| Wylie | e-texts based on the ACIP/ALL Input |
དཔལ་མཆོག་དང་པོའི་འགྲེལ་པ་བཞུགས། ། ་རྒྱ་གར་སྐད་དུ། ཤྲཱི་པར་མཨཱརྱ་བིར་ནཱ་མ། བོད་སྐད་དུ་། དཔལ་མཆོག་དང་པོའི་འགྲེལ་པ། བཅོམ ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཆེན་པོའི་ས། །ཐོག་མ་ཐ་མ་མེད་དགེ་བ། ། ་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས། །ཆོས་ཀྱི་སྐུ་ལ་སོགས་བསྡུས་པ། །རྡོ་རྗེ་འཛིན་ཆེན་དད་པ་ཡི། །ཡང་དང་ཡང ་དུ་ཕྱག་འཚལ་ཏེ། །འགྲོ་བས་དེ་ནི་གནས་ཐོབ་ཕྱིར། །རབ་ཏུ་ཕྱེ་སྟེ་བཤད་པར་བྱ། །འདི་སྐད་བདག་གིས ་ཐོས་པ་ཞེས་བྱ་བ་ལ་སོགས་པ་ཚིག་ཉེ་བར་དགོང་པ་འདིའི་བརྗོད་པར་བྱ་བ་ནི་གང་ཞིག་ཡིན་འབྲེལ་པ་ནི ་གང་ཞིག་ཡིན། དགོས་པ་ནི་ཅི་ཞིག་ཡོད། དགོས་པའི་དགོས་པ་ནི་ཅི་ཞིག་ཡིན་ཞེ་ན། རྒྱུད་འདིའི་མིང་དཔལ་མཆོག་དང་པོ ་ཞེས་བྱ་བ་ལ། དཔལ་མཆོག་དང་པོ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་མཚན་ཉིད་དེ་ནམ་མཁའ་ཨི་ཁམས་ཐམས་ཅད་ལྟར། རྟག་ཏུ ་བཞུགས་པ་སྐུ་དང་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་པ། བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེའི་བརྗོད་པར་བྱ་བའི་ངོ་བོ་ཉིད་དོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཡིན་ནོ། །རྒྱུད ་ཀྱིས་བརྗོད་པར་བྱ་བ་དང། དེ་སྟོན་པར་བྱེད་པའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་གདུལ་བྱ་རྣམས་འདོད་པ་བསྐྱེད ་པ་ནི་དགོས་པ་ཡིན་ནོ། །འདོད་པ་བསྐྱེད་ནས་ཀྱང་། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་འབྲས་བུ་འཐོབ་པར་འགྱུར་བ་ནི་། དགོས་པའི་ཡང་དགོས་པར་བཤད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་འདོད ་ཆགས་ཀྱིས་འདོད་ཆགས་གདུལ་བར་བྱ་བའི་ཕྱིར། དམ་ཚིག་ནི་སེམས་དཔའ་ཆེན་པོར་བྱིན་གྱིས་བརླབས་པ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི ་གསང་སྔགས་ལ་སོགས་པའི་ཚུལ་གྱིས་བཞུགས་པ་ཡིན་ནོ། །རང་བཞིན་གྱིས་བཟང་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས ་པའི་དཀྱིལ་འཁོར་དང། གསང་སྔགས་ཀྱིས་ཚུལ་གྱིས་བཞུགས་པ་ཡིན་ནོ། །ཁྲོ་བས་ཁྲོ་བ་སྤང་པར་བྱ་བའི་ཕྱིར། །ཁམས་གསུམ་རྣམ་པར་རྒྱལ་བའི་ཚུལ་གྱིས ་སོ། །ལོག་པར་ལྟ་བ་སྤང་པར་བྱ་བའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་དང་སྔགས་ཀྱི་ཚུལ་གྱིས་སོ། །སེར་སྣ་རབ་ཏུ་སྤང་བར་བྱ་བའི ་ཕྱིར། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་པའི་ཕྱིར། འཕགས་པ་ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་དང་སྔགས་ཀྱི་ཚུལ་གྱིས་སོ། །སྐུ་དང་གསུང་དང་ཐུགS ་ཀྱི་མཚན་ཉིད་གཅིག་ཏུ་བྱ་བའི་ཕྱིར། འཕགས་པ་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་སྔགས་ལ་སོགས་པའི་ཚུལ་གྱིས་སོ། །ཆོས་བདག་མེད་པ་དང་མ་བྲལ་ན་ཐམས་ཅད ་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན་ཐམས་ཅད་འབྱོར་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་དང་སྔགས ་ལ་སོགས་པའི་སྔགས་དང་ཚུལ་གྱིས་སོ། །དཀྱིལ་འཁོར་དུ་འཇུག་པ་མེད་པར་གསང་སྔགས་ཀྱི་ཚུལ་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འཕགས་པ་རྡོ་རྗེའི་འཁོར་ལོའི་དཀྱིལ་འཁོར་དང་སྔགས ་ལ་སོགས་པའི་ཚུལ་གྱིས་སོ། །མཆོད་པས་འགྲུབ་པར་འགྱུར་གྱི། ཚོགས་མེད་པར་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འཕགས་པ་ནམ་མཁའ་ཨི་མཛོད་ཀྱི་དཀྱིལ་འཁོར་དང་གསང་སྔགས་ཀྱི ་ཚུལ་གྱིས་སོ། །ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་དགེ་བའི་ཕྱོགས་རྣམས་ལ་ཕྱི་རོལ་གྱི་ལྷའི་བུ་ལ་སོགས་པའི་བདུད་རྣམས་ཚར་གཅོད་པར་ནུས་ན་འགྲུབ་པར་འགྱུར་རོ་ཞེས་བསྟན ་པར་བྱ་བའི་ཕྱིར། འཕགས་པ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་གྱིས་བཞུགས་པ་ཡིན་ནོ། །དཀྱིལ་འཁོར་གཅིག་ཏུ་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས ་ལྔར་འགྱུར་པར་བྱ་བའི་ཕྱིར་དང། ཐམས་ཅད་ཀྱི་ངོ་བོ་བདག་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བསྡུས་པའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པ་ཡིན་ནོ་ཞེས་པའི་དཀྱིལ་འཁོར་དང་མ་མོ་དང་མིང་པོ ་གསུམ་དང་སྲིང་མོ་བཞིའི་དཀྱིལ་འཁོར་ནི་དེ་ལ་མོས་པའི་སེམས་ཅན་རྣམས་དགའ་བར་བྱ་བའི་ཕྱིར། དེ་ལྟར་སྤྲུལ་པར་མཛད་ནས་དོན་གྱི་སྒོ་ནས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་ངོ་བོ་ཉིད་ཀྱི ་སྐུ་ཡིན་པ་དེ་ཉིད་ནི་ཆོས་ཀྱི་སྐུ་?། གཉིས་སུ་མེད་པའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་དང་ལྡན་པ། སྐུ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་དང། རྡོ་རྗེ་ཁུ་ཚུར་དང། །རྡོ་རྗེ་གནོད་སྦྱིན་ནི ་སྤྲུལ་པའི་སྐུ་སྟེ། བྱ་བ་བསྒྲུབ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ལོངས་སྤྱད་རྫོགས་པའི་སྐུ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །འཕགས་པ་ནམ ་མཁའ་ཨི་སྙིང་པོ་དང། །ནམ་མཁའ་ཨི་མཛོད་ནི་རྣམ་པར་སྨིན་པའི་སྐུ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །འཕགས་པ་འཇམ་དཔལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་པར་བཞུགས་པའི་ངོ་བོ་ཉིད་ཀྱིས་ན་འདིར་གཉིས་སུ་མེད ་པའི་ཐུགས་ཀྱི་མཚན་ཉིད་ཡིན་པས། ངོ་བོ་ཉིད་ཀྱི་སྐུའི་ཁོངས་སུ་གཏོགས་སོ། །འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ཀྱང་སྤྲུལ་པའི་ངོ་བོ་ཉིད་ཡིན་པས། བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཨི ་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །མཚན་དང་དེ་བཞིན་དཔེ་བྱད་དོ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན། །རྡོ་རྗེ་ལས་ཀྱིས་དབང་བསྐུར་བས། ། ་དེ་བཞིན་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་གསུངས་ཏེ། རྣམ་པར་སྣང་མཛད་ནི། སངས་རྒྱས་ཐམས་ཅད་གཅིག་ཏུ་སྡུད་པ་ཡིན་ན། ཇི་ལྟར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དང་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ངོ་བོ་ཉིད་དུ་རྣམ་པར་བཞག་ཅེ་ན། རྒྱུ་དང་འབྲས ་བུའི་ཉེ་བར་གདགས་པའི་ཚུལ་གྱིས་དེའི་རྒྱུ་མཐུན་པ། དེ་སྐད་ཉེ་བར་བསྟན་ཏེ། གཟུགས་ཉིད་ནི་སྟོང་པའོ། །སྟོང་པ་ཉིད་ནི་གཟུགས་སོ་ཞེས་གསུངས་པས་ན། ཉེས་པ་མེད་དོ། །དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་དུ་མ་བུ་གཉིས་པ་ནི། བདེ་བ་ཆེན ་པོའི་རྡོ་རྗེ་མཆོག་གི་དམ་ཚིག་དམ་པའི་དཀྱིལ་འཁོར་ཡི་གེ་བཅུ་བདུན་པའི་སྔགས་ལ་སོགས་པའི་ཚུལ་ཡིན་ལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དང། རབ་ཏུ་དགའ་བའི་རྡོ་རྗེ་དང། ཁྲོ་བ་དང། འཇིག་རྟེན་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་དང། བསྡུས ་པའི་དཀྱིལ་འཁོར་དང། མིང་པོ་གསུམ་དང། སྲིང་མོ་བཞི་དང། ལྷ་དང། ཀླུ་དང། གསང་བའི་དཀྱིལ་འཁོར་གྱི་ཚུལ་དེ་ཉིད་ཡིན་ཏེ། ཡང་འདི་རྣམས་ཉིད་ཀྱི་རྟོགས་པ་ལ་ལས་ཀྱི་སྒྲིབ་པའི་དབང་གིས། དུམ་བུ་དང་པོ་ལས་གསུངས་པ་མ་གྲུར་པ་རྣམས ་ལ་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་རོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། སྤྱན་རས་གཟིགས་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་དང། མིང་པོ་གསུམ་དང། སྲིང་མོ་བཞི་དང། ཀླུ་དང ་སྡུག་བསྔལ་འདོན་པ་དང། བསྡུས་པའི་དཀྱིལ་འཁོར་དང། སྔགས་ལ་སོགས་པའི་ངོ་བོ་ཉིད་དེ། དེ་ཉིད་ནི་ཇི་ལྟར་མངོན་པར་འདོད་པའི་དཀྱིལ་འཁོར་དུ་ཞུགས་པ་རྣམས་ཀྱང་མྱུར་དུ་འགྲུབ་པར་འགྱུར་པ་དང། དཔལ་རྡོ་རྗེ་སེམས་དཔའ་ཨི་གསང་བ་ལྔའི་དེ་ཁོ་ན་ཉིད ་ཆེན་པོ་དམ་ཚིག་གསུམ་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། སྤྱན་རས་གཟིགས་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་དང། གསང་བའི་རས་རིས་དང། དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱའི་དོན་གྱི་ངོ་བོ་དང། དངོས་གྲུབ་རྣམས་ཀྱང་མྱུར་དུ ་བསྒྲུབ་པར་བྱ་བའི་ཕྱིར། བསྒྲུབ་པའི་ཁྱད་པར་བསྡུས་པའི་ངོ་བོ་ཉིད་དུམ་བུ་གསུམ་པར་ཡང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་དང། མིང་པོ་གསུམ་དང། སྲིང་མོ་བཞི་དང། ཀླུ་དང་སྡུག་བསྔལ་གདོན་པ་དང། བསྡུས་པའི་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་ཡིན་ནོ། །ཡང་གསང་པའི་དཀྱིལ་འཁོར་དང། གསར་བ་ལྔ་པའི་རས་རིས་ཀྱི ་དཀྱིལ་འཁོར་དང། ལྔ་པོ་བསྡུས་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དང། སྒྲུབ་པ་པོ་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། །དེས་བཞུགས་པ་ཡིན་ནོ། །ལས་ཀྱི་ཕྱག་བརྒྱའི་དོན་གྱི་ངོ་བོ་ཉིད་དང་དངོས་གྲུབ་རྣམས་ཀྱང་མྱུར་དུ་བསྒྲུབ་པར་བྱ་བའི་ཕྱིར་དང། བསྒྲུབ་པའི་ཁྱད་པར ་བསྡུས?་པའི་ངོ་བོ་ཉིད་ཀྱིས་དུམ་བུ་བཞི་པར་ཡང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་དང། མིང་?་གསུམ་དང། ་སྲིད་མོ་བཞི་དང། ཀླུ་དང་སྡུག་བསྔལ་གདོན་པ་དང། བསྡུས་པའི་དཀྱིལ་འཁོར་དང། སྔགས་ལ་སོགས་པའི་ངོ་བོ་ཉིད་དང། གསང་པའི་རས་རིས་དང། དཀྱིལ་འཁོར་ལྔ་པ་མྱུར་དུ་འགྲུབ་པའི་ཕྱིར། བསྒྲུབ་པའི་ཁྱད་པར་ཉིད་ཀྱི་བཞུགས་པ་ཡིན་ནོ། །ངོ་བོ་ཉིད ་དང་རྣམ་པར་སྨིན་པ་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུར་རྣམ་པར་བཞག་པ་ནི། ཐམས་ཅད་དུ་སྔ་མ་ཁོ་ན་བཞིན་དུ་ལྟ་བར་བྱའོ། །ངན་སོང་གསུམ་དང་མི་དང། འདོད་པ་ན་སྤྱོད་པའི་ལྷ་དང། གཟུགས་ན་སྤྱོད་པའི་ལྷ་རྣམས་པར་སྤྱོད་པར་བྱ་བའི་ཕྱིར ་དུམ་བུ་བཞི་ལས་བཤད་པའི་བསྒོམ་པ་འགྲོ་བ་ཐམས་ཅད་ཁྱད་པར་བྱེད་པ་སྔགས་པ་རྣམས་ཀྱིས་བྱའོ། །ཞེས་བསྟན་པའི་ཕྱིར། དུམ་བུ་བཞི་བསྟན་པ་ཡིན་ནོ་ཞེས་གཞན་དག་འཆད་དོ། །ཚུལ་འདི་ནི་རིགས་པའི་ཚུལ་ཡིན་ཏེ། རྒྱ་ཆེ་བ་ལ་སྲིད་པ་རྣམས་ནི་སྤྲོས་པའི་ཡེ་ཤེས ་ནས་བརྩམས་པ་ནི་དུམ་བུ་དང་པོའོ། །བསྒྲུབ་པའི་ཁྱད་པར་ཅུང་ཟད་གཅིག་བསྟན་པའི་སྒོ་ནས་ཡང་དག་པར་སྟོན་པ་ནི་དུམ་བུ་གཉིས་པའོ། །དོན་གསལ་བར་བྱ་བ་ནི་དུམ་བུ་གསུམ་པར་སྟོན་ཏོ། །དུམ་བུ་གསུམ་པའི་འདོད་པའི་དོན་ནི་དུམ་བུ་བཞི་པར་སྟོན་ཏེ། ཡང་དང་ཡང་དུ? ་བུ་གཞན་གྱིས་དེའི་དོན་ཡང་དག་པར་མཚོན་པའི་ཕྱིར་རོ། །འདི་ཉིད་དུ་བཅོམ་ལྡན་འདས་ཉིད་ཀྱིས། དོན་འདི་ཉིད་ཡོངས་སུ་གཟུང་བར་མཛད་ནས། སླར་ཡང་འདིར་སྟོན་པར་མཛད་ཅིང། སྙིང་པོ་གསུངས་པར་གྱུར་པ་མི་ཡང་དང་ཡང་བསྟན་པས་ཐེ་ཚོམ་དང་བྲལ་བ་ལ་རབ་ཏུ་འཇུག ་ཅིང། ཇི་ལྟར་མངོན་པར་འདོད་པ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་དག། ཡང་དང་ཡང་དུ་ལེགས་གསུངས་པ། །གསང་སྔགས་དེ་ལ་དམ་པ་མཆོག། ཟློས་པ་པོ་ནི་འགྲུབ་པར་འགྲུབ། །ཞེས་གསུངས་པ་དང། འཇིག་རྟེན་པའི་བསྟན ་བཅོས་ལ་ཡང་ཚུལ་འདི་སྣང་ལྟེ་ཆོ་ག་དེ་ཉིད་ཀྱིས་རང་གི་བློ་མཚན་ཉིད་གང་ལ་སྤྲོས་པར་བྱས་པར་འགྱུར་རོ། །དེ་བས་ན་འདིར་བཟློས་པའི་ཉེས་པའི་རྟོག་པ་མི་བྱའོ། །དེ་ལ་འདིར་བསྒྲུབ་པའི་ཁྱད་པར་ཅུང་ཟད་ཅིག་ཡོད་པ་འདི་ལྟ་སྟེ། དཀྱིལ་འཁོར་དང་སྔགས་དང། ཕྱག ་རྒྱའི་ཁྱད་པར་ནི་དུམ་བུ་གསུམ་པར། ལྷ་མོ་བཞི་དང་ཡང་དག་པར་འདུས་པ་ལ་སོགས་པ་གསང་བའི་དཀྱིལ་འཁོར་ལྔ་པ་དང། གཉིས་པ་ཧེ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་སྤྱན་འདྲེན་པའི་སྔགས་དང། གསུམ་པ་དང་བཞི་པར་ཧཱུཾ་མ་ཧཱ་སུ་བ་ཞེས་བྱ་བ་ལ་སོགས ་པ་དང། གཉིས་པར་ཨོཾ་ཞེས་བྱ་བ་ལ་སོགས་བུམ་པའི་སྔགས་དང་གསུམ་པ་དང། བཞི་པ་ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ་ཨོཾ་མ་དྷུ་བཛྲ་ཞེས་བྱ་བ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་ཀྱི་སྔགས་དང། ཡང་གསང་བའི་དཀྱིལ་འཁོར་དེ་ཁོ་ན་ཉིད་ཀྱིས ་སྤྱན་དྲང་པའོ། །དེ་བཞིན་དུ་གཞན་དག་ཀྱང་རྒྱུད་ཀྱི་ནང་དུ་བལྟ་བར་བྱའོ། །དེ་ལྟར་ན་དུམ་བུ་དང་པོར་ནི་དཀྱིལ་འཁོར་བཅོ་ལྔའོ། །གཉིས་པ་ནི་རྡོ་རྗེ་གསང་བའི་ཆོ་ག་དང་བཅས་པ་ཉི་ཤུ་རྩ་བདུན་ནོ། །གསུམ་པ་ནི་ཉི་ཤུ་རྩ་གཅིག་གི། བཞི་པ་ནི་དཀྱིལ་འཁོར་བཅོ་ལྔ་སྟེ། སྤྱིར? ་བསྡུས་ན་དཀྱིལ་འཁོར་བདུན་ཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ནས་འདི་རྣམས་ཀྱི་གཞི་དང་དབྱིངས་ཀྱི་ཁྱད་པར་མདོར་བསྡུས་ནས་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། དེ་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བྱིན་གྱིས་བརླབས་པ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ནི་ཟུར ་བཞི་ལ་སོགས་པའི་གཟུགས་ཅན་ཏེ། དེའི་ནང་དུ་ཕྱིའི་དཀྱིལ་འཁོར་བཞི་ཟུར་པ་ལ་སྒོ་བཞི་པའི་དཀྱིལ་འཁོར་དེའི་ཕྱེད་ཀྱི་ཚད་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ཕྱི་རོལ་ནས་རྡོ་རྗེ་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བར་གནས་ལ། །ལྷ་ཐམས་ཅད་ཀྱི་གནས ་སུ་སྡོད་བུ་དང་བཅས་པའི་སྣ་ཚོགས་པདྨའི་གདན་བྱས་ལ། དེའི་དབུས་སུ་སེམས་དཔའ་ཨོ། །མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀི་ལི་ཀི་ལི། རྒྱབ་ཏུ་རྡོ་རྗེ་དྲན་པ་གཡོན་དུ་རྡོ་རྗེ་སྙེམས་པའོ། །དེའི་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་སྦྲང་རྩི་བདེན་བྲལ་གྱི་ཕྱོགས་སུ ་རྡོ་རྗེ་སྤྲིན། རླུང་གི་ཕྱོགས་སུ་རྡོ་རྗེ་སྡོམ་དབང་ལྡན་གྱི་ཕྱོགས་ཀྱི་རེའུ་ཆ་ལ་རྡོ་རྗེ་དགུན་ནོ། །དཀྱིལ་འཁོར་འདིའི་རྒྱབ་རྡོ་རྗེ་སྲད་བུའི་ནང་གི་ཤར་ཕྱོགས་སུ་མི་བསྐྱོད་པ་གཡས་དང་གཡོན་ལོགས་ན་ཕྱག་ན་རྡོ་རྗེ་དང། འཇམ་དཔལ་འཁོར་དུ་བཞུགས་པའོ། །ལྷོ་ཕྱོགས ་སུ་རིན་ཆེན་འབྱུང་ལྡན་ནམ་མཁའ་ཨི་སྙིང་པོ་དང། ནམ་མཁའ་ཨི་མཛོད་ཀྱིས་འཁོར་གྱིས་བསྐོར་བའོ། །ནུབ་ཀྱི་ཕྱོགས་སུ་འོད་དཔག་མེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་འཁོར་དུ་བྱས་པའོ།། ་Fབྱང་གི་ཕྱོགས་སུ་དོན་ཡོད་པར་གྲུབ་པ་རྡོ་རྗེ་ཁུ་ཚུར་དང། རྡོ་རྗེ་གནོད་སྦྱིན་གྱིས་འཁོར་དུ་བསྐོར་བའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་སྒེག་མོ་དང་བཞད་པ་མོ་དང། གླུ་མཁན་མ་དང་གར་མཁན་མའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི ་གཟུགས་དང་སྒྲ་དང་དྲི་དང་རོ་གཟུགས་ལ་སོགས་པའི་ཕྱག་རྒྱ་ཕྱག་ན་བསྣམས་པའོ། །ཤར་ཕྱོགས་ཀྱི་ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་འཇིག་རྟེན་པའི་ལྷ་ཕྱེད་ལངས་པ། འདོད་པའི་ལྷ་ཚངས་པ། ཁྱབ་འཇུག། ཀརྟི་ཀ། དབང་པོ་དྲག་པོ་ཆུང་མ་དང་བཅས ་པའོ། །ལྷོ་ཕྱོགས་སུ་ཉི་མ། ཟླ་བ། སྤེན་པ། མིག་དམར། ཆུང་མ་དང་བཅས་པའོ། །ནུབ་གྱི་ཕྱོགས་སུ་གཏུན་བན་དང། རླུང་དང། མེ་དང། ལུས་ངན་པོ་ཆུང་མ་དང་བཅས་པའོ། །བྱང་གི་ཕྱོགས་སུ་ཕག་དང། གཤིན་རྗེ་དང། ལོག་འདྲེན་དང། དབང་པོ་ཆུ་ལྷ། ཆུང་མ ་དང་བཅས་པར་གནས་པའོ། །སྒོ་རྣམས་སུ་ནི་སྟོབས་བཟང་དང། སྦྲང་རྩི་ཅན་དང། རྒྱལ་བ་དང་རྒྱལ་བ་ཐོབ་པ་ཆུང་མ་དང་བཅས?་པའོ། །ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ནང་དུ་བཞི་ཆ་པའི་ཚད་ལ་ཀ་བ་བརྒྱད་ཀྱིས་ཉེ་བར ་མཛེས་པར་བྱས་པ། ཟླུམ་པོ་དཀྱིལ་འཁོར་དེའི་ཉིས་འགྱུར་ནི་གཉིས་པའོ། །དེའི་ཕྱི་རོལ་ཏུ་དེའི་སུམ་འགྱུར་ནི་གསུམ་པ་སྟེ། དེ་ནི་འཁོར་གྱི་དཀྱིལ་འཁོར་རོ། །ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པའི་པདྨའི་སྟོན་རྣམ་པར་བཞགས་ལ། དབུས་སུ་བཅོམ་ལྡན ་འདས་རྣམ་པར་སྣང་མཛད་སྤྲུལ་པའི་སྐུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་ཀྱིས་ཡོངས་སུ་བསྐོར་པའོ། །གཉིས་པ་དཀྱིལ་འཁོར་ཟླུམ་པོའི་ནང་དུ་ཤར་ཕྱོགས་ནས་བརྩམས་ཏེ། མི་བསྐྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ ་གཉིས་ཀྱི་དབུས་སུ་བཞུགས་པར་བྱའོ། །གསུམ་པའི་ཟླུམ་པོའི་ནང་དུ་ཤར་གྱི་ཕྱོགས་སུ་ཕྱག་ན་རྡོ་རྗེ་དེ་བཞིན་དུ་མེ་ལ་སོགས་པའི་ཕྱོགས་མཚམས་རྣམས་སུ་འཇམ་དཔལ་དང། ནམ་མཁའ་ཨི་མཛོད་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། སེམས་བསྐྱེད ་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། རྡོ་རྗེ་ཁུ་ཚུར་དང། རྡོ་རྗེ་གནོད་སྦྱིན་དེང་བཞུགས་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་སྒེག་མོ་དང། བཞད་མ་དང། གླུ་མཁན་མ་དང་གར་མཁན་མའོ། །སྒོ་རྣམས་སུ་ནི་བུམ་པ་བཞི་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར ་དུ་ནས?་དང་བཅས་པའོ། །ལྷོད་ནི་དབྱའི?། དང་གསེར་དང་རིན་པོ་ཆེ་དང། གོས་ཀྱིས་བརྒྱན་པའི་སྣོད་རོ་དྲུག་གིས་ཡོངས་སུ་གང་པའོ། །ནུབ་ཏུ་ནི་སྟན་ཤིན་ཏུ་འཇམ་པོའོ། །བྱང་དུ་ནི་སངས་རྒྱས་ཀྱི་སྐུ་གཟུགས་རྣམ་པར་བཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཨི ་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཟླུམ་པོ་རྡོ་རྗེ་ཐིག་གིས་བསྐོར་བ། དཀྱིལ་འཁོར་བརྒྱད་པ་ལྟ་བུ། འབར་བའི་ཕྲེང་བ་ཡོངས་སུ་འཁྲུག་པས་ཁྱབ་པའོ། དེ་ལྟར་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ་དབུས་སུ ་རྡོ་རྗེ་ཧཱུཾ་མཛད་དེའི་སྤྱན་སྔར་གཡས་བརྐྱང་པས་བཞུགས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བསྣམས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་སྡིགས་མཛུབ་མཛད་པར་བརྩམ་པའོ། །གཡས་སུ་ནི་ལྕགས་ཀྱུ་བསྣམས་པའོ། །རྒྱབ་ཏུ་རལ་གྲི་བསྣམས་པའོ།། ་གཡོན་དུ་ནི་ཞགས་པ་བསྣམས་པའོ། །མེ་ལ་སོགས་པའི་མཆམས་རྣམས་སུ་ནི་དབྱུག་པ་དང། ཁ་ཊཝཱཾ་ག་དང། གྲི་གུག་དང། ཆུ་གྲི་བསྣམས་པའི་ཁྲོ་བོ་བསྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ། །ནང་གི་སྣམ་བུ ་དེ་ཉིད་ལ་ལྷ་ལ་སོགས་པ་ལས་དབང་ཕྱུག་ཆེན་པོ་ཆུད་མ་དང་བཅས་པ་སྟོན་ལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་ཚུལ་གྱིས་རང་རང་གི་ཕྱོགས་སུ་གནས་པར་བྱའོ། །ཤར་གྱི་སྒོར་ནི་མདའ་དང་གཞུའོ། །ལྷོར་ནི་རལ་གྲིའོ། །ནུབ་ནི་འཁོར་ལོའོ། །བྱང་དུ་ནི་མདུད ་བསྒྲེངས་ནས་གནས་པར་བྱའོ། །ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འབྲབ་ལས་དེའི་ཕྱེད་ཀྱི་ཚད་ལ་མཚམས་སྒོ་ལ་མངོན་པར་ཕྱོགས་པ་གཉིས་ཏེ། ཀ་བ་བརྒྱད་ཀྱི་ཚུལ་དང་པདྨ་འདབ་མ་བརྒྱད་པས་བརྒྱན་པ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ ་ཚོགས་པདྨའི་གདན་ལ་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། དེའི་སྤྱན་སྔ་ནས་བརྩམས་ཏེ། པདྨ་དཱ་ག་དང། གཏུམ་པའི་དབང་ཕྱུག་དང། པདྨ་ཆེན་པོ་དང་པདྨ་ནག་པོ་དང། མི་མཛད་ཀྱི་བདག་པོ་རྣམས་སོ། །མེ་ལ་སོགས ་པའི་འདབ་མ་རྣམས་ལ་པདྨ་ཆེན་པོས་འཛིན་དང། ས་འཛིན་དང་བརྒྱ་མཚོ་དང། ཉི་མ་དང། རླུང་རྣམས་གཡས་ནས་བསྐོར་བའི་ཚུལ་དུ་བཞག་གོ། ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་དཔལ་ཆེན་མོ་དང། དཀར་མོ་དང། སེར་མོ་དང། དཀྱིལ་འཁོར་ལ་གནས་པ་རྣམས་ཏེ། ་ཤྲཱི། ཧྲཱི། གཱི། དྷཱི། ཞེས་བྱ་བ་རྣམས་སོ། །ཤར་ཕྱོགས་ཀྱི་སྒོར་ནི་བུད་མེད་ཀྱི་གཟུགས་ཅན་ནོ། །ལྷོར་ནི་སྤྲུལ་ལོ། །ནུབ་ཏུ་ནི་ཕག་གོ། བྱང་དུ་ནི་པདྨའི་གཟུགས་ཅན་ཡང་དག་པར་དགོད་པར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ། །དེའི་ཕྱེད་ཀྱིས་ནང་དུ་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་པ ་རིན་པོ་ཆེའི་ཀ་པ་བརྒྱད་དང་ལྡན་པ། རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ། རྡོ་རྗེ་རིན་པོ་ཆེའི་རབས་བསྐོར་བ། མེ་ཏོག་གི་ཆུན་འཕྱང་དང། དར་དང་གདུགས་དང། རྔ་ཡབ་ཀྱིས་ཉེ་བར་མཛེས་པར་གནས་པར་བྱའོ། །དའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་རྟ་དང་ལྡན་པའི ་ཤིང་རྟ་ལ་ཆིབས་པས་བཞུགས་པའོ། །དེའི་མདུན་དུ་སྣ་ཚོགས་པདྨས་དབང་བསྐུར་བའི་རིན་ཆེན་རྡོ་རྗེ་རིན་པོ་ཆེའི་ཅོད་པན་ཐོགས་པའོ། གཡས་སུ་རིན་ཆེན་ནོར་སྦྱིན་གཏེར་གྱི་བུམ་པ་ཕྱག་ན་བསྣམས་པའོ། །རྒྱབ་ཏུ་རིན་ཆེན་ཕྱག་ན་གླེགས་བམ་བསྣམས་པའོ། །གཡོན ་དུ་རོའི་སྣོད་ཕྱག་ན་བསྣམས་པའོ། །མ་ལ་སོགས་པའི་མཚམས་སུ་ནི་རིན་པོ་ཆེའི་གདུགས་དང། རྒྱལ་མཚན་དང། རྔ་པོ་ཆེ་དང། རིན་པོ་ཆེའི་སྲོག་ཤིང་ཕྱག་ན་བསྣམས་པའི་ལྷ་མོ་རྣམས་བྱའོ། །ཕྱི་རོལ་གྱི་མཚམས་རྣམས་སུ་ནི་བུམ་པ་དགང་བ་བཞག་པར་བྱའོ། །ཤར ་ཕྱོགས་ཀྱི་སྒོར་ནི་རིན་པོ་ཆེའི་ཅོད་པན་ནོ། །ལྷོར་ནི་གཏེར་གྱི་བུམ་པའོ། །ནུབ་ཏུ་ནི་རྒྱལ་མཚན་ནོ། །བྱང་དུ་ནི་རོའི་སྣོད་དོ། །ཕྱི་རོལ་དུ་ནི་རྒྱལ་མཚན་དང་བ་དན་ལ་སོགས་པ་གནས་པར་བྱའོ།། །།ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ། །དེའི་ཕྱེད་ཀྱིས་དེའི་ནང་དུ་རྡོ ་རྗེ་ཐིག་ཟླུམ་པོས་བསྐོར་བར་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་ཏེ། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རོ། །དེའི་མདུན་དུ་ནི་རྡོ་རྗེ་སྐུ་མཆོད་གོ། གཡས་སུ་རྡོ་རྗེ་ལགས་སོ། །རྒྱབ་ཏུ་ནི་ཏིང་ངེ ་འཛིན་རྡོ་རྗེའོ། །གཡོན་དུ་ནི་རྡོ་རྗེའི་རྡོ་རྗེའོ། །མེ་ལ་སོགས་པའི་མཚམས་སུ་ནི་ཕྱག་རྒྱའི་དོན་དང། ཡེ་ཤེས་དང་ལས་དང། ཁུ་ཚུར་བཟང་མོ་ཞེས་བྱ་བའི་མཆོད་པའི་ལྷ་མོ་རྣམས་སོ། །ཕྱིའི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ། །ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ ་སྙེམས་མའོ། །ལྷོར་ནི་རྡོ་རྗེ་ལྗགས་མའོ། །ནུབ་ཏུ་ནི་ཏིང་ངེ་འཛིན་རྡོ་རྗེ་མའོ། །བྱང་དུ་ནི་རྡོ་རྗེ་རྡོ་རྗེ་མའི་ཞེས་བྱ་བའི་ལྷ་མོ་ཡང་དག་པར་གནས་སོ། །ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ། །དེའི་ནང་དུ་ནི་དེའི་ཕྱེད་ཀྱི་འཁོར་ལོ་རྩིབས ་བརྒྱད་པ། དཀྱིལ་འཁོར་བརྒྱད་པ་འདྲ་བའི་ཚུལ་ལ། འཁོར་ལོའི་སྟེང་དུ་ཤར་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཨ་ལ་སོགས་པའི་ཡི་གེ་ཕྲེང་བཞིར་མཐར་ཐུག་པའི་བར་དུ་བྲི་བར་བྱའོ། །དེ་ནི་འདིར་ཨ་ར་པ་ཙན་ཞེས་བྱ་སྟེ། འདོད་པ་ཐམས ་ཅད་ཐོབ་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་ཨ་ནི་འདོད་པ་ཞེས་བཤད་དོ། །ཡི་གེ་ར་ནི་ཆགས་པ་ཞེས་བཤད་དོ། །ཡི་གེ་པ་ནི་དོན་དམ་པ་ཞེས་བཤད་དོ། །ཡི་གེ་ཙ་ནི་སྤྱོད་པ་ཞེས་བཤད་དོ། །ན་ཞེས་བྱ་བ་ནི་དངོས་པོ་མེད་པ་ཞེས་བཤད་དོ།། ་འདོད་པ་དང་ཆགས་པ་དང་དོན་དམ་པ་དང་སྤྱོད་པ་དང། དངོས་པོ་མེད་པ་ཉིད་དོ། །དེ་ལྟར་འདི་བསྒོམས་ནས་སྙིང་པོ་བསྒྲུབས་པས་འདོད་པ་ཐམས་ཅད་འཐོབ་པར་འགྱུར་རོ། །འདོད་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་བསྐྱེད་པ་སྟེ། དེ་ནས་སྙིང ་པོ་འདིས་དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་འཛིན་པ་ཉིད་མྱུར་དུ་འཐོབ་པར་འགྱུར་རོ། །དེ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པདྨ་ཡང་དག་པར་གནས་པ་ལ་འཁོར་ལོའི་ལྟེ་བར་བཅོམ་ལྡན་འདས་འཇམ་དཔལ་ལོ། །དེའི་ངོས ་རྣམས་སུ་དེ་བཞིན་གཤེགས་པའི་སྤྲུལ་པའི་གཟུགས་བརྒྱད་བྱའོ། །ཕྱི་རོལ་གྱི་མཚམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞི་བཞག་པར་བྱའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རལ་གྱི་དང་མདུད་ཐུང་དང། ལྷུང ་བཟེད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཚུལ་ཇི་ལྟ་བ་དང་འདྲ་བ་དེའི་ནང་དུ་དེའི་ཕྱེད་ཀྱིས་རྡོ་རྗེའི་ཐིག་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱའོ། །ཐམས་ཅད ་ཀྱི་གནས་སུ་ནི་སྣ་ཚོགས་པདྨའི་གདན་བྱའོ། །དེའི་དབུས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཕྱོགས་དང་མཚམས་སུ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའོ། །ཕྱིའི་མཚམས་ཀྱི་ནང་གི་མེ་ལ་སོགས་པའི་མཚམས་རྣམས་སུ ་གཡས་ནས་བསྐོར་ཏེ། ཞི་བ་མདུང་གིས་མཚན་པ་དང། མ་མོ་དང། མིང་པོ་གསུམ་དང། སྲིང་མོ་བཞིའི་དཀྱིལ་འཁོར་གནས་པར་བྱའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་ཧཱུཾ་མཛད་དང་འཕགས་པ་སྤྱན ་ངས་གཟིགས་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོ་ཡང་དག་པར་བཞག་པར་བྱའོ། །ནམ་མཁའ་ཨི་མཛོད་ཀྱི་དཀྱིལ་འཁོར་ཐམས་ཅད་ནི་ནམ་མཁའ་ཨི་སྙིང་པོའི་དཀྱིལ་འཁོར་དང་འདྲ་བ་ལས་མཚམས་སུ་ནི་སྒེག་མོ་ལ་སོགས་པ་བཞག་པར་བྱའོ། །ལྷ་ཐམས་ཅད་ཀྱི ་གནས་སུ་སྣ་ཚོགས་པདྨའི་གདན་ལ་དབུས་སུ་ནམ་མཁའ་ཨི་མཛོད་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཕྱོགས་དང་མཚམས་རྣམས་སུ་ཕྱག་ན་རྡོ་རྗེ་ལ་སོགས་པ་དང་གི་མཚན་མ་བསྣམས་པ་བྱའོ། །ཕྱིའི་མཚམས་སུ་ནི་མེ་ཏོག་དང། བདུག་སྤོས་དང། མར་མེ་དང། ་བྱུག་པ་མའི་ལྷ་མོ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་དྲོད་ཚེ་དང་གསེར་དང་མུ་ཏིག་བཞག་པར་བྱའོ། །ཕྱིར་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་ཕྱིའི་དཀྱིལ་འཁོར ་གཉིས་པ་དཀྱིལ་འཁོར་ཟུར་བཞི་པ་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ་འབར་བའི་དཀྱིལ་འཁོར་གྱིས་བརྒྱན་པར་བྱས་ལ། དཀྱིལ་འཁོར་དབུས་མའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་གནོད ་སྦྱིན་ནོ། །ཕྱོགས་དང་མཚམས་རྣམས་སུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་བརྒྱད་པོ་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཅན་ནོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱ་རྣམས་སོ། །སྒོ་རྣམས་སུ་ནི་རྩེ་ལྔ་པའི་ཁྲོ་བོ་རྡོ་རྗེ ་བསྣམས་པའི་ཕྱག་ན་རྡོ་རྗེ་བཞག་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱི་དང་ནང་དུ་བཅས་པ་དང་པོའི་དཀྱིལ་འཁོར་དང་འདྲ་བས་གནས་པ་ལས་དེའི་དབུས་མའི་རིའུ་ཆ་ལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་རོ། །ཤར་གྱི་རེའུ་ཆ་ལ་སོགས་པ་ལ་ནི་རྡོ་རྗེ ་ཧཱུཾ་མཛད་དང། ནམ་མཁའ་ཨི་སྙིང་པོ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་རྣམས་ཏེ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་བྱའོ། །མེ་ལ་སོགས་བའི་མཚམས་རྣམས་སུ་ནི་འཕགས་པ་འཇམ་དཔལ་དང་སེམས་བསྐྱེད་མ་ཐག ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ནམ་མཁའ་ཨི་མཛད་དང། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་རྣམས་མཚམས་སུ་གནས་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་ཞི་བ་མདུད་གིས་མཚན་པ་དང། མ་མོ་དང། མིང་པོ་གསུམ་དང། སྲིད་མོ་བཞིའི་དཀྱིལ་འཁོར ་སྔ་མ་བཞིན་དུ་བྱའོ། །ཕྱིའི་ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་ཧཱུཾ་མཛད་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོའི་རིགས་བཞིའི་མཚན་མའི་ངོ་བོ་ཉིད་དུ་གནས་པར་བྱའོ། །སེམས་བསྐྱེད་མ་ཐག་ཏུ་ཆོས ་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་རིགས་བཞིའི་མཚན་མ་དེ་ཉིད་ཡིན་པར་བསྟན་པས་ན། འདིར་སོམ་ཉི་མི་བྱའོ། །བསྡུས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཀུན་ནས་ཟླུམ་པོ་རིམ་པ་གསུམ་པོ་ལ་དཀྱིལ་འཁོར་དབུས་མའི་རིམ་པའི་ཉིས་འགྱུར་ནི། རིམ་པ ་གཉིས་པའོ། །སུམ་འགྱུར་ནི། རིམ་པ་གསུམ་པ་སྟེ་ཐམས་ཅད་ཀྱང་སྒོ་བཞི་པ་ལ་མཚམས་བཞི་པོར་མདུད་རྩེ་གསུམ་པས་མཆན་པ་གནས་པར་བྱའོ། །དེ་ལས་དབུས་སུ་དབང་ཕྱུག་ཆེན་པོའི། །དེའི་ལོགས་ཤར་ལ་སོགས་པ་རྣམས་སུ་ནག་པོ་ཆེན་པོ་དང། ་དགའ་བའི་དབང་ཕྱུག་དང་དྲིལ་བུ་ཆེན་པོ་དང་གང་གྱི་དབང་ཕྱུག་རྣམས་སོ། །མེ་ལ་སོགས་པའི་མཚམས་རྣམས་སུ་དྲག་པོའི་ཐོད་པ་དང་གཏུམ་པའི་དབང་ཕྱུག་དང་ལག་པ་ཁ་ཊཝཱཾ་ག་དང། བལ་རྣ་དབང་ཕྱུག་རྣམས་སོ། །རིམ་པ་གཉིས་པའི་ཤར་ལ་སོགས་པའི ་ཕྱོགས་རྣམས་སུ་དྲག་མོ་ལག་ན་མདུད་རྩེ་གསུམ་པ་ཐོགས་པ། ལྷོར་ཚངས་མ་ཕྲེང་བ་ལག་ན་ཐོགS་པའི་རྒྱ་ཅན། ནུབ་ཏུ་ཁྱབ་འཇུག་མ་ལས། འཁོར་ལོ་ཐོགས་པ། བྱང་དུ་གཞོན་ནུ་མ་ལག་ན་དྲིལ་བུ་ཐོགས་པའོ། །མཚམས་རྣམས་སུ་ནག་མོ་དང་ནག་མོ་ཆེན་མོ་དང་ཟ་བྱེད་མ ་དང། སྲིན་མོ་རྣམས་ཏེ། ལག་ན་དྲིལ་བུ་དང་ཆུ་གྲི་དང་མཆེ་བ་དང། ཁ་ཊཝཱཾ་ག་ཐོགས་པའོ། །ཞི་བ་མ་དང་བེའུ་རུན་བརྒྱ་དང་གཏུམ་མ་དང་འཇིག་བྱེད་མ་རྣམས་ཀྱང་དེ་ཉིད་དུ་བྱའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་དབྱིག་པའི་དབང་ཕྱུག་དང། མུཎྜའི་དབང་ཕྱུག་དང། དྲིལ་རྣ ་དང་དྲག་པོ་ཆེན་པོ་རྣམས་གནས་པར་བྱའོ། །ཞི་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཟུར་བཞི་པ་སྒོ་བྱང་དུ་བལྟས་པར་གནས་པ་ལ་དེའི་དབུས་སུ་ནག་པོ་ཆེན་པོ་ཐོད་པ་དང་རུས་པའི་ཕྲེང་བ་ཐོགས་པ་ཁ་གདངས་པ་མཆེ་བ་ཅན་རིམ་པ་གསུམ་པ་ལ་འབྱུང་པོ་བརྒྱད་དང་རིམ ་པ་བརྒྱད་ཀྱིས་ཀུན་ནས་ཕྲེང་དུ་བསྐོར་ནས་གནས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་དེའི་བྱང་གི་ཕྱོགས་ནས་བརྩམས་ཏེ་བསྐོར་ཕྱོགས་སུ་དྲག་པོ་ལ་སོགས་པའི་མཚན་མ་སྔར་བཤད་པ་ཕྱོགས་སུ་དགོད་པར་བྱའོ། །མཚམས་ཀྱི་དབང་ལྡན་ནས་བརྩམས་ཏེ། ནག་མོ་དང་ནག ་མོ་ཆེན་མོ་དང། ཟ་བྱེད་མ་དང་སྲིན་མོའི་མཚན་མ་སྔར་བཤད་པ་དགོད་དོ། །སྒོ་རྣམས་སུ་ཞི་བ་དང་ཞི་བ་ཆེན་མོའོ། །གཡས་ཀྱི་ཕྱོགས་སུ་ནི་སྔར་བཤད་པའི་མཚན་མ་རྣམས་ཏེ། བྷེ་རུ་ཎ་ཌ་དང། འཇིགས་མའོ། །གཡོན་གྱི་ཕྱོགས་སུ་ནི་སྔར་བཤད་པའི་མཚན་མ་རྣམས ་བཞག་པར་བྱའོ། །མ་མོའི་དཀྱིལ་འཁོར་རོ།། །།ཕྱིའི་དཀྱིལ་འཁོར་ཟུར་བཞི་པ་ལ་སྒོ་བཞི་པར་བྱས་ལ་དེའི་དབུས་སུ་གཞུ་ལྟ་བུའི་དཀྱིལ་འཁོར་གཉིས་པ་ཕྱེད་ཀྱི་ཚད་དུ་བྱས་ལ། དེའི་དབུས་སུ་སེངྒེའི་གདན་བྱས་ནས། སེང་གེའི་གདན་དེ་ལ་མིང་པོ་གསུམ ་རིམ་བཞིན་དུ་གནས་བསྟན་གཅིག་ལ་འདུག་པ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་གྱི་སྒོར་གྲུབ་པ། ལྷོ་རུ་ནི་རྫུ་འཕྲུལ་ལོ། །ནུབ་ཏུ་ནི་ཆེན་པོའོ། །བྱང་དུ་ནི་ཀྵེ་ཏྲས་སོ། །མེའི་མཚམས་སུ་ནི་གཏུམ་པའོ། །བདེན་བྲལ་གྱི་མཚམས་སུ་ནི་ཁྲོ་བའོ། །རླུང་གི་མཚམས་སུ་ནི་མཆོག ་གོ། དབང་ལྡན་གྱི་མཚམས་སུ་ནི་བསོད་པ་གནས་པར་བྱའོ། །མིང་པོ་གསུམ་གྱི་དཀྱིལ་འཁོར་རོ།། །།དཀྱིལ་འཁོར་ཀུན་ནས་ཟླུམ་པོ་ལ་སྒོ་བཞི་བ་ལ་མཚམས་བཞི་བའི་རི་མོར་ཀ་བ་བཞི་བྱས་ལ། དཀྱིལ་འཁོར་གྱི་ལྟེ་བར ་ཆ་བཞི་གནས་པ་ལ། དེ་ལ་ཤར་གྱི་ཆ་ལ་དགའ་མོ་མདའ་དང་གཞུ་འདྲན་པར་བརྩོན་པས་རང་གི་སྒོ་ལ་མངོན་པར་ཕྱོགས་ཏེ་འདུག་པའོ། །ལྷོའི་ཆ་ལ་བསོད་མ་ཕུབ་དང་རལ་གྲི་འཛིན་པའོ། །ནུབ་ཏུ་ཕག་མ་གཏེར་གྱི་བུམ་པ་ལག་ན་ཐོགས་བའོ།། ་བྱང་དུ་གྲུབ་མ་ཙ་ཤ་ཀ་དང་གྲི་གུག་ལག་ན་ཐོགས་ཏེ་རང་གི་སྒོ་ལ་ཕྱོགས་ཏེ་མངོན་པར་འདུག་པར་བྱས་ཏེ། རང་རང་གི་མཚན་མ་ཐོགས་ཏེ་རང་གི་སྒོའི་དབུས་སུ་ལེགས་པར་གནས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་དཀྱིལ་འཁོར་བཅོ ་ལྔ་རྣམ་པར་ཕྱེ་བ་ཡིན་ནོ། །དུམ་བུ་གཉིས་པར་དཀྱིལ་འཁོར་དང་པོ་འདྲ་བར་ཕྱི་ནས་བྱས་པའི་དཀྱིལ་འཁོར་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་རྣམ་པར་བཞག་ལ། དེའི་དབུས་སུ་རྡོ་རྗེ་སེམས་དཔའ་ཨོ། །དེའི་མདུན་དུ་རྡོ་རྗེ་ཡིད་ལས ་བྱུང་བའོ། །གཡས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལའོ། །རྒྱབ་ཏུ་ཆགས་པའི་རྡོ་རྗེའོ། །གཡོན་དུ་རྡོ་རྗེ་སྙེམས་པའོ། ?་ལེ་ལ་སོགས་པའི་མཚམས་རྣམས་སུ་ནི་མེ་ཏོག་དང་བདུག་སྤོས་དང། མར་མེ་དང། དྲིའི་བུ་རྣམས་གནས་པར་བྱའོ། །གཉིས་པོའི་དཀྱིལ ་རྣམས་སུ་སྒེག་མོ་དང། བཞད་པ་མོ་དང། གླུ་མཁན་མ་དང། གར་མཁན་མའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་དང། ཞགས་པ་དང། ལྕགས་སྒྲོག་དང། དྲིལ་བུ་རྣམས་གནས་པར་བྱའོ། །གཉིས་པོའི་དཀྱིལ ་འཁོར་དང་པོའོ།། །།ཕྱི་དང་ནང་དུ་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བས་གནས་པ་ལ། དེའི་དབུས་སུ་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྐུ་ཅན་ལ་རིན་པོ་ཆེ་ཅོད་པན་གྱི་དབང་ཕྱུག ་མའོ། །དེའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་གོ་ཆ་ལྷོར་རྡོ་རྗེ་ཀཱི་ལི་ཀཱི་ལིའོ། །ནུབ་ཏུ་ནི་རྡོ་རྗེ་ཆགས་པའོ། །བྱད་དུ་ནི་རྡོ་རྗེ་སྙེམས་པའོ། །མཚམས་རྣམས་སུ་ནི་མེ་ཏོག་ལ་སོགས་པའོ། །ཕྱི་རོལ་གྱི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ། །ཤར་ལ་སོགས་པའི་སྒོ ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་ཡང་དག་པར་གནས་པར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུམ་བུ་གཉིས་པར་བཤད་པ་ཡང་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་པོ་དང་འདྲ་བ་ཡིན་ཏེ། དེ་ལ་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་ཡིད་ལས་བྱུང ་བ་ལ་སོགས་པ་ཉིད་ནས་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་ཁྲོ་བ་དང་བཅས་པར་གནས་པ་ཡིན་ནོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཁྲོ་བོའི་དཀྱིལ་འཁོར་རོ།། །།དུམ་བུ་གཉིས་པར་བཤད་པའི་ཕྱི་དང་ནང་དུ་བཅས་པའི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར ་དང་འདྲ་བར་བྱས་པ་ལ་དཀྱིལ་འཁོར་པདྨས་མཚན་པ་བྱས་ལ། དེའི་དབུས་སུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གོ། དེའི་ཤར་ནས་བརྩམས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་དང་རྡོ་རྗེ་ཀཱི་ལི་ཀཱི?་ལ་སོགས་པ་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་པདྨའི ་མདའ་ལ་སོགས་པ་བསྣམས་ནས་བཞུགས་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རོ།། །།དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བ་ལས་རིན་པོ་ཆེ་ལྟ་བུར་བྱས་ལ། དེའི་དབུས་སུ་བཅོམ་ལྡན་འདས ་ནམ་མཁའ་ཨི་སྙིང་པོ་དེའི་ཤར་ནས་བརྩམས་ཏེ། རྡོ་རྗེ་ཡིད་ལས་བྱུང་པ་ལ་སོགས་པ་ཉིད་ནས། རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་རིན་པོ་ཆེའི་མདའ་དང་གཞུ་ལ་སོགས་པ་བསྣམས་ནས་གནས་པར་བྱའོ། །རིན་པོ་ཆེའི་དཀྱིལ་འཁོར་རོ།། །།དཀྱིལ་འཁོར་གྱི་བྱི? ་དང་ནང་དུ་བཅས་པ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བ་དེའི་དབུས་མའི་རེའུ་ཆ་ལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་རོ། །ཤར་ལ་སོགས་པའི་རིའུ་ཆ་རྣམས་ལ། དེ་བཞིན་གཤེགས་པ་དང་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང། འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་དང། རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་བཤད་མ་ཐག་པའོ། །མེ་ལ་སོགས་པའི་མཚམས་སུ་ནི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་ཀྱི་མེའི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་མིང་པོ་གསུམ་དང། ་སྲིང་མོ་བཞི་དང། ལྷ་མ་ཡིན་དང། ཀླུའི་དཀྱིལ་འཁོར་འོག་ནས་བཤད་པ་རྣམས་ལ་བྱའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་གནས་པར་བྱའོ། །བསྡུས་པའི་དཀྱིལ་འཁོར་རོ།། །།མིང་པོ་དང་སྲིད་མོའི་དཀྱིལ་འཁོར་ནི་སྔ་མ་དང་འདྲ ་སྟེ། ཁྲུ་གང་ཙམ་གྱི་སྐས་བཞི་ལས་བབས་པར་བསྐོར་བ། རྒྱར་ཁྲུ་བརྒྱད་པ་ཟུར་བཞི་པ། ཤར་དུ་གྱེན་དུ་བལྟས་པའི་སྒོ་གཅིག་པའི་དཀྱིལ་འཁོར་དུ་གནས་པ་ལ། དེའི་དབུས་སུ་ཁྱབ་འདུག་གི་འཁོར་ལོ། །དེའི་ཤར་ཕྱོགས་ལ་སོགས་པའི་ཆ་ལ་བདེ་མཆོག་དང ་ཐག་བཟང་རིས་དང་ལག་བཟང་དང། སྲིན་པོ་ཞེས་བྱ་བའི་ལྷ་མ་ཡིན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་སོ། །མཚམས་རྣམས་སུ་ནི་ལྷ་མ་ཡིན་གྱི་བུ་མོ་རྣམས་གནས་པར་བྱའོ། །ལྷ་མ་ཡིན་གྱི་དཀྱིལ་འཁོར་རོ།། །ཟུར་བཞི་པ་ལ་སྒོ་བཞི་པའི་དཀྱིལ ་འཁོར་ལ་སྦྲུལ་གྱི་མཇུག་མའི་རི་མོས་མཚམས་བཞིར་མདུད་པར་བྱས་པ་གདེངས་ཀ་བརྒྱད་སྒྲིངས་བ་སྒོ་བཞི་སྒོ་ཁྱུད་དང་ལྡན་པ་ནི་ཀླུའི་དཀྱིལ་འཁོར་ཏེ། དེ་ལ་ཆུ་སྲིན་ལ་སོགས་པ་དང། ཆུས་ཡོངས་སུ་གང་བའི་མཚོའི་དབུས་སུ་ཀླུའི་རྒྱལ་པོ་མགོ་བརྒྱད་པའོ། །དེའི ་ཕྱོགས་ལོགས་ཀྱི་ཕྱོགས་དང་མཚམས་རྣམས་སུ་མཛའ་ཡས་དང། ནོར་རྒྱས་དང། འཇོག་གོ་དང། ཀརྐོ་ཊ་དང། པདྨ་དང་པདྨ་ཆེན་པོ་དང། དུད་སྐྱོང་དང། རིགས་ལྡན་གདེངས་ཀ་བདུན་བདུན་དང་ལྡན་པ་སྐྱེས་བུའི་གཟུགས་སུ་གནས་པར་བྱའོ། །ཀླུའི་དཀྱིལ་འཁོར ་རོ། །ཐམས་ཅད་དཀྱིལ་འཁོར་དང་བོ་དང་འབྲ་པར་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨོ། །དེའི་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གོ་ཆ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་ཐམས་ཅད་ལྷ་མོའི་ཚུལ་གྱིས ་བཞུགས་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་གསང་བའི་དཀྱིལ་འཁོར་རོ།། །།དུམ་བུ་གཉིས་པ་ལས་གསུངས་པའི་རྩ་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་ཡིན་ནོ། ཕྱི་དང་ནང་དུ་བཅས་པ་ཐམས་ཅད་དཀྱིལ་འཁོར་དང་པོའི་ཚུལ་དུ་གནས་པའི་དཀྱིལ་འཁོར་ལ། དེའི་དབུས་སུ་བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔའ་དེའི་ཕྱོགས་ཐམས་ཅད་དུ་འདོད་ཆགས་རྡོ་རྗེ་ལ་སོགས་པའོ། །དེའི་མཚམས་རྣམས་སུ་ཤིན་ཏུ་དགའ་མ་དང་རབ་ཏུ་དགའ་མ་དང། སྤྱན་དང་དཔལ་ཆེན་མོའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་སྒྲག་མོ་ལ་སོགས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །ཕྱིའི་མཚམས་རྣམས་སུ་ནི་བུམ་པ་ལ་སོགས་པ་དང། ཏོག་རྣམས་གནས་པའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་བུམ་པ་གཅིག་བཞག་པར་བྱའོ། །དུམ་བུ་གཉིས་པ་ནས་གསུངས་པའི་རྒྱུད་ཕྱེ་མའི་དཀྱིལ་འཁོར་དང་པའོ། །ཕྱིའི་དཀྱིལ་འཁོར་དང་པོ་དང ་འདྲ་བར་བྱས་པ། དེའི་ནང་དུ་དེའི་ཕྱེད་ཀྱི་ཟླུམ་པོ་ལ་རྡོ་རྗེའི་ཐིག་དང། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་བར་བྱས་བ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བཞག་པ་ལ་དེའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་སྤྱན་སྔར་བཅོམ་ལྡན་འདས་མི་བསྐྱོད་པ ་བདུད་ལས་རྣམ་པར་རྒྱལ་བར་མཛད་པ་གཡས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་བྱང་ཆུབ་སེམས་དཔའ་ཕྱག་ན་རིན་ཆེན་ཅོད་པན་ལ་སོགས་པ་ལ་དབང་བསྐུར་བར་མཛད་པའོ། །རྒྱབ་ཏུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ ་བཟང་པོ་ལ་སོགས་པས་ཡོངས་སུ་བཀོད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། །གཡོན་དུ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པར་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་འདུལ་བར་མཛད་བའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་རྡོ་རྗེ་སེམས་མ་དང ་རིན་ཆེན་སེམས་མ་དང། ཆོས་ཀྱི་སེམས་མ་དང། ལས་ཀྱི་སེམས་མ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་སྒེག་མོ་ལ་སོགས་བའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་གནས་པར་བྱས་པ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ། ་ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་དབུས་སུ་རྡོ་རྗེའི་འཁོར་ལོ་ཟླུམ་པོ་འབར་བ་དང་བཅས་པ་ཀ་བ་བརྒྱད་ཀྱི་ཉེ་བར་མཛེས་པར་བྱས་པ་ལ། དེའི་ཕྱི་རོལ་ཏུ་ཆ་མཉམ་པའི་ཟླུམ་པོ་རྨི་པ་བདུན་པ་བྱས་ཏེ། ་ལྷ་ཐམས་ཅད་ཀྱི་སྣ་ཚོགས་པདྨའི་གནས་པ་ལ་འབར་བའི་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའོ། །དེའི་མདུན་དུ་རྡོ་རྗེ་མཚོན་ཆ་འཛིན་མ་གཡོན་བརྐྱང་བས་གནས་པས་བཞུགས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་སྡིགས་མཛུད་བྱེད་པ། ་གཡས་བའི་རྡོ་རྗེའི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །གཡས་སུ་ནི་མདུད་རྩེ་གསུམ་པ་འཛིན་མའོ། །རྒྱབ་ཏུ་ནི་རལ་གྲི་འཛིན་མའོ། །གཡོན་དུ་ནི་པདྨ་དང་ཐོད་པ་འཛིན་མའོ། །མེ་ལ་སོགས་པའི་མཚམས་སུ་ནི་མདའ་གཞུ་དང་ཁ་ཊཝཱཾ་ག་དང་འཁོར་ལོ ་དང། བ་དན་སྣ་ཚོགས་འཛིན་པའི་ལྷ་མོ་རྣམས་བཞག་པར་བྱའོ། །དེའི་ཕྱི་རོལ་གྱི་ཐིག་དང་པོའི་ནང་དུ་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་གོ་རིམ་བཞིན་དུ་བཞུགས་པར་བྱ་སྟེ། དེ་བཞིན་དུ་གཡོན་བརྐྱང་བས་བཞུགས་ཤིང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་སྔགས་? ་བྱེད་ཅིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གཙུག་གཏོར་ལ་སོགས་པ་བསྣམས་པར་བྱའོ། །དེ་བཞིན་དུ་གཉིས་པ་ལ་སྔགས་ཀྱི་ལྷ་མོ་རྣམས་ཕྱག་ན་རང་གི་ཕྱག་རྒྱ་དང་ལྡན་པར་བྱའོ། །གསུམ་པར་ནི་རྡོ་རྗེ་རྒྱལ་པོ་ལྷ་མོ་བཞིའི་དབུས་ན་བཞུགས་པ་རྡོ་རྗེ་རྩེ་ལྔ་པ ་བསྣམས་པའོ། །བཞི་པར་ནི་རྡོ་རྗེ་རོལ་མོ་ཆེན་པོ་བཅུ་བདུད་པར་བྱེད་ཅིང་རྡོ་རྗེ་སྒེག་མོ་རྣམས་གང་བྱེད་ཅིང་གླུ་ལེན་པའོ། །ལྔ་པར་ནི་རཱ་ཛ་ནཱ་ག་དང་པ་ཏཱི་ཧཱ་ར་དང། ཆོགས་དང་ཁྲོ་བོ་རྣམས་སོ། །དྲུག་པར་ནི་རྡོ་རྗེ་ཕོ་ཉ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་སྲིན་པོ་དང། རྡོ་རྗེ ་མདག་གཞུག་རྣམས་སོ། །བདུན་པར་ནི་རྡོ་རྗེ་གཙུག་ཏོར་འམ། རྡོ་རྗེ་སྨིན་མཚམས་ཀྱིས་བརྙེས་བར་གྱུར་ཅིང། ཆད་པ་བཅད་པ་དང། རྡོ་རྗེ་རྒྱལ་པོ་དང། པྲ་ཏྲི་ཧ་རས་གཡུལ་དུ་བཅོམ་པ་ལ་སོགས་པའི་རིམ་གྱིས་ཏེ། ལྷ་ཆེན་པོ་ལ་སོགས་པ་བཏུལ་བ་ནས་ཆུ་ལྷའི ་མཐར་ཐུག་གི་བར་དུ་མ་མོའི་ཚོགས་དང་བཅས་པར་གནས་པ་རྣམས་སོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས་རྡོ་རྗེ་མདག་གཞུག་གི་མཐར་ཐུག་གི་བར་ནི་འཇིག་རྟེན་ལས་འདས་ཉིད་ཡིན་ཏེ། འཇིག་རྟེན་གསུམ་གྱི་གསང་བའི་རྒྱུ་དང། ལ་ལ་ནི་རྒྱུད་འདི་ཉིད་དུ་བལྟ་བར་བྱའོ།། ་ཕྱིའི་དཀྱིལ་འཁོར་གྱི་མཚམས་མེའི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་མིང་པོ་གསུམ་དང་སྲིད་མོ་བཞི་དང་ཀླུ་དང་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་དང་སྒེག་མོ་ལ་སོགས་པའོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་བཞུགས་པར་བྱའོ། །རྡོ་རྗེ་མེ་ལྟར་རབ་ཏུ ་འབར་བའི་དཀྱིལ་འཁོར་རོ།། །།ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དང་འདྲ་བར་བྱས་ལ་དེའི་དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་? ་འདྲ་བར་པདྨའི་དཀྱིལ་འཁོར་དུ་ཡང་དག་པར་གནས་པ་ལ་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། དེའི་མདུན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱག་མཚན་པདྨ་བསྣམས་ཏེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་དུ ་ལྷོར་རིན་པོ་ཆེའི་པདྨ་བསྣམས་པའི་སངས་རྒྱས་སོ། །རྒྱབ་ཏུ་རྡོ་རྗེའི་པདྨ་བསྣམས་པའི་སངས་རྒྱས་སོ། །གཡོན་དུ་པདྨ་གཉིས་བསྣམས་པའི་སངས་རྒྱས་ཏེ། དེ་དག་ཐམས་ཅད་ཀྱང་སྤྲུལ་པའི་སྐུའི་ཚུལ་ཅན་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །མཚམས་རྣམས་ཞི ་བ་དང་སྲེད་མེད་ཀྱི་བུ་དང་ཚངས་པ་དང་འདོད་པའི་གཟུགས་པདྨ་ཅན་ལ། །དེ་བཞིན་གཤེགས་པའི་གཟུགས་ཅན་ནོ། །ཕྱི་རོལ་གྱི་མཚམས་རྣམས་སུ་པདྨའི་སྒེག་མོ་ལ་སོགས་པའོ། །སྒོ་རྣམས་སུ་ནི་པདྨའི་ལྕགས་ཀྱུ་བཞུགས་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར།། ་ཕྱིའི་དཀྱིལ་འཁོར་དང་པོའི་དཀྱིལ་འཁོར་རོ། །ཕྱིའི་དཀྱིལ་འཁོར་དང་པོའི་དཀྱིལ་འཁོར་དང་འདྲ་བར་བྱས་ལ་དེའི་དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱི་རྡོ་རྗེ་རིན་ཆེན་གྱི་འཁོར་ལོ་ཟླུམ་པོ་ལ་རིན་པོ་ཆེའི་ཀ་བ་བརྒྱད་དང་ཡང་དག་པར་ལྡན་པ་མདོག་སྔོན་པོ། །ཟླ་བ་དང་ཉི་མ་དང་སྐར་མ་ ་ལ་སོགས་པའི་གཟུགས་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་ནས་གནས་པ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་ལ་དེའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་དེའི་མདུན་དུ་རིན་པོ་ཆེའི་ཅོད་པན་ཐོགས་ཏེ་དབང་བསྐུར་པ ་ཞེས་བྱའོ། །གཡས་སུ་གཏེར་གྱི་དུམ་པ་ཕྱག་ན་བསྣམས་པའོ། །རྒྱབ་ཏུ་གླེགས་བམ་དང་རིན་པོ་ཆེ་བསྣམས་པར་མཛད་པའོ། །གཡོན་དུ་སྣ་ཚོགས་ནོར་བུ་བསྣམས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་རིན་པོ་ཆེའི་ཅོད་པན་དང་བུམ་པ་རྒྱལ་མཚན་དང་མཆོད་པ ་ཐམས་ཅད་ཀྱིས་བཀང་བའི་སྣོད་ཕྱག་ན་བསྣམས་པའི་ལྷ་མོ་རྣམས་ས། །ཕྱིའི་མཚམས་རྣམས་སུ་རིན་ཆེན་སྒེག་མོ་ལ་སོགས་པའོ། །སྒོ་རྣམས་སུ་རིན་ཆེན་ལྕགས་ཀྱུ་ཡང་དག་པར་གནས་པར་བྱའོ། །རིན་པོ་ཆེའི་དཀྱིལ་འཁོར་རོ།། །།མིང་པོ ་གསུམ་དང། སྲིང་མོ་བཞི་དང། ཀླུའི་དཀྱིལ་འཁོར་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །སྡུག་བསྔལ་འཇིག་པའི་དཀྱིལ་འཁོར་ནི་ཟུར་བཞི་པའི་སྒོ་བཞི་པ་ལ་གནད་པ་ལ་དེའི་དབུས་སུ་སྲིན་པོ་དང། ཡི་དྭགས་དང། འབྱུང་པ་དང། ཀླུ་དང་གནོད་སྦྱིན་དང། ཕྲ་མེན་མ་དང། རིམས་ལ ་སོགས་པའི་གདོན་རྣམས་དང?