་བའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལས། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། །དེ་ནས་བདག་ཉིད་འགྲོ ་བ་འདུལ་བར་བྱིན་གྱིས་བརླབས་ལ། དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་རྣམས་སུ་རང་གི་ལུས་ལ་འགྲོ་བ་འདུལ་བ་ལ་སོགས་པ་ལེགས་པར་བཀོད་ནས། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་འགྲོ ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ནས། མཆོད་ཡོན་བླང་ལ། མཚན་བརྒྱ་རྩ་བརྒྱད་ཀྱི་ཡང་དག་པར་བསྟོད་དེ། པདྨའི་ཁུ་ཚུར་གྱི་རྣམ་པར་རྒྱལ་བའི་བུམ ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧྲཱི(རྒྱུད་འགྲེལ་བརྡུངས་བ་འམ། བྱས་པ་འམ། བྲིས་པའི་དབུ་རྒྱན་འོད་དཔག་ཏུ་མེད་པའི་ཕྲེང་བ་དང་ལྡན་པས། རྡོ་རྗེ་རིན་པོ་ཆེ་དང། འོད་དཔག་ཏུ་མེད་པའི་པདྨའི་ཕྲེང་པའི་སྔགས་ཡོངས་སུ་བཟླས་པས་ཡང་བདག་ཉིད་དབང་བསྐུར་བར་བྱ་ཞིང། ་དར་དབྱངས་བཅིངས་པ་ཡང་བྱས་ལ། རྡོ་རྗེ་པདྨའི་དྲིལ་བུ་བླངས་ལ། བདག་པོ་དང། མིང་གི་དབང་བསྐུར་བས་བདག་ཉིད་དབང་བསྐུར་སྟེ། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་ག་འདིས་བཟུང་བར་བྱའོ། །གཡོན་བའི ་པདྨའི་ཁུ་ཚུར་གྱི་རྡོ་རྗེ་པདྨ་བླངས་ལ་བསྙེམས་པས་བཟུང་སྟེ། ལག་པ་གཡས་པས་རང་གི་སྙིང་གའི་ཕྱོགས་སུ་ཁ་འབྱེད་ཅིང། བཅོམ་ལྡན་འདས་བརྟུལ་ཞུགས་སྩོལ་བར་མཛད་བཞིན་པར་ཡང་བསམས་ལ། ཨོཾ་པདྨ་ཧསྟ་བཛྲ་དྷརྨ ་ཏྭ་ཕ་ལ་ཡེ་ཞེས་བརྗོད་པར་བྱའོ། །ཡང་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། རྡོ་རྗེ་ཆོས་ཉིད་དེ་ཇི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཆོས་ཉིད་སྟོན་པར་མཛད་པར་བསམ་པར་བྱ་སྟེ། ཇི་ལྟར་པདྨ་དམར་པོ་འདི། ཚོན་གྱི ་ཉེས་པས་མི་གོས་ཏེ། འདམ་གྱི་ནང་ན་དག་པ་སྟེ། །འདོད་ཆགས་ཞེ་སྡང་ལ་སོགས་དེ་བཞིན། ཞེས་བྱ་བ་སྟེ། འདི་ནི་འདིར་ཆོས་ཉིད་དོ། །དེ་ལྟར་བརྟུལ་ཞུགས་བླངས་ནས། །མེ་ཏོག་ལ་སོགས་པ་ཕྱིའི ་མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། །པདྨའི་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱི་ཡང་དག་པར་མཆོད་ནས། །དེ་ཉིད་ཀྱིས་ནི་པདྨ་ཟུང་ཞེས་བྱ་བ་ལ། དེ་ཁོ་ན་ཉིད་འདི་ཡིན་ཏེ། །བཅོམ་ལྡན ་འདས་སངས་རྒྱས་འཕགས་པ་ནི། །སྤྱན་རས་གཟིགས་ཀྱིས་དབང་ཕྱུག་སྟེ། དག་པའིརོལ་མོས་གར་མཛད་ཅིང། །གདུལ་བ་ཡི་ནི་ཐབས་རྣམས་མཛད། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །ཞེས་བྱ་བ་ནི་འདི་ཡིན་ཏེ།། ་དེ་ལྟར་པདྨ་དམར་པོ་ནི། ཚོན་གྱི་ཉེས་དང་གནས་པ་ཡི།། ཉེས་པ་དུ་མས་མི་གོས་ཏེ། །དེ་བཞིན་ཁམས་གསུམ་དག་པའོ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། ཞེས་བྱ་བ་ནི་འདི ་ཡིན་ཏེ། བྱ་བ་གང་དང་གང་གིས་ནི། །འགྲོ་བ་རྣམས་ནི་འདུལ་བར་འགྱུར། །པདྨ་དག་པར་སྦྱོར་བའི་བདག། །དེ་དང་དེ་ནི་སྦྱར་བར་བྱ། །ཞེས་བྱ་བ་འདི་དམ་ཚིག་གོ་།དེ་ནས་བཅོམ་ལྡན་འདས་ལ་ཕྱག་བཞི་བྱས ་ཏེ། སྙིང་པོ་བླངས་ལ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་བཅོམ་ལྡན་འདས་ལ་མནོས་ཏེ། །ཡང་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། ་ཇི་ལྟར་འདོད་པའི་བཟླས་བརྗོད་བྱས་ལ། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་དོ། །བདག་མིང་འདི་ཞེས་བྱ་བ་ཡི། །པདྨའི་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི ་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་གཞུག་པར་བྱ་སྟེ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་སྡོམ་པ་དཔོག་པར་འོས་པའི་སློབ་མ་སྔར་བཤད་པའི་ཚུལ་གྱི་སྡོམ་པ་འཛིན་དུ་བཅུག་ལ། བྱང་ཆུབ་ཏུ ་སེམས་བསྐྱེད་དུ་བཅུག་ཏེ། དེའི་སྙིང་གར་དེ་བཞིན་དུ་པདྨ་བསྐྱེད། དེ་འགྲོ་བ་འདུལ་བར་བྱིན་གྱིས་བརླབས་ནས། སྤོས་དང་མེ་ཏོག་ལ་སོགས་བས་མཆོད་དེ། ཡོན་གྱི་མཆོག་བླངས་ལ་སྒོའི་ཕྱོགས་སུ་བལྟས་ནས་གནས་པའི་བུམ་པས ་དབང་བསྐུར་ནས། བདག་ཉིད་འཇུག་པའི་ཆོ་གས་བཅུག་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་རྫོགས་སོ།། །།འགྲོ་བ་འདུལ་བའི་དཀྱིལ་འཁོར་འདི་ཉིད་དུ་དམ ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་འདི་ལས་གསུངས་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ ་པ་ལ་ནི་དེ་བཞིན་དུ་རས་ཀྱི་རི་མོ་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་ལ་སྙིང་པོ་བླངས་ནས་ཟླ་བ་ཉ་ནས་བརྩམས་ཏེ། བཅོམ་ལྡན་འདས་འགྲོ་བ་འདུལ་བ་རས་ལ་སོགས་པ་ལ་བྲིས ་པའི་སྐུ་མདུན་དུ་གཞག་སྟེ། དེའི་སྦྱོར་བས་མདུན་དུ་སྤྱན་དྲངས་ནས་། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ་། དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ན་ཡོད་པའི་རྡོ་རྗེ་པདྨ་ལ་ཧྲཱི(རྒྱུད་འགྲེལ་པར་བཀོད་ལ་དེ་ཉིད་དཔག་ཏུ་མེད་པའི་ཉིན་རེ་ཞིང་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། ཇི་སྲིད་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་དང་པོ་རྡོ་རྗེ་བྲི་པའི་ཕྱག་རྒྱ་དང་ ་བྲི་བ་འམ། འདྲིར་གཞུག་པར་བྱའོ། །དཀྱིལ་འཁོར་དུ་ཡང་དེ་དེས་དང་པོར་བརྩམ་པར་བྱ་སྟེ། ཕྱིས་ནི་ཅི་འདེ་བྱའོ། །དེ་ཡང་དབུས་སུ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བ་བྲི་བར་བྱའོ། །གཞན་དག ་ནི་དཀྱིལ་འཁོར་གྱིས་ཚུལ་གྱིས་བྲི་བར་བྱའོ། །འདི་ནི་དཀྱིལ་འཁོར་གྱི་རས་ཀྱི་རི་མོའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་པ། སྔོན་དུ་བསྙེན་པའི་སྦྱོར་བ་ཇི་སྲིད་དུ་ཟླ་བ་གཉིས་པའི་ཉ ་ལ་ཐུག་གི་བར་དུ་བཟླས་བརྗོད་དེ་བཞིན་དུ་བྱའོ། །དེ་ནས་དེའི་མཚན་ཐོག་ཐག་ཕྱག་རྒྱ་མ་བཀྲོལ་བར་ཅི་ནས་ཀྱང་སྐྱོ་བར་མི་འགྱུར་བ་དེ་ལྟར་བཟླས་བརྗོད་བྱའོ། །དེ་ནས་ཐོ་རངས་ཀ་བཅོམ་ལྡན་འདས་ཀྱི་ཞལ ་བསྟན་ནས། ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བར་འགྱུར་ཏེ། རས་ཀྱི་རི་མོ་དང་པོའི་ཆོ་གའོ། དེ་ནས་རས་ཀྱི་རི་མོ་གཉིས་པའི་ཆོ་ག་ནི་སྔོན་དུ་བསྙེན་པ་དེ་བཞིན་དུ་བྱས་ལ། རས་ལ་བཅོམ་ལྡན ་འདས་འགྲོ་བ་འདུལ་བ་དཔའ་བོ་གཅིག་བུ་དྲི་བར་བྱའོ། །དེ་ནས་དེའི་སྤྱན་སྔར་ཕྱག་རྒྱ་ཆེན་པོ་ལ་གནས་པས་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐོག་བཟླས་བརྗོད་བྱས་ན་ཐོ་རངས་བཅོམ ་ལྡན་འདས་ཀྱིས་ཞལ་བསྟན་ནས། དེ་བཞིན་དུ་དངོས་གྲུབ་རྣམས་སྩོལ་བར་འགྱུར་ཏེ། རས་ཀྱི་རི་མོ་གཉིས་པའི་བསྒྲུབ་པ་བྱའོ། །དེ་ནས་མ་བསྒྲུབས་ཀྱང་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཐམས་ཅད་རྗེས་སུ་ཆགས་པར ་བྱ་བ་ནི་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་སོགས་པ་དང། སེམས་ཅན་གྱིས་ཁམས་ཐམས་ཅད་རང་དབང་དུ་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། པདྨ་ལ་ལན་སྟོང་བཟླས་ཏེ་སྦྱིན་པར་བྱའོ། །ཞེས་བྱ་བ་གསུངས་ཏེ། ་པྱིའི?་པདྨ་བླངས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྦྱོར་བས་ཧྲཱི(རྒྱུད་འགྲེལ་ཞིང་འོད་ཟེར་དམར་པོའི་ཚོགས་ཀྱིས་བསྒྲུབ་པར་བྱ་བ་དམར་པོར་བསམ་པར་བྱ་བ་སྟེ། དེ་ལྟ་བུས་ནི་རྗེས་སུ་ཆགས་པར་འགྱུར་རོ། །ཐམས་ཅད་བསད་པ་ལ་ནི་ཞེས་བྱ་བ་ནི་། སེམས་ཅན་མང་པོ་ལ་འཁུ་ཞིང་གསོད་པ་ལ་སོགས ་པ་རྣམས་ལ་འདུལ་བའི་དབང་ཉེ་བར་བཟུང་སྟེ་བསད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། པདྨ་ཆེན་པོའི་ཁྲོ་བོའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ནི་པདྨ་ཆེན་པོའི་ཁྲོ་བོའོ། །དེའི་དམ་ཚིག ་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་པདྨ་ཆེན་པོའི་ཁྲོ་བོའི་ཕྱག་རྒྱའོ། །དེ་ནི་འདི་ཡིན་ཏེ་། རྡོ་རྗེ་བསྡམས་པ་བཅིངས་ལ་། མཛུབ་མོ་གཉིས་བརྒྱད་ནས་མིག་གདངས་ཤིང་ཁྲོ་གཉེར་བསྡུས་ཏེ་འདིས་པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ཏུ ་བདག་ཉིད་བསྒོམས་ལ་། ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར་གདུལ་བའི་སྐྱེ་བོ་རྣམས་ལ་ཡིད་ཀྱིས་དེ་བསད་པར་བྱའོ། །དེ་ནས་གདུལ་བྱ་དེ་རྣམས་པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ཉིད་ཐོབ་པར་འགྱུར་བ་འམ་། འཆི ་བར་འགྱུར་ལ། ཤི་འབོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་རོ། །ཐམས་ཅད་རྨོངས་པར་འགྱུར་བ་ལ་ནི་ཞེས་བྱ་བ་ནི་རང་གི་སེམས་དང་སེམས་ལས་བྱུང་བའི་རྒྱུན་ཐམས་ཅད་དེ་དེ་རྣམས་རྨོངས ་བར་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཟུང་བ་དང་འཛིན་པ་རྣམ་པར་རྟོག་པ་བསལ་ནས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རབ་ཏུ་བཞག་པ་འམ། དཀོན་མཆོག་གསུམ་ལ་སོགས་པ་ལ་འཁུ་བ་ལ་སོགས་པའི་སེཾས་ཅན ་ཐམས་ཅད་ཀྱི་དྲན་པ་ཉམས་པར་བྱ་ཞིང། རང་དམ་གཞན་དུ་ཤེས་པར་མི་འགྱུར་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། པདྨ་ཆེན་པོ་ཕག་གིས་སོ་ཞེས་བྱ་བ་གསུངས་སྟེ། པདྨ་ཆེན་པོ་ས་འཛིན་གྱི་ཕྱག་རྒྱ་ཆེན་པོ་ནི། ་པདྨ་ཆེན་པོ་ཕག་སྟེ། དེས་དེ་ལྟར་འགྱུར་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་པདྨ་ཆེན་པོ་ས་འཛིན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་ངོ་བོ་ཉིད་དུ་བདག་ཉིད་བསམས་ནས། བསྒྲུབ་པར་བྱ་བའི་སེམས་ཅན ་ཐམས་ཅད་དེའི་ངོ་བོ་ཉིད་དུ་བྱའོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་འདིས་རྨོངས་པར་འགྱུར་ཏེ། དེ་རྟོགས་པར་འགྱུར་པའི་སྟོབས་ཀྱིས་རྨོངས་པར་འགྱུར་རོ། །སེམས་ཅན་གྱི་ཁམས་གདུག་པ་རྣམས་ཀྱི་དྲན་པ་གཞིག ་པའི་བསམ་པས་བསྒོམ་ན་དེ་ཀུན་ཏུ་རྨོངས་པར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་ནི་ཇི་སྐད་བཤད་པའི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་རྟོག་པ་ནི་དེ་བཞིན་ཉིད་རྟོགས་པའོ། །ཇི་ལྟར་འགྱུར་ཞེ་ན། པདྨ ་ཆེན་པོ་རྣམ་པར་གཟིགས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ། །ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ས་ཐམས་ཅད་ཀྱི་བདག་པོ་ཉིད་དུ་བྱ་བ་ནི་རྒྱལ་པོ་ཐམས་ཅད ་ཐོབ་པའོ། །ས་ལ་སྐྱིལ་མོ་ཀྲུང་བཅས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་རྒྱལ་པོ་འདོད་པ་དེས་ནི་བཅོམ་ལྡན་འདས་པདྨ་ཆེན་པོ་ནག་པོའི་སྦྱོར་བ་བྱས་ལ། བསྙེན་པ་བྱས་ནས ་རྣམ་པར་དབེན་པའི་ཕྱོགས་སུ་ལ་སྐྱིལ་མོ་ཀྲུང་བཅས་ལ། བཟླས་པ་སྟོང་ཕྲག་བརྒྱ་བྱས་ཏེ། ཟླ་བ་ཉ་ལ་མཚན་ཡལ་ནང་སུ་བཟླས་བརྗོད་བྱས་ན། དེ་ནས་ནང་བར་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཆུ་ཐམས་ཅད་དགུག་པ་ལ་ཡིན ་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་བཅོམ་ལྡན་འདས་པདྨ་ཆེན་པོའི་རྒྱ་མཚོའི་སྦྱོར་བས་ཟླ་བ་གཅིག་གི་བར་དུ་སྔོན་དུ་བསྙེན་པ་བྱས་ལ། ཆུ་དྲང་པའི་བསམ་པས་ཀླུའི་རྒྱལ་པོ་རྒྱ་མཚོའི་གཟུགས་བྲི་ཏེ། གསང་བའི་ལྕགས་ཀྱུ་དགུག་པ་དང། ་།གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་བྱས་ལ་དེའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་འདུག་སྟེ། བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །ཐམས་ཅད་སྣང་བར་བྱ་བ་ལ་ནི་ཞེས་བྱ་ལ་སོགས་པ་ལ། ཉི་མའི་སྣང་བ་ལ་སོགས་པ། ཉི་མའི ་སྣང་བ་ལ་སོགས་པ་བྱ་བར་འདོད་པས་བཅོམ་ལྡན་འདས་པདྨ་ཆེན་པོ་ནག་པོའི་སྦྱོར་བས་སྔ་མ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ལ། དེའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཟུང་ནས་མུན་པའི་ཕྱོགས་སུ་ཉི་མ་འབར་བ་རབ་ཏུ་གཏོང་བ་རང་གི་ལུས་ལས ་བཏང་གང་བྱས་ཏེ་དེ་ལྟ་བུས་ནི་སྣང་བ་བྱས་པར་འགྱུར་རོ། །རླུང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་རླུང་གི་དཀྱིལ་འཁོར་བྷ་རཾ་པ་ལྡད་པར་འདོད་པས་བཅོམ་ལྡན་འདས་པདྨ་ཆེན་པོ་རླུང་གི་སྦྱོར་བས་དེ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ནས། ་དེའི་རྗེས་ཐོགས་ཉིད་ལ་རླུང་ཐམས་ཅད་བཟུང་སྟེ། ཇི་སྐད་དུ་བཤད་པའི་རླུང་ཐམས་ཅད་དགུག་པ་དང། བཅིང་བ་དང། དབང་དུ་བྱ་བ་རྣམས་བྱའོ། །ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ།། ་དེ་རྣམས་ཀྱི་རྣམ་པར་དག་པ་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེའི་དམ་ཚིག་ནི་པདྨའི་རིགས་ཏེ། མིང་འདི་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་པ་སྟེ། པདྨའི་རིགས་ཀྱི་དབུགས་དབྱུང་བའི་བཤད་པ་རྫོགས་སོ།། །། ་དེ་ལྟར་གཏི་མུག་གི་གཉེན་པོའི་ཕྱོགས་སུ་གྱུར་པ་པདྨའི་རིགས་བསྟན་ནས། ང་ནི་སེར་སྣའི་གཉེན་པོའི་ཕྱོགས་སུ་གྱུར་པའི་རིན་པོ་ཆེའི་རིགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར ་བྱེད་པའི་ཚིག་སྟེ། བཅོམ་ལྡན་འདས་འདོད་པའི་ཁམས་ཐམས་ཅད་ཀྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པའི་རྗེས་ཐོགས་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །དེ་བཞིན ་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་དབང་པོ་ཞེས་བྱ་བ་ནི་ཕྱོགས་བཅུ་ནམ་མཁའ་ཨི་ཁམས་ཐམས་ཅད་ན་གནས་པའི་འདོད་པའི་ཁམས་ལ་སོགས་པའི་ཁམས་གསུམ་མཛའ་ཡེས་ཤིང་དཔག་ཏུ་མེད་པ་ཐམས་ཅད་དེ། དེར་ཉོན ་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པ་དང་བྲལ་བས་རང་དབང་བརྙེད་པའི་ཕྱིར་དང། ཆོས་ཀྱི་སེམས་ཅན་ཐམས་ཅད་ལ་རྗེས་སུ་སྟོན་པར་མཛད་པས་ན། དེ་བཞིན་གཤེགས་པ་ཁམས་གསུམ་ཐམས ་ཅད་དབང་པོ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བ་ནི་འདོད་ཆགས་ཐམས་ཅད་རྣམ་པར་སྟོན་པར་མཛད་པ་ལ་བལྟོས་ནས་། དབང་བསྐུར་བ་སྦྱིན་པ་ལ་སོགས་པ་ཡང་སྟོན་པར་མཛད ་པ་ནི་ཡང་ཞེས་བྱ་བའི་སྒྲས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཞེས་བྱ་བ་ནི། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་དབང་བསྐུར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་སེམས་དང་སེམས་ལས་བྱུང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཤིན་ཏུ་འཁྲུད ་པར་བྱེད་པ་དང། ཡེ་ཤེས་དེ་ལས་བྱུང་བའི་རིན་པོ་ཆེའི་རིགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའོ། །དེའི་ཡེ་ཤེས་གང་གི་འབྱུང་བ་དེ་ནི་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དབང་བ་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཉིད་སྙིང་པོ་སྟེ་བསྐྱེད་པའི་གནས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ་མིང་དེ་སྐད་ཅེས་བཏགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །དབང་བསྐུར་བ་སྦྱིན་པ་ནི ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆེན་པོ་རྟོགས་པ་བསྐྱེད་པ་དང། སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་བ་དང། དཀྱིལ་འཁོར་དུ ་སློབ་མ་རྣམས་ལ་རྡོ་རྗེ་རིན་པོ་ཆེའི་ཅོད་པན་གང་ལ་བྱིན་པ་དང་དབང་བསྐུར་བ་དང། ལྷ་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བྱིན་པ་གང་ཡིན་པ་དེ་ནི་དབང་བསྐུར་བ་བྱིན་པའོ། །ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་འཐོབ་པར ་འགྱུར་རོ། །ཞེས་བྱ་བ་ནི་བཤད་མ་ཐག་པའི་དབང་བསྐུར་བ་དེ་བྱིན་པས་མ་ལུས་པའི་འདོད་པ་དང། གཟུགས་དང་གཟུགས་མེད་པའི་ངོ་བོ་ཉིད་ཀྱི་ཁམས་གསུམ་པོ་ཐམས་ཅད་དུ་སྦྱིན་པ་པོ་།སློབ་མ་རྣམས་ཀྱི་བག་ཆགས་དང ་བཅས་བའི་ཉོན་མོངས་པ་རྣམས་དང་བྲལ་བས་ཆོས་ཀྱི་རྒྱལ་པོ་འཐོབ་པར་འགྱུར་བ་ནི། ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་འཐོབ་པ་སྟེ། དེའི་དོན་དུ་གནས་པར་གྱུར་བའོ། །ནོར་སྦྱིན་པ་ནི་ཞེས་བྱ་བ་ནི་དབྱིག་དང ་གསེར་དང། རྒྱལ་པོ་ལ་སོགས་པ་ཕྱིའི་དངོས་པོ་རྣམས་དང་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ཡོངས་སུ་སྤོང་པ་དང། གཏེར་དང་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བྱིན་པ་ནོར་སྦྱིན་པའོ། །རེ་བ་ཐམས་ཅད་ཡོངས་སུ ་རྫོགས་པར་འགྱུར་རོ། །ཞེས་བྱ་བ་ནི་ནོར་སྦྱིན་པ་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ནོར་ཐོབ་པའི་རྒྱུར་གྱུར་པ་ཉིད་དུ་གནས་པར་འགྱུར་བའོ། །ཆོས་སྦྱིན་པ་ནི་བཅོམ་ལྡན་འདས་གླེགས་བམ་བསྣམས་བ་དང། །ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཆོས་ཀྱི་དོན་གྱི་རིན་པོ་ཆེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱིན་པ་ནི་ཆོས་སྦྱིན་པའོ། །ཆོས་ཀྱི་སྦྱིན་པ་དེས་ཆོས་ཐམས་ཅད་ཀྱི་མཉམ་པ ་ཉིད་འཐོབ་པར་འགྱུར་ཏེ། རྨི་ལམ་ལྟ་བུའི་ཆོས་རིན་པོ་ཆེ་ཁོང་དུ་ཆུད་པར་འགྱུར་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྟོགས་པར་འགྱུར་བ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་འཐོབ་པའོ། །ཟང་ཟིང་གི ་སྦྱིན་པ་ནི་ཞེས་བྱ་བ་ནི་རིན་པོ་ཆེ་ཆེན་པོ་མྱང་བ་དང། བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཕྱིའི་ཡང་ཟས་དང་སྐོམ་རྣམས་ནི་ཟང་ཟིང་ངོ། དེ་ཡོངས་སུ་གཏོང་བ་ནི་ཟང་ཟིང་སྦྱིན་པ་སྟེ་། དེས ་སེམས་ཅན་ཐམས་ཅད་ཚིམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ལུས་དང་ངག་དང་སེམས་ཀྱི་བདེ་བ་ཐམས་ཅད་འཐོབ་པར་འགྱུར་རོ། །ཞེས་བྱ་བ་ནི། ཟང་ཟིང་གི་སྦྱིན་པ་དེའི་ངོ་བོ་ཉིད་དང། རྣམ་པར་སྨིན ་པ་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་དང། རྡོ་རྗེ་དང། རབ་ཏུ་དགའ་བ་དང། ཁྲོ་བོ་དང། ཆོས་དང། བཀའ་བསྒོ་བའི་ཚིག་རྣམས་ཏེ་། དག་ཐམས་ཅད་དང། དབང་པོ་དང་། ་དེ་བཞིན་གཤེགས་པ་དང། ཁྲོ་བོ་དང། པདྨ་དང། །རིན་པོ་ཆེ་དང། སྣ་ཚོགས་རྡོ་རྗེ་ནི་སེམས་ཅན་ཐམས་ཅད་དེ་། དེ་རྣམས་ལས་བྱུང་བའི་བདེ་བ་གང་ཡིན་པ་དེ་ནི་ལུས་དང་ངག་དང་ཡིད་ཀྱི་བདེ ་བའོ། །དེ་རྣམས་ཐོབ་པ་ནི་རྙེད་པ་སྟེ། དེའི་དོན་དུ་གནས་པར་འགྱུར་བའོ། །དེ་ལྟར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་སེམས་དཔའ་ནི། བྱང་ཆུབ་སེམས ་དཔའ་ཨོ། །ནམ་མཁའ་ཨི་སྙིང་པོ་ནི་བཤད་ཟིན་ཏོ། །བཞིན་རབ་ཏུ་འཛུམ་པ་དང་བཅས་ཏེ་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང། རིན་པོ་ཆེའི་རིགས་ཀྱི་དཀྱིལ ་འཁོར་སྤྲུལ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ནམ་མཁའ་ཨི་སྙིང་པོ་ལ་བསྐུལ་བ་དང། དེ་ནས་དེ་བཞིན་རབ་ཏུ་འཛུམ་པ་དང་བཅས་པས་རྡོ་རྗེ་རྩེ་ལྔ་པའི་གཙུག་གི་ནོར་བུའི་རིན་པོ་ཆེ་ལས་བྱས་བའི་ཕྲེང་བའི་དབང་བསྐུར་བའི་གནས་སུ ་བཞག་སྟེ། དཀྱིལ་འཁོར་བསྐྱེད་པར་བྱ་བའི་ཕྱིར། ཏྲཾ་ཞེས་བྱ་བ་གསུངས་པའོ། །དེ་ནས་འདི་གསུངས་བཙམ་གྱིས་ཞེས་བྱ་བ་ནི་ཏྲཾ་ཞེས་བྱ་བ་གསུང་བའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་དེ ་ལས་ཞེས་བྱ་བ་ནི། འཕགས་པ་ནམ་མཁའ་ཨི་སྙིང་པོའི་ཐུགས་ཀར་གནས་པའི་རིན་པོ་ཆེ་ལས་སོ། །དབང་བསྐུར་བ་ལ་སོགས་པ་ཞེས་བྱ་བ་ནི་དབང་བསྐུར་བ་ཐམས་ཅད་དེ། བྱང་ཆུབ་སེམས་དཔའ་ཆེན་པོ་དབང་བསྐུར་བའོ། ། ་དེ་ལ་སོགས་པ་གང་ཡིན་པ་དེ་ནི་རིན་པོ་ཆེ་ཆེན་པོ་འཛིན་པ་དང། ནོར་སྦྱིན་པ་ལ་སོགས་པ་སྟེ་། དེ་དག་ནི་དབང་བསྐུར་བ་ཐམས་ཅད་ལ་སོགས་པའོ། །ཡེ་བྱད་ཐམས་ཅད་བྱུང་སྟེ་ཞེས་བྱ་བ་ནི་ཕྱུང་བར་གྱུར་ནས་། བཅོམ ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་དབྱིབས་ཀྱི་དབང་བསྐུར་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་གཟུགས་ཉིད་ཀྱིས་བཞུགས་པ ་སྟེ། གཞུང་འདི་དག་གིས་ནི་ཏིང་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་ནས་བརྩམས་ཏེ། ཏིང་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།ད་ནི་དམ ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་བཟླས་བརྗོད་དང་བསྒོམ་པ་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ཏེ་། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེ་ཞེས་བྱ་བ་ནི་དབང་བསྐུར་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་། ་དབང་བསྐུར་བ་ཐམས་ཅད་དེ་རིན་པོ་ཆེའི་རིགས་སོ། །དེ་ལ་དམིགས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་འཛིན་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། ། ་སྲེད་པའི་རྣམ་པ་ཐམས་ཅད་ནི་བསམ་པ་ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་པོ། །དེ་ཡང་དེ་ཡོངས་སུ་རྫོགས་པར་བྱེད་པ་ནི་དངོས་གྲུབ་ཐམས་ཅད་ཐོབ་པའོ། །དེའི་དོན་གྱི་ནོར ་བུ་རིན་པོ་ཆེ་ནི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་སོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བ་སྟེ། མིང་དེ་སྐད་ཅེས་བྱ་བའི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་རོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་པའོ། །གསུངས་སོ་ཞེས ་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་དཀྱིལ་འཁོར་གསུངས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཚན་མ་ཐོབ་ནས་དཀྱིལ་འཁོར་བྲི་བར་བྱའོ་སྟོན་པ་ཡིན་ནོ ་ཕྱིའི་དཀྱིལ་འཁོར་ནི་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་པའོ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་དབྱིབས་བཞིན་དུ་འདིའི་ཕྱིའི་དཀྱིལ་འཁོར་ལ་ཡང་བྲི་བར་བྱའོ། །ནང་དུ་ཞེས་བྱ་ལ་སོགས་པ་ལ་ཕྱིའི་དཀྱིལ་འཁོར་དེའི་ནང ་དུ་དབུས་སུ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའི་ཆ་བརྒྱད་པ་ལ་རྡོ་རྗེ་རིན་པོ་ཆེ་བརྒྱད་ཀྱིས་མཚན་པའི་ཀ་བ་གང་དུ་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཇི་ལྟ་ཞེ་ན་དཀྱིལ་འཁོར་བརྒྱད་པའི་ཚུལ་ལས་རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ ་ཞེས་བྱ་བ་སྟེ། རིན་པོ་ཆེའི་ལྕག་མས་ཀུན་ནས་འཁོར་བར་བྱས་བའོ། །རྡོ་རྗེ་རིན་པོ་ཆེའི་ར་བ་སྨོས་པ་ནི་རིན་པོ་ཆེའི་ལྕུག་མ་འདིའི་ཕྱི་རོལ་ཀུན་ནས་རི་མོ་གཅིག་གིས་ར་བ་ལ། རྡོ་རྗེ་རྩེ་མོ་ལྔ་པའི་རྩེ་མོ་ཡིད་བཞིན་གྱི་ནོར་བུ་རྩེ་མོའི་གནས་སུ ་བཏགས་པ་དང་ལྡན་པའི་རྡོ་རྗེ་རིན་པོ་ཆེའི་ར་བའི་ལྕོག་ཡོད་བས་ན། རྡོ་རྗེ་རིན་པོ་ཆེའི་ལྕོག་གོ་།དཀྱིལ་འཁོར་དེ་འདི་ལྟ་བུ་འབའ་ཞིག་དང་ལྡན་པར་མ་ཟད་ཀྱི། མེ་ཏོག་གི་ཕྲེང་བ་དང། གདན་དང། གདུགས་དང། རྔ་ཡང་རྣཾས་ཀྱིས་ཉེ་བར་མཛེས་པར ་བྲི་བར་བྱའོ། །ཞེས་བྱ་བ་ནི། མེ་ཏོག་གི་ཕྲེང་བ་དང། ?་འཕེན་དག་གདུགས་དང། རྣ་ཡབ་རྣམས་ཀྱིས་ཉེ་བར་མཛེས་ཤིང་བརྒྱན་པ་དེར་ཡང་དག་པར་བྲི་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར ་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང་པོ་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་བཅིབས་པ། ཇི་སྐད་དུ་བཤད་པའི་རྡོ་རྗེ་རིན་པོ་ཆེ་དབང་བསྐུར་བའི་ཕྲེང་བ་རང་གི་དབུ་ལ་རང་ཉིད་འཆིང་བར་མཛད་ཅིང་ནམ་མཁའ་དང ་མཉམ་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཐུགས་ཀྱི་བདེ་པའི་རབ་ཏུ་དགྱེས་པས་ཞལ་རྣམ་པར་བཞད་པ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་རིན་པོ་ཆེ་སྟོན་པར་བྱེད་པ་མརྒ་ཏ་ཀྱི་རིན་པོ་ཆེ་ཆེན་པོའི་མདོག་ཅན་དུ་བཞག་པར་བྱའོ། ། ་དེའི་མདུན་དུ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་ནམ་མཁའ་ཨི་སྙིང་པོ་ཞལ་ཤར་དུ་གཟིགས་པ་དེའི་མདུན་དུ་ཞེས་བྱ་བ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་དེ་ལ་མངོན་དུ་ཕྱོགས་པས། དབང་བསྐུར་བའི་རིན་པོ ་ཆེའི་ཅོད་པན་འཛིན་པ་བཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ཀཱི་ལ་ཀཱི་ལའི་གནས་སུ་རིན་པོ་ཆེ་ཆེན་པོའི་ནོར་སྩོལ་བའི་དབྱིག་གི་གཏེར་འཛིན་པའོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་རྡོ་རྗེ་དྲན་པའི་གནས་སུ་ཆོས་ཆེན ་པོ་རིན་པོ་ཆེའི་གླེགས་བམ་འཛིན་པའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རིན་པོ་ཆེ་ཆེན་པོ་རོ་མྱང་བ་ཟས་དང་སྐོམ་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རིན་པོ་ཆེའི་སྣོད་འཛིན་པ་བཞག་པར་བྱ་སྟེ་། དེ་དག་ཐམས་ཅད ་ཀྱང་སྣ་ཚོགས་པདྨ་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གི་བཞུགས་པ། ཕྱག་གཡས་ན་རང་གི་མཚན་མ་བསྣམས་པ། གཡོན་གྱི་གདན་ལ་བརྟེན་པས་བཞུགས་པའོ། །མཚམས་རྣམས་སུ་ཞེས་བྱ་བ་ལ་སོགས་པ་ལ ་ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་ལྷ་མོ་རིན་ཆེན་གདུགས་མ་རིན་པོ་ཆེའི་གདུགས་འཛིན་པའོ། །ལྷོ་ནུབ་དུ་ལྷ་མོ་རིན་ཆེན་རྒྱལ་མཚན་མ། རིན་པོ་ཆེའི་རྒྱལ་མཚན་འཛིན་པའོ། །ནུབ་བྱང ་མཚམས་སུ་ལྷ་མོ་?་ཅན་མ་། རྔ་བརྡུང་བར་བྱེད་པའོ། །བྱང་ཤར་མཚམས་སུ་ལྷ་མོ་རིན་ཆེན་སྲོག་ཤིང་མ། རིན་པོ་ཆེའི་སྲོག་བསྒྲེང་བ་བཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་བུམ་པ་གང ་པ་བཞི་བཞག་གོ། ཤར་ཕྱོགས་ཀྱི་སྒོར་ནི་རིན་པོ་ཆེའི་ཅོད་པན་ནོ། །ལྷོ་ཕྱོགས་ཀྱི་སྒོར་ནི་རིན་པོ་ཆེའི་བུམ་པའོ། །ནུབ་ཕྱོགས་ཀྱི་སྒོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་མོ། །བྱང་ཕྱོགས ་ཀྱི་སྒོའི་ནི་ཟས་དང་སྐོམ་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རིན་པོ་ཆེའི་སྣོད་བཞག་པར་བྱའོ། །དེ་བས་ན་དེ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དཀྱིལ་འཁོར་བྲིས་ནས། རྡོ་རྗེ་བསྡུ་བ་ལ་སོགས་པའི་ཆོ་ག ་རྗེས་སུ་སྤྱད་དེ། དེའི་རྗེས་ཐོགས་ཉིད་ལ་རང་གི་ཆོ་གས་འཇུག་པ་གསུངས་པ་དེ་བཞིན་དུ་འདིར་ཡང་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་འཇུག་པར་བྱ་སྟེ་། རྡོ་རྗེ་ཐལ་མོ་བརྐྱང་ལ་མཐེ་བོང་གཉིས་བསྙམས་ལ། མཛུབ་མོ་གཉིས ་དང་རྩེ་སྦྱར་ནས་དཔྲལ་བ་དང་སྨིན་མཚམས་སུ་བཞག་པ་འདི་ནི་རིན་ཆེན་གྱི་ཕྱག་རྒྱ་སྟེ། འདིས་འདིར་གཞུག་པར་བྱའོ། །དེ་ནས་བརྩམས་ཏེ་ནོར་ཐམས་ཅད་འགྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི ་དཀྱིལ་འཁོར་དུ་འཇུག་པ་ནས་ཉེ་བར་བཟུང་སྟེ། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཀྱི་ནོར་ཐམས་ཅད་འགྲུབ་པ་ལ་སོགས་པ་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཇི་སྐད་དུ་གསུངས ་བའི་འཇུག་པས་ཞུགས་ནས་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའི་ཕྲེང་བ་ཇི་ལྟ་བ་བཞིན་དུ་རང་གི་མགོ་ལ་བཅིངས་ཏེ་ཇི་སྐད་དུ་བཤད་པའི་རྡོ་རྗེ་རིན་ཆེན་?་ལ། བདག་ཉིད་རིན་པོ་ཆེའི་མིང་གིས་དབང་བསྐུར་བས་དབང་བསྐུར་ཏེ། ་རིན་པོ་ཆེའི་ཅོད་པན་དང། གཏེར་གྱི་བུམ་པ་དང། གླེགས་བམ་དང། རོའི་སྣོད་ཀྱི་ངོ་བོ་ཉིད་ཀྱི་དབང་བསྐུར་བ་རྣམས་ཀྱིས། །དཀྱིལ་འཁོར་བའི་ལྷ་རྣམས་ལ་ཕུལ་ལ་སློབ་དཔོན་? ་བྱུང་བར་བྱའོ། །སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི། ཇི་ལྟར་སློབ་དཔོན་གྱི་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་དེ་བཞིན་དུ་སློབ་མ་རྣམས་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་རིན་པོ་ཆེའི ་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་མི་ཕྱེད་པའི་དབང་བསྐུར་བ་སྦྱིན་པ་ལ་སོགས་པའི་ཡེ་ཤེས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུར་གྱུར་པས་རིན་པོ་ཆེ་དང་འདྲ་བས་ན་རིན་པོ་ཆེ་སྟེ། དེ་ལས་བྱུང ་བའི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་རོ།། །།འདི་སྐད་སྟོན་པ་འགྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་སྦྱོར་བས་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི ་རྣལ་འབྱོར་ཆེན་པོ་བྱས་ལ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བཙམས་ཏེ། ཇི་སྲིད་ཉིན་རེ་ཞིང་དེ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི ་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། སྔ་མ་བཞིན་དུ་བར་སྣང་གྱི་ཕྱོགས་སུ་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི ་དཀྱིལ་འཁོར་གྱི་ཚུལ་དུ་བྱས་ལ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ལ་རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ཅན་། ནོར་བུའི་ཀ་བ་བརྒྱད་དང། ཡང་དག་པར་ལྡན་པ་ཕྱི་རོལ་ཀུན་ཏུ་རི་མོ་གཉིས་ཀྱི་ནང་ན་གནས ་པའི་རིན་པོ་ཆེའི་ཡལ་གའི་པ་ཏྲེའི་ཕྲེང་བས་ཡོངས་སུ་བསྐོར་བ། ཡང་ཕྱི་རོལ་ཀུན་ནས་རིན་པོ་ཆེའི་མྱུ་གུའི་འདབ་མའི་ཕྲེང་བས་རིམ་གཅིག་པའི་ར་བ་ཟླུམ་པོ་བྱས་པས་རྡོ་རྗེ་རིན་པོ་ཆེའི་ཕྲེད་བའི་ཚུལ་འཛིན་པས ་ཡོངས་སུ་བསྐོར་བ། མེ་ཏོག་གི་ཚུན་འཕྱད་དང། བ་དན་དང། གདུགས་དང། རྔ་ཡབ་ཀྱིས་ཉེ་བར་མཛེས་པར་བྱས་པར་ཐིག་གདབ་པར་བྱའོ། །དེ་ནས་ལེགས་པར་བྲིས་ཏེ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ ་ཆགས་པདྨའི་གདན་བྲི་བར་བྱའོ། །དེ་ནས་ནང་གི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཇི་སྐད་བཤད་པོའི་རྟས་དྲངས་པའི་ཤིང་རྟའི་སྟེང་དུ་སྣ་ཚོགས་པདྨ་ལ། བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང་པོ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གི་བཞུགS ་པར་བྲ་བར་བྱའོ། །ལྷག་མ་རྣམས་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །དབང་བསྐུར་བ་ལ་སོགས་པ་རྣམས་ཀྱང་དག་ཅིང་རྙོག་པ་མེད་པའི་ནོར་བུ་གསེར་གྱི་མདོག་ཅན་དུ་ཤེས་པར་བྱའོ། །འདིར་ལྟ་ཐམས་ཅད་ཀྱི་གནས་སུ་ཏྲཾ་ཞེས ་བྱ་བས་དགོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དེ་བཞིན་དུ་ཡང་རྣལ་འབྱོར་ཆེན་པོ་བྱས་ནས་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་ཡོངས་སུ་བཟུང་བའི་རིན་པོ་ཆེའི་མེ་ཏོག་གི་ལྕུག་མ་ལས་རྣམ་པར་རྒྱལ་པའི་བུམ་པ ་དང། ལྷ་ཐམས་ཅད་ཀྱི་བུཾ་པ་དང། བུམ་པ་གང་བ་རྣམས་ལ་རེ་རེ་ཞིང་ཡང་ཏྲཾ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་སྟེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ ་ཞིང། བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ། གསང་པའི་ལྕགས་ཀྱུ་དང། ཏྲཾ་ཞེས་བྱ་བས་བཅོམ་ལྡན་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ ་བ། མཚམས་དང་དཀྱིལ་འཁོར་བཅིང་བ་དང། ར་བ་དང་དྲ་བ་དག་ཀྱང་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་བཅིངས་ནས་རྡོ་རྗེ་སྲུང་བས་སྲུང་བ་ཐམས་ཅད་གོ་བསྐོན་ཏེ། ཏྲཾ་ཞེས་བྱ་བས་མཆོད་ཡོན་ཕུལ ་ཏེ། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་དང། ཏྲཾ་དྲི་ཤྱ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟ་བ་བྱས་ནས། ཛ་ཧཱུཾ་བཾ་ཧོ:། །ས་མ་ཡ་སྟཝཾ། ས་མ་ཡ་སྟཝཾ། ཨ་ཧྲཾ? ་ཏྲཾ་ཞེས་ལན་གསུམ་བརྗོད་དེ་བསྒྲུབ་པར་བྱའོ། །དེ་ནས་ལྕེ་ལ་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསམས་ལ། ལྷ་ཐམས་ཅད་ཀྱི་ལྗགས་ལ་ཏྲཾ་ཞེས་བྱ་བ་བསམ་པར་བྱ་སྟེ་། འདི་ནི་ཆོས་ཀྱི་ཕྱག་རྒྱའོ། །ད་ན ་ཨ་ཞེས་བྱ་བ་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། ནམ་མཁའ་ཨི་སྙིང་པོ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཏྲཾ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་བཅིང་བར་བྱ་སྟེ། རིན་པོ་ཆེའི་ཕྱག་རྒྱ་གཉིས་བཅིངས་ལ། ་གཅིག་སྙིང་གར་བཞག་ལ་གཡས་པའི་རིན་པོ་ཆེའི་ཁུ་ཚུར་གྱི་ནོར་སྦྱིན་པ་ལྟ་བུ་འདི་ནི་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་ལས་ཀྱི་ཕྱག་རྒྱའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་པོ་དེ་ཉིད་དབང་བསྐུར་བའི་གནས་སུ་འཇོག ་པ་ནི་རིན་པོ་ཆེ་དབང་བསྐུར་བའོ། །རིན་པོ་ཆེའི་ཁུ་ཚུར་བཀན་ལ་སྙིང་གའི་ཕྱོགས་སུ་བཞག་པ་ནི་རིན་པོ་ཆེ་ཆེན་པོའི་ནོར་སྦྱིན་གྱིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཀན་ལ་ཕང་པར་བཞག་པ་ནི་ཆོས་རིན་པོ་ཆེའིའོ། ། ་རིན་པོ་ཆེའི་ཁུ་ཚུར་གཉིས་མགོར་བཞག་པ་ནི་རིན་པོ་ཆེ་ཆེན་པོ་རོ་མྱང་བའི་འོ། །ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཉིད་ལས་ལས་ཀྱི་ཕྱག་རྒྱའི་ཚུལ་དུ་བཅིངས་ནས། ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ནས་རས་ལ་བྲི་བའི་རྗེས་སུ ་འབྲངས་ནས། ཕྱག་རྒྱ་ཆེན་པོ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་དབང་བསྐུར་བ་ལ་སྔ་མ་བཞིན་དུ་མཆོད་ཡོན་དང་བུམ་པ་དང། བུམ་པ་གང་བ་དང་། ན་བཟའ་དང། ་བླ་རེ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ཏེ་། མེ་ཏོག་གི་ཤིང་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་པ་བྱས་ལ། ཕྱི་རོལ་དུ་གླུ་དང་གར་དང་རོལ་མོ་དང་རྟ་དང། གླང་པོ་ཆེ་དང། ་བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པར་བྱེད་དུ་གཞུག་གོ། དེ་ནས་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང། དཔག་བསམ་གྱི་ཤིང་དང་ཁ་ཟས་རོ་བརྒྱ་དང་ལྡན་པའི ་བཀོད་པ་སྦྲུལ་ནས་། དེ་རྣམས་འདིས་དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྤྱི་བོར་བཞག་ལ། ཨོཾ་སརྦ་བིཏཔཱུ་ར་ཡ་།པཱུ་ར་ཡ། ཨཱ་བརྟ་ཡ། ཨཱ་བརྟ་ཡ་ཧོ། དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་། སྦྱིན་སྲེག་བྱས་ནས་། རྡོ་རྗེ ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་རས་སེར་པོ་གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱས་ལ་། ཡང་རས་གཅིག་ལ་སྙིང་པོ་བཟླས་པས་རང་གི་གདོང་གཡོགས་པར་བྱའོ། །དེ་ལ་སྒོ་སྲུངས་བཞིའི་སྙིང་པོ་ནི ་འདི་ཡོན་ཏེ། ཨོཾ་སརྦ་རཏན་ཨཱ་ཀརཥ་ཡ་ཨཱརྱ་ཨཱ་རུ་ཎ། མ་ཧཱ་སཏྭ་བྷ་ག་སཱ་ཏཱཾ། ཨཱརྱ་ཨཱ་ཀ་ཤ་གརྦྷ་ཙོ་ད་ཡ་ཨཱ་ཀརཥ་ཡ། ཤཱི་གྷྲཾ་ཧོ་ཛ(རྒྱུད་འགྲེལ་ཨོཾ་མ་ཎི་རཏན་ཨཱ་བཾ་ཤ་ཡ་ཡ་ཞེས་བྱ་བའོ། །དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ལ་། བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་སྙིང་གར་བསྐྱེད་ལ། ཤར་ཕྱོགས་ཀྱི ་སྒོ་ལ་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། འཇུག་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་། དེ་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་བླངས་ལ། བཛྲ་བཛྲ་ཏྲཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་དུ་འཇུག ་པར་བྱའོ། །དེ་ནས་འཕགས་པ་སྐྱ་རེང་ལན་གཅིག་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ་རིན་པོ་ཆེའི་ཞགས་པ་ལན་ཅིག་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། ་རིན་པོ་ཆེའི་ལྕགས་སྒྲོག་གི་སྙིང་པོ་ལན་གཅིག་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། ནོར་བུ་རིན་པོ་ཆེ་འབེབས་པའི་སྙིང་པོས་བདག་ཉིད་དབང་དུ་བྱའོ། །དེ་ནས་ཡང་དེ་བཞིན་དུ་ཤར ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། མཧཱ་ར་ཏ། སུ་དྲི་སུ་སུ་ཥོ་ཌཧ་སུ་སུ་ཁོ། བཛྲ་སཏྭ། ཨཱ་དྱ་སིདྡྷཡ་མཱཾ། ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ཏེ་། ་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་སྤྱན་སྔར་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་རཱ་ག། མ་ཧཱ་སཽ་ཁྱ་མ་ཧཱ་བཛྲ་མཧཱ་དྷཱ་ན། མ་ཧཱ་ཛྙཱ་ན་མ་ཧཱ་ཀརྨ། བཛྲ་སཏྭཱ་དྱ་སིདྡྷཡ་མཱཾ། ཡང་འདི་སྐད་ཅེས་བརྗོད་པ་བྱའོ། ། ་ཛ(རྒྱུད་འགྲེལ་དབྱེ་ཞིང་ཨ་ཞེས་བྱ་བ་ཉིད་ལན་བརྒྱ་བརྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ཏྲཾ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་ཏྲཾ་ཞེས་བྱ་བ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཏྲཾ་ཞེས་བྱ་བ་ཟློས་ཤིང ་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ་དཀྱིལ་འཁོར་བལྟའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ ་བར་བྱའོ། །དེ་ནས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང། ཇི་སྲིད་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས། དངོས་གྲུབ་ཐམས་ཅད་སྩོལ་བར ་འགྱུར་བ་དེ་སྲིད་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་སྙིང་གར་བཞག་ལ་། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རིན་པོ་ཆེའི་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ ་བཞིས། བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀྱང་ལེགས་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་ཕྱག་རྒྱ་ཆེན་པོ ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་རྣམས་བླང་བར་བྱ་སྟེ་། དེ་ལྟར་དང་པོ་ཁོ་ནར་རྡོ་རྗེ་རིན་ཆེན་གྱིས་ཕྱག་རྒྱས་ཡོངས་སུ ་བཟུང་བའི་རྡོ་རྗེ་རིན་པོ་ཆེའི་མེ་ཏོག་གི་ཡལ་ག་ལས། ཡང་རྣམ་པར་རྒྱལ་བའི་བུམ་པ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་བཟླས་ལ། བདག་ཉིད་འཕགས་པ་ནམ་མཁའ་ཨི་སྙིང་པོར་བྱིན་གྱིས་བརླབས་ཏེ་། ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་བཤད་པའི་གནས་རྣམས་སུ་རང་གི་ལུས་ལ་འཕགས་པ་ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་ཡང་དག་པར་བཞག་ནས། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་རྟ་བདུན་དང་ལྡན ་པའི་ཤིང་རྟའི་སྟེང་དུ་སྣ་ཚོགས་པདྨ་བྲིས་ལ། དེའི་སྟེང་དུ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་ལོ་བཅིངས་ཏེ་འདུག་ནས་། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ལ། མཚན ་བརྒྱ་རྩ་བརྒྱད་པས་བསྟོད་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱི་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཏྲཾ་ཞེས་བྱ་བ་དང། དེས་བདག་ཉིད་དབང་བསྐུར་པར་བྱ་ཞིང། ཆུ་དེ་བཏུང་པར་ཡང་བྱའོ། །དེ་ནས་རྡོ་རྗེ ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། ལུགས་མ་འམ་བརྡུངས་པ་ལ་སོགས་པའི་རིན་པོ་ཆེའི་ཅོད་པན་དང་དར་དབྱངས་དང་ལྡན་པ་ལ། ཏྲཾ་ཞེས་བྱ་བ་ལ་སོགས་པ་བཟླས་པས་ཡང་བདག་ཉིད ་དབང་བསྐུར་ཏེ། རྡོ་རྗེ་རིན་པོ་ཆེའི་རིན་པོ་ཆེའི་དྲིལ་བུ་དང་བཅས་པ་བླངས་ལ། བདག་པོ་དང་མིང་གིས་དབང་བསྐུར་བ་དག་གིས་དབང་བསྐུར་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རིན་པོ་ཆེའི་བརྟུལ་ཞུགས་བླངས་ལ། ་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱི་བདག་ཉིད་ཡང་དག་པར་མཆོད་ཅིང་རིན་པོ་ཆེའི་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱི་མཆོད་ལ་། རྡོ་རྗེ་རིན་པོ་ཆེ་དེ་ཁོ་ན་ཉིད་ཀྱིས་བཟུང་བར་བྱ ་སྟེ། ཉི་མ་འདི་ནི་དམ་པ་སྟེ། ཐམས་ཅད་མཐོང་བ་དེ་བཞིན་གཤེགས། ནམ་མཁའ་ཨི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པའོ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །རིན་པོ་ཆེའི་དྲིལ ་བུ་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། བསམ་པ་ཐམས་ཅད་འགྲུབ་པ་ནི། །དོན་བསམས་འགྲུབ་པ་དམ་པ་སྟེ། །འདོད་པ་དེ་ནི་རབ་གྲུབ་ཕྱིར། །འདོད་ལས་ཐར་བའི་བདེ་བ་ཆེ། །ཞེས་བྱ་བ་ནི་ཆོས་སོ། །དམ་ཚིག་གི ་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། འདོད་དང་བདེ་བ་ཀུན་གྱི་ཕྱིར། མི་མཐུན་པ་ཡང་སྦྱིན་བྱ་སྟེ། །བདག་ཉིད་དང་ནི་གཞན་རྣམས་ཀྱི། །བསམ་པ་ཐམས་ཅད་རྫོགས་པར་གྱིས། །ཞེས་བྱ་བ་ནི་དམ་ཚིག ་གོ། དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། སྙིང་པོ་བཟུང་ལ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་དག་མནོས་ནས། ཡང་བདག་ལ་བྱིན་གྱིས་བརླབས་པ་ལ ་སོགས་པ་དག་བྱས་ཏེ། ཅི་འདོད་པར་བཟླས་བརྗོད་ཀྱང་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ལ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ། །བདག་མིང་འདི་ཞེས་བྱ་བ་ཡི། །རིན་ཆེན་སློབ་དཔོན་དཀའ་ཐུབ་ཆེས། སེམས་ཅན་ཀུན་ལ་ཕན ་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱི་སྡོམ་པ་འཛིན་དུ་གཞུག་པ་དང། བྱང་ཆུབ་ཏུ ་སེམས་བསྐྱེད་པ་དག་བྱའོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་རིན་ཆེན་བསྐྱེད་ལ། དེ་འཕགས་པ་ནམ་མཁའ་ཨི་སྙིང་པོར་བྱིན་གྱིས་བརླབས་ཏེ། དྲི་དང་མེ་ཏོག་ལ་སོགས་པ་མཆོད་ནས། ཡོན་གྱི་མཆོག་བླངས་ཏེ། སྒོར་མངོན ་པར་ཕྱོགས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། རང་ཉིད་འཇུག་པའི་ཆོ་གས་བཅུག་སྟེ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་བཅིངས་ནས། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་ཕྱེ་ལ། སྙིང་པོའདིས་དབབ ་བར་བྱའོ། །ཏྲཾ་ཨ་ཨ་ཨ་ཨ་ཞེས་ལན་བརྒྱ་བཟླས་སོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དང་དབང ་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བརླབ་པར་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར། །སྒྲུབ་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང ་དེ་བཞིན་ནོ། །ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པ་རས་ཀྱི་རི་མོ་གཉིས་གསུངས་པ་དང། དེའི་དངོས་གྲུབ་རྣམས་ཇི་སྐད་གསུངས་པ་དེ་བཞིན་དུ་འཕགས་པ་ནམ་མཁའ་ཨི་སྙིང་པོའི་སྒྲུབ་པ་དང། དེ་གྲུབ ་པ་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་གསུངས་པའི་ཚུལ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་འཕགས་པ་ནམ་མཁའ་ཨི་སྙིང་པོའི་སྐུ་རས་ལ་བྲིས་པ་ལ ་སོགས་པ་མདུན་དུ་བཞག་སྟེ་། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། བཅོམ་ལྡན་འདས་མདུན་དུ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ཏེ། ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས། ་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ཏེ། བཟླས་བརྗོད་དཔག་ཏུ་མེད་པས་ཟླ་བ་གཅིག་གི་བར་དུ་སྔོན་དུ་བསྙེན་པ་སྔ་མ་བཞིན་དུ་བྱས་ལ། དེ་བཞིན་དུ་དཀྱིལ་འཁོར་གྱིས་མལ་གྱིས་རས་རིས་བྲིས་ནས། དེ་བཞིན་དུ ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཟླ་བ་གཅིག་གི་བར་དུ་དཔག་ཏུ་མེད་བའི་བཟླས་བརྗོད་དེ་བཞིན་དུ་བྱའོ། །དེ་ནས་ཟླ་བ་ཉ་ལ་བབ་པ་དང་མཚན་ཐོག་ཐག་བཟླས་བརྗོད ་བྱས་ན། ནང་པར་བཅོམ་ལྡན་འདས་འཕགས་པ་ནམ་མཁའ་ཨི་སྙིང་པོས་ཞལ་བསྟན་ནས་། མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་ཏེ། དེ་རས་ཀྱི་རི་མོ་དང་པོའི་ཆོ་གའོ། །དེ་ནས་རས་རིས ་གཉིས་པ་ལ་སྒྲུབ་པ་བཤད་པར་བྱ་སྟེ། སྔོན་དུ་བསྙེན་པ་དེ་བཞིན་དུ་བྱས་ལ། བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་དཔའ་བོ་གཅིག་པུ་རས་ལ་བྲིས་ཏེ། དེའི་སྤྱན་སྔར་བཅོམ་ལྡན་འདས་ནམ་མཁའ་ཨི ་སྙིང་པོ་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉེ་ལ་བབ་པ་དང། མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ། དེ་ནས་ནང་པར་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོས་ཞལ་བསྟན ་ནས། སྒྲུབ་པ་པོ་ལ་ནམ་མཁའ་ཨི་སྙིང་པོ་ཉིད་སྩོལ་བར་འགྱུར་བའོ། །དེ་ནས་མ་བསྒྲུབས་པར་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དབང་བསྐུར་བ་ཐམས་ཅད་ཐོབ་ཅིང་ཞེས་བྱ་བ་ནི་དབང་བསྐུར་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དབང་བསྐུར ་པ་ཐམས་ཅད་དེ་རྡོ་རྗེ་དང། རིན་པོ་ཆེའི་དང། པདྨ་དང། སྣ་ཚོགས་རྡོ་རྗེའི་དབང་བསྐུར་བ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ ་ཕྱིན་པ་སྟོན་པར་བྱེད་པའོ། །དེ་ཐོབ་པ་ནི་མངོན་སུམ་དུ་བྱས་པའོ། །ཇི་ལྟར་འགྱུར་ཞེ་ན་། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིངས་པའི་ཚུལ་དུ ་བྱ་བ་ནི། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བ་སྟེ། དེས་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ནི་ཞེས་བྱ་བ་ནི། བསམ་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་། ་བསམ་པ་ཐམས་ཅད་དེ། དེ་དབང་སྐུར་བ་ལ་སོགས་པ་ཐོབ་པར་འདོད་པའོ། །དེ་ཡོངས་སུ་རྫོགས་པ་ནི་དབང་བསྐུར་བ་ལ་སོགས་པ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན་། ཉིན་རེ་ཞིང་ཉི་མ་འཆར་ཀར་བཟླས་བརྗོད་དཔག་ཏུ་མེད་པ ་བྱས་པས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཟླས་བརྗོད་དཔག་ཏུ་མེད་པ་བྱ་ཞིང་ཉིན་རེ་ཞིང་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། འདིས ་ནི་རིན་པོ་ཆེ་ཆེན་པོ་འཛིན་པ་ནོར་སྦྱིན་གྱི་དངོས་གྲུབ་སྟོན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དོན་ཤེས་པ་ལ་ནི་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་དང། པདྨའི་རིགས ་ནི་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱི་དོན་ནི་ངོ་བོ་ཉིད་རྣམ་པར་དག་པ་སྟེ། དེ་ཤེས་པ་ནི་ངེས་པར་བྱས་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། དྲི་མ་མེད་པའི་ནམ་མཁའ་ལ་བལྟ་ཞིང་བཟླས་བརྗོད་བྱའོ་ཞེས་བྱ ་པ་གསུངས་ཏེ། རྡུལ་ཐམས་ཅད་དང་བྲལ་བའི་ནམ་མཁའ་ཨི་དེ་ལ་མིག་གི་རྣམ་པར་ཤེས་པ་དང་བློས་བལྟ་བཞིན་དུ་བཟླས་བརྗོད་ཏྲཾ་ཞེས་བྱ་བ་བཟླས་པར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད ་ཀྱིས་དག་པའོ་ཞེས་བསྒོམ་ཞིང་བཟླས་བརྗོད་བྱ་སྟེ། འདིས་ནི་ཆོས་རིན་པོ་ཆེའི་དངོས་གྲུབ་གསུངས་པ་ཡིན་ནོ། །ཟས་དང་སྐོམ་ཐམས་ཅད་ལ་སོགས་པ་རོ་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་ཞེས་བྱ་བ་ལ། བཟའ་ ་བ་ལ་སོགས་པ་ནི་ཟས་ཐམས་ཅད་དེ། ཟན་དྲོན་དང་འབྲས་ཆན་ལ་སོགས་པའོ། །ཁུ་བའི་རྫས་ཐམས་ཅད་ནི་སྒོམ་ཐམས་ཅད་དེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་ཟས་དང་སྒོམ་ཐམས་ཅད་ལ་སོགས་པའོ།། ་རོ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། ཞི་བ་ལ་སོགས་ནི་འཇིག་རྟེན་ལས་འདས་པའོ། །མངར་བ་དང་སྐྱུར་བ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རོ་བརྒྱ་ནི་འཇིག་རྟེན་པའོ། །དེ་རྣམས་ཐོབ ་པ་ནི་རྙེད་པར་གྱུར་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ནམ་མཁའ་ལས་ཡིད་ལས་འདོར་བས་ཉིན་རེ་ཞིང་བཅོམ་ལྡན་འདས་ཀྱི་བཟླས་པ་སྟོང་བྱས་པས་སོ་ཞེས་བྱ་བ་གསུངས་ཏེ། ཉིན་རེ་ནི་ཉི་མ་རེ་རེ་ཞིང་ངོ། །བཅོམ་ལྡན ་འདས་ནི་རིན་པོ་ཆེ་ཆེན་པོ་རོ་མྱང་བའི་གཟུགས་ཅན་གྱི་ནམ་མཁའ་ཨི་སྙིང་པོའོ། །བཟླས་པ་སྟོང་བྱས་པས་ཞེས་བྱ་བ་ནི་ཏྲཾ་ཞེས་བྱ་བ་ལན་སྟོང་གི་བར་དུ་བཟླས་པས་བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་སྟེ། རིན་པོ་ཆེ་ཆེན་པོ་རོ ་མྱང་བའི་རྣལ་འབྱོར་གྱི་སྦྱོར་བ་འདི་བསྒྲུབ་པར་བྱའོ། །གདུགས་ཆེན་པོ་ཐོབ་པར་བྱ་བ་ལ་ནི་ཞེS་བྱ་བ་ནི་རིག་པ་འཛིན་པ་དང་འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པ་འཇིག་རྟེན་པའི་རྒྱལ་སྲིད་ཐོབ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། གདུགས་བཟུང་ནས ་བཟླས་བརྗོད་འབུམ་བྱའོ་ཞེས་བྱ་བ་གསུངས་ཏེ། ལྷ་མོ་རིན་ཆེན་གྱི་སྦྱོར་བས་རིན་པོ་ཆེའི་གདུགས་བཟུང་ལ་བཟླས་བརྗོད་འབུམ་བྱའོ། །རྣམ་པར་རྒྱལ་བ་ཆེན་པོ་ཐོབ་པ་ལ་ནི་རིན་ཆེན་རྒྱལ་མཚན་མཆོག་གི་སོ་ཞེས་བྱ་བ་ལ། ལྷའི ་བུ་ལ་སོགས་པ་གཞན་དག་ལས་རྒྱལ་བ་ནི་རྣམ་པར་རྒྱལ་བ་ཆེན་པོ་སྟེ། དེ་ཐོབ་པ་ནི་སྔ་མ་བཞིན་ནོ། །དེ་ཡང་རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས་གུང་མོ་དང། སྲིན་ལག་དང། མཐེའུ་ཆུང་གི་སོར ་མོ་བརྐྱང་ལ། སྲིན་ལག་དང་མཐེའུ་ཆུང་ཕན་ཚུན་སྦྲེལ་བ་ནི་རིན་ཆེན་རྒྱལ་མཚན་མཆོག་སྟེ། འདི་བཅིངས་ལ། ལྷ་མོ་རིན་ཆེན་རྒྱལ་མཚན་མཆོག་གི་སྦྱོར་བས་ཏྲཾ་ཧཾ་ཞེས་བཟླས་བརྗོད་བྱས་ཏེ། ཕྱག་རྒྱ་བཅིངས་པ་དེ་ལས་རྡོ་རྗེ་འཛིན་པ ་ཆེན་པོ་ལ་སོགས་པའི་ཁྲོ་བོའི་གོ་ཆ་དང། ཡ་ལང་བགོས་པར་གྱུར་པ་སྤྲུལ་པ་ལ། དེ་རྣམས་ཀྱི་བདུད་ལ་སོགས་པའི་སྡེ་སྐྲག་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐོབ་པར་འགྱུར་རོ། ། ་གྲགས་པ་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གསུམ་དུ་ཁྱད་པར་ཅན་དུ་གྱུར་ཅིང། དགའ་བར་བྱ་བ་ལ་སོགས་པས་གཞན་གྱི་ཡོན་ཏན་བསྒྲགས་པ་ནི་གྲགས་པ་ཆེན་པོའོ། །འཇིག་རྟེན་ཐམས་ཅད་ཡང ་དག་པར་བསྲུང་ཞིང། དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་ཟློག་པར་བྱེད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ་དབང་བྱེད་པའི་ཞེས་སྙན་པའི་སྒྲ་ཐོབ་པའོ། །མིང་ནི་རིན་ཆེན་མཆོག་གི་རིན་པོ་? ་ཞེས་བྱ་བའི་རིན་པོ་ཆེའི་སློབ་དཔོན་ཞེས་བྱ་བ་ལ་སོགས་པའི་ཁམས་གསུམ་མཛའ་དག་ཏུ་རབ་ཏུ་གྲགས་པ་ནི་མིང་སྟེ། གྲགས་པ་དང་སྙེན་པ་ཆེན་པོ་དང། མིང་དེ་ལྟ་བུ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཉིན ་རེ་ཞིང་སྒོ་ཐམས་ཅད་ནས་བཟླས་པ་བྱའོ་ཞེས་བྱ་བ་གསུངས་ཏེ། ལྷ་མོ་རིན་ཆེན་ལྔའི་སྦྱོར་བས། སྔ་དྲོ་ཤར་ཕྱོགས་སུ་ཁ་བལྟས་ལ་ཟླ་བ་དང་ཉི་མ་ཕྱེད་ལ་ལྷོར་བལྟ་བ་དང། ཕྱི་དྲོ་ནུབ་དུ་བལྟ་བ་དང། ནམ་ཕྱེད་ན་བྱང་དུ་བལྟས་ལ ་བཟླས་བརྗོད་བྱའོ། །བདག་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། བདག་པོ་ཆེན་པོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱལ་པོ་སྟེ། དེ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རིན་པོ་ཆེའི་སྲོག་ཤིང་གི ་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱི་རིན་པོ་ཆེའི་སྲོག་ཤིང་འཛིན་པའི་ཚུལ་དུ་བྱ་བ་ནི། རིན་པོ་ཆེའི་སྲོག་ཤིང་གི་ཕྱག་རྒྱ་སྟེ། འདི་བཅིངས་ལ། ལྷ་མོ་རིན་ཆེན་སྲོག་ཤིང་གི་སྦྱོར་བས། ་ཏྲཾ་ཏྲཾ་ཞེས་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་བདག་པོ་ཆེན་པོར་འགྱུར་རོ། །ཐམས་ཅད་དབང་བསྐུར་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པ་ཐོབ་པའོ། །དེ་ཉིད་རིན་པོ་ཆེ་དང་ཆ་མཐུན་པས་ན་། རིན་པོ་ཆེ་སྟེ། ་དེའི་དམ་ཚིག་ནི་རིན་པོ་ཆེའི་རིགས་ཏེ། མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ།། །།དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་རིན་པོ་ཆེའི་རིགས་ཀྱི ་དུམ་ལྷ་རྫོགས་སོ།། །།དེ་ལྟར་སེར་སྣའི་གཉེན་པོའོ་ཕྱོགས་སུ་རིན་པོ་ཆེའི་རིགས་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱས་པ ་རང་བཞིན་གྱིས་འོད་གསལ་བར་སྒྲུབ་པོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་ནི་རྡོ་རྗེ་ཁུ་ཚུར་བསྒོམ་པས་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་ནི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་། འདོད་པའི་ཁམས་ཐམས་ཅད་དུ་ཇི་སྐད་དུ་བཤད་པའི་རིམ་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་ནས། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ཆུལ་འདི་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་རང་བཞིན་གྱི་འོད་གསལ་བ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན ་པར་ངེས་པ་དང། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱད་དེས་པའོ། །དེ་ཉིད་ནི་སེམས་ཅན་གྱི་ཁམས་ཐམས་ཅད་རྒྱས་འདེབS་པS་ན་ཕྱག་རྒྱའོ། །དེ་ཐོབ་པ་ནི་མངོན་སུམ་དུ་མཛད་པ་སྟེ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས ་ཀྱི་ཕྱག་རྒྱ་ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་རྡོ་རྗེ་ཁུ་ཚུར་འཛིན་པའི་ཕྱིར་དང། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཆིང་བར་མཛད་པས་སོ། ། ་རྟག་པ་ཞེས་བྱ་བས་ནི་འཁོར་བ་ཇི་སྲིད་པར་བཞུགས་པའི་ཕྱིར་དང། རྒྱུན་གྱི་རྟག་པ་ཉིད་ཀྱིས་ན་རྟག་པའོ། །ཡང་ཞེས་བྱ་བ་ནི་དབང་བསྐུར་བ་སྦྱིན་པ་ལ་སོགས་པ། གསུངས་པ་ལ་བལྟོས་ནས། ཡང་ཞེས་བྱ་བའི ་སྒྲ་སྨྲས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་འདི་སྐད་དུ་བཤད་པའོ། །དེའི་བྱིན་གྱིས་བརླབས་ནི་འཁོར་བ་ཇི་སྲིད་པར་བརྟན་པར་མཛད་པའི་ཐོས་པ་དང། བསམ་པ་དང། བསྒོམ་པའི་རང་བཞིན ་གྱི་ཡེ་ཤེས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟར་མི་ཕྱེད་པར་འགྱུར་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡོངས་སུ་འཛིན་པ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་སྟེ། དེའི་ང་རྒྱལ་སྒོམ་པའི་སྦྱོར་བས་སོ། །དེས་དོན་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད ་ཉིད་དུ་འགྱུར་རོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་ཐམས་ཅད་ནི་གཟུགས་བརྙན་དང་མཚུངས་སོ། །ཞེས་བསྒོམ་པའི་རྣལ་འབྱོར་བ་ནི་བྱང་ཆུབ་ཆེན་པོའི་ཚུལ་དུ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ། །གསུང་གི་ཕྱག་རྒྱ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྗགས་སོ། །དེ་ཡོངས་སུ་འཛིན་པ་ནི་དེའི་ངོ་བོ་ཉིད་བསྒོམ་པས་དེའི་ཕྱག་རྒྱ་བཅིང་པའོ། །དེས་དོན་ཅི་ཞིག་ཏུ་འགྱུར་ཞེ་ན། ཆོས་ཐཾས་ཅད ་འཐོབ་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། ཆོས་དང་དོན་དང་དེས་པའི་ཚིག་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དོ། ། ་དེ་རྣམས་ཐོབ་པར་འགྱུར་བ་ནི་རྙེད་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་ཞིང། རྒྱུ་ཉིད་དུ་སྒྲུབ་པར་བྱེད་དོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ནས། ་སྔགས་ཐམས་ཅད་ཟློས་ཤིང། རང་བཞིན་གྱིས་དག་བར་ལྷག་པར་མོས་པར་བྱའོ། །ཐུགས་ཀྱི་ཕྱག་རྒྱ་ནི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་རྡོ་རྗེའོ། །དེ་ཡོངས་སུ་འཛིན་པ་ནི་སྔ་མ་བཞིན་ནོ། །ཏིང་འཛིན ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ཏིང་ངེ་འཛིན་ཐམས་ཅད་དེ། ལྷ་ཐམས་ཅད་ཀྱི་སྦྱོར་བས་རང་གི་སྙིང་གར་སེམས་དཔའ་རྡོ་རྗེ་ལྟ་བུར་སེམས་རྩེ་གཅིག་ཏུ་གྱུར་པ་སྟེ། དེ་རྣམས་ཐོབ་པ་ལ་འཇུག་པར་འགྱུར་བའོ།། ་འདིས་ཀྱང་དོན་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ། རྡོ་རྗེ་རྣམ་པར་བསམས་ནས་དེའི་དབུས་སུ་བཟླས་པར་བྱས་པའི་སྙིང་པོ་བཀོད་ལ། སྒྲུབ་པ་པོས་བཟླས་བརྗོད་དམ་བསྒོམ་པ་བྱའོ།། ་རྡོ་རྗེའི་ཕྱག་རྒྱ་ནི་བྱང་ཆུབ་སེམས་དཔའ་ཨི་རྡོ་རྗེ་སྟེ། དེ་ཡོངས་སུ་འཛིན་པ་ནི་སྔ་མ་བཞིན་ནོ། །ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེ་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་དག་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་ཕྱག་རྒྱ་ཆེན་པོ་ལ ་སོགས་པ་ཐོབ་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། ལས་ཀྱི་ཕྱག་རྒྱ་བཅིངས་ནས་བཟླས་བརྗོད་དམ་བསྒོམ་པ་བྱས་ནས། དངོས་གྲུབ་ཐོབ་པར ་འགྱུར་རོ། །སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ལ་སོགས་པའི་ཚིག་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་དང། །ཆོས་ཀྱི་ཕྱག་རྒྱ་དང། དམ་ཚིག་གི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་སྒྲུབ་པ་ཐུན་མོང་དུ་གསུངས་པ་ཡིན་ནོ། ་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་སྙིང་གར་སེམས་དཔའ་རྡོ་རྗེ་རྣམ་པར་བསམས་ལ། བྱང་ཆུབ་ཀྱི་སེམས་ཆེན་པོ་བསྒོམ་པས་ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྒྲུབ་པར་བྱའོ། །ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ་ཆོས་ཐམས་ཅད་རང་བཞིན་གྱི་དག་པའོ། །ཞེས་བསྒོམ་པས་སྔགས་ཐམས་ཅད་གདོན་པར་བྱའོ། །ཡང་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། དེའི་དབུས་སུ་རིག་པའི་སྔགས་ཐམས་ཅད་དམ་ཚིག་གི་ཕྱག་རྒྱ་མིང ་ཡོར་དང་མཚུངས་པར་བསྒོམ་པ་དང། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའོ་ཞེས་བསྒོམ་པར་བྱའོ། །རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ། དེའི་དབུས་སུ་བཟླས་པར་བྱ་བའི་རིགས་སྔགས་བཀོད ་ལ། ལས་ཀྱི་ཕྱག་རྒྱ་བཅིང་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱི་འོད་གསལ་བའོ་ཞེས་བསྒོམ་པར་བྱའོ། །དེ་ལྟར་རིགས་ཐམས་ཅད་ཀྱི་ཐུན་མོང་གི་ཕྱག་རྒྱ་བསྒྲུབ་པ་བཤད་ནས་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་སློབ ་དཔོན་ལས་རྣ་བའི་རྣམ་པར་ཤེས་པས་བཟུང་བར་འགྱུར་བ་ནི་ཐོབ་པའོ། །སྟོན་པ་ནི་གཞན་རྣམས་ལ་འཆད་པའོ། །དངོས་གྲུབ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ཐམས་ཅད་གྲུབ་པའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ནི ་གསུང་གི་ཕྱག་རྒྱ་ཐམས་ཅད་གྲུབ་པའོ། །ཤེས་པ་ཐམས་ཅད་ནི་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་གྲུབ་པའོ། །དགོས་པ་ཐམས་ཅད་ནི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་གྲུབ་པ་སྟེ། འདི་ཉིད་ཀྱི་དོན་བཞི་པོ་ཉིད་སྟོན་པར་གྱུར་པ་ཡིན་ནོ།། ་ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེ་ཉིད་ཐོབ་པས་བྱང་ཆུབ་སེམས་དཔའ་ཆེན་པོ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ནས། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བ་ནི་བྱང་ཆུབ ་གྱི་སེམས་ཆེན་པོ་ལ་སོགས་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འགྱུར་རོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བའི་བར ་ཀྱིས་བཤད་པས་ནི་ཏིང་འཛིན་དང་པོ་གསུངས་པའོ།། །།ད་ནི་དེ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་པའི་ཕྱིར། བཅོམ་ལྡན ་འདས་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་སྦྲུལ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ལ་བསྐུལ་བ་དང། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་བསྐྱེད་པར་བྱ་བའི་ཕྱིར་སྙིང་པོ་འདི་གསུངས་པའོ། །དམ་ཚིག་ཆེན་པོ་ཕྱག་རྒྱ་ཡོངས ་སུ་འཛིན་པས་ཞེས་བྱ་བ་ནི། ཕྱག་གཉིས་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ་འཆིང་བར་མཛད་པ་སྟེ། རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ཀྱི་དངོས་གྲུབ་ནི་སྤྲུལ་པ་རྫོགས་པར ་གྱུར་པའོ། །དེའི་དམ་ཚིག་ནི་རྫོགས་པར་བྱེད་པའི་རྒྱུ་སྟེ། མིང་དེ་སྐད་ཅེས་བྱ་བའི་སྙིང་པོ་འདིས་གསུང་བ་ནི། ཨ་ཞེས་བྱ་བའོ། །དེ་ནས་འདི་གསུངས་པ་ཙམ་གྱིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་རྒྱས་བཏབ་པའོ། །ཞེས་བྱ་བར་སྦྱར ་ཏེ། ཨ་ཞེས་བྱ་བ་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་ངོ་བོ་ཉིད་དུ་གྱུར་པས་ཕྱག་རྒྱ་ཆེན་པོ་དང། ་ཆོས་དང་དམ་ཚིག་དང་པས་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་ཉིད་དུ་ཕྱག་རྒྱ་ཆེན་པོ་དང། ཆོས་དང་དམ་ཚིག་དང། ལས་ཀྱི་ཕྱག་རྒྱ་བདག་ཉིད་སྐྱེད་པར་བྱེད་པས་མི་བྱེད་པར་བྱས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེར་གྱུར ་པ་ནི་རྡོ་རྗེ་སེམས་དཔའ་ཉིད་དོ། །རྡོ་རྗེ་སེམས་དཔའ་དེའི་རྒྱུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་གྲུབ་མཆོག་གི་རྒྱུ་སྟེ། རྡོ་རྗེ་སེམས་དཔའ་སྐྱེད་པར་བྱེད་པ་དེས་སངས་རྒྱས་ཉིད་དམ། བྱང་ཆུབ་སེམས་དཔའ་ ་ཐོབ་པ་ཉིད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་གི་རྒྱུས་རྒྱས་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པས་སེམས་ཅན་ཐམས་ཅད་རྒྱས་བཏབ་པའོ། །བཅོམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བའི་སྒྲ་ནི་ཉེ་བར་བསྡུ་བ་སྟེ། བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་རྒྱུ་རྒྱས་བཏབ་ལ་འབའ་ཞིག་ཏུ་མ་ཟད་ཀྱི། བཅོམ་ལྡན་དས་ཀྱིས་སྐུའི་གསང་བ ་ལས། ཕྱག་རྒྱ་ཆེན་པོའི་ཚུལ་དུ་དམ་ཚིག་གི་སེམས་དཔའ་བྱུང་བ་དང། གསུངས་གི་གསང་བ་ལས་ལྗགས་ཀྱི་རིག་སྔགས་རྣམས་དང། ཐུགས་ཀྱི་གསང་བ་ལས་རྡོ་རྗེའི་གཟུགས་རྣམས་དང། སྣ་སོགས་རྡོ་རྗེ་ལས་སྣ ་ཚོགས་རྡོ་རྗེ་འཆང་བ་རྣམས་ཕྱུང་པའོ། །ཕྱུང་ནས་ཀྱང་དང་པོའི་དཀྱིལ་འཁོར་གྱིས་ཚུལ་གྱིས་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཡོངས་སུ་བསྐོར་ནས། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། བཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས ་འདུས་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར།། ་དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན ་གསུམ་གྱིས་མཐར་སྙོམས་པར་ཞུགས་པར་མཛད་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་སྔར་བཤད་པའོ། །དེ་ལས་བྱུང་བའི་རྡོ་རྗེ་ཁུ ་ཚུར་གྱི་དཀྱིལ་འཁོར་ནི་སེམས་ཅན་གྱི་ཁམས་རྣམས་རྒྱས་འདེབས་པས་ན་ཕྱག་རྒྱ་ཆེན་པོ་སྟེ། དེ་ལ་དམིགས་པ་རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པའི་ཏིང་འཛིན་དེ་མངོན་སུམ་དུ་མཛད་པའོ། །ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི ་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་བྱ་བ་ནི་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང། ཆོས་དང་དམ་ཚིག་དང། ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ།། ་དེའི་དམ་ཚིག་ནི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ཏེ། མིང་དེ་སྐད་ཅེས་བྱ་བ་ནི་འདི་གསུངས་པའོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། ཏིང་ངེ་འཛིན་གསུམ་པོ་ཇི་ལྟ་བ་བཞིན་དུ་སྒོམས་ན་ཉེ་བར་བཟུང་སྟེ། ཇི་སྲིད ་དཀྱིལ་འཁོར་མངོན་སུམ་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་དང་པོའི་སྦྱོར་བས་བྲིས་ལ་ཞེས་བྱ་བ་ལ། འདི་དག་ནི་ཕྱིའི་དཀྱིལ ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་བཞིན་དུ་བྲི་བར་བྱའོ། །ནང་དུ་རྡོ་རྗེ་ཐིག་གི་འཁོར་ལོ་བྲིའོ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དེའི་དབུས་སུ་རྡོ་རྗེ་ཕྲེང་བ་ཟླུམ་པོ་བྲིའོ། །དེ་བཞིན་དུ་དེའི་དབུས་སུ་དཀྱིལ་འཁོར ་བརྒྱད་པ་ཐིག་བཏབ་པ་ལ་ཞེས་བྱ་བ་ནི་རྡོ་རྗེའི་ཐིག་གི་འཁོར་ལོའི་དབུས་སུ་ཤར་དང། ནུབ་དང། བྱང་དང། ལྷོར་ཐིག་བཞི་བཏབ་པའི་དཀྱིལ་འཁོར་བརྒྱད་པར་ཐིག་གདབ་པར་བྱའོ། །དེ་ནས་དེའི་དབུས་སུ་བཅོམ་ལྡན་འདས ་རྡོ་རྗེ་ཁུ་ཚུར་གསེར་གྱི་མདོག་ཅན་རྡོ་རྗེ་རྩེ་ལྔ་པ་དང་བཅས་པའི་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ་གཉིས་ཀྱིས་འཆིང་བར་མཛད་པ། ཞལ་རྣམ་པར་བཞད་པ་སྟེ། ཅུང་ཟད་འཛུམ་པ་དང་བཅས་པ། ཨ་ཞེས་བྱ་བ ་ཡང་དག་པར་བཞག་པར་བྱའོ། །དེ་བཞིན་དུ་རྡོ་རྗེའི་སྐུ་མཆོག་ཅེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ལྷ་མོ་རྡོ་རྗེ་རྡོ་རྗེ་ཞེས་བྱ་བའི་བར་དུ་ལྷ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བཞག་པར་བྱའོ། །དེ་ནས་དམ་ཚིག་གི་ཁུ་སུར་ཡོངས་སུ ་འཛིན་པས་ཞེས་བྱ་བ་ནི། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་ཕྱག་རྒྱ་བཅིངས་ལ། རང་ཉིད་འཇུག་པར་བྱའོ། །ཞུགས་ནས་སློབ་དཔོན་མེད་པར་ཡང་ཕྱག་རྒྱ་ཐམས་ཅད་ཀྱི ་སློབ་དཔོན་དུ་འགྱུར་རོ། །ཞེས་བྱ་བ་ནི། །གང་ཞིག་སློབ་དཔོན་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་པའོ། །དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དོན་ཡོད་པར་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ནས་ཉེ་བར ་བཟུང་སྟེ། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་དང་རིགས་གཞན་གྱི་དཀྱིལ་འཁོར་ལས་གསུངས་པ་རྣམས་ཀྱང་དོན་ཡོད་ཅིང་འབྲས་བུ་དང་བཅས་པས་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི ་ཡེ་ཤེས་ཀྱི་དབང་ཕྱུག་ཅེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་རྣམས་ཀྱི་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའོ་ཞེས་ངེས་པར་གྱུར་པའོ། །དེ་དབང་ཕྱུག་ཏུ་གྱུར་པ་ནི་རང ་དབང་དུ་གྱུར་པའི་གཙོའོ། །མྱུར་བ་ནི་ཤིན་ཏུ་སྐྱེན་པ་ཉིད་དུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བའོ། །དེ་ནས་ཐམས་ཅད་བྱས་ལ། བདག་ཉིད་ལ་གོ་བར་བྱ ་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་དམ་ཚིག་བརྗོད་པར་བྱའོ། །དེ་ཡང་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་གཟུགས་བརྙན་གྱི་སྦྱོར་བས་དེའི་ངོ་བོ་ཉིད་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ ་རྣམས་བསྒོམ་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་དེས་སྒྲུབ་པ་པོའི་རྒྱུད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཅེས་བྱ་བར་གྲགས་ཤིང་ངེས་པའོ། །གང་ཞིག་ཅེ་ན་དམ་ཚིག་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དོ། ། ་འདིའི་ལས་ནི་ཅི་ཞིག་ཡིན་ཞེ་ན་དངོས་གྲུབ་ཀུན་སྟེར་བའོ་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན ་གྱི་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པས་ན། དངོས་གྲུབ་ཀུན་སྟེར་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་དང། ཆོས་དང་དམ་ཚིག་དང། ལས་དང་ཕྱག་རྒྱ་རྣམས་གཟུགས་བརྙན་གྱི་ཚུལ་གྱིས་བཅིངས་བར ་བྱའོ། །དེ་ནས་དེའི་ངོ་བོ་ཉིད་དུ་བསྒོམ་པའི་སྟོབས་ཀྱི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་འགྱུར་ཞིང། བྱང་ཆུབ་ཀྱི་སེམས་ལ་སོག་པ་རྫོགས་པའི་རྒྱུར་འགྱུར་རོ། །སློབ་མ་གཞུག་པ་ཡང ་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སློབ་དཔོན་གྱི་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་དེ་བཞིན་དུ་སློབ་མ་རྣམས་ཀྱི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ནི་རང་བཞིན་གྱི་འོད ་གསལ་བ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ནི་ཕྱག་རྒྱ་ཐམས་ཅད་དཀྱིལ་འཁོར་ཞེས་བྱའོ། །ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ། །ཐམས་ཅད་རྣམ་པར་གསལ་པར་བྱ་པའི་ཕྱིར་སླར་ཡང ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བས་རྡོ་རྗེ་དབྱིངས་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དཀྱིལ་འཁོར་མངོན ་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་སྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་བསྒོམ་ལ། བར་སྣང་གི་ཕྱོགས་སུ་སྔ་མ་ལ་བཞིན་དུ་བཞག་ནས་ཉི་མ་འཆར ་བའི་དུས་སུ་ཐིག་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་སྟེ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚང་གྱི་ཟླུམ་པོའི་རྡོ་རྗེའི་ཐིག་ཀ་བ་བརྒྱད་དང་ལྡན་པར་ཐིག་ལེགས་པར་གདབ་པར་བྱའོ།། ་དེ་ནས་ལགས་པར་བྲི་བར་བྱ་སྟེ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དབུས་མའི་ལྟེ་བའི་ཕྱོགས་སུ་གནས་པའི་པདྨ་ལ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་སྐུ་མདོག་སེར་ངོ་ཞལ་འཛུམ ་པ་དང་བཅས་པ། དམ་ཚིག་གི་ཁུ་ཚུར་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་ཅིང་ཐུགས་ཀའི་ཕྱོགས་སུ་འཚིར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པ་ལ་སོགས་པའི་ཅོད་པན་གྱིས་དབང་བསྐུར་བ། ཞལ་ཤར་དུ ་གཟིགས་པ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བཞག་པར་བྱའོ། །དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་སྐུ་མཆོག་རྡོ་རྗེ་སེམས་དཔའ་ཨི་སྐུའི་ཆ་ལུགས་འཛིན་པའོ། །གཡས་ཕྱོགས་ཀཱི་ལི་ཀཱི་ལའི་གནས་སུ་རྡོ ་རྗེ་ལྗགས?་རྡོ་རྗེ་སྨྲ་བའི་ཆ་ལུགས་འཛིན་པ་ཕྱག་ན་ལྕེ་བསྣམས་པའོ། །རྒྱབ་ཏུ་རྡོ་རྗེ་དྲན་བའི་གནས་སུ་བྱང་ཆུབ་སེམས་དཔའ་ཏིང་འཛིན་རྡོ་རྗེ་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས ་པའོ། །གཡོན་སོགས་སུ་རྡོ་རྗེ་བསྙེམས་པའི་གནས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་བསྙེམས་པའི་སྐུའི་ཆ་ལུགས་འཆང་བ། དེའི་ཕྱག་རྒྱའི་ཚུལ་ཅན་ནོ། །ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་ལྷ་མོ་ཕྱག་རྒྱའི ་ཁུ་ཚུར་ཞེས་བྱ་བ་རྡོ་རྗེ་ཁུ་ཚུར་གྱི་ཆ་ལུགས་འཆང་བ། དམ་ཚིག་གི་ཁུ་ཚུར་གྱི་ཆ་ལུགས་འཆང་བ། དམ་ཚིག་གི་ཁུ་སུར་རྡོ་རྗེ་རྩེ་ལྔ་པ་ཐོགས་པ་བྲི་བར་བྱའོ། །ལྷོ་ནུབ་ཀྱི་མཚམས་སུ་ལྷ་མོ་རིན་ཆེན་གྱི་ཁུ་ཚུར་ཞེས་བྱ་བ་འཕགས ་པ་ནམ་མཁའ་ཨི་སྙིང་པོའི་ཆ་ལུགས་འཆང་བ། དམ་ཚིག་གི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་ཆེན་འཛིན་ཅིང་བཞུགས་པའོ། །ནུབ་བྱང་མཚམས་སུ་བཅོམ་ལྡན་འདས་མ་ཡེ་ཤེས་ཀྱི་ཁུ་ཚུར་ཞེས་བྱ་བ་འཇིག་རྟེན་དབང་ཕྱུག་གི་ཆ་ལུག་འཆང ་བ་།དམ་ཚིག་པདྨའི་ཁུ་ཚུར་གྱི་པདྨ་བསྣམས་པའོ། །བྱང་ཤར་མཚམས་སུ་བཅོམ་ལྡན་འདས་མ་ལས་ཀྱི་ཁུ་ཚུར་ཞེས་བྱ་བ་དངོས་པོ་ཐམས་ཅད་རྡོ་རྗེ་ལས་དང་འདྲ་བ་རྡོ་རྗེ་ཁུ་ཚུར་གྱིས་ལས་ཀྱི་ཕྱག་རྒྱ་སྣ་ཚོགས་རྡོ་རྗེ་བསྣམས་པ་བྲི་བར ་བྱའོ། །ཤར་ཕྱོགས་ཀྱི་སྒོར་བཅོམ་ལྡན་འདས་མ་རྡོ་རྗེ་བསྙེམས་མ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་རྡོ་རྗེ་སེམས་དཔའ་དང་འདྲ་བ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྒོ་རི་རྡོ་རྗེ་ལྗགས་མ་རྡོ་རྗེ་སྨྲ་བ་དང་འདྲ་བ། ་ནུབ་ཕྱོགས་ཀྱི་སྒོར་ཏིང་ངེ་འཛིན་རྡོ་རྗེ་མ་ཏིང་ངེ་འཛིན་རྡོ་རྗེའི་ཆ་ལུགས་འཆང་བའོ། །བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་རྡོ་རྗེ་མ་རྡོ་རྗེ་ལས་དང་འདྲ་བའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་ནི་སྒེག་མོ་ལ་སོགས་པ་བྲི་བར་བྱའོ། །འདི་ལྷ ་ཐམས་ཅད་ཀྱི་སྙིང་པོ་ནི་ཨ་ཞེས་བྱ་བའོ། །དེ་ལྟར་དཀྱིལ་འཁོར་བྲིས་ལ། དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། འཇུག་པའི་དམ་ཚིག་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་མེ་ཏོག་གི་ཡལ་ག་ལས་རྣམ་པ་རྒྱལ་པའི་བུམ་པ་དང། ་ལྷ་ཐམས་ཅད་ཀྱི་བུམ་པ་དང། གང་བའི་བུམ་པ་རྣམས་ལ་ཨ་ཞེས་བྱ་བ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཡོངས་སུ་ཕྱེ་སྟེ། རྡོ་རྗེ་བསྡུ་བ་བྱས་ལ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན ་བོ་བསྒོམ་ཞིང་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་ཀྱང་བསྟོད་ལ། གསང་བའི་ལྕགས་ཀྱུ་དང། ཨ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ནས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས ་བསལ་བ་བྱས་ཏེ་མཚམས་བཅིང་བ་དང། དྲ་བ་དང་ང་བ་དག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིངས་ཏེ། །རྡོ་རྗེ་བསྲུང་བས་བསྲུང་པ་ཐམས་ཅད་གོ་བསྐོན་ནས། ཨ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། རྡོ་རྗེ་ཁུ་ཚུར་གྱིས་དམ ་ཚིག་གིས་ཕྱག་རྒྱ་དང། ཨ་དྲི་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་ལ་བལྟ་བར་བྱས་ལ། ཛ:ཧཱུཾ་བཾ་ཧོ། །ས་མ་ཡ་སྟཝཾ་ས་མ་ས་སྟཝཾ་ཨ་ཧཾ་ཨ་ཞེས་ལན་གསུམ་བརྗོད་དེ་བསྒྲུབ་པར་བྱའོ། །རྡོ་རྗེ་བསྔམས་པ་ལས་མཐེའུ་ཆུང ་གཉིས་ཀྱི་བར་དུ་མཐེ་བོང་བཙིར་ལ་མཛུབ་མོ་བཀུག་པ་འདི་ནི་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ། །དེ་ནས་ལྕེ་ལ་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསམ་ལ། ཨ་ཞེས་བྱ་བ་ལྷ་ཐམས་ཅད་ཀྱི་ལྗགས་ལ་བསམ་པར་བྱ་སྟེ། ་འདི་ནི་འདི་ལྟར་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམ་ལ། ལྷ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཅིག་ལ ་གཅིག་གཙིར་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །གཉིས་ག་བསྙེམས་པ་དང་བཅས་པས་བསྟོད་དེ་འཇོག་པ་འདི་ནི་རྡོ་རྗེའི་སྐུ་མཆོག་གིའོ། །རྡོ་རྗེ་གཉིས་ཀར་བསྒྲེང་བ་འདི་ནི་རྡོ་རྗེ་ལྕགས་ཀྱིའོ།། ་ཏིང་ངེ་འཛིན་མཆོག་ནི་ཏིང་འཛིན་རྡོ་རྗེའི་འོ། །རྡོ་རྗེ་གར་བསྐྱོར་ཏེ་བཀྲོལ་ལ་འཁུར་བ་དང་སྤྱི་བོར་འཇོག་པ་ནི་རྡོ་རྗེ་རྡོ་རྗེའིའོ། །རྡོ་རྗེ་ཁུ་ཚུར་གཉིས་འཚིར་བ་ནི་ལྷ་མོ་ཕྱག་རྒྱའི་ཁུ་ཚུར་གྱིའོ། །ནམ་མཁའ་ཨི་སྙིང་པོའི་ལས་ཀྱི་ཕྱག་རྒྱ་ནི་ལྷ་མོ་བཅོམ་ལྡན ་འདས་མ་ནོར་བུའི་ཁུ་ཚུར་གྱིའོ། །གཡས་ཀྱིས་གཡོན་དབྱེ་བ་ནི་ལྷ་མོ་ཡེ་ཤེས་ཀྱི་ཁུ་ཚུར་གྱིའོ། །རྡོ་རྗེ་རྡོ་རྗེའི་ཕྱག་རྒྱ་ཉིད་ནི་ལྷ་མོ་ལས་ཀྱི་ཁུ་ཚུར་གྱིའོ། །སྒེག་མོ་ལ་སོགས་པའི་ནི་སྔར་བཤད་པའི་ལས་ཀྱི་ཕྱག་རྒྱ་ཉིད་དོ། །རྡོ་རྗེ ་བསྙེམས་ལ་སོགས་པའི་ཡང་རྡོ་རྗེ་སྐུ་མཆོག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་རྣམས་བཟུང་བར་བྱའོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་རྣམ་པར་བསམས་ལ། ཇི་ལྟར་བྲིས་པའི་རྗེས་སུ་འབྲངས ་ནས། ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་ཐུན་མོང་གི་སྙིང་པོ་ནི་འདིར་ཨ་ཞེས་བྱ་བ་ཡིན་ནོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བ་ཐམས་ཅད་དབང ་བསྐུར་ལ་སྔ་མ་བཞིན་དུ་མཆོད་ཡོན་ཕུལ་ཏེ། བུམ་པ་རྣམས་དང། བུམ་པ་གང་བ་དང། ན་བཟའ་དང། བླ་རེ་ལ་སོགས་པ་རྣམས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ལ། མཆོད་པ་རྣམ་པ་ལྔ་བྱས ་ནས། ཕྱི་རོལ་ཏུ་གླུ་དང་གར་དང་རོལ་མོ་དང། རྟ་དང། གླང་པོ་ཆེ་དང། བ་གླང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་བཞུག་གོ། དེ་ནས་ཕྱག་རྒྱའི་མཆོད་པ་རྣམས་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་དེ། ཨོཾ་ཞེས ་བྱ་བ་ལས་རིན་པོ་ཆེ་སྣ་བདུན་དང། དཔག་བསམ་ཤིང་ཁ་ཟས་རོ་བརྒྱ་ལ་སོགས་པའི་བཀོད་པ་སྤྲུལ་ལ། དེ་འདིས་དབུལ་བར་བྱ་སྟེ་།ཕྱག་འཚལ་བའི་ཐལ་མོ་སྤྱི་བོར་བཞག་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། ཨཱ་བརྟ་ཡ་ཨཱ ་བརྟ་ཡ་ཧོ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ། སྦྱིན་སྲེག་བྱས་ནས་རས་ཤིན་ཏུ་དམར་བ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ལ། དེ་ལས་རས་གཅིག་གིས་སྨད་གཡོག་བྱ། གཅིག་གིས ་སྟོད་གཡོགས་བྱས་ནས་ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་ཡོངས་སུ་བཟླས་པས་རང་གི་གདོང་གཡོག་པར་བྱའོ། །དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་ཡང་དག་པར་བླངས་ལ་བྱང ་ཆུབ་ཏུ་སེམས་བསྐྱེད་དེ། དེ་བཞིན་དུ་སྙིང་གར་རྡོ་རྗེ་བསྐྱེད་ལ། ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས། ཕྱི་རོལ་ན་གནས་པའི་ཆོས་བདག་ཉིད་དབང་བསྐུར་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་དེ་བཞིན་དུ་མེ་ཏོག ་གི་ཕྲེང་བ་བླངས་ལ། བཛྲ་བཛྲ་ཨ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། བཛྲ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ཏེ། བཛྲ་སཕོ་ཊ་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་སྔ་མ་བཞིན་དུ་གཞུག་།ལ་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བས་བདག་ཉིད་དབང་དུ་བྱའོ། །དེ་ནས་ཡང་ཤར ་ཕྱོགས་ཀྱི་སྒོ་ལས་ཞུགས་ལ། མ་ཧཱ་?་ཏ། སུ་དྲི་ཌཧ། སུ་ཏོ་ཥོ། སུ་སུ་ཁོ་བཛྲ་ས་དྭཱ་དྱ་སིདྡྷཡ་མཱཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྤྱན་སྔར་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །མོ་ཧཱ་རཱ་ག། མ་ཧཱ་སཽ་ཁྱ། མ་ཧཱ་བཛྲ། མ་ཧཱ་དྷཱན། མ་ཧཱ་ཛྙཱ་ན། མ་ཧཱ་ཀརྨ་བཛྲ་སྟཝཱ་བྱ་སིདྡྷཡི་མཱཾ། ཡང་འདི་སྐད་བརྗོད་པར་བྱ་སྟེ། ཛཾ:བུའི ་བཾ་ཧོ། པྲ་སིདྡྷ་མཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་བྱ་བ་ལན་བརྒྱ་བརྗོད་དེ། །དེ་བདག་ཉིད་ལ་དཔའ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཞེས་བྱ་བ་ལ་ལན་བརྒྱ ་བརྗོད་པར་བྱའོ། །དེ་ནས་ཨ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་ཨ་ཞེས་བྱ་བ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཟློས་ཤིང་ཤར ་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བསྐོར་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་དམ་ཚིག་གིས་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ ་ཆེན་པོ་གཅིངས་ལ། །དེ་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང། ཇི་སྲིད་བཅོམ་ལྡན་འདས་གྱི་ཞལ་བསྟན་ནས། དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་དེ་སྲིད་གྱི་པར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོད་བས་ཉིས?་པ་བརྗོད་པ ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ་། རྡོ་རྗེ་མཚན་ཆས་སོགས་པའི་གསང་པའི་མཆོད་པ་བཞིས། བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། གླ་དང ་རོལ་མོའི་མཆོད་པ་རྣམས་ཀྱིས་ཀྱང་ལེགས་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་བལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས ་ལ། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླངས་བར་བྱའོ། །དེ་ལ་དང་པོ་ཁོ་ནར་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི ་མཚན་ཉིད་ཅན་གྱི་གསང་སྔགས་དེ་བཞིན་དུ་ཡང་བཟླས་ལ། བདག་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་དུ་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་བཤད ་པའི་གནས་རྣམས་སུ་ལྷ་ཐམས་ཅད་དགོད་པར་བྱས་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་བྲི་ལ། དེའི་སྟེང་དུ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོས་འདུག་ལ་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ ་མཆོད་ཡོན་བླངས་ལ། མཚན་བརྒྱ་ཀྱི་ཡང་དག་པར་བསྟོད་ནས། །རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། །ོཾ་བཛྲ་ཨ་བྷི་ཥི་རྩ་ཨ་ཞེས་བྱ་བ་དང་བདག་ཉིད་དབང་བསྐུར་བར་བྱ་ཞིང ་ཆུ་དེ་བཏུང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ་ལུགས་མའམ། བརྡུངས་བ་འམ། བྱས་པའམ། བྲིས་པའི་སངས་རྒྱས་ལྔའི་དབུ་རྒྱན་གྱིས། སྔ་མ་བཞིན་དུ་བདག་ཉིད ་ལ་དབང་བསུར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་དྲིལ་བུ་དང་བཅས་པས་བླངས་ལ། བདག་པོ་དང་མིང་གི་དབང་བསྐུར་ལ་དག་གིས་བདག་ཉིད་དབང་བསྐུར་བར་བྱའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། གཟུགས་བརྙན་ལྟ་བུའི་སྦྱོར ་བ་ཡིས། །ཕྱག་རྒྱ་ཀུན་ཅེས་སྦྱོར་བར་བསྒྲགས། དམ་ཚིག་དངོས་གྲུབ་ཀུན་སྟེར་བའོ། །ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླངས་ལ་མེ་ཏོག་ལ་སོགས་པས་ཕྱིའི་མཆོད་པ་རྣམས་ཀྱི ་བདག་ཉིད་ཡང་དག་བར་མཆོད་པ་ལ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་པར་བྱ་ཞིང། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི ་ཕྱག་རྒྱ་ཅེར་བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། སྙིང་པོ་བཟླས་ནས་ཚིགས་སུ་བཅད་པ་ལྔ་པ་རྗེས་སུ་གནང་བ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་མ་ནོས་ལ་ཡང་བདག་ཉིད་བྱིན་གྱིས་བརླབ་པ་ལ ་སོགས་པ་བྱས་ཏེ། ཅི་འདོད་པར་བཟླས་བརྗོད་བྱས་ལ། བཅོམ་ལྡན་འདས་ལ་ཕྱག་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ་སློབ་མ་རྣམས་ནི་གཞུག་པར་བགྱི། དེ་ནས་སློབ་མ་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་སྡོམ་པ་དཔོག་པར་འོས་པའི་སློབ་མ་སླར་བཤད་པའི་ཆོ་གས་སྡོམ་པ་འཛིན་དུ་གཞུག་པ་བྱ ་ཞིང། བྱང་ཆུབ་ཏུ་སེམས་བསྐྱེད་པར་གཞུག་པར་བྱའོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་བ་ལ། དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དུ་བྱིན་གྱིས་བརླབས་ཏེ། སློབ་དང་མེ་ཏོག་ལ་སོགས་པས་མཆོད་ནས། ་ཡོན་གྱི་མཆོག་བླངས་ལ། སྒོར་བལྟས་ནས་གནས་པའི་བུམ་པའི་ཆུས་དབང་བསུར་ནས་རང་གི་འཇུག་པའི་ཆོ་གས་བཅུག་ཅིང་དབབ་པར་བྱས་ལ། ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པས་རྐང་པ་ལ་གཡོན་པས་དེའི་རྐང ་པ་གཡས་པ་མནན་ཏེ། ཨ་ཨ་ཨ་ཨ་ཨ་ཞེས་བྱ་བ་ཨ་ལྔ་ལན་བརྒྱའི་བར་དུ་བརྗོད་ལ་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་ཆོ་ག་རྒྱས་པ་རྫོགས་སོ།། །། ་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ།། སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་དང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས ་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ནི་ཟླ་བ་ཉ་ནས་བརྩམས་ཏེ། །བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྤྱན་སྔར་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ། ཇི་ལྟར་སྐྱོ་བར་མ་གྱུར་པས། དང་པོ་བདག ་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ཏེ། ཇི་སྲིད་ཟླ་བ་གཅིག་གིས་སྔོན་དུ་བསྙེན་པ་བྱས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་རྡོ་རྗེ་ཚིག་གིས་བཟླས་བརྗོད་བྱའོ། །དེ་ནས་དང་པོ་རྡོ་རྗེ་བྲི་བའི་ཕྱག་རྒྱ་རས་ལ་བྲི་བ་འམ་འབྲིར་གཟུགས ་པར་བྱ་སྟེ། ཕྱིས་ནི་ཅི་བདེར་བྱའོ། །དེ་ཡང་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཇི་ལྟ་བ་བཞིན་དུ་བྲིས་ལ་བྱང་ཆུབ་སེམས་དཔའ་ཨི་རྡོ་རྗེའི་སྐུ་མཆོག་ནས་བརྩམས་ཏེ། ལྷ་མོ་རྡོ་རྗེ་རྡོ་རྗེའི་བར་དུ་ཐམས་ཅད་ལ་དཀྱིལ་འཁོར་གྱི་ཚུར ་དུ་ཡང་དག་པར་བྲི་བར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་བཞིན་དུ་སྔོན་དུ་བསྙེན་པའི་སྦྱོར་བས་ཟླ་བ་གཅིག་ཙམ་གྱི་བར་དུ་བཟླས་བརྗོད་བྱའོ།། ་དེ་ནས་ནང་པར་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཞལ་བསྟན་ནས། སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་རྣམས་སྩོལ་བར་འགྱུར་རོ། །རས་ཀྱི་རི་མོ་དད་པའི་སྒྲུབ་པའོ། །དེ་ནས་རས་ཀྱི་རི་མོ་གཉིས་པ་བསྒྲུབ ་པར་བྱའོ། །སྔོན་དུ་བསྙེན་པ་དེ་བཞིན་དུ་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་དཔའ་བོ་གཅིག་པུ་རིས་ལ་དེའི་སྤྱན་སྔར་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱ་ཆེན་པོ་བཅིངས། ལ་བཟླས་བརྗོད་བུམ ་བྱའོ། །དེ་ནས་ཟླ་བ་ཉི་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། ནད་པར་རྡོ་རྗེ་ཁུ་ཚུར་ཉིད་ཐོབ་པར་འགྱུར་རོ།། །།དེ་ནས་མ་བསྒྲུབས་པའི་ལས་རྣམས་ཀྱང་དེ་བཞིན་ཏེ་ཞེས་བྱ་བ་ནི་སྔ་མ ་བཞིན་ནོ། །ཕྱག་རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པ་ལ་ནི་ཞེས་བྱ་བ་ལ་ནི། ཕྱག་རྒྱ་ཆེན་པོ་དང། ཆོས་དང་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་རྣམས་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་རྣམས་ཀྱི་བཅིང་བ་ནི་ཇི་སྐད་དུ་བཤད་པའོ། །དེའི་སྒྲུབ་པ་ནི་རྫོགས་པར ་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། སྙིང་གར་རྡོ་རྗེ་ཁ་ཚུར་གྱིས་སོ་ཞེས་བྱས་གསུངས་ཏེ། ཕྱག་རྒྱ་དེ་ཐམས་ཅད་བཅིང་བ་བསྒྲུབ་པ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱ་གྲུབ་པ་གྱུར་རོ། རྡོ་རྗེ་གཉིས་གཅིག་ལ་གཅིག་བལྟ་བར་སྙིང་གའི་ཕྱོགས་སུ་བཞག་ལ། བཅིར ་བ་འདི་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟེ། འདི་བཅིངས་ལ་ཨ་ཞེས་བྱ་བ་བཟློས་ཤིང། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བ་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོས ་བཅིངས་ལ་རང་གི་ལས་ལ་ངེས་པར་སྦྱར་ནས། རང་གི་ལས་རྣམས་བྱེད་དོ། ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི་ཞེས་བྱ་བ་ལ་།ཕྱག་རྒྱ་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་རྣམས་སྒྲུབ་པ་ནི་རང ་དབང་དུ་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོའི་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱིས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་ཆེན་པོ ་ཁུ་ཚུར་རོ་འདི་སྐད་སྟོན་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་འདོད་པས་དང་པོ་ཉིད་རྡོ་རྗེའི་ཐལ་མོ་དང། རྡོ་རྗེ་བསྔམས་པ་དང། རྡོ་རྗེ་བསྔམས་པ་དགྲོལ་བའི་ཕྱག་རྒྱ་དང། ་རྡོ་རྗེ་དབབ་པའི་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་མུཥྚི་ཞེས་བྱ་བ་དང། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་ཏེ། ཨོཾ་ཞེས་བྱ་བ་གདོན་པར་བྱའོ། །དེ་ནས་སྒྲུབ་པ་པོའི་དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ ་ཐམས་ཅད་རང་དབང་དུ་འགྱུར་རོ། །དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི་ཞེས་བྱ་བ་ལ་དམ་ཚིག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དམ་ཚིག་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་སོ། ་དེ་རྣམས་བསྒྲུབ་པ་ནི་སྤྱན་དྲངས་པ་རྣམས་རང་དབང་དུ་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་འདོད་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལ་མཛུབ་མོ་གཉིས་ལུ་གུ་རྒྱུད་དུ་འདུད་པ་བྱས་ལ ་མཐེ་བོང་གཉིས་ག་ཤེབས་ནས་སྙིང་གར་བཞག་པ་འདི་ནི་རྡོ་རྗེ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་སྟེ། འདི་བཅིང་ལ་རང་གི་ལྷའི་སྤྱན་སྔ་འམ། རང་གི་ལུས་ལ་བཞག་ལ། ཨ་ཞེས་བྱ་བ་བཟླས་བརྗོད་བྱས་ན་དེ་ལྟ་བུས་ནི་དམ་ཚིག ་ཐམས་ཅད་འགྲུབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང།?