་དམྱལ་བ་རྣམས་ཀྱང་གནས་པར་བྱའོ། །སྡུག་བསྔལ་གྱི་དཀྱིལ་འཁོར་རོ།། །ཕྱི་དང་ནང་གི་དཀྱིལ་འཁོར་དང་པོ་དང་འདྲ་བར་བྱས་ལ། དབུས་ཀྱི་རེའུ་ཆ་ལ་ཡང་དང་པོའི་དཀྱིལ་འཁོར། ཤར་ཕྱོགས་ཀྱི་རེའུ་ཆལ་དེ་བཞིན་གཤགས་པའི ་དཀྱིལ་འཁོར། ལྷོ་ཕྱོགས་སུ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར། ནུབ་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར། བྱང་གི་རེའུ་ཆ་ལ་འཕགས་པ་ནམ་མཁའ་ཨི་སྙིང་པོ་རྣམ་པར་བཞག་པར་བྱའོ། །དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའ་ལྷ་མོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི?། །ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་སྲེད་མེད་ཀྱི་བུའི་གཟུགས་ཅན་ལ་ཟླ་བ་བསྣམས་པའོ། །ལྷོར་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་གཏུམ་པའི་དབང་ཕྱུག་གཟུགས་ཅན་རྡོ་རྗེའི ་མདུད་བསྣམས་པའོ། །ནུབ་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་གཟུགས་ཅན་རྡོ་རྗེའི་པད་མ་བསྣམས་པའོ། །བྱང་གི་དཀྱིལ་འཁོར་གྱི་དབུས་སུ་ནམ་མཁའ་ཨི་སྙིང་པོ་འདོད་པའི་གཟུགས་ཅན་ཏེ། འདི་དག་ཐམས་ཅད་ཀྱང་འཁོར་དང་བཅས ་པར་བཞུགས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་གཟུངས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེའི་དཔལ་མོ་དང། རྡོ་རྗེ་སེར་མོ་དང། རྡོ་རྗེ་སྒྲོལ་མ་དང་རྡོ་རྗེ་ནམ་མཁའ་འཁོར་ལོའི་རྡོ་རྗེའི་མདུད་རྩེ་གསུམ་ལ་སོགས་པ་རང་རྡོ་རྗེའི་པདྨ་དང། རྡོ་རྗེའི ་མེ་ཏོག་ཅན་གྱི་མདའ་དང་གཞུ་བསྣམས་ནས་བཞུགས་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་ནི་སྒེག་མོ་ལ་སོགས་པ་རྣམས་སོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་རྣམས་སོ། །ཡང་བྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་འདོད་པ་དང ་ཚངས་པ་དང། ཚངས་པའི་མཆོག་དང། བདེ་བྱེད་ལ་སོགས་པའི་འཁོར་དང་བཅས་པ་རྣམས་སོ། །ཡང་དུམ་བུ་དང་པོ་ལས་གསུངས་པའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་པ་ལ་དེ་ཉིད་ཀྱི་ཕྱིའི་དཀྱིལ་འཁོར་གྱི་ལ་ཁྱེར་ལ་པི་བང་དང་རྔ་བོ་ཆེ་དང་ཀུ་མུ ་ང་དང། ཆ་ལང་དང་བྷི་རི་དང་རྫ་རྔ་དང་རྔ་དང་རྔ་རིངས་དང་རྔ་རྐེན་ཉག་སྟེ། རྡོ་རྗེ་རོལ་མོ་བཅུ་བརྡུད་པ་ལ་བརྩོན་པའི་ཚོགས་ཀྱིས་དབང་ཕྱུག་རྣམས་གནས་པར་བྱའོ། །བསྡུས་པའི་དཀྱིལ་འཁོར་རོ།། །། ་འདི་དག་ནི་དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མ་དང། རྩ་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་སྟེ། རྟོག་པ་ཐམས་ཅད་ཀྱི་རྒྱུད་པ་ཕྱི་མ་དང་རྩ་བའི་རྒྱུད་རྫོགས་སོ་ཞེས་གསུངས་པས་ན་འདིར་སོམ་ཉི ་མི་བྱའོ། །འདི་དག་ཉིད་རྒྱུད་དུ་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་དམ་ཚིག་གསུམ་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་སྤྱན་རས་གཟིགས་དང་ནམ་མཁའ་ཨི་སྙིང་པོའི་རས་རིས་དང་དཀྱིལ་འཁོར་དུ་རྣམ་པར་གནས་པ་འདི་དག་ཐམས་ཅད་ནི་འཁོར ་དང་བཅས་པ་ཡིན་ཏེ་སྔར་བཤད་པའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་བསྐོར་བ་ལས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཆོ་ག་ལ་ནི་རྡོ་རྗེ་མཚོན་ཆ་དང་མདུད་རྩེ་ཆེན་པོ་དང་རལ་གྲི་དང་ཞགས་པ་འཛིན་པའི་ལྷ་མོ་མེད་ལ་དེ ་བཞིན་དུ་རིམ་པ་བདུན་གྱི་ནང་དུ་མིང་པོ་གསུམ་དང་སྲིད་མོ་བཞི་དང། ཀླུ་དང་སྡུག་བསྔལ་གྱིས་དཀྱིལ་འཁོར་མེད་པར་བལྟ་བར་བྱའོ། །གསང་བའི་ཆོ་ག་ཡང་གཞན་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་ནི་སངས་རྒྱས ་ཀྱི་སྐུ་གཟུགས་བརྒྱད་མེད་པ་ལ་སྦྲང་རྩི་རྡོ་རྗེ་ལ་སོགས་པ་ནས་པདྨའི་དྲིལ་བུའི་མཐར་ཐུག་པ་དང་ལྡན་པའོ། །ནམ་མཁའ་ཨི་སྙིང་པོའི་ཡང་སེམས་དཔའ་བཞི་མེད་པའོ། །རས་རིས་ཀྱིས་ཆོ་ག་ཐམས་ཅད་ལ་ཡང་དེ་བཞིན་ནོ། །རས་ཀྱི་དཀྱིལ་འཁོར ་གྱི་ཆོ་ག་དྲུག་པོ་འདི་དག་ནི་རྒྱུད་ཀྱི་དུམ་བུ་གཉིས་པར་གསུངས་པ་ཡིན་ནོ།། །།དུམ་བུ་གསུམ་པར་ཡང་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ་ནམ་མཁའ་ཨི་སྙིང་པོ་དང། མིང་པོ་གསུམ་དང། སྲིད་མོ་བཞི་དང། ཀླུ་དང་སྡུག་བསྔལ་ལས་འདོན་པ་དང། བསྡུས་པའི་དཀྱིལ་འཁོར་རྣམས་དུམ་བུ་གཉིས་པ་ལས་གསུངས་བའི་དཀྱིལ་འཁོར་ལས་བལྟ་བར་བྱའོ། །ཁྱད་པར་ནི་འདི་ཡོད་དེ་རྡོ་རྗེ ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་ལ་ནང་གི་རིམ་པ་བདུན་གྱི་ཕྱི་རོལ་ཏུ་ཤར་ཕྱོགས་ལ་སོགས་པ་ནས་བརྩམས་ཏེ། འཇིག་རྟེན་གྱི་ཁམས་བརྒྱད་ལ་དེ་རྣམས་སུ་སངས་རྒྱས་རེ་རེ་ཞིང་བྱམས་པ་དང། མཐོང་བ་དོན་ཡོད་ལ་སོགས་པ་བྱང ་ཆུབ་སེམས་དཔའ་གཉིས་གཉིས་དབུས་ན་བཞུགས་པར་བྱའོ། །ཡང་འདི་ཉིད་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། ་ནམ་མཁའ་ཨི་སྙིང་པོ་དང། གསང་བའི་དཀྱིལ་འཁོར་ལྷ་མོ་བཞི་དང་ཡང་དག་པར་འདུས་བ་ལ་སོགས་པའི་ཚུལ་གྱིས་ཡང་དག་པར་གནས་པར་བྱའོ། །རྡོ་རྗེ་ཁྲོ་བོའི་གསང་བའི་དཀྱིལ་འཁོར་དུ་མི་ཁྱད་པར་འདི་ཡིན་ཏེ། ཡི་གེ་ཧཱུཾ་བཞིས་སྤྱན་དྲངས་པའོ། ་ཧཱུཾ་ཨཱ་ར་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་པོའོ།། །།ཡང་གསང་བའི་རས་རིས་ལྔ་པོའི་ཆོ་ག་ནི་སྔ་མ་ཉིད་དང། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་རས་རིས་ཀྱིས་ཆོ་ག་ལ་ནི་ཁྱད་པར་འདི་ཡོད་དེ། རྡོ་རྗེ་མཚོན་ཆ་འཛིན་པ་ལ་སོགས ་པས་སོ། ཡང་དང་པོའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་དཀྱིལ་འཁོར་ལ་སོགས་པ་རྣམ་པར་གནས་སོ། །བསྡུས་པའི་དཀྱིལ་འཁོར་ཉིད་དོ། །དེ་ལྟར་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་ནི་གསུམ་པའི ་ཡིན་ནོ། །བཞི་པར་ཡང་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་མེ་ལྷར་རབ་ཏུ་འབར་བའི་དཀྱིལ་འཁོར་རྣམས་ནི་དུམ་བུ་གཉིས་པར་གསུངས་པ་ཉིད་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལས་ནི་ཏིང་ངེ་འཛིན་དང་བཅས་པ ་ལ་སོགས་པར་བཞུགས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་བཞི་བཞུགས་པར་བྱའོ། འཕགས་པ་ནམ་མཁའ་ཨི་སྙིང་པོ་དང། མིང་པོ་གསུམ་དང་སྲིད་མོ་བཞི་དང། ཀླུ་དང་སྡུག་བསྔལ ་ལས་འདོན་པ་དང་བསྡུས་པའི་དཀྱིལ་འཁོར་རྣམས་ནི་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་ཉིད་ཡིན་ནོ། །རས་རིས་ཀྱི་དཀྱིལ་འཁོར་ལྔ་པ་ཡང་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་ཡི་གེ་ཧཱུཾ་ལ་སོགས་པའི་ངོ་བོ་ཉིད་དང། ཕྱག་རྒྱ་དང་ཕྱག་རྒྱ ་ཆེན་པོའི་ཚུལ་དང་བསྲུང་བ་དང་གོ་ཆ་དང་བསྐྲད་པ་དང་ཕུར་བུ་ལ་སོགས་པའི་རང་རང་གི་ངོ་བོ་དང་གསང་བའི་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་སྤྱན་དྲང་པ་དང། མཆོད་ཡོན་དབུལ་བ་དང། ཕྱག་རྒྱ་བཞི་ལ་སོགས་པས་རྒྱས་གདབ?་ཅིང་དབང་བསྐུར་བ ་ལ་སོགས་པའི་ཆོ་གའི་ཚུལ་དང་བཟླས་པ་ལ་སོགས་པའི་ཚུལ་དང། ཕྱི་དང་ནང་གི་མཚན་ཉིད་ཅན་གྱི་སྦྱིན་སྲེག་དང། ཉེ་བར་བསྡུ་བ་སྟེ་ཕྱག་རྒྱ་གང་དང་གང་ལས་བྱུང་བ་དེ་དང་དེ་ཉིད་དུ་དགོངས་པ་དང་གཤེགས་སུ་གསོལ་སྟེ། རང ་གི་ལུས་ལ་དཀྱིལ་འཁོར་ཆུད་པར་བྱ་བ་དང། །ཇི་སྐད་དུ་བཤད་པའི་གཤེགས་སུ་གསོལ་བའོ། །ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཅན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ནི་དཔལ་ཆོ་ག་དང་པོ་ཞེས་བྱ་བའི་སྒྲ?་བརྗོད ་དེ། དེ་ལ་འདི་ཉིད་རྒྱུན་གྱི་ངོ་བོ་ཉིད་ཡིན་པ་ནས་།དེ་སྟོན་པར་བྱེད་པའི་སྒྲའི་རྒྱུན་ནི་རྒྱད་ཅེས་བྱ་སྟེ། སྐྱེས་པའི་རབ་དང་འདྲའོ། །དེ་ནི་མདོར་བསྡུས་ནས་བཤད་པ་ཡིན་ནོ། །དེ་ལྟར་གྱུར་པའི་དཔལ་མཆོག་དང་པོའི་རྒྱུད་རྡོ་རྗེ་གདན་པ་ཆེན ་པོའི་ངོ་བོ་ཉིད་བློ་ལ་བཞག་ནས་སྡུད་པར་བྱད་བ། ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པ་ཡིན་ཏེ། འདིས་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱི་གཞན་དག་ལས་བརྒྱུད ་བ་ནི་མ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་ལ་སྟོན་པ་ཡིན་ནོ། །ཁྱོད་ཀྱིས་གང་གི་ཆོ་ཐོས་ཞེན། དུས་གཅིག་ན་ཞེས་བྱ་བ་གསུངས་ཏེ། སྐད་ཅིག་མ་གཅིག་ལ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣམ ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོས་པ་ཉིད་ཀྱིས་དུས་གསུམ་གྱིས་བསྐལ་བར་སྦོབས་པ་ལ་སོགས་པ་ཐོས་པར་བྱ་བ་ཅུང་ཟད་ཡོད་པ་དེ་ཐམས་ཅད་སྐད་ཅིག་མ་གཅིག་གིས་བདག་གིས་ཐོས་སོ་ཞེས་བདག་ཉིད་ཚད་མའི་སྐྱེས་བུ་ཡིན་པར ་སྟོན་ཏོ། །ཁྱོད་ཀྱིས་གང་ལས་དེ་དག་ཐོས་ཞེ་ན། གང་གི་ཚེ་བཅོམ་ལྡན་འདས་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པ་ཞེས་བྱ་བར་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལས་བདག ་གིས་ཐོས་སོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་མི་ཐུབ་པའི་བདུད་བཞི་བཅོམ་བསན་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་དེ་ཡོན་ཏན་ཅི་ལྟ་བུ་དག་དང་ལྡན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་དམ་ཚིག་དང། ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ཉིད་ནི་རྡོ་རྗེ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དངོས་པོ ་དང་དངོས་པོ་མེད་པ་ཡོངས་སུ་ཚོལ་བ་དང་བྲལ་བའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཚུལ་ལོ། །དངོས་པོ་ཐམས་ཅད་ཀྱིས་མི་བྱེད་པས་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དེའི་བྱིན་གྱིས་བརླབས་ནི་ནུས་པ་ཡིན་པས་ན། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་ལོ། །དེ་ཉིད་དམ་ཚིག་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་དམ་ཚིག་སྟེ། མི་འདའ་བའ་ཨི་དོན་ནི་དམ་ཚིག་གོ་།དེ་བས་ན་དེ་བཞིན་གཤེགས་པ་ཀུན ་གྱིས་ཀྱང་འདའ་བར་མི་མཛད་པས་ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། ཡིད་ཀྱི་གཟུགས་ནི་བསྟན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་དེ་རྣམས་ལ་མཁྱེན་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱ་བ་དེས་པའི་ཆུལ་ལོ། །དེ་ཉིད་ནི་བྱེ་བྲག ་རྣམ་པ་ཐ་དད་པ་སྟེ། རབ་ཏུ་དགའ་བའི་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཨི་གནས་སོ། །འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྟེ། དེས་ན་དེ་ལྟ ་བུའི་ཆུལ་དང་ཡང་དག་པར་ལྡན་ཞིང་བཅས་པའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས་ངོ་བོ་ཉིད་མངོན་སུམ་དུ་མཛད་པས་དམ་ཚིག་མཁྱེན་པ་ཉིད་དང་དམ་ཚིག་གི་ངོ་བོ་ཉིད་ཡིན་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་སེམས་པ་རེ་རེ ་ཞིང་ཐམས་ཅད་རྡོ་རྗེའི་ཡེ་ཤེས་ཀྱི་གཟུགས་བརྙན་ལས་སྐྱེས་པའི་རྒྱུ་ཅན་ཉིད་ཀྱིས་ན། མེ་ལོང་གི་དཀྱིལ་འཁོར་དང་འདྲ་བས་བཅོམ་ལྡན་འདས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་ཡང་སྟོན་པར་མཛད་པ་ཡིན་ནོ། །དེ་ལྟར་རེ་ཞིག་བཅོམ་ལྡན ་འདས་ཉིད་དམ་ཚིག་མཁྱེན་པ་ཡིན་པས་ན། གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཤིན་ཏུ་ཡང་དམ་ཚིག་ཤེས་པར་བྱའོ་ཞེས་བཤད་པར་གྱུར་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་དེ་དམ་ཚིག་མཁྱེན་པ་འབའ་ཞིག་ཏུ་མ་ཟད་ཀྱི་དབང་བསྐུར་བ་ཡང་བསྙེས ་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་ཉིད་རིན་པོ་ཆེ་ཡིན་ལ་དེ་རྣམས་ལས་བསྒྲུབས་པའི་ཅོད་པན་ནི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཅོད་པན་ནོ། །དེས་འདོད་པ་དང་གཟུགས་དང། གཟུགས་མེད་པའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཁམས་གསུམ་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཤིང་བདག་ཏུ་རྨོངས་པ་དང། བདག་ཏུ་རྒྱལ་བ་དང། བདག་ཏུ་ཆགས་པ་དང། བདག་ཏུ་ལྟ་བ་སྟེ་ཉོན ་མོངས་པ་བཞི་དང་ལྡན་པའི་ཡིད་སྤངས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས་པར་ཡང་དག་པར་བསྟན་པ་ནི་དབང་བསྐུར་བ་ཉིད་བརྙེས་པ་སྟེ། འདིས་ནི་རིན་པོ་ཆེའི་རིགས་ཐུགས་སུ་ཆུད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས་པར་སྟོན་པ་ཡིན་ནོ། །གསང་སྔགས་ཀྱི་སྒོ ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་།དབང་བསྐུར་བ་དང་ལྡན་པར་བྱའོ། །ཞེས་སྟོན་ཏོ། །དེ་ཉིད་རྣལ་འབྱོར་ལ་དབང་ཐོབ་པར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་དངོས་པོའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་སྟེ། ལམ་གྱི་རྣམ་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ཉིད་ནི་རྣལ་འབྱོར་ཆེན་པོ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་གྱི་ངོ་བོ་ཉིད་དེ། རྣལ ་འབྱོར་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་ཕྱུག་ཀྱང་དེ་ཉིད་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་རྣལ་འབྱོར་ཆེན་པོའི་དབང་ཕྱུག་ཅེས་བྱ་སྟེ། འདིས་ཀྱང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ ་ཡོངས་སུ་མཁྱེན་པ་ཡིན་པས་སོ་སོར་རྟོག་པའི་ཡེ་ཤེས་བརྙེས་པ་ཡིན་ཏེ། བཅོམ་ལྡན་འདས་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་པདྨའི་རིགས་ཀྱི་ངོ་བོ་ཉིད་ཐུགས་སུ་ཆུད་པ་ཡིན་པར་སྟོན་ཏོ། །སྔགས་པ་རྣམས་ཀྱིས་ཀྱང་རྣལ་འབྱོར་ལ་གོམས་པར ་བྱའོ་ཞེས་སྟོན་པ་ཡིན་ནོ། །བྱ་བ་བསྒྲུབ་པ་དང། ཐུགས་རྗེ་ཆེན་པོས་གཞན་གྱི་དབང་ལ་འཇུག་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ ་ཆེན་པོ་ལ་སོགས་པའི་མཚན་ཉིད་ཅན་གྱིས་ཕྱག་རྒྱ་རྣམ་པ་བཞིའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དང། ཀུན་རྫོབ་ཏུ་དབྱེ་བ་མེད་པ་ཁྱད་པར་དུ་འབྱེད་པར་བྱེད་པའི་དེ་ཉིད་དེ་ཐུགས་སུ་ཆུད་པ་ནི་བརྙེད་པའོ།། ་སྣ་ཚོགས་པ་ནི་སེམས་ཅན་གྱི་ཁམས་མ་ལུས་པའི་རྒྱུ་དང་འབྲས་བུའི་མངོན་པར་འདོད་པ་མཐོང་བ་དང། མ་མཐོང་བའི་འབྲས་བུ་ཐོབ་པར་མཛད་པས་ན་སྣ་ཚོགས་པའི་བྱ་བ་མཛད་པ་སྟེ། སྣ་ཚོགས་པའི་བྱ་བ་མཛད་པ་ཉིད་དེ་དེ་རྒྱུར་གྱུར་པས ་མ་ལུས་པ་?་སྟེ། ཐམས་ཅད་ལུས་པ་མེད་པ་སྟེ་སེམས་ཅན་ཁམས་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཅེས་བྱ་བ་སྲེད་པའི་རྣམ་པ་ཐམས་ཅད་དོ། །དེ་ཡོངས་སུ་བསྐོང་བ་ནི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པའོ། །དེ་ཉིད་ཕྲིན ་ལས་ཏེ། དེ་མཛད་པས་ན་རེ་བ་ཐམས་ཅད་ཡོངས་སུ་བསྐོར་བའི་ཕྲིན་ལས་མཛད་བའོ། །འདིས་ཀྱང་བཅོམ་ལྡན་འདས་མིག་དང་རྣ་བ་དང། སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་དག་པའི་ངོ་བོ་ཉིད་མངོན་སུམ་དུ་མཛད་པས་བྱ་བ་སྒྲུབ་པའི་ཡེ་ཤེས་བརྙེས་ཏེ་ ་ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་སྟོན་ཏོ། །སྔགས་པ་རྣམས་ཀྱིས་ཀྱང་ཞི་བ་ལ་སོགས་པའི་ལས་རྣམས་ལ་གོམས་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ལྟ་བུ་དེ་སུ་ཞིག་ཡིན་ཞེ་ན། ཐུགས་རྗེ་ཆེ་བ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ་རྣམ་པར་སྣང་མཛད་ཀྱང་ཡིན་ལ་ཆེན་པོ་ཨང་ཡིན་པས། རྣམ་པར་སྣང་མཛད་དེ། རྣམ་པར་སྣང་བར་བྱེད་པ་ཉིད་ཀྱིས་ན་རྣམ་པར་སྣང་མཛད་དོ། །འདི་སྐད་སྟོན་ཏེ་ནམ་མཁའ་ཨི་ཁམས་ཐམས་ཅད་ལྟར་རྟག་ཏུ་བཞུགས་པ། སྐུ་དང་གསུང་དང ་ཐུགས་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་པའི་མཚན་ཉིད་རྡོ་རྗེ་སེམས་དཔའ་གཞིའི་ས་ལ་རྣམ་པར་བཞུགས་པའི་བྱང་ཆུབ་སེམས་དཔའ་ལས་ལྷག་པ་ཉིད་དོ། །དེ་བས་ན་འདི་ལྟར་ཆེན་པོ་ཉིད་དེ་ཐམས་ཅད་ཁྱབ་པས ་ཕྱོགས་བཅུར་སྐད་ཅིག་མ་གཅིག་གི་ཤུགས་ཀྱིས་རྣམ་པར་སྣང་ཞིང་འབར་ལ། གཟུགས་ཐམས་ཅད་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་བཅོམ་ལྡན་འདས་དུས་ཇི་སྲིད་ཅིག་གི་བར་དུ་བཞུགས ་ཞེ་ན། རྟག་པ་ཞེས་བྱ་བ་གསུངས་ཏེ། རྒྱུན་གྱི་རྟག་པ་ཉིད་ཀྱི་འཁོར་བ་ཇི་སྲིད་ཀྱི་བར་དུ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། ཅིའི་ཕྱིར་ཞེ་ན། ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་གི་སེམས་ཅན་གྱི་དོན་དུ་བཞུགས་སོ། །ཇི་ལྟར་ན་འདས་པ་དང་མ་འོངས་པ ་དང། ད་ལྟར་བྱུང་བ་བརྗོད་པར་བྱ་ཞེ་ན། དུས་གསུམ་གྱིས་མཉམ་པ་ཉིད་ལ་བཞུགས་ཞེས་བྱ་བ་གསུངས་ཏེ། འདས་པ་དང་མི་འོངས་པ་དང། ད་ལྟར་བྱུང་བའི་དུས་གསུམ་ནི་དུས་གསུམ་མོ། །དེ་དག་སྤྲུལ་པའི་སྐུས་ཡོངས་སུ་མྱ་ངན་ལས་འདས ་པ་ལ་སོགས་པ་ཡང་དག་པར་སྟོན་པར་མཛད་པས་དུས་གསུམ་གྱིས་མཉམ་པ་ཉིད་ལ་བཞུགས་པ་སྟེ། ཀུན་རྫོབ་ཏུ་བཞུགས་པ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུ་དང། ཆོས་ཀྱི་སྐུ་དག་ནི་རྒྱུན་ཆད་པ་མེད་པས་འདས་པ་དང ་མ་འོངས་པའི་དབྱེ་བ་ཡོད་པ་མ་ཡིན་ནོ། །ཅི་འདི་དག་གཞན་དུ་རྣམ་པར་དབྱེ་འམ་འོན་ཏེ་མ་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐུ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། སྐུ་ཐམས་ཅད་དེ་ལོངས ་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་ཞེས་བྱ་བའི་དོན་ཏོ། །གསུང་ཐམས་ཅད་ནི་བཀའ་རྣམས་སོ། །ཐུགས་ཐམས་ཅད་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང། བྱ་བ་བསྒྲུབ་པའི་ཡེ་ཤེས་རྣམས་སོ། །སྐུ་དང་གསུང་དང་ཐུགས་དེ་ཉིད་རྡོ་རྗེར་གྱུར་པ་གང་ཡིན ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་གཉིས་སུ་མེད་པའོ། །དེ་ཡང་རེ་ཞིག་སེམས་དང་སེམས་ཀྱི་ཚོགས་རྣམས་དེར་གཅིག་པར་གྱུར་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་སྤྱོད་པར་མི་ནུས་པས་རྡོ་རྗེ་དང་འདྲ་བས་རྡོ་རྗེའོ། །བདག་པོ་དེ་ལས་ངེས་པར་བྱུང་བའི་ལོངས་སྤྱོད་རྫོགས ་པའི་སྐུ་དག་དང། གསུང་རྣམས་ཀྱང་དངོས་པོའི་དོན་ཐམས་ཅད་ཀྱིས་མི་ཕྱེད་བས་ན་རྡོ་རྗེ་སྟེ་དེ་ལྟར་གསུམ་ཆར་ལ་ཡང་རྡོ་རྗེ་ཉིད་དུ་འདོད་པས་སྐུ་དང་གསུང་དང་ཐུགས་རྡོ་ཇེའོ། །དེ་ཡང་ཇི་ལྟར་སྐུ་དང་གསུང་དང་ཐུག་འདིར་?་གནས་པ་དེ་བཞིན་དུ་བློས་རྟོགས་པར ་མཛད་ཅིང་དེ་བཞིན་དུ་གཞན་དག་ལ་སྟོན་པར་མཛད་པ་ནི། ཐུགས་རྗེ་གཞན་གྱི་དབང་དུ་གྱུར་པ། དེ་བཞིན་གཤེགས་པའོ་ཞེས་གསུངས་ཏེ། སྟོན་པར་མཛད་པའི་ཡོན་ཏན་ཡང་དག་པར་སྟོན་པར་མཛད་པ་འདིས། དག་པའི་ཆོས་ཀྱི་རྗེས་སུ་འབྲངབ་རྣམས་སྔགས ་ཀྱི་ཚུལ་འཇུག་པར་བྱ་བའི་ཕྱིར་བརྩོན་པར་འགྱུར་བ་དང། དད་པའི་རྗེས་སུ་འབྲང་བ་རྣམས་རེ་ཞིག་སྟོན་པ་པོའི་ཡོན་ཏན་ཐོས་པས་འབད་དེ། དང་བས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། །ཞེས་བསྟན་པ་ལ་འཇུག་པར་འགྱུར་བ་དང། ཆོས་ཀྱི་རྗེས་སུ་འབྲང ་ལ་རྣམས་ཀྱང་ཤེས་རབ་ལ་སྤྱོད་པར་གྱུར་པ་ཉིད་ཀྱིས་ཉེས་པ་དང་ཐམས་ཅད་བྲལ་བར་འགྱུར་ཅིང་ཐུགས་རྗེའི་བདག་ཉིད་བསླུ་བར་མི་མཛད་པས་སྔགས་ཀྱི་ཚུལ་འདི་བསྟན་པ་ཡིན་ནོ་ཞེས་ངེས་པ་སྐྱེས་པར་གྱུར་ནས་པར་འགྱུར་ཏེ། ཉེས་པ་ཟད་པ་རྫུན་གྱི ་ཚིག། སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར་ཞེས་བཤད་པ་སྟེ། དེ་ལྟར་གྱུར་པས་འདི་བཤད་པ་ཡིན་ནོ། ཞེས་ངེས་པ་བསྐྱེད་ནས། གང་དུ་བཞུགས་པས་འདི་གསུངས་ཤེས་རྣལ་འབྱོར་གྱི་གནས་བསྟན་པར་བྱ་བའི་ཕྱིར་དེ་བཞིན ་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྟན་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སྨྲས་པ་གང་གི་ཕྱིར ་སྔགས་པས་སོ། །བསྔགས་པ་ཉིད་ཀྱིས་ན་བསྟོད་པའོ། །དེ་ལྟར་ན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་དང། བསྔགས་པ་དང་བསྟོད་པ་སྟེ། དེ་བས་ན་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་བསྔགས ་པའང་སྟོང་པ་དེ་ལྟ་བུའི་གནས་དེར་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །ནོར་བུ་རིན་པོ་ཆེ་དང་བྱ་བ་ལ་སོགས་པ་ལ་ནོར་བུ་རྣམས་དང། རིན་པོ་ཆེ་རྣམས་ནི་ནོར་བུ་རིན་པོ་ཆེ་སྟེ། ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ། །རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པའོ། །ནོར ་བུ་དང་རིན་པོ་ཆེ་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་ནོར་བུ་རིན་པོ་ཆེ་སྟེ། དེ་རྣམས་ཀྱི་སྤྲས་པ་ནི་རྣམ་པར་བརྒྱན་པའོ། །དེ་ནོར་བུ་དང་རིན་པོ་ཆེས་སྤྲས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁ་དོག་སྣ་ཚོགས་པ་ཡང་ཡིན་ཏེ། ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང ་སེར་པོ་ལ་སོགས་པའི་ཁ་དོག་རྣམ་པ་དུ་མའོ། དྲིལ་བུ་བཏགས་པ་ནི་དྲིལ་བུ་དང་སྦྲེལ་པའོ། །དྲིལ་བུ་བཏགས་པ་ཡང་ཡིན་ལ་དར་གྱི་བ་དན་ལ་སོགས་རླུང་གིས་བསྐྱོད་ཡང་ཡིན་པས། དེ་སྐད་ཅེས་བྱ་སྟེ། མེ་ཏོག་གི་ཕྲེང་བ་ནི་མེ་ཏོག་བརྒྱུས་པའོ། །རྔ་མ་ནི ་རྔ་ཡང་བ། །དྲ་བ་ནི་མཆོག་དབུས་ན་ཡོད་པའོ། །དྲ་བ་ཕྱེད་པ་ནི་མཆོག་ཐ་མ་ན་ཡོད་པའོ། །ཟླ་བ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་མེ་ལོང་གི་དཀྱིལ་འཁོར་ཏེ། དེ་རྣམས་རླུང་གིས་བསྐྱེད་པ་ནི་རླུང་གིས་བཏེག་ཅིང་གཡོ་བར་བྱས་པའོ། །དེ ་ལྟར་ནད་ལྟ་བུའི་དར་གྱིས་གདན་དང། མེ་ཏོག་གི་ཕྲེང་བ་དང། རྔ་མ་དང་དྲ་བ་དང་དྲ་བ་ཕྱེད་པ་དང། ཟླ་བ་རླུང་གིས་བསྐྱོད་པ་དེ་རྣམས་ཀྱིས་གཞལ་ཡས་ཁང་དེ་རྣམས་ཉེ་བར་མཛེས་པར་བྱས་པའོ། །དེ་ལྟ་བུར་གྱུར་པ་དང། གང་ན་བཞུགས་ཤེ་ན། འདོད་པའི ་ཁམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། འདོད་པའི་ཁམས་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས། འདོད་པའི་ཁམས་ཐམས་ཅད་དེ་ཕྱོགས་བཅུའི་ནམ་མཁའ་ཨི་ཁམས་མཐར་ཐུག་པ་ཅི་སྙེད་པའི་ཁམས་དེ་སྙེད་དང་གཞན་འཕྲུལ་དབང ་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ཇི་སྙེད་པ་དེ་ཉིད་དུ་བདག་ཉིད་ཀྱི་དངོས་པོ་ཚད་མེད་པ་ཉིད་ཀྱིས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །ང་ཡང་གཞན་རྣམས་ཀྱིས་སྤྲུལ་པས་ན་གཞན་སྤྲུལ་ཏེ། ལོངས་སྤྱོད་དེ་རྣམས་ལ་དབང་སྒྱུར་བར་ནུས་པ་དེ་ལ་གནས་པའི་དང་ཚུལ ་ཅན་གྱི་ལྷ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གྱི་སྤྲུལ་པ་ལ་ལོངས་སྤྱོད་བར་ནུས་པའི་ལྷ་དེ་རྣམས་ཉིད་ཀྱིས་རྒྱལ་པོ་ཡིན་པས་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་སྟེ། བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་འདོད་པའི་ཁམས་ཀྱི ་དབང་ཕྱུག་ཆེན་པོ་གདུལ་བར་བྱ་བའི་ཕྱིར། བཙུན་མོའི་འཁོར་གྱི་ནང་ན་བཞུགས་ཏེ། གཞན་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གཞལ་ཡས་ཁང་ལོངས་སྤྱད་པར་འོས་པ་ཡིན་ནོ། །འདིས་ནི ་གདུལ་བྱ་རྣམས་འདོད་པ་བསྐྱེད་པར་བྱ་བའི་ཕྱིར། གནས་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ནོ། །ཅི་བཅོམ་ལྡན་འདས་འདི་གཅིག་དུ་ཞིག་བཞུགས་སམ་ཞེ་ན། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ ་གཙོ་སུ་ཞིག་ཡིན་ཞེ་ན། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་སྟེ། བྱང་ཆུབ་སྟོན་པར་བྱེད་པའི་མཚན་མ་ནི་རྡོ་རྗེ་སྟེ། དེས་ཉེ་བར་མཚན་བའི་ཕྱག་མངའ་བས་ཕྱག་ན་རྡོ་རྗེའོ། །གཟིགས་པར་མཚན་པས་ན་སྤྱན་རས་གཟིགས་ཏེ། རང་བཞིན་གྱི ་དག་པ་ལ་སོ་སོར་རྟོག་པར་མཛད་པ་དང། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་སོ་སོར་རྟོག་པར་མཛད་པའོ། །དེའི་དབང་ཕྱུག་ནི་གཙོ་བོ་སྟེ། སྤྱན་རས་གཟིགས་དབང་ཕྱུག་གོ། ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས ་ཏེ། དེའི་སྙིང་པོ་སྟེ། སྐྱེ་བའི་གནས་མངའ་བ་གང་ཡིན་པ་དེ་ནི་ནམ་མཁའ་ཨི་སྙིང་པོའོ། །ཆོས་བདག་མེད་པར་རྗེས་སུ་དྲན་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱ་བ་ནི་ཁུ་ཚུར་ཏེ། དེ་ལས་བྱུང་བ་ལ་ཡང་ཉེ་བར་གདགས་པས་རྡོ་རྗེ་ཁུ་ཚུར་ཞེས ་བྱའོ། །འཇམ་ཞིང་གཉེན་པའི་དཔལ་གང་ལ་ཡོད་པ་ནི་འཇམ་དཔལ་ཏེ། གཞོན་ནུའི་མདངས་དང་ལྡན་པའི་ངོ་བོ་ཉིད་དང་ལྡན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྒྱུ་མཐུན་པ་ཉིད་ཀྱིས་ཉོན་མོངས་པ་ཅན་དང། ཉོན་མོངས་པ ་ཅན་མ་ཡིན་པའི་རྨོངས་པའི་སྲ་བ་མི་མངའ་བའི་ཕྱིར་རོ། །སེམས་བསྐྱེད་བའི་རྗེས་ཐོགས་ཉིད་ལ་ཆོས་ཀྱི་འཁོར་ལོ་སྟེ། དཀྱིལ་འཁོར་བསྐོར་བའི་དང་ཚུལ་གང་ལ་སྤྱོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་ཡིན་ལ་སེམས ་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །ནམ་མཁའ་ནི་གོ་འབྱེད་དེ། དེ་ཉིད་ནི་རྫས་ཀྱི་སྣོད་ཀྱི་ཁང་པར་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའ་ཨི་མཛོད་དོ། །བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་བདུད་ཐམས ་ཅད་དེ། ལྷའི་བུ་དང། ཕུང་པོ་དང། ཉོན་མོངས་པ་དང། འཆི་བདག་གི་བདུད་དོ། །དེ་རྣམས་རབ་ཏུ་འཇོམས་ཤིང་བཟློས་པའི་དང་ཚུལ་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བྱའོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་ཉིད་ཅེས་བྱ་བའི་དོན་ཏོ།། ་དེ་ལྟར་ན་དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྟེ། ཀུན་ནས་ཡོངས་སུ་བསྐོར་བ་དང། མདུན་གྱིས་བལྟས་པ་སྟེ། མོས་བའི་ཁྱད་པར་ཕུལ་དུ་བྱུང་བས་བློ་ལ་འཇོག་པའོ།། ་ཅི་ཞིག་མཛད་ནས་ཆོས་སྟོན་པར་མཛད་ཅེ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བར་རྣམ་པར་སྦྱར་ཏེ། སྟོན་ཏེ་ཞེས་བྱ་བ་ནི་འཆད་པར་མཛད་དོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན་ཐོག་མར་དགེ་བ་ཞེས་པ་ལ་སོགས་པས་གསུངས་ཏེ། དང་པོར་ཐོས་པར་གྱུར་པ་ནི་གནས་སྐབས་སུ་མོས? ་པ་དམ་པའི་རྒྱུད་གྱུར་པས་ན། ཐོག་མར་དགེ་བའོ། །བར་དུ་བསམ་པའི་གནས་སྐབས་ན་དགའ་བའི་རྒྱུར་གྱུར་བས་ན་བར་དུ་དགེ་བའོ། །མཛའ་མར་བསྒོམ་པའི་གནས་སྐབས་ན་གྲོལ་བའི་རྒྱུར་གྱུར་བས་ན་ཐ་མར་དགེ་བའོ། །ཡང་མཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་བསྐྱེད ་པར་བྱེད་པ་ཉིད་ཀྱིས་ཐོག་མ་དད་དང་དང་ཐ་མར་དགེ་བ་སྟེ་དགེ་བ་ནི་འཚོ་བ་མེད་པའོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཚིག་གི་ཚུལ་ཡིན་པས་ན་དོན་བཟང་པོའོ། །སྐད་ཟུར་ཆག་པ་ལ་སོགས་པ་དང་བྲལ་བས་ན་ཚིག་འབྲུ་བཟང་པའོ། །གང་ཟག་དང་ཆོས་སུ་འཛིན་པ་དང་བྲལ ་ནས་ནམ་འདྲེས་པའོ། །ཐེག་པ་མ་ལུས་པ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་ཐོབ་པར་མཛད་པས་ན་ཡོངས་སུ་རྫོགས་པའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སྟོན་པའི་རང་བཞིན་ཡིན་པས་ན་ཡོངས་སུ་དག་པའོ། །དེ ་ཉིད་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པར་འགྱུར་བའི་བསྒོམ་པའི་ལམ་ནི་ཡོངས་སུ་བྱང་བའོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ཡིན་པས་ན། ཆོས་ཐམས་ཅད་རྣམ ་པར་དག་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་སྐྱེ་བ་མེད་པ་མངོན་སུམ་དུ་བྱས་པའོ། །ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནི་ཐབས་ཏེ། གང་གི་རབ་ཏུ་དགའ་བ་ལ་སོགས་པ། ཐོས་པ་དང། བསམ་པ་དང། བསྒོམས་པའི་ཚུལ་གྱིས་རྣམ་པར་དག་པ་ཐོབ་པའོ། །མིང་དེ་སྐད ་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་རྣམ་པར་འབྱེད་པའི་བློ་གྲོས་སོ། །དེ་ཉིད་ནི་བདག་ཉིད་ཀྱི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ ་སོན་ཅིང་ཕྱིན་པ་ཡིན་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཉོན་མོངས་པ་ཅན་དང། ཉོན་མོངས་ཅན་མ་ཡིན་པའི་རྨོངས་པ་དང་བྲལ་བའི་ཆོས་ཐམས་ཅད་བདག་མེད་པའི་རྣམ་པར་ལྷུན་གྱིས་གྲུབ་བ་ཐོབ་པའི་བློ་གྲོས་ཞེས་བྱ་བའི་དོན་ཏོ། །དེའི་ཚུལ་ནི་དགའ་བ་རྣམ་པར ་དག་པའི་གནས་ལ་སོགས་པ་ཐོས་པ་དང། བསམ་པ་དང་བསྒོམ་པའི་མཚན་ཉིད་ནི་ཚུལ་ཏི་ཐོབ་པར་བྱེད་པའོ། །དེས་རྟོག་པར་མཛད་ནས་དེ་ལྟ་བུའི་ཚུལ་ཏེ། ཡང་དག་པར་སྟོན་ཏེ་ཞེས་བྱ་བ་གསུང་གི་སྟོན་ཅིང་འཆད་པར་མཛད་པའོ། །ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཡང་དག་པར་སྟོན་ཏེ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ནས། རོ་རྣམ་པར་དག་པའི་གནས་ཀྱི་བར་དུ་གསུངས་པའོ། །འདི་ལྟར་ཞེས་བྱ་བ་ནི་གང་ཞེ་ན་ཞེས་བྱ་བའི་དོན་ཏེ། རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས ་པའི་རང་བཞིན་ཅན་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་བྱུང་བའི་ཚིམ་པའི་ཁྱད་པར་ནི་རབ་ཏུ་དགའ་བའོ། །དེའི་རྣམ་པར་དག་པ་ནི་དགའ་པ་རྣམ་པར་དག་པ་སྟེ། དོན་དམ་པ་ཉིད་དོ། །དེ་ཡང་རབ་ཏུ་དགའ་བ་ངོ་བོ ་ཉིད་མེད་པ་ནི་རབ་ཏུ་དགའ་བ་རྣམ་པར་དག་པའོ། །རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གཞིའི། །འདི་ནི་ཞེས་བྱ་བ་ནི་གནས་ནི་འདི་ཡིན་ནོ་ཞེས་སྟོན་པ་སྟེ། དེས་ན་གནས་ཀྱི་སྒྲ་གཉིས་པ་དང་འདི་སྦྱར་བར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ ་ནི་སྔ་མ་དང་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་གནས་ཡིན་ཏེ། དེའི་དོན་ནི་འདི་ཡིན་ནོ། །གང་གི་ཆེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདི་བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་ལ་སོགས་པའི་ཚུལ་གནས་ཀྱི་རྣམ་པ་བཅུ ་བརྒྱ?་པོ་ལ་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་བསྟེན་པར་མཛད་པའི་འམ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་ཚུལ་དེ་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་སམ། རབ་ཏུ་དགའ་བ་རྣམ་པར་དག་པའི་དོན་དུ་འམ། རབ་ཏུ་དགའ་བ་རྣམ་པར་དག་པའི་རྒྱུར་རོ།། ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ཀྱི་ནི། དེས་དཀྱིལ་འཁོར་ལ་སོགས་པ་ལ་དགོངས་པར་གྱུར་ན་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །དེ་བས་ན་རབ་ཏུ་དགའ་བ་རྣམ་པར་དག་པ་དེ་ནི་གནས་སུ་འགྱུར་རོ། །ཡང་ན་ཐམས་ཅད ་ལ་མཆོག་ཏུ་འགྱུར་བའི་དངོས་གྲུབ་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རབ་ཏུ་དགའ་བ་སྟེ། དེ་ཉིད་ནི་རབ་ཏུ་དགའ་བ་རྣམ་པར་དག་བའོ། །དེ་ཉིད་ནི་གནས་ཡིན་པས་ན་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་སོ། །འདི་གང ་གི་གནས་ཡིན་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་འོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་འདི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་བྱང་ཆུབ་སེམས་དཔའ་ཨི་གནས་ཏེ། སེམས ་ཅན་གདུལ་བར་བྱ་བའི་ཕྱིར་རྟེན་དུ་གྱུར་བའོ། །དེ་ཡང་གང་གི་ཕྱིར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདིས་དས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལ་འདོད་ཆགས་ཀྱི་འདོད་ཆགས་རབ་ཏུ་སྤོང་བར་མཛད་པ་འམ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་གནས་ཏེ། སེམས་ཅན་རྣམས་འདུལ་བའི་ཕྱིར་རྟེན་དུ་འགྱུར་བའོ། །གང་གི་ཕྱིར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེས་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་རྟེན ་ཏེ་བསྒོམས་པའི་སྟོབས་ཀྱིས་གནས་དེ་ཉིད་ཐོབ་པར་འགྱུར་རོ། །དེ་བས་ན་རབ་ཏུ་དགའ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ལ་སོམ་ཉི་མི་བྱའོ། །དེ་ཡང་དེ་ཉིད་ལས། ཀུན་གྱི་དམ་པ་དངོས་གྲུབ་མཆོག། དབང་ཕྱུག་ཆེན་པོ་ཐོག་མའི་ལྷ། །རྡོ་རྗེ་འཛིན་པ་རྒྱལ ་པོ་ཆེ། །རབ་ཏུ་དགའ་བ་མི་འགྱུར་མཆོག། ཅེས་གསུངས་པའི་ཕྱིར་རོ། །ཤིན་ཏུ་དགའ་བས་ན་རབ་ཏུ་དགའ་བའོ། །ཞེས་བཤད་དེ། གསང་བ་ལྔས་སེམས་ཅན་རྣམས་སྨིན་པ་ལ་སྤྱོད་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རབ་ཏུ་དགའ་བ་རྣམ་པར ་དག་པའི་གནས་འདིས་ནི་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཡིན་པར་བཤད་པ་ཡིན་ནོ། །བུདཾ?་མེད་དང་སྐྱེས་པའི་དབང་པོ་གཉིས་སྙོམས་པར་འཇུག་པའི་བདེ་བ་དང་ཡིད་བདེ་བའི་དུས་ཀྱིས་རྗེས་ཐོགས་ལ་ཕན་ཚུན་ཀུན་ཏུ་ཆགས་པ་ཉེ་བར་སྐྱེ་བར་འགྱུར་རོ་ཞེས ་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་ཀྱི་མདའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་ཞེན་པའི་མཚན་ཉིད་ཅན་ནོ། །འདོད་ཆགས་ཉིད་མདའ་ཡིན་པས་ན་འདོད་ཆགས་ཀྱི་མདའ་སྟེ། སེམས་དང་སེམས་ལས་བྱུང་བ་ཕྲ་མོ་དམིགས་པའི་ཕྱིར་རོ། །འདོད་ཆགས ་ཀྱི་མདའི་རྣམ་པར་དག་པ་ཞེས་སྦྱར་ཏེ། ཕན་ཚུན་ཀུན་ཏུ་ཆགས་པ་ལས་འཀྱུད་པ་དང། རེག་པར་བྱེད་ལ་རེག་པར་གྱུར་བ་ལས་ནི་ཕན་ཚུན་གཅིག་ལ་གཅིག་ཡོངས་སུ་མི་འདོད་པའི་ཆགས་པ་འབྱུང་ངོ། །ཆགས་བར་གྱུར་བ་ལས་ནི་ཕན་ཚུན་ཉེ་བར་སྦྱོར་བའི་ཕྱིག་རྒྱལ་པོ་ལ་སོགས ་པའི་ལོངས་སྤྱོད་ཐམས་ཅད་ཀྱི་དབང་ཕྱུག་གི་བདག་པོ་ནི་འདོད་ཆགས་ཀྱིས་མངས་རྣམ་པར་བཅོམ་པ་ནི་བདག་ཏུ་འཛིན་པའི་རྣམ་པའི་ཤེས་རབ་ནི་ལྟ་བའོ། །ཕན་ཚུན་རེག་པ་ལས་ཀུན་ཏུ་བྱུང་པའི་མགུ་བ་ནི་དགའ་བའོ། །ཆགས་པས་ཟིལ་གྱིས་ནོན་པ་རྣམས་ནི་མ་འོངས་པ་? ་འབྲལ་བར་མི་འགྱུར་བར་འདོད་པ་ནི་སྲེད་པའོ། །དབང་ཕྱུག་གི་གནས་ཀྱིས་མྱོས་པ་རྣམས་ཀྱི་ང་རྒྱལ་གྱི་ངོ་བོ་ཉིད་ནི་སྙོམས་པའོ། །བདག་ཏུ་བལྟ་བ་ལ་ཞུགས་པ་རྣམས་ཀྱི་མེ་ཏོག་ལ་སོགས་པས་བདག་ཉིད་རྒྱན་པ་ནི་རྒྱན་ན། །མགུ་བ་དང་དགའ་བའི་བས་ཡིད་ཚིམ་པའོ།། ་མངོན་པར་སྦྱོར་བར་འདོད་པའི་མར་མེ་ལ་སོགས་པའི་སྣང་བའོ། །ང་རྒྱལ་གྱི་ཟིལ་གྱིས་ནོན་པ་རྣམས་མཐོ་བ་ལས་ཉམས་པ་ནི་འཇིགས་པས་ཁྲུས་ལ་སོགས་པས་ལུས་ཀྱི་དྲི་མ་བསལ་བ་ནི་ལུས་བདེ་བའོ། །བདག་ཉིད་ཀྱི་རྒྱན་གྱི་རྒྱུར་གྱུར་པ་རབ་ཏུ་དང་བ་ལ་སོགས་པ་ནི་གཟུགས ་སོ། །ཡིད་ཚིམ་པ་ཐོབ་པ་རྣམས་ཀྱི་གཅིག་ལ་གཅིག་སྨྲ་བ་ནི་སྒྲའོ། །སྣང་བ་ཡོད་པས་ན་གཅིག་གིས་གཅིག་མཐོང་བས་དྲིས་ཉུག་པ་ནི་དྲིའོ། །ལུས་ཀྱི་དྲི་མ་དང་བྲལ་ནས་ཕན་ཚུན་ཟས་སྙོད་པ་ནི་རོའོ། །དེ་ནས་རྗེས་སུ་མྱོང་བ་སྟེ། འདི་ནི་འཁོར་བར་འཇུག་པའི་རིམ་པ་ཡིན་ནོ། །གང་གི་ཚེ་རྡོ་རྗེ ་ཡིད་ལས་བྱུང་བ་ལ་སོགས་པ་ཉིད་འདོད་ཆགས་ཀྱི་མདའ་ཞེས་བཤད་པ་དེའི་ཚེ། རྡོ་རྗེ་སེམས་དཔའ་ཨི་བདེ་བ་མྱོང་བ་རྣམས་དེ་ཐོབ་པར་འདོད་པས་ཡང་དང་ཡང་དུ་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་ལ་ཀུན་ཏུ་ཞེན་པར་སྒོམ་པ་ནི་འདོད་ཆགས་ཏེ་དེ་སྐད་དུ་འདོད་ཆགས་དམ་ཚིག་ཡིན་པར་བཤད། ཆོས ་ཀྱི་འདོད་པ་ཡིད་དུ་འོང། ཞེས་གསུངས་པའི་ཕྱིར་རོ། །འདི་བསྒོམ་པས་ཀྱང་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པ་ནི་རེག་པའོ། །རེག་པ་ལས་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡང་དག་པར་སྐྱེས་བ་ལས་ཀྱི་མའོ་སེམས་ཅན་འདི་དག་མི་ངོ་བོ་ཉིད་ཀྱིས་སྡུག་བསྔལ ་བ་སྟེ། །བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པའི་ཁམས་གསུམ་པ་རྣམས་མི་ཟོ་ཆུན་གྱི་རྒྱུད་མོ་ལྟར་འཁོར་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མ་མཐོང་བ་ཡིན་གྱིས་གང་བདག་གིས་འདིརྣམས་ལ་ལམ་ཡང་དག་པར་བསྟན་པར་བྱའོ། །ཞེས་བྱ་བའི་སྙིང་རྗེ་ཆེན ་པོའི་མཚན་ཉིད་ཅན་གྱི་སེམས་ཅན་རྣམས་ལ་ཆགས་པ་ཉེ་བར་སྐྱེ་བར་འགྱུར་ཏེ། ཇི་ལྟར་རྟོགས་པའི་ཡེ་ཤེས་ཉིད་དང་མི་འབྲལ་བར་འདོད་པ་ནི་ཆགས་པ་སྟེ་སྡུག་པའོ། །སྙིང་རྗེ་ཆེན་པོ་གཞན་གྱི་དབང་དུ་གྱུར་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ལ་སོགས ་པའི་སྤྲུལ་པས་ཐམས་ཅད་ལ་དབང་ཕྱུག་དང། དབང་རྣམ་པར་དག་པ་ནི་དབང་ཕྱུག་སྟེ། དབང་ཕྱུག་ནི་ལོངས་སྤྱོད་མ་ལུས་པ་ཕུན་སུམ་ཚོགས་པའོ། །དབང་ནི་དེ་ལ་དབང་དུ་གྱུར་པ་ཉིད་དོ། །བསྒོམ་པ་ལ་ཀུན་ཏུ་ཞེན་པ་རྣམས་ཀྱི་ཡང་དག་པའི ་དོན་རབ་ཏུ་འབྱེད་པའི་ཤེས་རབ་ནི་ལྟ་བའོ། །རྡོ་རྗེ་སེམས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པའི་མགུ་བ་ནི་དགའ་བའོ། །སྡུག་པར་སེམས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པ་ནི་སྲེད་པའོ། །ཐམས་ཅད་དབང་ཕྱུག་དང་རྣམ་པར་དག་པ་ལ་གནས་པ་རྣམས་སེམས ་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་བདག་ཉིད་ལས་གཉིས་སུ་མེད་པ་ཉིད་དུ་ཡང་དག་པར་སྟོན་པའི་དྲེགས་པ་ནི་སྙེམས་པ་སྟེ། སྤྲོ་བའི་མཚན་ཉིད་ཅན་ནོ། །བདག་ཏུ་ལྟ་བ་དང་བྲལ་བ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མཚན་ཉིད་ཅན་གྱི་རྒྱན་ནི་བརྒྱན་ནོ། །དེ་ནས་ཀྱང་བར་ཆད་མེད་པའིལམ་གྱི་མཚན ་ཉིད་ཅན་གྱི་ཤེས་རབ་ནི་ཡིད་ཆིམ་པར་བྱེད་བའོ། །དེ་ནས་ཀྱང་སྤྱན་སྔའི་རང་བཞིན་ཅན་ནི་སྣང་བའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་ནི་ལུས་བདེ་བའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་གཟུགས་ཏེ། སྐུ་དེས་མངོན་པར་དད་པར་བྱས་པའི་སེམས ་ཅན་རྣམས་ལ་ཕ་རོལ་ཏུ་ཕྲིན་པ་བཅུ་ལ་སོགས་སྒྲ་ཐོས་པར་མཛད་པ་ནི་སྒྲའོ། །དེའི་དོན་ལ་ལྷག་པར་མོས་པ་ནི་དྲིའོ། །ལྷ་དང་རོ་གཅིག་ཏུ་གྱུར་བའི་སེམས་ནི་རོའོ། །དེ་ནས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་དགའ་བ་མངོན་སུམ་དུ་བྱེད་དོ། །འདོད་ཆགས་ཀྱི ་མདའ་ལ་སོགས་པའི་གནས་རྣམས་ཀྱིས་ཀྱང་རིམ་པ་ཅི་ལྟ་བ་བཞིན་དུ་རྡོ་རྗེ་ཡིད་ལས་བྱུང་བ་དང་ཀཱི་ལི་ཀཱི་ལ་དང། རྡོ་རྗེ་སྡུག་པ་དང་རྡོ་རྗེ་སྙམས་པ་དང་སྒེག་མོ་དང་བཞད་པ་མོ་དང་གླུ་མཁན་མ་དང། རྡོ་རྗེ་དཔྱིད་དང། རྡོ་རྗེ་སྦྲིན་པར། རྡོ་རྗེ་སྟོན་དང་རྡོ་རྗེ་དགུན་དང། གཟུགས་དང་སྒྲ་དང་བྲི ་དང་རོའི་ལྷ་མོའི་ངོ་བོ་ཉིད་དུ་ཡང་དག་པར་སྟོན་པ་ཡིན་ཏེ། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་བཞིན་དུ་ཐམས་ཅད་ལ་ཡང་བཤད་པར་བྱའོ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་འདོད་པའི་ཁམས་ཀྱི་དབང་ཕྱུག་གདུལ་བར་བྱ་བའི་ཕྱིར། བཙུན་མོའི་འཁོར་གྱི་ནང་ན་བཞུགས ་པའི་རབ་ཏུ་དགའ་པའི་སྐུར་སྦྲུལ་པར་མཛད་པ་དང། དེ་མཐོང་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་རང་གི་ཆུང་མའི་འཁོར་རྣམས་སྡུག་བསྔལ་བསྐྱེད་པའི་བློ་སྐྱེས་པ་དང་བཅོམ་ལྡན་འདས་ལ་ཡང་མངོན་པར་དང་པས་བཅོམ་ལྡན་འདས་པ་ཕྱག་བྱས་སོ། །དེ་བས་ན ་བཅོམ་ལྡན་འདས་ཀྱི་གཟུགས་རྣམ་པར་དག་པའི་གནས་སོ་སྙམ་ནས་བཅོམ་ལྡན་འདས་ཇི་ལྟར་ན་ཁྱེད་ཀྱི་ཕུན་སུམ་ཚོགས་པ་འདི་དག་ཐོབ་པར་འགྱུར་ཞེས་ཞུས་པ་དང། དེའི་ཕྱིར་དེ་གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རབ་ཏུ་བཀོད ་ནས་དེ་ཉིད་ལ་དམིགས་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ལ་སོགས་པ་སྟོན་པར་མཛད་པ་གང་ཡིན་པ་དེ་ནི་སྒྲའོ། །སྒྲ་དེ་ཐོས་པ་དང་དེའི་དོན་དེ་ལ་ལྷག་པར་མོས་པའི་ངོ་བོ་ཉིད་ཀྱིས་ཚུལ་ཁྲིམས་ནི་དྲིའོ། །དེ་སྐད་དུ་གལ་ཏེ་བྱང ་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་ཞེས་གསུངས་པ་དང། གཞན་ཡང་ཚུལ་ཁྲིམས་དྲི་ནི་བླ་ན་མེད་ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་ལ་ལྷག་པར་མོས་པའི་ཤིན་ཏུ་མཐར་ཐུག་པ་ནི་རེའོ། །དེ་ནས་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་མཚན་ཉིད་ཅན་གྱི་རྒྱན་ནོ།། ་དེ་ནས་ཀྱང་དེས་པར་འབྱེད་པའི་ཆ་དང་ལྡན་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཅན་གྱི་མཚན་ཉིད་ཅན་གྱི་ཤེས་རབ་ནི་ཡིད་ཚིམ་པར་བྱེད་པའོ། །དེ་ནས་ཀྱང་སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་དང། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་ཅིག་པ་ལས་བྱུང་བའི་བར་ཆད་མེད་པའི་ཏིང་ངེ ་འཛིན་གྱི་མཚན་ཉིད་ནི་སྣང་བའོ། །དེ་ཉིད་ལ་ཡང་སེམས་ཅན་དང་བདག་ཏུ་རྣམ་པར་རྟོག་པ་ལ་སོགས་པ་དེའི་དྲི་མ་དང་བྲལ་བའི་ལུས་ཀྱི་བདེ་བའི་རྒྱུར་གྱུར་པའི་ཕྱིར་ལུས་སོ། །དེ་ནས་བདག་མེད་པར་མཐོང་བ་ནི་ལྷ་བའོ། །དེའི་རྒྱུ་ལ་རབ་ཏུ་མགུ་བ་ནི་དགའ་བའོ། །དེ་ནས་ཇི་ལྟར ་མཐོང་བའི་དོན་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པར་མངོན་པར་འདོད་པ་ནི་སྲེད་པའོ། །མངོན་པར་འདོད་པར་གྱུར་པ་དེ་ལ་སྤྲོ་བའི་གྲགས་པ་ནི་བསྙེམས་པའོ། །སྤྲོ་བར་གྱུར་པ་དང་ཡང་དུ་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ལ་ཀུན་ཏུ་ཞེན་པར་བསྒོཾ ་པ་ནི་འདོད་ཆགས་ཀྱི་མངའ་ཨོ། །དེས་ཀྱང་རབ་ཀྱི་མཐར་ཐུག་པར་གྱུར་པ་དང། དེ་ལ་སྤྱན་ལྔ་སྟེ། ཤའི་སྤྱན་དང། ལྷའི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང། ཆོས་ཀྱི་སྤྱན་དང། སངས་རྒྱས་ཀྱི་སྤྱན་ཏེ། དེ་ནས་ཕུང་པོ་ལྔའི་མཚན་ཉིད་ཅན་ཚུལ་ཁྲིམས་འཆལ་པ་ལ་སོགས ་པའི་དྲི་མ་དང་བྲལ་བ་ཆོས་ཀྱི་སྐུ་ལ་སོགས་པའི་རང་རང་གི་ངོ་བོ་ཉིད་དེ་མངོན་སུམ་དུ་བྱེད་པ་ནི་རེག་པའོ། །རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་མངོན་སུམ་དུ་བྱས་པ་དང། དེ་ཡོངས་སུ་མི་སྤོང་བའི་ཆགས་པ་ནི་སྡུག་པའོ། །དེས་ན་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་དཱི? ་རྨོངས་པས་སྐབས་མི་བྱེད་པ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པ་ཐོབ་པས་ལྷུན་གྱིས་གྲུབ་པར་འཇུག་པ་ནི་ཐམས་ཅད་ལ་དབང་ཕྱུག་དང། དབང་རྣམ་པར་དག་པ་ཐོབ་སྟེ། བདེ་བ་ཆེན་པོ་རབ་ཏུ་དགའ་བའི་བདེ་བས་བརྒྱད་པའི་དབང་ཕྱུག་ཏུ་གྱུར་པ་སྟེ། ་འདི་ནི་དེའི་སྒོའི་རིམ་པ་ཡིན་ནོ། །ཡུལ་སྤངས་པའི་ཐར་པས་སྐྲག་པ་རྣམས་ནི་ཚུལ་འདི་ཡིན་ཏེ། དེ་རྣམས་ཀྱིས་འཁོར་བའི་གཟུགས་མི་བརྟན་པ་སྤངས་ནས། ལྟ་བས་མི་ངོམས་པའི་གཟུགས་ཐོབ་སྟེ། བདེ་བ་ཆེན་པོ་མྱོང་བར་འགྱུར་རོ་ཞེས ་ངེས་པར་དགོད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་བཤད་པའི་གཟུགས་ཡང་དག་པར་མཛད་པ་ནི་གཟུགས་སོ། །པི་བང་ལ་སོགས་པའི་སྒྲ་ནི་པི་བང་གི་གཟུགས་ཙམ་གྱིས་དགའ་བ་བསྐྱེད་པར་མི་འགྱུར་ཏེ། དེ་བས་ན་པི་བང་བརྡུད་པ་ལ་བརྩོམ ་པ་ནི་སྒྲའོ། །དེ་མེད་པར་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱག་ན་དྲི་བསྣམས་པ་ནི་དྲིའོ། །བཟའ་བ་མེད་པར་ཤིན་ཏུདྒའ་བར་མི་འགྱུར་ཏེ། དེ་བས་ན་རོའི་སྣོད་ཕྱག་ན་བསྣམས་པ་ནི་རོའོ། །མེ་ཏོག་གི་རྒྱན་མེད་ན་དེ་དང་འདྲ་སྟེ། དེ་བས་ན་མེ་ཏོག་གི ་གཟུགས་ནི་རྒྱན་ནོ། །བདུག་སློས་མེད་པར་ཡིད་ཚིམ་པར་མི་འགྱུར་ཏེ་དེ་བས་ན་སྤོས་སོ། །མུན་པར་ནི་གཅིག་གི་གཅིག་མཐོང་བ་མེད་པས་དེའི་ཕྱིར་ནོར་བུ་རིན་པོ་ཆེ་ལ་སོགས་པའི་སྣང་བ་ཕྱག་ན་བསྣམས་པའོ། །དི་བྱུག་པ་མེད་པར་ལུས་ཀྱིས་བདེ་བའི ་རྒྱུར་མི་འགྱུར་ཏེ། དེ་བས་ན་དྲི་བྱུག་པའོ། །ལས་བྱེད་པའི་བྲན་མོ་དང་སླས་ཀྱིས་ཚོགས་མེད་པར་རབ་ཏུ་དགའ་བར་མི་འགྱུར་ཏེ། དེ་བས་ན་སྒེག་མོ་ལ་སོགས་པ་སྟེ། མིག་གིས་ཆགས་པ་དང་ལྟ་བ་དང་དགའ་བ་དང་སྲེད་པ་དང། རབ་ཏུ་དགའ་བའི་སྤྲོས ་པས་མཐོང?