་སེམས་ཅན་གྱི་ཁམས་རྣམས་ནི་སེམས་ཅན་ཐམས་ཅད་དེ་དེ་རྣམས ་རྗེས་སུ་ཆགས་པར་བྱ་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཆགས་པ་ཆེན་པོའི་ཁུ་ཚུར་གྱི་སོ་ཞེས་བྱ་བ་ནི། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །དེས་མདའའཛིན་པའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་ཆགས་པ་ཆེན་པོའི ་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་ཆགས་པ་ཆེན་པོའི་ཁུ་ཚུར་ཏེ་འདི་བཅིངས་ལ། རྡོ་རྗེ་ཆགས་པ་བདག་ཉིད་རྣམ་པར་བསམ་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བའི་སེམས་དཔའ་རྣམས་ཡིད་ཀྱི་མདུན ་དུ་གནས་པ་ལ། མེ་ཏོག་གི་མདའ་ཁ་དོག་དམར་པོས་ཡང་དང་ཡང་དུ་སྙིང་གར་བསྣུན་པར་བྱ་ཞིང། ཨ་ཆེ་གེ་མོ་ཨ་ནུ་རཱ་ག་ཡ་ཧོ། ཞེས་བཟླས་བརྗོད་བྱས་ནས་དེ་ལྟ་བུས་ནི་རྗེས་སུ་ཆགས་པར་བྱས་པར་འགྱུར་རོ།། ་སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དབང་དུ་བྱ་བ་ནི་ཐམས་ཅད་དབང་དུ་བྱ་བ་སྟེ། བདག་དང་ནོར་རང་དབང་དུ་བྱས་ཞེས་བྱ་བའི་དོན་ཏེ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་བཞད་པའི་ཁུ་ཚུད ་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་གསུང་རྡོ་རྗེ་བཞད་པའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཞད་པའི་དམ་ཚིག་གི་ཁུ་ཚུར་ཡིན་ལ། འདི་བཅིངས་ནས་ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་བཞད་པ་? ་མདོག་དམར་པོ་བདག་ཉིད་རྣམ་པར་བསམས་ལ། བསྒྲུབ་པར་བྱ་བ་མདུན་དུ་བཞག་སྟེ། དེ་བཞིན་དུ་འོད་ཟེར་དམར་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་འཁྱུད་ཅིང་བཟླས་བརྗོད་བྱ་སྟེ། ཨ་ཆེ་གེ་མོ་མེ་བ་ཤཾ་ཨཱ་ན་ཡ་ཧོ། །དེ་ལྟ་བུས་ནི ་འདི་དབང་དུ་འགྱུར་རོ། །ཐམས་ཅད་བཅིང་བ་ལ་ནི་ཞེས་བྱ་བ་ལ། རྡོ་རྗེ་འཛིན་པས་རྡོ་རྗེ་ལྕགས་སྒྲོག་ཕྱག་ན་བསྣམས་པས་བདུད་ལ་སོགས་པ་བཅིང་བ་ནི། ཐམས་ཅད་བཅིང་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་བསྡམས་པའི་ཁུ་ཚུར ་ཆེན་པོས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནི་གོ་བར་ཟད་དོ། །དེ་ཉིད་ནི་ཁུ་ཚུར་ཆེན་པོ་སྟེ། དེས་ཐམས་ཅད་བཅིང་པའོ། །ཡང་རྣམ་པ་འདི་ཉིད་ཀྱིས་ཐམས་ཅད་བཅིང་བ་བསྟན་པའི་ཕྱིར། ཐམས་ཅད་བསྡམས་པ་ལ ་ནི་རྡོ་རྗེ་ལུག་གུ་རྒྱུད་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཐེ་བོ་དང་མཛུབ་མོ་རྩེ་སྤྲད་དེ། བཅིང་བ་ནི་རྡོ་རྗེ་ལུག་གུ་རྒྱུད་ཀྱི་ཁུ་ཚུར་ཏེ་འདི་བཅིངས་ལ། ཨ་ཞེས་བྱ་བ་ཟློས་ཤིང། རྡོ་རྗེ ་ལྕགས་སྒྲོག་གི་ལོག་པ་དང་རྡོ་རྗེ་ལྕགས་སྒྲོག་ཏུ་བདག་ཉིད་རྣམ་པར་བསམས་ལ། ཨ་ཆེ་གེ་མོ་བནདྷ་ཡ་བཾ་ཞེས་ཟློས་ཤིང་བསྒྲུབ་པར་བྱ་བ་རྡོ་རྗེ་ལྕགས་སྒྲོག་དང་བཅིང་བར་བྱའོ། །ཐམས་ཅད་ལྐུགས་པར་བྱ་བ་ལ་ཞེས་བྱ་བ་ལ། ངག་གི་འཇུག ་པ་དང་བྲལ་བ་ནི་ལྐུག་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཞལ་གྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དགུན་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཞལ་གྱི་ཁུ་ཚུར་ཏེ། །འདི་བཅིང་ལ་ཨ་ཞེས་བྱ་པས། བདག་ཉིད་རྡོ་རྗེ་དགུན ་གྱི་གཟུགས་སུ་རྣམ་པར་བསམས་ཏེ། བསྒྲུབ་པར་བྱ་བ་རྡོ་རྗེ་ཁ་བ་འབབ་པས་འཁྱགས་པར་འགྱུར་ཞིང་ཚིག་སྨྲེ་མི་ནུས་པས་རྨུགས་པར་བསམས་པར་བྱ་སྟེ། །དེ་ལྟ་བུས་ནི་ལྐུགས་པར་འགྱུར་རོ། །ཐམས་ཅད་བཙིར་བ་ལ་ནི་ཞེས་བྱ ་བ་ལ། སྔར་བཤད་པའི་སྦྱོར་བས་གདོན་པ་ལ་སོགས་པ་བཅིངས་ཏེ། ཕྱིས་རྡོ་རྗེ་བསྡོམས་པ་བཅིངས་ལ། །དེ་དང་ཡིད་ཀྱིས་བླངས་ཏེ། རྡོ་རྗེ་བསྡམས་པའི་ནང་དུ་ཚུད་པ་དང་བསྒྲུབ་པར་བྱ་བ་བཙིར་བར་བྱ་བ་འདི་ནི་རྡོ་རྗེ ་བསྡམས་པའི་ཁུ་ཚུར་ཏེ། འདིས་ཐམས་ཅད་བཙིར་བར་འགྱུར་རོ། །ཐམས་ཅད་བསང་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱི་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། ཨ་ཧཱུཾ་ཞེས་བྱ་བས་རྡོ ་རྗེ་ཁྲོ་བོར་བདག་ཉིད་རྣམ་པར་བསམས་ལ། གཡས་ཀྱི་ཁྲོ་བོའི་ཁུ་ཚུར་རམ། གཡོན་གྱི་ཁུ་ཚུར་གྱིས་གཞན་ལ་སྡིག་མཛུབ་བྱ་ཞིང། ཨ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཞེས་བཟླས་ལ། མཛུབ་མོའི་རྡོ་རྗེ་ལས་རྡོ་རྗེ་འབར་བ ་སྤྲུལ་ལ། བསྒྲུབ་པར་བྱ་བའི་སྟེང་དུ་ལྟུང་བར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་ཐམས་ཅད་གསོང་པར་འགྱུར། །ཐམས་ཅད་བཟའ་བ་ལ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་གནོད ་སྦྱིན་གྱི་སྦྱོར་བས་ཇི་ལྟ་བ་བཞིན་དུ་བྱས་ལ། ཨ་ཞེས་བྱ་བས་ཉིད་ཀྱིས་རྡོ་རྗེ་གནོད་སྦྱིན་གྱི་སྐྲ་གྱེན་དུ་བརྫེས་པ། གསུས་པ་ཆེ་བ་ཞལ་ནས་ནམ་མཁའ་ལྟར་ཚད་མེད་ཅིང་མཆེ་བ་གཙིགས་པ་ཁྲོ་བས་ཆེན་པོ་འཁྲུག་པ ་མདོག་ནག་པོར་བདག་ཉིད་བསམས་ནས། དེའི་ལས་གྱི་ཕྱག་རྒྱ་བཅིངས་ཏེ། བསྒྲུབ་པ་བྱ་བའི་སྤྲིན་ལ་སོགས་པ་དེས་རང་གི་ཁར་བཅུག་ལ། ཨ་མེ་གྷ་ཨ་ཏི་ཀཾ་བྷ་ཀྵ་ཡ་ཧཱུཾ་ཞེས་བཟླས་བརྗོད་བྱའོ། །འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཁུ་ཚུར་ཏེ ་འདིས་ཐམས་ཅད་ཟ་བར་འགྱུར་རོ། །ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ངེས་པར་བཙིར་བའི་ཁུ་ཚུར་གྱིས་ཞེས་བྱ་བ་ནི། སྔ་མ་བཞིན་དུ་སྦྱོར་བ་བྱས་ལ། དམ་ཚིག་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་བསྒྲུབ་པར་བྱ་བ་བཟུང་བའི་བསམས ་པས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ། བསྒྲུབ་པར་བྱ་བ་བཙིར་བའི་བསམས་པས་བཙིར་བར་བྱའོ། །འདིས་ནི་རྡོ་རྗེ་ངེས་པར་བཙིར་བའི་ཁུ་ཚུར་འདིས་ཐམས་ཅད་གཞིག་པར་བྱའོ། །ཐམས་ཅད་དྲལ་བ་ལ་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར ་གྱིས་སོ། །ཞེས་བྱ་བ་ནི། ལྷའི་བུའི་བདུད་ལ་སོགས་པའི་དངོས་པོ་ཐམས་ཅད་དྲལ་བ་ལ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། བསྒྲུབ་པར་བྱ་བ་དྲལ་བའི་བསམ་པས་དྲལ་བར་བྱའོ། །འདི་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་ཏེ། འདིས ་ཐམས་ཅད་དྲལ་བར་འགྱུར་རོ། །ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་རྡོ་རྗེ་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དབབ་པ་ནི་ཐམས་ཅད་དབབ་པའོ་དེ་ཡང་རྡོ་རྗེ་བསྡམས་པ་ནང་དུ ་བ་ཅི་ནས་ལ་།སྲིན་ལག་དང། མཐེའུ་ཆུང་གི་བར་མཐེ་བོ་བཞག་པ་འདི་ནི་རྡོ་རྗེ་འབེབས་པའི་ཁུ་ཚུར་ཏེ། འདི་དང་ཨ་ཞེས་བྱ་བ་ཐམས་ཅད་འབེབ་པར་འགྱུར་རོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་རྡོ་རྗེ ་གང་གྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་འདི་ནི། འདི་ནི་རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་ནི། རྡོ་རྗེ་གར་ཀྱི་ཁུ་ཚུར་ཏེ་། འདི་ཐམས་ཅད་གར་བྱེད་དུ་གཞུག་པར་བྱའོ། །ཡིད?་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཁུ ་ཚུར་གྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། ཨ་ཞེས་བྱ་བ་ཟློས་ཤིང་ཐམས་ཅད་གར་བྱེད་པའི་ཚུལ་གྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱིས་ཞུགས་ནས་བསྒྲུབ་པར་བྱ་བ་བཀང་ལ། བདག་ཉིད་ཀྱིས ་གར་བྱས་ཏེ་དེས་ནི་ཐམས་ཅད་གར་བྱེད་དུ་གཞུག་པར་འགྱུར་རོ། །ཐམས་ཅད་སྨྲར་གཞུག་པ་ལ་ནི་རྡོ་རྗེ་གསུང་གི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བི་བང་བརྡུང་བའི་ཚུལ་དུ་བྱས་པ་འདིས་ནི་རྡོ་རྗེ ་གསུང་གི་ཁུ་ཚུར་ཏེ། འདི་བཅིང་ལ་ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་ཇི་ལྟ་བ་བཞིན་དུ་ཞུགས་ནས། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཡང་དང་ཡང་དུ་པི་བང་བརྡུང་བ་ལྟར་བྱས་ན། ་ཐམས་ཅད་སྨྲ་པར་འགྱུར་རོ། །ཐམས་ཅད་རེངས་པར་བྱ་བ་ལ་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། སྙིང་གི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་འབར ་བའི་ཕྲེང་བ་ཀུན་ཏུ་འཁྲུག་པའི་འོད་ཅན་རྣམ་པར་བསམས་ཏེ། འབར་བ་དེ་ཕྱོགས་བཅུའི་སྤྲིན་ལ་སོགས་པའི་སྒྲུབ་པར་བྱ་བ་གནོན་པར་བྱ་སྟེ། འདི་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་ཐམས་ཅད་རེངས་པར་བྱེད་པའོ། ་གཞན་གྱི་དཔུང་ཐམས་ཅད་ལྐུགས་པ་དང་འཕྱེ་བོར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོ་འཕྱེ་བོའི་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ། ཨ་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ ་བཅིངས་ལ། རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསྒོམས་ལ། ཨ་པ་ར་སཻ་ནྱཾ་མུ་ཁ་ཕག་ཀཾ། ཀུ་རུ་ཧཱུཾ། ཞེས་ཁྲོས་པས་བཟླས་བརྗོད་བྱས་ལ། ཕྱག་རྒྱ་བཅིངས་ལ་དེ་ལས་རྡོ་རྗེ་ཁྲོ་བོ་རྣམས་སྤྲུལ་ཏེ། གཞན་གྱི་དཔུང་ཐམས ་ཅད་ཚིག་དང་བྲལ་བསན་ལྐུགས?་པ་དང། རྐང་པ་འདེགས་པའི་ནུས་པ་དང་བྲལ་བས་ན་གྲུམ་པོར་བྱ་བ་འདི་ནི་འཕྱེ་བོའི་ཁུ་ཚུར་རོ། །གཞན་གྱི་ཕྱག་རྒྱ་ཐམས་ཅད་ལས་སྒྲོལ་བ་ལ་ནི་རྡོ་རྗེ་ཐལ་མོ་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི་སྔ་མ ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨ་ཞེས་བྱ་བ་ཟློས་བཞིང། དམ་ཚིག་རྡོ་རྗེའི་ཁུ་ཚུར་གྱི་མཐིལ་གཉིས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཐམས་ཅད་ཡིད་ཀྱི་བླང་ལ། དགྲོལ་པ་དེ་ནི་རྡོ་རྗེ་ཐལ་མོ་ཁུ་ཚུར་རོ། ། ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་ཧཱུཾ་མཛོད་ཀྱི་རྡོ་རྗེའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨ་ཧཱུཾ་ཞེས་བྱ་བས་དཔལ་ཧེ་རུ་ཀར་བདག་ཉིད་རྣམ་པར་བསམས་ལ་། ་དཔལ་ཁྲག་འཐུང་གི་རྡོ་རྗེའི་ཕྱག་རྒྱ་མཁའ་འགྲོ་མའི་ཕྱག་རྒྱའི་སྟེང་དུ་བབ་པར་གྱུར་པར་བསམས་པར་བྱ་སྟེ། འདི་ནི་ཧཱུཾ་མཛད་ཀྱི་རྡོ་རྗེའི་ཁུ་ཚུར་རོ། །གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བ་ལ་ནི། ཧཱུཾ་མཛད་ཀྱི་རྡོ་རྗེ་ཁུ ་ཚུར་གྱིས་སོ། །ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨ་ཧཱུཾ་ཞེས་བྱ་བ་དང། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་རྣམ་པར་བསམས་ཏེ། སྲིན་པོ་ལ་སོགས་པའི་གདུག་པ ་ཐམས་ཅད་ཀྱི་ཕྱག་རྒྱ་དྲལ་བའི་བསམས་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་མཁྲིག་མ་བཅིང་བ་དྲལ་བར་བྱ་སྟེ། འདི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཁུ་ཚུར་ཏེ། ཇི་སྐད་དུ་བཤད་པའི་ལས་རྫོགས་པར་བྱེད་པའོ། །ཕྱག་རྒྱ་ཐམས་ཅད ་བཅིང་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་ནས། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣཾས ་དམ་ཚིག་གི་བཅིང་པས། བཅིངས་ནས་ཨ་ཞེས་བྱ་བ་ཟློས་པ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་ཁུ་ཚུར་ཏེ། ཕྱག་རྒྱ་ཐམས་ཅད་འཆིང་བའོ། །ཕྱག་རྒྱ་ཐམས་ཅད་རྡོ་རྗེར་བྱ་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི་སྔ་མ་བཞིན ་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཡན་ལག་དང་ཉིད་ལག་ཐམས་ཅད་བྱུག་ཅིང་ཨ་ཞེས་བྱ་བ་ཟློས་པ་འདི་ནི་རྡོ་རྗེ་ཁུ་ཚུར་ཏེ། ཕྱག་རྒྱ་ཆེན་པོ་རྡོ་རྗེ་བྱེད་པའོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་མ་མོའི་ཁུ་ཚུར ་གྱིས་སོ། །ཞེས་བྱ་བ་ནི?་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨ་ཞེས་བྱ་བ་དང་བསྒྲུབ་པར་བྱ་བ་རྒྱས་གདབ་པའི་བསམ་པས་རྡོ་རྗེ་ཁུ་ཚུར་གཉིས་ཁར་བཞག་པ་འདི་ནི། རྡོ་རྗེ་མ་མོའི་ཁུ་ཚུར་ཏེ། དེས་སེམས་ཅན ་ཐམས་ཅད་རྒྱས་འདེབས་པའོ། །ཐམས་ཅད་ཕྱེ་མར་བྱ་བ་ལ་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ་བདུད་ལ་སོགས་པ་ཕྱེ་མར་བྱ་བའི་བསམ་པས་དམ་ཚིག་རྡོ་རྗེའི་ཁུ་ཚུར་བཅིངས ་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བའི་སྟེང་དུ་བཞག་ནས། ས་ལ་བཙིར་ཏེ་རྡོ་རྗེ་འབར་བས་བསྒྲུབ་པར་བྱ་བ་ཐལ་བར་བྱས་པར་གྱུར་པར་བསམ་ཞིང། ཨ་ཧཱུཾ་ཞེས་བྱ་བའི་བཟླས་བརྗོད་བྱ་བ་འདི་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་ཏེ། ཐམས་ཅད ་ཕྱེ་ན?་བྱེད་པའོ། །ཐམས་ཅད་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་གདུག་པའི་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། གདུག་པ་རྣམས་ཀྱི་དཀྱིལ་འཁོར་གཞིག་པའི་བསམ་པས་གཡོན་པའི ་རྡོ་རྗེ་ཁུ་ཚུར་གྱི་རྒྱབ་ཏུ་གཡས་པའི་རྡོ་རྗེ་ཁུ་ཚུར་ཁ་བཀྲན་ཏེ། བཞག་ནས། དབུས་སུ་གདུག་པའི་དཀྱིལ་འཁོར་བསམས་ལ། གཡོན་དུ་ལྟ་བ་ངང་བཅས་པ་ཉིད་ཀྱིས་གཡོན་པའི་ཁུ་ཚུར་མངོན་དུ་ཕྱོགས་པར་བྱས་ཏེ་གཅིག་ལ ་གཅིག་བཙིར་བར་བྱ་བ་འདི་ནི་རྡོ་རྗེ་གདུག་པའི་ཁུ་ཚུར་ཏེ། ཐམས་ཅད་རྣམ་པར་འཇིག་པར་བྱེད་པའོ། །ཐམས་ཅད་དབྱེ་བ་དང་རྣམ་པར་གཞོམ་པ་ལ་ནི་དབང་པོའི་རྡོ་རྗེའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས ་པའི་ཕྱིའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་ཁུ་ཚུར་བཞག་པ་འདི་ནི་དབང་པོའི་རྡོ་རྗེའི་ཁུ་ཚུར་ཏེ་འདི་བཅིངས་ལ་སྟང་སྟོབས་པ་དང་བཅས་པས་བསྒྲུབ་པར་བྱ་བའི་སྟེང་དུ་འཕང་ཞིང་ཨ་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་འབར་བས་བསྒྲུབ ་བར་བྱ་བ་རྣམ་པར་གཞོམ་པར་བསམ་པར་བྱའོ། །དེ་ལྟ་བུའི་དབང་པོའི་རྡོ་རྗེའི་ཁུ་ཚུར་གྱིས་ནི་ཐམས་ཅད་དབྱེ་བ་དང། རྣམ་པར་འཇོམས་པར་བྱེད་པའོ། །ཆུའི་ནང་དུ་གནས་ཤིང་འཆག་པ་ལ་ནི། རྡོ་རྗེ་རྣོན་པོའི་ཁུ་ཚུར་གྱིས་སོ་ཞེས ་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་ལ་མཛུབ་མོ་གཉིས་བཀུག་སྟེ། གུང་མོ་གཉིས་ཀྱི་སྟེང་དུ་མཐོ་བོས་སེན་མོ་མནན་ལ། མིག་གི་འབྲས་བུ་ལྟར་བྱས་ནས་སྲིན་ལག་དང་མཐེའུ་ཆུང་གཉིས་མཉམ ་པོར་བརྐྱང་པ་འདི་བཅིངས་ལ་འཆག་ཅིང་འགྲོ་བས་རང་གི་ཕྱག་རྒྱ་ལས་བྱུང་བའི་རྡོ་རྗེ་འབར་བས་ཆུ་སྟེང་དུ་བཏེག་སྟེ། ཆུའི་ནང་ན་གནས་ཤིང་འཆག་པར་བྱ་བ་འདི་ནི་རྡོ་རྗེ་རྣོན་པོའི་ཁུ་ཚུར་ཏེ། བཟླས་བརྗོད་ནི་ཨ་ལཾ་ཞས? ་བརྗོད་པར་བྱའོ། །གཟུགས་མང་པོར་སྟོན་པ་ལ་ནི་སྣ་ཚོགས་རྡོ་རྗེའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡོན་པའི་མཐེ་བོའི་སྦུབས་སུ་གཡས་པའི་མཐོ་བོ་བཅུག་པ་ནི་སྣ་ཚོགས་རྡོ་རྗེའི་ཁུ་ཚུར་ཏེ་འདི ་བཅིངས་ལ་ཧྲཱི(རྒྱུད་འགྲེལ་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བས་ཨ་ཁཾ་ཞེས་ཟློས་ཤིང་རྡོ་རྗེ་རྣོན་པོའི་ཁུ་ཚུར་བཅིངས་ལ་བདག་ཉིད་ནམ་མཁའ་དང་འདྲ་བར་བསྒོམས་ན་མི་སྣང་བར་འགྱུར་ཏེ། འདི་ནི་མི་སྣང་བའི་རྡོ་རྗེ་ཁུ་ཚུར་རོ། ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་འབྱུང་བ་ལ་ནི་རྡོ་རྗེ་ནམ་མཁའ་ཨི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨ་ཏྲཾ་ཞེས་བཟློས་ཤིང་བདག་ཉིད་ནམ་མཁའ་ཨི་སྙིང་པོའི་རྣམ་པར་བསམ་ནས། འཕགས ་པ་ནམ་མཁའ་ཨི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ནམ་མཁའ་ལས་དངོས་པོ་ཐམས་ཅད་སྐྱེད་པར་བྱ་བ་ནི་རྡོ་རྗེ་ནམ་མཁའ་ཨི་ཁུ་ཚུར་ཏེ་དངོས་པོ་ཐམས་ཅད་བསྐྱེད་པར་བྱེད་པའོ། །ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་བསྡཾས? ་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་སྦྱོར་བས་རྡོ་རྗེ་བསྡམས་པ་བཅིང་ལ་རང་གི་གནས་ནས་རི་རབ་ཀྱི་བར་དུ་ཇི་སྲིད་མངོན་པར་འདོད་པའི་གནས་སུ་འགྲོ་བར་བྱ་བའི་ཕྱིར། རྡོ་རྗེ་སྐས་ཀྱི་གདང་བུ ་རྣམ་པར་བསམ་ལ། དེ་ལ་འཛེགས་ནས་འགྲོ་ན། དེ་ལྟ་བུས་ནི་ནམ་མཁའ་ལ་འགྲོ་བར་འགྱུར་ཏེ། འདི་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་ནམ་མཁའ་ལ་འགྲོ་བར་བྱེད་པའོ། །རིག་པ་འཛིན་པའི་དངོས་གྲུབ་ལ་ནི་རྡོ་རྗེ་རལ ་གྲིའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་རལ་གྲིའི་ཁུ་ཚུར་ནི་འཕགས་པ་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་རལ་གྲི་འཛིན་པའི་རིག་པ་འཛིན་པར་བདག་ཉིད་བསྒོམས་ན། ་བསྒྲུབ་པ་གྲུབ་ནས། རལ་གྲི་འཛིན་པའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་དངོས་གྲུབ་ལ་ནི། རྡོ་རྗེ་ལས་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར ་གྱི་སྦྱོར་བས་བྱས་ལ། ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྣ་ཚོགས་རྡོ་རྗེ་བླངས་ལ། མཆོད་པ་མ་ལུས་ཤིང་ལུས་པ་མེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཡིད་ཀྱི་བྱ་སྟེ། །འདི་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུར་མཆོད ་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །ཐམས་ཅད་མཁྱེན་པའི་དངོས་གྲུབ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། པདྨའི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་པདྨ་འཛིན་པ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་ཏེ་འདི་བཅིང་ལ་ཨ་ཞེས་བྱ་བ ་ཟློས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བསྒོམས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་ཏེ། དེས་ན་འདི་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ནོར་ཐམས་ཅད་ཀྱི་དངོས་གྲུབ ་ལ་ནི་རྡོ་རྗེ་ནོར་ཁྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རིན་པོ་ཆེའི་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་འཛིན་པ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་ཏེ། འདི་བཅིངས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་དུ་བདག་ཉིད་བསྒོམས་ན་ནོར་ཐམS ་ཅད་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཉིད་ལ?་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས། རྡོ་རྗེ་རྩེ་ལྔ་པ་འཛིན་པ་ནི་རྡོ་རྗེའི་ཕྱག་རྒྱའི་ཁུ་ཚུར་ཏེ། འདིས ་ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཉིད་དུ་འགྱུར་རོ། །ལས་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། ལས་ཐམས་ཅད་པའི་ཕྱག་རྒྱ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཁུ་ཚུར་ཏེ། འདིས་སངས་རྒྱས་ཀྱི་སྤྲུལ་པ ་རྣམས་དང། སེམས་ཅན་གྱི་དོན་བྱ་བའི་མཚན་ཉིད་ཅན་གྱི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་ནི། ་རྡོ་རྗེ་འཛིན་པའི་ཁུ་ཚུར་ཏེ། དེས་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་རོ། །བདག་ཉིད་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་སྟོན་པ་ལ་ནི་རྡོ་རྗེ་ལྗགས་ཀྱི་མཆོག་གི་ཁུ་ཚུར་གྱིས་སོ་ཞེས ་བྱ་བ་ནི། རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལྗགས་ཀྱི་མཆོག་གི་ཁུ་ཚུར་ཏེ། དེ་བཅིངས་ལ་ཨ་ཞེས་བྱ་བས་ལྕེ་ལ་དབབ་པར་བྱས་ན། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ཐམས་ཅད་སྟོན་པར་འགྱུར་རོ།། ་རྡོ་རྗེ་འཛིན་པ་ཉིད་ལ་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་ཏེ། འདི་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ན་ཡིད ་བསྒོམས་ན། རྡོ་རྗེ་འཛིན་པ་ཉིད་དུ་འགྱུར་རོ། །སངས་རྒྱས་པ་ཉིད་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཞེས་བྱ་བ་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་རྡོ་རྗེ་ཁུ་ཚུར་ཏེ། འདི་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་རྣམ་པར་སྣང་མཛད་དུ་བདག་ཉིད་ཇི་སྲིད་དེའི་སྐུར་བདག་ཉིད་མཐོང་གི་བར་དུ་བསྒོམ་པར་བྱའོ། །དེ་ནས་གྲུབ་པས་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ།། ་ཕྱག་རྒྱ་ཐམས་ཅད་ཀྱི་ཁུ་ཚུར་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་ཉིད་ནི་ཕྱག་རྒྱ་ཐམས་ཅད་ཀྱི་ཁུ་ཚུར་རོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ཏེ་། མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱས ་པོ་རྫོགས་པ་སྟེ། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་རྟོག་པའི་རྒྱལ་པོའི་བཤད་པ་རྫོགས་སོ།། །།ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་གསང་སྔགས་རྣམས་འགྲུབ་པར་འགྱུར ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པ་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་རྟོག་?་རྒྱལ་པོ་?་བཤད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག ་པ་སྟེ། སྔར་བཤད་པའི་འདོད་པ་ནི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་དང། དེའི་རྗེས་ཐོགས་ཉིད་ལ་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་སོ། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཀུན་གཞིའི་རྣམ་པར་ཤེས་པ་དང། ཉོན་མོངས་པ་ཅན་གྱི་ཡིད་དང། སོ་སོར་རྟོག་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང། གང་རྣམ་པར་མི་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང། ་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་རྣམ་པར་ཤེས་པ། འདི་དག་གི་ཡུལ་རྣམས་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་གྲུབ་པའི་ཡེ་ཤེས་དང། ངོ་བོ་ཉིད་ཀྱི་སྐུ་དང། ་རྣམ་པར་སྨིན་པ་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་དང། དེ་བཞིན་གཤེགས་པའི་རིགས་དང། རྡོ་རྗེ་དང། པདྨ་དང། རིན་པོ་ཆེ་དང། ལས་ཀྱི་རིགས་རྣམས་དང། དེ་རྣམས་ལ་སྤྲོས་པ་ནི་རྣམ་པར་རྟོག་པ་རྣམས་སོ། ། ་མ་སྤོས་པ་ནི་སྤྲོས་པ་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པར་རྣམ་པར་རྟག་པ་མེད་པའོ། །དེ་གང་ལ་ཡོད་པ་དེ་ནི་ཆོས་ཐམས་ཅད་སྤྲོས་པ་མེད་པ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོགས་པ་དང་བྲལ་ཞིང་གཉིས་སུ་མེད་པའི ་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ནི་ཨ་ར་པ་ཙ་ལ་སོགས་པའི་ཡི་གེ་རྣམས་འཁོར་ལོ་ལྟར ་ཡོངས་སུ་བསྐོར་ཞིང། མངོན་སུམ་དུ་གྱུར་པ་གང་ལ་ཐོས་པ་དང། བསམ་པ་དང། བསྒོམས་པའི་རང་བཞིན་གྱི་ཤེས་པས་མངོན་སུམ་དུ་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ནི་འཁོར་ལོ་ལྟར་ཡི་གེ་བསྐོར ་བ་ཞེས་བྱ་སྟེ། མིང་དེ་སྐད་ཅེས་བྱ་བ་གསུངས་པའོ། །ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ། །ཞེས་བྱ་བ་ལ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ཆོས་ཐམས་ཅད་དེ། བྱང་ཆུབ་ཀྱི་སེམས་དང། ་མེ་ལོང་ལྟ་བུའི་ཡེ་ཤེས་དང། ཀུན་གཞིའི་རྣམ་པར་ཤེས་པ་དང། ངོ་བོ་ཉིད་ཀྱི་སྐུ་དང། དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་རྣམས་ཏེ། དེ་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྟོད་པའོ། ། ་དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། རྟག་ཏུ་ངོ་བོ་ཉིད་དང་བྲལ་བའི་རང་བཞིན་ནི་ངོ་བོ་ཉིད་མེད་པའོ། །དེའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་བཞིན་དུ་རོ་གཅིག་པ་ཉིད་དོ། །ངོ་བོ ་ཉིད་མེད་པའི་ཚུལ་དེས་ཇི་སྐད་དུ་བཤད་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་གྱི་ཀུན་རྫོབ་ཏུ་ནི་ཡོད་བཞིན་པའོ་ཞེས་སྟོན་པ་ཡིན་ནོ། །མཚན་མ་མེད་པའི་ཚུལ་གྱི་ཆོས་ཐམས་ཅད་མཚན་མ་མེད་པའོ་ཞེས་བྱ་བ་ལ། སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པ་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། ཉོན་མོངས་པ་ཅན་གྱི་ཡིད་དང། རྣམ་པར་སྨིན་པའི་སྐུ་དང། རིན་པོ་ཆེའི་རིགས་ནི་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱི་མཚན་མ་ནི་བདག་ལ་སོགས་པར་རྣམ་པར་རྟོག་པའི་བག་ཆགས་ཏེ ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྒྱུའོ། །མཚན་མར་མི་འཛིན་པས་ན་མཚན་མ་མེད་པ་སྟེ། དོན་དམ་པར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྒྱུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་མཚན་མ་མེད་པའི་ཚུལ་གྱིས ་ཞེས་བྱ་བ་གསུངས་ཏེ། མཚན་མ་དང་བྲལ་བས་ན་མཚན་མ་མེད་པ་སྟེ། རྣམ་པར་ཤེས་པ་བསྐྱེད་པར་བྱེད་པའི་རྒྱུ་དང་བྲལ་བས་མཚན་མ་མེད་པའོ། །དེ་ཉེ་བར་གཟུང་བ་ནི་རྒྱུར་བྱས་པ་སྟེ། ཇི་སྐད་དུ་བཤད་པའི་ཆོས་ཐམས་ཅད་མཚན ་མ་མེད་པ་རྣམས་སོ། །སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་དེ། སྨོན་པ་མེད་པའི་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སོ་སོར་རྟོག་པའི་ཡེ་ཤེས་དང། རྟོག་པ་དང་བཅས་པ་དང། རྟོག་པ་མེད་པའི་ཡིད་ཀྱི་རྣམ ་པར་ཤེས་པ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། པདྨའི་རིགS་ནི་ཆོས་ཐམས་ཅད་དོ། །སྨོན་པ་ནི་གསོལ་བ་འདེབས་པ་སྟེ། འདོད་པའི་དབང་ཕྱུག་ཏུ་འགྱུར་བར་བགྱིའོ། །ཞེས་བྱ་བ་ལ་སོགས་པ་དངོས་པོ་ལ་མངོན་པར་ཞེན་པས ་སྨོན་པའོ། །སྨོན་པ་མེད་པ་ནི་མཚན་མ་མེད་པའི་ཕྱིར་དངོས་པོ་ལ་མངོན་པར་མ་ཞེན་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སྨོན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། སྨོན་པ་ནི་སྨོན་ལམ་རྣམས་ཏེ། དངོས་པོར་འཛིན ་ལ་མངོན་པར་ཞེན་པས་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་སོགས་པར་གསོལ་བ་འདེབས་པའོ། །སྨོན་པར་མི་བྱེད་པས་ན་སྨོན་པ་མེད་པ་སྟེ། དངོས་པོར་འཛིན་པ་མེད་པས་གསོལ་བ་མི་འདེབས་པའོ། །དེའི་ཚུལ་གྱིས ་ཞེས་པ་ནི་སྨོན་པ་མེད་པ་ཉིད་དེ། དེས་ན་ཆོས་དེ་རྣམས་སྨོན་པ་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང། བྱ་བ་གྲུབ་པའི་ཡེ་ཤེས་དང། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་རྣམ་པར་ཤེས་པ་དང། སྤྲུལ་པའི་སྐུ་དང། ལས་ཀྱི་རིག་ནི་ཆོས་ཐམས་ཅད་དོ། །དེ་རྣམས་ནི་རང་བཞིན་ཞེས་བྱ་བ་ངོ་པོ་ཉིད་ཀྱི་མུན་པ་དང ་བྲལ་བ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དོན་དམ་པར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེའི་ཅིའི་ཕྱིར་ཞེ་ན། མི་བདེན་པ་ཡོངས་སུ་བརྟག་པ་རྣམས་ནི་དོན་དེ་པར་གདོད་མ་ཉིད་ནས་མ་སྐྱེས་པ་ཡིན་པའི་ཕྱིར་རོ། ། ་འདི་ཉིད་བསྟན་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་ཡིན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བག་ཆགས་དང་བཅས་པ་དང་བྲལ་བའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ། །དེའི་རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ཉིད་ནི་ཆོས་ཐམས་ཅད་རྣམ་པར་དག་པ་ཡིན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གང་ཡིན་པ་དེ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ།། ་ཚིག་དེ་དག་གིས་ནི་རིམས་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རང་བཞིན་གྱིས་འོད་གསལ་བ་རྣམས་གསུངས་པ་ཡིན་ནོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས ་ཞེས་བྱ་བ་ནས་བརྩམས་ཏེ། རང་བཞིན་གྱིས་འོད་གསལ་བའོ། །ཞེས་བྱ་བའི་བར་གྱི་བཤད་པས་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས ་པ་གསུངས་པ་ཡིན་ཏེ། རལ་གྲི་དེས་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རང་བཞིན་གྱིས་འོད་གསལ་བར་སྟོན་པར་བྱེད་པའི་རལ་གྲི་བཞི་ཕྱག་བཞིས་ཡོངས་སུ་བཟུང་བས་སོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསྒོམས་པས ་མི་སྣང་བར་བྱས་པ་སྟེ། གང་གི་ཕྱིར་འདིར་ཡང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་པར་བལྟའོ། །ཤེས་རབ་ཀྱི་ཕ་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གཙོ་བོར་གྱུར་པས་ན། མཆོག ་ཏེ་བླ་ན་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་དེ་ལས་བྱུང་ན། ཨ་ཞེས་བྱ་བའི་ཡི་གེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ། །འདི་ཞེས་བྱ་བ་ནི་བློ་ལ་གཞག་ནས་སྨས་པའོ། །གསུངས་སོ་ཞེས་བྱ་བ་ནི་དེ་བཀའ་སྩལ ་པ་སྟེ། ཨ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །དང་པོའི་དཀྱིལ་འཁོར་གྱིས་ཚུལ་གྱིས་བཞུགས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བར་བཅོམ་ལྡན་འདས་འཇམ་དཔལ་གནན་ནུར ་གྱུར་པ་ལ་ཕྱོགས་དང་མཚམས་རྣམས་ནས་ཡོངས་སུ་བསྐོར་ཏེ་བཞུགས་པའོ། །དེ་ལྟར་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ནས་བརྩམས་ཏེ། བཞུགས་སོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་སྔོན་དུ་འགྲོ་བ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དེ་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་ ་བྱའོ། །ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་སྟེ། དཀྱིལ་འཁོར་གྱི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་རྗེས་ཐོགས་ཉིད་ལའོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཡང་ཡིན་པས་ན་ཆོས་ཐཾས་ཅད ་དེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པ་ཆོས་རྣམ་པ་བཞིའོ། །རྣམས་ཀྱི་རང་གི་རང་བཞིན་ནི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ལ་སོགས་པའོ། དེས་སྤྲོས་པ་མེད་པ་ནི་རྣམ་པར་མི་རྟོག་པ་སྟེ། བྱང་ཆུབ་ཀྱི་སེམས་དང། སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དེ་བཞིན་དུ་རོ་གཅིག་པས་རྣམ་པར་མི་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་བྱུང་བའི་འཕགས་པ་འཇམ་དཔལ་གྱི་དཀྱིལ ་འཁོར་ནི་རྣམ་པར་རྟོག་པ་ཐམས་ཅད་རྣམ་པར་འཇིག་པའི་རྒྱུར་གྱུར་པས་རལ་གྲིས་དྲ་བས་ན། རལ་གྲི་ཞེས་བྱ་བ་དང། །རལ་གྲིའི་ཕྱག་རྒྱ་ཉེ་པར་མཚོན་པས་རལ་གྲི་སྟེ། དེ་ལ་དམིགས་པས་ནི ་མིང་དེ་སྐད་ཅེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་པའོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བའི་ཞེས་བྱ་བ་ན། འདིའི ་བྱིར་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བར་བྲིས་ལ། འདིའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱའོ། །དེ་ལྟར་བྲིས་ནས་ཨ་ལ་སོགས་པའི་ཡི་གེའི་ཕྲེང་བ་ལུང་ལས་ཇི་སྐད་གསུངས ་པའི་གོ་རིམ་བཞིན་དུ་བྲི་བར་བྱའོ། །དེ་ནས་སྦྱོར་བ་ཡིས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀྱི་སྐུའི་ངོ་བོ་ཉིད་དུ་བསམ་ལ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསམ་ཞིང། །དེ་ལྟ་བུའི་ནམ་མཁར་སངས ་རྒྱས་སྦྱོར་བས་འདེབས་པར་བྱ་ཞིང་བསྣུན་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་འདེབས་པའི་རྣལ་འབྱོར་པ་ནི་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མྱུར་པ་ཉིད་དུ་ཐོབ་པར་འགྱུར་ཞེས་བྱ་བའི་དོན ་ཏོ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང། ཞེས་བྱ་བ་ལ་དངོས་པོ་ལ་མངོན་པ་ཞེན་པ་སྤངས་པ་ནི་སངས་རྒྱས་ཀྱི་བསྟན་པ་སྟེ། སངས་རྒྱས་རྣམས་ཀྱི་བཀའ་ཨོ། །དེ་བསྲུང་བ་ནི་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་ཀུན་ཏུ་སྤྱོད་པ་སྟེ། ་དེའི་ཕྱིར་དང། སེམས་ཅན་མང་པོ་བསྲུང་བའི་ཕྱིར། ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་ཕྱོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པར་བྱེད་པ ་གྱི་ཁམས་ཐམས་ཅད་ལ་མངོན་པར་ཕྱོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པར་བྱེད་པ་དང། དངོས་པོ་ལ་མངོན་པར་ཞེན་པ་བཟློག ་དེའི་ཕྱིར་དང། སེམས་ཅན་མང་པོ་བསྲུང་བའི་ཕྱིར། ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་ཕྱོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པར་བྱེད་པ་དང། དངོས་པོ་ལ་མངོན་པར་ཞེན་པ་བཟློག ་པ་ནི་སེམས་ཅན་མང་པོ་བསྲུང་བ་སྟེ། རྒྱུ་དེའི་ཕྱིར་དང། ཇི་སྐད་དུ་བཤད་པའི་རལ་གྲི་དང། ནམ་མཁར་སངས་རྒྱས་སྦྱོར་བ་འདི་ཡིས་བསད་ན་རྣལ་འབྱོར་པས་བསོད་ནམས་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདིས་བསད་སྡིག་པར་མི་འགྱུར་ལྔ ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་གསད་ན་རྣལ་འབྱོར་པ་དེ་ལ་འདོད་ཆགས་དང། ཞེ་སྡང་དང་གཏི་མུག་གི་མཚན་ཉིད་ཅན་གྱི་སྡིག་པར་མི་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་དེ་ནི་བསོད་ནམས་དག་ཀྱང་ཐོབ ་པར་འགྱུར་ཞིང། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། གཟུང་བ་དང་འཛིན་པ་དང་བྲལ་བ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སློབ་མ་རྣམས་ལ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ནི། ཇི་ལྟར་ཆོས་ཀྱི་སློབ་དཔོན་གྱི་རང་ཉིད ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་དེ་བཞིན་དུ་སློབ་མ་རྣམས་ལ་ཡང་བྱའོ། །དེ་ལྟར་སློབ་དཔོན་འཇུག་པ་ལ་སོགས་པའི་ཆོ་ག་བཞིན་དུ་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་བྱས་པའི་སློབ་མ་རྣམས་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་བཞིས་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམ་པ་བཞིའི་ངོ་བོ་ཉིད་ཀྱིས། །མྱུར་དུ་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་སྟེ། སློབ་མའི་ཕན་ཡོན་གསུངས་པ་ཡིན་ནོ། །ཆོས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཏེ། དེ་ལས་བྱུང་བའི ་དཀྱིལ་འཁོར་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །འདི་ནི་སླར་ཡང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་སྦྱོར་བས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ་། ་ཏིང་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་ཉིན་རི་ཞིང་མངོན་དུ་མཐོང་བར་གྱུར་བ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་དམ་ཚིག་གསུཾ ་རྣམ་པར་བསྒོམས་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་སྔ་མ་བཞིན་དུ་ཡང་དག་པར་བཞག་ནས། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱ་སྟེ། འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ ་འཁོར་དང་འདྲ་བར་བྱས་ལ་དེའི་བྱེད་ཀྱིས་རྡོ་རྗེ་རྩེ་གཅིག་པར་འཁོར་ལོ་རྩིབས་བརྒྱད་པར་བྲིའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་སྟེང་དུ་ཤར་ཕྱོགས ་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཨ་ལ་སོགས་པའི་ཡི་གེའི་ཕྲེང་བ་སྒོ་ནས་རྩིབས་ཀྱི་ལྟེ་བའི་མཐར་ཐུག་པར་བྲི་བར་བྱ་བ་འདི་ཉིད་ནི་ཨ་ར་པ་ཙ་ནའི་དཀྱིལ་འཁོར་གྱི་ཚུལ་དུ་ཐིག་བཏབ་ལ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་སྒོམ་པ་ནས་བརྩམས་ཏེ ་ཇི་སྲིད་ཉིན་རེ་ཞིང་མངོན་སུམ་དུ་མཐོང་བར་གྱུར་བ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཕྱིའི་དཀྱིལ་འཁོར་དང། ནང་གི་འཁོར་ལོའི་དཀྱིལ་འཁོར ་ལེགས་པར་ཐིག་བཏབ་ལ། །དེ་ནས་དེའི་འོག་ཏུ་བྲི་བར་བྱའོ། །ཡང་དག་པར་བྲི་བའི་འཁོར་ལོའི་ལྟེ་བ་ལ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་གཞོན་ནུའི་ཆ་ལུགས་འཆད་བ་ཞེས་བྱ་བ་ནི། གཞོན་ནུ་ལོ་བརྒྱད་པ་ལྟ་བུའོ། །ཕྱག་བཞི་དང ་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པར་བཞག་པར་བྱའོ། །ཞེས་བྱ་བ་ནི་སྟོང་བ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རང་བཞིན་གྱིས་འོད་གསལ་བ་སྟེ། རྣམ་པར་ཐར་བའི་སྒོ་བཞིའི་ངོ་བོ་ཉིད་ཀྱི་རལ་གྲི་བཞིས ་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་རྣམས་ལ་གཡས་དང་གཡོན་གྱི་ཕྱག་བཞིས་འདེབས་པར་མཛད་ཅིང་མི་སྣང་བར་མཛད་པར་བཞག་པར་བྱའོ། །དེའི་མདུན་ལ་སོགས་པར་དེ་བཞིན་གཤེགས་པའི་སྐུ་རྣམས་བཞག་པར་བྱའོ། །ཞེས ་བྱ་བ་ནི་ཕྱོགས་དང་མཚམས་རྣམས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྲིས་པ་འམ་ལུགས་མ་ལ་སོགས་པ་བརྒྱང་ལེགས་པར་བཞག་པར་བྱའོ། །ཕྱི་མའི་མཚམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་ལུང་ཇི་ལྟར་ཐོབ་པ་བཞིན ་དུ་གཞག་པར་བྱའོ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཤར་ལྷོའི་མཚམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་པོ་ཡང་དག་པར་བཞག་པར་བྱའོ། །ལྷོ་ནུབ་མཚན་ས ་སུ་དེའི་གཉིས་པ་སྟོང་པ་ཉིད་ཀྱི་དུམ་བུའི་གླེགས་བམ་མོ། །ནུབ་བྱང་མཚམས་སུ་དེ་ཉིད་ཀྱི་གསུམ་པ་རྣམ་པར་དག་པའི་དུམ་བུའི་གླེགས་བམ་མོ། །བྱང་ཤར་མཚན་སུ་དེ་ཉིད་ཀྱི་བཞིང་དེ་བཞིན་ཉིད་ཀྱི་དུམ་བུའི་གླེགས་བམ ་བཞག་པར་བྱའོ། །སྒོ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་ལ་ཤར་ཕྱོགས་ཀྱི་སྒོའི་དབུས་སུ་རལ་གྲིའོ། །ལྷོའི་སྒོའི་དབུས་སུ་མདུང་ཐུང་ངོ། །ནུབ་ཀྱི་སྒོའི་དབུས་སུ་ལྷུ་?། །བྱང་གི་སྒོའི་དབུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲེགས་བཾ་རྣཾ་བཞག་པ་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར ་དཀྱིལ་འཁོར་བྲིས་ནས། རལ་གྲི་དང་གླེགས་བམ་ཀྱི་ཕྱག་རྒྱ་བཅིངས་ནས་དེས་དཀྱིལ་དུ་ཇི་ལྟ་བ་བཞིན་དུ་ཞུགས་ནས། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་སློབ་དཔོན་བཞིན་དུ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་དཀྱིལ་འཁོར ་གྱིས་སློབ་དཔོན་དུ་བྱིན་གྱིས་བརློབ་པར་འགྱུར་རོ། །དེ་ནས་རལ་གྲི་བླངས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཇི་ལྟ་བ་བཞིན་དུ་རལ་གྲི་བླང་ངོ། །དེ་ནས་རལ་གྲིའི་མིང་གིས་དབང་བསྐུར་བས་བདག་ཉིད་དབང་བསྐུར ་ལ་བདག་ཉིད་ལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །རང་ཉིད་ཀྱི་ཆོས་འདི་བཤད་པར་བྱ་ཞིང། བཅོམ་ལྡན་འདས་ཀྱང་ཉེ་བར་སྟོན་པར་མཛད་པར་བསམ་པར་བྱའོ། །ཤེས་རབ་ཚུལ་ནི་ཞེས་བྱ་བ་ལ་སོགས་པ་ལ་རལ་གྲི་འདི་ནི་ཞེས་བྱ་བ་རང་གི ་ལག་ན་གནས་པ་བཤད་པ་སྟེ། རལ་གྲི་འདི་ཉིན་རེ་ཞིང་ཟུང་ཞིག་པའོ། །ཤེས་རབ་ཚུལ་ནི་དཀར་སྨྲ་ཞིང། །ཞེས་བྱ་བ་ནི། ཨ་ར་པ་ཙ་ནཱ་ཡ་སྟེ་ཞེས་བྱ་བ་འམ། ཨ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྨྲ་བ་ནི་དཀར་པོ་སྟེ ་ཟག་པ་མེད་པའི་ཆོས་བདག་མེད་པའི་ཚུལ་ལོ། །ནམ་མཁའ་སངས་རྒྱས་སྦྱོར་བ་ཡིས་འདེབས་ན་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ནི་གྲགས་པར་ཟད་དོ། །དེ་ནི་སངས་རྒྱས་སྦྱོར་བ་ཡིས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས ་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀྱི་སྐུའི་ངོ་བོ་ཉིད་དུ་བསམས་ལ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསམ་ཞིང། དེ་ལྟ་བུའི་ནམ་མཁར་སངས་རྒྱས་སྦྱོར་བས་འདེབས་པར་བྱ་ཞིང་བསྡུན་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་འདེབས་པའི་རྣལ་འབྱོར་པ ་ནི་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མྱུར་པ་ཉིད་དུ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བསྟན་པ་གསུང་ཕྱིར་དང། ཞེས་བྱ་བ་ལ་དངོས་པོ་ལ་མངོན་པར་ཞེན་པ་སྤངས་པ་ནི་སངས་རྒྱས ་ཀྱི་བསྟན་པ་སྟེ། སངས་རྒྱས་རྣམས་ཀྱི་བཀའ་ཨོ། །དེ་བསྲུང་བ་ནི་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་ཀུན་ཏུ་སྤྱོད་པ་སྟེ། དེའི་ཕྱིར་དང་སེམས་ཅན་མང་པོ་བསྲུང་བའི་ཕྱིར་ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་ཕྱོགས ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པར་བྱེད་པ་དང། དངོས་པོ་ལ་མངོན་པར་ཞེན་པ་བཟླག་པ་ནི་སེམས་ཅན་མང་པོ་བསྲུང་བ་སྟེ། རྒྱུ་དེའི་ཕྱིར་དང། ཇི་སྐད་དུ་བཤད་པའི་རལ་གྲི་དང། ནམ་མཁར་སངས་རྒྱས་སྦྱོར ་བ་འདི་ཡིས་བསད་ན་རྣལ་འབྱོར་པས་བསོད་ནམས་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདིས་བསད་སྡིག་པར་མི་འགྱུར་ཞིང་ཞེས་བྱ་བ་གསུངས་ཏེ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བསད་ན་རྣལ་འབྱོར་པ་དེ་ལ་འདོད་ཆགས་དང་ཞེ་སྡང ་དང་གཏི་མུག་གི་མཚན་ཉིད་ཅན་གྱི་སྡིག་པར་མི་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་དེ་ནི་བསོད་ནམས་དག་ཀྱང་ཐོབ་པར་འགྱུར་ཞིང། ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་གཟུང་བ་དང་འཛིན་པ་དང་བྲལ་བ་རྟོགས་པར་འགྱུར ་རོ་ཞེས་བྱ་བའི་དོན་ཏོ། །སློབ་མ་རྣམས་ལ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ནི། ཇི་ལྟར་ཆོས་ཀྱི་སློབ་དཔོན་གྱི་རང་ཉིད་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་དེ་བཞིན་དུ་སློབ་མ་རྣམས་ལ་ཡང་བྱའོ། །དེ་ལྟར་སློབ་དཔོན་འཇུག་པ་ལ་སོགས ་པའི་ཆོ་ག་བཞིན་དུ་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་བྱས་པའི་སློབ་མ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་བཞིས་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དག་རང་བཞིན ་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམ་པ་བཞིའི་ངོ་བོ་ཉིད་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བ་སྟེ། སློབ་མའི་ཕན་ཡོན་གསུངས་པ་ཡིན་ནོ། ་ཆོས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཏེ། དེ་ལས་བྱུང་བའི་དཀྱིལ་འཁོར་ནི་ཆོས་ཀྱི་དཀྱིལ་འཁོར་རོ།། །།འདི་ནི་སླར་ཡང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་འཇམ ་དཔལ་གཞོན་ནུར་གྱུར་པའི་སྦྱོར་བས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོའི་ལས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་ཉིན་ར་ཞིང་མངོན་དུ་མཐོང་བར་གྱུར ་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་དམ་ཚིག་གསུམ་རྣམ་པར་བསྒོམས་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་སྔ་མ་བཞིན་དུ་ཡང་དག་པར་བཞག ་ནས་ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱ་སྟེ། འདིའི་ཕྱེའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ་འཁོར་དང་འདྲ་བར་བྱས་ལ། དེའི་བྱེད་ཀྱིས་རྡོ་རྗེ་རྩེ་གཅིག་པར་འཁོར་ལོ་རྩིབས་བརྒྱད་པར་བྲིའོ། །དེ་ནས ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྲི་བར་བྱའོ། །དེ་ནས་འཁོར་ལོ་ཇི་ལྟར་དུ་ཤར་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཨ་ལ་སོགས་པའི་ཡི་གེའི་ཕྲེང་བ་སྒོ་ནས་རྩིབས་ཀྱི་ལྟེ་བའི་མཐར་ཐུག་པར་བྲི་བར་བྱ་བ་དེ་ཉིད་ནི། ཨ་ར་པ ་ཙ་ན་སྟེ། ཨ་ར་པ་ཙ་ན་ཞེས་བྱ་བ་འདོད་པ་ཐམས་ཅད་ཐོབ་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ནི་འདོད་པའོ་ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་པའོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ། ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟ ་ན་འདོད་པ་དང། ཆགས་པ་དང། དོན་དམ་པ་དང་སྤྱོད་པ་དང། རང་བཞིན་མེད་པ་ཉིད་ཀྱི་སྙིང་པོ་འདི་བསྒོམས་ཏེ། བསྒྲུབ་ན་འདོད་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ། དེ་བས་ན་སྙིང ་པོ་འདི་ནི་དེ་བཞིན་གཤེགས་པ་ཉིད་དང། རྡོ་རྗེ་འཛིན་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ནས་འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨ་ལ་ཇི་སྐད་དུ་བཤད་པའི་སྐུ་མདོག་དང་ལྡན་ཞིང། ཕྱག་བཞིས་རལ་གྲི་བཞི་བསྣམས་ནས་དེས་དེ་བཞིན ་གཤེགས་པ་ཐམས་ཅད་ལ་འདེབས་པ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་ལ། སངས་རྒྱས་ལྔའི་དབུ་རྒྱན་དང། དར་དབྱངས་གི་དབང་བསྐུར་བས་དབང་བསྐུར་བར་བྲི་བར་བྱའོ། །དེའི་ལོགས་བརྒྱད་དུ་དེ་བཞིན་གཤེགས་པ ་བརྒྱད་སྤྲུལ་པའི་སྐུའི་གཟུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་མཚམས་བཞིར་ཇི་སྐད་དུ་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞི་བཞག་པ་དང། སྒོ་རྣམས་སུ་ཇི་སྐད་དུ ་བཤད་པའི་མཚན་མ་བཞི་བཞག་པར་བྱའོ། །འདི་ལྟར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཨ་ཞེས་བྱ་བའོ།། །།དེ་ལྟར་དཀྱིལ་འཁོར་བྲིས་ནས་རྣལ་འབྱོར་ཆེན་པོ་དེ་བཞིན་དུ་བྱས་ཏེ། དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རལ་གྲི་དང། ་མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང། བུམ་པ་གང་བ་ལ་ཨ་ཞེས་བྱ་བས་རེ་རེ་ཞིང་ལན་བརྒྱད་ཡོངས་སུ་བཟླས་ལ། དཀྱིལ་འཁོར་གྱི་སྒོ་བཞི་ཡོངས་སུ་ཕྱེ་ནས་རྡོ་རྗེ་བསྡུ་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང། བཅོམ ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱི་ཡང་དག་པར་བསྟོད་དོ། །གསང་བའི་ལྕགས་ཀྱུ་དང། ཨ་ཞེས་བྱ་བས། བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུ་ནས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ ་བ་བྱས་ནས་མཚམས་བཅིང་བ་དང། དཀྱིལ་འཁོར་བཅིང་བ་དང། དྲ་བ་དང། ར་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱི་སྒོ་བཅིངས་ནས། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་གོ་ཆ་བསྐོན་ལ། དམ་ཚིག་གི་ཕྱག་རྒྱས་ཨ་དྲི་ཤྱ་ཞེས་བྱ ་བ་དང། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ལ་བལྟ་བ་བྱས་ལ། ཛ་ཧཱུཾ་བི་ཧོ(རྒྱུད་འགྲེལ་རང་གི་སྙིང་གར་བཟུང་ཞིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡོན་པའི་སོར་མོ་བསྒྲེང་བ་བཟུང་བ་འདི་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་བཞིན་དུ་ལྕེ་ལ་རྡོ་རྗེ་རྣམ་པར་བསམ་པ་ནི། བཅོམ་ལྡན་འདས་འཇམ་དཔལ ་གཞོན་ནུར་གྱུར་བ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་ལ་ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱ་སྟེ། དེ་ལ་ཨ་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཨ་ཞེས་བྱ་བ་ལས་སྨ་ཚོགས་རྡོ་རྗེ་བསམས ་ལ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་ལས་ཀྱི་ཕྱག་རྒྱ་སྔ་མ་བཞིན་དུ་བཅིང་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཕྱག་རྒྱ་ཆེན་པོ་ཉིད་ལས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས ་ལ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བར་བྲིས་པའི་རྗེས་སུ་འབྲངས་ནས་བཅིང་བར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་ཀྱང་བྱ་ཞིང། ཐམས་ཅད་དུ་རྡོ་རྗེ་རྩེ་ལྔ་པ ་རང་གི་སྙིང་གར་བསྒོམ་པར་བྱའོ།། །།འདིར་ཕྱག་རྒྱ་ཐམས་ཅད་ཀྱི་སྙིང་པོ་ནི་ཨ་ཞེས་བྱ་བ་ཡིན་ནོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དབྱངས་ཀྱི་དབང་བསྐུར་བས་དབང་བསྐུར་ལ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར ་གྱུར་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ལ། སྔ་མ་བཞིན་དུ་མཆོད་ཡོན་ཕུལ་ཏེ། བུམ་པ་རྣམས་དང། བུམ་པ་གང་བ་དང། ན་བཟའ་དང། བླ་རེ་ལ་སོགས་པ་ཡང་བཅོམ་ལྡན་འཁོར་བཅས་པ་ལ་ཕུལ་ལ་མཆོད་པ་རྣམ་པ ་ལྔས་ཀྱང་ཡང་དག་པར་མཆོད་དེ། ཕྱི་རོལ་དུ་གླུ་དང་གར་དང་རོལ་མོ་དང། རྟ་དང། གླང་པོ་ཆེ་དང། བ་ལང་གི་ཁྱུ་རྣམས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། དེ་ནས་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ལས་རིན་པོ་ཆེ་སྣ ་བདུན་དང། དཔག་བསམ་གྱི་ཤིང་དང། ཁ་ཟས་རོ་བརྒྱ་བཀོད་པ་ལ་སོགས་པ་སྤྲུལ་ཏེ། དེ་རྣམས་འདིས་དབུལ་བར་བྱའོ། །ཕྱག་འཚལ་བའི་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། ཨ་བརྟ་ཨ་ཨ་བརྟ་ཡ་ཧོ་ཞེས་བརྗོད་དོ། ་དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། སྦྱིན་བསྲེག་བྱས་ནས་ཤིན་ཏུ་དམར་བའི་རས་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ལ། རས་གཅིག་གིས་སྨད་གཡོགས་བྱ་བ་དང། གཉིས་པས་སྟོད་གཡོགས་བྱ་ཞིང། ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ ་སོགས་པ་ཡོངས་སུ་བཟླས་པས་རང་གི་གདོང་གཡོགས་པར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྔ་མ་བཞིན་དུ་ཞུགས། པར་རྡོ་རྗེ་བསྐྱེད་ལ་ཤར་ཕྱོགས ་ཀྱི་སྒོར་བལྟས་ནས། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་བཅིངས་ནས། དེ་ཉིད་དང། མེ་ཏོག་གི་ཕྲེང་བ་བཟུང་ལ། བཛྲ་བཛྲ་ཨ་ཞེས་ཟླས་ཤིང་དཀྱིལ་འཁོར་དུ་ཞུགས་ལ། ཤར་ཕྱོགས ་ཀྱི་སྒོར་བཛྲ་ཨ་ཀུ་ཤ་ཛ(རྒྱུད་འགྲེལ་སྒོ་ནས་དེ་བཞིན་དུ་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བ་དང། བདག་ཉིད་དབང་དུ་བྱའོ། །དེ་ལ་རལ་གྲི་དང་གླེགས་བམ་ཀྱི་ཕྱག་རྒྱ་ནི་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་སྙིང་གའི་ཕྱོགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་གླེགས་བམ་འཛིན་ཅིང་གཡས་པའི་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་རྐྱང་ལ། རྩེ་མོ་བཀུག་སྟེ། རལ་གྲི་ལྟ་བུར་བཞག་བར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་ཞུགས་ལ། མ་ཧཱ་ར་ཏ། སུ་དྲི་ཌཧ། སུ་ཏོ་ཥོ། སུ་སུ་ཁོ། བཛྲ ་སཏྭཨཱ་རྱ་སདྡྷཡི་མཱཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེ་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱན་སྔར་འདུག་ལ་། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ་མ་ཧཱ་རཱ་ག། མ་ཧཱ་སཽ་ཁྱ་བཛྲ། མ་ཧཱ་དྷཱ་ན། མ་ཧཱ་ཛྙཱ་ན། མ་ཧཱ་ཀརྨ། བཛྲ་སཏྭཱ་དྱ་སིདྡྷཡི་མཱཾ། ཡང་འདི་ཞེས་བརྗོད་པར་བྱ་སྟེ། ཛ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། ཨ་ཞེས་བྱ་བ་དེ་བཞིན་དུ་བརྗོད་ཅིང་བདག་ཉིད་ལ་དབབ་བར་བྱའོ། །དེ་ནས་ཨ་ཞེས་བྱ་བ་ཟློས་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ། ཨ་ཉིད་ཀྱིས་རང་གི་མགོ་བོ་ལ ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོད་གཡོགས་དགྲོལ་ལོ། །དེ་ནས་དེ་ཟློས་ཤིང་ཤར་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས ་རང་གི་སྙིང་ག་དགྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་བལྟ་བས་བལྟ་ཞིང་ཇི་སྲིད་དུ་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས་དངོས་གྲུབ་སྩོལ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཨ་ཞེས་བྱ་བ་འམ། ཨ་ར་བ ་ཙ་ན་ཞེས་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། གླུ་དང ་རོལ་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག ་བྱས་ཏེ། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ཀྱིས་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རལ་གྲི་དང། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད ་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་འཇམ་པའི་དབྱངས་སུ་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་རྣམས་སུ་བཅོམ་ལྡན་འདས་རང་གི་གནས ་སུ་བཀོད་ལ། རྡོ་རྗེ་ཁུ་ཚུར་དང། ཧཱུཾ་གི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་རང་གི་ལུས་ལ་རང་གི་གནས་སུ་བཀོད་དེ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་འཇམ་པའི་ ་དབྱངས་ཀྱི་ཕྱག་རྒྱ་ཆེན་པོས་བདག་ཉིད་འདུག་ལ། མེ་ཏོག་ལ་སོགས་པས་བདག་ཉིདི་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ལ། མཚན་བརྒྱ་རྩ་བརྒྱད་པས་ཡང་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨ་ཞེས་བྱ་བས། བདག་ཉིད་དབང་བསྐུར་ཞིང། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་སངས་རྒྱས་ལྔ་དབུ་རྒྱན་གྱི་དབང་བསྐུར་པའི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ཞིང། ལུགས་མ་འམ། བརྡུངས་བ ་འམ། བྱས་པ་འམ། བྲིས་པའི་སངས་རྒྱས་ལྔའི་དབུ་རྒྱན་དད་ཅོད་བན་གྱི་དབང་བསྐུར་བས་དབང་བསྐུར་ལ། རྡོ་རྗེ་རལ་གྲི་རྡོ་རྗེ་དྲིལ་བུ་དང་བཅས་པར་བླངས་ཏེ། བདག་པོ་དང་མིང་གིས་དབང་བསྐུར ་བ་དག་གིས་ཀྱང་ཨ་ཞེས་བྱ་བ་ཟློས་ཤིང་དབང་བསྐུར་བར་བྱའོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རང་གི་འདི་ནི་རྟག་ཟུང་ལ། ཤེས་རབ་ཚུལ་འདི་དཀར་སྨྲ་ཞིང། ནམ་མཁའ་སངས་རྒྱས་སྦྱོར་བ་ཡིས། འདེབས་ན་མྱུར་དུ་འགྲུབ་པར་འགྱུར།། ་སངས་རྒྱས་བསྟན་པ་བསྲུང་ཕྱིར་དང། །སེམས་ཅན་མང་པོ་བསྲུང་བའི་ཕྱིར། །འདི་བསད་སྡིག་པར་མི་འགྱུར་ཞིང། །བསོད་ནམས་དག་ཀྱང་ཐོབ་པར་འགྱུར། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ་མེ་ཏོག་ལ་སོགས་པ་མཆོད་པ་རྣམ ་པ་ལྔས་བདག་ཉིད་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་རལ་གྲི་དེ་ཁོ་ན་ཉིད་ཀྱིས་བཟུང་ལ། རྡོ་རྗེ་དྲིལ་བུ་ཆོས་ཀྱིས ་དཀྲོལ་ཞིང། །དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཁོ་ནི་ཉིད་ལ་སོགས་པ་ནི་ཐོག་མཛའ་མེད་པའི་སེམས་དཔའ་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་ཉིད་ཡིན་ཏེ། འདི་ཉིད་ལས་ཤེས་པར་བྱའོ། །དེ་ནས་བཅོམ ་ལྡན་འདས་ལ་ཕྱག་བྱས་ལ། སྙིང་པོ་བླངས་ཏེ། ཚོགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང། གཟེང་བསྟོད་པ་དང། ལུང་བསྟན་པ་མནོས་ནས། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང། ཇི་ལྟར་མངོན་པར་འདོད་པའི ་བཟླས་བརྗོད་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བྱ་བ་ཡི། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ ་མ་རྣམས་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་ལ། སྔར་བཤད་པའི་ཚུལ་གྱིས་དམ་ཚིག་འཛིན་དུ་གཞུག་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱེད་དུ་གཞུག་གོ ་དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་གྱི་མཆོག་བླངས་ནས། སྒོ་ལ་བལྟས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཆོ་ག་བཅུག་སྟེ། ཡང་རྡོ་རྗེ ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པས་རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ཨ་ཨ(རྒྱུད་འགྲེལ་ལ་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་བཅས་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་སློབ་དཔོན་གྱི་ལསླ་ཀྱི་ཆོ་ག་རྒྱས་པ་དང། སློབ་མ་གཞུག་པ་ལ་སོགས ་པའི་ཆོ་ག་རྒྱས་པ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། སྒྲུབ་པ་དག་ནི་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པ་ལ་སྔོན་དུ་བསྙེན་པ་རས་ཀྱི་སྤྱན་སྔར་བྱ་བ་གསུངས་པ་དེ་བཞིན་དུ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེས ་ནི་འདི་ཡིན་ཏེ། ཟླ་བ་ཉ་ནས་བརྩམས་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱན་སྔར་དམ་ཚིག་གིས་ཕྱག་རྒྱ་བཅིང་ལ། ཇི་ལྟར་སྐྱོ་བར་མི་འགྱུར་བས། དང་པོ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཨ་ཞེས་བྱ་བ་འམ། ཨ་ར་པ ་ཙ་ན་ཞེས་བྱ་བའི་བཟླས་བརྗོད་ཇི་སྲིད་ཟླ་བ་གཅིག་གིས་སྔོན་དུ་བསྙེན་པ་བྱས་པར་གྱུར་གྱི་བར་དུ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྦྱོར་བས་སྔ་མ་བཞིན་དུ་བྲི་བ་འམ། འབྲིར་གཞུག་བར་བྱའོ། །དེ་ནས་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས ་པ་བྱས་ཏེ། བཅོམ་ལྡན་འདས་རས་ཀྱི་རི་མོ་ལ་ཇི་ལྟ་བ་བཞིན་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་གནས་པའི་རྡོ་རྗེ་ལ་བཟླས་པར་བྱ་བའི་སྔགས་བཀེད་དེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་གནས ་ཟླ་བ་ཉ་ནས་བརྩམས་ཏེ། དེ་བཞིན་དུ་སྔོན་དུ་བསྙེན་པའི་སྦྱོར་བས་ཇི་སྲིད་དུ་ཕྱི་མའི་ཉ་ལ་བབ་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དེའི་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། ནང་པར་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས། སངས ་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་རྣམས་སྩོལ་བར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་དཔའ་བོ་གཅིག་པོ་རས་ལ་བྲིས་ལ་དེའི་སྤྱན་སྔར་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། ནང་པར་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་རང་གི་དངོས་གྲུབ་སྩོལ་པར་འགྱུར་རོ། །དེ་ནས་མ་གྲུབ་པར་ཡང་དེ་བཞིན་དུ་ལས་རྣམས་འགྲུབ་པར་འགྱུར་བ་ནི་ཞེས་བྱ་བ་ཟླ་བ་གཅིག ་གི་བར་དུ་ཇི་ལྟ་བ་བཞིན་དུ་བྱ་ཞིང། བཅོམ་ལྡན་འདས་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བར་འདོད་པས་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པའོ་ཞེས་བསྒོམ་ཞིང། ཨ་ཞེས་བྱ ་བས་བཟླས་བརྗོད་བྱས་ན་དེ་ནས་འདིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །མཚན་མ་མེད་པའི་ཏིང་འཛིན་ཐོབ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཚན་མ་མེད་པའི་ཏིང་འཛིན་རྟོགས་པར་འདོད་པས། ཇི་སྐད་དུ་གསུངས་པའི་ཆོས ་ཐམས་ཅད་ནི་མཚན་མ་དང་བྲལ་བའོ་ཞེས་བསྒོམས་པར་བྱའོ། །དེ་ནས་རྩེ་གཅིག་པ་ཐོབ་པ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །སྨོན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཐམས་ཅད་བྱས་ལ། ཆོས་ཐམས་ཅད ་རང་བཞིན་གྱིས་དག་པའོ། །ཞེས་མཐར་སེམས་རྩེ་གཅིག་པ་ཐོབ་པས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །རང་བཞིན་གྱི་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་ཐམས་ཅད་བྱས་ཏེ། ཆོས་ཐམས་ཅད་ནི་རང་བཞིན ་ཀྱིས་འོད་གསལ་བའོ་ཞེས་བསྒོམ་ཞིང། ཨ་ཞེས་བྱ་བ་བཟླས་ཏེ། ཇི་སྲིད་དེ་ལྟ་བུའི་རྣམ་པར་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམས་ན། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་འཐོབ་པར་འགྱུར་རོ། །ཉོན་མོངས ་པ་ཐམས་ཅད་གཅོད་པ་ལ་ནི་ཆོས་བསྒོམས་པས་སོ། །ཞེས་བྱ་བ་ལ། ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་གཅོད་པ་ནི་སྤངས་པར་གྱུར་པའོ། །ཆོས་སོ་སོ་ཡང་དག་པར་རིག་པར་བསྒོམ་པ་སྟེ། དེས་འདོད ་ཆགས་ལ་སོགས་པ་སྤོང་བར་འགྱུར་རོ། །ཡི་གེ་ཐམས་ཅད་ཀྱི་དེས་པའི་ཚིག་གི་ཡེ་ཤེས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། སྤྲོས་པ་མེད་པའི་ཡེ་ཤེས་བསྒོམས་པས་སོ། །ཞེས་བྱ་བ་གསུངས་ཏེ། ཆོས་ཐད ་ནི་དག་གི་ལམ་དང་བྲལ་བའོ། །ཞེས་བསྒོམས་པ་ནི་སྤྲོས་པ་མེད་པའི་ཡེ་ཤེས་བསྒོམ་པ་སྟེ། དེས་དེ་ཐོབ་པར་འགྱུར་བའོ། །གནས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། རྩིག་པ་དང་སྣམ་བུ་དང་ནམ་མཁའ་ལ་སོགས་པའི་གནས་ཐཾས་ཅད་ལ ་གཟུགས་ལ་སོགས་པའི་དངོས་པོ་དེ་བཞིན་དུ་སྟོན་པར་བྱེད་པའི་ཡི་གེ་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་ཉིད་དུ་ཉེ་བར་དམིགས་ཤིང་ཆོས་ཀྱི་སྐུ ་མཐོང་བའི་ཕྱིར་རོ། །དེ་ཇི་ལྟར་འགྱུར་ཞེ་ན། ཨ་ལ་སོགས་པའི་ཡི་གེའི་ངོ་བོ་ཉིད་བསྒོམ་པས་སོ། །ཞེས་བྱ་བ་གསུངས་ཏེ། གདོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་བྱ་བ་ལ་སོགས་པ་བསྒོམ་པ་ནི་ཨ་ལ་སོགས ་པའི་ཡི་གེའི་ངོ་བོ་ཉིད་སྒོམ་པ་སྟེ། དེས་དེ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་འཐོབ་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རལ་གྲིའི་ཕྱག་རྒྱས་སོ། །ཞེས་བྱ་བ ་གསུངས་ཏེ། རྡོ་རྗེ་གདམས་པ་ལས་མཐེ་བོང་གཉིས་གཤིགས་ལ། མཛུབ་མོ་གཉིས་པདྨའི་འདབ་མ་ལྟར་བྱ་ཞིང་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཀུག་ལ། རལ་གྲིར་བྱ་བ་འདི་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱ་སྟེ། འདི་བཅིངས་ལ་ཆོས ་ཐམས་ཅད་ནི་ནམ་མཁའ་དང་མཉམ་པའོ། །ཞེས་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་འཛིན་ཐོབ་པར་འགྱུར་གྱི་བར་དུ་བསྒོམ་ན་ངེས་དེ་འཐོབ་པར་འགྱུར་རོ། འཁོར་ལོ་ཆེན་པོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་ལ། འཁོར ་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། འཁོར་ལོ་ཆེན་པོ་སྟེ། གདུལ་བྱའི་སྐྱེ་བོའི་རྒྱུད་ལ་འཕོ་བའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རང་བཞིན་གྱི་འོད་གསལ་བ་སྟེ། རྣམ་པར་ཐར་པའི་སྒོ་བཞི་ནི ་འཁོར་ལོ་ཆེན་པོ་ཞེས་བྱ་བ་ལ། དེ་ལས་བྱུང་བའི་ཡི་གེ་ཨ་པ་ར་ཙ་ན་ལ་སོགས་པ་ཡང། འཁོར་ལོ་ཆེན་པོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་སྟེ། དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི་འཁོར་ལོ་ཆེན་པོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས ་བྱ་ལ། མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་རྟོགས་པ་འདིའི་བཤད་པ་རྫོགས་སོ།། །།དེ་ལྟར་འཕགས ་པ་འཇམ་དཔལ་གྱི་རྟོག་པ་གསུངས་ནས་ད་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུར་གྱུར་པ་འཕགས་པ་རྡོ་རྗེ་འཁོར་ལོའི་རྟོག་པ་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ ་ཐག་པའི་སྟོན་པའི་ཚིག་སྟེ། སྔ་མ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། ཇི་སྐད་བཤད་པའི་བྱང་ཆུབ་སེམས་དཔའ་འདི་དག་གིས་བསྐོར ་ཅིང་བཞུགས་པ་དང། དེའི་རྗེས་ཐོགས་ཉིད་ལ་འཁོར་ལོ་ཆེན་པོ་ལ་འཇུག་པའི་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང། སེམས་དཔའ་ཐམས་ཅད་དེ་དེ་བཞིན་གཤེགས་པ་ལ་སོགས་པ་ནི། ཁམས་གསུམ་གྱི་ནང་དུ་གཏོགས་པ་རྣམས་སོ། །སེམས་དཔའ་ ་ཐམས་ཅད་ནི་བཤད་མ་ཐག་པ་རྣམས་ཏེ། དེ་རྣམས་ཀྱི་འཁོར་ལོ་ནི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ཏེ། དེའི་ནང་དུ་འདུས་པ་ནི་དབུས་སུ་བཞུགས་པའོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །འཕགས་པ་འཇམ་དཔལ? ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བལྟོས་ནས། ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །འཁོར་ལོ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ ་ཏུ་ཕྱིན་པ་ནི་ཐམས་ཅད་བསྔོ་བ་ཡིན་པས་ན་འཁོར་ལོ་ཆེན་པོའོ། །དཾ་ལ་འཇུག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན ་པ་དེ་བཤད་པ་ནི་སྟོན་པར་མཛད་པའོ། །རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་དང་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་དང། དེ་བཞིན་གཤེགས་པའི་རིགས་རྣམས་དང། བྱང་ཆུབ་ཀྱི་སེམས་དང། མེ་ལོང་ལྟ་བུའི་ཡེ་ཤེས་ངང་རྣམ་པར ་ཐར་པའི་སྒོ་སྟོང་པ་ཉིད་དང། སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུའོ། །དེའི་མཉམ་པ་ཉིད་དུ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་དེ། །དེ་གཉིས་ཀའི ་ངོ་བོ་ཉིད་ཀྱིས་གང་མཉམ་ཞིང་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་གང་ཐོས་པ་དང་བསམ་པ་དང། བསྒོམས་པ་རྣམས་ཀྱིས་རྟོགས་པར་གྱུར་པ་ནི་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་འཇུག་པར་འགྱུར་རོ།། ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་རོ། །དེ་ལ་འཇུག་པ་ནི་ཕྱི་དང་གསང་བའི་ཚུལ་གྱིས་འཇུག་པ་སྟེ་དེ་ལ་ཕྱིའི་འཇུག་པ་ནི་ཇི་ལྟར་སྤྲུལ་པའི་དེ་བཞིན ་གཤེགས་པའི་རིག་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་བཅིངས་ལ། གདུལ་བྱ་རྣམས་རྡོ་རྗེ་སེམས་དཔར་གང་ཞིག་མཛད་པའོ། །གསང་བའི་འཇུག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཛད་པ་ཕྱིའི་འཇུག་པ་དེ་ཉིད་དུ་གང ་ཡེ་ཤེས་དབབ་པ་དང་དེ་ཁོ་ན་ཉིད་རྟོགས་པའི་བདག་ཉིད་ཅན་དེ་ནི་གསང་བའི་འཇུག་པ་སྟེ། དེའི་དོན་དུ་མཉམ་པ་ཉིད་ལ་འཇུག་པའི་རྒྱུའི་དངོས་པོར་གནས་ཤིང་བསྒྲུབ་པར་འགྱུར་རོ། །དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ཞེས་བྱ་བ་ལ། ་དོན་ནི་རིན་པོ་ཆེའི་རིགས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་སྨིན་པའི་སྐུའོ། །དེའི་མཉམ་པ་ཉིད་ལ་འཇུག་པ་ནི། ཇི་སྐད ་དུ་བཤད་པའི། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ལོ་དང། རིན་པོ་ཆེའི་རིགས་དེ་ལ་ཕྱི་དང་གསང་བའི་འཇུག་པ་ཇི་སྐད་དུ་བཤད་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་བ་ནི་ཇི་ལྟར་སྤྲུལ་པའི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་དུ ་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་སློབ་དཔོན་གྱིས་གདུལ་བྱ་རྣམས་གང་འཇུག་པར་བྱ་བའི་དོན་ཏེ་དེ་ནི་དོན་གྱིས་མཉམ་པ་ཉིད་རྟོགས་པའི་རྒྱུར་འགྱུར་རོ། །ཞེས་བྱ་བ་དོན་ཏོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པ་ནི་ཞེས་བྱ་བ ་?་ཆོས་ནི་པདྨའི་རིགས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་དང། སོ་སོར་རྟོགས་པའི་ཡེ་ཤེས་དང། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་མཉམ ་པ་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་པ་དང། མི་ཕྱེད་པ་ཉིད་དེ་འཇུག་པ་ནི་དེ་རྟོགས་པའོ། །དམ་པའི་ཆོས་ཀྱི་འཁོར་ལོ་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་རོ། །དེ་ལ་འཇུག་པ་ནི་ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་འགྲོ་བ་འདུལ ་པས་གདུལ་བྱ་རྣམས་ལ་གང་ཞིག་མཛད་པ་སྟེ། དེའི་དོན་དུ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པར་འགྱུར་རོ། །ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ནི་ལས་ཀྱི་རིགས་དང། བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱ་བ་གྲུབ་པའི་ཡེ་ཤེས་དང། རྣམ་པར་ཐར་པའི་སྤོ་རང་བཞིན་གྱི་འོད་གསལ་བ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་སྦྲུལ་པའི་སྐུའོ། །དེའི་མཉམ་པ་ཉིད་ནི་རང་བཞིན་གྱི་འོད་གསལ་བའི་ངོ་བོ་ཉིད་དང ་མི་ཕྱེད་པ་སྟེ། དེ་རྟོགས་པ་ནི་འཇུག་པའོ། །འཁོར་ལོ་ཐམས་ཅད་ནི་ལས་ཀྱི་དཀྱིལ་འཁོར་དུ་གང་དེ་བཞིན་གཤེགས་པ་རྣམས་ཀྱི་སྦྲུལ་པའོ། །དེར་འཇུག་པ་ནི་ཇི་སྐད་དུ་གསུངས་པའི་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱིས ་གདུལ་བྱ་རྣམས་ལ་གང་ཞིག་མཛད་པའོ། །དེའི་དོན་དུ་ནི་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པའི་རྒྱུར་འགྱུར་བའོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་འཁོར་ལོ་ཐམས་ཅད་ལ ་འཇུག་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ།། །།ད་ནི་དེ་ན་ས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ལྟར་བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འཁོར་ལོ་ལ་རང་གི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཕྱིར་བསྐུལ་བ་དང། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་སྦྲུལ ་བར་བྱ་བའི་ཕྱིར་སྙིང་པོ་ནི་སྨྲས་པའོ། །རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ནི། རྡོ་རྗེ་རྩེ་གཅིག་པའི་དབྱིབས་ཀྱི་རྩིབས་བརྐྱང་དང་ལྡན་པའི་རྡོ་རྗེ་ནི་རྡོ་རྗེ་འཁོར་ལོའོ། །དེ་སྐོར་བ་ནི་ལག་པ་གཡས་པའི་གུང་མོའི་སྟེང་དུ་བསྐོར་པའོ། །འཁོར་ལོ་ཐམས་ཅད ་ཀྱི་དཀྱིལ་འཁོར་རྣམས་སོ། །དེ་རྣམས་ལ་འཇུག་པ་ནི། ཇི་སྐད་དུ་བཤད་པའི་ཕྱི་དང་གསང་བའི་ངོ་བོ་ཉིད་དེ། དེའི་དོན་གྱི་དམ་ཚིག་ནི་རྒྱུའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་སྨྲས་པའོ། །སྨྲས་སོ་ཞེས་བྱ་བ་ནི་མིང་དེ་སྐད་ཅེས་བྱ་བའི་སྙིང་པོ ་གསུངས་པ་ནི། ཧཱུཾ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོས་ཧཱུཾ་ཞེས་བྱ་བ་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་གང་ཕྱོགས་བཅུའི་དེ་བཞིན་གཤེགས? ་གང་དག་ལ་སོགས་པ་འདོད་པ་དང། གཟུགས་དང་གཟུགས་མེད་པའི་མཚན་ཉིད་ཅན་གྱི་ཁམས་གསུམ་གྱི་ནང་དུ་རྟོགས་པའི་སྐལ་བ་ཇི་ལྟ་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་ཐམས་ཅད་དུ་ཞེས་པ་འཁོར་ལོའི་དཀྱིལ་འཁོར་གྱི་ནང་དུ ་ཞུགས་ནས། བཅོམ་ལྡན་འདས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐུགས་ལས། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་རྣམས་ཞེས་འཁོར་ལོའི ་དཀྱིལ་འཁོར་པའི་བྱང་ཆུབ་སེམས་དཔའ་རྣམས་བྱུང་ནས། དཀྱིལ་འཁོར་གྱི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་བཞུགས་སོ། །དེ་ལྟར་ན། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་བཞུགས་སོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི། དཀྱིལ་འཁོར་གྱི་མཆོག ་ཅེས་བྱ་བའི་ཏིང་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ། །ཞེས་བྱ ་བའི་དའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ ་སླའོ། །འཁོར་ལོ་ཐམས་ཅད་ལ་རབ་ཏུ་འཇུག་པ་ཞེས་བྱ་བ་ལ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར། འཁོར་ཐམས་ཅད་དེ། དེ་རྣམས་ལ་ཞུགས་པ་ནི་ཇི་སྐད་དུ་བཤད་པའོ། །དེའི་དོན་གྱི་ཕྱག་རྒྱ་ནི་འཁོར་ལོའི་དཀྱིལ་འཁོར་ཏེ། ད་ལ ་དམིགས་པས་མིང་དེ་སྐད་ཅེས་བྱ་བ་སྟེ། འཁོར་ལོ་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཅེས་བྱ་བ་ལ། དཀྱིལ་འཁོར་ཆེན་པོ་ཐམས་ཅད་ནི་ད? ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཏེ། དེར་འཇུག་པར་བྱ་བའི་ཕྱིར་དེའི་དམ་ཚིག་ནི་རྒྱུའོ། །མིང་དེ་སྐད་ཅེས་བྱ་བའི་འཁོར་ལོའི་དཀྱིལ་འཁོར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོའི་རྡོ་རྗེ་འཁོར་ལོའི་འཁོར་ལོས་མཚོན་པའི་དཀྱིལ་འཁོར་འོག་ནས་བཤད་པ་འདི་གསུངས་པས་སོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ་འཁོར་དང་འདྲ་བར་བྲི་བར་བྱའོ། །ནང་གི ་དཀྱིལ་འཁོར་དུ་རྡོ་རྗེའི་དཀྱིལ་འཁོར་བྲིས་ལ་ཞེས་བྱ་བ་ནི། དཀྱིལ་འཁོར་འདིའི་ནང་དུ་དཀྱིལ་འཁོར་བརྒྱད་པ་དང་འདྲ་བར་དཀྱིལ་འཁོར་བྲི་བའོ། །དབུས་སུ་རྡོ་རྗེ་འཁོར་ལོ་ལ་རྡོ་རྗེ་འཁོར་ལོ་བསྐོར་བ་བཞག་པར་བྱའོ། །ཞེས་བྱ་བ་ནི། ་དཀྱིལ་འཁོར་གྱི་ལྟེ་བ་ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོ་ཇི་སྐད་དུ་བཤད་པའི་རྡོ་རྗེ་འཁོར་ལོའི་རྩིབས་བརྒྱད་པ། །ཕྱག་གཡས་པའི་ཕུང?་པོའི་རྩེ་མོ་ལ་ཡོངས་སུ་བསྐོར་བ་བཞག་པར་བྱའོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ ་སོགས་པ་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོ་དེའི་ཕྱོགས་དང་མཚམས་རྣམས་སུ་སྔ་མ་བཞིན་དུ་ཕྱག་ན་རྡོ་རྗེ་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་དང་པོའི་ཚུལ་དུ་ཞེས ་པ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཚུལ་དུ་བཞག་པར་བྱ་ཞིང་བཞུགས་སུ་གསོལ་བར་བྲི་བར་བྱའོ། །ཕྱིའི་མཚམས་རྣམས་སུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བཞི་བྲི་བར་བྱའོ། །ཞེས་བྱ་བ་ནི་ཕྱིའི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་རྣམས་ཏེ། ཞིབ་མདུད ་གིས་མཚན་པ་དང། མིང་པོ་གསུམ་དང། སྲིང་མོ་བཞི་དང། མ་མོ་རྣམས་ཀྱི་དཀྱིལ་འཁོར་རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལྷོའི་མཚམས་ནས་བརྩམས་ཏེ། བསྐོར་ཕྱོགས་ཀྱི་རིམ་པས་བྱང་ཤར་མཚམས་ཀྱི་བར་དུ་བྲི་བར་བྱའོ་།སྒོ་རྣམས་སུ ་མཚན་མ་བཞི་བཞག་པར་བྱའོ། །ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ ་མཛུབ་མོ་དང་མཐེའུ་ཆུང་གཉིས་རྡོ་རྗེ་བཅིང་པ་ནི། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟེ། དེ་དང་སྔར་བཤད་པའི་ཚུལ་གྱི་དཀྱིལ་འཁོར་དུ་ཞུགས་ན་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ལ། དཀྱིལ་འཁོར་ཐམས་ཅད་འགྲུབ་པ་དེས་སྒྲུབ་པ་པོའི་སངས་རྒྱས ་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་འགྲུབ་པར་འགྱུར་རོ། །དེ་ནས་འཁོར་ལོ་བླངས་ལ། ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བ་ཟློས་ཤིང། བཅོམ་ལྡན་འདས་ལ་འཁོར་ལོ་མ་ནོས་པའོ། །འཁོར་ལོའི་མིང་གིས་དབང་བསྐུར་བ་བླང་བར་བྱ་ཞིང་ཞེས་བྱ་བ་ནི། འཁོར་ལོ་མགོལ? ་བཞག་ལ་ཧཱུཾ་ཀྱི་རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་འཁོར་ལོའི་མིང་གི་དབང་བསྐུར་བླང་བར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་དབྱང?་ལ། དཀྱིལ་འཁོར་ཐིག་བཞི་བཏབ་པའི་རིགས་རྣམས་སུ་འཇུག་པར་བྱའོ། །ཞེས་བྱ་བ་ནི་ཞི་བ་མདུང ་ཐུང་གིས་མཚན་མ་ལ་སོགས་པ་བཞི་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་བྲིས་ལ། ཞི་བ་མདུང་གིས་མཚན་པ་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ཉིད་ཀྱིས་འཇུག་པར་བྱའོ། །སློབ་མ་རྣམས་གཞུག་པ་ཡང་དེ་བཞིན་ནོ། ། ་ཞེས་བྱ་བ་ནི་ཇི་ལྟར?་འདིར་སློབ་དཔོན་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་སློབ་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འཁོར་ལོའི་དཀྱིལ་འཁོར་རོ། །ཞེས་བྱ་བ་ནི། རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ལ་སོགས་པ ་གདུལ་བྱས?་?་བར་བྱེད་པའི་དོན་གྱིས་ནི་འཁོར་ལོ་སྟེ། དེ་ལས་བྱུང་པའི་བཅོམ་ལྡན་འདས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ལ་ཡང་འཁོར་ལོའི་དཀྱིལ་འཁོར་ཞེས ་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་གྱི་བར་དུ་དཀྱིལ་འཁོར ་འདི་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་བསྒོམས་ལ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ཐིག་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི ་དཀྱིལ་འཁོར་དང་འདྲ་བར་བྱའོ། །འདིའི་ནང་དུ་ནི་དེའི་ཕྱེད་ཀྱི་ཚད་ཀྱི་ཟླུམ་པོ་རྡོ་རྗེ་ཕྲེང་བའི་རང་བཞིན་གྱི་དཀྱིལ་འཁོར་རྡོ་རྗེ་ཀ་བ་བརྒྱད་དང་ལྡན་པར་ཐིག་གདབ་པར་བྱའོ། །དེ་ནས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བྲིས་ལ་ལྷ་ཐཾས་ཅད ་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དབུས་མའི་ལྟེ་བའི་ཕྱོགས་སུ་བཅོམ་ལྡན་འདས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གསེར་གྱི་མདོག་ཅན། ཇི་སྐད་དུ་བཤད་པའི་སྣ་ཚོགས་པདྨའི ་གདན་ལ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སངས་རྒྱས་ལྔའི་དབུ་རྒྱན་དང། དར་དབྱངས་ཀྱི་དབང་བསྐུར་བ། ཕྱག་གཡས་ན་སྔ་མ་བཞིན་དུ་རང་གི་སྙིང་གའི་ཕྱོགས་སུ་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པས་ཡོངས་སུ ་བསྐོར་བ་ཕྱག་གཡོན་པས་གདན་ལ་བསྙེམས་ཏེ། བཞུགས་པ། སྤྱན་རབ་ཏུ་གདངས་ཤིང་རྣམ་པར་ཕྱེ་བར་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་ཕྱག་ན་རྡོ་རྗེ་སྔར་བཤད་པའི་མཚན་ཉིད་དང ་ལྡན་པ་ཤར་ལྷོ་མཚམས་སུ་འཇམ་དཔལ་གཞོན་ནུ། ལྷོར་ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའ་ཨི་སྙིང་པོ། །ལྷོ་ནུབ་མཚམས་སུ་ནམ་མཁའ་ཨི་མཛོད། ནུབ་ཏུ་རྡོ་རྗེ་དྲན་པའི་གནས་སུ་འཇིག་རྟེན་དབང་ཕྱུག། ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ ་ཆོས་ཀྱི་འཁོར་ལོ་བསྐོར་བ། བྱང་དུ་རྡོ་རྗེ་བསྙེམས་པའི་གནས་སུ་རྡོ་རྗེ་ཁུ་ཚུར། བྱང་ཤར་མཚམས་སུ་རྡོ་རྗེ་གནོད་སྦྱིན་བྲི་བར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་སེམས་དཔའ་། ལྷོར་རྡོ་རྗེ་ཧཱུཾ་མཛད། ནུབ་ཏུ་འཇིག་རྟེན་དབང་ཕྱུག། བྱང་དུ་ནམ་མཁའ་ཨི ་སྙིང་པོ་བྲི་བར་བྱའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཤར་ལྷོའི་མཚམས་སུ་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར། ལྷོ་ནུབ་མཚམས་སུ་མིང་པོ་གསུམ་ཀྱི་དཀྱིལ་འཁོར། ནུབ་བྱང་མཚམས་སུ་སྲིང་མོ་བཞིའི་དཀྱིལ་འཁོར། བྱང ་ཤར་མཚམས་སུ་མ་མོའི་དཀྱིལ་འཁོར་མཚན་ཉིད་དུ་ཇི་སྐད་དུ་བཤད་པ་བཞིན་དུ་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཧཱུཾ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། རྡོ་རྗེ་འཁོར ་ལོའི་དམ་ཚིག་གི་ཕྱག་རྒྱ་ཡོངས་སུ་བཟུང་བའི་རྡོ་རྗེ་འཁོར་ལོ་དང་བཅས་པའི་མེ་ཏོག་གིS་ཡལ་ག་ལས་བུམ་པ་ཐམས་ཅད་དང། བུམ་པ་གང་བ་རྣམས་ལ་ཧཱུཾ་ཞེས་བྱ་བ་རེ་རེ་ཞིང། ལན་བརྒྱ་རྩ་བརྒྱད་བཟླས་ལ། དཀྱིལ་འཁོར་སྒོ་བཞི་ཕྱེ་ནས ་རྡོ་རྗེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང། བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་དེ། གསང་བའི་ལྕགས་ཀྱུ་དང། ཧཱུཾ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ ་དཀྱིལ་འཁོར་དུ་བཅུག་པ། རྡོ་རྗེ་གནོད་སྦྱིན་གྱི་བགེགས་བསལ་ཏེ། མཚམས་བཅིངས་པ་དང། དཀྱིལ་འཁོར་བཅིང་བ་དང། དྲ་བ་དང། རབ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིངས་ལ། རྡོ་རྗེ་བསྲུང་བས་བསྲུང་པ་ཐམས་ཅད་གོ་བསྐོན?་ཏེ། ་ཧཱུཾ་ཞེས་བྱ་བ་མཆོད?་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་དང། ཧཱུཾ་དྲི་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་བལྟ་བར་བྱ་སྟེ། ཛ:ཧཱུཾ་བཾ་ཧོ:། ས་མ་ཡ་སྟཝཾ། ས་མ་ཡ་སྟཝཾ། ཨ་ཧཾ་ཧཱུཾ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་འཁོར་སོ་རི ་ཇི་སྐད་དུ་གསུངས་པའི་དམ་ཚིག་གི་ཕྱག་རྒྱ་ནི་ཐམས་ཅད་ཀྱི་དམ་ཚིག་གི་སྦྱོར་བ་སྟེ། ཧཱུཾ་ཞེས་བྱ་བ་དང། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་ཞེས་བྱ་བ་ཇི་ལྟ་བ ་བཞིན་དུ་བསམ་པ་འདི་ནི་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་རྣམ་པར་བསམ་ལ། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཡང་དེ་བཞིན་དུ་བཅིང ་བར་བྱ། ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱང་གར་ལས་འབྱུང་བའི་འོག་ནས་བཤད་པའི་ཕྱག་རྒྱ་ཆེན་པོ་ནི་ལས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ཡང་ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམ་ལ། ཧཱུཾ་ཞེས་བྱ་བས་ཇི་ལྟར་བྲིས ་པའི་རྗེས་སུ་འབྲངས་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པའི་ཕྱག་རྒྱ་ཆེན་པོ་བཅིངས་པར་བྱའོ། །དེས་སངས་རྒྱས་ལྔའི་དབུ་རྒྱན་གྱིས་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པར་དབང་བསྐུར་ཞིང་ཕྱི་རོལ་གྱིས་རྡོ་རྗེའི་རིགས ་རྣམས་ནི་རང་གི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཧཱུཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། བུམ་པ་རྣམས་དང། བུམ་པ་གང་བ་རྣམས་དང་ན་བཟའ་དང། བླ་རེ་ལ་སོགས་པ ་ཡང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ། ཕྱི་རོལ་ཏུ་གླུ་དང་གར་དང་རོལ་མོ་དང། རྟ་དང་གླང་པོ་ཆེ་དང་བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། ཕྱག་རྒྱའི་མཆོད་པ ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ཅིང་ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང། དཔག་བསམ་གྱི་ཤིང་དང། ཁ་ཟས་རོ་བརྒྱ་པ་ལ་སོགས་པའི་བཀོད་པ་སྦྲུལ་ལ། འདིས་དབུལ་བར་བྱའོ། །ཕྱག་འཚལ་བའི་ཐལ་མོ་སྦྱར་བའི་སྦྱི་བོར ་བཞག་ལ། ཨོཾ་སརྦ་བིང?་པཱུ་ར་པཱུ་ར། ཨཱ་བརྟ་ཡ། ཨཱ་བརྟ་ཡ། ཧོ། ཞེས་བརྗོད་དོ། །དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ། སྦྱིན་སྲེག་བྱས་ནས། ཤིན་ཏུ་དམར་བའི་རས་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་ལ། གཅིག་གིས་སྨད་གཡོགས་བྱ། གཉིས་པས ་སྟོང་གཡོགས་བྱའོ། །ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་བཟླས་ལ། དེས་རང་གི་གདོང་གཡོགས་ནས། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བླངས་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང། སྔ་མ ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་བསྐྱེད་ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཇི་སྐད་དུ་གསུངས་པ་བཅིངས་ནས། དེ་ཉིད་ཀྱི་མེ་ཏོག་བླངས་ལ། བཛྲ ་བཛྲ་ཧཱུཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་ཨཾ་ཀུ་ཤ་ཛ:ཞེས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་པཱ་ཤ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོ ་ནས་ཞུགས་ལ། བཛྲ་སཕོ་ཊ་བ་མ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨ། ཞེས་བརྗོད་ལ། བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། མ་ཧཱ་ར་ཏ། ་སུ་དྲི་ཌཧ་སུ་ཏོ་ཥོ། སུ་སུ་ཁོ་བཛྲ་སཏྭཱ་དྱ་སིདྡྷཡ་མཱཾ། དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདོད ་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔའ་དང་བདག་འགྲུབ། །ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཛ:ཧཱུཾ་བཾ་ཧོ། པྲ་སིདྡྷཡ་མཱཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ།། ཨ་ཞེས་བྱ་བ་ལན་བརྒྱ་ཟློས ་ཤིང་བདག་ཉིད་ལ་དབབ་པ་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་སེམས་མ་རྡོ་རྗེ་ཕྱེ་ལ། དེ་བཞིན་ཨ་ཞེས་བྱ་བ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཧཱུཾ་ཞེས་བྱ་བ་ཟློས་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས ་དེ་བླངས་ལ་ཧཱུཾ་ལས་བྱ་བ་ཉིད་ཀྱིས་རང་གི་མགོ་བོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་རྡོ ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིང་ལ། སྔ་མ་བཞིན་དུ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་བར་བྱ་ཞིང། ཇི་སྲིད་དུ་བཅོམ་ལྡན ་འདས་ཀྱི་ཞལ་བསྟན་ནས། དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་པ་དེ། སྲིད་ཀྱི་བར་དུ་ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ། ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ནས་། ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ཡང་དག་པར་མཆོད་ནས་གླུ་དང་རོལ་མོའི་མཚོ ་པ་རྣམས་ཀྱིས་ཡང་དག་པར་མཆེད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ། མེ་ཏོག་ལ་སོགས ་པའི་དབང་བསྐུར་བ་རྣམས་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡོངས་སུ་བཟུང་བའི་རྡོ་རྗེ་འཁོར་ལོ་དང། མེ་ཏོག་གི་ཡལ་ག་ལས་རྣཾ་རྒྱལ་བའི་བུམ་པ་ལས་སྔར་བཤད་པའི་མཚན་ཉིད་ཅན་གྱི་གསང་སྔགས ་ཡང་དེ་བཞིན་དུ་ཡོངས་སུ་བཟླས་ལ་བདག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱིན་གྱིས་བརླབས་ནས། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རང་གི་ལུས་ལ་བཅོམ་ལྡན་འདས་འཁོར་དང་བཅས ་པ་རྣམ་པར་བཀོད་དེ། །ཕྱིའི་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ལ། དེའི་སྟེང་དུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་ཆེན་པོས་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན ་བླངས་ལ། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བྱ་བ་དང། བདག་ཉིད་དབང་བསྐུར་བ་བྱ་ཞིང། ཆུ་བཏུང་བར་ཡང་བྱའོ། །དེ་ནས་སངས ་རྒྱས་ལྔའི་དབུ་རྒྱན་གྱི་ཕྱག་རྒྱའི་དབང་བསྐུར་བས་དབང་བསྐུར་ཞིང། ལུགས་མ་འམ། བརྡུངས་པ་འམ། བྱས་པ་འམ། བྲིས་པའི་སངས་རྒྱས་ལྔའི་དབུ་རྒྱན་དང། དར་དབྱངས་ཀྱི་དབང་བསྐུར་པས་རྡོ་རྗེ་འཁོར་ལོའི་དྲིལ་བུ་དང་བཅས་པ ་ཧཱུཾ་ཞེས་བྱ་བས་བླངས་ལ། ཧཱུཾ་ཞེས་བྱ་བ་བཟླས་ཤིང་བདག་པོ་དང་མིང་གི་དབང་བསྐུར་བ་དག་གིས་དབང་བསྐུར་བྱའོ། །དེ་ནས་དངོས་གྲུབ་ཀྱི་འཁོར་ལོའི་བརྟུལ་ཞུགས་བླངས་ལ། མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་བདག་ཉིད ་མཆོད་ཅིང། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་འཁོར་ལོ་དེ་ཁོ་ན་ཉིད་ཀྱིས་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞིང་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས ་ཏེ། དེ་དག་ནི་ཐོག་མཛའ་མེད་པའི་སེམས་དཔའ་ནི་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྙིང་པོ?་བླངས་ཏེ། ཚིགས་སུ་བཅང་པ་ལྔ་པས་རྗེས་སུ་གནང་བ་དང། བཟེད་བསྟོད་པ་དང། ལུང་བསྟན ་པ་རྣམས་ཉེ་བར་མནོས་ལ། ཡང་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་ཅི་འདོད་པར་བཟླས་པ་ཡང་བྱ་སྟེ། བཅོམ་ལྡན་འདས་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་?་པ ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་གྱི། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པའོ། །དེ་ནས་སྡོམ་པ་དཔོག་པར་འོས་པའི་སློབ་མ་ལ ་སྔར་བཤད་པའི་ཚུལ་གྱིས། སྡོམ་པ་འཛིན་དུ་གཞུག་པ་དང། བྱང་ཆུབ་ཏུ་སེམས་བསྐྱེད་ཏུ་གཞུག་པ་དག་བྱས་ལ། དེའི་སྙིང་གར་རྡོ་རྗེ་དེ་བཞིན་དུ་བསྐྱེད་ནས་རྡོ་རྗེ་འཁོར་ལོར་བྱིན་གྱིས་བརླབས་ཏེ་སྤོས་དང་མེ་ཏོག་ལ་སོགས་པས ་མཆོད་ལ། ཡོན་གྱི་མཆོག་བླངས་ནས་ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས་ཕྱི་རོལ་ན་གནས་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཆོ་ག་བཅུག་ལ། ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པར་རྐང་པ་གཡོན ་པ་དང། དེའི་རྐང་པ་གཡས་པས་མནན་ལ། ཧཱུཾ་ཨ་ཨ::::ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ན་བབས་པར་འགྱུར་རོ། །དེ་ནས་ཆོ་ག་ཐམས་ཅད་རྡོ་རྗེ་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ ་རྫོགས་སོ།། །།དེ་ནས་སློབ་དཔོན་གྱི་ཆོ་ག་རྒྱས་པ་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་ནས་།དེ་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་གྱི་ཡེ་ཤེས་བསླབ་པར་བྱའོ།། ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་རྣམས་ནི་དེ་བཞིན་ནོ། །ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའ་ཨི་སྒྲུབ ་པ་གསུངས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཁོར་ལོའི་ཁྲོ་བོའི་རས་ཀྱི་རི་མོ་གཉིས་ལ་སྔོན་དུ་བསྙེན་པ་བྱས་ནས། སྒྲུབ་པར་ཤེས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་མ་སྒྲུབ་པར་ཡང་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། དཀྱིལ ་འཁོར་ཐམས་ཅད་དུ་ཞུགས་པ་ལ་ནི། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་སོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྦྱོར་བ་བྱས་ལ། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཞེས་བྱ་བ་ཟློས་ཤིང། ་གཡས་ནས་བསྐོར་བའི་ཚུལ་གྱིས་བསྐོར་ནས། དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱས་པར་འགྱུར་རོ། །དེ་ནས་དེ་ལ་བལྟ་བཞིན་དུ་ཧཱུཾ་ཞེས་བྱ་བ་ལན་བརྒྱ་བཟླས་བརྗོད་བྱས་ལ། ཕྱག་རྒྱ་རང་གི་ཁར་བཅུག་སྟེ་བཞག་ན། དེ་ལྟ་བུས་ནི་རྡོ་རྗེ་འཁོར་ལོས ་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་འཁོར་ལོ་ཆེན་པོས་སོ། །ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྦྱོར་བ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། ཧཱུཾ་ཞེས་བྱ་བ ་ཟློས་ཤིང་མགལ་མེའི་འཁོར་ལོའི་ཚུལ་དུ་བསྐོར་བར་བྱ་བ་འདི་ནི་རྡོ་རྗེ་འཁོར་ལོ་ཆེན་པོ་སྟེ། འདིས་གཙོ་བོ་ཆེན་པོ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་ལ ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱས། །ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་འཁོར་ལོ་ཆེན་པོས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་འཇུག་པར་འགྱུར་བ་དེ་བཞིན་དུ་མཆན་མའི་ཕྱག་རྒྱའི་དཀྱིལ་འཁོར་ཐམས་ཅད་དུ ་འཇུག་པ་ནི། རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེས་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་ལ་ནི། དམ་ཚིག་ཆེན་པོའི་འཁོར་ལོས་སོ་ཞེས་བྱ་བ་ལ། དམ་ཚིག་གི་གཙོ་བོ? ་དཀྱིལ་འཁོར་ནི་དམ་ཚིག་གི་དཀྱིལ་འཁོར་ཏེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ལ་སོགས་པ་རྒྱུད་ལས་ཇི་སྐད་གསུངས་པའོ། །དེར་འཇུག་པ་ནི་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ ་གུང་མོ་གཉིས་རྩེ་མོའི་ཚུལ་དུ་བརྐྱང་ནས། མཛུབ་མོ་གཉིས་སོ་སོར་བརྐྱང་ལ། གུང་མོ་དེ་ཉིད་ཀྱི་རྡོ་རྗེ་རྩེ་མོའི་རྒྱབ་ཏུ་བཞག་པ་འདི་ནི་དམ་ཚིག་ཆེན་པོའི་འཁོར་ལོ་སྟེ། འདིས་དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར ་འགྱུར་རོ། །ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་ཐམས་ཅད་ཀྱི་འཁོར་ལོས་སོ། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེར་འཇུག་པ་ནི་ཐམས་ཅད་ཀྱི་འཁོར་ལོར་འགྱུར་ཏེ། དེ་བཞིན ་དུ་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྦྱོར་བ་བྱས་ཏེ། ནམ་མཁའ་ཨི་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཞེས་བྱ་བ་ཟློས་ཤིང་ནམ་མཁའ་མཛོད་དུ་བདག་ཉིད་བསམ་ནས་ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱས་ཏེ། འདི་ནི་ཐམས་ཅད ་ཀྱི་འཁོར་ལོ་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། འདིས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྡོ་རྗེ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཆེན ་པོ་ལ་སོགས་པར་འཇུག་པར་འགྱུར་བ་དེ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དང། ལག་པ་གཡོན་ན་འཁོར་ལོ་འཛིན་པ་ལ་སོགས་པས་རྗེས་སུ་ཆགས་པར་བྱ་བ་ལ་སོགས་པའི་ལས་རྣམས་བྱེད་པར་འགྱུར་ཏེ། དེ་ལ་རྡོ་རྗེ ་སེམས་དཔའ་ཨི་དམ་ཚིག་གི་ཕྱག་རྒྱས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དང་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱས་ནི་དབང་དུ་བྱེད་དོ།། ་འཕགས་པ་ནམ་མཁའ་ཨི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་ནི་དོན་འཐོབ་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་འདེབས་སོ། །འཕགས་པ་འཇམ་དཔལ་གཞོན་ནུའི་དམ་ཚིག་གི་ཕྱག་རྒྱས་ནི་གཅོད་པར་བྱེད་དོ། །རྡོ་རྗེ་འཁོར་ལོའི་དམ་ཚིག་གི ་ཕྱག་རྒྱས་ནི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱས་ནི་མཆོད་པའི་ལས་རྣམས་འགྲུབ་པོ། །རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ནི་གདུག་པ་ཐམས་ཅད་འདུལ་བའི་དངོས་གྲུབ་འགྲུབ་བོ། །དཀྱིལ་འཁོར ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་རོ། །དེ་དག་ཉིད་ནི་རྡོ་རྗེ་ལྟར་མི་ཕྱེད་པ་ཡིན་པས་ན་རྡོ་རྗེའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུ་སྟེ། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་གྱི་ཚུལ་དུ་རྣམ་པར་རྟོག ་པའོ། །མི་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་པ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ལྟར་རིགས་ཐམས་ཅད་ཀྱི་དཀྱིལ ་འཁོར་དུ་འཇུག་པའི་རྒྱུར་གྱུར་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་གསུངས་ནས། ད་ནི་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པའི་ནམ་མཁའ་མཛོད་ཀྱི་རྟོག་པའི་རྒྱལ་པོ་བཤད་པའི་ཕྱིར། དེ་ནས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་འདས་མ་ཐག་པ་སྟེ། འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་སྐད་དུ་བཤད་པའི་ཚུལ་གྱི་བཞུགས་ནས ་དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཞེས་བྱ་བར་སྦྱར་རོ། །མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་སྣོད་ཀྱིས་ཞེས་བྱ་བ་ལ། མཆོད་པ་ཐམས་ཅད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི ་མཆོད་པ་རྣམ་པ་བཞིའོ། །དེའི་ཆོ་ག་རྒྱས་པ་ནི་དཀྱིལ་འཁོར་ལ་སོགས་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་གྱི་རྣམ་པར་རྒྱས་པའོ། །དེའི་སྣོད་ནི་འབྱུང་གནས་ཏེ། དེ་ལས་བྱུང་བས་སོ། །མཆོད་པ་ཐམས་ཅད་ཀྱི ་མཆོག་ཅེས་བྱ་བ་ལ། མཆོད་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་ཏེ། དེ་ཉིད་ནི་དམ་པ་ཡིན་པ་ན་མཆོག་གོ། དེ་ཡང་བསྒྲུབ་པའི་མཆོད་པའི་ངོ་བོ་ཉིད་ཡིན་བས་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པའི་ཚུལ་ཐམས་ཅད་ལས ་མཆོག་དུ་གྱུར་པ་ཡིན་པའི་ཕྱིར་རོ། །མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏེ། བཤད་དོ་ཞེས་བྱ་བ་ནི་གསུངས་པའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཕྱག་རྒྱས་པའོ། །ཞེས་བྱ་བ་ལ་བྱང་ཆུབ་ཀྱི་མཚན་ཉིད་ཅན་དང། བྱང་ཆུབ་ཏུ་འཇུག་པ་དང། བྱང་ཆུབ་ཏུ་སྨིན་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། གསུམ་པོ་འདི་དག་བསྐྱེད་པ་ནི་བྱང ་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ཉིད་བསྐྱེད་མ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་གྱིས་བསྒྲུབ་པའི་མཆོད་པ་ཡིན་ལ། ་དེའི་ཆོག་རྒྱས་པ་ནི་དཀྱིལ་འཁོར་ལ་སོགས་པའི་ཚུལ་ཏེ། དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་ནོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱོབ་པ་ནི། ཞེས་བྱ་བ་ནི། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས ་ཅད་ཡོངས་སུ་ཀུན་ནས་སྐྱོབ་ཅིང་ཉོན་མོངས་པའི་བག་ཆགས་དང་བཅས་པར་སྤངས་པས་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པའི་འཇིགས་པ་ལས་སྒྲོལ་བ་སྟེ། ཡོངས་སུ་སྐྱོབ་པ་ཉིད་ཡིན་པས་ན་ཡོངས་སུ་སྐྱོབ་པ་ཉིད་དོ། །དེ་ནི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཀྱི་མཆོད་པ་སྟེ། སྒྲུབ་པའི་མཆོད་པའོ། །དེའི་ཆོ་ག་རྒྱས་པ་ནི། སྔ་མ་བཞིན་ནོ། །དམ་པའི་ཆོས་སོ། །ཞེས་བྱ་བ་ལ་སོགས་པ་ལ། དམ་པ་ཡང་ཡིན་ལ། ཆོས་ཀྱང་ཡིན་པས་ན་དམ་པའི ་ཆོས་ཏེ། སེམས་དང་སེམས་ལས་བྱུང་བ་རང་བཞིན་གྱིས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །ཡང་ན་དམ་པ་རྣམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་དང། འཕགས་པ་ཉན་ཐོས་རྣམས་ཀྱི་ཆོས ་ལུང་དང་རྟོགས་པའི་བདག་ཉིད་ཅན་དང་པདྨའི་རིགས་སོ། །དེ་ཡོངས་སུ་བཟུང་བ་ནི། ཐོས་པ་དང། བསམ་པ་དང། བསྒོམ་པའི་རང་བཞིན་ཅན་གྱི་ཤེས་པས་ཉེ་བར་བླངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཞེས་བྱ ་བྱ་བ་ནི་སྔ་མ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གང་རང་ཉིད་འབྲི་བ་ནི་འབྲི་བའི་ལས་ཏེ། ལས་ཞེས་བྱ་བའི་སྒྲ་ནི་རེ་རེ་ཞིང་ཡང་སྦྱར་པར་བྱའོ། །དེ་ཉིད ་གཞན་འབྲིར་གཞུག་པ་དང། དེ་ཉིད་གཞུང་དང་དོན་གྱི་ཚུལ་གྱིས་མི་བརྗེད་པར་ཡིད་ལ་ཡང་དག་པར་འཇོག་པ་ནི་འཛིན་པའོ། །དེ་ཉིད་ཀྱི་གླེགས་བམ་ཀློག་པ་ནི་ཀླག་པའོ། །འདོན་པ་ནི་བརྗོད་པའོ། །སྒོམ་པ་ནི་གོ་བར་ཟད་དོ?