་བའི་བསྙེམས་པའི་ངོ་བོ་ཉིད་དོ། །གཞན་མ་ཡིན་པར་གྱུར་པ་ནི་འཁྱུད་པར་བྱེད་པ་སྟེ། ནམ་ཡང་ཡོངས་སུ་སྤོང་བར་མི་བྱེད་ཅིང་འདི་རྣམ་པ་ལ་རྣམས་ཐམས་ཅད་དུ་དབང་དུ་གྱུར་པ་ཉིད་ཀྱིས་རབ་ཏུ་བདེ་བ་ཆེན་པོ་མྱོང་བར་འགྱུར་བས་འདོད ་ཆགས་ཀྱིས་མདའ་དང། རེག་པ་དང། སྡུག་པའི་འཆིང་བ་དང། ཐམས་ཅད་ལ་དབང་ཕྱུག་དང་དབང་རྣམ་པར་དག་པའི་རབ་ཏུ་དགའ་བའི་གནས་ཀྱིས་ཡང་དག་པར་སྟོན་པར་མཛད་པ་འདི་ནི་འདོད་ཆགས་དང་ལྡན་པ་རྣམས་འདོད་ཆགས་ཀྱི་འདོད་ཆགས་ཡང ་དག་པར་སྤང་པའི་རིམ་པ་ཡིན་ནོ། །དེ་སྐད་དུ་དམ་ཚིག་ཆེན་པོ་ལས་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ལ་འཇུག་པར་བྱ་བའི་ཕྱིར། རྟག་ཏུ་འདོད་ལ་གནས་པ་ཡི། །ལྷ་ཡི་བུ་ནི་འདི་རྣམས་དང། །འདོད་ཆགས་ཅན་ནི་གཞན་གྱི་ཕྱིར་?་དགའ་ཨི་དཀྱིལ་འཁོར་བཤད་པ ་ཡིན། །ཞེས་གསུངས་པ་དང། གཞན་དག་ལས་ཀྱང། བིན་དའི་ནགས་ནི་ཉམས་དགའ་བའི། །ཝ་ཉིད་གྱུར་ཀྱང་མཆོག་ཡིན་གྱི། །གོའུ་ཏ་མཱ་ཡུལ་རྣམས་སྤངས་པ་ཡི། །ཐར་པ་ནམ་ཡང་མི་འཚལ་ལོ། །ཞེས་འབྱུང་སྟེ་ངོ་བས་ན་ཡོན་ཏན་ཡིན་ནོ། །དེ་ཅིའི་ཕྱིར ་ཞེ་ན། ཞེས་བྱ་བ་ནི་གཏན་ཚིགས་གང་གི་ཕྱིར། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བའི་རྒྱུ་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། དེ་ཡང་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར ་དག་པ་སྟེ་ཞེས་གསུངས་ཏེ་དེ་ཡང་གང་གི་ཕྱིར་རབ་ཏུ་དགའ་བ་ལ་སོགས་པ་ནས། རོའི་མཐར་ཐུག་པའི་རྣམས་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དུ་ཟིན་ཀྱང། ཤེས་རབ་ཡོངས་སུ་དག་པ་མེད་པར་འདི་དག་ཇི་ལྟར་ཐོབ ་པར་འགྱུར་ཞེ་ན། དེའི་ཕྱིར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ཏོ་ཆོས་རྣམས་ནི་ཆོས་ཉིད་ལས་མ་འགྱུར ་བ་ཡིན་པའི་ཕྱིར། གང་གི་ཕྱིར་སྟོང་པ་ཉིད་ཀྱི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པར་བཤད་དེ། དེ་བས་ན་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བ་ནས། རོ་རྣམ་པར་དག་པའི ་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཨི་གནས་སོ་ཞེས་བྱ་བའི་བར་དུ་གྲུབ་པར་གྱུར་བ་ཡིན་ཏེ། གང་གི་ཕྱིར་དེ་མངོན་སུམ་དུ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གང་ལ་ལ་ཞེས་བྱ་བ་ལ་སོགས་པ ་གསུམ་པ་ཡིན་ཏེ། ཆོས་ཐམས་ཅད་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་དག་པ་ནི་སྔ་མ་དང་འདྲའོ། །དེ་ཉིད་ནི་གནས་སོ། །དེ་མངོན་པར་བསྒྲུབ་པ་ནི་མངོན་སུམ་དུ་བྱེད་ཅེས་བྱ་བའི་དོན་ཏོ། །སྒྲིབ་པ་ཐམས་ཅད་ཅེས་བྱ་བ ་ནི། བསྟན་པའོ། །མཆོད་པ་དང་ཞེས་བྱ་བ་སོགས་པ་ནི་བཤད་པ་ཡིན་ཏེ། སྒྲིབ་པ་ནི་རྣམ་པ་ལྔ་སྟེ། འདོད་པ་ལ་འདུན་པ་དང། གནོད་སེམས་དང། གཉིད་དང་།རྨུགས་པ་དང། རྒོད་པ་དང། འགྱོད་པ་དང། ཐེ་ཙོམ་གྱི་ངོ་བོ་ཉིད་དོ། །ཉོན་མོངས་པའི ་སྒྲིབ་པ་ནི་འདོད་ཆགས་ཆེན་པོ་ལ་སོགས་པ་ཉོན་མོངས་པ་རྣམས་སོ། །ཆོས་ཀྱི་སྒྲིབ་པ་ནི་འཕགས་པའི་ལམ་སྐྱེ་བའི་གནས་སུ་གྱུར་པ་སྟེ། དམ་པའི་ཆོས་སྤོང་བ་ལ་སོགས་པའོ། །ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔ་ལ་སོགས་པའོ།། ་འཛིན་བ་ནི་ཚིག་དང་དོན་གྱི་ཚུལ་མ་བརྗེད་པར་དེ་སེམས་ལ་ངེས་པར་འཇོག་པའོ། །ཀློག་པ་ནི་གླེགས་བམ་དུ་བྱས་ནས་ཀློག་བའོ། །ཁ་དོན་དུ་བྱེད་པ་ནི་དམ་ཚིག་ཏུ་བཟུང་བ་དེ་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །ཚུལ་བཞིན་དུ་ཡིད་ལ་བྱེད་པ ་ནི་སེམས་དཔའ་དང་བསྒོམ་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་རྡོ་རྗེ་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ཐོབ་པའོ། །ཆོས་ཐམས་ཅད་ལ་དབང་ཕྱུག་ཏུ་འགྱུར་རོ། །དགའ་བ་ནི་ཏིང་ངེ་འཛིན་ཀྱི་རྒྱར་གྱུར་པ་ནི་ཡིད་བདེ་བའོ། །དེ་ཉིད་འབྲིང་དང ་ཆེན་པོ་ལ་སོགས་པའི་དབྱེ་བས་མགུ་པ་དང། མཆོག་ཏུ་དགའ་བའི་སྒྲར་བཤད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ནས་རྡོ་རྗེ་བསྙེམས་པའི་བར་གྱི་ཏིང་ངེ་འཛིན་ཐོབ་པས་ཞེས་བྱ་བའི་དོན་ཏོ། །དེ ་ལྟར་རེ་ཞིག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་སྟོན་པས་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་བསྐུལ་བ་དང། དེའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གསུངས ་པ་ནི་དེ་ནས་ཤེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་བར་མཆད་པ་སྟེ། བསྐུལ་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཏེ། བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་ཐུགས ་སུ་ཆུད་པའི་ངོ་བོ་ཉིད་དུ་གྱུར་པས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོ། །དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པའི་ངོ་བོ་ཉིད་དུ་གྱུར་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་པ་ཡང་ཡིན་ལ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཡང་ཡིན ་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའོ། །དེ་ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་པ་སྟེ་གང་གི་ཕྱིར་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདིས་ཀྱང་དམ་ཚིག་ཆེན་པོའི་དེ ་ཁོ་ན་ཉིད་རྡོ་རྗེ་དང་པོའོ། །བྱིན་གྱིས་བརླབས་པ་ཞེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་ཡིན་པར་བཤད་པ་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱང་ཡིན་ལ་མཛའ་དག་ཀྱང་ཡིན་པས་ན་རྡོ་རྗེ་དབྱིངས་མཛའ་དག ་སྟེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དོ། །དེ་དག་གི་སེམས་དཔའ་ཨི་མཆོག་ནི་རྣམ་པར་སྣང་མཛད་ཅེས་བྱ་བའི་དོན་ཏོ། །ཁམས་གསུམ་མཛའ་དག་ནི་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། འདིས་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ངོ་བོ་ཉིད་ཡིན་ནོ། ། ་ཞེས་པའོ། །འཇིག་རྟེན་གསུམ་པོ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་འདུལ་བའི་ངོ་བོ་ཉིད་དོ། །དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ནི་ནམ་མཁའ་ཨི་སྙིང་པོ་ཉིད་དོ། །ལག་ན་རྡོ་རྗེ་ཐམས་ཅད་པ་དམ་ཚིག་ཆེན་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་མ་ལུས་པའི་ངོ་བོ ་ཉིད་དོ། །དེ་ལྟར་གྱུར་པ་འདི་གོ་གཅིག་པུ་ཞིག་ཡིན་ནམ་འོ་ན་ཏེ་མ་ཡིན་ཞེ་ན། །རྡོ་རྗེ་གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཞེས་བྱ་བ་གཙུག་ཏོར་ལ་སོགས་པ་སྟེ། དེ་ཉིད་ནི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེ ་གསང་བའི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པའོ། །དོན་ཅི་ཞིག་སྟོན་པར་མཛད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་དག་པ་རྣམ་པར་དག་པའི་གནས་ལ་སོགས་པའི་མཚན ་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་ཡང་གང་རྡོ་རྗེ་དབྱིངས་སུ་བདེ་བ་ཆེན་པོ་དོན་ཡོད་པའི་སྒྲར་བཤད་པ་དེ་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཡིན་པར་བཤད་ལ་དེའི་དམ་ཚིག་ནི་རྒྱུ་སྟེ། དེ་སྐད་ཅེས་བྱ་བའི་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ ་གང་ཡིན་པ་དེ་སྨྲས་པའོ། །དེ་ལ་རང་གི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་སྟེ་རབ་ཏུ་དགའ་བ་རྣམ་པར་དག་པའི་ཚུལ་ལོ། །དེ་ཉིད་ནི་སྙིང་པོ་སྟེ་དེ་སྨྲས་སོ་ཞེས་བྱ་བ་ནི་དེ་སྟོན་པར་བྱེད་པ་སྒྲ་གསུངས་སོ་ཞེས་བྱ་བའི་དོན་ཏོ་།དེ་ཡང་དེ་བཞིན་གཤེགས ་པའི་ཞི་བའི་ཚུལ་རྣམ་པར་སྤངས་ནས་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་སོགས་པ་སྲེག་པའི་གཟུགས་སུ་འཇོག་པར་མཛད་ཅིང་བཅིངས་ལ། ངེས་འདལ་བ་རྣམས་ལ་གཟུགས་ལ་སོགས་པའི་དངོས་གྲུབ་གྱུར་པ་ནི་དངོས་གྲུབ་ཐམས་ཅད་གྲུབ་སྟེ། དེ་བཞིན ་གཤེགས་པ་རྣམ་པར་སྣང་མཛད་བདེ་བ་ཆེན་པོ་རྡོ་རྗེ་འབེབས་པས་བཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་པའི་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱང་ཡིན་ལ་གསང་བའི་རྡོ་རྗེ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་མིང་དེ་སྐད་ཅེས་བྱ་བ ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པས་བཞུག་པ་ནི། ཞི་པའི་ཚུལ་སྤངས་ནས་རྡོ་རྗེ་སེམས་དཔའ་ཨི་སྐུ་དང་གཅིག་ཏུ་གྱུར་ནས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ལྷའི་རྒྱལ་པོའི་གནས་ན་བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྔགས་པ་རྣམས་ཀྱི་དམ་ཚིག་པའི་སྦྱོར་བ་དང་དཀྱིལ་འཁོར་གྱི་མཆོག་གི་ཏིང་ངེ་འཛིན་སྟོན་པ་ཡིན་ན། །རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་ནས་བརྩམས་ཏེ། བཅོམ་ལྡན ་འདས་རྣམ་པར་སྣང་མཛད་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བཞུགས་སོ་ཞེས་བྱ་བའི་བར་འདིས་དཀྱིལ་འཁོར་གྱི་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ། །ཏིང་ངེ་འཛིན་གཉིས་པོ་དེ་དག་མངོན་སུམ་དུ་བྱས་ནས་བདེ་བ་ཆེན་པོའི་གནས་ལ་གནས་པའི ་བསྔགས་པས་བསྡུ་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལས་རྡོ་རྗེ་འཛིན་པ་ཆེན་པོའི་དབང་བསྐུར་པ་བླངས་ལ་རྡོ་རྗེ་གཟུགས་ལ་སོགས་པའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ནས། ལས་ཀྱི་ཕྱག་རྒྱ་རྣམས ་ཀྱི་རང་གི་ལས་རྣམས་ལ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཨི་ལ་སོགས་པ་ངེས་པར་སྦྱར་པ་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་ན་ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་དཀྱིལ་འཁོར་གྱི་བརྟུལ་ཞུགས་ལ་གནས་པའི་སློབ་དཔོན་གྱིས་ངེས་པ་ཁོ་ནར་སྙོམས་པར་འཇུག་པར ་བྱས་ཏེ་རྣལ་འབྱོར་གྱི་གསང་པ་ལས་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་གྱི་མཆོག་དང་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་རྒྱུད་ཕྱི་མ་ལས་གསུངས་པའི་ཚུལ་དུ་དེ་ལ་ནི་ན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་? ་པས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ཡང་དེ་ནས་ཞེས་བྱ་བའི་སྒྲ་ནི་བར་མ་ཆད་པ་སྟེ། གསོལ་པ་བཏབ་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གསང་བ་ཆེན་པོ་སྟེ། དེ་ཉིད་རྡོ་རྗེ ་ཡིན་པས་ན་གསང་བ་ཆེན་པོའི་རྡོ་རྗེའོ། །བསང་བ་ཆེན་པོའི་རྡོ་རྗེ་ཉིད་དམ་ཚིག་ཡིན་པས་ན་གསང་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་སྟེ། དམ་ཚིག་ནི་དཀྱིལ་འཁོར་རོ། །ད་འབྱུང་བར་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཡེ་ཤེས་གང་ལས་འབྱུང་བའི་ཡེ་ཤེས་གང་ཡིན་པ ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་ཕྱག་རྒྱ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་སྟེ། དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས། ་ན་དམ་ཚིག་ཆེན་པོ་སྟེ། བཅོམ་ལྡན་འདས་བྱང་ཆུབ་པའི་མཚན་ཉིད་ཅན་རྡོ་རྗེ་སེམས་དཔའ་ཨོ། །དེའི་དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བའི་ངོ་བོ་ཉིད་ལ་སོགས་པའི་སྟོན་པའོ། །དེ་ཉིད་རྡོ་རྗེ་སྟེ་རྡོ་རྗེས་བྱིན་གྱིས་བརླབ་པའི་དཀྱིལ་འཁོར་རོ། །མིང་དེ་ཉིད་ཅེས་བྱ་བའི་དཀྱིལ་འཁོར ་གང་ཡིན་པ་དེ་གསུངས་པ་ནི། བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་གཏན་ཚིགས་འདིའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ནི་མེད་པར་སེམས་ཅན་རྣམས་སངས་རྒྱས་ཀྱི་བྱང་ཆུབ་མཐོང་བའི་སྐལ་པ་ཅན་དུ་མི་འགྱུར་རོ་ཞེས ་བྱ་བའི་དོན་ཏོ། །དེ་བས་ན་ཡང་དག་པར་བཤད་པར་བྱ་སྟེ། ཡང་དག་པ་དང་བཅས་པར་རབ་ཏུ་ཕྱེ་བ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཅེ་ན་དཀྱིལ་འཁོར་ཆེན་པོ་སྟེ། དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། ཕྱག ་རྒྱ་ཆེན་པོའི་གཙོ་བོ་ཡིན་གྱི། གཟུངས་ལ་སོགས་པའི་ཕྱག་རྒྱ་གཙོ་བོར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབྱིངས་ཇི་ལྟ་བུ་ཞེ་ན་དམ་པ་ཞེས་བྱ་བ་སྟེ། མཆོག་ཅེས་བྱ་བའི་དོན་ཏོ། །མིང་ཇི་སྐད་དུ་ཞེས་བྱ་བ་ཞིག་ཅེ་ན། དེ་ཉིད་དང་པོ་དམ་ཚིག་སྟེ། རྡོ་རྗེ་བྱིན་བརླབས ་ཞེས་བྱ་པའོ། །ཞེས་བྱ་བ་སྟེ། མིང་དེ་སྐད་ཅེས་བྱ་བ་ཞེས་བྱ་བའི་དོན་ཏོ། །དབྱིབས་ཇི་ལྟ་བུ་ཞེ་ན། གྲུར་བཞིར་བགྱི་ཞིང་ཞེས་བྱ་བ་སྟེ། གྲཝ་བཞི་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཁྱམས་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ཕྱི་རོལ། ་ཀུན་ནས་བསྐོར་ཕྱོགས་སུ་ཁྱམས་ཀྱིས་བསྐོར་བ་ལ་ནི་ཁྱམས་རྣམས་ཞེས་བྱའོ། །རྡོ་རྗེ་དང། རྡོ་རྗེ་རིན་པོ་ཆེ་དང། རྡོ་རྗེ་པདྨ་དང། སྣ་ཚོགས་རྡོ་རྗེ་ནི་རྡོ་རྗེ་ཀུན་ནོ། །སྣ་ཚོགས་པའི་བ་དན་གྱི་རྩེ་མོར་དྲིལ་བུའི་མཆོག་བཏགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར ་ཕྱིའི་དཀྱིལ་འཁོར་བྲིས་ནས། དེའི་ནང་དུ་དཀྱིལ་འཁོར་གཉིས་པ་དེའི་ཕྱེད་ཀྱི་ཚད་ལ། ཕྱིའི་དཀྱིལ་འཁོར་དང་འདྲ་བར་སྒོ་བཞི་དང་ལྡན་པར། ཀ་བ་བརྒྱད་ལ་སོགས་པའི་གཟུགས་ཅན་དུ་ཡང་དག་པར་བྲིས་ལ། དེ་ཉིད་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་བར་བྱའོ། །དེ་ནས་ལྷ ་ཐམས་ཅད་ཀྱི་གནས་སུ་པདྨའི་གདན་བྲི་བར་བྱའོ། །སངས་རྒྱས་སྐུ་ནི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཨི་སྐུ་གཟུགས་ཏེ། སངས་རྒྱས་རྡོ་རྗེ་འཛིན་ཕྱིར་བཤད། ཅེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་ཕྲེང་བ་ལ་སོགས་ཀྱིས་སྤྲས་ཤིང་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང་བསམ་མཛས་པར་བྱས་པའོ། ། ་སོགས་པའི་སྒྲས་ནི་པདྨ་དང་རིན་པོ་ཆེ་དང་སངས་རྒྱས་ཀྱི་ཕྲེང་བ་གཟུང་བར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཨི་གཟུགས་ཅན་ཡིན་པའི་ཕྱིར། དབང་བསྐུར་པའི་ངོ་བོ་ཉིད་ནི་ཕྲེང་བ་ཡིན་ཏེ། དཀྱིལ་འཁོར་གཉིས་པར་དེ་བཞིན་གཤེགས་པའི་སྐུ་བསྟན་པས་འདིར་སོམ་ཉི་མི་བྱའོ། །མདུན་དུ་རྡོ་རྗེ་སེམས ་དཔའ་ཨི་ནི་ཞེས་བྱ་བ་ནི་རྡོ་རྗེ་ཡིད་ལས་བྱུང་བ་སྟེ། ཕྱག་གཡོན་ན་གཞུ་བསྣམས་པ་ཕྱག་གཡས་ཀྱི་མཐེ་བོ་དང་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་མདའའདྲེན་པ་ལ་བརྩོན་པར་མཛད་པའོ། །གཡས་སུ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལ་དཀར་སེར་རྡོ་རྗེ་དམར་པོ་བསྣམས་པ་ཡན་ལག་ཀུན་གྱིས་ཡོངས་སུ ་འཁྱུད་ཅེས་བྱ་བ་སྐུ་ཀུན་གྱིས་ཡོངས་སུ་འཁྱུད་པའོ། །དེའི་ཕྱིར་ཞེ་ན། རྡོ་རྗེ་གཟུགས་ཏེ་ཞེས་བྱ་བ་སྟེ། རྡོ་རྗེ་རྩེ་ལྔ་པའི་གཟུགས་ཅན་ནོ། །སྐུ་མདོག་ཇི་ལྟ་བུ་ཞེ་ན། ཉི་མ་འོད་ཅེས་བྱ་བ་སྟེ། ཉི་མའི་འོད་ཀྱི་མདངས་དམར་པོར་སྣང་བའོ། །རྒྱབ་ཏུ་ནི་རྡོ་རྗེ་འདོད་པ་ཆུ་སྲིན་གྱི་རྒྱལ ་མཚན་ཐོགས་པ། སྐུ་མདོག་ལྗང་སེར་དང་ལྡན་པར་ཅི་རིགས་པར་བློ་དང་ལྡན་པས་བཞག་པར་བྱའོ། །གཡོན་དུ་རྡོ་རྗེ་སྙེམས་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་སྙེམས་པའི་ཚུལ་གཉིས་འཛིན་པ་གཙོ་མའི་གསེར་གྱི་འོད་འདྲ་བ་དགོད་པར་བྱའོ། །མཚམས ་རྣམས་སུ་ནི་སྤྱི་གཙུག་ཏུ་ཐལ་མོ་ཁ་ཕྱེ་བས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་འཛིན་པ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་སྐུ་མདོག་དང་མཐུན་པ་རྡོ་རྗེ་?་རྩི་ལ་སོགས་པ་བཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་རྡོ་རྗེ་དང་རིན་པོ་ཆེའི ་ཕྲེང་བ་དང་པི་བང་དང། རྡོ་རྗེ་ཐོགS་པའི་ལག་པས་གར་བྱེད་པའི་སྒེག་མོ་ལ་སོགས་པ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་གཟུགས་ཕྱག་ན་མེ་ལོང་བསྣམས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཐམས་ཅད་ཀྱི་གཟུགS ་བརྙན་སྐྱེད་པའི་རྒྱུར་གྱུར་པའོ། །ལྷོར་ནི་སྒྲ་པི་བང་བརྡུང་པ་ལ་བརྩོན་པའོ། །ནུབ་ཏུ་ནི་དྲི་སྟེ། དྲིའི་སྣོད་ཕྱག་ན་བསྣམས་པའོ། །བྱང་དུ་ནི་རོའི་སྣོད་ཕྱག་ན་བསྣམས་པའོ། །ནང་གི་སྒོ་རྣམས་ལ་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལྟར་མེ་ལོང་དང་པི་བང་དང་དྲིའི་སྣོད ་དང། རོའི་སྣོད་ཀྱི་མཚན་མ་རྣམས་ནི་དམ་ཚིག་ཆེན་པོ་དང་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་རྒྱུད་རྣམས་ལས་སྟོན་པས་འདིར་སོམ་ཉི་མ་བྱེའོ། །མི་སྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ། རྡོ་རྗེ་སེམས་དཔའ་ལ་སོགས ་པའི་འཁོར་གྱིས་བསྐོར་བ་སྔ་བཤད་པའི་ཚུལ་དུ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་སྣང་གི་སྣམ་བུ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་དང་ཚངས་པ་དང་ཁྱབ་འཇུག་དང་ཀརྐི་ཀ་དང་དབང་པོ་དང་བདེ་བྱེད་ཆུང་མ་དང་བཅས་པར་ཀུན་ཏུ་བྲི་བར་བྱ་སྟེ། གང་གི་ཕྱིར ་མཆོག་གི་སྒྲས་ནི་ཁྱབ་འཇུག་དང་ཀརྐི་ཀ་དང་དབང་པོ་ཡིན་པར་མངོན་པར་འདོད་དོ། །ལྷོ་ཕྱོགས་སུ་ནི་ཟླ་བ་དང་ཉི་མ་དང་སྤེན་པ་དང་མིག་དམར་དང་ཆུང་མ་དང་བཅས་པ་རྣམས་སོ། །ནུབ་ཕྱོགས་སུ་ནི་གཏུན་དང་རླུང་ལྷ་དང་མེ་ལྷ་དང་ལུས་ངན་པོ་ཆུང་མ་དང་བཅས ་པའོ། །བྱང་གི་ཕྱོགས་སུ་ནི་ཕག་དང་གཤིན་རྗེ་དང་ཚེགས་ཀྱི་བདག་པོ་ཆུད་མ་དང་བཅས་པའོ། །སྒོ་རྣམས་སུ་ནི་སྟོབས་བཟང་དང་སྦྲང་རྩིས་མྱོས་པ་དང་རྒྱལ་བ་དང་རྒྱལ་བ་ཐོབ་པ་ཆུང་མ་དང་བཅས་པ་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས ་པ་འདི་དག་ཐམས་ཅད་ཀྱང་རྡོ་རྗེ་ཧཱུཾ་ཟློས་ཤིང་བྲི་བར་བྱ་བའོ། །སྒོ་ནི་ཐམས་ཅད་ཀྱང་ཆ་བརྒྱད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བྲིས་ནས་ཐ་མ་རྣམས་སྤོས་ཆུས་བྱུག་ལ་མེ་ཏོག་གི་སིལ་མ་བཀྲམ་སྟེ། བུམ་པ་དང་བུམ་པ་གང་བ་བཞག་ལ ་མཆོད་ཡོན་མངོན་པར་བཟློས་པ་བྱས་ནས། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་ལྕགས་ཀྱུ་གཉིས་སུ་བྱས་ལ། མཁྲིག་མ་གཉིས་རྡོ་རྗེ་བཅིངས་པ་གཉིས་བསྣོལ་ལ། རྡོ་རྗེ་སེ་གོལ་བརྡབ་པ་བྱས་པས་དཔལ་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་དང། སངས་རྒྱས་ཐཾས་ཅད་བསྡུ་བར་? ་དེ་ནས་མྱུར་དུ་ཕྱག་རྒྱ་ཆེ། རྡོ་རྗེ་སེམས་དཔའ་ཨི་རྟེན་བྱེད་ཅིང། །མཚན་བརྒྱ་རྩ་བརྒྱད་དམ་པ་ཡིན། །ལན་ཅིག་པར་དུ་བརྗོད་པར་བྱ། དཔལ་མཆོག་དང་པོའི་སེམས་དཔའ་ཨི་སྟེ། ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཅན་ནི་མདུན་གནས་ཏེ། སེམས་དཔའ་ཨི་སྐྱིལ་སྐྲུང་གིས་ལེགས ་གནས། བདེ་ཆེན་རྡོ་རྗེ་བཟང་པོ་མཆོག། བདག་པོ་ལན་ཅིག་ཐོག་མ་ཡང་འགུག། ཡི་གེ་ཧཱུཾ་ཉིད་དང་དང་པོའི་རྡོ་རྗེ་མཉམ་པར་བཞག་པ་དང། དབུས་མའི་རྡོ་རྗེ་ལྕགས་ཀྱུ་གཉིས་དང་དགུག་པའི་སྦྱོར་བས་སྙིང་པོ་དང་རང་གི་ལྕགས་ཀྱུས་དགུག་པར་བྱའོ། །དེ་ནས ་རྡོ་རྗེ་མཆོད་ཡོན་དབུལ་བར་བྱ་སྟེ། ཡི་གེ་ཧཱུཾ་ཉིད་དང་རྡོ་རྗེའི་མེ་ཏོག་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་རྒྱ་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀའི་ཟླ་བའི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་བཅིངས་ལ། ཛ:ཧཱུཾ་བཾ་ཧོ་།ཞེས་ལ། ཧཱུཾ་གི་མཐར་བཅོམ་ལྡན ་འདས་འཁོར་དང་བཅས་པ་ལེགས་པར་བཞག་ལ་དེ་ཉིད་བརྗོད་ཅིང་རྡོ་རྗེའི་ལྟ་བས་བལྟས་ལ། ཡི་གེ་ཧཱུཾ་གིས་ལྗགས་ལ་རྡོ་རྗེ་བཟང་པོ་བསྐྱེད་དེ། བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བཀོད་ལ། ཡི་གེ་ཨ ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་པ་གང་ལས་བྱུང་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཐམས་ཅད་ལ་བསྟན་པར་བྱའོ། །བདེ་བའི་ཐུགས་མཆོག་ཀུན་ལ་རྗེས་སུ་ཆགས། །རྡོ་རྗེ་སེམས་ཁྱོད་རབ་ཏུ་བདེ་བའི་མཆོག། བདེ་བ་ཆེན་པོ་བསྟན་ཞིང་མ་ཐོ་བར་མཛོད།། ་སྒྲུབ་?་འཛུད་པར་བགྱི་ཞེས་བྱ་བའི་རྡོ་རྗེའི་གླུ་ལེན་པ་དང། བ་དན་གསུམ་པ་རྩེ་གསུམ་ཅན། །བ་སྦྱིངས་བཅས་མཛའ་ནས་དགྲོལ་བ་དང། མདུན་དུ་བསྐོར་ཞིང་གློག་ལྟར་གདེག་།དེ་ནི་རྡོ་རྗེ་གར་ཞེས་བཤད། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས ་ལ་གཡོན་པ་དཀུར་བསྟན་ནས། གཡས་པས་འདེགས་པའི་ཚུལ་གྱིས་སྙིང་གར་འཇོག་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མདའའཕེན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་ཡིད་ལས་བྱུང་བ་རྡོ་རྗེ་ཁུ་ཚུར་གཉིས་པོ་དེ་ཉིད་ཀྱི་རང་ལ་འཁྱུད ་བ་ནི་ཀཱི་ལི་ཀཱི་ལིའོ། །རྡོ་རྗེ་ཁུ་ཚུར་གཉིས་པ་དེ་ཉིད་ཀྱིས་རྒྱལ་མཚན་བསྒྲེང་པའི་ཚུལ་དུ་བྱེད་པ་ནི། རྡོ་རྗེ་འདོད་པའིའོ། །ཁུ་ཚུར་དེ་ཉིད་བཀན་ཏེ་བཞག་པ་གཉིས་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་གཉིས་ལྟ་བུ་ནི་རྡོ་རྗེ་སྙེམས་པའིའོ། །རྡོ་རྗེ་ཐལ་མོ ་གཉིས་བསྐོར་ལ། སྙིང་གའི་ཕྱོགས་སུ་བྱུག་པ་ལྟར་བྱ་བ་ནི་རྡོ་རྗེ་དགུན་གྱིའོ། །འདུད་པ་བྱས་ནས་སྤྱི་བོར་བཞག་ནས་ཕབ་སྟེ། མཐོར་བ་ལྟར་བྱས་པ་ནི་རྡོ་རྗེ་སྤྲང་རྩིའིའོ། །དེ་སྟེ། མཐོར་བ་ལྟར་བྱས་པ་ནི་རྡོ་རྗེ་སྤྲང་རྩིའིའོ། །དེ་ཉིད་ལས་མཐེ ་པོ་བསྙམས་ནས་བསྐོར་བ་ནི་རྡོ་རྗེ་སྟོན་གྱིའོ། །དེ་ཉིད་ཤིན་ཏུ་བརྐྱང་ནས་བྱུག་པ་ནི་རྡོ་རྗེ་དགུན་གྱིའོ། །མི་བསྐྱོད་པ་ལ་སོགས་པའི་ས་གནོན་པའི་ཕྱག་རྒྱ་ནི་རྒྱུད་ཕྱི་མ་ལས་བྱ་ལྟ་བར་བྱའོ། །རྡོ་རྗེ་མདའི་ནི་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱ་ཉིད་དོ། ། ་འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བདུན་གྱི་ཕྱག་རྒྱ་ནི་དེ་རྣམས་ཉིད་ཀྱི་དཀྱིལ་འཁོར་ལས་ཤེས་པར་བྱའོ། །ཕྱི་རོལ་གྱི་མཚམས་རྣམས་སུ་རྡོ་རྗེ་ཐལ་མོ་སྐོར་བ་སྙིང་གར་བསྐོར་བ་ནི་སྒེག་མོའི་ཕྱག་རྒྱའོ། །དེ་ཉིད ་བསྐོར་ནས་བསྐོར་ཏེ། སྤྱི་བོར་བཞག་པ་ནི་བཞད་པ་མའི་ཕྱག་རྒྱའོ། །དེ་ཉིད་ལས་གཡོན་པའི་མཛུབ་མོ་བཀུག་པ་ཡུ་བར་བྱས་ལ་གཡོན་པའི་མཛུབ་མོ་བཀུག་པས་པི་བང་བརྡུང་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱའོ། ། ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གང་བྱས་ནས་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིངས་པ་ནི་རྡོ་རྗེ་གང་མཁན་མའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པའི་མཐིལ་ལ་ལྟ་བ་ནི་རྡོ་རྗེ་གཟུགས་ཀྱིའོ། །རྡོ་རྗེ་བསྡམས་པ་ནི་མཛུབ་མོ་གཡོན་པ་ཡུ་བར་བྱས་པ་ལ་མཛུམ་མོ་གཡས་པས ་བཀུག་ནས་བརྡུང་བ་ནི་སྒྲའིའོ། །རྡོ་རྗེ་བསྡམས་པ་བརྐྱང་བས་སྙིང་གར་བྱུག་པ་ནི་དྲིའོ། །བཀན་ལ་དོའི་སྣོད་ལྟར་བྱ་བ་ནི་རོ་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་སངས་རྒྱས་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས། དབང་བསྐུར་བར་བྱའོ། །དེ་ནས་བུམ་པ་གང་བ་དང་མེ་ཏོག་ལ་སོགས་པ་ཅི་སྙེད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་བ་སྟེ། དེ་ལ་སོགས་པར་བྱ་བར ་བལྟ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་རྫོགས་པར་བྱས་ནས། དེ་ནས་དཀྱིལ་འཁོར་འདིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འདིར་ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་རོ། །འཇུག་པ་ལ་སོགས་པའི་ཆོ་ག་ནི་དབབ་པ་དང ་དབང་བསྐུར་བ་དང། སྙིང་པོ་འཛིན་དུ་གཞུག་པ་རྣམས་ནི་སྩོགས་པ་ཞེས་བྱ་བའི་སྒྲས?་སྟོན་ཏོ། །འཇུག་པས་ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཉིད་ཀྱི་བར་ཐོབ་འགྱུར་ཏེ། དེ་ནི་དེ་ལ་དང་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལ་དང་པོ་ཉིད་དུ་ཇི་སྐད་དུ ་བཤད་པའི་ཚོག་ཆུགས?་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་བྲིན་གྱིས་བརླབས་པ། ཕྱག་བཞི་བྱ་བ་སྔོན?་དུ་འགྲོ་བས་སྡོམ་པ་གཟུང་ལ། སྒོར་བཞག་པའི་བུམ་པའི་ཆུ་ཡི་གེ་ཧཱུཾ་མངོན་པར་བཟླས་པས་དབང་བསྐུར་ཏེ་།གོས་དམར་པོ་ལ་སོགས་པ ་བགོའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆེན་པོའི་སློབ་དཔོན་ཞེས་བྱ་བ་ནི་བཅོམ་ལྡན་འའདས་ཀྱིས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་སློབ་དཔོན་དུ་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། །དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་དང་ཞེས་བྱ་བ་ནི། དེ་བཞིན་གཤེགས ་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་དོན་ཏེ། །དམ་ཚིག་ཐམས་ཅད་ཤེས་པ་དང་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་སློབ་དཔོན་དུའོ། །ཆོས་ཐམས་ཅད་རིག་པ་དང་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་སློབ་དཔོན་དུའོ། །ལས་ཐམས་ཅད་བསྒྲུབ་པ་དང་ཞེས་བྱ་བ་ནི། རིན་པོ ་ཆེའི་རིགས་ཀྱི་སློབ་དཔོན་ནོ། །དངོས་གྲུབ་ཐམས་ཅད་གྲུབ་པ་དང་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་ལ་སོགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་འགྲུབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱིན ་གྱིས་བརླབས་པ་དང་ཞེས་བྱ་བ་ནི་ངེས་པ་ཐམས་ཅད་དང་ལྡན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་འགྱུར་བ་དེས་ན་དེ་བཞིན་གཤེགས་པ་དང། རིན་པོ་ཆེ་དང་པདྨ་དང། ལས་ཀྱི་རིགས་ཀྱིས་དབང་བསྐུར་བ་ཐམས་ཅད་ཐོབ་པར ་འགྱུར་བ་དང། འདི་ལ་རིགས་ཐམས་ཅད་ཤེས་པ་དང་ལྡན་པ་མངོན་དུ་ཕྱོགས་པར་འགྱུར་རོ། །མཆོད་པ་ཐམས་ཅད་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་ཞེས ་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་པ་ལ་སོགས་པའི་གནས་ཀྱིས་ནི་དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རིགས་གཏོགས་པར་འགྱུར་པར་སྟོན་པ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྲུབ་པའི་ཡེ་ཤེས་སྟོན་ཏེ། འདིའི་སྙིང་ལ་ཞུགས་ཤིང་དོན་ཡོད་པའི་ཕྱིར་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི ་དོན་ཏོ། །རྡོ་རྗེ་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་རྡོ་རྗེའི་ཕྱག་རྒྱ་སྟེ་། དེའི་མཚན་ཉིད་ནི་འདི་ཡིན་ནོ། །ལྔ་པ་བསྡུས་པ་བཅིངས་ནས་ནི། དགུང་སྒྲེང་སྲིན་ལག་ནང་དུ་གཞུག་། མཐེ་བོང་མཐེ་ཆུང་སྙམ་རྡོ་རྗེ། །དེ་ནི་དང་པོའི་རྡོ་རྗེ་མཆོད། །ཅེས ་བྱ་བའོ། །རྡོ་རྗེའི་ལྟ་བ་ནི་ཀུན་ཏུ་ཆགས་ཤིང་རབ་ཏུ་དགའ་བས་མིག་མདངས་པའོ། །སྙིང་པོ་ལན་གཅིག་བརྗོད་ནས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལགས་སོ། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་སྔར་བཤད་པའི ་ཚུལ་ཉིད་ཀྱིས?་དམ་ཚིག་གི་ཕྱག་རྒྱས་བཞག་པར་བྱའོ་ཞེས་བྱ་བའི་དོན་ནོ། །རྡོ་རྗེ་རྣམ་པར་བསྒྲེང་བའི་ཞེས་བྱ་བ་ནི་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །འདི་ཡང་རྡོ་རྗེ་གར་དེང་བཅས་པའི་མཆོད་པས་རྣམ་པར་འགྱུར་ཞིང་མཛུམ་པ་དང་བཅས་པའི་མིག ་གིས་འདུད་པའི་ཕྱག་བྱས་པས། རྡོ་རྗེ་སེམས་དཔའ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་ཕྱག་བྱའོ། །རྡོ་རྗེ་ཐལ་མོས་རྡོ་རྗེའི་གར་བྱེད་ཅིང་བསྐོར་བས་སྙིང་གར་མེ་ཏོག་ཐོགས་ཏེ་བདག་ཉིད་འཇུག་པར་བྱའོ། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བས ་བཛྲ་བཛྲ་ཞེས་སྨྲས་ཤིང། ཡི་གེ་ཧཱུཾ་ཡང་བཟློས་བཞིན་དུ་འཇུག་པར་བྱའོ། །དེ་བཞིན་དུ་འདུག་ནས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འདུག་ལ། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡི་གེ་ཧཱུཾ་བཟློས་ཤིང་ཇི་སྲིད་བཅོམ་ལྡན་ ་འདས་ཇི་སྲིད་ཇི་སྐད་དུ་བཤད་པའི་མཚན་མ་སྟོན་པར་མཛད་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བྱ་བ་ཐམས་ཅད་ནི་འདིར་ཡི་གེ་ཧཱུཾ་ཉིད་ཀྱིས་བྱ་བ་ཡིན་ནོ། །རབ་ཏུ་དགའ་བའི་དམ་ཚིག་གི་ཕྱག་རྒྱ་ནི་ལྔ་པོའི་བསྡུས་པའི་ཕྱག་རྒྱའོ། །གང་ཡང་དེ་བཞིན་གཤེགས་པ ་ལ་སོགས་པ་ལ། མོས་པ་དེ་རྣམས་ཀྱིས་ཀྱང་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་དང། རང་གི་དཀྱིལ་འཁོར་དུ་འཇུག་པའི་ཆོགས་འཇུག་པར་བྱ་ཞིང་དབང་བསྐུར་བ་ལ་སོགས་པའི་ཆོས་རྣམས་ཀྱང་ཕྱག་རྒྱ་རྣམས་ཀྱིས་རྒྱས་གདབ་པར་བྱ་སྟེ། ཕྱག་རྒྱ་རྣམས་ནི་རྒྱས་འདེབས་པར་བྱེད ་པ་ཡིན་ནོ། །དེ་ཡང་ཅི་སྟེ་ཞེ་ན་གཟུགས་བརྙན་གྱི་ཚུལ་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་ཕྱག་རྒྱ་གདུལ་བྱ་རྣམས་ལ་བསྐྱེད་བར་བྱེད་པ་ཡིན་ནོ། །བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བདེ་?་ཟུག་པ་མེད ་པའི་རྒྱུན་དང་ལྡན་པའི་བདེ་བ་དང། ཡིད་བདེ་བ་ཡིན་ལ། དེའི་རྒྱུ་མཐུན་པ་ལས་འབྱུང་བའི་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་རྡོ་རྗེའི་སྒྲར་བཤད་དེ། དཔེར་ན་བདེ་བར་སྨྲ་པ་ལས་བདེན་པར་སྨྲ་བ་པོ་ཞེས་ཟེར་བ་ལྟ་བུའོ། །དེའི་དམ་ཚིག་ནི་དཀྱིལ་འཁོར་རོ། །རྡོ་རྗེ་ཆོས་ཀྱི་ཞེས་བྱ་བ་ལ ་སོགས་པ་ལ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་གསང་བ་ནི་རྡོ་རྗེ་ཆོས་ཡིན་ལ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་ཁོ་ན་ཉིད་དེ། དེ་རྒྱུར་གྱུར་པས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པར་ཕྱག་རྒྱས་རྒྱས ་བཏབ་པར་བྱེད་པ་འདི་ནི་དམ་ཚིག་གོ། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་བསྡུས་པ་བཅིངས་ལ་བྱིན་གྱིས་བརླབ་པ་བྱ་སྟེ་བཟླས་བརྗོད་བྱའོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་བྲི་བའི་ཕྱག་རྒྱ་ནི་འཕགས་པ་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་བཀྲོལ་ལ་ཞེས་བྱ་བ་ནི་དལ་བར ་གྱུར་མ?་ཕྱག་རྒྱ་དམ་པ་བཅིང་པར་མ་བྱས་པར་ཡང་བཟླས་བརྗོད་བྱའོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ཞེས་བྱ་བ་ནི། མངོན་དུ་བསྙེན་པ་མེད་པར་ཏེ། རིམ་པ་འདི་ནི་ཡེ་ཤེས་བབS་པར་གྱུར་པའི་ཡིན་ནོ། །གཞན་དག་གི་ནི་མཚན་མ་ཐོབ ་པར་གྱུར་ནས། ལམ་རྣམས་འགྲུབ་པར་འགྱུར་བ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་བདེ་པ་ཐམས་ཅད་ཕུལ་པས་སོ་ཞེས་བྱ་བ་ལ་འདོད་ཆགས་ཐོག་མར་བྱས་པའི་བདེ་བ་ཐམས་ཅད་གང་ཡིན་པ་དེ་ནི་འདོད་ཆགས་ལ་སོགས་པའི་བདེ་བ་སྟེ། འདིར་འདོད་ཆགས ་ལ་སོགས་པའི་སྒྲས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟོན་ཏེ། འདོད་ཆགས་དམ་ཚིག་ཡིན་པར་བཤད། ཆོས་ཀྱི་འདོད་པ་ཡིད་དུ་འོང་ཞེས་རྒྱུད་ཕྱི་མའི་ལས་སྟོན་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པས་དུ་བ་པར་གྱུར་ན། ་ཕྱག་བཞི་ཡང་དང་ཡང་དུ་བྱ་བས་ངལ་བ་བཙལ་བ་ནི་བདེ་བ་ཐམས་ཅད་ཕུལ་བ་སྟེ། ཕྱག་བཞི་མཆོད་པ་ཕུལ་བས་འགྲུབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འདི་ནི་རང་གི་སེམས་བརྟན་པར་བྱ་བ་ཡིན་ཏེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ ་ཐམས་ཅད་མཉེས་པར་བྱས་འགྱུར་རོ། །དེ་སྐད་དུ། དེའི་རྗེས་བསྒྲུབ་པའི་པོར་པས་རྗེས་སུ་མཉེས་པ། རྡོ་རྗེ་སེམས་དཔའ་ཉིད་ནི་ཡིན་པར་བཤད་ཅེས་བཤད་པའམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པས་བདེ་བར་གྱུར་ན། བདེ་བ་འདིས་སེམས་ཅན ་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་བྱ་བ་ནི་ཕུལ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དང་འཁྱུད་ཅིང་འོ་བྱེད་པས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་མདུན་དུ་བཞུགས་གསོལ་ཏེ་བཅིངས་ལ། འཁྱུད་ཅིང་འོ་བྱའོ། །འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་ཕྱག་རྒྱ་ནི། འདི་ཉིད་ཀྱི་འོག་ནས་འཆད་དོ།། ་ཡང་ན་ཁམས་གསུམ་རྣམ་པར་རྒྱལ་བའི་མཆོག་ལས་བཏུམ་པའི་བཟླས་པའི་རྣམ་པ་ཡིན་པར་བསྟན་ཏེ། གཟུགས་དེ་ལ་ཞུགས་བཞིན་ནམ་ཞེས་བཤད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས། དེ་བསམ་པས་ཡི་གེ་ཧཱུཾ་ཉིད་དཔག་ཏུ་མེད་པར་བཟླས ་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་མཉེས་པར་བྱས་པར་འགྱུར་རོ། །རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནི་ཨོཾ་མ་ནོད་བྷ་བ་བཛྲ་ཞེས་བྱ་བ་ལ་སོགས་པ་རང་གི་སྙིང་པོ་བཟླས་པས་ནང་གི་དབང་དུ་གྱུར་པ་ཉིད་དུ་བྱས་པ་ནི་རྗེས ་སུ་གཉིས་པར་བྱས་པར་འགྱུར་རོ། །ལྷ་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་ལ་སོགས་པའི་གཟུགས་བརྙན་གྱིས་མདུན་དུ་དེ་རྗེས་སུ་ཆགས་པར་བྱ་བའི་བསམ་པས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱས་ན། དེ་ནས་དེ་རྗེས་སུ་ཆགས་པས་བདག་ཉིད་ཀྱི་ཐམས་ཅད་ཉེ་བར ་སྟོབ་པར་འགྱུར་རོ། །གནོད་སྦྱིན་མོ་ལ་སོགས་པ་ཡང་ཆུང་མ་ལ་སོགས་པའི་གཟུགས་ཀྱིས་བདག་ཉིད་སྟོབ་པར་བྱེད་དོ། །བདག་བསྲུང་བ་ལ་ནི་ཡུངས་ཀར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་བསྐྱེད་ལ་རང་གི་སྦྱི་བོར་བཞག་ལ་།རྡོ་རྗེ་འབར་བའི་ནང་དུ་བདག་ཉིད ་ཆུད་པར་བསམ་ན་བདག་ཉིད་བསྲུང་བར་བྱས་པར་འགྱུར་རོ། །གཞན་བསྲུང་བ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པར་བླངས་ལ། ཕ་རོལ་གྱི་ཡན་ལག་དང་ཉིད་ལག་ཐམས་ཅད་དུ་རྡོ་རྗེ་བྱ་བའི་བསམ་པས་ཧཱུཾ་བཟློས་ཤིང་རྡོ་རྗེ་བསྐོར་བར་བྱ་སྟེ་དེ་ལྟ་བུས་ན ་?་འགྱུར་རོ། །འོན?་ཏེ་སྐྱེ་བོའི་ཚོགས་བསྲུང་བར་བྱེད་པར་འདོད་པ་ངེས། ཡིད་ཀྱིས་རྡོ་རྗེ་བསམ་ལ། དེ་རྣམས་ཀྱི་ཡན་ལག་དང་ཉིད་ལག་རྣམས་སུ་དེ་བཞིན་དུ་བསྐོར་ཞིང་ཕུར་བུ་དང་མཚམས་དང། དཀྱིལ་འཁོར་གྱིར་བ་ལ་སོགས་པའི་ཚུལ་དུ་བྱས་པས ་བསྲུང་བར་བྱའོ། །དེ་བཞིན་དུ་མིག་གཉིས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། སྔ་མ་བཞིན་དུ་མཚམས་ལ་སོགས་པ་བཅིང་བར་བྱའོ། །དེ་བཞིན་དུ་རེངས་པར་བྱ་བ་ལ་ནི་སེངྒེ་ལ་སོགས་པའི་མདུན་དུ་རྡོ་རྗེ་སེམས་དཔའ་བསམ་པར་བྱའོ། །རྨུགས་པར་བྱ ་བ་ལ་ནི་བསྒྲུབ་པར་བྱ་བའི་ལྕེ་གཟུང་བའི་ཚུལ་གྱིས། རྡོ་རྗེ་བསྣམས་པར་རྡོ་རྗེ་གཟུང་ལ། དེ་བཙིར་བའི་ཚུལ་དུ་བྱས་ན་ལྐུགས་པར་འགྱུར་ཏེ། ཚིག་འཕྲོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྨོངས་པར་བྱ་བ་ལ་ནི་བསྒྲུབ་པར་བྱ་བ་དང། གཅིག་ཏུ་བྱས་ལ་མིག་འཇུམ་སྟེ ་བསྒྲས་པ་བྱའོ། །ཐམས་ཅད་བསད་པ་ལ་ནི་ལག་པ་གཡས་དང་གཡོན་ལ་ཡང་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། ལག་པ་གཡོན་པའི་རྡོ་རྗེ་ལ། བསྒྲུབ་པར་བྱ་བའི་མིང་བློས་བསམ་ཏེ། ལག་པ་གཡས་པའི་རྡོ་རྗེ་བསྣུན་ན་ཐམས་ཅད་གསོད་པར་འགྱུར་རོ། །སེམས་ཅན ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་རྣམས་རྒྱས་གདབ་པ་ལ་ནི། ཕྱག་ན་རྡོ་རྗེས་བཅོམ་ལ། དབང་པོ་ཉི་མ་གཞན་གྱི་དབང་དུ་འགྱུར་ཏེ། ཇི་ལྟར་དེས་མཐོང་དུ་ཟིན་ཀྱང་ཅི་ཡང་མི་དྲན་པ་དང། དེ་བཞིན་དུ་རྣ་བ་ལ་སོགས་པས་ཀྱང། མི་ཐོས་པ་དང། དྲི་མི་ཚོར ་བ་དང། རོ་མི་ཚོར་བ་དང། རག་པ་མྱོང་བར་མི་འགྱུར་བ་དང། སེམས་ཀྱིས་ཀྱང་ཅི་ཡང་ཤེས་པར་མི་འགྱུར་རོ། །དེ་གང་གིས་འགྱུར་ཞེ་ན། རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱས་སོ། །ཞེས་བྱ་བ་གསུངས་ཏེ། མདའའཛིན་མའི་ལས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བའི ་དོན་ཏོ། །གང་གི་ཕྱིར་དེ་ནི་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་རྒྱས་འདེབས་པའི་ལས་ཅན་ཡིན་པར་བསྟན་པའི་ཕྱིར་རོ། །འདི་ཡང་ཁྲོ་པོ་ཆེན་པོའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ། བསྟོད་པ་དང་བཅས་པ་མདའའཕེན་པའི་ཚུལ་ཡིན་ནོ། །སྙིང་ཐམས ་ཅད་ཅེས་བྱ་བ་ལ་སོགས་པ་ལ་ལྷའི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ། ཡིད་ཀྱིས་ཞུགས་ལ། སྙིང་གི་པདྨ་དང། མིང་ལ་སོགས་པའི་དབང་པོ་དྲངས་ལ། དེ་རང་གི་ལག་གིས་སྟོན་ཏེ། རང་གི་སྙིང་གར་བཞག་ནས་གཅིག་ཏུ་འདྲེས་པར་གྱུར་པར་བསམ་པར ་བྱ་སྟེ། དེ་ལྟ་བུས་ནི་སྙིང་ཐམས་ཅད་འདྲེན་ཅིང་འབྱིན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། བདག་ཉིད་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ནམ་མཁའ་ཨི་ཁོངས་ཐམས་ཅད་ཁྱབ་པར་བསམ་ལ། སྤྲིན་ལ་སོགས་པའི་བགེགS་ཐམས་ཅད་ཁར་བཅུག་ནས། བསྙེམས ་པ་དང་བཅས་པར་ཧཱུཾ་བཟློས་པར་བྱའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་མྱུར་ཞིང་མྱུར་བ་ཉིད་དུ་གར་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཁ་ཕྱེ་སྟེ། དེ་ཉིད་ཞལ་ཤིན་ཏུ་འཇིགས་པ་དང་དབུ་སྐྲ་གྱེན་དུ་བརྫེས་པ?། དབུ་འོག་ནས་བསྟོད་པའི་ཚུལ་གྱིས་བྷ་ཞེས་བྱ་བ་བརྗོད ་པར་བྱ་སྟེ། ནོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལས། དོང་རྩེ་དགུག་པ་ལ་སོགས་པའི་ཚུལ་གྱིས་བཟླས་བརྗོད་བྱ་བ་ནི། ནོར་ཐམས་ཅད་འགུགས་པ་ཡིན་ནོ། །ནོར་དང་འབྲུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུཾ་ལས་འབྱུང་བའི་ལག་པ་གཡས་པའི་མཛུབ ་མོའི་རྩེ་མོ་དང། གཡོན་པའི་ཧཱུཾ་གི་གཞུ་རྒྱུད་འདྲེན་པའི་ཚུལ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་སྟེ། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱིའི་དཀྱིལ་འཁོར་དུ་འདིས་ནོར་དང་འབྲུ་ཐམས་ཅད་འགུགས་པ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྒྲའི ་ཕྱག་རྒྱ་བཅིངས་ལ། རང་གི་མདུན་དུ་ཧཱུཾ་གི་ཀླུ་བྱས་པ་དེ་དབང་དུ་འགྱུར་རོ། །རྡོ་རྗེ་ཡིད་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་མདའི་ཕྱག་རྒྱ་སྟེ། འདིས་ནི་ཐམས་ཅད་དབྱིགས་པ་དང། རྗེས་སུ་ཆགས་པར་འགྱུར་རོ། །ཀཱི་ལི་ཀཱི་ལིའི་ཕྱག་རྒྱས་ཕྱོགས་བཅུའི ་དེ་བཞིན་གཤེགས་པ་ཐམས་ཅད་འཁྱུད་པས་ནི་ཐམས་ཅད་མཉེས་པར་འགྱུར་རོ། །གནོད་སྦྱིན་མའི་གཟུགས་བརྙན་ལ་སོགས་པ་ལ་ཡང་འཁྱུད་ནས་བསྒྲུབ་པར་བྱའོ། །སྡུག་པའི་བཅིངས་བ་བསྟན་པ་ལ་ནི་རྡོ་རྗེ་སྡུག་པའི་ཕྱག་རྒྱས་སྙིང་བཙིར?་བར་བྱའོ།། ་རྡོ་རྗེ་སྙོམས་པ་ནི་རྡོ་རྗེ་སྙེམས་པའི་ལས་ཀྱིས་ཕྱག་རྒྱས་མ་རུངས་པ་རྣམས་རབ་ཏུ་བསྒྲུབ་པར་བྱའོ། །འབར་བའི་ལྟ་བ་གཉིས་ཀྱིས་དབྲེག་པ་ནི་ལྟ་བས་དཔྲོག་པའོ། །རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་པ་ནི་གོས་ལའོ། །སྣང་བར་བྱ་བ་ལ་རྡོ་རྗེ་ཐོགས་ལ་རྩེ་མོ ་འབར་བ་འཕྲོ་བའི་ཚུལ་གྱིས་བསྐོར་བ་བྱ་བ་ཡིན་ནོ། །ལུས་བདེ་བར་བྱ་བ་ལ་ནི་རྡོ་རྗེ་བསྡམས་པས་རང་གི་མཚན་མ་གཟུང་ནས་བཟླས་བརྗོད་བྱ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱིས་གཡོགས་ཏེ་བྱ་བ་ཡིན་ནོ། །ཞེས་གསུངས་པ ་ཡིན་ནོ། །རྡོ་རྗེ་མཆོག་གི་གཟུགས་ཀྱི་ཕྱག་རྒྱ་ནི་གང་ལས་བྱུང་པའི་རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་མཛུབ་མོས་འཁྱུད་དེ། མཐེ་བོང་གཉིས་ཀྱི་མཛུབ་མོ་དང་སྦྱར། མཐེ་ཆུང་གཉིས་ཀྱང་སྦྱར་བར་བྱ་བ་ནི་འདི་ནི་རྡོ་རྗེའི་གཟུགས་ཀྱི ་མཆོག་སྟེ། འདི་བཅིངས་ལ་རྡོ་རྗེ་ཡིད་ལས་བྱུང་བར་ལྷག་པར་མོས་པས་ཐམས་ཅད་དུ་གཟུགས་ཐམས་ཅད་སྣང་བར་བྱའོ། །སྒྲ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་ལས་བྱུང་བའི་རྡོ་རྗེ་བསྡམས་པ་ལས་གཡོན་པའི་མཛུབ་མོའི་རྩེ་མོ་བ་ལུ?། ་པ་ནི་ཡུ་བ་ཡིན་ལ། གཡས་པའི་མཛུབ་མོས་དེ་ལ་བརྡུང་བ་སྟེ། འདིར་སྒྲ་ཐམས་ཅད་ཐོས་པར་བྱའོ། །གར་ལས་བྱུང་བའི་རྡོ་རྗེའི་ལག་མཐིལ་ཉིད་ཅིང་དབུགས་འབྱིན་པ་དང་བཅས་པའི་ཧཱུཾ་གི་གླུས་དྲི་ཞིམ་པོ་ཚོར་བར་བྱའོ། །རྡོ་རྗེ་བསྡམS ་པས་བཟུང་ལ་མངོན་པར་འདོད་པའི་གནས་སུ་བཞག་པ་ནི་རྡོ་རྗེ་སྤོ་བར་བྱའོ། །ལག་པ་གཉིས་ཀྱིས་སེ་གོལ་བརྡེབས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོས་བསྒྲུབ་པར་བྱ། ཀུན་ཏུ་གང་བར་བསམ་ལ། ཡི་གེ་ཧཱུཾ་གིས་ཀླུ་ལེན ་པར་བྱེད་པ་ནི་གདབ་པའོ། །གར་བྱེད་དུ་འཇུག་པ་ལ་ནི་ལྷའི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱིས་ཞུགས་ཏེ་རང་ཉིད་གར་བྱེད་ཅིང་བཟླས་པ་བྱའོ། །ཐམས་ཅད་བླུ་ལེན་དུ་གཞུགས་པ་ལ་ནི་དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་ཡི ་གེ་ཧཱུཾ་ལས་རང་གི་རྩ་ལས་རྡོ་རྗེ་བསྐྱེད་དེ་གླུ་ལེན་དུ་གཞུགས་པའི་བསམ་པས་ལྕེ་བསྐྱོད་ཅིང་ཧཱུཾ་གི་ལུས་བཟླས་བརྗོད་བྱའོ། །སྨྲར་གཞུག་པ་ལ་ནི་དྲི་ཆབ་ཀྱིས་རྡུལ་ཕྲ་རབ་ཡི་གེ་ལས་རྡོ་རྗེ་རྩེ་ལྔ་པའི་འབར་བའི་ངོ་བོ་ཉིད་དུ་བསྐྱེད་ལ། ཧཱུཾ་དེ་ཉིད ་ཡོངས་སུ་བཟླས་ལ། གདོན་ལ་སོགས་པས་ཟིན་པ་རྣམས་ཆུ་དེ་འཐུང་དུ་བཅུག་ན་ཐམས་ཅད་སྨྲ་བར་འགྱུར་རོ། །བབས་ནས་ལན་སྟོན་པ་ལ་ནི་རྡོ་རྗེ་དབབ་པ་ལས་རྡོ་རྗེ་བཅིང་བའི་རང་གི་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོང་བཅུག་ལ་བསྐྱོད་པ་འདི་དང། ཡི ་ཀེ་ཧཱུཾ་གི་བཟླས་པས་ཐམས་ཅད་བབས་ནས་ལན་སྟོན་པ་ལ་ནི་སྦྱོར་རོ། །གདོན་ཐམས་ཅད་ལས་ཐར་པར་བྱ་བ་ལ་ནི། གམ་ལས་བྱུང་བའི་བ་དན་གསུམ་པ་གཉིས་བྱས་ལ། །མཐེའུ་ཆུང་གཉིས་གཤིབ་ཏེ། མཛུབ་མོ་རྡོ་རྗེར་བྱ། གུང་མོ་གཉིས་འདུད་དེ ་བཟློག་ནས་དབང་བསྐུར་བའི་གནས་སུ་མཛུབ་མོའི་རྩེ་མོ་གཉིས་སྦྱར་ལ་བཞག་ནས་འདིར་ཡི་གེ་མུས་གདོན་ཐམས་ཅད་ལས་ཐར་པར་བྱའོ། །གདོན་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་ཚོགས་ཀྱི་བདག་པོ་བསྐུག་སྟེ། དེའི་མདུན་དུ་རང་གི་རྡོ་རྗེ་གསོར་ཞིང་ཧཱུཾ ་ཞེས་བྱ་བ་བཟླས་ལ། ཆེ་གེ་མོ་གདོན་གྱིས་འཛིན་དུ་ཆུག་ཤིག་ཅེས་བསྐུལ་བར་བྱའོ། །རིམས་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་རྡོ་རྗེ་བསྡམས་པ་བརྐྱང་ལ་སྙིང་གར་འདར་བར་བྱ་ཞིང་རྡོ་རྗེ་རིམས་ཀྱི་གདན་གྱིས་འཛིན་དུ་གཞུག་པ་ནི་རིམས་ཐམས་ཅད ་འཛིན་དུ་གཞུག་པ་སྟེ། རྡོ་རྗེ་བཅིངས་པས་ནམ་མཁའ་ལས་རིམས་བླངས་ཏེ་བསྒྲུབ་པར་བྱ་བའི་སྙིང་ལ་བཅུག་པ་ནི་འཛིན་དུ་བཞུག་པའོ། །?་ཐམས་ཅད་བསལ་བ་ལ་ནི་རྡོ་ལྟ་བས་བྱང་ཅིང་རིམས་ཐམས་ཅད་བསལ་བར་བྱའོ། །རྩར་བ་ལ་ནི་ཁྲོས་པས་མིག་མི་འཛུམ་པར་ལྟ་བས་བལྟ་བར་བྱ་བ་ནི་རྡོ ་རྗེ་ལྟ་བའི་དུག་གི་ཕྱག་རྒྱའོ། །ཁྱབ?