། །སྤོས་དང་མེ་ཏོག་ལ ་སོགས་པས་མཆོད་པ་བྱེད་པ་ནི་མཆོད་པའི་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཞེས་བྱ་བ་ལ་རང་བཞིན་གྱི་འོད་གསལ་བ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་སེམས་དང་སེམས ་ལས་བྱུང་བ་དང། ལས་ཀྱི་རིགས་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ལ་མཆོད་པ་ནི་ཇི་སྐད་དུ་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲི་བ་ལ་སོགས་པའི་ཚུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ? ་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། མཆོད་པའི་ཆོ་ག་རྒྱས་པའོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི། དར་བོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས ་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ནམ་མཁའ་ཨི་མཛོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་རབ་གི་དཀྱིལ་འཁོར་སྤྲུལ་པར་བྱ་བའི ་ཕྱིར་བསྐུལ་པ་དང། དེའི་རྗེས་ཐོགས་ཉིད་ལ་རང་གི་དཀྱིལ་འཁོར་བསྐྱེད་པའི་སྙིང་པོ་ཨོཾ་ཞེས་བྱ་བའི་བདག་ཉིད་ཅན་གསུངས་པའོ། །ནམ་མཁའ་ཨི་ནི་གོ་འབྱེད་པའོ། །དེ་ཉིད་ནི་མཛོད་དེ། ནོར་གྱི་གཞིའོ། །ཁང་པར་མངའ་པས་ན། ནམ་མཁའ་མཛོད ་ཅེས་བྱ་བ་སྟེ། བསམ་པ་ཙམ་ཉིད་ཀྱི་ནམ་མཁའ་ལས་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་པོ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ལས་ཐམས་ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ལ། ལས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ ་ལ་སོགས་པའི་ལས་རྣམ་པ་བཞིའོ། །དེའི་དོན་ཡོད་པ་ནི་འབྲས་བུ་དང་བཅས་པའོ། །དེའི་དམ་ཚིག་ནི་དེ་བསྐྱེད་པར་བྱེད་པའི་རྒྱུ་སྟེ། མིང་དེ་སྐད་ཅེས་བྱ་བར་ངེས་པའི་ཡེ་ཤེས་ནི་སྙིང་པོའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར ་གདགས་པས་སྙིང་པོ་ཞེས་བྱ་སྟེ། དེ་སྨྲས་པ་ནི་གསུངས་པའོ། །ནམ་མཁའ་ཐམས་ཅད་ལས་ཞེས་བྱ་བ་ནི་ཕྱཧོགས་བཅུ་ན་གནས་པའི་ནམ་མཁའ་ལས་སོ། །མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ཨི་ཚུལ ་གྱིས་སོ། །ཞེས་བྱ་བར་སྦྱར་ཏེ། མཆོད་པ་ཐམས་ཅད་ཇི་སྐད་དུ་བཤད་པའི་རྣམ་པ་བཞིའོ། །དེའི་ཆོ་ག་རྒྱས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་སོགས་པའི་དབྱེ་བས་ཕྱེ་བའི་རྣམ་པ་ནི་རྒྱས་པའོ།། ་དེ་དག་ཀྱང་ཁྱད་པར་ཇི་ལྟ་བུ་ཞེ་ན། ནམ་མཁའ་ཨི་ཁམས་མ་ལུས་པར་སྤྲོས་པ་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ཨི་ཁམས་ཀྱང་ཡིན་ལ་མ་ལུས་པ་ཡང་ཡིན་པས་ནམ་མཁའ་ཨི་ཁམས་མ་ལུས་པ་ཞེས་བྱ་སྟེ། ཇི་ལྟར་གྲགས་པའི་ཕྱོགས་བཅུ་དག་ན་རྫས་ཐམས་ཅད ་དང་བྲལ་བའོ། །དེའི་སྤྲོས་པ་ནི་ཁྱབ་པ་སྟེ། འདི་ལྟར་ནམ་མཁའ་ཨི་ཁམས་མ་ལུས་པའི་མཐར་ཐུག་པར་སྤྲོས་པའོ། །དེ་ལྟ་བུའི་གཟུགས་ཅན་དུ་གྱུར་པ་ནི་གྱུར་ནས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་གྱིས་ཞེས་བྱ་བ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས ་པའི་གཟུགས་ཀྱིས་ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་དབྱིབས་ཀྱི་སྣ་ཚོགས་པདྨའི་གདན་ལ་བཞུགས་པ་སྟེ་གནས་པར་གྱུར་པའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བཞུགས་སོ་ཞེས་བྱ་བའི ་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ། །ཞེས་བྱ་བ ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། ལས་ཀྱི་མཆོག་གི་ཏིང་ངེ ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ནི་བཤད་ཟིན་ཏོ། །དེའི་བྱིན་གྱིས་བརླབ་པ་ནི་དཀྱིལ་འཁོར་ལ་དམིགས་པ་སྟེ། གང་ལ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་མཆོད་པའི་མཆོག་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ལ། རྡོ་རྗེ་མཆོད་པ་ནི་ཇི་སྐད་དུ་བཤད་པའི་མཆོད་པ་རྣམ་པ་བཞིའོ། །དེ་བྱུང་བར་གྱུར་པ་ནི་མཆོག་གོ། དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ནི་ནམ་མཁའ་མཛོད་? ་དཀྱིལ་འཁོར་ཏེ་དེ་གསུངས་པའོ། །འདི་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། ཏིང་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བས་ཇི་སྲིད་དུ་འགྲོ་བ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དཀྱིལ་འཁོར་འདི་བསྒོམ་པར ་བྱའོ། །དེ་ནས་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བའི་ཞེས་བྱ་བ་ནི། འདིའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བར་བྲི་བར་བྱའོ། །དེ་བཞིན་དུ་ནང་དུ་རིན་པོ་ཆེའི་ཀ་བ་བརྒྱད ་བྱས་ལ། ཞེས་བྱ་བ་ནི། ཇི་ལྟར་འཕགས་པ་ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་བྲི་བ་བཞིན་དུ་འདིའི་ནང་གི་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དབུས་སུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་དབུས་མའི ་དབུས་སུ་སྣ་ཚོགས་པདྨའི་གདན་ལ། བཅོམ་ལྡན་འདས་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་བསྣམས་པ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྣ་ཚོགས་རྡོ་རྗེས ་མཚན་པའི་དྲིལ་བུ་བསྣམས་ནས། བསྙེམས་པས་བཞུགས་པ། སངས་རྒྱས་ལྔའི་དབུ་རྒྱན་ལ་སྣ་ཚོགས་རྡོ་རྗེའི་ཕྲེང་བ་ཅན་གྱིས་དབང་བསྐུར་བ། ཞལ་དཀར་པོ་བུས་མོའི་འོག་གི་ཆ་ནས་རྐང་པ་དང། ཕྱག་གཉིས་པ་ལ་ཤའི་མདོག ་ཅན། ལྷག་མ་རྣམས་སྔོན་པོ་ཞལ་གྱི་འོག་གི་ཆ་ནས་རྐེད་པའི་བར་དུ་དམར་སྐྱེ། བརླ་གཉིས་སེར་སྐྱའི་མདོག་ཅན་དུ་དགོད་པར་བྱའོ། །ཐམས་ཅད་དུ་མཆོད་པའི་དམ་ཚིག་གི་སེམས་དཔའ་རྣམས་བཞག་པར་བྱའོ། །ཞེས་བྱ་བ་ནི། ་དེའི་ཕྱོགས་དང་མཚམས་རྣམས་སུ་མཆོད་པའི་ངོ་བོ་ཉིད་ཀྱི་ཀུན་རྫོབ་ཀྱི་གཟུགས་ནི་མཆོད་པའོ། །སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོ་སྟེ། དེ་ནི་མཆོད་པའི་དམ་ཚིག་སེམས་དཔའ་ཨོ། །དེ་ཡང་ལུགས་མ་འམ། བརྡུངས་མ་ལ་སོགས་པའི ་གཟུགས་སུ་བཞག་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེ་ན། ཕྱག་ན་རྡོ་རྗེ་དང། འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་པོ། །ཞེས་བྱ་བ་སྟེ། དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ལ་སོགས་པ ་ཕྱག་ན་བསྣམས་པར་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་རྩེ་ལྔ་པ་སྟེ། རྡོ་རྗེ་ཕྱག་གི་ཡོངས་སུ་འཛིན་ཅིང། དེས་ན་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་བླ་ན་མེད་པའི་ཆོ་ག་རྒྱས་པ་བསྣམས་པའི་ཕྱག་གོ། ཏིང་ངེ་འཛིན་སྟོན་པའི་ཕྱག་རྒྱ་ནི་ཏིང་ངེ ་འཛིན་ཏེ་པདྨའི་ཕྱག་རྒྱའོ། །དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡོངས་སུ་འཛིན་ཏེ། ངེས་ན་འདི་ནི་ཏིང་ངེ་འཛིན་གྱི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པར་ཕྱག་ན་བསྣམས་པའོ། །དབང་བསྐུར་བ་ནི་རྡོ་རྗེའི་རིན་པོ་ཆེ་སྟེ། འཕགས་པ་ནམ་མཁའ་ ་སྙིང་པོའི་མཚན་མའོ། །ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ཏེ། དམ་ཚིག་གི་ཁུ་ཚུར་གྱིས་ཡོངས་སུ་བཟུང་བའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའོ། །སྟོང་པ་ཉིད་དུ་སྨྲ་བ་ནི། འཕགས་པ་འཇམ་དཔལ་གྱི་རལ་གྲི་སྟེ། དེས་ཆོས་ཐམས་ཅད་ནི་མ་སྐྱེས་པའོ། །ཞེས་སྟོན་པའི་ཕྱིར། དེས་ན་སྟོང ་པ་ཉིད་དུ་སྨྲ་བ་ཞེས་འདི་ལ་བཤད་དོ། །དཀྱིལ་འཁོར་འབྲི་བ་ནི་འཕགས་པ་རྡོ་རྗེའི་རྒྱུའི་མཆན་མ་འཁོར་ལོ་རྩིབས་བརྒྱད་པ་སྟེ། དེ་ཕྱག་ན་བསྣམས་པས་གང་ཞིག་དཀྱིལ་འཁོར་རྫོགས་པར་བྱེད་པར་འདོད་པའི་རྣལ་འབྱོར་པ་ལ་དེ་ངེས་པ་ཉིད་དུ ་རྫོགས་པར་མཛད་པས་ན། དེའི་ཕྱིར་དེ་ནི་དཀྱིལ་འཁོར་འབྲི་བ་ཞེས་བཤད་དོ། །མཆོད་པ་ཐམས་ཅད་ནི་ནམ་མཁའ་ཨི་མཛད་ཀྱི་མཚན་མ་སྣ་ཚོགས་རྡོ་རྗེའི། །དེ་ཕྱག་ན་བསྣམས་པས་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ལ་མཆོད་པ་དང། སེམས་ཅན ་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་མཛད་དེ། དེས་ན་དེ་མཆོད་པ་ཐམས་ཅད་ཅེས་བཤད་དོ། །སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་མཆོད་པའི་ཕྱག་རྒྱ་སྟེ། མཚན་མ་དེ་ཕྱག་ན་བསྣམས་པས་བདུད་ཐམས་ཅད་ལ་སོགས་པ་གདུག་པ་རྣམས ་རྣམ་པར་འཇིག་པར་མཛད་ལ། དེ་ནས་སེམས་ཅན་རྣམས་སྐྱོབ་པར་གྱུར་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དང་ཏིང་ངེ་འཛིན་དང་དབང་བསྐུར་བ་དང། ཕྱག་རྒྱ་ཡོངས་སུ་འཛིན་པ་དང། སྟོང་པ་ཉིད་དུ་སྨྲ་བ་དང། དཀྱིལ་འཁོར་འབྲི་བ་དང། མཆོད་པ ་ཐམས་ཅད་དང། སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་རྣམས་སོ། །དེ་དག་ཉིད་ནི་བླ་ན་མེད་པའི་མཆོད་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྒྲུབ་པའི་མཆོད་པ་རྣམས་ནི་ཕྱིའི་མཆོད་པའི་ཁྱད་པར་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ།། ་དེའི་ཆོ་ག་རྒྱས་པ་ནི་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་གསལ་བའི་དབྱེ་བ་སྟེ། ངེས་ན་དེ་ཕྱག་ན་བསྣམས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ། །དེ་བས་ན་དེ་རྣམས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བླ་ན་མེད་པའི་མཆོད ་པའི་ཆོ་ག་རྒྱས་པ་ཕྱག་ན་བསྣམས་པ་བྲི་བར་བྱའོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། ཇི་སྲིད་དབང་ལྡན་གྱི་ཕྱོགས་ཀྱི་བར་དུ་སྣ་ཚོགས་པདྨའི་གདན་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གི ་བཞུགས་པར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ལས་གསུང་པའི་ཕྱག་རྒྱ་ཆེན་པོས་ཨོཾ་ཞེས་བྱ་བ་དང་བྲི་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཕྱི་མཚམས་རྣམས་སུ་ནི་མེ་ཏོག་ལ་སོགས་པ་རྣམས་དང་ཞེས་བྱ་བ་ནི་རྡོ་རྗེ་སྦྲང་རྩི་དང། རྡོ་རྗེ་? ་དང། རྡོ་རྗེ་རྟེན?་དང། རྡོ་རྗེ་དགུན་རྣམས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོས་མེའི་ཕྱོགས་ན་བརྩམས་ཏེ། དབང་ལྡན་གྱི་ཕྱོགས་ཀྱི་བར་དུ་བྲི་བར་བྱའོ། །སྒོ་རྣམས་སུ་ནི། ཞེས་བྱ་བ་ལ་ཤར་ཕྱོགས་ཀྱི་སྒོར་ནི་དོང་རྩེ་དང། ལྷོར་གསེར་དང་ནུབ ་ཏུ་མུ་ཏེག་གི་འབྲུམ་བུ་དང། བྱང་དུ་རིན་པོ་ཆེ་ཞེས་བྱ་བ་པདྨ་རཱ་ག་བཞག་པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐམས་ཅད་ཀྱི་མཆོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ལ། ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཐམས་ཅད་དེ། དེ ་བཅིངས་ལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚུལ་གྱིས་སློབ་དཔོན་ཞུགས་ནས། དེ་ནས་ཆོ་ག་དེ་ཉིད་ཀྱིས་ནམ་མཁའ་མཛོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་མཆོད་པ་ཐམས་ཅད་འཐོབ་པར་འགྱུར་རོ། །ཞེས་བྱ་བ་ཞུགས་ནས་སྣ་ཚོགས་རྡོ་རྗེ་བླངས་ལ་ཞེS་བྱ་བ་ནི་དེ་ལྟར་རྡོ་རྗེ་སེཾས་དཔའ་ཨི ་དཀྱིལ་འཁོར་ཆེན་པོའི་ཚུལ་རྡོ་རྗེ་ཐམས་ཅད་ཀྱི་ཞུགས་ལ། བཅོམ་ལྡན་འདས་ལས་ཨོཾ་ཞེས་བྱ་བ་དང། སྣ་ཚོགས་རྡོ་རྗེ་མནོས་ཏེ། ཨོཾ་ཞེས་བྱ་བ་ཟློས་ཤིང། ཀྱེ་སྣ་ཚོགས་ཆེ་གེ་མོ་ཞེས་བྱ་བ། ཞེས་བྱ་བའི་མིང་གིས་དབང་བསྐུར་བས་དབང་བསྐུར་བར་བྱའོ།། ་དེ་ལྟར་བདག་ཉིད་དབང་བསྐུར་ནས་སློབ་དཔོན་གྱི་མཆོད་པ་རྣམ་པ་བཞི་བྱ་སྟེ། འདི་ལྟ་སྟེ་ལུས་ཀྱི་ལས་ཐམས་ཅད་དང་ཕྱག་བྱ་བ་དང། ངག་དང་ཡིད་དང་ཞེས་བྱ་པ་ནི། དེ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་པྲཎ་མེན་བཛྲ་བནདྡྷ་ནཾ་ཀ་རོ་མི་ཞེས་བྱ་བ་འདི་ནི་མཆོད་པ ་གཅིག་གོ། སེམས་ཀྱིས་ཆོས་ཀྱི་དབྱིངས་སུ་སྤྲོས་པས་མཆད་པའི་ཆོ་ག་རྒྱས་པ་དང། ཞེས་བྱ་བ་ནི། ཐོས་པ་དང། མཐོང་བའི་མཆོད་པའི་ཁྱད་པར་རྣམས་ཀྱིས་སེམས་ཀྱིས་ནམ་མཁའ་ཀུན་ཏུ་བཀང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར ་བྱའོ། །ཞེས་བྱ་བ་འདི་ནི་གཉིས་པའོ། །རྡོ་རྗེས་ཞེས་བྱ་བ་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་པ་འདི་ནི་མཆོད་པ་གསུམ་པའོ། །ཕྱག་རྒྱས་མཆོད་པ་གཅིག་ཏུ་བྱས་པའོ། །ཞེས་བྱ་བ་ནི་གསང་བའི་མཆོད་པའི་ཕྱག་རྒྱ་རྣམས་སམ། རྡོ་རྗེ་སྦྲང་རྩི་ལ ་སོགས་པའི་ཕྱག་རྒྱས་མཆོད་པར་བྱ་སྟེ། དེ་དག་གཅིག་ཏུ་བྱས་པའི་ཕྱག་རྒྱ་ནི་མཆོད་པ་བཞི་པར་འགྱུར་རོ། །སློབ་མ་རྣམས་ཀྱི་གཞུག་པའི་ལས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་སློབ་དཔོན་འཇུག་པའི་ཆོ་ག་བཞིན་དུ་སློབ་མ་རྣམས་གཞུག་པ་ལ་སོགས ་པའི་ཆོ་ག་རྣམས་ཀྱང་བྱ་བའོ། །ལས་ཀྱི་དཀྱིལ་འཁོར་རོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཇི་སྐད་དུ་བཤད་པའི་མཆོད་པ་རྣམ་པ་བཞི་ནི་ལས་ཏེ། དེ་ལས་བྱུང་བའི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་ཡིན་པ་འམ་དེ་བསྐྱེད་པའི་རྒྱུའི ་དཀྱིལ་འཁོར་ཞེས་བྱའོ། །ཡང་འདིའི་དོན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་སྦྱོར་བ་བྱས་ལ་དེ་ཉིད་ཀྱིས་རྣལ་འབྱོར་ཆེན་པོ་བྱའོ། །དེ་ནས་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱས་ལ། དཀྱིལ་འཁོར་འདི་ཇི་སྲིད་མངོན་སུམ་དུ་མཐོང ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། བར་སྣང་གི་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་བཞག་ནས་ཉི་མ་འཆར་བའི་དུས་སུ་ཇི ་ལྟ་བ་བཞིན་དུ་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ་འཁོར་དང་འདྲའོ། །འདིའི་ནང་དུ་འདིའི་ཕྱེད་ཀྱི་ཚད་དུ། འཕགས་པ་ནམ་མཁའ་ཨི་སྙིང་པོ་དཀྱིལ་འཁོར་དང་འདྲ་བར་ཐིག་བཏབ་ལ། དཀྱིལ ་འཁོར་ཐམས་ཅད་བྲི་བར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་ལ། དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་བཅོམ་ལྡན་འདས་ནམ་མཁའ་ཨི་མཛོད་ཞལ་ཤར་ཕྱོགས་སུ་གཟིགས་བ་བྲི་བར་བྱའོ། །དེའི ་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་སེམས་དཔའ་མེའི་ཕྱོགས་སུ་འཇམ་དཔལ་གཞོན་ནུར་གྱུར་པ། ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའ་ཨི་སྙིང་པོ། །བདེན་བྲལ་གྱི་ཕྱོགས་སུ་ནམ་མཁའ་མཛོད། རྡོ་རྗེ་དྲན་པའི་གནས་སུ་འཇིག་རྟེན ་དབང་ཕྱུག། རླུང་གི་ཕྱོགས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། རྡོ་རྗེ་སྙེམས་པའི་གནས་སུ་རྡོ་རྗེ་ཁུ་ཚུར། དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་གནོད་སྦྱིན་ལེགས་པར་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་མེའི་མཚམས་སུ ་རྡོ་རྗེ་སྦྲང་རྩི། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་སྤྲིན། རླུང་གི་མཚཽས་སུ་རྡོ་རྗེ་སྟོན་ཀ། དབང་ལྡན་གྱི་མཚམས་སུ་རྡོ་རྗེ་དགུན་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ནི་དང་རྩི?། ལྷོ་ཕྱོགས་ཀྱི་སྒོར་གསེར། ནུབ་ཕྱོགས་སུ་ནི་མུ་ཏིག་གི་འབྲས་བུ། བྱང་ཕྱོགས ་ཀྱི་སྐོར་རིན་པོ་ཆེ་པདྨ་རཱ་ག་ཡང་དག་པར་བཞག་པར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཨོཾ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ།། །།དེ་ལྟར་དཀྱིལ་འཁོར་བྲིས་ནས། དེ་བཞིན་དུ་སྦྱོར་བ་ཆེན་པོ་བྱས་ལ། ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱས ་ཡོངས་སུ་ཆ་ཟུང་པའི་སྣ་ཚོགས་རྡོ་རྗེ་དང། མེ་ཏོག་གི་ལྕུག་མས་བུམ་པ་ཐམས་ཅད་དང། བུམ་པ་གང་བ་ལ་ཨོཾ་ཞེས་བྱ་བ་རེ་རེ་ཞིང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ཏེ། དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ནས་རྡོ་རྗེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་ནམ་མཁའ་ ་མཛོད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང། བཅོམ་ལྡན་འདས་ལ་མཆན་བརྒྱ་རྩ་བརྒྱད་པས་བསྟོད་ལ་གསང་བའི་ལྕགས་ཀྱུ་དང། ཨོཾ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ་རྡོ་རྗེ་གནོད་སྦྱིན་གྱིས་གདོན་བསལ ་ལ། དཀྱིལ་འཁོར་བཅིང་བ་དང། མཚམས་བཅིང་པ་དང། དྲ་བ་དང། ར་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིང་ལ། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་གོ་བསྐོན་ཏེ། ཨོཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱས་ཨོཾ་དྲི་ཤྱ་ཞེས ་བྱ་བ་དང་འཁོར་དང་བཅས་པ་བལྟ་བར་བྱས་ཏེ། ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ། ས་མ་ཡ་སྟཝཾ་ཡ་ཧཾ་ཞེས་ལེན་གསུམ་བརྗོད་ལ་བསྒྲུབ་པར་བྱ་ཞིང། རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས། སྲིན་ལག་དང། མཐེའུ་ཆུང་བརྒྱད ་ལ། རྒྱལ་མཚན་དང། དར་འཕན་གྱི་རྩེ་མོ་ལྟར་བྱ་བ་འདི་ནི། ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཨོཾ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བསམ་པ་འདི་ནི་འདིར་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ།། ཨ་ཞེས་བྱ་བས ་སྙིང་གར་སྣ་ཚོགས་རྡོ་རྗེ། བསམ་ལ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་སྔར་བཤད་པའི་མཚན་ཉིད་ཅན་ཨོཾ་ཞེས་པ་ཉིད་ཟློས་ཤིང་བཅིང་པར་བྱའོ། །དེ་ནས་ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། ཇི་ལྟར་བྲིས་པའི་རྗེས་སུ་མཐུན་པར་ནམ་མཁའ་མཛོད་ལ ་སོགས་པའི་ཕྱག་རྒྱ་ཆེན་པོ་ཨོཾ་ཞེས་བྱ་བ་ཟློས་ཤིང་བཅིང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་ཅོད་པན་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཕྱག་རྒྱའི་དབང་བསྐུར་བདག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དབང་བསྐུར་བར་བྱའོ། །འདིར ་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར་པ་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་དང། ཨོཾ་ཞེས་བྱ་བས་དབུལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཨོཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ་བུམ་པ་རྣམས་དང། བུམ་པ་གང་བ ་རྣམས་དང། ན་བཟའ་དང། བླ་རེ་ལ་སོགས་པ་ཕུལ་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ། ཕྱི་རོལ་ཏུ་གླུ་དང་གར་དང། རོལ་མོ་དང་རྟ་དང། གླང་པོ་ཆེ་དང། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། དེ་ནས་ཕྱག་རྒྱའི ་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ཞེས་བྱ་བ་ཉིད་ལས་རིན་པོ་ཆེ་སྣ་བདུན་དང། །དཔག་བསམ་གྱི་ཤིང་དང། ཁ་ཟས་རོ་བརྒྱལ་སོགས་པའི་བཀོད་པ་རྣམས་སྤྲུལ་ལ། འདིས་དབུལ་བར་བྱ་སྟེ། ཐལ་མོ ་ཁོང་སྟོང་དུ་སྦྱར་ལ། སྤྱི་བོར་བཞག་ནས། ཨོཾ་སརྦ་བིད་པཱུ་ར་པཱུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། །ཞེས་བརྗོད་དོ། །དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཤིན་ཏུ་དམར་བའི་རས་ལ། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ ་བཟླས་པ་གཅིག་གིས་སྨད་གཡོགས་བྱ། །གཉིས་པས་སྟོད་གཡོགས་བྱའོ། །ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་བཞི་ཡོངས་སུ་བཟླས་པས་རང་གི་གདོང་གཡོགས་པར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྔ་མ་བཞིན་དུ་སྟིང་གར་རྡོ་རྗེ་བསྐྱེད་ལ། ཤར་ཕྱོགས་ཀྱི་སྐོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། ནམ་མཁའ་ ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་ལ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ནས། བཛྲ་བཛྲ་ཨོཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོར་བཛྲ་ཨཾ་ཀུ་ཤ་ཛ:ཞེས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ནས་ཞུ་གསལ་བཛྲ་པཱུ? ་ཤ་ཧཱུཾ་ཞེས་བརྗོད་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ནས་བཛྲ་སཕོ་ཊ་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨ་ཞེས་པ་དང། བདག་ཉིད་དབང་དུ་བྱའོ། །དེ་ནས་དེ་བཞིན་དུ་ཤར་ཕྱོགས་ཀྱི ་སྒོར་ཞུགས་ལ། མ་ཧཱ་ཏ་ར། སུ་དྲི་ཌཧ། སུ་ཏོ་ཥོ། སུ་སུ་ཁོ། བཛྲ་སཏྭཱ་དྱ་སདྡྷཡི་མཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་ལ། ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་རཱ་ག་མ་ཧཱ་སཽ་ཁྱ། མ་ཧཱ་བཛྲ་མཧཱ་དྷཱ་ན་མ་ཧཱ་ཛྙཱ་ན་མ་ཧཱ་ཀརྨ་བཛྲ་སཏྭཱ་དྱ་སདྡྷཡི་མཾ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཛ:ཧཱུཾ་བཾ་ཧོ:པྲ་སིདྡྷཡ་མཱཾ། དེ་ནས་རྡོ་རྗེ་ཆུ་མཐུང་ལ་ཨ་ཞེས་བྱ་བ་ལན་བརྒྱ་བཟླས་ནས། ་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། ཨ་ཞེས་བྱ་བ་ལན་བརྒྱ་བརྗོད་ཅིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཨོཾ་ཞེས་བྱ་བ་ཟློས་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ། ཨོཾ་ཉིད ་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱི་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཨི་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངS ་བ། སྔ་མ་བཞིན་དུ་དང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང། །ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་རང་གི་དངོས་གྲུབ་སྩོལ་བར ་གྱུར་པ་དེ་སྲིད་ཀྱི་བར་དུ་ཨོཾ་ཞེས་བྱ་བ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་མཆོད་པ ་བཞིས་ཡང་དག་པར་མཆོད་ལ། གླུ་དང་རོལ་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག ་བྱས་ནས། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་སྣ་ཚོགས་རྡོ་རྗེ་དང། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར ་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་བཅོམ་ལྡན་འདས་ནམ་མཁའ་ཨི་མཛོད་དུ་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱིས་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་སུ ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཨོཾ་གྱིས་རང་གི་གནས་སུ་བཀོད་ལ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་སྣ་ཚོགས་པདྨའི་སྟེང་དུ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཆེན་པོས་བདག་ཉིད་འདུག་ནས། མེ་ཏོག་ལ་སོགས ་པས་བདག་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ལ་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལ་ཆུ་བླངས་ལ། ཨོཾ་བཛྲ་ཨ་གྷི་ཥིཉྩ་ཨོཾ་ཞེས་བྱ་བས་བདག་ཉིད ་དབང་བསྐུར་ཞིང་ཆུ་དེ་བཏུང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང། སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཕྱག་རྒྱ་དག་གིས་བདག་ཉིད་དབང་བསྐུར་ཞིང། ལུགས་མ་འམ། བརྡུངས་མ་འམ། བྱས་པ་འམ་བྲིས་པའི་སངས་རྒྱས་ལྔའི ་?་རྒྱན་དང། སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར་བས་དབང་བསྐུར་ལ། སྣ་ཚོགས་རྡོ་རྗེ་སྣ་ཚོགས་དྲིལ་བུ་དང་བཅས་པར་བླངས་ཏེ། བདག་པོ་དང་མིང་གི་དབང་བསྒྱུར་བདག་གིས་ཀྱང་ཨོཾ་ཞེས་བྱ་བ་ཟློས་ཤིང་དབང་བསྐུར་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ ་རྗེའི་བརྟུལ་ཞུགས་བླངས་ལ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་བདག་ཉིད་ལ་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད ་ཀྱིས་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཁོ་ན་ཉིད་ལ་སོགས་པ་ནི། ཐོག་མཛའ་མེད་པའི་སེམས་དཔའ་ནི། ཞེས་བྱ་བ་ལ་སོགས་པ་སྔར་སྨྲས་པ་ཉིད་ཡིན་པར་ཤེས་པར་བྱའོ།། ་དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྙིང་པོ་བླངས་ཏེ། ཚིགས་སུ་བཅས་པ་ལྔ་པས་རྗེས་སུ་གནང་བ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་མནོས་པ་ཡང་བདག་ཉིད་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང། ཇི་ལྟར་མངོན་པར ་འདོད་པའི་བཟླས་བརྗོད་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བྱ་བ་ཡི། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། སློབ་མ་རྣམས་ནི་གཞུག་པར་བགྱི། དེ ་ནས་སློབ་མ་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སྡོམ་པ་དཔོག་པར་འོས་པའི་སློབ་མ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས ་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་དེ། དེ་ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་ནས། དྲི་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་ཡང་དག་པར་བླངས་ཏེ། རང་གི་འཇུག་པའི་ཆོ་གས ་གཞུག་པ་དང་དབབ་པ་བྱའོ། །དེ་ནས་ཡང་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་དང། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ཨོཾ་ཨ(རྒྱུད་འགྲེལ་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ། །ཞེས་བྱ་བ་འདིའི་ཆོ་ག་བསྟན་པར ་བྱ་བའི་ཕྱིར་དེ་ནས་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པ་གསུངས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྒྲུབ་པ ་ལ་སྔོན་དུ་བསྙེན་པ་བྱས་ཏེ། རས་ཀྱི་རི་མོ་གཉིས་ལ་བསྒྲུབ་པར་བྱ་བ་ཤེས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་མ་བསྒྲུབ་པར་ཡང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ལ་ནི་རང་གི་སྙིང་གར་རྡོ་རྗེ ་བསྒོམས་པས་སོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་རྒྱའི་སྦྱོར་བ་བྱས་ལ། ཨོཾ་ཞེས་བྱ་བ་ཟློས་ཤིང་རང་གི་སྙིང་གའི་ཟླ་བ་ལ། རྡོ་རྗེ་རྩེ་ལྔ་བ་བསྒོམས་པར་བྱ་སྟེ། དེ་ལྟ་བུས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་བྱས་པར་འགྱུར་རོ། །ཏིང་ངེ ་འཛིན་གྱི་མཆོད་པ་ལ་ནི་ཐམས་ཅད་དག་པར་བསྒོམས་པས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ། ཨོཾ་ཞེས་བྱ་བ་ཟློས་ཤིང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ། ཞེས་བསྒོམ ་པར་བྱ་སྟེ། དེ་ལྟ་བུས་ནི་ཏིང་ངེ་འཛིན་གྱི་མཆོད་པ་བྱས་པར་འགྱུར་རོ། །དབང་བསྐུར་བའི་མཆོད་པ་ལ་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་ཀྱིས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་སྦྱོར་བ་བྱས་ལ། དེ་ཉིད་ཀྱི་དམ་ཚིག་གི་ཕྱག ་རྒྱ་བཅིངས་ཏེ། ཨོཾ་ཞེས་བྱ་བའི་བཟླས་བརྗོད་བྱས་ན་དེ་ལྟ་བུས་ནི་དབང་བསྐུར་བའི་མཆོད་པ་བྱས་པར་འགྱུར་རོ། །ཕྱག་རྒྱའི་མཆོད་པ་ལ་ནི་སྣ་ཚོགས་རྡོ་རྗེ་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། དེའི་དམ་ཚིག་གི ་ཕྱག་རྒྱ་བཅིངས་ནས་ཨོཾ་ཞེས་བྱ་བ་བཟླས་བརྗོད་བྱ་བ་འདི་ནི་སྣ་ཚོགས་རྡོ་རྗེ་ཐམས་ཅད་དེ། དེ་ལྟ་བུས་ནི་ཕྱག་རྒྱའི་མཆོད་པ་བྱས་པར་འགྱུར་རོ། །སྟོང་པ་ཉིད་ཀྱི་མཆོད་པ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ལུང་བསྟན་པས་སོ། །ཞེས་བྱ་བ་ནི ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་སྦྱོར་བ་བྱས་ལ། ཨ་ར་པ་ཙ་ན། ཨ་ར་པ་ཙ་ན་ཞེས་བརྗོད་ཅིང། འདོད་པ་ཐམས་ཅད་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ནི་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་པའོ། །ཙ ་ཞེས་བྱ་བ་ནི་སྤྱོད་པའོ། །ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟར་ན་འདོད་པ་དང། ཆགས་པ་དང། དོན་པ་དང། སྤྱོད་པ་དང། རང་བཞིན་མེད་པ་ཉིད་དེ། སྙིང་པོ་འདི་བསྒོམ་ལ་བསྒྲུབས་ན། འདོད་པ་ཐམས་ཅད་འཐོབ་པར་འགྱུར་རོ།། ་དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ། དེ་བས་ན་སྙིང་པོ་འདིས་དེ་བཞིན་གཤེགས་པ་ཉིད་དང། རྡོ་རྗེ་འཛིན་པ་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །སྔགས་འདི་ནི་ཨ་ལ་སོགས་པའི་ཡི་གེ་ལུང་བསྟན་པ་སྟེ། ་འདིས་ནི་སྟོང་པ་ཉིད་མཆོད་པར་འགྱུར་རོ། །དཀྱིལ་འཁོར་གྱི་མཆོད་པ་ལ་ནི་རྡོ་རྗེ་དཀྱིལ་འཁོར་ལོ་སྣ་ཚོགས་ཀྱིས་སོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བའི་དམ་ཚིག་གི་ཕྱག་རྒྱ་གར ་ཡིན་པ་དེ་ནི། རྡོ་རྗེ་འཁོར་ལོ་སྣ་ཚོགས་ཏེ། འདི་བཅིང་ལ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བའི་སྦྱོར་བ་བྱས་ལ། ཨོཾ་ཞེས་བྱ་བས་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་དཀྱིལ་འཁོར་གྱི་མཆོད་པ་བྱས་པར་འགྱུར་རོ། །མཆོད ་པ་ཐམས་ཅད་ལ་ནི་སྣ་ཚོགས་རྡོ་རྗེས་སོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེ་སྟེ། དེ་བཅིང་ལ། བཅོམ་ལྡན་འདས་ནམ་མཁའ་ཨི་མཛོད་ཀྱི་སྦྱོར་བ་བྱས་ལ། ཨོཾ་ཞེས་བྱ་བས ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་མཆོད་པ་ཐམས་ཅད་བྱས་པར་འགྱུར་རོ། །གདུག་པ་འདུལ་བའི་མཆོད་པ་ལ་ནི་ཁྲོ་བོས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ལ། འདིའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས ་ཨོཾ་ཧ་ཞེས་བྱ་བ་བཟླས་བརྗོད་བྱས་ན། གདུག་པ་ཐམས་ཅད་ཟོས་པར་འགྱུར་ཏེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་འདུལ་བའི་མཆོད་པ་བྱས་པར་འགྱུར་རོ། །མེ་ཏོག་ལ་སོགས་པ་དོར་བ་ལ་ནི། བཟླས་པས་སོ། །ཞེས་བྱ་བ་ནི་རྡོ་རྗེ ་སྦྲར་རྩི་ལ་སོགས་པ་དུས་ཀྱི་མཆོད་པ་བཞིའི་སྙིང་པོ་ཟློས་ཤིང་འདི་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དེ་དག་བྱས་ཏེ། དེ་ལྟ་བུས་ནི་མེ་ཏོག་དོར་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་འགྱུར་རོ། །སྣ་ཚོགས་རྡོ་རྗེ་དོན་ཡོད་པའི ་དམ་ཚིག་ཅེས་བྱ་བ་ལ་སྣ་ཚོགས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མཆོད་པ་རྣམ་པ་བཞིའོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བའི་ནམ་མཁའ་ཨི་མཛོད་ཀྱི་དཀྱིལ་འཁོར་ཏེ། མིང་དེ་སྐད་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་པ་སྟེ། ་བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ལྟར་ཚོགས་རྣམས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པ་ནམ་མཁའ་མཛོད་ཀྱི་རྟོག་པ་བཤད་ནས། ད་ནི་བསྲུང་བའི་ལས་ཀྱི་ཆོ་གའི་རང་བཞིན ་རྡོ་རྗེ་གནོད་སྦྱིན་གྱི་རྟོག་པ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་བཞིན་དུ་ཐམས་ཅད་མཛད་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཞན་འཕྲུལ་དབང ་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། ཇི་ལྟ་བ་བཞིན་དུ་བཞུགས་པ་དང། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །གདུག་པ་ཐམས་ཅད་འདུལ་ནུས་པ་ན། ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་ལ ་མངོན་པར་དགའ་བ་དང། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་བཅོམ་པའི་གདུག་པ་ཐམས་ཅད་དོ། །དེ་རྣམས་འདུལ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་བཟློས་པ་དང། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལ་མངོན་པར་ཞེན ་པ་ལས་བཟློག་པའི་ཆོས་བདག་མེད་པ་བསྒོམ་པ་སྟོན་པར་མཛད་པས་གདུག་པ་ཐམས་ཅད་འདུལ་བར་སྤྱོད་ཅིང་ནུས་པ་སྟེ། ཆོ་འཕྲུལ་རྣམ་པ་བཞིས་རང་དབང་དུ་མཛད་པར་སྤྱོད་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ ་འཛིན་པ་ཞེས་བྱ་བ་ནི་གོ་བར་ཟད་དོ། །སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེའི་སྙིང་པོ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤོང་བ་དང། ཇི་སྐད་དུ་བཤད་པའི་མངོན་པར ་ཞེན་པ་དག་སྤོང་བའོ། །དེར་ངེས་པ་ནི་ཡེ་ཤེས་ཏེ། དེ་འབྱུང་བར་བྱེད་པའི་རྒྱུར་གྱུར་པ་གང་ཡིན་པ་སྟེ། དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་བཤད་པའོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བོ་མཉམ་པ་ཉིད་དོ།། ་ཞེས་བྱ་བ་ལ། མཛའ་བོ་དང། ཐ་མལ་པ་དང། དགྲ་བོ་དང། དེ་བཞིན་གཤེགས་པའི་རིགས་དང། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱིས་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་དོན་དམ ་པར་དེ་བཞིན་ཉིད་ཡིན་པ་དང། ཀུན་རྫོབ་ཏུ་མཛའ་བོ་དང། ཐ་མལ་པ་དང། དགྲ་བོ་རྣམས་ལ་ཐུགས་རྗེས་ཆེན་པོའི་གཞན་གྱི་དབང་གིས་སེམS?་མཉམ་པ་ཉིད་དེ། ཁྲོ་བས་ཕན་པ་མ་ཡིན་པ་ལས་བཟློག་པ་དང། ཕན་པ་ལ་སྦྱོར་བའི་སེམས ་ཀྱི་སོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་མཉམ་པ་ཉིད་དོ། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དེས། མཛའ་བོ་དང་ཐ་མལ་པ་དང། དགྲ་བོ་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོའི་གཟུགས་ཡང་དག་པར་སྟོན་ཅིང་སྡིག་པ ་ལས་ལྡོག་པར་བྱེད་པ་ནི་ཁྲོ་བོའི་མཉམ་པ་ཉིད་དེ། དམིགས་པ་མེད་པའི་ཐུགས་རྗེས་ཆེན་པོའི་ཤུགས་ཀྱི་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར། ཁྲོ་བོའི་བྱ་བ་བསྒྲུབ་པ་ནི་ཁྲོ་བོའི་མཉམ་པ་ཉིད་དོ། །གང་གི་ཚེ་ཁྲོ་བོའི ་བྱ་བ་བསྒྲུབ་པ་ལས་ལྡོག་པར་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་འདུལ་བ་ཉིད་བས་དུལ་བ་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་དུལ་བར་འགྱུར་བ་དེའི་ཚེ་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་མེད་པས ་ཐུགས་རྗེ་ཆེན་པོའི་ཁྲོ་བོ་དུལ་བར་འགྱུར་ཞིང། བྲལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་དེའི་ཆོས་ཉིད་གང་ཞེ་ན། སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བོ་ཆོས་ཉིད་དོ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་དོན་དམ་པར ་བཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དེ། དེ་དང་འཛིན་པ་དང་བྲལ་བ་ཉིད་དེ། དེ་དང་ལྷན་ཅིག་ཏུ་གྱུར་པ་ནི་ཁྲོ་བོའི་ཆོས་ཉིད་ཡིན་ལ། གང་སེམས་ཅན་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ནི་ཁྲོ་བོ་དངོས་པོ་མེད་པའི་ངོ་བོ་ཉིད ་དེ། དེ་ནི་སེམས་ཅན་ཐམས་ཅད་མེད་པ་ཉིད་དོ། །ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་འདིའི་མིང་མི་ཕྱེད་པའི་ཇི་སྐད་དུ་བྱ་ཞེ་ན། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བོ་རྡོ་རྗེ་ཉིད་ངོ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་སེམས་ལས་བྱུང ་བ་རྣམས་ནི་དོན་དམ་པར་བཟུང་བ་དང་འཛིན་པའི་རྣམ་པར་རྟོག་པོ་དང་བྲལ་བ་ཉིད་དེ། དེ་ནི་སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་ཡིན་ལ་དེས་ཁྲོ་བོ་རྡོ་རྗེ་ཉིད་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་ཉིད་ནི་གང་ཡིན་པ་དེ་ཉིད་ནི ་ཐུགས་རྗེ་ཆེན་པོ་ཁྲོ་བོའི་ངོ་བོ་ཉིད་ཡིན་ལ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་ལ་འཁོར་བ་ཇི་སྲིད་པར་གནས་པ་ནི་སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་ཉིད་ངོ་སེམས་ཅན་ཐམས་ཅད་ཀྱི ་རྡོ་རྗེ་ཉིད་དེ་རྒྱུར་གྱུར་པས་ཁྲོ་བོ་རྡོ་རྗེ་ཉིད་དེ། ཁྲོ་བོས་འདུལ་བའི་སེམས་ཅན་འདུལ་བར་བྱ་བའི་ཕྱིར། འཁོར་བ་ཇི་སྲིད་པར་ཁྲོ་བོའི་བྱ་བ་བསྒྲུབ་པ་རྒྱུན་མི་བཅོད་པ་ཉིད་ནི་ཁྲོ་བོ་རྡོ་རྗེ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྒྱུ་གང་གིས་ན་སེམས་ཅན ་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བོ་མཉམ་པ་ཉིད་དོ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བོ་རྡོ་རྗེ་ཉིད་ཡིན་ཞེ་ན། གང་གི་ཕྱིར་འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་བོ། །ཞེས་གསུངས་ཏེ། འདི་ཉིད་ནི་བྱང་ཆུབ ་ཀྱི་མཚན་ཉིད་ཅན་ཏེ། གང་ཞེ་ན། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ནས་སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་ཀྱི་བར་ཏེ། དེས་ཁྲོ་བོ་རྡོ་རྗེ་ཉིད་དོ་ཞེས་བྱ་བ་སྟེ། ཁྲོ་བོ་མཉམ་པ་ཉིད་ལ་སོགས་པས་ཀྱང་སེམས་ཅན་གདུག་པ། ཐམས་ཅད་འདུལ ་བར་མཛད་ཅིང། སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་པར་མཛད་པས་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ་ཞེས་བྱའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་བོ་ཞེས་བྱ་བའི་བར་གྱི་བཤད་པ ་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས ་རྡོ་རྗེ་གནོད་སྦྱིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཕྱིར་དང། རང་གི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་སྐུལ་བ་མཛད་པ་དང། དེའི་རྗེས་ཐོགས་ཉིད་ལ་སྙིང་པོ་འདི་རང་གི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་སྨྲས་པའོ། །བཞིན་རབ ་འཛུམ་པ་ནི་ཁྲོ་བོའི་ཧ་ཧ་ཞེས་བྱ་བའི་གང་བརྒྱངས་དང་བཅས་པའི་ཞལ་ལོ། །རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་མཆེ་བའི་མཚོན་ཆ་བཟུང་ནས་རང་གི་ཞལ་གྱི་གྲཝ་གཉིས་སུ་འཛིན་པ་མཛད་? ་རྡོ་རྗེ་མཆེ་བའི་ཕྱག་རྒྱ་སྟེ། དེ་དང་བཅས་པའི་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་ཞེས་བྱ་བ་ནི་ཇི་སྐད་དུ་རབ་ཏུ་གྲགས་པས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་དཀྱིལ་འཁོར་སྤྲུལ་པར་མཛད་པའི་ཕྱིར་སྨྲས་པ་ནི་ཧ་ཞེས་བྱའོ། །གདུག ་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་ཞེས་བྱ་བ་ལ། སེམས་ཅན་ཐམས་གདུལ་བའི་དོན་གྱི་སེམས་དཔའ་རྣམས་ནི་གདུག་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་ཏེ། རྡོ་རྗེ་སེམས་དཔའ་ཨི་ཁྲོ་བོ་ལ་སོགས་པའོ། །དང་པོའི་དཀྱིལ ་འཁོར་གྱི་ཚུལ་དུ་བཞུགས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ནི་དང་པོའི་དཀྱིལ་འཁོར་ཏེ། དེའི་སྦྱོར་བས་དེའི་དབྱིབས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནོད་སྦྱིན་གྱི་གཟུགས་ཀྱིས་བཞུགས་པའོ། །དེ་ལྟར་ན་དེ ་ནས་ཞེས་བྱ་བ་ནས་བརྩམས་ཏེ་བཞུགས་སོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ། ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།ད་ནི་དམ ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་ལ་གཞུག་པ་ལ་སོགས་པའི་ཆོ་ག ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་མཚན་མ་ཐོབ་ཀྱི་བར་དུ་བསྒོམས་ལ། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་འདི་དྲི་བར་བྱའོ། །ཐབས ་ཐམས་ཅད་ཀྱི་འདུལ་བའི་ཁྲོ་བོ་ཞེས་བྱ་བ་ལ། འདིས་སེམས་ཅན་རྣམས་འདུལ་བ་སྟེ། གདུག་ཅིང་མ་རུངས་པ་ཉིད་འདོར་དུ་འཇུག་པས་ཞེས་བྱ་བའི་དོན་ཏོ། །ཐབས་ཐམས་ཅད་ཀྱང་ཡིན་ལ་འདུལ་བ་ཡིན་པས་ན། ཐབས་ཐམས་ཅད་ཀྱི་འདུལ་བའོ། །དེ་ཉིད ་ནི་ཁྲོ་བོའི་རྡོ་རྗེ་སྟེ་རྡོ་རྗེ་གནོད་སྦྱིན་གྱིས་ཞེས་བྱ་བའི་དོན་ཏེ། །དེ་ལ་དམིགས་པས་ནི་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །གདུག་པ་ཐམས་ཅད་འདུལ་ཞིང་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་ནི། ་མི་བྱེད་པ་གང་ཡིན་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་གནོད་སྦྱིན་གྱི་དཀྱིལ་འཁོར་འདི་གསུངས་ཤིང་བཀའ་སྩལ་པའོ། །ཕྱིའི་དཀྱིལ་འཁོར་ཚུལ་དུ་ནི་ཕྱིའི་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ་འཁོར་གྱི་དབྱིངས་སུ ་འདིའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དེ་ནི་ནང་རིམ་ཉིད་དུ་ནི། དཀྱིལ་འཁོར་བཟང་པོ་གྲུ་བཞི་པ་ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ཟུར་བཞི་པ་ཤིན་ཏུ་མཛེས་པའི་དཀྱིལ་འཁོར་གཉིས་པ་བྲི་བར་བྱའོ། །ཐིག་བཞིར་ལྡན་ཞེས་བྱ་བ ་ནི་ཚངས་པའི་སྲད་དུ་གཉིས་དང། མཚམས་ཀྱི་སྲད་བུ་གཉིས་གདབ་པར་བྱ་སྟེ། དེ་ལྟར་ཐིག་བཞི་པར་འགྱུར་རོ། །ཚོན་སྣ་ལྔས་ནི་རྣམ་པར་བྲིས་ཞེས་བྱ་བ་ནི། དམར་པོ་དང། ལྗང་གུ་དང། སྔོན་པོ་དང། སེར་པོ་དང། དཀར་པོའི་མདོག་ཅན་གྱི་ཚོན ་རྣམས་ཀྱིས་ལེགས་པར་ཐིག་བཏབ་ནས་རི་མོའི་བྲིས་པ་ནི་ཚོན་སྣ་ལྔས་ནི་རྣམ་པར་བྲིས་ཞེས་བྱའོ། །ཀ་བ་བརྒྱད་ཀྱི་མདུན་གནས་པར་ཞེས་བྱ་བ་ལ་འདི་ཉིད་དུ་གནས་པས་ན་གནས་པ་ཞེས་བྱ་བ་ལ། མདུན་ཡང་ཡིན་ལ་གནས་པ་ཡང་ཡིན་པས་ན ་མདུན་ན་གནས་པ་སྟེ། ཀ་བ་བརྒྱད་ཀྱི་མདུན་ན་གནས་པའི་དཀྱིལ་འཁོར་བྲི་བའོ། །འབར་བའི་དཀྱིལ་འཁོར་ཡང་དག་ལྡན་ཞེས་བྱ་བ་ནི། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་གྱི་སྟེང་དུ་འབར་བའི་དཀྱིལ་འཁོར་བྲི་བར་བྱ་སྟེ། དེས་ན་དེ ་འབར་བའི་དཀྱིལ་འཁོར་དང་ཡང་དག་པར་ལྡན་པར་འགྱུར་རོ། །དེའི་ཞེས་བྱ་བ་ཇི་ལྟར་བྲིས་བའི་དཀྱིལ་འཁོར་དབུས་མའི་དབུས་སུ་ཅི་རིགས་པར་ཞེས་བྱ་བར་རྡོ་རྗེ་གནོད་སྦྱིན་ལུགས་མའམ། བརྡུངས་པ་འམ། བྱས་པ་འམ། བྲིས་པ ་ཧ་ཞེས་བྱ་བ་དགོད་པར་བྱའོ། །རྡོ་རྗེ་མཆེ་བ་གཙིགས་པ་དང་ཞེས་བྱ་བ་ནི་རྡོ་རྗེ་མཆེ་བ་གཉིས་གཙིགས་པའི་བུ་ག་དང། བཅས་པའི་ཞལ་གྱི་ཕྱོགས་སོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཅེས་ཞེས་བྱ་བ་ནི། འབར་བ་རྣམས་ཀྱི་ཕྲེང་པར་གྱུར ་པ་གང་ཡིན་པ་དེ་ནི་འབར་བའི་ཕྲེང་བའོ། །དེ་ཉིད་འཁྲིགས་པ་སྟེ། ཕན་ཚུན་དུ་འགྲོ་བའི་འོད་གང་ཡིན་པ་དེ་ནི་འབར་བའི་ཕྲེང་བ་འཁྲིགས་པའི་ཅེས་བྱའོ། །དེས་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱིའོ། །ཀུན་ཏུ་ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས ་མཚམས་རྣམས་སུ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་གནོད་སྦྱིན་གྱི་གཟུགས་འཆད་པ་ཤིན་ཏུ་ཞེས་བྱ་བ་སྟེ། ཁྱད་པར་དུ་ཡང་འཇིགས་པར་བྱེད་པ་རྡོ་རྗེ་ལ་སོགས་པ་རང་གི་མཚན་མ་བསྣམས་པ་བྲི་བར་བྱའོ།། ་ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་ནི་མཆེ་བའི་ཕྱག་རྒྱ་བྲི་བར་བྱའོ། །ཕྱི་དང་ནང་གི་སྒོ་རྣམས་སུ་ནི་ཁྲོ་བོའི་རྡོ་རྗེ་ཡང་དག་པར་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་བྲིས་ནས། རས་སྔོན་པོ་ལ་སྔ་མ ་བཞིན་དུ་སྔགས་བཟླས་ལ། དེ་དག་གི་སྨད་གཡོགས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བའི་ཕྱག་རྒྱ་བཅིངས་ལ། འདིས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། ཇི་ལྟ་བ་བཞིན་ཞུགས་ན། ཇི་སྲིད ་དུ་གསུངས་པའི་གནས་ཐོབ་པར་འགྱུར་རོ། །རྡོ་རྗེ་མཆེ་བ་ལ་སོགས་པ་ལ་རྡོ་རྗེ་རྩེ་ལྔ་པའི་རྩ་བ་ཡོད་པའི་མཆེ་བ་ནི། རྡོ་རྗེ་མཆེ་བ་སྟེ། དེ་བླངས་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་བདག་ཉིད་དབང་བསྐུར་ནས། དེའི་རྗེས་ཐོགས་ཉིད་ལ་རྡོ་རྗེས ་རྡོ་རྗེ་གནོད་སྦྱིན་ལ་བསྣུན་པར་བྱ་སྟེ། དེ་ནས་རྡོ་རྗེ་གནོད་སྦྱིན་མཉེས་པས། ཞེས་ནས་ཧ་ཧ་ཞེས་བྱ་བའི་བཞད་མཛད་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་བདག་ཉིད་བཅོམ་ལྡན་འདས་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་ཞིང ་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི། དེ་ལྟར་བདག་ཉིད་འཇུག་པ་ལ་སོགས་པ་བྱས་ནས། བཅོམ་ལྡན་འདས་ལ་སྙིང་པོ་མནོས་ལ་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་དང། ཆོས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ། །དེ་ནས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་ཕྱག ་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་མཆོད་ལ་ཞེས་བྱ་བ་ནི་དེ་ལྟར་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་བསྒྲུབ་པ་བྱས་ནས་སློབ་མ་བཅུག་ལ། མཆོད་པ་རྣམ་པ་ལྔ་དང། ཕྱག་རྒྱའི་མཆོད་པ་རྣམ ་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ནས། རོ་དང་ཁ་ཟས་དང། གནས་པ་ཐམས་ཅད་ཀྱི་སློབ་མ་རྣམས་ཚིམ་པར་བྱས་ལ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བོ་མཉམ་པ་ཉིད་དོ། །ཞེས་བྱ་བ ་ལ་སོགས་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པའི་ཚིག་བཞི་བརྗོད་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ཏེ། དཀྱིལ་འཁོར་ཉེ་བར་བསྡུས་ནས་སླར་དབྱུང་བར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ་།ཇི་ལྟར་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་དུ་ཕྱག་རྒྱ་བཅིང་བ་ལ་སོགས་པའི་ཆོ་ག་གསུངས་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཡང་བྱ་བར་ཤེས་པར་བྱའོ། །ཕྱག་ན་རྡོ་རྗེའི་དཀྱིལ ་འཁོར་རོ་ཞེས་བྱ་བ་ནི་གོ་བར་ཟད་དོ།། །།འདིའི་དོན་སླར་ཡང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་མངོན་སུམ་དུ་མཐོང་བར ་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་སྒོམ་ལ་བར་སྣང་གི་ཕྱོགས་སུ་ཇི་ལྟ་བཞིན་དུ། ཡང་དག་པར་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ལེགས་པར ་ཐིག་གདབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ་འཁོར་བཞིན་དུ་འདིའི་ཕྱིའི་དཀྱིལ་འཁོར་ཐིག་བཏབ་ལ། ནང་དུ་འདིའི་ཕྱིའི་ཕྱེད་ཀྱི་ཚད་དང། ཕྱིའི་དཀྱིལ་འཁོར་གཉིས་པ་གྲུ་བཞི་ལ་ཀ་བ་བརྒྱད་ཀྱི་མཛེས་པར་བྱས་ལ། ལྷ་ཐམས་ཅད ་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་འབར་བའི་དཀྱིལ་འཁོར་གྱི་རྒྱན་པ་བྲི་བར་བྱའོ། །དཀྱིལ་འཁོར་དབུས་མའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་ཕྱག་ན་རྡོ་རྗེ། ཤར་ལྷོ་མཚམས་ཀྱི་ལེའུ་ཙེ་ལ ་འཇམ་པའི་དབྱངས་ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའ་ཨི་སྙིང་པོ། །ལྷོ་ནུབ་མཚམས་སུ་ནམ་མཁའ་མཛོད། རྡོ་རྗེ་དྲན་པའི་གནས་སུ་འཇིག་རྟེན་དབང་ཕྱུག། ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། རྡོ་རྗེ་བསྙེམས ་པའི་གནས་སུ་རྡོ་རྗེ་ཁུ་ཚུར། བྱང་ཤར་མཚམས་ཀྱི་ལེའུ་ཙི་ལ་རྡོ་རྗེ་གནོད་སྦྱིན་གཉིས་པ་བྲི་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་སེམས་པའི་སྐྱིལ་མོ་ཀྲུང་གི་གཞུག་པ། སྐུ་མདོག་ནག་པོ་ཤས་ཆེར་གཏུམ་པ་འཇིགས་པ་རྣམས་ཀྱང ་འཇིགས་པར་མཛད་པ། འབར་བའི་འཕྲེང་བ་འཁྲུགས་པའི་འོད་མངའ་བ་རྡོ་རྗེ་མཆེ་བ་གཙིགས་པ། ཧ་ཧ་ཞེས་བསལ་བར་བཞད་པའི་བཞལ་མངའ་བའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་མཆེ་པའི་ཕྱག་རྒྱ། ཕྱི་དང་ནང་དུ་བཅས ་པའི་སྒོ་རྣམས་སུ་ཁྲོ་བོ་རྡོ་རྗེ་རྣམས་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཧ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང ་བའི་རྡོ་རྗེ་མཆེ་བ་དང། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང། བུམ་པ་གང་བ་རྣམས་ལ་ཧ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ལ། བསྡུ་བ་བྱས་ཏེ། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱིས་ཕྱག་རྒྱ་ཆེན ་པོ་བསྒོམ་ཞིང། མཚན་རྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་པ། གསང་བའི་ལྕགས་ཀྱུ་དང། ཧ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ ་བྱས་ནས། མཚམས་བཅིང་བ་དང། དཀྱིལ་འཁོར་བཅིང་བ་དང། ར་བ་དང། དྲ་བ་དག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱི་སྒོ་བཅིངས་ནས། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་གོ་ཆ་བསྐོན་ཏེ། ཧ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་དང ་ཧ་དྲི་ཤྱ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟ་བར་བྱ་སྟེ། ཛ(རྒྱུད་འགྲེལ་གདམས་པ་ལས་མཛུབ་མོའི་རྩེ་གཉིས་བཀུག་ལ། མཐེ་བོ་གཉིས་ཤིན་ཏུ་བརྐྱང་བ་ནི་རྡོ་རྗེ་མཆེ་བ་ཞེས་བྱའོ། །དེ་ནས་ལྷ་འདི་དག་ཐམས་ཅད་ཀྱི་ལྗགས་ལ་ཧ་ཞེས་བྱ་བ་བསམ་པར་བྱ་སྟེ། འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །སྔ་མ་བཞིན ་དུ་རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། ཧ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་བཤད་པའི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ་ཧ ་ཞེས་བྱ་བ་ཟློས་ཤིང་ཇི་ལྟར་བྲིས་བ་དང་རྗེས་སུ་མཐུན་པར་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱ་དག་གིས་བཅོམ་ལྡན་འཁོར་དང་བཅས ་པ་དབང་བསྐུར་ལ། ཧ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ། བུམ་པ་དང་བུམ་པ་གང་བ་རྣམས་དང། ན་བཟའ་དང། བླ་རེ་ལ་སོགས་པ་ཕུལ་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ། ཕྱི ་རོལ་ཏུ་གླུ་དང་གར་དང་རོལ་མོ་དང། རྟ་དང་གླང་པོ་ཆེ་དང། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། དེ་ནས་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཧ་ཞེས་བྱ་བ་ཉིད་ལས་རིན་པོ་ཆེ་སྣ་བདུན ་དང། དཔག་བསམ་གྱི་ཤིང་དང། ཁ་ཟས་རོ་བརྒྱ་བ་ལ་སོགས་པའི་མཆོད་པ་རྣམས་སྤྲུལ་ལ། འདིས་དབུལ་བར་བྱ་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྤྱི་བོར་བཞག་ལ་ཨོཾ་སརྦ་བིད་པཱུ་ར་པཱུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ་ཞེས་བརྗོད་དོ།། ་དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་སྲིན?་སྲེག་བྱའོ། །དེ་ནས་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པ་གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོང་གཡོགས་བྱའོ། །ཡང་བཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང ་པོ་བཞི་ཡོངས་སུ་བཟླས་པས་རང་གི་གདོད་གཡོགས་པར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྔ་མ་བཞིན་དུ་སྙིང་གར་རྡོ་རྗེ་བསྐྱེད་ལ། ་ཤར་ཕྱོགས་ཀྱི་སྒོར་བལྟས་ནས། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། རྡོ་རྗེ་མཆེ་བའི་ཕྱག་རྒྱ་བཅིང་ལ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ནས་བཛྲ་བཛྲ་ཧ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག ་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོར་བཛྲ་ཨ་ཀུ་ཤ་ཛ(རྒྱུད་འགྲེལ་ཕྱོགས་གོས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བ་དང། བདག་ཉིད་དབང་དུ་བྱའོ། །དེ་ནས་དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། མ་ཧཱ་ར་ཏ། སུ་དྲི་ཌཧ། སུ་ཏོ་ཥོ་མཧཱ་དྷཱ་ན་སུ་སུ་ཁོ། བཛྲ་སཏཱ་དྱ་སིདྡི?་མཱཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་རཱ་ག། མ་ཧཱ་སོ་ཁྱ། མ་ཧཱ་བཛྲ་མ་ཧཱ་ཛྙཱ་ན། མ་ཧཱ་ཀརྨ། བཛྲ་སཏྭཱ་དྱ་སིདྡྷཱ་མཱཾ། ཡང་འདི ་སྐད་ཅེས་བརྗོད་པར་བྱ་སྟེ། ཛ(རྒྱུད་འགྲེལ་ཉིད་ལ་དབབ་པར་བྱའོ། །དེ་ནས་ཧ་ཞེས་བྱ་བཟློས་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ། ཧ་ཉིད་ཀྱི་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱི་གདོང་གཡོགས་དཀྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ནས་བརྩམས ་ཏེ། དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མཆེ་བའི་ཕྱག་རྒྱ་བཅིང་ལ། སྔ་མ་བཞིན་དུ་རང་གི་སྙིང་གར་དགྲོལ་བར་བྱའོ། །ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང། ཇི་སྲིད་དུ ་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས། རང་གི་དངོས་གྲུབ་སྩོལ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཧཱ་ཞེས་པ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤེས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་ཀར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། ་རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། གླུ་དང་རོལ་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས ་བལྟས་ཏེ་རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ནས། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནས་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡོངས་སུ་བཟུང་བའི་རྡོ་རྗེ་དང། མེ་ཏོག་གི་ཡལ་ག་ལས་རྣམ ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་དུ་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣལ་འབྱོར་ཆེན་པོ་ལས་གསུངས་པའི ་གནས་སུ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཧས་རང་རང་གི་གནས་སུ་བཀོད་ལ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ། འབར་བའི་དཀྱིལ་འཁོར་བྲིས་ལ། དེའི་སྟེང་དུ་བདག་ཉིད་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོS ་འདུག་ནས་མཆོད་ཡོན་བླངས་ལ་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥྙྩི་ཧ ་ཞེས་བྱ་བས་བདག་ཉིད་དབང་བསྐུར་ཞིང་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང། རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་དག་གིས་བདག་ཉིད་དབང་བསྐུར་ཞིང། ལུགས་མའམ། བརྡུངས་པ་འམ། བྲིས་པའི་སངས་རྒྱས་ལྔའི་དབུ ་རྒྱན་དང། རྡོ་རྗེ་ཕྲེང་བ་དང། དར་དབྱངས་ཀྱི་དབང་བསྐུར་ལ། ཧ་ཞེས་བྱ་བས་རྡོ་རྗེ་མཆེ་བའི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་དང་བཅས་པ་བླངས་ཏེ། ཧ་ཞེས་བྱ་བ་བཟློས་བཞིན་དུ་བདག་པོ་དང་མིང་གི་དབང་བསྐུར་བདག་གིས་ཀྱང་དབང་བསྐུར་བར ་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་བདག་ཉིད་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཡང་དག་པར་མཆོད་པར་བྱའོ། ་དེ་ནས་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱིས་གཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཁོ་ན་ཉིད་ལ་སོགས་པས་ནི། ཐོག་མཛའ་མེད་པའི་སེམས་དཔའ་ནི་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་གྱི་སྐབས ་སུ་སྨྲས་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། སྙིང་པོ་བླངས་ཏེ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང། གཟེངས་བསྟོད་པ་དང། ལུང་བསྟན་པ་མནོས་ལ་ཡང་བདག་ཉིད་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང ་ཇི་ལྟར་མངོན་པར་འདོད་པའི་བཟླས་བརྗོད་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཡི། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར་སློབ་མ་རྣམས་ནི་ཞུགས་པར ་བགྱི། དེ་ནས་སློབ་མ་རྣམས་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་གྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེ་ནས་བྱང ་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་དེ། དེ་རྡོ་རྗེ་གནོད་སྦྱིན་དུ་བྱིན་གྱིས་བརླབས་ནས། དྲི་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་ཡང་དག་པར་བླངས་ཏེ། རང་གི་འཇུག ་པའི་ཆོ་གས་གཞུག་པ་དང་དབབ་པར་བྱའོ། །དེ་ནས་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་དང། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ཧ་ཨ(རྒྱུད་འགྲེལ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློང་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བརླབ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག ་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས་གྲུབ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའ་བསྒྲུབ་པ་ལ་རས་ཀྱི་རི་མོ་གཉིས་པ་བསྙེན་པ་བྱ་བར་གསུངས་པ་དེ ་བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱི་སྒྲུབ་པ་ལ་ཡང་ཤེས་པར་བྱ་སྟེ། དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དང་པོ་ཇི་ལྟ་བ་བཞིན་ནོ། །ཞེས་བྱ་བ་གོ་སླའོ། །གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ།། ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ལ། ཇི་སྐད་དུ་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེ་མཆེ་བའི་ཕྱག་རྒྱ་བཅིང་ལ། ཧ་ཞེས་བྱ་བས་བདུད་ལ་སོགས་པའི་གདུག་པ་ཐམས་ཅད་འདུལ་བ་ལ་ནི་ཞེས་བྱ་བ་ནི། བྱ་བ་མ་ཡིན་པ ་ཐམས་ཅད་ལས་བཟློག་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་སྦྱར་བ་འམ། ཐེག་པ་ཆེན་པོ་ལ་དགོད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཁྲོ་བས་ཧ་ཧ་ཞེས་རྒོད་ཅིང་བཟློས་པས་སོ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ལ། ་ཁྲོས་པར་གྱུར་པས་ཧ་ཞེས་བྱ་བ་བཟློས་ཤིང་བསྒྲུབ་པར་བྱ་བ་རང་གི་ཁ་ནམ་མཁའ་དང་མཉམ་པའི་ནང་དུ་ཞུགས་པར་ཡིད་ཀྱིས་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སེམས་ཅན་གདུག་པ་ཅན་ཐམས་ཅད་འདུལ་བར་འགྱུར་རོ། །ཉན་ཐོས་དང ་རང་སངས་རྒྱས་ཐམས་ཅད་ཀྱི་ཐར་པ་ནི་འདུ་ཤེས་དང་བྲལ་པའོ། །འདོད་ཆགས་དང་བྲལ་བ་ལས་ལྟུང་བར་བྱ་བ་ནི་འདོད་པའི་ཁམས་ལ་སོགས་པ་སོ་སོར་སྣང་བ་ཡང་དག་པར་བསྟན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཆོས་གོས་དང ་སྣམ་སྦྱར་གྱི་སྦྱིན་སྲེག་གིས་སོ། །ཞེས་བྱ་བ་གསུངས་ཏེ། འདོད་ཆགས་དང་བྲལ་བ་ལས་ལྟུང་བར་བྱ་བའི་བསམ་པས་ཆོས་གོས་དུམ་བུ་དུམ་བུར་བྱས་ཏེ། རྡོ་རྗེ་གནོད་སྦྱིན་ཐབ་ཀྱི་དབུས་སུ་རྣམ་པར་བསམས་ལ་སྦྱིན་སྲེག་བྱ་སྟེ། དེ་ལྟ ་བུས་ནི་འདོད་ཆགས་དང་བྲལ་བ་ལS་ལྟུང་བར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་དབྲོག་པ་ནི་མེད་པར་བྱའོ། །དེ་ཇི་ལྟར་འགྱུར་ཞེས་ན། ཁམས་ཐམས་ཅད་ཀྱི་ཕྱེ་མའི་སྦྱིན་སྲེག་གིས་སོ། །ཞེས་བྱ་བ་གསུངS་ཏེ ་གསེར་ལ་སོགས་པའི་ཕྱེ་མའི་སྦྱིན་སྲེག་གི་བྱ་བའི་དོན་ཏོ། །ཐམས་ཅད་རྒྱས་གདབ་པ་ལ་ནི། རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱས་སོ། །ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱ་བའི་སྙིང་གར་ཧ་ཞེས་བྱ་བས་རྡོ་རྗེ་འབར་བ་བསྐྱེད་པ་ནི་ཐཾས་ཅད་ནས་གདབ་བའོ? ་ཐཾས་ཅད་བཅད་པ་ལ་ནི་གཟུགས་བརྙན་བྱས་ནས་བཏུབ་པས་སོ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་བརྙན་མངོན་སྤྱོད་ཀྱི་རྫས་རྣམས་ལས་བྱས་ལ། བསྒྲུབ་པར་བྱ་བ་གསང་བའི་ལྕགས་ཀྱུ་བཀུག་སྟེ། བཅུག་པ་བྱས་ལ། རྡོ་རྗེ་རྣོན་པོའི་སྦྱོར་བས་ཧ་ལས ་རལ་གྲི་བསྐྱེད་དེ། རལ་གྲི་ངེས་ཧ་ལྷས་བྱིན་མཱ་ར་ཡ་ཧ་ཞེས་བྱ་བ་ལ་སོགས་པ་མིང་ནས་སྨོས་ཤིང་བཟླས་ལ། གཟུགS་བརྙན་བཏུབ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་གཅོད་པར་འགྱུར་རོ། །མ་རུངས་པ་ཐམས་ཅད་ཀྱི་འཁོར་རྣམ་པར་འཇིག་པ ་ལ་ནི་རྡོ་རྗེ་གཟུང་ནས་འཇུག་པར་བྱའོ། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་སྦྱོར་བ་བྱས་ལ། འོག་ནས་བཤད་པའི་གདུག་པ་རྣམས་ཀྱི་དཀྱིལ་འཁོར་བྲིས་ནས། ཁྲོ་བོའི་རྡོ་རྗེ་བླངས་ལ། ཧ་དུཥྚ་མཎྜ་ལཾ་གྷ་སྨི་ཀུ་རུ་ཧཾ་ཞེས་ཟློས་ཤིང་གནོད་སྦྱིན་ལ ་སོགས་པའི་གདོན་གྱི་དཀྱིལ་འཁོར་དུ་ཞུགས་ལ། རྐང་པ་གཉིས་ཀྱིས་མཉེས་ན། དེ་ལྟ་བུས་ནི་དེ་རྣམ་པར་འཇིག་པར་འགྱུར་རོ། །མཆོད་པ་ཐམས་ཅད་རྣམ་པར་བཞིག་པ་ལ་ནི་ཁྲོས་ནས་བཟླས་བརྗོད་བྱའོ། །ཞེས་བྱ་བ་ལ་ནི། ནམ་མཁའ་མཛོད་ཀྱི་སྦྱོར་བས ་ཧ་ཞེས་བྱ་བ་ཟློས་ཤིང་རང་གི་ཁ་ལས་རྡོ་རྗེ་གནོད་སྦྱིན་བྱུང་བས་མཆོད་པ་ཐམས་ཅད་ཐལ་བར་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མཆོད་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཐམས་ཅད་སྐྲག་པར་བྱ་བ་ལ་ནི་འཇིག་བྱེད་ཀྱི་ལྟ་བས་བལྟ་བར ་བྱའོ་ཞེས་བྱ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ལ། སེམས་ཅན་གདུག་པ་ཅན་རྣམས་ལ་ཧ་ཞེས་བྱ་བཟློས་ཤིང་འཇིགས་བྱེད་ཀྱི་ལྟ་བས་བལྟས་ལ་རྡོ་རྗེ་འབར་བ་སྤྲུལ་ཏེ། དེའི་མིག་གི་མཐས་སྲེག་པར་བྱེད་པར་བསམ་པར་བྱ་སྟེ ་དེ་ལྟ་བུས་ནི་ཐམས་ཅད་སྐྲག་པར་བྱེད་པར་འགྱུར་རོ། །རྡོ་རྗེ་དམ་ཚིག་གི་ནི་རྡོ་རྗེ་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པ་སྟེ། དེ་སྐད་ཅེས་བྱ་བའི་རྒྱལ་པོ་རྫོགས་པ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་རྟོག་པའི་བཤད་པ་རྫོགས་སོ།། །། ་དེ་ལྟར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་བསྟན་ནས། ད་ནི་རིག་པ་ཐཾས་ཅད་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དང། རིགས་ཐཾས་ཅད་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་དུ་གྱུར་པ་བསྡུས་པའི་དཀྱིལ་འཁོར་བསྟན་པའི་ཕྱིར་དེ། དེ་ནས ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་དེ་མ་ཐག་པ་སྟེ། ཇི་སྐད་དུ་གསུངས་པའི་ཚུལ་གྱིས་བཅོམ་ལྡན་འདས་འདོད་པའི་ཁམས་ཐཾས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི ་གནས་ན་བཞུགས་པ་དང། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །ཆོས་ཐཾས་ཅད་ཀྱི་མཉམ་པ་ཉིད་ལ་བཞུགས་པས་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར ་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རང་བཞིན་གཅིག་པ་ཉིད་ཀྱི་མཉམ་པ་ཉིད་དོ། །དེ་ལ་རབ་ཏུ་ཞུགས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པས་གནས་པར་མཛད་པའོ། །དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན ་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཅེས་བྱ་བ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེ་ལ་དམིགས་པ་ཡེ་ཤེས་ནི་མཆོག་ཏེ། ་དེ་ལས་བྱུང་བའི་ཐོས་པ་དང་བསམས་བ་དང་།བསྒོམ་པའི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་མཛད་པའི་རྒྱུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པའི་མཆོག་ཏེ། མིང་དེ་སྐད་ཅེས་བྱ་བ་བཤད་པ་ནི་གསུངས་པའོ།། ་ཆོས་ཐཾས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་བྱ་བ་ལ་ཆོས་ཐཾས་ཅད་ནི་བྱང་ཆུབ་ཀྱི་སེམས་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། དེ་བཞིན་གཤེགས་པའི་རིགས་དང། ཀུན་གཞིའི་རྣམ་པར་ཤེས་པ་དང། ངོ་བོ ་ཉིད་ཀྱི་སྐུའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་མོངས་པ་བག་ཆགས་དང་བཅས་པར་བྲལ་བདེ་ཐོབ་པར་བྱེད་པའི་ཐབS ་ནི་ཆོས་བདག་མེད་པའི་ཡེ་ཤེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་མཉམ་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། དེ་བཞིན་ཉིད་དོ། །འདི་སྐད་སྟོན་པ་ཡིན་ཏེ། ཆོས་ཐམS་ཅད་ཀྱི་གཉིས་སུ་མེད ་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཉིས་སུ་མེད་པ་ཉིད་དེ། དོན་དམ་པར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ། །ཞེས ་བྱ་བ་ལ། ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། རིན་པོ་ཆེའི་རིགས་དང། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཉིད་དང། རྣམ་པར་སྨིན་པའི་སྐུའོ། །དེའི་དོན་ནི་ཐམས་ཅད་དོན་ཉིད་དེ། རྣམ་པར་ཐར་པའི་སྒོ་མཚན ་མ་མེད་པ་དང། ནམ་མཁའ་ཨི་མཉམ་པ་ཉིད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་ཐད་དུ་གྱུར་པ་ཉིད་ཀྱིས་ན་དོན་ཐམས་ཅད་དེ། ངེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་ཉིད་དོ་ཞེས་བྱ་བ་ལ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཇི་སྐད་དུ་བཤད་པའོ། །དེའི་དོན་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་ནམ་མཁའ་ཨི་ཁ་མཉམ་པ་ཉིད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་གང་ཡིན་པ་དང། ཤེS ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྟེ། གཉིས་པོ་འདི་དག་ནི་གཉིས་སུ་མེད་ཅིང་ཐ་མི་དང་པའོ། །ཐམས་ཅད་ཆོས་ཉིད་པས་ཞེས་བྱས་ལ། ཐམས་ཅད་ནི་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སོ་སོར་རྟོགས་པའི་ཡེ་ཤེས་དང། པདྨའི་རིགས་དང ་ཡིད་ཀྱི་རྣམ་པར་ཤེས་པ་དང། ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཐཾས་ཅད་ཆོས་ཉིད་ནི་རྣམ་པར་ཐར་པའི་སྦོ་སྨོན་པ་མེད་པ་དང། རང་བཞིན་གྱི་རྣམ་པར་དག་པ་སྟེ། ཐམས་ཅད་ཆོས་ཉིད་ཡིན་པ་ངེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ། །ཞེས ་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔ་མ་བཞིན་ནོ། །དེའི་ཆོས་ཉིད་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་རང་བཞིན་གྱི་རྣཾ་པར་དག་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་གང་ཡིན་པ་དང ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྟེ། གཉིས་པོ་འདི་དག་ནི་དབྱེར་མེད་པའོ། །ཐམས་ཅད་ལས་ཉིད་པས་ཞེས་བྱ་བ་ལ། ཐམས་ཅད་ནི་འདིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱ་བ་གྲུབ་པའི་ཡེ་ཤེས་དང་ལས་ཀྱི་རིགས་དང། མིག ་དང། རྣ་བ་དང། སྣ་དང་ལྕེ་དང། ལུས་ཀྱི་རྣམ་པར་ཤེས་པ་དང། སྤྲུལ་པའི་སྐུའོ། །དེའི་ལས་ཉིད་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱི་འོད་གསལ་བའི་ཆོས་ཉིད་དོ། །ཐམས་ཅད་ལས་ཉིད་པ་ངེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག ་པར་བྱའོ། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཇི་སྐད་དུ་བཤད་པའོ། །དེའི་ལས་ཉིད་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བ་དང། རང་བཞིན་འོད་གསལ་བའི་ཆོས་ཉིད་དོ། །ཞེས་རིག་པར་བྱ་ཞིང་ཁོང་དུ་ཆུད་པར་བྱས ་ལ། ཤེས་པར་བྱའོ། །ཞེས་བྱ་བ་ནི་རེ་རེ་ལ་ཡང་སྦྱོར་པར་བྱའོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་ལས་ཉིད་དུ་རིག་པར་བྱའོ། །ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བསྡུས་པའི་དཀྱིལ་འཁོར་སྤྲུལ་པར་བྱ་པའི་ཕྱིར་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར ་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ། བསྐུལ་བའི་རྗེས་ཐོགས་ཉིད་ལ་སྙིང་པོ་འདི་བསྡུས་པའི་དཀྱིལ་འཁོར་སྤྲུལ་པར་མཛད་པའི་སྦྱོར་བས་གསུངས་པའོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། དེ་རྣམས་ཀྱི་དོན་གྱི་ཡོད་པའི་དམ་ཚིག་ནི་དཀྱིལ་འཁོར་དེས་པར་སྤྲུལ་པ་ཉིད་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པར་བྱེད་པ་ལས་མི་འདའ་བའ་ཨི་དཀྱིལ་འཁོར ་ཏེ། བསྡུས་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེ་གང་གིས་བྱིན་གྱིས་བརླབ་པ་དེ་ལ་ནི་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ ་བའི་སྙིང་པོ་འདི་གསུངས་པའོ། །ཐཾས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་སོ། །དེ་རྣམས་ཀྱི་དོན་ཡོད་པའི་དམ་ཚིག་ནི་བསྡུས་པའི་དཀྱིལ་འཁོར་ཏེ། དེར་ངེས་པའི་ཡེ་ཤེས་ལ་མིང་སྙིང་པོ་ཞེས་བྱ་བ་ལ་དེ་སྟོན་པར་བྱེད ་པའི་ཧཱུཾ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱ་སྟེ། དེ་གསུངས་པ་ནི་སྟོན་པར་མཛད་པའོ། །དེ་ཡང་བསྡུས་པའི་དཀྱིལ་འཁོར་སྐྱེད་པར་བྱེད་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ནས། ཧཱུཾ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བའི་དོན་ཏོ། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་ཧཱུཾ་ཞེས་བྱ་བ་གསུངས་པ་ཙམ་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སོགས་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་དང། འཇིག་རྟེན་པ་དག་གི ་དཀྱིལ་འཁོར་གྱི་བར་དང། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཐུགས་ཀའི་རྡོ་རྗེ་ལས་ཕྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྔར་བཤད་པའི་དཀྱིལ་འཁོར་ཆེན་པོའི་མཚན་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས ་བརྩམས་ཏེ། ཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དེ་ལྟར་ཏིང་ངེ་འཛིན་གསུམ ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་ལ་གཞུག་པ ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། དཀྱིལ་འཁོར་བསྒོམ་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཀྱི་ཞབས་གཉིས ་ལ་ངེས་པར་བཏུང་དེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་གཉིས་ལ་ཕྱག་བྱས་པའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ལ་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། བྱང ་ཆུབ་ཀྱི་སེམས་ཆེན་པོ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའོ་ཞེས་བྱ་བའི་དོན་ཏོ། །དེའི་དཀྱིལ་འཁོར་ནི་དེ་ལས་བྱུང་བའི་བསྡུས་པའི་དཀྱིལ་འཁོར་རོ། །དེ་གསུངས་པ་ནི་བཀའ་སྩལ་པའོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ ་ལ་སོགས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཕྱི་དང་ནང་དུ་བཅས་པ་སྔ་མ་བཞིན་དུ་ལེགས་པར་བྲིས་ནས། དཀྱིལ་འཁོར་ཆེན་པོའི་གནས་བརྒྱད་དུ་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་རིའུ་ཆ་ལ་སོགས་པ་སྟེ། ནང་གི་དཀྱིལ་འཁོར་གྱི་བྱང་ཤར་མཚམས་ཀྱི ་དེའུ་ཆའི་བར་དུ་ཁམས་གསུམ་རྣམ་པར་རྒྱལ་བ་དང། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང། ནམ་མཁའ་ཨི་སྙིང་པོ་དང་ནམ་མཁའ་མཛོད་དང། འཇིག་རྟེན་དབང་ཕྱུག་དང། སེམས་བསྐྱེད་མ་ཐག་པ་ཆོས་ཀྱི་འཁོར་ལོ་བསྐོར་པ་དང། རྡོ་རྗེ་ཁུ་ཚུར ་དང། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་རིམ་པ་ཇི་ལྟ་བ་བཞིན་དུ་སོ་སོར་གནས་པར་ཡིད་ཀྱིས་རྣམ་པར་བསམས་ལ། དབུས་སུ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཡང་བསམ་པར་བྱ་སྟེ། འདིས་ནི་ཡིད་ཀྱི་དཀྱིལ་འཁོར་བཤད་པ་ཡིན་ནོ། །དེ་ལྟར་ཡིད་ཀྱི་དཀྱིལ ་འཁོར་གསུངས་ནས། ད་ནི་བྲི་བའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བས་བསྡུས་པའི་དཀྱིལ་འཁོར་ཐུགས ་བརྟན་པོར་མཛད་ནས་བསྡུས་པའི་དཀྱིལ་འཁོར་ཏེ?་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །དེ་ལ་དམ་ཚིག་ཐམས་ཅད་ནི་བསྡུས་པའི་དཀྱིལ་འཁོར་རོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་གང་གིས་བྱིན་གྱིས་བརླབ་ཅིང་བརྟན་པར ་མཛད་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེར་བྱིན་གྱིས་བརློབ་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བ་བསྡུས་པའི་དཀྱིལ་འཁོར ་ཏེ། མིང་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་པ་ནི་བཀའ་སྩལ་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོའི་དབྱིབས་སུའོ། །ཕྱིའི་དཀྱིལ་འཁོར་བྲིས་ལ་ཞེས་བྱ ་བ་ནི་ཀུན་ཏུ་བྲི་བའོ། །དེའི་དབུས་སུ་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་འཁོར་ལོ་བྲིས་ནས་ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་དེའི་དབུས་ཏེ། དེའི་ནང་དུ་རྡོ་རྗེ་འཁོར་ལོ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་བཤད་པའི་ནང་གི་དཀྱིལ ་འཁོར་ལེགས་པར་བྲི་བར་བྱ་ཞིང། དེའི་དབྱིབས་སུ་བྱའོ། །ནང་གི་དཀྱིལ་འཁོར་དེའི་དབུས་ཀྱི་ཆ་ནས་བརྩམས་ཏེ། བྱང་ཤར་མཚམས་ཀྱི་རེའུ་ཆ་རྣམས་སུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ་ནས་བརྩམས་ཏེ། ཇི་སྲིད་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ ་འཁོར་མཐར་ཐུག་པའི་བར་གྱི་དཀིལ་འཁོར་ཐམས་ཅད་བྲི་བར་བྱ་ཞིང་སེམས་དཔའ་ཆེན་པོ་རྣམས་བཞག་པར་བྱའོ། །དེ་ཇི་ལྟར་བྲི་ཞེ་ན། ཐམས་ཅད་ཀྱང་དཀྱིལ་འཁོར་བརྒྱད་པའི་ཐིག་གི་ཐིག་བཏབ་ཅིང། ཞེས་བྱ་བ་གསུངས་ཏེ། སྔར ་བཤད་པའི་ཆོ་གས་དཀྱིལ་འཁོར་དེ་ལེགས་པར་ཐིག་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་དཔའ་ཆེན་པོ་རྣམས་བཞག་པར་བྱའོ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་སྔར་བཤད་པའི་འཁོར་དང ་ལྷན་ཅིག་དུ་ལུགས་མ་ལ་སོགས་པའི་སྐུ་གཟུགས་རྣམས་ཧཱུཾ། ཞེས་བྱ་བ་ཉིད་ཀྱིས་བཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་དུ་ནི་ཕྱིའི་རྡོ་རྗེའི་རིགས་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །ཞེས་བྱ་བ་ལ། ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣཾ ་བུ་ལ། ཤར་ལྷོ་མཚམས་སུ་ཞི་བ་མདུད་ཐུང་གི་མཚན་པའི་དཀྱིལ་འཁོར། །ལྷོ་ནུབ་ཏུ་མ་མོའི་དཀྱིལ་འཁོར། ནུབ་བྱང་དུ་མིང་པོ་གསུམ་གྱི་དཀྱིལ་འཁོར། བྱང་ཤར་མཚམས་སུ་སྲིང་མོ་བཞིའི་དཀྱིལ་འཁོར་བྲི་བར་བྱའོ། །སྒོ་རྣམས་སུ་ནི ་རིགས?་རྣམ་པ་བཞིའི་མཚན་མ་རྣམས་བཞག་པར་བྱའོ། །ཞེས་བྱ་བ་ལ། ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་སེམས་དཔའ་། ལྷོར་རྡོ་རྗེ་ཧཱུཾ་མཛད། ནུབ་ཏུ་འཇིག་རྟེན་དབང་ཕྱུག། བྱང་དུ་ནམ་མཁའ་ཨི་སྙིང་པོ་བཞག་པར་བྱའོ། །དེ་ནས་དམ་ཚིག་ཆེན་པོ་དེ་ཁོ ་ན་ཉིད་ཀྱི་རྡོ་རྗེ་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཆོ་ག་ཐམས་ཅད་རྒྱས་པར་བྱའོ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ ་གང་ཡིན་པ་དེ་ཐམས་ཅད་འདིར་བྱ་ཞིང་བསྒྲུབ་པའི་ཡེ་ཤེས་ཐམས་ཅད་ཀྱང་དང་པོ་ཉིད་ཀྱི་སྔ་མ་བཞིན་དུ་བྱ་སྟེ། རས་ཀྱི་རི་མོ་གཉིས་ནས་བརྩམས་ཏེ། གང་གསུངས་པ་དེ་ཐམས་ཅད་འདིར་ཡང་བྱ་བར་ཤེས་པར་བྱའོ། །བདེ་བ་ཐམས་ཅད་ཀྱི་དམ ་ཚིག་ཅེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་འབྱུང་བའི་བདེ་བ་ནི་བདེ་བ་ཐམས་ཅད་དོ། །དེའི་དམ་ཚིག་ནི་རྒྱུ་ཏེ། མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།འདིའི་དོན་སླར་ཡང་བཤད་པར་བྱ་སྟེ། བཅོཾ ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་བྱས་ལ། དེས་རྣལ་འབྱོར་ཆེན་པོ་དེ་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། བསྡུས་པའི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་གསུམ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་དེ་ཇི་སྲིད་དུ་མངོན ་སུམ་དུ་མཐོང་བར་གྱུར་བ་དེ་སྲིད་ཀྱི་བར་དུ་ཉིན་རེ་བཞིན་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། བར་སྣང་གི་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་བཞག་སྟེ། ཉི་མ་འཆར་བའི་དུས་སུ ་ལེགས་པར་ཐིག་གདབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་སའི་དབུས་མའི་རི་རུ་ཆ་ལ་ཡང་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་རོ། །རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར། ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའ་ཨི་སྙིང་པོའི ་དཀྱིལ་འཁོར། རྡོ་རྗེ་དྲན་པའི་གནས་སུ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར། རྡོ་རྗེ་སྙེམས་པའི་གནས་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ཤར་ལྷོ་མཚམས་ཀྱི་རེའུ་ཆ་ལ་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་ལྷོ་ནུབ་མཚམས་སུ་ནམ་མཁའ་མཛོད་ཀྱིའོ། །ནུབ ་བྱ་བ་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་འོ། །བྱང་ཤར་མཚམས་སུ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་ལེགས་པར་བྲི་བར་བྱའོ། །དེ་ནས་ཧཱུཾ་ཞེས་བྱ་བ་ཉིད་ཀྱི་ལྷ་ཐཾས་ཅད་སྔར་བཤད་པའི་རང་གི ་དཀྱིལ་འཁོར་དུ་བྲིས་ལ། ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ལྷོ་མཚམས་ལ་སོགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་ཞི་བ་མདུང་གིས་མཚན་པ་དང། མ་མོ་རྣམས་དང། མིང་པོ་གསུམ་དང། སྲིད་མོ་བཞིའི་དཀྱིལ་འཁོར་རྣམས་བྲི་བར་བྱའོ།། ་ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་སེམས་དཔའ་། ལྷོར་ནི་རྡོ་རྗེ་ཧཱུཾ་མཛད། ནུབ་དུ་འཇིག་རྟེན་དབང་ཕྱུག་བྱང་དུ་ནམ་མཁའ་ཨི་སྙིང་པོ་ལེགས་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། དང་པོའི་རྡོ་རྗེས་ཡོངས་སུ ་བཟུང་བའི་མེ་ཏོག་གི་ལྕུག་མ་ལས་བུམ་པ་ཐམས་ཅད་བུམ་པ་གང་པ་རྣམས་ལ་ཧཱུཾ་ཞེས་བྱ་བ་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་ལ། དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཕྱེ་སྟེ། རྡོ་རྗེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི ་ཕྱག་རྒྱ་ཆེན་པོ་སྦོམ་ཞིང། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས་ལ། གསང་བའི་ལྕགས་ཀྱུ་དང། ཧཱུཾ་ཞེས་བྱ་བས་ལྷ་ཐམས་ཅད་རང་གི་སྐུ་གཟུགས་ཀྱི་གནས་སུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། མཚམས་བཅིང་བ་དང། ་དཀྱིལ་འཁོར་བཅིང་བ་དང། དྲ་བ་དང། ར་བ་དག་བྱས་ལ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིང་ཏེ། རྡོ་རྗེ་སྲུང་བས་བསྲུང་བ་ཐཾས་ཅད་གོ་བསྐོན་ལ། ཧཱུཾ་ཞེས་བྱ་པས་མཆོད་ཡོན་དབུལ་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་ཧཱུཾ་དྲི་བྱ་ཞེས་བྱ་བས་བལྟ་བ་བྱས་ནས། ་ཛ:ཧཱུཾ་བཾ་ཧོ་ས་མ་ཡ་སྟཝཾ་ས་མ་ཡ་སྟཝཾ་ཨ་ཧཾ་ཧཱུཾ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ལྷ་ལྟ་ཐམས་ཅད་ཀྱི་ལྗགས་ལ། ཧཱུཾ་ཞེས་བྱ་བ་རྣམ་པར་བསམ་པར་བྱ་སྟེ། འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །རང་གི་སྙིང ་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་སྔར་བཤད་པའི་རྣམས་ཧཱུཾ་ཞེས་བྱ་བ་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་ཡང་རང་གི་སྙིང་གར་ཧཱུཾ་ཉིད་ལས་རྡོ་རྗེ་རྩེ་ལྔ་པས་བསམས་ལ། རྡོ་རྗེ་སེམས ་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཧཱུཾ་ཞེས་བྱ་བ་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་རང་གི་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་དབང་བསྐུར་ལ། ཧཱུཾ་ཞེས་བྱ་བས་དཀྱིལ་འཁོར ་པའི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ལ། བུམ་པ་དང། བུམ་པ་གང་བ་རྣམས་དང། ན་བཟའ་དང། བླ་རེ་ལ་སོགས་ཕུལ་ཏེ། མཆོད་པ་ལྔས་མཆོད་ལ། ཕྱི་རོལ་དུ་གླུ་དང། གར་ངང་རོལ་མོ་དང། རྟ་དང་གླང་པོ་ཆེ་དང། བ་ལང་གི་ཁྱུ་རྣམས ་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། དེ་ནས་རིགས་རེ་རེ་ཞིང་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་བྱས་ལ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང། དཔག་བསམ་གྱི་ཤིང་དང། ཁ་ཟས་རོ་བརྒྱ་པ་ལ་སོགས་པའི་བཀོད་པ་སྤྲུལ་ལ། འདིས ་དབུལ་བར་བྱ་སྟེ། །ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཤིན་ཏུ་དམར་བའི་གོས་ལ། རྡོ་རྗེ་གནོད ་སྦྱིན་ཡོངས་སུ་བཟླས་པ་དེ་དག་ལས་གཅིག་གི་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱས་ནས། ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་བཞི་བཟླས་པས་རང་གི་གདོང་གཡོགས་ལ། ཕྱག་འཚལ་བ་ལ་སོགས་པ་སྔོན ་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ཞིང། བྱང་ཆུབ་ཏུ་སེམས་བསྐྱེད་ལ། རང་གི་སྙིང་གར་རྡོ་རྗེ་དེ་བཞིན་དུ་བསྐྱེད་དེ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ ་འཁོར་ཆེན་པོར་འཇུག་པའི་ཚུལ་གྱིས་ཞུགས་ཏེ། དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སློབ་མ་རྣམས་ལ་ཡང་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར ་ཆེན་པོར་བཤད་པའི་ཆོ་ག་ཐམས་ཅད་འདིར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དང་དབང་བསྐུར་བ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར ་བྱས་ནས། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་དཀྱིལ་འཁོར་དུ་གསུངས་པ་རྣམས་འགྲུབ་པར་འགྱུར་རོ། །གང་ཡང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་སྒྲུབ་པ་པོ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཆོ་ག་འདོད་པ་དེ་རྣམས་ཀྱིས་ནི ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་དཀྱིལ་འཁོར་དུ་བཤད་པའི་དབང་བསྐུར་བ་ལ་སོགས་པའི་ཆོ་ག་འདིར་བྱའོ། །བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།འདིར་འཇིག་རྟེན་པའི་ལྷ་རྣམས་ལ་ལྷག་པར་མོས ་པའི་སེམས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར། ཞི་བ་མདུང་གིས་མཚན་པ་ལ་སོགས་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདོད་པའི་ཁམས་ཐམས་ཅད་ཀྱི་ལྷའི་རྒྱལ་པོའི་གནས་ན། ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། ཇི་ལྟ་བ་བཞིན་དུ ་བཞུགས་པ་དང་དེ་ནས་དེའི་རྗེས་ཐོགས་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཞེས་བྱ་བར་སྦྱར་རོ། །སེམས་ཅན་ཐམས་ཅད་བྱིན་གྱིS་བརློབ་པ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ནི་འཇིག་རྟེན་པའི ་ལྷ་རྣམས་ལ་ལྷག་པར་མོས་པའོ། །དེ་རྣམས་བྱིན་གྱིས་རློབ་པ་ནི་དེ་བཞིན་གཤེགས་པའི་བདག་ཉིད་དུ་མོས་པ་བསྐྱེད་པས་བདག་དུ་འཛིན་པ་ལ་སོགས་པ་དང་བྲལ་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ལ་ལྷག་པར་མོས་པ་བསྐྱེད་པ་སྟེ། མིང་དེ་སྐར ་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་འདི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཤད་པ་ནི་བཀའ་སྩལ་པའོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ནི་འདོད་པ ་དང། གཟུགས་དང། གཟུགས་མེད་པའི་སྲིད་པའི་ངོ་བོ་ཉིད་དེ། དེ་ནི་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །དེ་ལ་བྱང་ཆུབ་སེམས་ཆེན་པོ་དང། མི་བསྐྱོད་པའི་ངོ་བོ་ཉིད་ཡིན་པས། དེ་བཟིན་གཤེགས་པའི་རིགས་ནི་དེ་བཞིན་གཤེགས་པ ་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བྱའོ། །འདིར་རྒྱུ་བསྟནཔར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པས་ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་ཀྱིས ་སེམས་ཆེན་པོ་དང། དེ་བཞིན་གཤེགས་པའི་རིགས་དེ་དག་ཉིད་ནི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོའོ། །ཀུན་ནས་བཟང་བའི་བྱང་ཆུབ་སེམས་ཆེན་པོ་རྟོགས་པར་བྱེད་པའི་ངོ་བོ་དང། དེ་བཞིན ་གཤེགས་པ་རིགས་ཀྱི་རིགས་རྟགས་པའི་ངོ་བོ་སྟེ། དེ་རྣལ་འབྱོར་པ་འདི་ལས་འབྱུང་བར་འགྱུར་བས་ཀུན་ཏུ་བཟང་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ། ཡང་ཡིན་ལ་ཀུན་ཏུ་བཟང་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་?