་བ་ནི་གོ་སླའོ། །དུག་ཐམས་ཅད་བཟའ་པ་ལ་ནི་དང་པོའི་རྡོ་རྗེའི་མཛུབ་མོ་གཉིས་སྦྱར་ལ་རྐང་པའི་སོར་མོ་བསྒྱུར་པར་བྱེད་ཅིང། དུག་གི་སྟེང་དུ་བཞག་ལ། ཡི་གེ་ཧཱུཾ་གིས་བདུད་རྩིས་དུག་བདུད་རྩིབ? ་གྱུར་པར་བསམ་པ་ནི། རྡོ་རྗེའི་བདུད་རྩི་སྟེ། འདིས་དུག་ཐམས་ཅད་བཟའ་བར་བྱའོ། །བདུད་ལ་སོགས་པ་ཞེས་བྱ་བ་ལ་བགེགས་ཐམས་ཅད་བསྐྲད་ཅིང་གཞིག་པ་ལ་ནི་འཁྲུགས་པས་དཔག་ཏུ་མེད་པར་བཟླས་པ་བྱས་ཏེ། མ་རུངས་པ་ཐམས ་ཅད་བསད་པ་ལ་སོགས་པ་ནི་བརླག་པའོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གསོར་ཞིང་རྡོ་རྗེ་འབར་བས་མཁའ་འགྲོ་མའི་གདོན་རྣམས་བསྲེགས་པར་གྱུར་པར་བསམ་ཞིང་ཧཱུཾ་ཞེས་བྱ་བ་བརྗོད་ནམ་མཁའ་འགྲོ་མའི ་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་རྡོ་རྗེ་འཕེན་པའི་ཚུལ་དུ་འཕངས་ན་གདོན་ཐམས་ཅད་ལ་སོགས་པའི་ཕྱག་རྒྱ་རྣམས་འཇིག་པར་འགྱུར་རོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས ་པ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་གཡོན་པའི་མཛུབ་མོ་ཐད་ཀར་ཕྱེད་དུ་བཞག་སྟེ་།གཡས་པའི་མཐེའུ་ཆུང་བརྐྱང་ལ། ཕྱག་རྒྱ་སྟེང་དུ་བཏེག་ནས་བཞག་པ་འདི་ནི་རྡོ་རྗེ་ཁ་ཊཝཱཾ་གའི་ཕྱག་རྒྱའོ། །མ་མོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ ་ལས་ཁྲོས་པས་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་ལྟུང་བར་བྱེད་པའི་ཚུལ་དུ་སྡིགས་མཛུབ་བྱེད་ཅིང་ཧཱུཾ་ཕཊ་ཅེས་བཟློས་པ་འདི་ནི། རྡོ་རྗེ་ཁྲོ་བོའི་ཕཊ་ཀྱི་ཁྲོ་བོ་སྟོང་གི་ཕྱག་རྒྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེར་བཤད་དོ། །མ ་མོའི་གནས་སུ་ཁྲོས་པས་རྡོ་རྗེ་གསོར་ཞིང་བཟླས་བརྗོད་འབུམ་བྱས་ནམ་མཁའ་འགྲོ་མ་ཐམས་ཅད་དབང་དུ་གྱུར་ནས་ཅི་བགྱིས་ཞེས་བྱ་བའི་མདག་གཞུག་མར་འགྱུར་རོ། །ཁྲོས་པས་ཧ་ཧ་ཧ་ཧ་ཧཱུཾ་ཞེས་བཟློས་ཤིང་རྡོ་རྗེ་ཁུ་ཚུར་གཉིས་བཟློག ་སྟེ། ཁའི་གྲཝར་བཞག་པ་འདི་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གང་བརྒྱངས་སོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་ལ་ནི་ལག་པ་གཡས་པ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་ཕྲེང་བ་ཀུན་ཏུ་རྣམ་པར་བསམ་ལ་ལག་པ་དེ་ཉིད་ཀྱིས་རྡོ་རྗེ ་ཁུ་ཚུར་བཅངས་ལ་མངོན་པར་བཟླས་ཏེ། བསྐལ་པའི་མེ་ལྟར་འབར་བའི་ཁུ་ཚུར་དེ་ཉིད་ཀྱིས་ཡང་དང་ཡང་དུ་འཕང་བར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་སྲིན་ལག་དང་མཐེའུ་ཆུང་བསྙམས་ལ་ཕྱེ་སྟེ། བརྐྱང་ནས་བ་དན་གྱི་རྩེ་མོ ་ལྟ་བུ་བྱས་ལ་གྱེན་དུ་བསྒྲེད་བ་དེ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། འཐབ་པ་ཐམས་ཅད་ལས་ཐར་བར་བྱེད་པའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་འཕེན་པས་འཕར་བ་ནི་རྡོ་རྗེ་འཇིགས་བྱེད་དོ། །ལྕགས་སྒྲོག་དང་འཁྲུལ་འཁོར་ཐམས་ཅད་སྒྲོལ་བ་ནི་རྡོ་རྗེ་ཧཱུཾ་མཛད ་ཀྱི་ཕྱག་རྒྱ་རྡོ་རྗེ་གང་ལས་བྱུང་པས་འཕངས་བས་ཏེ། འདི་ནི་ཁབ་ལང་ངོ། །དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་མཐེ་བོང་དང་མཐེའུ་ཆུད་གི་རྩེ་མོ་བཞི་ལས་མེ་སྟག་རྣམ་པར་འཕྲོ་བའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་མེ་ཤེལ་ལོ། །དེ་བཞིན་གཤེགས་པའི་སྐུའི་མཆོག ་གི་ཕྱག་རྒྱ་བཅིངས་ལ་སྙིང་གར་བཞག་པ་ལ་ཁྲོ་བོའི་ལྟ་བས་ལྟ་བ་ནི་ཆུ་མེད་པར་ཆུ་ཡང་དག་པར་བསྐྱེད་པ་སྟེ། འདི་ནི་རྡོ་རྗེ་ཆུ་ཤེལ་ལོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཡས་པ་བསྒྲེང་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་བྲ་སེན་ཐམས་ཅད་དབབ་པའོ།། ་ལག་ངར་རྡོ་རྗེར་མཉམ་གཞག་སྟེ། མཐེའུ་ཆུང་གཉིས་ནི་ལྕགས་ཀྱུར་བཅིང། །མཛུབ་མོ་གཉིས་ནི་སྡིགS་མཛུབ་བསྒྲེད། །ཁམས་གསུམ་རྣམ་པར་རྒྱལ་ཞེས་བྱའོ། ཞེས་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་ལས་བྱུང་བ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་འདིས་ལན་གློན་པ་ཐམས་ཅད ་སྟོན་པ་ཡིན་ན། །དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ནམ་མཁའ་ལ་རྡོ་རྗེ་སེམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐྱེད་པའི་ཚུལ་དུ་བྱ་བ་ནི་རྫུ་འཕྲུལ་ཐམས་ཅད་བསྟན་པའོ། །ཏིང་འཛིན་གྱི་མཆོག་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན ་གྱི་ཕྱག་རྒྱ་སྟེ། དེས་ཆོ་འཕྲུལ་ཐམས་ཅད་བསྟན་པར་བྱའོ། །རྫུ་འཕྲུལ་དང་ཚེ་འཕྲུལ་དག་གི་ཁྱད་པར་ནི་ནམ་མཁའ་ལ་འགྲོ་བ་ནི་རྫུ་འཕྲུལ་ལོ། །འོད་ཟེར་རབ་ཏུ་འཁྱེད་པ་ལ་སོགས་པ་ནི་ཆོ་འཕྲུལ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་གློག་གྱུ་བ་འདེགས་པའི་ཚུལ་དུ་ནམ་མཁའ་ལ་བསྐོར ་བར་བྱ་བ་འདི་ནི་རྡོ་རྗེའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའོ། །རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ལ་གཅིག་ལ་གཅིག་མ་འདུད་པ་བྱས་ལ་གཅུ་ཞིང་གཅུ་བར་བྱ་བ་འདི་ནི་ལྷ་ཐམས་ཅད་དབབ་པར་བྱེད་པའི་རྡོ་རྗེ་བསྐོར་བར?་བྱེད་པའི་ཕྱག་རྒྱའོ། །ཀླུའི་གཟུགས ་བརྙན་བྱས་ལ་གླུ་ཡོད་པའི་མཆོར་ཞུགས་ཏེ། ཀླུ་དེ་ཉིད་གཡོན་བརྐྱང་པས་མནན་ལ་བཟླས་བརྗོད་བྱས་ན། རྗེས་སུ་འབྲང་བར་འགྱུར་རོ། །རྡོ་རྗེ་བཀའ་བསྒོ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལུང་བསྒོ་བར་བྱེད་པའོ། །ལྷ་ཆེན་པོ་གཡོན་བརྐྱང་བའི་གནས ་པས་མནན་ལ་ཁྲོས་པས་བཟླས་བརྗོད་བྱས་ན་འབྱུང་པོ་ཐམས་ཅད་གདུལ་བ་ཡིན་ནོ། །དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། །མཛུབ་མོ་བསྒྲེད་བས་བཟློག་པ་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་རྒྱ་སྟེ། སེར་བ་ཐམས་ཅད་ཟློག་པར་བྱེད་པའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས ་གཤིབས་ལ་དཔྲལ་བར་བཞག་ནས། སོར་མོ་ལྷག་མ་རྣམས་འོད་ཟེར་འགྱེད་པའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་སྟེ་གློག་འབབ་པ་ཐམས་ཅད་ཟློག་པར་བྱེད་པའོ། །ཆར་དབབ་པ་དང་ཆར་བཅད་པ་དང། སྤྲིན་བསྐྱེད་པ་ནི་གོ་སླའོ། །དང་པོའི་རྡོ་རྗེ ་ནི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་བལྟ་བས་བལྟ་བ་ནི་སྤྲིན་གཞིག་པ་སྟེ། །རྡོ་རྗེ་ནམ་མཁའ་ཨི་སྤྲིན་ན། །དང་པོའི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ་ཐེ་བོང་གཉིས་གདེངས་ཀ་བསྒྱིངས་པའི་ཚུལ་དུ་བསྟན་པ་བྱས་པ་འདི་ནི་རྡོ་རྗེ་ཀླུའི་ཕྱག་རྒྱའོ། །ཟངས་མའི་བུམ་པ་སྤོས་ཆུས་ཡོངས་སུ་གང་བ ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཇི་སྲིད་ཆུ་ལུང་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱ་སྟེ། འདི་ནི་གཏེར་ཤེས་པར་བྱ་བའི་ཕྱག་རྒྱའོ། །དང་པོའི་རྡོ་རྗེའི་ཕྱག་རྒྱ་དབང་བསྐུར་བའི་གནས་སུ་བཞག་ལ་གཏེར་རྐོ་བའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་འཇོར་གྱི་ཕྱག་རྒྱའོ། །འདི ་ཉིད་ནོར?་ལེན་པའི་ཚུལ་གྱིས་དཔྲལ་བར་བཞག་པ་ནི་གཏེར་ཐམས་ཅད་རྙད་པའོ། །མདུན་དུ་རྒྱལ་སྲིད་ཐོབ་པ་ཉིད་ཀྱི་ཚུལ་དུ་དཔྲལ་བར་བཞག་པ་འདི་ནི་རྡོ་རྗེ་དབང་བསྐུར་བ་སྟེ། །འདིས་རྒྱལ་སྲིད་ཐམས་ཅད་ཐོབ་པར་འགྱུར་རོ། །མདུན་ཉིད་དུས་རྣམས་ཐོབ་བའི ་ཚུལ་དུ་དཔྲལ་བར་བཞག་པ་འདི་ནི་རྡོ་རྗེ་དབང་བསྐུར་བ་སྟེ། འདིས་ས་ཐམས་ཅད་ཀྱི་བདག་ཉིད་ཏུ་འགྱུར་རོ། །རྡོ་རྗེ་འཁོར་ལོ་ནི་འོག་ནས་བཤད་པའི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དེས་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱའོ། །དང་པོ་རྡོ་རྗེའི་ཕྱག་རྒྱ་ནི་བདེ་བ ་ཆེག་པོའི་དམ་ཚིག་གི་ཕྱག་རྒྱའོ། །རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བཤད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག་རྒྱའོ། །གང་ལག་པ་གཡས་པའི་མཛུབ་མོ་ལྕགས་ཀྱུད?་བྱ་བ་ནི་རྡོ་རྗེ་བསྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱའོ། །དང་པོའི་རྡོ་རྗེ་ཕྱག་རྒྱ་ཉིད་ནི་རྡོ་རྗེ ་གྲུབ་པའི་ཕྱག་རྒྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོར་བསམ་ལ། ཟླ་བའི་གཟུགས་ལ་གནས་ནས་ནི། ནམ་མཁའ་ཨི་སྟེང་དུ་འདུག་ནས་སུ། ལག་ཏུ་རྡོ་རྗེ་བསྒོམ་ན་ནི། །རྡོ་རྗེ་རིག་པ་འཛིན་པར་འགྱུར་ཞེས་བྱ་བ་འདི་ནི་རྡོ་རྗེ་རིག་པ་འཛིན་པའི་ཕྱག་རྒྱའོ། ། ་རིག་པ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱ་ནི་དང་པོའི་རྡོ་རྗེ་ཉིད་རྡོ་རྗེ་ཕྲ་མོ་རི་སྦྱོར་བ་ཤིན་ཏུ་མཉམ་པར་བཞག་ལ་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒོམ་པ་ལ་ནི་ཐུགས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་གང་ཐུགས་ཀྱི་རྡོ་རྗེ་འདི་ཉིད་ཀྱིས་བྱང་ཆུབ་སེམས ་དཔའ་ཐམས་ཅད་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནི་གོ་སླའོ། །བྱང་ཆུབ་མཆོག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་དེས་སངས་རྒྱས་ཉིད་བསྒྲུབ་པར་བྱའོ།། །དཔལ་མཆོག་དང་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས ་རབ་ཏུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་འགྲེལ་པ་མདོར་བཤད་པ་རྫོགས་སོ།། །།རང་བཞིན་མཉམ་ཞིང་ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་།དེ་བཞིན་གཤེགས་པ་དཀྱིལ་འཁོར་སྟོན་པར་མཛད་པར་བཞེད་པས་ད ་རྣམས་ཞེས་བྱ་བ་ལ་སོགས་པར?་ཉེ་བར་དགོད་པར་མཛད་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། རབ་ཏུ་དགའ་བའི་དཀྱིལ་འཁོར་ཀྱི་རྗེས?་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བའི་སྒྲས་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཞི་བའི་ཆོས་ཉིད་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཏེ། ཟད་པ་དང་མི་སྐྱེ་བཤེས་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་མངོན་པར་བསྒྲུབ་ཅིང་མངོན་སུམ་དུ་མཛད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ཚུལ་གང་གིས་འགྱུར་བ་འདི་ཉིད་སྟོན་པར་མཛད་ཅིང་གསུངས་པའོ། །རྡོ་རྗེ་རྣམས་ཀྱི་མཉམ་པ་ཉིད་ཡིན་པས་ན་རྡོ་རྗེ་མཉམ་པ་ཉིད་དེ། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དོ། །དེ་བས་ན་རྡོ་རྗེའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ ་མེད་པ་ཉིད་ཡིན་པར་མངོན་པར་འདོད་ལ། དེའི་མངོན་པར་རྫོགས་པ་བྱང་ཆུབ་པ་ནི་མངོན་སུམ་དུ་བྱེད་པའོ། དེ་ཉིད་ནི་བྱང་ཆུབ་པོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་བཞིན་ཉིད་དང་སྟོང་པ་ཉིད་དང། ་འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་པས་རྡོ་རྗེ་དེ་ནི་རོ་གཅིག་པའི་ཡེ་ཤེས་ཏེ། དེ་ཐོབ་པས་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་རྣམས་དང། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གཉིས་སུ་རྟོག་པ་རྣམས་ཀྱི་མི་བྱེད་པས་ན། རྡོ་རྗེ་ལྟར་སྲ་བ་ཡིན་ཏེ། དེ ་བས་ན་རྡོ་རྗེ་སྲབ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ། །དོན་ཞེས་བྱ་བའི་སྒྲས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་བྱེ་བར་བཤད་ལ། དོན་རྣམས་ཀྱི་མཉམ་པ་ཉིད་ནི་དོན་གྱི་མཉམ་པ་ཉིད་དེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། ། ་ཡང་ན་བདག་གི་རྣམ་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་དོན་ཡིན་ལ། དེ་དེའི་མཉམ་པ་ཉིད་ཡིན་པས་ན། དོན་གྱི་མཉམ་པ་ཉིད་དེ་སྔ་མ་བཞིན་ནོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སྔ་མ་དང་འདྲའོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོ་ཡང་ཡིན ་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་གཅིག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དོན་གཅིག་པ་ནི་དེ་བཞིན་ཉིད་ཡིན་ལ། དོན་གཅིག་པའི་དངོས་པོར་གྱུར་པས་ན་དོན་གཅིག་པ་ཉིད་ཅེས་བྱ་སྟེ། དེ་རྒྱུར་གྱུར་པས་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ ་ནི་བྱང་ཆུབ་ཆེན་པོའོ། །ཆོས་ཞེས་བྱ་བ་ནི་ལུང་གི་ཆོས་ཏེ། ཐེག་པ་གསུམ་ལ་སོགས་པ་བཤད་པའི་ཚུལ་ལམ་ཡང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ནི་ཆོས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །འདིའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སྔ་མ་བཞིན་དུ་བཤད་པར་བྱ་སྟེ་དེ་ཉིད་ནི་བྱང་ཆུབ་ཆེན་པོའོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན ་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཚིགས་རྣམས་ཏེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེའི་མངོན་པར ་རྫོགས་པར་བྱང་ཆུབ་པ་ནི་རྟོགས་པར་གྱུར་པའོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་བལྟོས་ན་བྱང་ཆུབ་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་བོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་དང། ་རིན་པོ་ཆེ་དང། པདྨ་དང་ལས་ཀྱིས་རིགས་རྣམས་ལ་རྡོ་རྗེ་དང་དོན་དང་ཆོས་དང་ཐམས་ཅད་ཀྱི་སྒྲས་བཤད་ལ། དེ་རྣམས་ཀྱིས་མཉམ་པ་ཉིད་དེ། དེ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ལ། བྱང་ཆུབ་ཆེན་པོ་ཡང་དེ་ཉིད་ཡིན་ཞེས་སྔ་མ་བཞིན ་དུ་ཐམས་ཅད་བརྗོད་པར་བྱའོ། །ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བའི་དོན་ཏོ། །དོན་གྱི་གནས་འདི་ཉིན་ཅེས་བྱ་བ་ནི། རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས ་པ་ཚིག་བཞི་པའི་དོན་སླར་ཡང་རྒྱ་ཆེར་སྟོན་ཅིང་ཡང་རྣམ་གྲངས་གཞན་གྱི་འཆད་པར་མཛད་པའོ། །འཛུམ་པ་ཞེས་བྱ་བའི་ཅུང་ཟད་བཤད་པ་སྟེ། དེ་དང་བཅས་པས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཆེས་ཐམས་ཅད་ནི་ཚིག་བཞིར་གསུངས་པའོ། །དེ་རྣམས ་ཀྱི་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ། དེ་ལ་དམིགས་པའི་ཚུལ་གྱི་ཐུགས་ནི་སྙིང་སྟེ། དེ་སྟོན་པར་བྱེད་པའི་ཡི་གེ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ། །བཞད་པ་ཆེན་པོས ་བཞད་ཅིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆ་ལུགས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མཐོང་བ་དང། དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་བཞད་པ་ཆེན་པོ་གསུང་པ་མཛད་དོ། །དེ ་བཞིན་གཤེགས་པ་ཡང་ཡིན་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་ཉིད་ནི་རྡོ་རྗེ་ཡིན་ལ། དེ་རྣམས་ཀྱི་དཀྱིལ་འཁོར་ཏེ། དེ་བྱིན་གྱིས་རློབ་པ་ནི་བསྟན་པར་བྱས་པ་དེ་ལ་དམིགས་པའི་སེམས་རྩེ་གཅིག་པ་གང་གིས་ཁྱད ་པར་དུ་བྱས་པ་གང་ཡིན་པ་དེ་ལ་ནི་མིང་འདི་ཉིད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །མིང་འདི་སྐད་ཅེས་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེའི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སོགས་པ་མཚན་ཉིད་ཅན་ནོ། །དེ་ཉིད་ནི་རྡོ་རྗེ་སྟེ། དེ་སྟོན་པར་བྱེད་པ་ཉིད་ཀྱིས་ན་དེ་མིང་དེ་ཉིད་ཅེས་བྱ་བའི་དཀྱིལ་འཁོར་ཆེན ་པོ་གང་ཡིན་པ་འདི་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དེ་ཐམས་ཅད་དུ་སྒོ་ནི་?་རྒྱད་ཆར་བྱའོ། །འདིར་སྒྲུབ་པ་ཐམས་ཅད་ཡི་གེ་ཨཱ་ཉིད་ཀྱིས་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་བཅིང་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་ཉིད་བཅིངས་ལ། བཛྲ་བཛྲ་ཨ་ཞེས་ཟློས་ཤིང་ཆོ་ག་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ། །རྣམ་པར་མི་རྟོག་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཆོས་བདག་མེད་པ་བསྒོམས ་པས་སོ། །སློབ་མ་རྣམས་ལ་སྦྱིན་ཞེས་བྱ་བ་ནི་འབྱོར་བ་ཅི་ཡོད་པས་ཁ་ཟས་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །མཚན་མ་བཞི་ཞེས་བྱ་བ་ནི་རྡོ་རྗེ་དང་རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་སྐལ་བ་ཇི་ལྟ་བ་བཞིན་དུ་མེ་ཏོག་གང་ལ་བབས་པ་དེ་ལ་མཚན་མ ་དེ་སྦྱིན་པར་བྱའོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ལས་རྣམས་འགྲུབ་པར་འགྱུར་ཞེས་བྱ་བ་འདི་ནི་ཡེ་ཤེས་བབས་པར་གྱུར་པ་རྣམས་ཀྱི་ཡིན་པར་ཐམས་ཅད་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་རྡོ་རྗེ་སེམས་དཔའ་ ་ལ་སོགས་པ་བསྐོམས་པའི་བདེ་བ་སྟེ། ངེས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་སོགས་པ་བབས་པས་སོ། །བདག་ཕུལ?་བ་ནི་ཕྱག་བཞིའི་སྦྱོར་བས?། །མེ་ཏོག་ལ་སོགས་པ་ལ་བཟླས་པ་ནི་རྡོ་རྗེ་སྦྲང་རྩི་དང། ་རྡོ་རྗེ་སྤྲིན་དང། རྡོ་རྗེ་སྟོན་དང། རྡོ་རྗེ་དགུན་རྣམས་ཀྱི་སྔགས་བརྗོད་པ་སྟེ། དེས་སངས་རྒྱས་ཆོས་དང་དགེ་འདུན་ནི། དམ་ཚིག་ཆེན་པོ་གསུམ་འདི་ཡིན། ཞེས་འོག་ནས་བཤད་དེ། དེ་ལྟ་བུས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཐམས་ཅད་ལ་བྱམས ་པ་ཁྱབ་པར་སྤྲོ་སྟེ་བཟླས་པ་ནི་བྱམས་པའི་བཟླས་པའོ། །ས་གནོན་གྱི་ཕྱག་རྒྱ་བཅིངས་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལྷག་པར་མོས་པར་བྱས་པའི་བཟླས་པ་ནི་བརྟན་ཞིང་ངེས་པའི་བཟླས་པའོ། །ནམ་མཁའ་ཨི་སྙིང་པོའི་ཏིང་ངེ་འཛིན་ལ་གནས་ཏེ། རྡོ་རྗེ་རིན་ཆེན ་གྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ལ། རྒྱན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་མཆོད་ལ། བདག་ཉིད་ཀྱིས་རང་ཉིད་ཀྱིས་རང་ཉིད་ལ་རྣམ་པ་ཐམས་ཅད་བཅིང་བར་བྱའོ། །ལག་པ་གཡོན་པས་པདྨ་གཟུང་ལ་རང་ལ་རང་གི་སྙིང་གར ་བཞག་སྟེ། ལག་པ་གཡས་པས་དབྱེ་བར་བྱ་བ་འདི་ནི་རྡོ་རྗེ་པདྨ་ལ་ལྟ་བའོ། །འཕགས་པ་རྡོ་རྗེ་ཉིད་ནི་རྡོ་རྗེ་ལས་ཀྱི་མཆོག་གོ། ཡེ་ཤེས་ཀྱི་ཁུ་ཚུར་ནི་བྱང་ཆུབ་ཀྱི་མཆོག་གོ། དེ་བཞིན་གྒཤེགས་པའི་དཀྱིལ་འཁོར་གྱི་འགྲེལ་པའོ། །ང་ནི་ཁྲོ་བས་ཁྲོ་བ་སྤང ་བར་བྱ་བའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་སྟོན་པར་བཞེད་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །མ་རུངས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་མ་རུངས་པ་ཐཾས་ཅད ་དེ། ལྷ་ཆེན་པོ་ལ་སོགས་པའོ། །མ་རུངས་པ་ཐམས་ཅད་འདུལ་བར་མཛད་པས་ན། མ་རུངས་པ་ཐམས་ཅད་འདུལ་བ་སྟེ་འདུལ་བར་མཛད་ཅིང། དེས་ཁྲོ་བ་སྤོང་བར་མཛད་པས་འདུལ་བའོ། །དེ་ནི་རྡོ་རྗེ་ཧཱུཾ་མཛད་གཟུགས་ཅན་གྱི་དེ་བཞིན་གཤེགས་པ ་ཤཱཀྱ་ཐུབ་པའོ། །ཡང་ཞེས་བྱ་བ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཡིན་པས་ཆོས་ཐམས་ཅད་དེ། འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །དེས་རྣམ་པར་རྒྱལ་བ་ནི་མཉམ་པ ་ཉིད་བསྒོམས་པས། ཞེ་སྡང་ལ་སོགས་པ་ངེས་པར་བསྩལ་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྒྱལ་བ་དེའི་བསྡུ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་གང་གིས་མངོན་སུམ་དུ་བྱེད་པར་འགྱུར་པ་གང་ཡིན་པ་དེ་ལ་མིང་འདི་ཉིད་ཅེས་བྱ་སྟེ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་དེ་གསུངས་པའོ། །འདོད་ཆགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་འདོད་ཆགས་ནི་ཀུན་ཏུ་ཞེན་པའི་མཚན་ཉིད་ཅན་ནོ། །དེའི་སྤྲོས་པ་ནི་ཁ་དོག་དང་དབྱིབས་དང་རེག་པ་དང་ཉེ་བར་སྤྱོད་པའི་མཚན་ཉིད་ཅན་ནོ། ། ་སྤྲོས་པ་ཡོད་པ་མ་ཡིན་པས་ན་སྤྲོས་པ་མེད་པ་སྟེ། འདོད་ཆགས་ཀྱི་སྤྲོས་པ་རྣམས་མཉམ་པ་ཉིད་དུ་བསྒོམས་པས་འདོད་ཆགས་ཉེ་བར་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱི་སྒྲོས?་པ་མེད་པའི་ངོ་བོ་ཉིད་ནི་འདོད་ཆགས་ཀྱི་སྤྲོས་པ ་མེད་པ་ཉིད་དོ། །དེས་ཞེ་སྡང་སྤྲོས་པ་མེད་པ་ཉིད་དོ། །དེ་ཡང་ཞེ་སྡང་ནི་སེམས་ཅན་ལ་གནོད་པར་བྱ་བར་འདོད་པ་སྟེ། དེའི་སྤྲོས་པ་ནི་མནར་སེམས་རིང་པོ་དགུ་དང། བཅུ་པོ་གནས་མ་ཡིན་པ་ལ་ཁྲོ་བའོ།། ་སྒྲོས་པ་ཡོད་པ་མ་ཡིན་པས་ན་སྒྲོས་པ་མེད་པ་སྟེ། མནར་སེམས་ཅན་གྱི་དངོས་པོ་དམིགས་སུ་མེད་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་ལ་རྗེས་སུ་ཆགས་པ་དེ་ལ་ཁོང་ཁྲོ་བར་འགྱུར་ཏེ། རྗེས་སུ་ཆགས་པའི་དངོས་པོ་དམིགས་སུ་མེད་པས་ཁོང་ཁྲོ་བའི་དངོས་པོ ་ཡང་ཉེ་བར་དམིགས་པར་མི་འགྱུར་རོ། །དེ་བས་ན་འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དུ་འགྱུར་རོ། ཞེ་སྡང་གི་དངོས་པོ་ཉེ་བར་མི་དམིགས་པས་གཏི་མུག་གི་དངོས་པོ་དམིགས་པར་མི་འགྱུར་ཏེ། དེ་བས་ན་གཏི་མུག་གི་སྤྲོས་པ་མེད་པ ་ཉིད་དུ་འགྱུར་རོ། །དེ་ཡང་གཏི་མུག་ནི་མ་རིག་པ་སྟེ་དེའི་སྤྲོས་པ་ནི་དབང་ཕྱུག་རྒྱུར་འདོད་པ་ལ་སོགས་པར་ཡོངས་སུ་བཏགས་པའོ། །གཏི་མུག་གི་དངོས་པོ་དམིགས་སུ་མེད་པས་ཀྱང་ཆོས་ཐམས་ཅད་དམིགས་སུ་མེད་པ་ཡིན་ཏེ། །དེ་བས་ན་གཏི་མུག་གི་སྤྲོས་པ་མེད་པ་ཉིད ་གྱིས་ཆོས་ཐམས་ཅད་སྤྲོས་པ་མེད་དོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ནི་ཁམས་གསུམ་ན་སྤྱོད་པའི་སེམས་སམ་སེམས་ལས་བྱུང་བ་རྣམས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །དེ་རྣམས ་ཀྱི་སྒྲོས་པ་ནི་དབྱེ་བར་ཡོངས་སུ་བཏགས་པའོ། །འདོད་པའི་ཁམས་ན་སྤྱོད་པ་ལ་སོགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། སྔ་མ་བཞིན་ནོ། །ཆོས་ཐམས་ཅད་དམིགས་སུ་མེད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡོས?་པ་མེད་པ ་ཉིད་དུ་རིག་པར་བྱའོ་ཞེས་བྱ་སྟེ། གང་ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཆིས?་ན་འདི་?་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་པར་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་? ་པ་བསྒྲུབ་པར་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ། །པདྨའི་གདོལ་ཁྲོ་གཉེར་དང་བཅས་པ་ལ་སོགས་པས་སྙིང་པོའི་ཡན་ལག་འདི་གསུང་སོ་ཞེས་པར་སྦྱར་རོ། །ཁྲོ་བར་སྟོན་པར་བྱེད་པའི་?