་ཆེན་པོ ་ཀུན་ཏུ་བཟང་པོ་སྟེ་དེ་ནི་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་རྣམས་སུ་གྱུར་པས་ན་རང་བཞིན་ཉིད་དེ། དེས་ན་སེམས་ཅན་ཐམས་ཅད་ནི། དེ ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །དེ་སྐད་དུ་ལངཀར་གཤེགས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསལ་ཞིང་དག་ལ་རྙོག་པ་མེད་པ། །སེམས་ཅན་གྱི་རྒྱུད་ལ་གནས་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས ་ཡང་དག་པར་ལྡན་པ་དང། དཔེ་བྱང་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། དོན་དམ་པར་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་དང། དེ་བཞིན་གཤེགས་པའི ་རིགས་ཀྱི་ངོ་བོ་ཉིད་དང། དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ཏོ། །ཡང་དག་པར་མ་ཡིན་པར་ཡོངས་སུ་བརྟགས་པ་ཉིད་ཤིན་ཏུ་མ་སྐྱེས་པ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད ་ནི་རྡོ་རྗེའི་སྙིང་པོ་ཅན་ནོ། །ཞེས་བྱ་བ་ལ། རྡོ་རྗེ་ནི་རྡོ་རྗེ་ནོར་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། རིན་པོ་ཆེའི་རིགས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདིར་ཡང་རྒྱུ་བསྟན་པར་བྱ་བའི་རྡོ་རྗེ་སྙིང་པོས་དབང་བསྐུར་བ་ཉིད ་པས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནོར་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་སྙིང་པོས་དབང་བསྐུར་བ་གང་ཡིན་པ་དེ་ནི་རྡོ་རྗེ་སྙིང་པོས་དབང་བསྐུར་བ་སྟེ། དེ་རྣམས་ཀྱི་ངོ་བོ་ཉིད་ནི་དབང་བསྐུར་བ ་ཉིད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་ཉོན་མོངས་པ་ཅན་གྱི་ཡིད་དེ་ཉིད་ནི་ཤིན་ཏུ་ཡང་སྐྱེ་བ་མེད་པ་ཡིན་ཏེ། དེ་བས་ན་དོན་དམ་པར་རྡོ་རྗེ་ནོར་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། རིན་པོ་ཆེའི་རིགས་ཀྱི་སྙིང་པོ་ཅན་ནི་སེམས་ཅན་ཐཾས་ཅད་ཡིན་ནོ།། ་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ། །ཞེས་བྱ་བ་ལ། ཆོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པདྨའི་རིགས་སོ། །དེ་ཉིད་ཅེས་བྱ་བ་ལོ་སོགས་པ་ཡང་དེ་བཞིན་ནོ། །འདིར་ཡང་རྒྱུ་བསྟན་པར་བྱ་བའི་ཕྱིར། དག་ཐམས་ཅད་རབ་ཏུ་བྱུང ་བ་ཉིད་པས་ཞེས་བྱ་བ་གསུངས་ཏེ། ཆོས་དང་དོན་དང། ངེས་པའི་ཚིག་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། པདྨའི་རིགས་ཐམས་ཅད་ནི་དག་ཐམས་ཅད་དོ། །དེའི་བར་དུ་བྱུང་བ་ནི་གང་སེམས་ཅན་ཐཾས་ཅད་ཀྱི་རྒྱུད་ལ་རབ་ཏུ ་འཇུག་པ་དེ་ནི་དག་ཐམས་ཅད་རབ་ཏུ་འབྱུང་པའོ། །དེ་རྣམས་ཀྱི་དངོས་པོ་ནི་དག་ཐམས་ཅད་རབ་ཏུ་བྱུང་བ་ཉིད་དེ་།དེས་ན་སེམས་ཅན་ཐམས་ཅད་ཆོས་ཀྱི་སྙིང་པོ་ཅན་ནོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་སོ་སོར་རྟོག་བ་ཅན་གྱི་ཤེས་རབ་དང། ཡེ་ཤེས ་གྱི་རྣམ་པར་ཤེས་པ་ནི་དོན་དམ་པར་མ་སྐྱེད་པ་ཡིན་ཏེ། དེ་བས་ན་སེམས་ཅན་ཐམས་ཅད་ཆོས་དང། དོན་དང། ངེས་པའི་ཚིག་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། པདྨའི་རིགS་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྙིང ་པོ་ཅན་ནོ། །སེམས་ཅན་ཐམS་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ། །ཞེས་བྱ་བ་ལ། ལས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ལས་ཀྱི་རིགས་སོ། །དེ་ཉིད་དེ་རྣམས་ཀྱི་སྙིང་པོ་ཡིན་པ་འམ་དེའི་སྙིང་པོ་ཅན་གང་ཡིན་པ་དེ་དག་ནི་ལས་ཀྱི་སྙིང་པོ་ཅན་ནོ། །འདིར་ཡང ་རྒྱུ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐཾས་ཅད་ཀྱི་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ལས་ཀྱི་རིགས་སོ། །དེའི་བྱེད་པ་ནི་དེ་ལ་འཇུག་པ་གང་ཡིན་པ་དེ་ནི་སེམས་ཅན་ཐཾས་ཅད ་ཀྱི་བྱ་བ་བྱེད་པའོ། །དེ་རྣམས་ཀྱི་དངོས་པོ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ཉིད་དོ། །དེ་དང་མཐར་ཐུག་པར་རབ་ཏུ་སྦྱོར་ཞིང་འབྲེལ་བས་སེམས་ཅན་ཐཾས་ཅད་ཀྱི་བྱ་བ་བྱེད་པ་ཉིད་ལ་སྦྱོར་བ་སྟེ། དེས་ན་སེམས་ཅན་ཐཾས་ཅད་ཀྱི་བྱ་བ་བྱེད་པ་ཉིད་ལ་སྦྱོར་བས་སོ ་དང་ཞེས་བྱ་བའི་སྒྲ་ནི་དེས་པར་བཟུང་བ་སྟེ། སྦྱོར་བ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དགང་མིག་དང། རྣ་བ་དང། སྣ་དང། ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་ནི་དོན་དམ་པར་རང་བཞིན་གྱིས་འོད་གསལ་བ་ཡིན་པས་མ ་སྐྱེས་པའོ། །དེ་བས་ན་སེམས་ཅན་ཐམས་ཅད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱས་པ་དང། ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་ནི་ལས་ཀྱི་སྙིང་པོའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་བསྟན་པ་འདི་མ། སེམས་ཅན་ཐམས་ཅད ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པ་སྟོན་པར་བྱེད་པས། དོན་དམ་པར་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་དང། དེ་བཞིན་གཤེགས་པའི་རིགས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། རིན་པོ་ཆེའི་རིགས་དང། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང། པདྨའི་རིགས་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་དུ་སྟོན་པ་ཡིན་ནོ། །གཞུང་འདི་དག་གིས་ནི་ཕྱི་རོལ་གྱི་རྡོ་རྗེའི་རིགས་བཞིའི། །ཐུན་མོང་གི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས། ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་པས་ཕྱི ་རོལ་གྱི་རྡོ་རྗེའི་རིགས་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྐུལ་བ་དང། དེའི་རྗེས་ཐོགས་ཉིད་ལ་རྡོ་རྗེའི་དབང་ཕྱུག་ལ་སོགས་པ་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་གཟུགས་ཀྱི ་ཞི་བ་མདུང་གི་མཚན་པ་ལ་སོགས་པའི་དཀྱིལ་འཁོར་སྐྱེད་པར་བྱེད་པའི་སྙིང་པོ་སྨྲས་པར་གྱུར་པ་ནི་དྲི་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་རྡོ་རྗེའི་དབང་ཕྱུག་གི་གཟུགས་ཀྱིས་གསུངས་པའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ ་ཞི་བ་མདུང་གི་མཚན་པའི་དཀྱིལ་འཁོར་འདི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དབང་ཕྱུག་གི་གཟུགས་ཀྱི་གནས་པ་ཐུགས་ཀ་ནས་བྱུང་ནས། རང་གི་གནས་སུ་གནས་པར་ཤེས་པར་བྱའོ?། །དེ་ལྟར་ན་གཞུང་འདི་དག་གིས་ཏིང་ངེ་འཛིན་གཉིས་པ ་གསུངས་པ་ཡིན་ནོ། །འདུས་པ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་བཟླས་བརྗོད་དང་བསྒོམ་པ་བྱའོ། །ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་བཤད ་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་ལ་གཞུགས་པ་ལ་སོགས་པའི་ཆོ་ག་ཡང་གསུངས་པ་ཡིན་ནོ། །ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པར་བྱེད་པ་སྟེ། ཏིང་ངེ་འཛིན་གསུམ་པ་སྒོམ་པ ་ནས་བརྩམས་ཏེ། ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་ཏིང་ངེ་འཛིན་གསུམ་བསྒོམས་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །དཀྱིལ་འཁོར་བཤད་པར་བྱ་?་ཞེས་བྱ་བ་ནི་རྩོམ་པ་ལ་འཇུག་པའོ། །ཀུན ་ནས་ཟླུམ་པ་ཞེས་བྱ་བ་ནི་དབྱེབས་ཟླུམ་པའོ། །ཐིག་གསུམ་པ་ཞེས་བྱ་བ་ནི་རིམ་པ་གསུམ་པའོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་གཙོ་བོར་བྱས་པའོ། །སྒོ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ་རིམ་པ་རེ་རེ་ཞིང་སོ་སོར་སྐྱེ?་བཞི་བྲི་ཞིང། མཚམS ་སུ་ནི་མདུང་རྩེ་གསུམ་པ་བྲིས་ལ། དེའི་དབུས་སུ་དབང་ཕྱུག་ཆེན་པོ་ཇི་ལྟ་བ་བཞིན་བྲིས་ལ། དབང་ཕྱུག་ཆེན་པོ་དེའི་ཕྱོགས་དང་མཚམས་རྣམས་ཏེ། ལོགས་ཐམས་ཅད་དུ་ཚོགས་བརྒྱད་པོ་སྟེ། བ་ལང་གི་སྣ་པོའི་དབང་ཕྱུག་གི་བར་དུ་བྲི་པར་བྱའོ། །དེའི་མཚམས ་རྣམས་སུ་ནི་མ་མོའི་ཚོགས་ཐམས་ཅད་ཅེས་བྱ་བ་ནི་རིམ་པ་དབུས་མར་རོ། །གནས་ཇི་ལྟར་འོག་ནས་བཤད་པ་བཞིན་དུའོ། །སྒོ་རྣམས་སུ་དབྱུག་པའི་དབང་ཕྱུག་ལ་སོགས་པ་བྲི་བར་བྱའོ། །ཕྱི་རོལ་ཏུ་ནི་འབྱུང་པོ་རྣམས་དང་ཡི་གེ་རྣམས་བྲི་བར་བྱའོ། །ཞེས་བྱ་བ་ནི་རིམ ་པ་གསུམ་པའི་ཕྱིའི་དཀྱིལ་འཁོར་གྱི་རང་བཞིན་གྱི་རིམ་པ་ལ་ནི་འབྱུང་པོ་བརྒྱད་ཀྱི་ཡི་གེ་བརྒྱད་བྲཾ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་བྲིས་ནས། སློབ་དཔོན་ཐལ་བ་གཙང་མས་ལུས་བསྐུས་ཤིང་གོས་གཙང་མ་སོགས་ཏེ། ་མདུང་རྩེ་གསུམ་གྱི་མཆེན་མས་གཞུག་པར་བྱའོ། །ཞུགས་ནས་ཀྱང་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པའི་ཆོས་བརྗོད་པར་བྱའོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ་ཕན་པ་ནི་བདེ་པར་རྣམ་པར་སྨིན་པའི་ལས་ཏེ། དེའི་དོན ་དྲག་པོའི་ལས་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཞེས་བྱ་བར་སྦྱར་རོ། །བསྟན་པ་འདུལ་བ་ཐམས་ཅད་གྲུབ་པའི་ཕྱིར། ཞེས་བྱ་བ་ནི། གདུག་པ་རྣམས་འདུལ་བའི་ཕྱིར་མ་རུངས་པའི་ལས་བྱ་བ་སྟེ། དེ་བཞིན་གཤེགས་པའི་བཀའ་ནི་གདུག་པ་རྣམས་འདུལ་བའོ། །དེ ་གྲུབ་པ་ནི་རྫོགས་པ་སྟེ། དེའི་དོན་དུའོ། །འདོད་པ་ཀུན་གྱི་བདག་པོ་དང། ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གི་བདག་པོ་ཉིད་དང། རྡོ་རྗེ་དབང་ཕྱུག་ལ་སོགས་པའི་བདག་པོ་ཉིད་ནི་འདོད་པ་ཐམས་ཅད་ཀྱི་བདག་པོ་སྟེ། འདོད་པ་ཐམས་ཅད ་ཀྱི་བདག་པོ་ཉིད་དོ། །དྲག་པོའི་ལས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ནི། རྡོ་རྗེ་དབང་ཕྱུག་གི་ལས་ནི་དྲག་པོའི་ལས་ཏེ། ལས་དེའི་དངོས་པོ་དེ་གྱིས་ཤིག་ཅེས་བོས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་རྡོ་རྗེ་དབང་ཕྱུག་གི་ལས་སྣ་ཚོགས་པ་དེ ་གྱིས་ཤིག་?་།དེ་ལྟ་བུ་དེས་ནི་དའི་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ་ཞེས་བྱའོ། །དེ་ནས་ཕྱག་རྒྱའི་ཡེ་ཤེས་བསླབ་སྟེ། ཞེས་བྱ་བ་ནི་སློབ་མ་བཅུག་ནས་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ། བསླབ་པར་བྱ་པའོ། །ད་ནས་ཉེ་བར ་སྡུད་པའི་དུས་སུ་ཡང་ཕྱི་རོལ་བུ་གཏོར་མ་ཇི་ལྟ་བཞིན་དུ་བྱིན་ལ། དཀྱིལ་འཁོར་ཉེ་བར་བསྡུ་བར་བྱའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ནས་ཉེ་བར་བཟུང་བར་བྱའོ། །འཇིགས་པ་མེད་པར་ཞེས་བྱ་བ ་ནི་ཕྱི་རོལ་གྱི་ལྷ་རྣམས་ཀྱི་འཚེ་བ་དང་བྲལ་བའོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་དབང་ཕྱུག་དང། ཕྱུག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ཀྱི་རྒྱུད་གྱུར་པས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་རྡོ་རྗེ ་དབང་ཕྱུག་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱིས་སོ། །བདེ་བ་དང་ཡིད་བདེ་བ་ཐམས་ཅད་རྗེས་སུ་མྱོང་ནས་ཞེས་བྱ་བ་ནི། རྡོ་རྗེ་དབང་ཕྱུག་ལ་སོགས་པ་དེ་རྣམས་ཉིད་ཀྱིའོ། །དྲག་པོའི་འཇིག་རྟེན་དུ་ཞེས་བྱ་བ་ནི་འཇིག་རྟེན་དུ་གྲགས་པའོ། །མཆོད་པར་འགྱུར་རོ།། ་ཞེས་བྱ་བ་ནི་རྡོ་རྗེ་དབང་ཕྱུག་དང་འདྲ་?་ཡང་དག་པར་མཆོད་པར་འགྱུར་བས་སོ། །དེའི་དོན་འདི་ཡིན་པར་བཤད་པར་བྱ་སྟེ། རྡོ་རྗེ་དབང་ཕྱུག་གི་སྦྱོར་བ་བྱས་ལ། །ཏིང་ངེ་འཛིན་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་མཚན་མ་ཐོབ་ཅིང་རྗེས་སུ་གནང་བ་ཐོབ ་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། བར་སྣང་གྱི་གནས་སུ་དཀྱིལ་འཁོར་སྔ་མ་བཞིན་དུ་བཞག་ལ་ཉི་མ་འཆར་པའི་དུས་སུ་ལེགས་པར་ཐིག་གདབ་པར་བྱ ་སྟེ?། ཀུན་ནས་ཟླུམ་པོ་ལ། རིམ་པ་གསུམ་པ། དབུས་མ་ཉིས་འགྱུར། རིམ་པ་གསུམ་པ་ནི་ཕྱིའི་དཀྱིལ་འཁོར་གྱི་རང་བཞིན་ཏེ། རིམ་པ་གསུམ་པ་སུམ་འགྱུར་རོ། །ཐམས་ཅད་ཀྱི་སྒོ་བཞི་པ་ལ་མཚམས་བཞིར་མདུང་རྩེ་གསུམ་པས་མཚན་པ ་བྲི་བར་བྱའོ། །དེ་ལ་དཀྱིལ་འཁོར་དབུས་མའི་དབུས་སུ་དབང་ཕྱུག་ཆེན་པོ་གདོང་བཞི་པ་དགོང་པར་བྱ་སྟེ། གདོང་དང་པོ་ཞི་བ། གདོང་པ་ལྷག་མ་རྣམས་ནི་དྲག་ཅིང་འཇིག་པར་བྱེད་པ་བྲི་བར་བྱའོ། །ཁྲོ་བོ་ཆེན་པོ་འཇིགས་བྱེད་ལག་པ་བཞི་པ་ཁ ་དོག་ནག་པོ། ལག་པ་གཉིས་ན་རྩེ་གསུམ་ཐོད་པ་ཡང་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་དང་བཅས་པ་བ་དན་གྱི་ཚུལ་གྱིས་འཛིན་པས་གནས་པ། དེའི་སྤྱི་བོར་བྲི་བར་བྱའོ། །རྡོ་རྗེ་དབང་ཕྱུག་དེའི་མདུན་གྱི་ལག་པ་བཞིན་མདུད་རྩེ ་གསུམ་པ་དང། ཁ་ཊཝཱཾ་ག་དང། ཕྱེད་བ་དང། གཡུང་དྲུང་གིས་མཚན་མ་འཛིན་པར་བྱའོ། །དེ་བཞིན་དུ་དེའི་རྒྱབ་ཀྱི་ལག་པ་བཞི་ལ་ཡང་དེ་བཞིན་དུ་བྱའོ། །དཀྱིལ་འཁོར་དབུས་མ་དེ་ཉིད་ཤར་ཕྱོགས་ཀྱི་ལོགས་སུ་ནག་པོ་ཆེན་པོ་ལག་ན་ཏྲི་ཤཱུ་ལ་ཐོགS ་པའོ། །ལྷོ་ཕྱོགས་སུ་དགའ་བྱེད་དབང་ཕྱུག་རྫ་རྔ་བརྡུང་པ་ལ་བརྩོན་པའོ། །ནུབ་ཕྱོགས་སུ་དྲིལ་ཆེན་ལག་ན་དྲིལ་བུ་ཐོགས་པའོ། །བྱང་ཕྱོགས་སུ་གང་གྱི་དབང་ཕྱུག་ལག་ན་མདུང་རྩེ་ལ་སོགས་པ་ཐོགས་པའོ། །ཤར་ལྷོ ་མཚམས་སུ་ཐོད་པ་བཟང་པོ་ལག་ན་ཐོང་པ་ཐོགས་པའོ། །ལྷོ་ནུབ་མཚམས་སུ་གཏུམ་པའི་དབང་ཕྱུག་ལག་ན་ཏྲི་ཤཱུ་ལ་དང། རལ་གྲི་དང། ཁ་ཊཝཾ་ག་དང། ཐོང་པ་ཐོགས་པའོ། །ནུབ་བྱང་མཚམས་སུ་ཁ་ཊཝཱཾ་ག་ལག་ན་ཁ་ཊཝཱཾ་ག་དང། ཐོད་པ་ཐོགS ་པའོ། །བྱང་ཤར་མཚམས་སུ་བ་ལང་རྣའི་དབང་ཕྱུག་ལག་ནི་ཏྲ་ཤཱུ་ལ་ཐོགས་པའོ། །རིམ་པ་གཉིས་པའི་ཤར་ཕྱོགས་སུ་དྲག་མོ་ལག་ན་མདུང་རྩེ་གསུམ་པ་ཐོགས་པའོ། །ལྷོར་ཚངས་པ་མོ་ལག་ན་བགྲང་ཕྲེང་ཐོགས་པའོ། །ནུབ་ཏུ་ཁྱབ ་འཇུག་མོ་ལག་ན་འཁོར་ལོ་ཐོགས་པའོ། །བྱང་ཕྱོགས་སུ་གཞོན་ནུ་མ་ལག་ན་དྲིལ་བུ་ཐོགས་པའོ། །ཤར་ལྷོ་མཚམས་སུ་དག?་མོ་ལག་ན་དྲི་ཐོགས་པའོ། །ལྷོ་ནུབ་མཚམས་སུ་ནག་མོ་ཆེན་མོ་ལག་ན་ཆུ་གྲི་ཐོགས་པའོ། །ནུབ་བྱང་མཚམས་སུ་ཟབ ་མོ་ལག་ན་མཆེ་བ་ཐོགས་པའོ། །བྱང་ཤར་མཚམས་སུ་སྲིང་མོ་ལག་ན་ཁ་ཊཝཱཾ་ག་ཐོགས་པ་བྲི་བར་བྱའོ། །དཀྱིལ་འཁོར་གྱི་དེ་ཉིད་ཀྱི་ཤར་ཕྱོགས་ཀྱི་སྒོར་ཞི་བ་ལག་ན་ཐོད་པ་ཐོགས་པའོ་ལྷོབ་བྷེ་རུཎྜ་ལག་ན་དུས་པའི་ལུ་གུ་རྒྱུད་ཐོགས ་འོ། །ནུབ་ཏུ་གཏུམ་མོ་ལག་ན་བྱ་རྒོད་ཐོགས་པའོ། །བྱང་དུ་འཇིགས་བྱེད་མ་ལག་ན་བྱི་ལ་ཐོགས་པའོ། །རིམ་པ་གསུམ་པ་ལ་འབྱུང་པོའི་ཡི་གེ་ཏྲི་བརྒྱད་ཕྲེང་བརྒྱད་དུ་གནས་པ་བྲི་བར་བྱའོ། །ཕྱི་དང་ནང་དུ་བཅས་པའི་ཤར་ཕྱོགས་ཀྱི་སྒོར ་?་ཕྱུག་པའི་དབང་ཕྱུག་ལག་ན་ཐོད་པ་དང། འཁོར་བ་ཐོགས་པའོ། །ལྷོར་མགོ་པོའི་དབང་ཕྱུག་ལག་ན་ཏི་ཤཱུ་ལ་དང། ཐོད་པ་ཐོགས་པའོ། །ནུབ་ཏུ་དྲིལ་བུའི་རྣ་བ་ལག་ན་དྲིལ་བུ་ཐོགས་པའོ། །བྱ་བ་ཕྱོགས་སུ་དྲག་པོ་ཆེན་པོ་ལག་ན་ཐཾས་ཅད་པ ་དང། ཏེ་ཤཱུ་ལ་ཐོགས་པ་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཏྲི་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་རྡོ་རྗེ་དབང་ཕྱུག་གི་སྦྱོར་བས་དཀྱིལ་འཁོར་བྲིས་ལ། མདུད་རྩེ་གསུམ་གྱི་མཚན་པའི་ཕྱག་རྒྱས་བཟུང་བའི་རྩེ་གསུམ་པ་དང། ་མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་བུམ་པ་གང་བ་རྣམས་ཏྲི་ཞེས་བྱ་བ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ། དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཕྱེ་སྟེ། ཏྲི་ཞེས་བྱ་བས་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་ལ་མཆོད་ཡོན ་ཕུལ་ལ། བུམ་པ་གང་བ་རྣམས་དང། གོས་དང་བླ་རེ་ལ་སོགས་པ་བསྟབས?་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ། ཇི་སྐད་དུ་བཤད་པའི་རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་དེ། ཕྱི་རོལ་དུ་གཏོར་མ་བྱིན་ན་སྦྱིན་སྲེག་བྱའོ། །དེ་ནས ་རས?་དཀར་པོ་ལ་རྡོ་རྗེ་གནོད་སྦྱིན་དང། དྲི་ཡོངས་སུ་བཟླས་ལ་དེ་དག་ལས་གཅིག་གིས་སྨད་གཡོགས་བྱ། གཉིས་པས་ནི་སྟོད་གཡོགས་བྱས། གསུམ་པས་རང་གི་གདོང་གཡོགས་ལ་ཏྲི་ཞེས་བྱ་བ་ཡོངས་སུ་བཟླས་པའི་ཐལ་བ་གཙང ་མས་ལུས་ལ་བྱུག་ཏེ་ཕྱག་བྱས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་བསམས་ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ནས། རྩེ་གསུམ་པས་མཚན་པ ་བཅིངས་ཏེ། དེ་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་བཟུང་ལ། བཛྲ་བཛྲ་ཏྭི་ཞེས་བརྗོད་ཅིང་དཀྱིལ་འཁོར་དུ་འཇུག་པར་འགྱུར་བའོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཀྱེ་དྲག་པོ་འབྱུང་པའི་བདག་པོ་དབང་དུ་མཛད་ཅིག་ཅེས་བརྗོད་དོ། །དེ་ནས་ཕྱག ་བྱས་ལ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས། རྡོ་རྗེ་དབང་ཕྱུག་གི་མདུན་དུ་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཛ་ཧཱུཾ་བཾ་ཧོ། པྲ་སིདྡྷཡ་མ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། ཨ་ཞེས་བྱ་བ་ལན་བརྒྱ་ཟློས་ཤིང། བདག་ཉིད་ལ་དབབ་པ་བྱའོ ་ཡང་གཡོན་པའི་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་ཕྱེ་ལ། ཨ་ཞེས་བྱ་བ་དེ་བཞིན་དུ་ཟློས་ཤིང་བདག་ཉིད་ལ་དབབ་པ་བྱའོ། །དེ་ནས་ཏྲི་ཞེས་བྱ་བས་མེ་ཏོག་དོར་རོ། །དེ་ནS་དེ་བླངས་ལ་དེ་ཉིད་ཀྱིས་རང་གི་མགོ་འཁོར་དཔར་བྱའོ། དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་རྩེ་མོ་གསུམ་གྱིས་མཚན་པ་བཅིང་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་དབང་གི་ཕྱག་རྒྱ་ཆེན་པོ ་བཅིངས་ལ། རྡོ་རྗེ་ལྟ་བས་དེ་ལ་བལྟ་ཞིང་ཇི་སྲིད་དུ་རྡོ་རྗེ་དབང་ཕྱུག་གིས་མཐོང་པར་བྱིན་ནས། རང་གི་དངོས་གྲུབ་རྣམས་སྟེར་བར་བྱར་པ་དེ་སྲིད་ཀྱི་བར་དུ་ཏི་ཞེས་བྱ་བ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེའི་དབང་ཕྱུག་རྡོ་རྗེའི་ལྟ་པས་བལྟས་པ། ་རྡོ་རྗེ་ཐལ་མོ་བསྐོར་པས་ཕྱག་བྱས་ཏེ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་ཞི་བ་མདུང་གིས་མཚན་པས་ཡོངས་སུ་བཟུང་བའི་མདུང་རྩེ་གསུམ་པ་དང། མེ་ཏོག་གི་ཡལ་ག་ལས་ཀྱང་རྣམ་པར ་རྒྱལ་བའི་བུམ་པ་ལས་སྔར་བཤད་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ཏེ། བདག་ཉིད་རྡོ་རྗེ་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ནས། དེའི་སྟེང་དུ་རྡོ་རྗེ་དབང་ཕྱུག་གི་ཕྱག་རྒྱ་ཆེན ་པོས་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ལ། མཆོད་ཡོན་བླངས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་པའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷིཥིཉྩ་ཏཱི་ཞེས་ཟོས་ཤིང་ངེས་བདག་ཉིད་དབང་བསྐུར ་པར་བྱའོ། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་དང། དར་དབྱངས་དང། དབང་བསྐུར་བའི་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་དང། དར་དབྱངས་ཀྱི་དབང་བསྐུར་བས་བདག་གི་དབང་བསྐུར་བར་བྱ་ཞིང་ཏྲི་ཞེས་བྱ ་བས་མདུད་རྩེ་གསུམ་དྲིལ་བུ་དང་བཅས་པ་བླངས་ལ། ཏྲི་ཞེས་བྱ་བ་ཉིད་ཟློS་ཤིང་རྡོ་རྗེ་དབང་ཕྱུག་གི་མིང་གི་དབང་བསྐུར་བས་བདག་ཉིད་དབང་བསྐུར་བ་དང། ཏྲི་ཞེས་བྱ་བ་ཉིད་ཀྱིས་བདག་པོའི་དབང་བསྐུར་བ་བླངས་ཏེ། མདུད་རྩེ་གསུམ་དེ་ཁོ་ན་ཉིད་ཀྱིས ་བཟུང་བར་བྱའོ། །དེ་ལ་འཇིག་རྟེན་པ་འདི་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་དུ་བཅུག་ནས། རྡོ་རྗེར་མཛད་པ་དེ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དོ། །དེ་ནས་དྲིལ་བུ་ཆོས་ཀྱི ་དཀྲོལ་བར་བྱ་སྟེ། དེ་ལ་ཆོས་ནི་འདི་ཡིན་ཏེ། སེམས་ཅན་ཀུན་ལ་ཕན་ཕྱིར་དང། །གདུག་པ་འདུལ་བ་གྲུབ་ཕྱིར་དང། འདོད་ཀུན་བདག་པོ་ཉིད་ཀྱི་ཕྱིར། གདུག་པའི་ལག་ལ་གནས་པར་གྱིས། དེ་ནས་དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱི ་བརླབ་པོ། །དེ་ནི་འདི་ཡིན་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆོས། ཡང་དག་བདེན་པར་སྨྲ་བྱ་བ། དེ་ནི་ཁྱོད་ཀྱིས་བརྙས་མི་བྱ། བདེན་པ་ཡང་དག་ཡིན་ཞེས་བཤད། ཅེས་བྱ་བ་ནི་དམ་ཚིག་གོ། དེ་ནས་བརྟུལ་ཞུགས་བླང་བར་བྱས་ཏེ། འཆི་བའི་དབང་དུ ་གྱུར་ཀྱང་ནི། །མི་བདེན་ནམ་ཡང་སྨྲ་མི་བྱ། །འབྱུང་པོའི་གདོན་ཡང་གཞན་མིན་ཏེ། །འདི་ནི་བདེན་པ་མིན་ལས་བྱུང། །དེ་ནས་བརྩམས་ཏེ་འབྱུང་པོ་ཐམས་ཅད་དབང་དུ་འགྱུར་པ་དང། དབང་ཕྱུག་ཆེན་པོ་ཡང་དངོས་གྲུབ་ཐཾས་ཅད་སྟེར་བར་འགྱུར་རོ།། ་དེ་ནས་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ཀྱང་མཆོད་ལ། དབང་བསྐུར་བ་བླངས་ཏེ། རྡོ་རྗེ་དབང་ཕྱུག་ལ་ཕྱག་བྱས་ལ་ཏྲི་ཞེས་བྱ་བས་བཟུང་ནས་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ ་སོགས་པ་བྱས་ཏེ། རང་གི་མིང་བརྗོད་ཅིང། དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ། ཨོཾ་ཏྲི་ཧ་ཧ་ཧ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་བཅོམ་ལྡན་འདས་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། གནས་ཇི་ལྟ་ ་པ་བཞིན་དུ་བཞག་པར་བྱའོ། །ལག་པ་གཡོན་པ་སོར་མོ་དབུས་མ་གསུམ་བསྒྲེང་ལ། །བདེན་བྲལ་གྱི་ཕྱོགས་སུ་དཔུང་གྱེན་དུ་བརྐྱང་ནས། གཡས་པས་ལག་མཐིལ་དུ་སོར་མོ་གསུམ་བསྡུས་ལ་མཐེ་པོ་དང་མཐེ་ཆུང་བརྐྱང ་ནས། ཁ་ཊཝཱཾ་ག་འཛིན་པར་བྱ་བའི་ཕྱག་རྒྱ་བཅིངས་ནས། ལག་པ་གཡོན་པའི་གུང་མོ་ལྕགས་ཀྱུར་བྱ་བ་འདི་ནི་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་སྤྱན་དྲང་བའི་ཕྱག་རྒྱ་སྟེ། འདིས་དབང་ཕྱུག་ཆེན་པོའི་འཁོར་དང་བཅས་པ་བཀུག་ལ། ་ཏྲི་ཞེས་བྱ་བའི་སྒྲ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། མཚམས་བཅིང་བ་དང། དཀྱིལ་འཁོར་བཅིང་བ་དང་།ར་བ་དང་།དྲ་བ་དག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་སྒོ་བཅིངས་ཏེ་རྡོ་རྗེ་སྲུང་བས ་བསྲུང་པ་ཐམས་ཅད་གོ་ཆ་བསྐོན་ལ། ཏྲི་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། མདུང་རྩེ་གསུམ་པའི་མིག་གིས་ཏྲི་?་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་ལྟ་བར་བྱས་པ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་སྟཝཾ་ཨ་ཧཾ་ཏྲི་ཞེས་ལན་གསུམ ་བརྗོད་ལ། བསྒྲུབ་པར་བྱའོ། །དེ་ནས་ལག་པ་གཉིས་ཀྱི་མཐེ་བོ་དང། མཐེ་ཆུང་ལྕགས་སྒྲོག་ལྟར་མདུད་རྩེ་གསུམ་པས་མཚན་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་བསམ་ལ། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྕེ་ལེ ་ཏྲི་ཞེས་བྱ་བ་བསམ་པར་བྱ་སྟེ། འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམ་ལ། རྡོ་རྗེ་དབང་ཕྱུག་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བྲིས་པ་དང། རྗེས་སུ་མཐུན་པར་ཏྲི་ཞེས་བྱ་བ་ཟློས་ཤིང་།གར ་བྱེད་པའི་ཚུལ་གྱིས་བཅིང་བ་འདི་ནི་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་རྣམ་པར་བསམས་ལ། ཏྲི་ཞས་བྱ་བ་ཟློས་ཤིང་།ཇི་ལྟར་བྲིས་པ་དང། རྗེས་སུ་མཐུན་པར་རྡོ་རྗེ་དབང་ཕྱུག་ལ་སོགས་པའི་ཕྱག་རྒྱ ་ཆེན་པོ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆན་གྱི་ཕྱག་རྒྱ་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་དབང་བསྐུར་ལ། ཏྲི་ཞེས་བྱ་བས་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས་མཆོད་བ་རྣམ་པ་ལྔ་དང། ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར ་མཆོད་ལ་།སློབ་ན་གཞུག་པར་བྱ་བའི་ཕྱིར་།རྗེས་སུ་གནང་བ་མནོས་ནས་སློབ་མ་གཞུག་པར་བྱའོ། །དེ་ནས་སློབ་མ་རྣམས་ལ་ཆོ་ག་ཐམས་ཅད་བྱའོ། །ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་རོ། །ཞེས་བྱ་བ་ལ། ཞི་བ་ནི་དབང་ཕྱུག་ཆེན་པོ་? ་དེའི་མདུང་ནི་མདུད་རྩེ་གསུམ་པའོ། །དེས་མཚན་པ་ནི་ངེས་དཀྱིལ་འཁོར་གང་ལ་མཚན་པར་བྱས་པ་དེ་ནི་ཞི་བའི་མདུང་གིས་མཚན་པའི་དཀྱིལ་འཁོར་རོ་ཞེས་བྱའོ། །ཕྱི་རོལ་གྱི་རྡོ་རྗེའི་རིགས་ལ་ཕྱག་བྱ་བ་ནི་དེ་ལ་དང་པ་ཉིད་ཀྱིས་བྱའི ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་ལྷག་པར་མོས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། དེ་རྣམས་ཀྱིས་ནི་འཇུག་པ་དང། དབང་བསྐུར་བ་དང། སྔགས་བཟུང་བ་རྣམས་ཕྱག་མི་བྱ་བར་བྱའོ།། །།དཔལ་མཆོག་དང་པོའི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུམ་པའི་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་བཤད་ནས། ད་ནི་མ་མོ་རྣམས་ཀྱིས་འདུལ་བ་ཉིད ་ལས་བརྩམས་ཏེ། མ་མོའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཉིད་དོ། །ཐཾས་ཅད་དགུག་པ་དང། ཞེས ་བྱ་བ་ལ་སྙིང་པོ་ལ་སོགས་པས་ཐམས་ཅད་དགུག་པ་ནི་དགུག་པའོ། །གཞུག་པ་དང། ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པར་སེམས་ཅན་ཐཾས་ཅད་ལ་སོགས་པ་གཞུག་པའོ། སེམས་ཅན་ཐཾས་ཅད་བསད་པ་སེམས་མེད་པར་བྱ་བ་དང་ཤིན་ཏུ་བསང ་པའོ?། །སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའོ། །དམ་ཚིག་ནི་ཐམས་ཅད་དགུག་པ་དང། གཞུག་པ་དང། བསད་པ་དང། སྒྲུབ་པ་དེ་རྣམས་ཀྱི་རྒྱུ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བའི་སྙིང་པོ་ནི་ངེས་པའི་ཡེ་ཤེས་ཏེ། ་དེ་བསྒོམས་པ་དང་དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་པར་གདགས་པས་དེ་སྐད་ཅེས་བྱ་བའོ། །དེ་སྨྲས་པ་ནི་བཤད་པར་གྱུར་པ་སྟེ། བྷཡོ་ཞེས་བྱའོ། །བཤད་པ་འདི་དག་གི་ཏིང་འཛིན་གཉིས་པ་སྨྲས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ་གསུཾ་པ ་?་པར་ཤེས་པར་བྱའོ།། །།ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པས ་སྨོས་པ་ནི་སློབ་དཔོན་གྱི་ལས་ཆོ་ག་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔོན་དུ་སྙེན་པའི་རྗེས་གྲོགས་ལ་ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ནི་སྙིང་པོ་འདིའིའོ། །དཀྱིལ་འཁོར་བཤད་པར་བྱ་སྟེ། ཞེས་བྱ ་བ་ནི་གོ་བར་ཟད་དོ། །ཟུར་བཞི་པ་ནི་ཞེས་བྱ་བ་ལ་སོགས་ནི་སླའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དེའི་རྗེས་ཐོགS་ཉིད་ལམ་མོའི་ཚོགས་ཀྱི་ཕྱག་རྒྱའི་སློབ་དཔོན་ཆོས་སྤྱོད་པ་གཙང་བ་ཞེས་བྱ་བ་ནི། དགེ་པ་བཅུའི་ལས་ཀྱི་ལམ ་གྱི་ཆུས་མི་དགེ་བ་བཅུའི་ལས་ཀྱི་ལམ་བཀྲུས་པའི་རྒྱུད་དང་ལྡན་པ་དང། ཕྱིའི་ཆུའི་ཁྲུས་ཀྱིས་ཕྱིའི་དྲི་མ་དང་བྲལ་བ་ནི་ཆོས་སྤྱོད་པ་དང་གཙང་བའོ། །གོས་གཙང་མ་བགོས་པ། ཞེས་བྱ་བ་ནི་གོ་བར་ཟད་དོ། །ཐཾས་ཅད་ཟ་བ་འམ་ཞེས ་བྱ་བ་ནི། དེས་པ་མ་བཟུང་ཞིང་ཕྱིའི་གཙང་སྤྲའི་སྤྱོད་པ་དང་བྲལ་བ། ཆོལ་བའི་རྒྱུད་ལ་མངོན་པར་དཀའ་བས། གཟུགས་དང། སྒྲ་དང། དྲི་དང། རོ་དང་རེག་བྱ་རྣམས་ལ་ཉེ་བར་སྤྱོད་པའོ། །ཐམས་ཅད་སྤྱད་པ་ལ་ཡང་སྨན་པ་མེད་དེ ་ཞེས་བྱ་བ་ནི་མ་མོ་རྣམས་བསྒྲུབ་པའོ། །ཞི་བའི་ཕོ་ཉའི་ཕྱག་རྒྱས་ཞུགས་ལ་ཞེས་བྱ་བ་ནི་མཁྲིག་མ་གཉིས་བསྣོལ་ལ། ལག་པ་གཉིས་བརྐྱང་སྟེ་ས་ལ་བཞག་ནས་འཕགས་པའི་ཚུལ་གྱིས་ཙོག་བུར་འདུག་ལ་ཅེ་སྤྱད་གི་སྒྲ་གདོན་པར་བྱའོ། །ཞུགས ་ལ་ཞེས་བྱ་བ་ནི་ཞི་བའི་ཕོ་ཉའི་ཕྱག་རྒྱ་འདིས་མ་མོ་ཐམས་ཅད་དང། མཁའ་འགྲོའི་ཚོགས་ཐཾས་ཅད་དེར་འདུས་པར་གྱུར་པའོ། །སྙིང་པོ་བཟླས་པར་བྱའོ། །ཞེས་བྱ་བ་ནི་བྷཡོ་ཞེས་བྱ་བར་བཟླས་པའོ། །དེ་ནས་བྷཡོ་ཞེས་བྱ་བ་བཟླས་པ་ཙམ་གྱིས་དཀྱིལ་འཁོར་གྱི་དབུས་ནས་བྷཡོ་ཆེན་པོ ་ཐོས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གདུག་པའི་དམ་ཚིག་ནི་མ་གཏོགས་སོ། །ཞེས་བྱ་བ་ནི་གང་གདོན་གྱིས་ཟིན་པ་དེ་ནི་གདུག་པའི་དམ་ཚིག་སྟེ། གདུག་པའི་དམ་ཚིག་དེ་མ་གཏོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ ་ལ་དེ་ལྟར་སློབ་དཔོན་གྱི་རང་གི་ཆོ་ག་རྣམས་རྗེས་སུ་སྦྱང་ལ། དེའི་རྗེས་ཐོགས་ཉིད་ལ་སློབ་མ་རྣམས་ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་གཞུག་པར་བྱ་སྟེ། ལག་པ་གཡོན་པ་མདུན་དུ་དཔུང་པ་བཀུག་ལ། ཁ་ཊཝཱཾ་ག་འཛིན་པའི་ཁུ་ཚུར་དང། ་གཡས་པའི་དཔུང་པ་བརྐྱང་ནས། པ་ངན་གསུམ་བར་བྱ་བ་ལ། མཐེ་བོ་དང། སྲིན་ལག་གི་ཐོད་པ་འཛིན་པ་ལྟ་བུ་ཆུ་འཐུང་བའི་ཕྱག་རྒྱ་སྟེ། ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ཡིན་ལ། འདིས་སློབ་མ་རྣམས་གཞུག་པར་བྱའོ་གཞུག ་ནས་དེ་རྣམས་སློབ་དཔོན་གྱིས་རྣ་བར་བྷཡོ་ཞེས་བྱ་བ་སྒྲ་ཆེན་པོས་སྦྱར་བར་བྱ་ཞིང་བརྗོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གདུག་པ་ལ་སོགས་པའི་ཕྱག་རྒྱས་མཆོད་ནས་ཞེས་བྱ་བ་ནི་རྡོ་རྗེ་གདུག་པ་ལ་སོགས ་པའི་ཕྱག་རྒྱ་རྣམས་ཀྱིས་ཕྱིའི་གདུག་པ་ལ་སོགས་པ་བླངས་ནས། བྷཡོ་ཞེས་བྱ་བ་ཉིད་ཀྱིས་དཀྱིལ་འཁོར་བ་ཐཾས་ཅད་མཆོད་པ་བྱའོ། །དེ་ནས་བྷཡོ་ཞེས་བྱ་བས་ཨ་ར་ལི་ཞེས་བྱ་བའི་ཕྱེའི་རོལ་པའི་སྙིང་པོ་སྟོབ?་མ་རྣམས་ལ་སྦྱིན་པར་བྱ་ཞིང་ནག་པོ ་ཆེན་པོ་ལ་སོགས་པའི་མཚན་མ་ཁ་ཊཝཱཾ་ག་ལ་སོགས་པ་དེ་རྣམས་སྦྱིན་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རང་གི་མཚན་མ་རྣམས་བྱིན་ནས་སེམས་ཅན་ཐམས་ཅད་དེ། སེམས་ཅན་དུ་མ་ལས་གནོད་པ་བྱེད་པའི་གདུག་པ ་དང། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དེ་རྣམས་ཁྱོད་ཀྱིས་རྒྱས་གདབ་པར་བྱ་བ་དང། དམ་ཚིག་ལ་སྨོད་སྟེ། གང་དཀྱིལ་འཁོར་ལ་སྨོད་པར་བྱེད་པ་དེ་ཡང་ཁྱོད་ཀྱི་བཟའ་བར་བྱ་བ་དང། ཁྱོད་ཀྱི་རང་གི་སྔགས་རྣམས་བསྟན་པར་མི་བྱ་བ་སྟེ། དམ་ཚིག ་གསུམ་པ་དེ་དག་ནི་ཁྱོད་ལ་རྣལ་འབྱོར་གྱི་དངོས་གྲུབ་སྟེར་བར་བྱེད་པ་ཡིན་ནོ། །ཞེས་སློབ་མ་ལ་སློབ་དཔོན་ཀྱི་དམ་ཚིག་བསྟན་པར་བྱའོ། །དྲག་པོའི་དམ་ཚིག་མདུད་རྩེ་སྟེ། ཞེས་བྱ་བ་ནི་མདུད་རྩེ་གསུམ་པའོ། །མ་མོ་རྣམས་ཀྱི་རྒྱས་འདེབས་པ་ཞེས་བྱ ་པ་ནི། གང་མ་མོའི་ཚོགས་རྣམས་ཀྱིས་རྒྱས་འདེབས་པའི་ལས་དང། དེའི་སྙིང་པོ་ཁྱེད་ཀྱིས་ནམ་ཡང་མི་སྨྲ་བའོ་གལ་ཏེ་འདབ་ན་ཁྱེད་ཀྱི་སྙིང། རྟག་ཏུ་འཇིག་པར་བྱེད་པར་འགྱུར་ཞེས་བ་ཤིན?་དྲག་པོའི་རྩེ་གསུམ་གྱིས་ཁྱེད་ཀྱིས་སྙིང་གཞིག་པར་འགྱུར་བ་དང། ་མ་མོ་རྣམས་ཀྱིས་གང་རྒྱས་འདེབས་པའི་ལས་དེས་ཁྱོད་ཀྱི་སྙིང་རྟག་ཏུ་རྒྱས་འདེབས་པར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་ཁྱོད་འདས་ན་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐཾས་ཅད ་ཀྱི་ཡེ་ཤེས་བསླབ?་པར་བྱའོ། །བསླབ་ནས་སློབ་དཔོན་གྱི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་གར་གྱི་མཆོད་པ་བྱ་ཞིང་མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཆོད་ལ། དཀྱིལ་འཁོར་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་དུ་བསྟབས་པའི་བཟའ་བ་དང། ་བཅའ་བ་དང། བཏུང་བ་ཐམས་ཅད་ཀྱིས་སློབ་མ་རྣམས་ཚིམ་པར་བྱས་ལ། དཀྱིལ་འཁོར་ཇི་ལྟ་བཞིན་དུ་ཉེ་བར་བསྡུས་ཏེ། ཕྱིར་འབྱུང་བར་བྱའོ། །ཕྱག་རྒྱའི་དཀྱིལ་འཁོར་རོ། །ཞེས་བྱ་བ་ལ་ཕྱག་རྒྱ་ནི་རྡོ་རྗེ་དབང་ཕྱུག་ལ་སོགས་པའི་གཟུགས ་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་རོ། །དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ནི་དངོས་གྲུབ་རྣམས་རྫོགས་པར་བྱེད་པའི་རྒྱུ་ལ་དམ་ཚིག་ཅེས་བྱ་སྟེ། མིང་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། མ་མོའི་དཀྱིལ་འཁོར་ལས་བཤད་པའི་ནག་པོ་ཆེན་པོའི་སྦྱོར ་བ་བྱས་ལ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ་ཇི་སྲིད་དུ་མཚན་མ་དང་རྗེས་སུ་གནང་བ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་མ་མོའི་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་མ་མོའི་ཚོགས་ཀྱི་དཀྱིལ་འཁོར་གྱི ་ཏིང་ངེ་འཛིན་གསུམ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་སྔ་མ་བཞིན་དུ་བཞག་ནས། ཉི་མ་འཆར་ཀར་ཟུར་བཞི་པ་སྒོ་བྱང་དུ་བལྟས་སར?་ཐིག་བཏབ་ལ། དེ་བྲི་བར་བྱ་བ་ནི། དམར་པོ་ལ་སོགས་པ་ཚོན་སྣ་ལྔ?་འམ། དམར་པོ་འམ། ཁྲག་གིས ་བྲི་བར་བྱའོ། །དེའི་དབུས་སུ་ནག་པོ་ཆེན་པོ་གར་བྱེད་བཞིན་དུ་གནས་པ་བྲི་བར་བྱ་སྟེ། ལག་པ་བཅུ་ལ་ཁ་ཊཝཱཾ་ག་དང། པདྨ་ཐོགས་པ་ཅི་དགས་བ་བྲི་བར་བྱའོ། །དེའི་བྱང་ཕྱོགས་ཀྱི་ལོགས་སུ་དྲག་པོ་ལག་ན་རྩེ་གསུམ་ཐོགས་པའོ། །ཤར་དུ་ཚངས་བ་མོ ་ལག་ན་བགྲད་ཕྲེང་ཐོགས་པའོ། །ལྷོར་ཁྱབ་འཇུག་མ་ལག་ན་འཁོར་ལོ་ཐོགས་པའོ། །ནུབ་ཏུ་གཞོན་ནུ་མ་ལག་ན་དྲིལ་བུ་ཐོགས་པའོ། །བྱང་ཤར་མཚམས་སུ་ནག་མོ་ལག་ན་གྲི་ཐོགས་པའོ། །ཤར་ལྷོར་ནག་མོ་ཆེན་པོ་ལག་ན་ཆུ་གྲི་ཐོགས་པའོ།། ་ལྷོ་ནུབ་ཏུ་ཟ་བ་མོ་ལག་ན་མཆེ་བ་ཐོགས་པའོ། །ནུབ་བྱང་མཚམས་སུ་སྲིན་མོ་ལག་ན་ཁ་ཊཝཱཾ་ག་ཐོགས་པར་བྲི་བར་བྱའོ། །སྒོའི་དབུས་སུ་གཡས་ཀྱི་ཆ་ལ་ཞི་བ་མོ་དང། བྷེ་རུ་ཎའོ། གཡོན་གྱི་ཆ་ལ་གཏུམ་མོ་དང། འཇིག་བྱེད་མ་རྣམས་བྲི་བར་བྱའོ ་འདི་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཐོད་པ་དང། རུས་པའི་སྒོག་དང། བྱ་རྒོད་དང། བྱི་ལའི་མཚན་མ་ཐོགས་པར་བྲི་བར་བྱའོ། །དེ་ལྟར་ནག་པོ་ཆེན་པོའི་སྦྱོར་བས་དཀྱིལ་འཁོར་བྲིས་ལ་ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས ་ཡོངས་སུ་བཟུང་བའི་ཁ་ཊཝཱཾ་ག་དང། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང། བུམ་པ་གང་བ་རྣམས་དང་པདྨའི་སྣོད་རྣམས་ལ་བྷཡོ་ཞེས་བྱ་བ་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་དཀྱིལ་འཁོར་གྱི་སྒོ་རྣམས་ཇི་ལྟ་བ ་བཞིན་དུ་ཕྱེ་ལ། ནག་པོ་ཆེན་པོ་འཁོར་དང་བཅས་པ་ལ་བྷཡོ་ཞེས་བྱ་བས་མཆོད་ཡོན་བྱ་ནི་ཞིང། བུམ་པ་དང་བུམ་པ་གང་བ་རྣམས་ཀྱང་བསྟབས་ལ་ཡང་ནག་པོ་ཆེན་པོའི་མདུན་དུ་ཐོད་པ་ནག་པོ་བཞག་སྟེ། གོས་དང་བླ་རེ་ལ་སོགས་པ་ཡང ་བྱིན་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་ལ་ཕྱི་རོལ་ཏུ་གཏོར་མ་བྱིན་སྟེ་སྦྱིན་བསྲེག་བྱའོ། །དེ་ནས་རས་སྔོན་པོ་ལ་བྷཡོ་ཞེས་བྱ་བ་བཟླས་ཏེ། དེ་དག་ལས་གཅིག་གིས་ནི་སྨད་གཡོགས་བྱ ་གཉིས་པས་ནི་སྟོད་གཡོགས་བྱ། །ཡང་གཅིག་ལ་བྷཡོ་ཞེས་བྱ་བ་བཟླས་པས་རང་གི་གདོང་གཡོགས་ཏེ། ཕྱག་བཞི་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་རྣམ་པར་བསམས་ལ། སྒོ་ལ་བལྟས ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། ལག་ན་མེ་ཏོག་ཐོགས་ཤིང་ཞི་བ་མོའི་ཕོ་ཉའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ། བཛྲ་བཛྲ་བྷཡོ་ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་དཀྱིལ ་འཁོར་བསྐོར་བ་ལན་གསུམ་བྱས་ཏེ། གཡས་དང་གཡོན་གྱི་ནག་པོ་ཆེན་པོ་ལ་ཕྱག་བྱས་ནས། དེ་ཉིད་ཀྱི་མདུན་དུ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཛ(རྒྱུད་འགྲེལ་ཤིང་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་སེམས་མ་རྡོ་རྗེ་དབྱེ་ཞིང་ཨ་ཞེས་བྱ་བ་དེ་བཞིན་དུ་བཟླས་ལ་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་བྷཡོ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ ་དེ་ཉིད་ཀྱི་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱི་གདོང་གཡོགས་དཀྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་ཞི་བ་པོ་ཉའི་ཕྱག་རྒྱ་བཅིངས ་ལ། རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ནག་པོ་ཆེན་པོའི་ཕྱག་རྒྱ་བཅིངས་ལ། དེ་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང། ཇི་སྲིད་ནག་པོ་ཆེན་པོས་མཐོང་བ་བྱིན་ནས་རང་གི་དངོས་གྲུབ་སྟེར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཡང ་ནག་པོ་ཆེན་པོ་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ་མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླང་བར་བྱའོ། །ཡང་ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་ཁ་ཊཝཱཾ་ག་དང། མེ་ཏོག་གི ་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་དེ་ཉིད་ནག་པོ་ཆེན་པོར་བྱིན་གྱིས་བརླབས་ལ། ཕྱིའི་དཀྱིལ་འཁོར་གྱི་ཉིད་མཆོད་ལ། མཆོད་ཡོན་བླངས་ཏེ། རྡོ་རྗེ་ཁུ་ཚུར་གྱི་རྣམ ་ཆེན་པོའི་ཕྱག་རྒྱ་ཆེན་པོ་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལ། མཆོད་ཡོན་བླངས་ཏེ། རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་བྷཡོ་ཞེས་བཟློས་ཤིང། དེས་བདག་ཉིད་དབང་བསྐུར་བར ་བྱས་ལ། ཆུ་དེ་བཏུང་བ་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་དང། ཐོད་པའི་དབང་བསྐུར་བའི་ཕྱག་རྒྱ་དག་གིས་བདག་ཉིད་དབང་བསྐུར་ལ། བྷཡོ་ཞེས་བྱ་བས་ཁ་ཊཝཱཾ་དྲིལ་བུ་དང་བཅས་པ་བླངས་ནས། བྷཡོ་ཞེས་བྱ་བ་ཟློས་བཞིན་དུ་མིང་གི་དབང ་བསྐུར་བ་བླང་ཞིང། བདག་པོའི་དབང་བསྐུར་བ་ཡང་ཁ་ཊཝཱཾ་ག་དེ་ཉིད་བཟུང་བར་བྱའོ། །འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྔར་བཤད་པ་ནི་དེ་ཁོ་ན་ཉིད་དོ། །ཆོས་ཀྱི་དྲིལ་བུ་དཀྲོལ་བྱའོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དང། ཞེས་ ་བྱ་བ་ལ་སོགས་པ་ནི་ཆོས་སོ། །དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་དམ་ཚིག་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་རྒྱས་བཏབ་ཅིང། དམ་ཚིག་སྡང་རྣམས་བཟའ་བར་བྱ། སྔགས་རྣམས་བསྟན་པར ་མི་བྱ་སྟེ། དམ་ཚིག་རྣལ་འབྱོར་ཁྱོད་གྲུབ་སྟེར། །དྲག་པོའི་དམ་ཚིག་མདུང་རྩེ་སྟེ། མ་མོའི་བདག་ཉིད་རྒྱས་འདེབས་པའོ། །གལ་ཏེ་དམ་ཚིག་འདས་གྱུར་ན། ཁྱོད་ཀྱི་སྙིང་ནི་རྟག་འཇིགས་འགྱུར། དེ་ནས་མེ་ཏོག་ལ་སོགས་པས་བདག ་ཉིད་མཆོད་དེ། རང་གི་ཕྱག་རྒྱ་རྣམས་ཀྱིས་ཀྱང་རྗེས་སུ་གནང་བ་དང། དབང་བསྐུར་བ་བླངས་ལ། ནག་པོ་ཆེན་པོ་ལ་ཕྱག་བྱས་ཏེ། བྷཡོ་ཞེས་བྱ་བ་དང་རང་གི་ལྷའི་ཕྱག་རྒྱ་བཞི་བླང་ངོ། །དེ་ནས་བྷཡོ་ཁ་ཞེས་ཟློས་ཤིང། མ་མོའི་ཚོགས་དང་བཅS ་པའི་ནག་པོ་ཆེན་པོ་ལ་གཏོར་མ་བྱིན་ལ། ཁྲག་གི་ཐིགས་པ་ལན་བརྒྱད་མྱང་བར་བྱའོ། །དེ་ནས་ནག་པོ་ཆེན་པོའི་མདུན་དུ་འདུག་སྟེ། ཐོད་པ་ནག་པོ་བླངས་ལ། མཐེ་བོ་དང་སྲིན་ལག་གཉིས་དང། ཧ་ཧ་ཞེས་ཟློས་ན་སྐད་ཅིག་མི་དེ ་ཉིད་ལ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། བདག་གིས་མིང་ནས་བརྗོད་དོ། །དེ་ནས་དཀྱིལ་འཁོར་རྡོ་རྗེར་བསྒྲུབ་པར་བྱའོ། །དེ་ནས་བྷཡོ་བྷཡོ་ཞེས་ཟློས་ཤིང། དཀྱིལ་འཁོར་མེ་ཏོག ་ལ་སོགས་པས་མཆོད་པ་གར་བྱས་ཏེ། ཁ་ཊཝཱཾ་གའི་ལྕགས་ཀྱུས་མ་མོའི་ཚོགས་དང་བཅས་པའི་ནག་པོ་ཆེན་པོའི་ཨ་ར་ལླི་བྷཡོ་བྷཡོ། ཞེས་བྱ་བའི་སྙིང་པོ་འདིས་དགུག་པར་བྱའོ། །དེ་ནས་མ་མོ་ཐམས་ཅད་འདུས་ནས། ཅེ་སྦྱང་གི་སྒྲ ་སྒྲོག་པར་འགྱུར་རོ། །མཁའ་འགྲོའི་ཚོགས་རྣམས་ཀྱང་འདུས་པར་འགྱུར་རོ། །ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ལས་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི། ཁ་ཊཝཱཾ་གའི་ལྕགས་ཀྱུའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་བགེགས་བསལ་བྱས་ལ། མཚམས ་བཅིང་བ་དང། དཀྱིལ་འཁོར་བཅིང་བ་དང། རབ་དང། དྲ་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཅིངས་མ། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་གོ་བསྐོན་ཏེ། བྷཡོ་ཞེས་བྱ་བས་མ་མོའི་ཚོགས་དང་བཅས་པའི་ནག་པོ་ཆེན་པོ་ལ་མཆོད་ཡོན་བྱིན་ཏེ ་ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་དང། བྷཡོ་དྲི་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་བལྟ་བ་བྱས་ལ་ཛ(རྒྱུད་འགྲེལ་བསམས་ནས། ནག་པོ་ཆེན་པོ་ལ་སོགས་པའི་ལྕེ་ལ་བྷཡོ་ཞེས་བྱ་བ་བསམས་ལ་འདི་ནི། འདིར་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ནས་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམ་ལ། ནག་པོ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གར་གྱི་ཚུལ ་གྱིས་བྷཡོ་ཞེས་བྱ་བ་དང། བཅིང་བར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཧཱུཾ་ཞེས་བྱ་བས་ཁྲོ་བོའི་རྡོ་རྗེ་རྣམ་པར་བསམས་ལ། ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་ནག་པོ་ཆེན་པོ་ལ་སོགས་པའི་ཕྱག ་རྒྱ་ཆེན་པོ་བྷཡོ་ཞེས་བྱ་བས་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་དང། ཐོད་པའི་ཕྱག་རྒྱ་དག་གིས་ནག་པོ་ཆེན་པོ་འཁོར་དང་བཅས་པ་དབང་བསྐུར་ལ་བྷཡོ་ཞེས་བྱ་བས་ནག་པོ་ཆེན་པོ་འཁོར་དང་བཅས་པ་ལ་མཆོད་ཡོན་བྱིན་ཏེ། ་མཆོད་པ་རྣམ་པ་ལྔས་མཆོད་ནས། ལས་ཀྱི་ཕྱག་རྒྱ་དང། གར་གི་མཆོད་པ་བྱས་ལ། ཞི་བ་མོའི་ཕོ་ཉའི་ཕྱག་རྒྱ་བཅིངས་ཏེ། བྷཡོ་ཞེས་བྱ་བ་ཇི་སྲིད་དཀྱིལ་འཁོར་ལས་བྷཡོའི་སྒྲ་ཐོས་པར་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་སློབ ་དཔོན་མ་གཏོགས་པ་གཞན་ཐམས་ཅད་ཇི་ལྟར་འོངས་པ། འཇུག་པར་འགྱུར་ཞིང་ཐོབ་པར་འགྱུར་ཏེ། གདུག་པའི་དམ་ཚིག་ནི་མ་གཏོགས་སོ། །དེ་ནས་སློབ་མ་ལག་ན་མེ་ཏོག་ཐོགས་པ་རས་ཀྱིས་མིག་བཀབ་ལ། ནག་པོ་ཆེན་པོའི་དམ་ཚིག ་གྱི་ཕྱག་རྒྱས་སློབ་དཔོན་འཇུག་པའི་ཆོ་ག་བཞིན་དུ་གཞུག་པར་བྱའོ། །དེ་ནས་ཞུགས་པ་དང་སློབ་མ་ལ་འདི་སྐད་ཅེས་བསྒོམ་པར་བྱ་སྟེ། ཁྱོད་ལ་འཇིག་པ་མེད་དམ་ཞེས་བསྒོའོ། །དེ་ནས་འདིས་ཀྱང་མེད་དོ་ཞེས་བརྗོད་པར་བྱའོ། །དེ་ནས ་སློབ་དཔོན་གྱིས་དེའི་རྣ་བར་བྷཡོ་ཞེས་བྱ་བའི་སྒྲ་ཆེན་པོ་བསྒྲག་པར་བྱའོ། །དེ་ནས་བསྒྲག་ནས། མེ་ཏོག་དོར་བར་བྱའོ། །ཞེས་བྱ་ནི། བྷཡོ་ཞེས་བྱ་བ་ཉིད་ཀྱིས་སོ། །དེ་ནས་གང་དུ་ལྷུང་བའི་ལྷ་དེ་འདི་ལ་འགྲུབ་པར་འགྱུར་རོ། །གལ་ཏེ་ལྷུང་བར་མ ་གྱུར་ན་ཡང་དང་ཡང་འདོར་དུ་གཞུག་གོ། དེ་ནས་ལྷུང་བས་ཁྲོ་བ་དང་བཅས་པར་འགྱུར་ཞིང་རང་གི་ལྷའི་ལས་བྱེད་པའི་རྣལ་འབྱོར་ཡང་སོ་སོར་འཐོབ་པར་འགྱུར་རོ། །དེ་ནས་བྷཡོ་ཞེས་བྱ་བ་ཉིད་ཀྱིས་མེ་ཏོག་བླངས་ལ། དེའི་མགོ་ལ་བཅིང་ངོ།། ་དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་སྒོ་སྲུངས་ནས་བརྩམས་ཏེ། དཀྱིལ་འཁོར་བསྟན་ལ། ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ཡང་བཅིངས་ཏེ། སློབ་མའི་སྙིང་གར་དེ་བཞིན་དུ་དགྲོལ་བར་བྱའོ།། ་དེ་ནས་དེ་ནག་པོ་ཆེན་པོའི་གཟུགས་ལ་སོགས་པ་བྱིན་གྱིས་བརླབས་ཏེ། ཡོན་བླངས་ལ། བདུག་སྤོས་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་མཆོད་དེ། ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །འདིར་ཕྱུགས་ཆེན་པོ་ཡོན་དུ་བླང་བར་བྱའོ།། ་དེ་ནས་འདི་ལ་དེ་ལྟར་གྱུར་ཅིག་བར་བསྒོ་སྟེ། རང་གི་མིལ་སྦྱིན་པར་བྱའོ། །དེ་ནས་རང་གི་མི་དེ་སློབ་དཔོན་གྱིས་བླངས་ཏེ། དེ་བསྲུང་བའི་ཕྱིར་པག་ཟན་གྱིས་གཟུགས་བརྙན་ཆོས་བ་དང་མ་ཆོས་པའི་ཁྲག་གིས་ཁེངས་པར་བྱའོ། །དེ་ནས་དེ ་བླངས་ལ་སློབ་མ་དམ་པ་དང། ནག་པོ་ཆེན་པོ་མ་མོའི་ཚོགས་དང་བཅས་པ་དེ་ལ་བྱིན་ལ། དེ་ལ་འདི་སྐད་ཅེས་བརྗོད་དེ་བྷཡོ་བྷཡོ་ཞེས་བྱ་བ་གཉིས་པ་གཉིས་བཟླས་ལ་དེ་ཉིད་ཟློས་ཤིང་བྱིན་ལ་སློབ་དཔོན་ལ་སོགས་པ་སློབ་མའི་ཚོགS ་ཐམས་ཅད་ཀྱིས་གཟུགས་བརྙན་དེ་བཟའ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་པའི་གྲུབ་པའི་མཛའ་ལ་ནི་སྲོག་གཅོད་པ་རྗེས་སུ་མ་གནང་སྟེ། དུ་འབོད་ལ་སོགས་པ་དམྱལ་བ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་བག་ཟན་གྱི་གཟུགས་བརྙན་བྱའོ།། ་ཞེS་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ནས་བརྩམས་ཏེ། སློབ་མ་རྣམས་མཁའ་འགྲོ་མའི་ཚོགས་ཀྱིས་མི་གསོད་པར་འགྱུར་རོ། །དེ་ནས་མིའི་ཁྲག་གི་ཐིགས་པ་གཉིས་བླངས་ལ། ཧ་ཧ་ཞེས་བརྗོད་པར་བྱ་སྟེ། དེ་ལྟ་བུས་ནི་སློབ་མ་འགྲུབ ་པར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་དམ་ཚིག་དང་ཆོས་ཀྱི་དེ་ཁོ་ན་ཉིད་བསླབ་པོ། །དེ་ནས་བརྩམས་ཏེ། ཤ་ཆེན་ཁ་ན་མ་ཐོ་བ་མེད་པ་ལ་བྷཡོ་ཞེས་བཟླས་ནས་གང་ཞེས་ཟ་བ་དེ་རིང་པོར་མི་ཐོགS་པར་རྣལ་འབྱོར་འགྲུབ་པར་འགྱུར་རོ། །ཡོངས་སུ་དག ་པའི་སེམས་ཅན་གང་མི་ཟ་བ་དེ་དག་ཀྱང་བཟླས་བརྗོད་དང་སྒོམ་པ་དག་གིས་འགྲུབ་པར་འགྱུར་ཏེ། མཁའ་འགྲོ་མའི་ཚོགས་རྣམས་ལས་འཇིགས་པ་ཡོད་པ་མ་ཡིན་ནོ། །དེ་ནས་འདིའི་དམ་ཚིག་བྱིན་ལ། ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། དེ་ལ ་དཾ་ཚིག་ནི་འདི་ཡིན་ཏེ། ཁྱོད་ཀྱི་ཆོས་ནི་ཡོང་མི་སྤང། དམ་ཚིག་རྣམས་ནི་བྲལ་མི་བྱ། མཁའ་འགྲོ་མས་ནི་ཟིན་པ་རྣམས། །ཐར་པ་རུ་ནི་མི་བྱའོ། །མཁའ་འགྲོ་རྣམས་ནི་བརྙས་མི་བྱ། གང་ཕྱིར་མ་དང་བུ་མོ་དང། དེ་ལ་ཆོས་ནི་གང་ཞེ་ན། འདི་ལྟ ་སྟེ། ཐམས་ཅད་རྒྱས་བཏབ་པའོ། །དེ་ལ་དམ་ཚིག་གང་ཞེ་ན། ཕྱག་རྒྱ་ཐཾས་ཅད་ཤེས་པའོ། །དེ་ལ་མཁའ་འགྲོ་མ་རྣམས་ཀྱིས་གཟུང་བ་གང་ཞེ་ན། འདི་ལྟ་སྟེ། སྙིང་པོའོ། །དེ་འདུལ་བ་གང་ཞེ་ན་འདི་ལྟ་སྟེ། ཚངས་པར་སྤྱོད་པའོ། །དེ་ནས་བརྩམས་ཏེ ་མཁའ་འགྲོ་མ་རྣམས་ཀྱི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ནག་པོ་ཆེན་པོ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བྷཡོ་ཞེས་བྱ་བས་མཁའ་འགྲོ་མ་བད?་གཞིག་པ་དང། གནོད་པ་དང་དབྱེ་བ་དང། གཉིད་ལོག་ཏུ་གཞུག་པ་དང། རྨོངས་པ་དང། གསོད་པ་ལ ་སོགས་པ་བྱེད་པར་འགྱུར་རོ། །ལག་པ་གཡོན་པའི་སོར་མོ་བར་མ་གསུམ་བཏེག་ལ། བདེན་བྲལ་གྱི་ལོགས་སུ་ལག་པ་གྱེན་དུ་བརྐྱང་ནས། གཡས་པ་དེའི་སྟེང་དུ་བཀུག་ལ། ལག་པས་བ་དན་གསུམ་པ་དང། མཐེ་བོ་དང་སྲིན་ལག་གི་ཐོར་པ་འཛིན་པ་ནི ་དྲག་པོ་སྟེ། འདིས་མིག་མི་འཛུམ་པར་ཁྲོ་བོའི་ལྟ་བས་ཐམས་ཅད་རྒྱས་བཏབ་ཅིང། ཨེ་ཨ་ར་ལླི་བྷཡོ་ཞེས་བྱ་བ་དང། བསྟུན་ལ། ལྷག་མ་རྣམས་ལས་ཀྱི་ཕྱག་རྒྱ་དང། བྷཡོ་ཞེས་བྱ་བ་ཟློས་ཤིང་ལས་ཐམས་ཅད་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས ་གསུངས་པའི་དཔལ་མཆོག་དང་པོའི་མ་མོའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།མིང་པོ་གསུམ་གྱིS་འདུལ་བའི་སྐྱེ་བོ་ལ་བརྩམས་ཏེ། དེ་ནས་སྦྲང་རྩི་བྱེད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་མིང་པོ་གསུམ་གྱིས་དཀྱིལ ་འཁོར་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་མ་མོའི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །སྦྲང་རྩི་བྱེད་ལ་སོགས་པ་ལ ་འདོད་པའི་ཁམས་ཀྱི་དབང་ཕྱུག་གི་གཟུགས་འཛིན་པའི་ཚངས་པ་ནི་སྦྲང་རྩི་བྱེད་པ་སྟེ། དེ་ཉིད་དང་པོར་གྱུར་པ་གང་ཡིན་པ་དེ་དག་ནི། སྦྲང་རྩི་?་སོགས་པ་ཞེས་བྱ་སྟེ། སྦྲང་རྩི་བྱེད་དང། རྒྱལ་བར་བྱེད་པ་དང། དོན་ཐམས་ཅད་གྲུབ་པ ་སྟེ། མིང་པོ་གསུམ་མོ། །དབང་ཕྱུག་ཆེན་པོ་གང་སྟོབས་བཟང་གི་གཟུགས་འཛིན་པ་གང་ཡིན་པ་དེ་ནི་རྒྱལ་བར་བྱེད་པའོ། །ཁྱབ་འཇུག་ནི་དཔྱིད་ཀྱི་གཟུགས་འཛིན་པ་གང་ཡིན་པ་དེ་ནི་དོན་ཐམས་ཅད་གྲུབ་པ་སྟེ། དེ་སྐད་དུ། ཚངས་པ ་འདོད་ཆགས་གཞན་སྤྲུལ་པ། ཞེ་སྡང་དྲག་པོའི་ཏིང་ངེ་འཛིན། གཏི་མུག་ཁྱབ་འཇུག་བསྟེན་བྱས་པས། འཇིག་རྟེན་གསུམ་ནི་བྱིན་གྱིས་བརླབ། འདོད་ཆགས་སྦྲང་རྩི་བྱེད་པར་བཤད། ཞེ་སྡང་རྒྱལ་བར་བྱེད་པར་གྲགས། གཏི་མུག་དེར་ནི ་བསྒྲུབ་པ་སྟེ། གསང་པའི་མིང་ནི་ཐམས་ཅད་དུའོ། །ཞེས་བཤད་པའི་ཕྱིར་རོ། །བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ལ་རབ་ཏུ་འདུད་པའོ། །མགྲིན་གཅིག་ཏུ་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས ་ཏེ། སྭ་ཞེས་བྱ་བའི་བར་གྱི་བཤད་པས་ནི། ཏིང་འཛིན་གསུམ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ་གསུངས་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང། བསྒོམ་པར་བྱའོ། །ཞེས་བྱ ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། ཏིང་ངེ་འཛིན་གསུཾ ་གྱི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒོའི་མཚམས་ནི་ཐམས་ཅད་ཏུ་ཞེས་བྱ་བ་ལ་སོགས་པ་ནི། ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། ཚོགས་དང་མཚོན་ཆ་དང། ཕོ་ཉ་དང་བྲན་རྣམས་བཞག ་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་གྲུབ་པ་ནས་བརྩམས་ཏེ། ཚོགས་རྣམ་པ་བཞི་བཞག་པར་བྱའོ། །ཕྱི་རོལ་ན་ཞེས་བྱ་བ་ལ་སོགས་པ་ལ་དར་དང། བ་དན་མཆོག་སྟེ། དམ་པར་གྱུར་པ་དང། དྲིལ་བུའི་ཕྲེང་བ་བ་དན་གྱི་མཆོག ་དང་བཅས་པ་དང། བུཾ་པ་གང་བ་རྣམས་དང། རོལ་མོའི་མཆོག་སྟེ། དམ་པ་དང་བཅས་པ་བཞག་པར་བྱའོ། །ཕྱག་རྒྱ་ཀུན་གྱིས་གཞུག་པར་བྱ་ཞེས་བྱ་བ་ནི། རྩེ་གསུམ་པའི་དམ་ཚིག་གི་ཕྱག་རྒྱ་ཐཾས་ཅད་དེ། ད་བཅིངས་ལ་འཇུག་པར་བྱའོ་འཇིག་རྟེན་གསུཾ ་ཞེས་བྱ་བ་ནི་མཐོ་རིས་གྱི་འཇིག་རྟེན་དང། བར་སྣང་གི་འཇིག་རྟེན་དང། ས་པའི་འཇིག་རྟེན་ནི། །སྲིད་གསུམ་ཞེས་བྱ་བ་ནི། འདོད་པའི་སྲིད་པ་དང། གཟུགས་ཀྱི་སྲིད་པ་དང། གཟུགས་མེད་པའི་སྲིད་པའོ། །ངན་སོང་གསུམ་ནི། དམྱལ་བ་དང ་དུད་འགྲོ་དང། ཡི་དགས་སོ། །མཆོད་གསུམ་ནི་སྤུན་གསུམ་གྱིས་མཆོད་པའོ། །རྣམ་གསུམ་ནི་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་གི་མཆོད་པའི་དབྱེ་བས་རྣམ་པ་གསུམ་མོ། །སྦས་པ་ནི་སྐྱེས་བུ་གསུམ་གྱི་གཟུགས་སུ་བྱིན་གྱིས ་བརླབས་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བདག་གིས་ལས་རྣམས་བྱས་ནས་ས་ཞེས་བྱ་བ་དང། རྩེ་གསུམ་པས་མཚན་པའི་ཕྱག་རྒྱས་གཡས་པའི་མཛུབ་མོའི་ལྕགས་ཀྱུས་དགུག་པར་བྱའོ། །དེ་ནས་དྲིལ་བུ་དང་བཅས ་པའི་ཕྲེང་པས་འདི་སྐད་དུ་བཤད་པའི་མིང་པོ་གསུམ་འོངས་པས་ཐམས་ཅད་གཡོ་བར་འགྱུར་རོ། །ཐམས་ཅད་ཕབ་ནས་དེ་བཞིན་དུ་གཞུག་པར་བྱའོ། །ཞེས་བྱ་བ་ནི། སློབ་མ་ཐམས་ཅད་ལ་ཕབ་ལ། སློབ་དཔོན་གྱི་འཇུག་པས་གཞུག ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གཞན་ལ་དེ་ཉིད་བསྟན་མི་བྱ། ཞེས་བྱ་བ་ནི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ནི་གཞན་དག་སྟེ། དེ་རྣམས་ལ་ནི་འཇིག་རྟེན་གསུམ་པོ་སྲིད་གསུམ་མཆོག་ཅེས་བྱ་བ་ལ ་སོགས་པ་དེ་ཁོ་ན་ཉིད་བཤད་པར་མི་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གླུ་དང། གར་དང་རོལ་མོ་དང་དགོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །དགའ་བ་ནི་རྩེ་བ་སྟེ། ངོ་ལྟར་ན་གླུ་དང། གར་དང་རོལ་མོ་དང ་དགོད་པ་དང། དགའ་བ་དང། ཟ་བ་སྟེ། དེ་དག་ལས་བྱུང་བའི་མགུ་བ་ཞེས་བྱ་བ་ཡིད་བདེ་བའི་ཤུགས་ཀྱིས་མེལ་ཚེ་ཞེས་བྱའོ། །ཕྱག་རྒྱ་དང་གར་གྱི་རོལ་མོ་མཆོད་པ་ཡང་བྱས་ལ་ཞེས་བྱ་བ་ནི། མིང་པོ་གསུམ་གྱི་ལས་ཀྱི་ཕྱག ་རྒྱ་ལ་སོགས་པ་ནི་ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པ་སྟེ། དེས་མཆོད་པར་བྱའོ། །དེ་ལྟར་ཕྱག་རྒྱ་གར་གྱི་རོལ་མོའི་མཆོད་པ་བྱས་ལ་ཕྱག་རྒྱ་དེ་དང་བཅས་པས་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་ཕྱག་རྒྱ་བཅིངས་ལ ་བཛྲ་མུཥྚི་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ་།དམ་ཚིག་གི་དཀྱིལ་འཁོར་ཞེས་བྱ་བ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་འདའ་བར་བྱ་བ་མ་ཡིན་པས། དམ་ཚིག་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ ་ལས་བྱུང་ཞིང་དེ་སྟོང་པའི་དཀྱིལ་འཁོར་ལ་ཡང་དམ་ཚིག་གི་དཀྱིལ་འཁོར་ཞེས་བྱ་སྟེ། ཕྱི་རོལ་གི་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་བྱས་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །འདིའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། བཛྲ་ཨཉྩ་ལི་ཞེས་བྱ་བས ་རྡོ་རྗེ་ཐལ་མོ་བཅིངས་ལ། དེ་ནས་བཛྲ་བནདྷ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་བཅིངས་ནས། བཛྲ་བནད?་ཏྲ་ཊ་ཅེས་བྱ་བས་རྡོ་རྗེ་བསྡམས་པ་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཛྲ་ཨ་བེ་ཤ་ཞེས་བྱ་བ་དང། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས ་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དབབ་པའི་ཕྱག་རྒྱ་དཀྲོལ་ལ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལ་སྭ་རྣམ་པར་བསམས་ལ། ཆོས་ཐམས་ཅད་བདག་མེད་པར་བསྒོམས ་པར་བྱའོ། །དེ་ནས་སྭ་དང་བཅས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་རང་གི་སེམས་བསམས་ལ། དེའི་སྟེང་དུ་ཡང་སྭ་བསམས་ཏེ། ས་ནས་ཀྵའི་བར་གྱིས་ཡི་གེ་རྣམས་སྐར་མ་ལྟ་བུར་རྣམ་པར་བསམས་ལ། དེ་དང་དེ ་འདུས་པར་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར?་གཉིས་པ་བསམ་མོ། །ཟླ་བའི་དཀྱིལ་འཁོར་གཉིས་པའི་སྟེང་དུ་ཡང་?་ཞེས་བྱ་བ་བསཾས་ལ་ཟླ་བའི་དཀྱིལ་འཁོར་གཉིས་པོ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་བསམས་པར་བྱ་ཞིང་སྦ་ཞེས་བྱ་བ་ཉིད་ལ་ཡང་བཟལཱོ། །དེ་ནས་རྡོ་རྗེ་མེ་ཏོག་དང། མདའ་གཞུ་དང། ཐོད་པ་དང་བཅས་པ་སྭ་ཞེས ་བྱ་བ་ལས་རྣམ་པར་བསམ་ལ། མདིའི་དབུས་སུ་སྭ་རྣམས་བསམས་ཏེ། མདའ་དང་?་ཐོད་པའི་ཕྱག་རྒྱ་དང་བཅས་པ་སཾ་བཾ་ཧཾ་ཞེས་བྱ་བ་རྣམ་པར་བསམས་ལ། ཕྱག་རྒྱ་དེ་སེམས་དཔར་བྱིན་གྱིས་རློབ་པའི་སྦྱོར་པའི་རྡོ་རྗེ་སེམས་དཔའ་བ་དག ་ཉིད་བསམ་པར་བྱའོ། །དེ་ནས་སྭ་ལས་རྡོ་རྗེ་སེམས་དཔའ་མིང་པོ་གསུམ་གྱི་གཟུགས་སུ་བདག་ཉིད་བསམས་ལ། མ་ཧཱ་ས་མ་ཡ་སཾ་གཾ་ཧཾ་ཞེས་བརྗོད་དོ། །དམ་ཚིག་སེམས་དཔའ་ཆེན་པོ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་མང་པོ་གསུམ་གྱིས་དམ ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་ཡོ་ཧཾ་ཞེས་བརྗོད་ལ་དམ་ཚིག་སེམས་དཔའ་ཉིད་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ས་མ་ཡ་ས་ཏྭ་ཨ་དྷི་ཏིཥཏྭ་སྭ་མཾ་ཞེས་བརྗོད་ལ་།མིང་པོ་གསུམ་གྱིས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་ག་དང། སྨིན་མཚམས ་དང། ལྐོག་མ་དང། སྤྱི་པོ་རྣམས་སུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མིང་པོ་གསུམ་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིང་པར་བྱའོ། །དེ་ནས་དེ་བཅིངས་ལ་སྭ་ཨ་ཞེས་བརྗོད་ལ། མདའ་དང་གཞུ་དང་ཐོད་པའི་ཕྱག་རྒྱ་མདུན་དུ་བསྐྱེད་པར་བྱའོ། །དེ་ནས་མདའི་དཔུངས? ་སྭ་རྣམ་པར་བསམས་ལ། མངའ་དང་གཞུ་དང་ཐོད་པའི་ཕྱག་རྒྱ་ནི་བདག་གོ། ཞེས་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱ་ཞིང། ཕྱག་རྒྱ་དེ་སྭ་ཞེས་བྱ་བ་བཟླས་ལ། བྷྲ་ཏྲི་ཏ་ཡཾ་ཨ་ཏཾ་ཞེས་བྱ་བ་དང། མིང་པོ་གསུམ་གྱིས་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པར་བསཾས ་མོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་དེར་མིང་པོ་གསུམ་བཀུག་ལ། བཅུག་སྟེ་བཅིངས་ནས་དབང་དུ་བྱས་ནས་མིང?་པོ་གསུམ་གྱི་དམ་ཚིག་གི་ཕྱག་རྒྱས། སྭ་དྲི་ཤྱ་ཞེས་བྱ་བས། དེ་དག་བལྟ་བ་བྱས་ལ། དེ་གཉིས་ཀྱི་གཡས་པའི་མཛུབ་མོ ་ལྕགས་ཀྱུ་དང། སྭ་ཞེས་བྱ་པ་ཟློས་ཤིང། རང་གི་ལུས་ལ་བཅུག་ལ། མིང་པོ་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་ཉིད་བཅིངས་ནས། ས་མ་ཡ་སྟཝཾ?་ཞེས་བརྗོད་དོ། །འོད་ཀྱི་དཀྱིལ་འཁོར་དུ་བསམས་ལ། ཛ:ཏཛུཾ?་བི་ཧོ། ས་མ་ཡ་སྟཝཾ་ས་མ་ཡ་སྟཝཾ་ཨ་ཧཾ ་སྭ། ཞེས་བཟླས་ནས་མིང་པོ་གསུམ་དང། བདག་ཉིད་ལྷན་ཅིག་གཅིག་ཏུ?་གྱུར་པར་བསམ་པར་བྱའོ། །དེ་ནས་ལྕེའི་རྡོ་རྗེ་དེ་བཞིན་དུ་རྣམ་པར་བསམས་ལ། སྭ་ཞེས་བྱ་བ་རྣམ་པར་བསམས་པར་བྱའོ། །སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས ་ལ། མིང་པོ་གསུམ་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་པར་བྱའོ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྦ?་པ་བསམས་ལ། །མིང་པོ་གསུམ་གྱིས་ཕྱག་རྒྱ་ཆེན་པོ་བཅིངས་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། མདའ་དང་གཞུ་དང་ཐོད་པའི་ཕྱག་རྒྱའི་དབང་བསྐུར་བ ་དང། མིང་གི་དབང་བསྐུར་བ་ཡང་བླངས་ལ། སྭ་ཞེས་བྱ་བ་ཉིད་ཟློས་ཤིང་བདག་པོའི་དབང་བསྐུར་བ་དང། དེ་ཁོ་ན་ཉིད་དར་ཆོས་དང་དམ་ཚིག་བཟུང་ལ། མེ་ཏོག་ལ་སོགས་པ་དང། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་བདག་ཉིད་མཆོད་དེ། མིང་པོ་གསུམ ་ནི་བདག་གོ་ཞེས་ང་རྒྱལ་བསྐྱེད་ལ། ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་འདི་ཇི་སྲིད་མཚན་མ་དང་རྗེས་སུ་གནང་བ་ཐོབ་ཀྱི་བར་དུ་ཉིན་རེའི་སྦྱོར་བས་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ ་འཛིན་གསུམ་རྣམ་པར་བསྒོམ་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱས་བཏེག་སྟེ་བཞག་པར་བྱའོ། །དེ་ནས་ཉི་མ་འཆར་བའི་དུས་སུ་ཇི་ལྟ་བ་བཞིན་དུ་ཐིག་གདབ་པར་བྱ་སྟེ། ཟུར་བཞི་པ་སྒོ་བཞི་པ་དེའི་དབུས་སུ་དཀྱིལ ་འཁོར་གཉིས་ལ་གཞུའི་དབྱིབས་ལྟ་བུ་དེའི་ཕྱེད་ཀྱི་ཚད་དེའི་དབུས་སུ་སེང་གེ་གདུན་བྱས་ལ། དེའི་དབུས་སུ་མིང་པོ་གསུམ་རིམ་པ་བཞིན་བྲི་བར་བྱས་ཏེ། དབུས་སུ་རྒྱལ་བར་བྱེད་པ། དེའི་གཡས་ཕྱོགས་སུ་སྦྲང་རྩིར་བྱེད་པ། གཡོན་ལོགས་སུ་དོན ་ཐམས་ཅད་གྲུབ་པར་བྱེད་པ་སྟེ། །དེ་དག་ཐམས་ཅད་ཀྱང་གོ་ཆ་བགོས་པ་གཡས་ན་ཐོད་པ་ཐོས་པ། གཡོན་ན་མདའ་གཞུ་ཐོགས་པའོ། །ཅུང་ཟད་རྒོད་ཅིང་ཁྲོ་བར་བྲི་པར་བྱའོ། །དེ་ལ་རྒྱལ་བར ་བྱེད་པ་ནི་དཀར་པོ་སྤྲང་རྩིར་བྱེད་པ་ནི་སེར?་པོ། །དོན་ཐམས་ཅད་གྲུབ་པ་ནི་ལྗང་གུའི་མདོག་ཅན་ནོ། །ཤར་ཕྱོགས་གྱི་སྐོར་གྲུབ་པ་མདོག་དཀར་པོ། །མིག་གསུམ་པ་ལག་ན་རྩེ་གསུམ་པ་ཐོག་པའོ། །ལྷོར་འཕེལ་པོ་མདོག་སེར་པོ། །ལག ་ན་གཏེར་གྱི་བུམ་པ་ཐོགས་པའོ། །ནུབ་ཏུ་ཆེན་པོ་མདོག་དམར་སྐྱ?། ལག་ན་མེ་ཏོག་གི་ཟ་མ་ཏོག་ཐོགས་པའོ། །བྱང་དུ་གནོད་སྦྱིན་ནག་པོ་ལག་ན་མཆེ་བ་ཐོགས་པ་གནོད་སྦྱིན་གྱི་གཟུགས་ཅན་ན། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ ་པུའི་ཤར་ལྷོ་མཚམས་སུ་གཏུམ་མོ་མདོག་ནག་པོ་ལག་ན་?་ཕྱུག་པ་ཐོགས་པའོ། །ལྷོ་ནུབ་ཏུ་ཁྲོ་པ་མདོག་ནག་པོ་ལག་ན་སྦྲུལ་ཐོགས་པའོ། །ནུབ་བྱང་དུ་མཆོག་འཁོར་ལོ་ཐོགས་པའོ། །བྱང་ཤར་དུ་གསོད་པ་མདོག་ནག་པོ་ལག་ན་རལ་གྲི ་འཕྱར་བར་བྲི་བར་བྱའོ། །འདི་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་སྭ་ཞེས་བྱ་པའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་མདུང་གི་མཚན་མའི། ཕྱག་རྒྱས་ཡོངས་སུ་བཟུང་པའི་རྩེ་གསུམ་དང། མེ་ཏོག་གི་ཡལ་ག་ལས། བུམ་པ་ཐམས་ཅད་དང། ་བུམ་པ་གང་བ་རྣམས་ལ་སྭ་ཞེས་བྱ་བ་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་ལ། དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཕྱེ་སྟེ། སྭ་ཞེས་བྱ་བས་མིང་པོ་གསུམ་འཁོར་དང་བཅས་པ་ལ་མཆོད་ཡོན་བྱིན་ལ། བུམ་པ་དང། བུམ་པ་གང་བ་རྣམས་དང ་བླ་དེ་ལ་སོགས་པ་བྱིན་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་པ་དང། ཕྱི་རོལ་ཏུ་གླུ་དང་གར་ལ་སོགས་པས་ཀྱང་མཆོད་ལ། ཕྱི་རོལ་ཏུ་གཏོར་མ་བྱིན་ནས་སྦྱིན་སྲེག་བྱའོ། །དེ་ནས་གོས ་བཟང་པོ་ལ་སོགས་ཞེས་བྱ་བ་ལ་བཟླས་ལ། གཅིག་གིས་ནི་སྨད་གཡོགས་བྱ། གཉིས་པས་ནི་སྟོང་གཡོགས་བྱ། གསུམ་པས་ནི་རང་གི་གདོང་གཡོགས་ལ། ཕྱག་བཞི་བྱས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ལ། སྔ་མ་བཞིན་དུ་རང་གི་སྙིང ་གར་རྡོ་རྗེ་བསྐྱེད་དེ། ཤར་ཕ་ཡོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་ལྕམ?་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྩེ་གསུམ་པའི་མཚན་པའི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་པ་བཟུང་ལ། བཛྲ་བཛྲ་སྭ་ཞེས་བརྗོད ་ཅིང། གླུ་རྣམས་བླུ་རུ་ལེན་པ་དང། རོལ་མོ་རྣམས་རྡུང་པར་ཕྱེད་པ་དང། གར་བྱེད་བཞིན་དུ་སློབ་དཔོན་གྱི་དཀྱིལ་འཁོར་གྱི་མཆོག་ཏུ་འཇུག་པར་བྱའོ། །དེ་ནས་ཡང་མིང་པོ་གསུམ་གྱི་མདུན་དུ་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །ཛ:ཧཱུཾ་བ་ཧོ། །པྲ ་སིདྡྷཡ་མཱཾ། དེ་ནས་རྡོ་རྗེའི་ཆུ་འཐུང་ལ་ཨ་ཞེས་བྱ་བ་ལན་བརྒྱ་ཟློས་ཤིང། བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་སེམས་མ་རྡོ་རྗེ་ཕྱེ་ལ། ཨ་ཞེས་བྱ་བ་དེ་བཞིན་དུ་ཟློས་ཤིང། བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་སྭ ་ཞེས་བྱ་བ་ཟླ་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་ཉིད་བླང་ལ་དེ་ཉིད་ཀྱི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱི་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ ་ནས་རྩེ་གསུམ་པས་མཚན་མའི་ཕྱག་རྒྱ་བཅིང་ལ། ཏིཥྛ་བཛྲ་ཞེས་བྱ་བས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་རྡོ་རྗེའི་ལྟ་བས་ཁྲོ་བ་དང་བཅས་པས་བལྟས་ཏེ། ཇི་སྲིད་རང་གི་མཐོང་བ་བྱིན་ནས ་རང་གི་དངོས་གྲུབ་རྣམས་གཏེར་པར་གྱུར་པ་དེ་སྲིད་ཀྱི་བར་དུ་སྭ་ཞེས་བྱ་བ་བཟླས་བརྗོད་བྱའོ། །ཡང་དེ་ལ་དེ་བཞིན་དུ་བལྟས་ཏེ། རྡོ་རྗེ་ཐལ་མོ་དང་ཕྱག་བྱས་ལ། མེ་ཏོག་ལ་སོགས་པ་དང། དབང་བསྐུར་བ་རྣམས་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར ་རྩེ་གསུམ་པས་མཚན་པས་ཡོངས་སུ་བཟུང་བའི་རྩེ་གསུམ་པ་དང། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་སྔགས་དེ་བཞིན་དུ་བཟླའོ། །དེ་ནས་བདག་ཉིད་མིང་པོ་གསུམ་བྱིན་གྱིས་བརླབས་ལ། ཕྱིའི་དཀྱིལ ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲི་ཏེ། དེའི་སྟེང་དུ་སྭ་ཞེས་བྱ་བ་ཉིད་ཀྱིས་སེང་གེའི་གདན་བཞག་ལ། དེར་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོས་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལ། མཆོད་ཡོན་བླངས་ནས། རྡོ་རྗེ་ཁུ་ཚུར་གྱིས ་རྣམ་པར་རྒྱལ་བའི་བུམ་པའི?་མཆུ་བླངས་ལ། ཨོཾ་བཛྲཱ་ཨ་བྷི་ཥི་སྩས?་སྭ་ཞེས་ཟློས་ཤིང་།དེས་བདག་ཉིད་དབང་བསྐུར་ནས་ཆུ་དེ་བཏུད་པར་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་གྱིས་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་དང། དར་དབྱངས ་ཀྱི་དབང་བསྐུར་བས་དབང་བསྐུར་ལ། སྭ་ཞེས་བྱ་བས་མངའ་དང་གཞུ་?་བུ་དང་བཅས་པ་བླངས་ཏེ། སྭ་ཞེས་བྱ་བ་ཉིད་ཀྱིས་མིང་པོ་གསུམ་གྱི་མིང་གི་དབང་བསྐུར་བ་དང། བདག་པོའི་དབང་བསྐུར་བ་བླངས་ནས། མེ་ཏོག་གི་མཆོད་པས་དཀྱིལ ་འཁོར་མཆོད་དེ། བདག་ཉིད་མཆོད་པ་རྣམ་པ་ལྔ་དང། ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་ལ། རྗེས་སུ་གནང་བའི་དབང་བསྐུར་བ་བླངས་ནས། མིང་པོS་གསུམ་ལ་ཕྱག་བྱས་ནས། སྭ་ཞེས་བྱ་བ་དང། ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པ་བཟུང ་ལ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། རང་གི་མིང་ནས་བརྗོད་པར་ཡང་བྱས་ལ་འདི་སྐད་ཅེས་བརྗོད་དོ། །འཇིག་རྟེན་གསུམ་མཆོག་སྲིད་གསུམ་མ་མཆོག། ངན་སོང་གསུམ་མཆོད་གསུམ་རྣམ་གསུམ། ལེགས་ལྡན་སྲས? ་པ་གྲུབ་པ་ནི། དངོས་གྲུབ་ཀུན་ལ་རྟག་ཏུའོ། །དེ་ནས་དཀྱིལ་འཁོར་རྡོ་རྗེ་ས་བསྒྲུབས་ལ། བསྡུ་བ་བྱས་ཏེ། རྩེ་གསུམ་པས་མཚན་ཕྱག་རྒྱ་ལས་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་པ་དང། སྭ་ཞེས་བྱ་བ་ཟློས་ཤིང་མིང་པོ་གསུམ ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་བྱས་ལ། དཀྱིལ་འཁོར་བཅིང་བ་དང། མཚམས་བཅིངས་པ་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཅིངས་ཏེ། རྡོ་རྗེ་བསྲུང་པས་བསྲུང་བ ་ཐམས་ཅད་གོ་ཆ་བསྐོན་ཏེ། སྭ་ཞེས་བྱ་བས་མིང་པོ་གསུམ་ཀྱི་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ལ། རྩེ་གསུམ་གྱིས་མཚན་པ་བཅིངས་ཏེ། སྭ་དྲི་ཤྱ་ནས་བྱ་བས་བལྟ་བ་བྱས་ལ། ཛ:ཧཱུཾ་བཾ་ཏེ:ས་མ་ཡ་སྟཝཾ་ས་མ་ཡ་སཾ་ཨ་ཧཱི?་སྭ་ཞེས ་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ནས་དེ་བཞིན་དུ་ལྕེ་ལ་རྡོ་རྗེ་བསམ་ཏེ། མིང་པོ་གསུམ་ལ་སོགས་པའི་ལྕེ་ལ་ཡང་སྭ་ཞེས་བྱ་བ་རྣམ་པར་བསམ་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། ། ཞེས་བྱ་བས་རང་གི་སྙིང་གར་སྣ་ཚོགས་པདྨ ་དང་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ། གར་གྱི་ཚུལ་གྱིས་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། འདི་ནི་འདིར་ལས་ཀྱི་ཕྱག་རྒྱའོ། །ཧཱུཾ་ཞེས་བྱ་བས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན ་པ་མིང་པོ་གསུམ་ལ་སོགས་པའི་རྒྱ་ཆེན་པོ་སྭ་ཞེས་བྱ་པས་བཅིངས་པར་བྱའོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་མིང་པོ་གསུམ་ལ་སོགས་པ་ལ་དབང་བསྐུར་ལ། །སྭ་ཞེས་བྱ་པས་མིང་པོ་གསུམ་འཁོར་དང་བཅས་པ་ལ་མཆོད ་ཡོན་བྱིན་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ལེགས་པར་མཆོད་ལ། སློབ་མོ་རྣམས་གཞུག་པའི་རྗེས་སུ་གནང་བ་མནོས་ཏེ། །དེ་རྣམས་བདག་ཉིད་འཇུག་པའི་ཚུལ་དུ་གཞུག་པར་བྱའོ་།དེ་ནས་ཐམས ་ཅད་བྱས་ལ་དམ་ཚིག་སྦྱིན་པར་བྱ་སྟེ་གལ་ཏེ་དམ་ཚིག་འདས་གྱུར་ན་ཕ་གསོད་འགྲོ་བ་གང་ཡིན་དང། མ་གསོང་པ་ཡི་འགྲོ་བོ་གང། འགྲོ་བ་དེར་ནི་འགྲོ་བར་འགྱུར། །རྟག་ཏུ་དམ་པ་བསྟེན་པར་བྱ། དམ་པ་མིན་པ་ཡོངས་སུ་སྤང། ་བཞན་ལ་དེ་ཉིད་བསྟན་མི་བྱ། རྟག་ཏུ་མིང་པོ་གསུམ་པོ་བསྒྲུབ། ཅེས་བྱ་བ་ནི་དམ་ཚིག་གོ། ལྷ་མ་རྣམས་ནི་སྔར་བཤད་པའི་ཚུལ་དུ་ཞེས་པར་བྱའོ། །དཔལ་མཆོག་དང་པོའི་ལས་མིང་པོ་གསུམ་གྱི་རྟོག་པའི་རྒྱལ་པོ་བཤད་པ ་རྫོགས་སོ།། །།དེ་ལྟར་མིང་པོ་གསུམ་གྱི་རྟོག་པ་དེས་འདུལ་པའི་སེམས་ཅན་རྣམས་ལས་བརྩམས་ཏེ། གསུངས་ན། ད་ནི་སྲིང་མོ་བཞིས་འདུལ་བའི་སེམས་ཅན་ཉིད་ལ་བརྩམས་ཏེ། སྲིང་མོ་བཞིའི་རྟོག་པ་བཤད་པའི་ཕྱིར། དེ་ནS ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་བཟུང་བར་བྱའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གཉིས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི ་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །སྲིང་མོ་བཞིས་ཞེས་བྱ་བ་ནས། ཧཾ་ཞེས་བྱ་པའི་བར་གྱི་བཤད་པ་ནི་གོ་བར་ཟད་དོ། །འདི་དག་གིས་ནི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་འདུས ་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་པར་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ། །ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་སློབ་དཔོན ་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་དོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །འདི་ཞེས་བྱ་བ་ནི་ཧཾ་གིའོ། །ཟླུམ ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ཟླུམ་པོའི་དཀྱིལ་འཁོར་ཕུར་བུ་ལ་བཏགས་པའི་སྲད་བུས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཐིག་གདབ་པར་བྱའོ། །དེ་ནས་ཧཱུཾ་བཞིས་ཕུར་བུ་ཕྱུང་ལ། ཕུར་བུའི་ཁུང་བུ་ཚོན་སྣ་ལྔས ་ཡོངས་སུ་བཀང་ལ་མཉམ་པོར་བྱའོ། །དེ་ནས་མཚམས་ཀྱི་སྲད་བུ་གཉིས་ཀྱིས་དཀྱིལ་འཁོར་དེ་དུམ་བུ་བཞི་པར་བྱའོ། །དེ་ནས་སྒོ་བཞི་པོ་དེར་ཤར་ཕྱོགས་ཀྱི་དཀྱིལ་འཁོར་ལ། དགའ་བ་མེ་ཤར་དུ་ལྟ་བ་བྲི་པར་བྱ་ཞིང། མདའ་དང་གཞུ་ཐོགས་པ ་ལ་བརྩོན་པ། ཁ་དོག་དམར་པོར་བྱའོ། །ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་ལ། གསོད་མ་ལྷོར་བལྟ་བ། ལག་ན་རལ་གྲི་དང། ཕུབ་ཐོགས་པ། མདོག་ནག་པོའོ། །ནུབ་ཕྱོགས་ཀྱི་དཀྱིལ་འཁོར་ལ། ཕག་མོ་ནུབ་ཏུ་བལྟ་བ། ལག་པ་གསེར་གྱི་གཏེར་ཐོགས་པ ་གསེར་གྱི་མདོག་ཅན་ནོ། །བྱང་ཕྱོགས་ཀྱི་དཀྱིལ་འཁོར་ལ། གྲུབ་པ་མོ་བྱང་དུ་བལྟ་བ་ལག་ན་ཤ་ཀ་ར་དང་གྲི་རིངས་ཐོགས་པ། མདོག་དཀར་མོ་བྲི་བར་བྱའོ། །ཕྱི་རོལ་གྱི་ཞེས་བྱ་བ་ལ། སྒོ་བཞིའི་དབུས་སུ་དགའ་བ་མོ་ལ་སོགས་པའི་མཚན་མའི་ཡན་ལག་རིམ་པ་ཛི ་ལྟ་བ་བཞིན་དུ་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ་བྲི་བར་བྱའོ། །དེ་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དཀྱིལ་འཁོར་བྲིས་ལ། ལག་པ་གཡས་པས་དྲིལ་བུ་བཟུང་སྟེ། གཡོན་པས་ཁ་ཊཝཱཾ་ག་བཟུང་ནས་ཧཱུཾ་ཟློས་ཤིང་འཇུག་པར ་བྱའོ། །དེ་ནས་ཕྱག་རྒྱ་དང་གར་གྱི་མཆོད་པ་བསྟབས་པར་བྱའོ། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བཞིས་གར་བྱའོ། །དེ་ནས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་གོ་བར་ཟད་དོ། །ལས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་རིམ་པ་གཙོ་བོར ་བྱ་བ་དང། བརྩོན་འགྲུས་ཀྱི་ལས་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་རོ། །འདི་སྐད་སྟོན་པ་ཡིན་ཏེ། མིང་པོ་གསུམ་གྱི་སྐབས་སུ་བཤད་པའི་ཆོ་གས་དགའ་བ་མོའི་སྦྱོར་བ་བྱས་ལ། ཏིང་ངེ་འཛིན་སྒོམ་པ་སྔོན་དུ་འགྲོ་བས་སྲིང ་མོ་བཞིའི་དཀྱིལ་འཁོར་འདི་ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གི་དབུས་སུ་ཏིང་ངེ་འཛིན་གསུམ་བསྒོམ་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་སྲིང་མོ་བཞིའི་དམ་ཚིག་གི་ཕྱག ་རྒྱས་བཏེག་ནས། ཇི་བལྟ་བ་བཞིན་དུ་བཞག་ལ། ལྷག་པར་གནས་པའི་ཆོ་ག་རྣམས་རྗེས་སུ་དཔྱད་དེ། ཡང་ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དེ་བཞིན་དུ་བར་སྣང་ལ་བཞག་ནས་ཐིག་གདབ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་ལྷ་མོ་བཞིའི ་ང་རྒྱལ་གྱིས་དྲི་བར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་མངའ་དང་གཞུ་གཉིས་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ཕུབ་དང་བཅས་པའི་རལ་གྲིའོ། །ནུབ་ཏུ་གཏེར་གྱི་བུམ་པའི། །བྱང་གི་སྒོར་བྲི་རིངས་དང་བཅས་པའི་ཐོད་པ་ཧཾ་ཞེས་བྱ་བ་ཉིད་ཀྱི་བྲི་བར་བྱའོ།། ་དེ་ནས་སྲིང་མོ་བཞིའི་དམ་ཚིག་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང། བུམ་པ་གང་བ་རྣམས་ལ་རེ་རེ་ཞིང་ཧོ་ཞེས་བརྒྱ་རྩ་བརྒྱུད་བཟླས་བརྗོད་བྱའོ། །རྡོ་རྗེ་བསྡམས་པ་བྱས ་ལ་གཡས་པའི་མཛུབ་མོ་དང། གུང་མོ་རྩེ་སྦྱར་ལ། གཡས་པའི་སྲིན་ལག་གི་རྩེ་མོ་དང། གཡོན་པའི་མཐེའུ་ཆུང་གི་རྩེ་མོ་སྦྱར་ནས་བཞག་པ་འདི་ནི་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་རྣམས་ཇི་ལྟ་བ ་བཞིན་དུ་ཕྱེ་ལ། ཧཾ་ཞེས་བྱ་བས་སྲིང་མོ་བཞི་ལ་མཆོད་ཡོན་བྱིན་ཏེ། བུམ་པ་དང་བུམ་པ་གང་པ་རྣམས་དང། བླ་རེ་ལ་སོགས་པ་ཡང་བྱིན་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དེ་ཡང་དག་པར ་མཆོད་ལ་ཕྱི་རོལ་དུ་གླུ་དང་གང་ལ་སོགས་པས་ཀྱང་མཆོད་པ་བྱེད་དུ་བཅུག་སྟེ། ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སྦྱིན་སྲེག་བྱས་ལ་གོས་བཟང་པོ་ལ་ཧཾ་ཞེས་བྱ་བ་བཟླས་ཏེ། དེ་ལས་གཅིག་གིས་ནི་སྨད་གཡོགས་བྱ། ་གཉིས་པས་ནི་སྟོད་གཡོགས་བྱ། གསུམ་པས་རང་གི་གདོང་གཡོགས་བྱས་ལ། ཕྱག་བཞི་བྱས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྔ་མ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་བསམས་ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི ་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ཏེ། ལག་པ་གཡས་པས་དྲིལ་བུ་དཀྲོལ་ལ། ལག་པ་གཡོན་པས་ཁ་ཊཝཾ་ག་བཟུང་སྟེ། བཛྲ་བཛྲ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་ཕྱག་བྱས་ལ། དཀྱིལ་འཁོར་བསྐོར་བ་ལན ་གསུམ་བྱས་ཏེ་མདུན་དུ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཛ:ཧཱུཾ་པཾ་ཧོ། །པྲ་སིདྡྷཡ་མཱཾ། །དེ་ནས་རྡོ་རྗེ་ཆུ་འཐུངས་ལ། ཨ་ཞེས་བྱ་བ་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ ་རྡོ་རྗེ་ཕྱེ་ལ་ཨ་ཞེས་བྱ་བ་དེ་བཞིན་དུ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་མེ་ཏོག་ཧཾ་ཞེས་བྱ་བས་དོར་བར་བྱའོ། །དེ་ནས་དེ་བླངས་ལ། དེ་ཉིད་ཀྱི་རང་གི་མགོ་བོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ནས། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་ལེ། །དེ་ནས་དགའ་བ་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ་རྡོ་རྗེའི་ལྟ་བས་དེ་ལ་ད་ལྟ་ཞིང་ཇི་སྲིད་དུ་རང་གི་གཟུགས་བསྟན་ནས། རང་གི་དངོས་གྲུབ་སྟེར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཧཾ་ཞེས་བྱ་བ་བཟླས་བརྗོད་བྱའོ། །ཡང་དེ་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ། ་མེ་ཏོག་ལ་སོགས་པས་དབང་བསྐུར་བར་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་སྲིང་མོ་བཞིའི་དམ་ཚིག་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་བྷ་ཞེས་བྱ་བ་ལ་སོགས་པ་སྔ ་མ་བཞིན་དུ་བཟླས་ལ། བདག་ཉིད་མིང་པོ་གསུམ་གྱི་གཟུགས་སུ་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་བྲིས་ལ། དེའི་དབུས་སུ་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོས་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག ་པར་མཆོད་ནས། མཆོད་ཡོན་བླངས་ལ་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་བླངས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཾ་ཞེས་བྱ་བ་དང། ངེས་བདག་ཉིད་དབང་བསྐུར་བར་བྱ་ཞིང། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་དང། དར་དབྱངས ་ཀྱིས་དབང་བསྐུར་པའི་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་དང། དང་དབྱངས་ཀྱི་དབང་བསྐུར་བས་དབང་བསྐུར་ལ་ཧཾ་ཞེས་བྱ་བས་དྲིལ་བུ་དང་བཅས་པའི་ཁ་ཊཝཱཾ་ག་བླངས་ནས། ཧཾ་ཞེས་བྱ་བ་ཉིད་ཟློས་ཤིང། མིང་གི་དབང་བསྐུར་བ་དང། བདག་པོའི་དབང་བསྐུར་པ ་བླངས་པ། བདག་ཉིད་ལ་མེ་ཏོག་ལ་སོགས་པས་མཆོད་དེ། ལྷ་མོ་བཞིའི་ལས་ཀྱི་ཕྱག་རྒྱས་ཀྱང་མཆོད་ནས། རྗེས་སུ་གནང་བ་དང་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་ལྷ་མོ་བཞི་ལ་ཕྱག་བྱས་ཏེ། ཧཾ་ཞེས་བྱ་བ་དང། ཕྱག་རྒྱ་བཞི་ཡང་བཟུང ་ནས། བདག་ལ་བྱིན་ཀྱིས་བརླབ་པ་དང། རང་གི་མིང་ནས་བརྗོད་པ་དག་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་པ་བྱས་ལ། ཧཾ་ཞེས་བྱ་བ་ཟློས་ཤིང། གསང་པའི་ལྕགས་ཀྱུས་སྲིང་མོ་བཞིས་དཀྱིལ་འཁོར་དུ་གཞུག ་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བར་བྱས་ལ། མཚམས་བཅིང་བ་དང། དཀྱིལ་འཁོར་བཅིང་བ་དང། ར་བ་དང། དྲ་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱི་སྒོ་བཅིངས་ནས། རྡོ་རྗེ་བསྲུང་བས་སྲུང་བ་ཐམས་ཅད་གོ ་ཆ་བསྐོན་ཏེ། སྲིང་མོ་བཞི་ལ་ཧཾ་ཞེས་བྱ་བས་མཆོད་ཡོན་བྱིན་ནས། སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱས་ཧཾ་དྲི་ཤྱ་ཞེས་བྱ་བ་དང། སྲིང་མོ་བཞི་ལ་བལྟ་བ་བྱས་ལ། ཛ:ཧཱུཾ་བཾ་ཧོ། ས་མ་ཡ་སྟཝཾ། ས་མ་ཡ་སྟཝཾ། ཨ་ཧཾ་ཞེས ་ལན་གསུམ་བརྗོད་དེ། བསྒྲུབ་པར་བྱའོ། །སྔ་མ་བཞིན་དུ་རང་གི་ལྕེ་ལ་རྡོ་རྗེ་བསམས་ལ། །དེ་རྣམས་ཀྱི་ལྕེ་ལ་ཡང་ཧྲཾ་ཞེས་བྱ་བ་བསམས་པ་འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །འདིར་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ ་བསམས་ལ་གང་གྱི་སྦྱོར་བས་ཧཾ་ཞེས་ཟློས་ཤིང་སྲིང་མོ་བཞིའི་ཕྱག་རྒྱ་ཆེན་པོ་བཅིང་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་རྣམ་པར་བསམས་ལ། ཧཾ་ཞེས་བྱ་བ་ཟློས་ཤིང་དེ ་རྣམས་ཇི་ལྟར་བྲིས་པ་དང། རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་དེ་རྣམས་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། ཧཾ་གྱི་མཆོད་ཡོན་བྱིན་ཏེ། མཆོད་པ་རྣམ་པ་ལྔ་དང་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིས ་ཡང་དག་པར་མཆོད་ལ། ཕྱག་བྱས་ནས་སློབ་མ་གཞུག་པའི་ཕྱིར་གནང་བ་མནོས་ལ། བདག་ཉིད་འཇུག་པའི་སྦྱོར་བས་གཞུག་པར་བྱའོ། །དེ་ནས་རང་གི་ཆོ་ག་ཐམས་ཅད་དེ་རྣམས་ལ་རྗེས་སུ་དཔྱད་པར་བྱའོ། །དཔལ་མཆོག་དང་པོའི་དུམ་བུ་དང་པོ་ལས་སྲིང་མོ་བཞིའི ་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྔོན་དུ་བསྙེན་པའི་ཆོ་ག་དང་རས་ཀྱི་རི་མོ་གཉིས་ལ་བསྒྲུབ་པའི་ཆོ་ག་ནི་དཀྱིལ་འཁོར་ཐམས་ཅད་ལ་ཡང་སོ་སོར ་ཤེས་པར་བྱའོ། །ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་རྟོག་པའོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། མི་བསྐྱོད་པའི་ངོ་བོ་ཉིད་ནི་རྡོ་རྗེའོ། །དེ་ལས་བྱུང་བའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ནི་བླ་ན་མེད་པའི་རྡོ་རྗེའི་རིགས་སོ། །མོས་པ ་སྤྱོད་པའི་ས་པའི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་ཟག་པ་དང་བཅས་པ་ལ་སོགས་པ་ལས་སྐྱེས་པ་གང་ཡིན་པ་རྡོ་རྗེ་དབང་ཕྱུག་ལ་སོགས་པ་ནས་སྲིང་པོ་བཞིའི་བར་གྱི་དཀྱིལ་འཁོར་གྱི་རང་བཞིན་ནི་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཏེ། དེའི་རྟོག ་པ་ནི་ཇི་སྐད་བཤད་པའོ།། །།དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས། དཀྱིལ་འཁོར་བཅོ་ལྔའི་རྟོག་པ་གསུངས་ནས། ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་བྲིས་ནས་སློབ་དཔོན་གྱི ་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལ། སྤྲུལ་པ་རང་གི་ལུས་ལ་བཅུག་སྟེ། རང་གི་རྟོག་པ་ལས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཞི་བརྗོད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་འདོན་ཅིང། །དེའི ་དོན་ལ་ལྷག་པར་མོས་པས་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་ལྷག་པར་མོས་?་དག་ཉིད་ཕྱག་ན་རྡོ་རྗེའི་གཟུགས་སུ་གནས་པ་ལ་ལེགས་སོ། །ཞེས་བྱ་བས་དགའ་བར་བྱས་ནས། བདག་ཉིད་བསྲུང་བ་བྱས་ཏེ ་ལྡེང་བར་བྱའོ། །ཞེས་བྱས་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་སྟོན་པར་བྱེད་པའི་ཚིག་སྟེ། ཇི་སྐད་དུ་གསུངས་པའི་དཀྱིལ ་འཁོར་བྲིས་ནས། ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བར་བྱ་བ་དང་། རང་གི་ལུས་ལ་བཅུག་པ་བྱས་ནས་དེའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏེ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། །དེ་བཞིན་གཤེགས ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །མཛའ་ཡས་མུ་མེད་པས་མཐར་ཐུག་ཅིང། ཞེས་བྱ་བ་ལ། དེ་ལ་མཛའ་ཡས་པ་ནི་ཆོས་ཀྱི་དབྱིངས་སོ། །ནམ་མཁའ་ཨི་དབྱིངས་སོ། །དེ་ཉིད་ནི་མུ་མེད་པ་སྟེ། ་མཛའ་ཡས་པ་ཡང་ཡིན་ལ་མུ་མེད་པ་ཡང་ཡིན་པས་ན་མཛའ་ཡས་མུ་མེད་པའོ། །མཛའ་ཡས་པ་དང་མུ་མེད་པ་དེ་ཉིད་ནི་མཐར་ཐུག་པ་སྟེ། རྫོགས་པ་གང་ཡིན་པ་དེ་ནི་མཛའ་ཡས་མུ་མེད་པས་མཐར་ཐུག་པའོ། །དེའི་ཆོས ་གང་ཡིན་ཞེ་ན་མུ་མེད་པའི་མཐར་ཐུག་པའི་ཆོས་ཉིད་དང་ལྡན་པས་ཞེས་བྱ་བ་གསུངས་ཏེ། མུ་མེད་པ་ནི་ཇི་སྐད་དུ་བཤད་པའི་ཆོས་ཀྱི་དབྱིངས་དང། མཉམ་པའི་དབྱིངས་ཏེ། དེའི་མཐར་ཐུག་པ་ནི་ཆོས་ཀྱི་དབྱིངས་དང། ་ནམ་མཁའ་ཨི་དབྱིངས་ཁྱབ་པའི་ཆོས་ཉིད་འདི་ལ་མངའ་བས་ན། མུ་མེད་ཅིང་མཐར་ཐུག་པའི་ཆོས་དང་ལྡན་པ་ཞེས་བྱ་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་བའི་སྐུ་དག་གིས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་མཛད ་པའི་ཕྱིར་ཐམས་ཅད་དུ་སོང་བ་ཞེས་བྱ་བའི་དོན་ཏོ། །ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཞེས་བྱ་བར་སྦྱར་ཏེ། ཡང་ཞེས་བྱ་བ་ནི་བཤད་ཟིན་ཏེ་། ་ཅིའི་ཕྱིར་བཤད་ཅེ་ན། འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྟོག་པ་བཅོ་ལྔ་སྟེ། མཐར་ཐུག་པ་ན་ཡོངས་སུ་རྫོགས་པར་འདི་དག་གིས་བཤད་པའོ། །དེའི་བྱིན་གྱིས་བརླབས་པ་ནི་སློབ་དཔོན་གཅིག་གིས ་ཕྱི་མའི་མཐར་ཐུག་བ་མེད་པའི་བར་དུ་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བའི་ཕྱིར་བཞག་པའོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ཆོས་ཐམས་ཅད་དེ། རྟོག་པ་བཅོ་ལྔའི་མཐར་ཐུག་པའོ། །དེ་རྣམས ་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ། དཀྱིལ་འཁོར་ལ་སོགས་པའི་ཚུལ་གྱིས་ཀྱང་ཕྱི་མའི་མཐར་ཐུག་པའི་བར་དུ་མི་ཕྱེད་པ་འགྲོ་བའི་དོན་གྱི་བྱ་བའོ། །དེའི་མཐར་ཐུག་པ་ནི་ཡོངས་སུ་རྫོགས་པ་སྟེ། དཔག་ཏུ་ཡོད་ཅིང་ཡོངས་སུ་ཆད་པའི ་གཞུང་གང་ཡང་དག་པར་བསྡུས་ནས། ཡང་དག་པར་བསྲེས་ཏེ་བཤད་པའོ། །དེའི་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་གིས་བསྟན་པར་བྱས་པར་གྱུར་པ་དེ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད ་ཀྱི་མཐར་ཐུག་པས་བྱིན་གྱིས་བརླབ་པ་རྡོ་རྗེ་སྟེ། མིང་དེ་སྐད་དེ་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པར་མཛད་པའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་སྨྲས་པའོ། །བཤད་དོ་ཞེས་བྱ་བ་ནི་བསུང་པའོ། །དེ་ཉིད་གང་ཞེ་ན་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་ཉིད་པས་ཞེས་བྱ་བ་ལ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་དང། བྱང་ཆུབ་ཀྱི་སེམས་ཆེན་པོའི་མཚན་ཉིད་ཅན་ནོ། །དེ་ཡང ་ཐམས་ཅད་དུ་སོང་བ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་ཡིན་ལ། དེའི་དངོས་པོ་ཉིད་ནི་མཛའ་ཡས་པ་ཉིད་དེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་མཛའ་ཡས་པ་ཉིད་དུ་གྱུར་པ་ཡིན་ཏེ། འདིར་དེ ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང། དེ་བཞིན་གཤེགས་པ་ཐམས་ཅད་ཡིན་ལ། དེ་རྣམས་ཀྱི་མཛའ་ཡས་པ་ཉིད་ནི་ནམ་མཁའ་ཨི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ ་དང་གསུང་དང། ཐུགས་རྡོ་རྗེ་ཉིད་དོ། །ཆོས་བདག་མེད་པའི་ཡེ་ཤེས་དང། ཡེ་ཤེས་ལས་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང། དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི་གདུལ་བྱའི་དབང་གི་ཕྱིར་ཕྱི་མའི་མཐར་ཐུག ་པ་མེད་པའི་ནམ་མཁའ་ཁྱབ་པར་མཛད་ཅེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་ནམ་མཁའ་དང་མཉམ་པ་ཡེ་ཤེས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེའི་མུ་མེད་པ་ཉིད་ནི་རྣམ་པར་ཐར་པའི་སྒོ ་མཚན་མ་མེད་པའི་རང་བཞིན་ཏེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དུ་འགྱུར་ཏེ། རྡོ་རྗེ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྡོ་རྗེ་ཐམས་ཅད་དེ། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཀྱི ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་སོ། །འདི་སྐད་ཅེས་སྟོན་པ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་སོང་བ་ཡིན་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་སོང་བ་དེའི་ཕྱིར་དེའི ་ཚུལ་ལས་སྐྱེས་པའི་རྡོ་རྗེ་རིན་ཆེན་གྱི་རིགS་ནི་མུ་མེད་པར་གྱུར་པ་ཡིན་ཏེ། མཛའ་ཡས་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་ཅེས་བྱ་པ་ལ་འདིར་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱིས་ཡེ་ཤེས་སོ། །དེ་ཡང་དཀྱིལ་འཁོར་ལ་སོགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་དབྱེ་བས་མཛའ་ཡས་པའི་རང་བཞིན་ཅན་ནོ། །དེ་བས་ན་དེ་ནི་དུ་མ་ཉིད་ཡིན་པའི ་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་དེས་ཆོས་ཐམས་ཅད་དུ་མ་ཉིད་དུ་གྱུར་པ་ཡིན་ཏེ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། པདྨའི་རིགས་ཀྱི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད ་ལ་སོགས་པའི་དབྱེ་བས་དུ་མ་ཉིད་དམ་སྣ་ཚོགས་པར་གྱུར་པ་ཡིན་ཏེ། རྣམ་པར་དག་པའི་རྒྱུ་ཉིད་ཀྱིས་ན་སྣ་ཚོགས་པའི་རྣམ་པའོ། །ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས་ཞེས་བྱ་བ་ལ་འདིར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱི་འོད་གསལ་བ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་དེ་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དུ་གྱུར་པའོ། །དེ་ཡང་ལས་ཀྱང་ཡིན་ལ་ཐམས་ཅད ་ཀྱང་ཡིན་པས་ན། ལས་ཐམས་ཅད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་རྣམས་དང་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་དོ། །དེ་རྣམས་ཀྱི་མཐར་ཐུག་པ་མེད་པ་ནི། ཕྱི་མའི་མཛའ་ཨི་མུར ་ཐུག་པ་མེད་པར་སྤྲུལ་པ་རྣམས་ཀྱིས་འགྲོ་བ་རྣམས་ཀྱི་དོན་མཛད་པར་གྱུར་པའོ། །གང་ལ་ལ་ཞེས་བྱ་བ་ནི་གོ་སླའོ། །དེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་དཔྱོད་པ་མཐར་ཐུག་པ་མེད་པའི་མཐར་ཕྱིན་ཏེ། ཞེས་བྱ་བ ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་དག་གིས་འགྲོ་བའི་དོན་གྱིས་མཐར་ཕྱིན་ཏེ། རབ་ཀྱི་མཐར་ཐུག་པའི་རྟོགས་པ་ཐོབ་པའོ། །ཇི་ལྟ་ཞེ་ན། སྒྲིབ་པ་ཐམས་ཅད་ཟད་པའི་མཐར་ཕྱིན་པ་ཉིད་ཀྱིS་ཞེས་བྱ་བ་གསུངS ་ཏེ། སྒྲིབ་པ་ཐམས་ཅད་ནི་བཤད་ཟིན་ཏོ། །དེ་རྣམས་ཀྱི་ཟད་པའི་མཐར་ཐུག་པ་ནི་ལྷག་མ་མེད་པར་སྤངས་པའོ། །དེའི་དངོས་པོ་ནི་སྒྲིབ་པ་ཐམས་ཅད་ཟད་པའི་མཐར་ཐུག་པ་ཉིད་དེ་དེས་དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་མྱུར་དུ ་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའི་ཚིག་གོ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཡང ་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། སེམས་ཅན་ཆེན་པོ་སྟེ་ཐོག་མ་དང་ཐ་མ་མེད་པའོ། །རིགས་ཐམས་ཅད་ཀྱི་མདོ་སྡེ་ཡིན་པས་ན་རྡོ་རྗེའི་མདོ་སྡེའོ། །དེ་བྱིན་གྱིས་བརླབ་པ་ནི་བརྟན་པར་བྱས་པ་སྟེ། སྔར་བཤད་པའི་ཚུལ་གྱིས་སློབ་དཔོན ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྟེ། རྒྱུན་མི་འཆད་པར་བཞག་པའོ། །གང་གིས་བྱིན་གྱིས་བརླབས་ཤེ་ན། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས ་ཏེ། དེ་དག་དང་ལྷན་ཅིག་ཏུ་བཞུགས་པས་ན། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས་ཞེས་བྱ་བ་སྟེ། དེས་བྱིན་གྱིས་བརླབ་པའོ། །སངས་རྒྱས་རྡོ་རྗེ་འཛིན་པ་དང་བཅས་པ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ཅིར་འགྱུར་ཞེ་ན། འབྲས་བུ་ཡོད་པས ་ཞེས་བྱ་བ་གསུངས་ཏེ། གདུལ་བྱ་རྣམས་ཀྱི་བྱང་ཆུབ་སེམས་ལ་སོགས་པ་རྫོགས་པའི་བྱེད་པ་ངེས་པ་ཉིད་ཡིན་པས་ན་འབྲས་བུ་ཡོད་པའོ། །འདིས་སེམས་ཅན་རྣམས་འདུལ་བས་འདུལ་བ་སྟེ། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན ་པ་ཉིད་ལ་རབ་ཏུ་འཇོག་པ་ཞེས་བྱ་བའི་དོན་ཏོ། །འདུལ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་འདུལ་བའི་མཆོག་གོ། ཆོ་གའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་ནི་གོ་བར་ཟད་དོ། །སངས་རྒྱས་ཀུན་གྱིས་གསུངས་པ་བཞིན། ཞེས་བྱ་བ་ནི ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་སྐད་དུ་གསུངས་པའི་གཞུང་དང་དོན་སྒྲུབ་པར་བྱེད་ཅིང། གང་ཞིག་འཛིན་པར་བྱེད་པ་དེ་དག་ནི་ཇི་སྐད་དུ་གསུངས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །དེ་སྐད་ཅེས་བྱ་བ་ནི ་འདས?་མ་ཐག་ཏུ་གསུངས་པའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་སེམས་དཔའ་སྟེ་དེས་གསུང་པའོ། །ཀུན་གྱི་མཆོག་ནི་དམ་པར་གྱུར་པའོ། །སངས་རྒྱས་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ། །སྲས་བཅས་ཀུན་ནི་བྱང་ཆུབ་སེམས་དཔའ་ཨི་འཁོར ་གྱི་དཀྱིལ་འཁོར་དང་བཅས་པ་སྟེ། དེ་དག་ཐམས་ཅད་ཀྱི་མངོན་པར་བསྟོད་དོ། །ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་རྡོ་རྗེ་སེམས་དཔས་བཤད་པ་ལ་སྔོན་པར་བསྟོད་ཅེ་ན། གསང་གྲུབ་ཕྱིར་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་དང་གསང་སྔགས་ཀྱི་དངོས་གྲུབ་ནི ་གསང་བའི་དངོས་སྟེ་དེའི་དོན་ལ་མངོན་པར་བསྟོད་པར་གྱུར་པའོ། །འདི་སྐད་དུ་སྟོན་པར་འགྱུར་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དཀྱིལ་འཁོར་བཅོ་ལྔའི་སྒྲུབ་པའི་ཚིག་གང་ཞིག་གསུངས་པ་སྟེ། དེ་རྣམས་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གསང་བ ་སྒྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་རྣམས་ཀྱི་རྗེས་སུ་ཡི་རང་བར་མཛད་པ་སྟེ། སངས་རྒྱས་ཀྱི་གསུང་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གདུལ་བྱ་རྣམས་ཀྱིས་རྡོ་རྗེ་སེམས ་དབས་གསུངས་པ་འདི་ནི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་གསུང་ཉིད་དུ་ཞལ་གྱི་བཞེས་པར་མཛད་པ་ཡིན་ནོ། །ཞེས་ངེས་པ་བསྐྱེད་ནས་འཇུག་པར་གྱུར་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་འགྲུབ ་པར་འགྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པ་རྣམས་སོ། །དེ་རྫོགས་སོ་ཞེས་བྱ་བ་ནི་མཐར་ཕྱིན་པ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་སྟོན་པའི་ཚུལ་དང། ་ངོ་བོ་ཉིད་ཀྱི་སྐུ་དང་།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་ཆེན་པོ་དང། ཕྱག་རྒྱ་ཆེན་པོ་སྟོང་པའི་ཚུལ་གྱིས་སོ། །བྱང་ཆུབ་སེམས་དང་རྒྱ་ཆེན་ཤེས་རབ་ཕ་རོལ་ཕྱིན་འབྱུང་བའི། རྒྱུད་འདི་བཤད་བྱས་བདག་གིས་དགེ་བ་ཚད་མེད་གང་བསགས་ཤིང།། ་ཤེས་རབ་ཕ་རོལ་ཕྱིན་ལ་ཀུན་དགའ་ཨི་སྙིང་པོས་དགེ་བསྐྱེད་དེ། །འཇིག་རྟེན་མ་ལུས་ཁྱབ་བདག་ཆེན་པོ་རྡོ་རྗེ་འཛིན་གྱུར་ཅིག། །དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འབྱུང་བ་ཞེས་བྱ་བ། །དུམ་བུ་དང་པོའི་ཕྱག་རྒྱ་བཤད་པ་རྫོགས་སོ།། །།སྔགས་དགོངས་སྒྲ་ཡི་ཚིག་དོན་རྟོག་དཀའ་བ། །བློ་གྲོས་བརྩོན་སོགས་རྒྱུ་དང་མི་ལྡན་ཞིང།། ་དོན་བཞིན་སྒྲུབ་པ་ཕལ་ཆེར་འདས་པ་ན། །ནུས་གཞན་བདག་ལ་སྤྲོ་བའི་སེམས་མེད་ཀྱང། མྱ་ངན་གནས་ཀྱི་དཔག་བསམ་ཤིང་འདྲ་ཡི། །སྙིགས་དུས་མཛའ་འཁོབ་གནས་སུ་རྗེས་རྒྱལ ་འཁྲུངས། །ཆོས་དོན་ལྷུར་མཛད་ཀུན་ལ་ཐུགས་རྩེ་བས། །དོན་འདིས་སྒྲུབ་ཕྱིར་བླ་མའི་བཀའ་ཡིས་བསྐུལ། །རྗེ་ཡི་བཀའ་ལས་མི་འདའ་གཙོར་བགྱིས་ཏེ། །བཀའ་དྲིན་གླན་ཞིང་ཅི་ནས ་མཉེས་བྱ་དང། །ཡོངས་ལ་ཕན་དགོངས་རྒྱ་ཆེན་སྒྲུབ་པའི་ཕྱིར། །མངོན་མཁས་རྗེས་འབྲངས་རྩོལ་པ་གཏུགས་ཏེ་བསྒྱུར། །དེ་བས་ཆོས་རྗེས་འབྲངས་པའི་དམ་པ་རྣམས། །ཡང་དག ་དོན་བཙལ་རྗེས་སུ་མོས་བློ་ཡིས། །ཆོས་མཆོག་བཀའ་དྲིན་དམ་པ་ཞེས་བྱས་ལ། །དོན་བཞིན་དཔྱད་པས་བཀའ་དྲིན་བསམ་པའི་རིགས། །རྒྱ་གར་གྱི་མཁའ་པོ་ཨཱ་ཙརྱ ་ཤདྡྷཱ་ཀརྨ་དང། །ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་པའོ།། །།སརྦ་མངྒ་ལཾ། ། ་