་བའི་? ་མ་ནི་ཁྲོ་གཉེར་གྱི་སྒྲར་བཤད་དོ། །ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་དང་ལྡན་པས་ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་པའོ། །བར་དུ་མྱུར་བར་གཡོ་བའི་མིག། མིག་གི་རྫི་མ་འདྲེན་པ་ནི། འབར་བའི་ལྟ་བ་ཡིན་པར་བཤད། །ཅེས ་བྱ་བ་ནི་འབར་བར་ལྟ་བ་སྟེ། དེས་ན་ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་པ་དང། འབར་བར་ལྟ་བ་དང་པདྨའི་གདོང་ཁྲོ་ཞིང་རྒོད་དེ་མཆེ་བ་ཅུང་ཟད་གཙིགས་ནས་ཞལ་སྟོང་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་རྡོ་རྗེ་ཁྲོ་བོ་སྟེ་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད ་བྱུང་ནས་བཞུགས་སོ་བྱ་བར་སྦྱར་རོ། །བདག་ཉིད་དངོས་པོ་ཅི་ལྟ་བུ་ཞེ་ན་ཕྱག་ན་རྡོ་རྗེ་དང་འདྲ་བའི་དངོས་པོའི་བདག་ཉིད་ཅན་ནོ་ཞེས་བྱ་བའོ། །ཁ་དོག་ལ་སོགས་པ་ཅི་ལྟ་བུ་ཞེ་ན། ཁ་དོག་སྣ་ཚོགས་པ་ལ་སོགས་པ་སྟེ། ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང ་སེར་པོ་ལ་སོགས་པའོ། །རྒྱན་ནི་གདུ་བུ་དང་རྣ་ཆ་དང་དཔུང་རྒྱན་དང་ཅོད་པན་ལ་སོགས་མཚོན་ཆ་ནི་རྡོ་རྗེ་ལ་སོགས་པའོ། །དེ་ལྟར་ན་ཁ་དོག་དང་རྒྱན་དང་མཚོན་ཆ་རྣམ་པ་སྣ་ཚོགས་པ་འཆང་བར་མཛད་པས་ན་ཁ་དོག་དང་རྒྱན་དང་མཚོན་མ་རྣམ་པ ་སྣ་ཚོགས་བསྣམས་པའོ། །རྡོ་རྗེ་མཆེ་བ་གཙིགས་པ་ནི་རྡོ་རྗེ་མཆེ་བ་ལྷག་གེར་བྱུང་བའོ། །མཆེ་བ་རྣམ་པར་གཙིགས་པ་ཉིད་ཀྱི་ཚེམས་ཀྱི་སྒྲོས་ཏ་མ་མཆུ་གནོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་ཚེམས་ཀྱིས་སྒྲོས་རྣོན་པོ་མི་ཟད ་པ་དང་གྲོ་གཉེར་བསྙེད་བ་དང། སྨིན་མ་འབར་བ་དང། དབུ་སྐྲ་དང། ཨག་ཙོམ་རྣམས་འབར་ཞིང་འཇིགས་སུ་རུང་བའི་ཞལ་གང་ལ་མངའ་བ་དེ་ལ་ནི་རྣམ་པར་འགྱུར་བའི་མཆེ་བ་གཙིགས་པ་ཚེམས་ཀྱི་སྒྲོས་ནོན་པ་སྨིན་མ་མི་ཟད་ཅིང་ཁྲོ་གཉེར ་བསྙེད་བ་སྤྱན་དང་དབུ་སྐྲ་དང་ཨག་ཙོམ་འབར་བ་ཞལ་འཇིགས་པ་ཞེས་བྱའོ། །ཐུགས་རྗེ་ཆེན་པོའི་ཐབས་དེས་བསྐྱེད་པའི་ཁྲོ་གཉེར་ཡིན་པས་ན་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་སྟེ། དེ་ཉིད་ནི་རྡོ་རྗེ་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཧཱུཾ་མཛད ་ལ་སེམས་རྩེ་གཅིག་པའོ། །ཕྱོགས་བཅུའི་འདོད་པ་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ལ་ཁམས་གསུམ་ཞེས་བྱ་བའི་སྒྲར་བཤད་དེ། དེར་གནས་པའི་ལྷ་ཆེན་པོ་ལ་སོགས་པ་གདུལ་བར་མཛད་པས་ན་ཁམས་གསུམ་པོ་མཛའ་དག་ལས་རྣམ་པར་རྒྱལ་བ ་སྟེ། རྣམ་པར་རྒྱལ་བ་དེ་དཀྱིལ་འཁོར་གང་དུ་མཛད་པ་དེ་ནི་དཀྱིལ་འཁོར་ཆེན་པོའོ། །ཡང་ན་ཁམས་གསུམ་པོ་མཛའ་དག་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི། རྡོ་རྗེ་ཧཱུཾ་མཛད་སྟེ། དེས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང ་ལ་མིང་དེ་ཉིད་ཅེས་བྱ་སྟེ། དཀྱིལ་འཁོར་མིང་དེ་སྐད་ཅེས་བྱ་བར་གསུངས་སོ། །རྡོ་རྗེ་ནི་བཅོམ་ལྡན་འདས་ཧཱུཾ་མཛད་ཉིད་དེའི་དཀྱིལ་འཁོར་རོ། །འདུལ་བ་ཆེན་པོའི་འདུལ་བྱེད་པ་ཞེས་བྱ་བ་ལ། ཆེན་པོ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་སྟེ། དེ་རྣམས་འདུལ ་བས་འདུལ་བར་མཛད་པ་འམ་དེ་རྣམས་ཀྱིས་འདུལ་བའི་ཁྲོ་བོ་འདི་ཉིད་ཀྱིས་འདུལ་བས་ན་འདུལ་བ་སྟེ། ཁྲོ་བ་སྤངས་པར་མཛད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ནི་འདུལ་བ་ཆེན་པོ་ཡིན་ལ་དེ་ཉིད་དཀྱིལ་འཁོར་གང་དུ ་འདུལ་བ་པོར?་གྱུར་པ་དེ་ནི་འདུལ་བ་ཆེན་པོ་འདུལ་བྱེད་པའོ། །དཀྱིལ་འཁོར་དང་པོ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱིའི་དཀྱིལ་འཁོར་ཏེ། བརྒྱད་ཆ་བའི་སྒོ་དང་ལྡན་པར་བྲིས་ལ་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱིས་རྡོ་རྗེའི་ཕྲེང་བ་ཟླུམ་པོ་དང་ལྡན་པའི་འཁོར་ལོ་རྡོ་རྗེ་ཀ་བ ་བརྒྱད་དང་ལྡན་པར་བྲི་བར་བྱའོ། ལྷ་ཐམས་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པདྨའི་གདན་བྱས་ལ་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་བཞུགས་པ་ཇི་སྐད་དུ་བཤད་པའི་གཟུགས་དང་ལྡན་པར་བྲི་བར ་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་སྔར་བཤད་པ་ཉིད་ཡིན་ཏེ། འདིར་ཡི་གེ་ཧཱུཾ་ཉིད་ཀྱིས་དཀྱིལ་འཁོར་བྲི་བ་ལ་སོགས་པ་བྱའོ། །རྡོ་རྗེ་བསྣམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་འབར་བ་ནང་དུ་བསྣོལ་ལ། མཐེ་བོའི་རྡོ་རྗེ་བསྒྲེང་བ་འདི་ནི་རྡོ་རྗེ་དམ ་ཚིག་གི་ཕྱག་རྒྱ་སྟེ་འདིས་བཛྲ་བཛྲ་ཧཱུཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ནི་ལག་པ་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བའི་དོན་ཏོ། །ལྔ་པོ་བསྡུས ་པའི་ཕྱག་རྒྱ་བཅིངས་ལ། བཟློག་སྟེ་ཁའི་གྲང?་ཆེ་བ་བསྟན་པ་འདི་ནི་རྡོ་རྗེ་ཁྲོ་བོར་ཐར་བྱེད་དོ། །ཞེས་བྱ་བ་ནི་ཁྲོ་བོའི་ལྟ་བ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་པས་ཐམས་ཅད་རྒྱས་གདབ་པར་བྱའོ། །རྡོ་རྗེ་ཕྲ་མོའི་རྩེ་མོ་ལྔ་པ་རྡོ་རྗེ་ཁུ་ཚུར་གྱིས་ཁྲོས ་པར་གྱུར་པས། བསྒྲུབ་པར་བྱ་བ་གཞིག་པའི་བསམ་པས་བྱ་སྟེ། འདིས་ནི་ཐམས་ཅད་གཞིག་པར་འགྱུར་རོ། །ངེས་པར་གནོན་པ་ནི་ལྷུང་བར་བྱ་བ་སྟེ། ཡུངས་ཀར་ལ་སོགས་པའི་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམ་ལ་དེ་དང་ཁྲོས་པར་གྱུར་པས ་བསྒྲུབ་པར་བྱ་བ་ལྟུང་བར་བྱ་བའི་བསམ་པས་ཕྱོགས་དེར་བརྡེག་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་ལོགས་ནས་གཡོན་པའི་མཛུབ་མོ་དྲང་པར་བྱས་ཏེ། འདི་ནི་རྡོ་རྗེ་ཀླུའི་ཁྲོ་བོའི་ཕྱག་རྒྱ་ཕྲ་མོ ་འཕགས་པར་བྱེད་པའོ། །འདིས་ནི་གདན་ཐམས་ཅད་དགུག་པར་བྱའོ། །སྙིང་འབྱིན་པ་དང་གདུག་པ་ཐམས་ཅད་ཚང་བཅད་པ་ནི་གོ་བར?་ཟད་དོ། །རལ་གྲི་ལ་སོགས་པའི་ཕྱེ་མའི་སྦྱིན་སྲེག་ནི་ལྕགས་ཕྱེའི་སྦྱིན་སྲེག་གོ། རང་གི་ས་བོན་ནི་སྒྲ་ཇི་བཞིན ་པར་ཡང་འདོད་མོད་ཀྱི། གཞན་དག་ནི་རྡོ་རྗེ་ཅན་བགྱིའོ། །མ་ཡིན་པར་འཆད་དོ། །རྡོ་རྗེ་ཧཱུཾ་མཛད་ཀྱིས་རྒོད་པའི་ཚུལ་དུ་བྱེད་པ་སྟེ། ཧ་ཧ་ཧ་ཧ་ཞེས་བཟླས་པས་གནོད་སྦྱིན་ཐམས་ཅད་སྐྲོད་པར་འགྱུར་རོ། །རྡོ་རྗེས་ལ་བརྡེབས་ཤིང་བཟླས་པས ་སོ་ཞེས་བྱ་བ་ནི་གོ་སླའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་མཛུབ་མོ་ལྕགས་སྒྲོག་ཏུ་བཅིངས་ལ་སྤྱི་བོར་བཏེགས་ནས་ལྟུང་བར་བྱ་བ་འདིས་ལྷ་ཐམས་ཅད་བསྡུ་བར་བྱའོ། །སྲིད་པ་གསུམ་པོ་འདུལ་བར་བྱེད་པ་ནི་རྡོ་རྗེ་ཧཱུཾ་མཛད་དེ། ཧྲི་ཞེས་བྱ་བས་གཡོན་བརྐྱང ་པའི་གནས་པས་གནས་ལ་རྐང་པ་གཡོན་པས་རྣམ་ཐོས་སྲས་ཀྱིས་གཟུགས་བརྙན་མནན་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས་བཟླས་ན་རྗེས་སུ་འབྲང་བར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་གཡས་དང་གཡོན་གྱི་ཁུ་ཚུར་གཉིས་མནན་ལ། གཡོན ་པའི་མཛུབ་མོའི་ཕྲ་སྐམ་གྱིས་གཟུང་ལ་དྲང་བར་བྱ་བ་ནི་རྡོ་རྗེ་སྐྱེས་བུ་སྟེ། འདིས་ལུས་ངན་པོ་མནན་དཔལ་དབྲོག་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་།འདོད་པའི་ལྷའི་མདུན་དུ་བཟླས་བརྗོད་བྱའོ། །ལྔ་པ་བསྡུས་པ་ནི། རྡོ་རྗེ་རབ་ཏུ་དགའ་པའི་ཕྱག ་རྒྱ་སྟེ། དེས་ཚངས་པ་ལྟུང་བར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་གཡོན་པའི་ཁྲོ་བོའི་ལྟེ་བ་དང། འཁོར་ལོའི་ཚུལ་དུ་བརྐྱང་ལ་གཡས་པའི་ཁྲོ་བོའི་མཛུབ་མོ་ཡང་དང་ཡང་དུ་བརྡབ་པ་འདི་ནི་རྡོ་རྗེ་འཁོར་ལོ་དྲལ་བའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་ལག་པ་གཡོན ་པའི་མདུད་རྩེ་གསུམ་པ་ལག་པ་གཡས་པའི་མཛུབ་མོས་བརྡབ?་པ་འདི་ནི་དབང་ཕྱུག་ཆེན་པོ་འདུལ་བའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོའོ། །རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེ་ཁྲོ་བོ་གདུག་པའི་དམ་ཚིག་འཇིག་པར་བྱེད ་པའོ། །རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་དང་མིག་བསྒུལ?་བས་དེའི་བསམ་པས་རྡོ་རྗེ་ལྟུང་བར་བྱ་བ་ནི། ཐམས་ཅད་ལྟུང་བའོ། །རྡོ་རྗེ་ཧཱུཾ་མཛད་དང་བསླད་བའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཁྲོ་བོ་བསླང་བའོ། །གང་ལས་བྱུང་བའི་རྡོ་རྗེའི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བཟུང ་ནས་སྤངས་ལ་གཞན་དུ་བཞག་པ་ནི་རྡོ་རྗེ་ཁྲོས་པའི་རྣལ་འབྱོར་མའི་ཕྱག་རྒྱའོ། །ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བླངས་ནས་ཕྲོགས་པ་ནི་ཐམས་ཅད་འཕྲོག་པའོ། །ཁྲོ་བོའི་ལྷ་བས་ལྟ་བ་ནི་གོ་བར་ཟད་དོ། །རྡོ་རྗེ་ཁུ་ཚུང་གཉིས་བཅིངས་ལ་ཁ་ཕྱེ་སྟེ་གདད ་འཇིགས་སུ་རུང་ཞིང་སྐྲ་གྱེན་དུ་བརྗེས་པ་མགོ་བོ་གནས་བསྟོད་དེ་བཏེག་ཅིང་བྷཡོ་ཞེས་བྱ་བ་ནི་སྨྲ་བ་འདི་ནི་རྡོ་རྗེ་ཁྲོ་བོའི་གནོད་སྦྱིན་མ་སྟེ་འདིས་བདུད་ཀྱི་དཔུང་ཐམས་ཅད་གསོད་པར་བྱེད་དོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེའུ་ཆུང་གཉིས་ཁའི་གྲཝ་གཉིས་སུ་བཞག་སྟེ། ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་མཆེ་བ་ལྟར་བྱ་བ་འདི་ནི་རྡོ་རྗེ་ཁྲོ་བོ་མ་རུངས་པའི་སྲིན་མོའི་ཕྱག་རྒྱའོ། །སྦྱིན་སྲེག་ནི་གོ་སླའོ། གཞིག་པ་དང་བསྲེག་པའང་གོ་སླ་བ་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་བཟློས་ཤིང་ནུབ་པའི་ཆུལ་གྱིས་ས་ཐམས་ཅད་ནུབ ་བར་བྱའོ། །རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་ཆེན་པོ་དང། རྡོ་རྗེ་གསོར་བའི་མཚན་ཉིད་ཅན་ནི་རྡོ་རྗེ་འཇིག་པའི་ཕྱག་རྒྱའོ། །འདི་ཉིད་དང་ཧི་ཞེས་བྱ་བས་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱ་སྟེ། ཧཱུཾ་ཧི་ཞེས་བྱ་བའོ། །རྡོ་རྗེ་ཧཱུཾ་མཛད ་ཀྱི་མཛུབ་མོ་གཉིས་ཀྱི་མོར་སྦྱོར་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཁྲོ་བོའི་ཕྱག་རྒྱའོ། །རྡོ་རྗེ་བསྣམས་པ་ནང་དུ་བཅིངས་ལ་སོར་མོ་ཐམས་ཅད་འབར་བའི་དབུས་སུ་མཐེ་བོང་བཞག་པའི་རྡོ་རྗེ་འདི་ནི་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་གི་ཁྲོ་བོ་པོ། །ཁམས་གསུམ ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་འགྲེལ་བའོ།། །།ང་ནི་གཏི་མུག་གི་གཉེན་པོར་གྱུད་པ་པདྨའི་རིགས་སྟོན་པར་བཞེད་པས། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །ངོ་བོ་ཉིད་ཀྱིས་དག ་པ་ཡིན་ཁ་ཆོས་ཉིད་ཀྱང་ཡིན་པས་ན་ངོ་བོ་ཉིད་དག་པའི་ཆོས་ཉིད་དེ་དེ་བཞིན་ཉིད་དོ། །དེ་ཐོབ་པ་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཐོབ་པར་གྱུར་ཏེ། །ཡང་ཞེས་བྱ་བའི་སྒྲ་ནི་སྔ་མ་ལས་ལྟོས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི ་གསུངས་ཏེ་ཞེས་བྱ་བར་སྒྱུར་རོ། །དེ་ལ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ་།དེ་རྣམས་ཀྱི་ཉམ་པ་ཉིད་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དེ། ཆོས་ཐམས ་ཅད་མཉམ་པ་ཉིད་ལ་སྤྱན་རས་གཟིགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། དེ་ལ་དབང་ཕྱུག་ཏུ་གྱུར་པས་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གོ། དེའི་ཡེ་ཤེས་ནི་དཀྱིལ་འཁོར་ལ་སོགས་པའི་དེས་པའོ། །དེ་ཉིད་ནི་ཕྱག ་རྒྱ་སྟེ། མིང་དེ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་གསུངས་པའོ། །འདོད་ཆགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་བས་འདོད་ཆགས་ཐམས་ཅད་དེ། སྔར་བཤད་པའི་སེམས་ཅན་སྨིན་པ་དང་གྲོལ་བ་དང་ཀུན་ཏུ་ཞེན་པ ་འམ་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པའི་ཐུགས་རྗེ་ཆེན་པོ་ནི་འདོད་ཆགས་སོ། །དེའི་རྣམ་པར་དག་པ་ནི་དགེ་བ་བཅུའི་ཁས་ཀྱི་ལམ་མ་འདྲེས་པ་དང། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །འདོད་ཆགས་ཐམས་ཅད་རྣམ་པར་དག ་བར་གྱུར་པའི་ངོ་བོ་ཉིད་ཡིན་པས་ན་འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་དེ། དེ་ནི་ཞེ་སྡང་རྣམ་པར་དག་པའི་ཕྱིར་འབྱུང་བར་འགྱུར་ཏེ། རྒྱུའི་ངོ་བོ་ཉིད་དུ་གནས་པར་འགྱུར་རོ། །གང་དག་གནས་པར་འགྱུར་ཞེ་ན། འཇིག་རྟེན་ན་ཞེས་བྱ་བ་སྟེ་འཇིག་པས ་ན་འཇིག་རྟེན་ཏེ། སེམས་ཅན་གྱི་ཁམས་ཉིད་དོ། །འདི་དག་ཀྱང་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །མ་རིག་པའི་རྣམ་པ་ཐམས་ཅད་ནི་དྲི་མ་སྟེ། དེའི་རྣམ་པར་དག་པ་ནི་དོན་དམ་པར་བདག་ལ་སོགས་པ་དམིགས་སུ་མེད་པའོ། །བདག་མི་དམིགས་པ ་དེ་ལས་ནི་སྡིག་པའི་སེམས་འབྱུང་མི་སྲིད་པས་དེའི་ཕྱིར་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་རྣམས་ཀྱི་རྣམ་པར་དག་པ་ནི་གཟུང་བ་དང་འཛིན་པ་རྣམ་པར་དག་པས་རྣམ་པར་རྟོག ་པ་མེད་?། དེ་བས་ན་དེའི་སེམས་ཅན་ཐམས་ཅད་རྣམ་པར་དག་པའི་རྒྱུད་འགྱུར་རོ། །ཡང་ན་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། ཆོས་ཐམས་ཅད་འོ། །ཤེས་པ་ཐམས་ཅད་ནི་ཤེས་པ་བཅུ་སྟེ། སྡུག་བསྔལ་ཤེས་པ་དང། ཀུན་འབྱུང་དང་འགོག་པ ་དང་ལམ་དང། ཀུན་རྫོབ་དང་གཞན་གྱི་སེམས་དང་ཆོས་དང་?་པ་དང་མི་སྐྱེ་བཤེས་པ་རྣམས་སམ། ཡང་ན་མིག་གི་རྣམ་པར་ཤེས་པི་ལ་སོགས་པ་འམ། མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་སོ།། ་ཡང་བྱ་བ་གྲུབ་པའི་ཡེ་ཤེས་ནི་དགེ་བའི་རྩ་བ་ཐམས་ཅད་སྤྲུལ་པའི་རྒྱུར་གྱུར་པ་ཡིན་པས་ན་ཤེས་པ་ཐམས་ཅད་དེ། དེའི་རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ། དགེ་བ་བཅུ་ཀུན་སློང་བ་དང། དོན་དམ་པར་གཉིས་སུ་མེད་པའོ། །དེ་རྣམ ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་ཏེ། གང་དེ་རྣམས་ཀྱི་རྣམ་པར་དག་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིན་ནོ་ཞེས་བྱ་བའི་དོན་ནོ། །སྤྱན་རས་གཟིགས་པ་ནི་ལྟ་བ་སྟེ་སེམས་ཅན་ཡོངས་སུ་བསྐྱབས་པ་ལ་གཟིགས ་པ་དང་།ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཆོས་ཉིད་ལ་གཟིགས་པ་སྟེ། དེ་ལ་དབང་ཕྱུག་ཏུ་གྱུར་པའོ། །དེ་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་ཆེན་པོའོ། །འདོད་ཆགས་ལ ་སོགས་པའི་དྲིམས་མི་གོས་པ་ནི་ཇི་སྐད་དུ་བཤད་པའི་རྣམ་པ་བཞི་པའོ། །འགྲོ་བ་ཐམས་ཅད་ནི་ཁམས་གསུམ་པ་ཐམས་ཅད་དོ། །དེར་སྣ་ཚོགས་པ་སྟེ། ཐ་དད་པའི་གཟུགས་ཐམས་ཅད་སྟོན་པའོ། །འགྲོ་བ་ཐམས་ཅད་ཀྱི་གཟུགས་སྣ ་ཚོགས་པ་དེ་ཉིད་ནི་འཁོར་པའི་ཉེས་པ་རྣམས་ཀྱིས་མི་གོས་པས་པདྨ་སྟེ། དེ་སྐད་ཅེས་བྱ་བའི་སྙིང་པོ་གསུངས་སོ་ཞེས་པའོ། །དེ་ཡང་སྙིང་པོ་ནི་གཟུགས་ཐམས་ཅད་སྟོན་པའི་ངེས་པའི་ཡེ་ཤེས་ཡིན་ལ་དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར ་གདགས་པས་སྙིང་པོ་ཞེས་བྱའོ། །ཆོས་ཐམས་ཅད་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ལ་སོགས་པའི་ངོ་བོ་ཉིད་དོ། །དེ་རྣམས་ལ་གཟིགས་པ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཡོངས་སུ་ཤེས་པའོ། །དེ་ཉིད་ནི་ཡེ་ཤེས་ཏེ་དེའི་དབང་ཕྱུག ་ཡིན་ལ་དེའི་ཕྱག་རྒྱན་དཀྱིལ་འཁོར་ལ་སོགས་པ་སྟེ། མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་སྟེ། དཀྱིལ་འཁོར་གྱི་བྱ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ལ་མངོན་དུ་ཕྱོགས་པར་མཛད་ཅེས་བྱ་བའི ་དོན་ཏོ། །དཀྱིལ་འཁོར་ནི་ལྷ་རྣམས་ཀྱིས་གནས་ཏེ་སྔར་བཤད་པའི་ཡི་གེ་ཧྲི་ཉིད་ཀྱིས་འདིར་བྱ་བ་ཐམས་ཅད་བྱའོ། །དཀྱིལ་འཁོར་དུ་འཇུག་པ་ན་ཡང་པདྨ་ཆེན་པོ་སྙིང་གར་བཅིངས་ཏེ་བཛྲ་བཛྲ་ཧྲི་ཞེས་ཟློས་ཤིང་འཇུག་པར་བྱའོ། །འདི་ཡང་རྡོ་རྗེ་ཐལ་མོ ་ཁོང་ལྷོད་དང་བཅས་པ་ལས་གུང་མོ་དང་མཐེ་བོང་ཁ་ཕྱེ་ལ་འདབ་མ་བཞི་པ་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་བརྐྱང་ནས་བསྙམས་ཏེ་བཀུག་ནས་སྨིག་རྒྱུ་ལྟ་བུར་བྱས་ནས་ཁྲོ་གཉེར་དུ་བཞག་ལ་འདིས་ཐམས་ཅད་བསད་པར་བྱའོ། གདོན ་པའི་ཚུལ་གྱིས་ལག་པ་གཡོན་པ་བསྐུམས་ལ་ལག་པ་གཡས་པ་རང་གི་མགོ་པོའི་སྟེང་དུ་བཞག་པ་ནི་པདྨ་ཆེན་པོའི་ཕྱག་གིའོ། །གཡོན་པ་དཀུར་བསྟན་པས་པདྨ་གཟུང་ལ། ལག་པ་གཡས་པས་སྙིང་གའི་ཕྱོགས་སུ་ཁ་བ་བྱེད་ཅིང་རྣམ་པར་བལྟ་ལ ་རྡོ་རྗེ་ལྟ་བས་ལྟ་བར་བྱེད་པ་འདི་ནི་པདྨ་ཆེན་པོ་རྣམ་པར་གཟིགས་པའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་བསྟན་བྱས་ལ། །སྙིང་གར་རབ་ཏུ་བརྐྱང་བ་ཡི། །སོར་མོ་ཐམས་ཅད་རབ་ཟླུམ་པའི། །པདྨའི་ཉི་མ་ཞེས་བྱང་བཤད། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས ་བ་ངན་གྱི་ཚུལ་དུ་བྱ་བ་ནི། པདྨ་ཆེན་པོ་རླུང་གི་ཕྱག་རྒྱའོ། །པདྨའི་རིགས་ཀྱི་འགྲེལ་པའོ།། །།ད་ནི་སོར་སྣའི་གཉེན་པོར་གྱུར་པ་རིན་པོ་ཆེ་ལི?་རིགས་སྟོན་པར་བཞེད་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ཅན ་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་དང་བྲལ་པས་ཁམས་གསུམ་གྱི་བདག་པོར་གྱུར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཞེས་བྱ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྟེ། ཆོས་ཀྱི་ཅོད ་པན་གྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིང་ཐོབ་པའི་ཕྱིར། ཡེ་ཤེས་གང་གིས་མཉམ་པར་གྱུར་པ་དེ་ནི་དབང་བསྐུར་བ་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཉིད་ན་སྙིང་པོ་སྟེ། བསྐྱེད་པའི་གནས་སུ་གྱུར་པ་གང་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ཚུལ་དེ་ནི་དབང་བསྐུར་བ་ལས་བྱུང་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་ཤེས་རབ་ཏུ་ཕྱིན་པའི་ཚུལ་ཏེ། དེ་བཤད་པའོ། །དབང་བསྐུར་བ་སྦྱིན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་སྤྱན་དྲངས་པར་གྱུར་པའི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་དབང་བའི་ཕྱག་རྒྱ་རྣམས་གྱིས?་དབང་བསྐུར་བ་བཏབ་པ་དང། སློབ་མ་རྣམས་ལ་དཀྱིལ་འཁོར་དུ་གང་སྦྱིན་པར་གྱུར་པའོ། །ནོར་ནི་དབྱིག་དང་གསེར་ལ་སོགས་པའོ། །ཆོས་སྦྱིན་པ་ནི་མདོ་སྡེ་ལ་སོགས་པ་རྣམས་ཟང་ཟིང་མེད་པའི ་སེམས་ཀྱིས་ཇི་ལྟ་བ་བཞིན་དུ་སྟོན་པའོ། །ཟང་ཟིང་གི་སྦྱིན་པ་ནི་ཟས་དང་སྐོམ་དང་མལ་ཆ་དང་སྟན་ལ་སོགས་པའི་རྣམ་པའོ། །དབང་བསྐུར་བ་ཐཾས་ཅད་ཀྱི་རིན་པོ་ཆེ་ནི་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་དེ་འབྲས་བུའོ། །དེ་རྣམས་ཀྱི་དམ་ཚིག་ནི་རྒྱུ་སྟེ། སྙིང་པོ་གང་ངེས་པར་གྱུར་པས ་རིན་པོ་ཆེའི་རིགས་བསྐྱེད་པ་དེ་ནི་སྙིང་པོ་ཡིན་ལ། དེ་སྟོན་པར་བྱེད་པའི་སྐྲའི་སྙིང་པོ་སྟེ། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་ཡང་སྙིང་པོ་ཞེས་བྱའོ། །དཀྱིལ་འཁོར་ནི་སྔར་བསྟན་པ་ཉིད་དང་འདྲའོ། །འདིར་བྱ་བ་ཐམས་ཅད་ལ་ཡི་གེ་ཏྲཾ་ཞེས་བ་བ་ཟླས་པར ་བྱའོ། །བཛྲ་བཛྲ་ཏྲཾ་ཞེས་ཟློས་ཤིང་དམ་ཚིག་གི་ཕྱག་རྒྱ་སྙིང་གར་བཅིངས་ལ་འཇུག་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ་རྡོ་རྗེ་ཐལ་མོ་ལས་མཐེ་པོ་དང་མཛུབ་མོའི་སོར་མོ་བཞི་ཁ་ཐུར་དུ་བརྐྱང་ལ། དེ་དབུས་སུ་དབང་བསྐུར་བའི་གནས་སུ་བཞག་པ་ནི་རྡོ་རྗེ་རིན ་ཆེན་གྱི་དབང་བསྐུར་བའོ། །ཕྲེང་བ་དང་རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིངས་པའི་ཚུལ་ལོ། །རྡོ་རྗེ་རིན་ཆེན་གྱི་དམ་ཚིག་ཕྱག་རྒྱ་ཉིད་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་གི་སོར་མོ་བརྐྱང་ལ་སྲིན་ལག་དང་མཐེའུ་ཆུང་གི་སོར་མོ་བརྐྱང་པ་སྲིན ་ལ་?། མཐེའུ་ཆུང་ཕན་ཚུན་སྦྱར་བ་ནི་རིན་པོ་ཆེའི་རྒྱལ་མཚན་མཆོག་གིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་རིན་པོ་ཆེའི་སྲོག་ཤིང་འཛིན་པའི་ཚུལ་དུ་བྱ་བ་ནི་རིན་པོ་ཆེའི་སྲོག་ཤིང་གི་ཕྱག་རྒྱའོ། །རིན་པོ་ཆེའི་རིགས་ཀྱི་འགྲེལ་པའོ།། །།སྐུ་དང་གསུང་དང ་ཐུགས་གཅིག་ཏུ་བྱས་པ་ནི་མཚན་ཉིད་ཀྱི་དེ་བཞིན་ཉིད་དུ་རོ་གཅིག་པ་ཡིན་ལ། དེ་དྲན་པས་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་པས ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། བདེན་?་དེ་ཉིད་མི་བསླུ་གང། །དེ་ནི་རྡོ་རྗེ་ཁུ་ཚུར་ཅེས། །ཡེ་ཤེས་ཕྱག་རྒྱ་ལྡན་སྦྱོར་ཉིད། །ཐོབ་པ་དོན་གསུམ་ཡིན་པར་བཤད་ཅེས་གསུངས་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྡུས ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ཐོབ་པ་ནི་མངོན་སུམ་དུ་མཛད་ཅེས་བྱ་བའི་དོན་ཏོ། །དེ་ཐོབ་པར་སྟོན་པར་བྱེད་པའི་དམ་ཚིག་གི་ཁུ་ཚུར་དེ་འཛིན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པའོ། །དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན ་གཤེགས་པ་ཞེས་བྱ་བ་སྟེ། དངོས་པོའི་དོན་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་སྔར་བཤད་པ་ཡིན་ནོ། །དེའི་བྱིན་གྱིས་བརླབས་པ་ནི་འཁོར་བའི? ་སྲིད་པའི་བར་དུ་བསྟན་པར་མཛད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ་།མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་?་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའོ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡོངས་སུ་འཛིན་པ་ནི་?་དང་? ་འདྲེས་པས་ཀུན་ནས་དེ་རྗེས་སུ་དྲན་པའོ། །གནས་སྐབས་དེ་ཉིད་དུ་གསུངས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལྕེ་ལ་རྡོ་རྗེ་དཀར་པོ་བསམ་ལ་སྔགས་ཐམས་ཅད་བརྗོད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ནི་ཆོས་ཐམས་ཅད་ཐོབ་པའོ། །རང་གི ་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསམ་པ་ནི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པའོ། །རང་གི་སྙིང་གའི་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམS་པ་ལས་ཀྱི་ཕྱག་རྒྱ་བཅིངས་པ་ནི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པའོ། །དེ་ལྟར་ན་ཕྱག་རྒྱ་བཞི་པོ་འདི་དག?་གིས་ནི་? ་གྲུབ་ཀྱི་ཐབས་བཤད་པ་ཡིན་ནོ། །དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི། དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་བཅིངས་ལ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཕྱིར་ཏེ། དམ་ཚིག་ནི་རྒྱུ ་ཡིན་པས་རྡོ་རྗེ་སླ?་བའི་ཕྱག་རྒྱ་ཐམས་ཅད་དེ། ཕྱ་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་སྟེ་།ཕྱག་རྒྱ་འདི་ཐམས་ཅད་ཀྱིS་ཀུན་ཏུ་རྒྱས་བཏབ་པའོ་ཞེས་བྱ་བར་སྦྱར་རོ་།ཕྱག་རྒྱ་ཆེན་པོ་དང་ཕྱག་རྒྱ་ཐམS་ཅད་ཀྱིས་རྡོ་རྗེ་སེམས ་དཔའ་ཉིད་དུ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་ད། །རྡོ་རྗེ་སེམས་དཔའ་དེའི་དངོས་གྲུབ་མཆོག་གི་རྒྱུར་རྒྱས་བཏབ་པའོ། །རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་ཐུགས་རྩེ་གཅིག་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ཏོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལྔའི་རྡོ་རྗེའི་ཏིང་ངེ་འཛིན་སུམ་ཁྲི་ལྔ་སྟོང་ཇི་སྙེད་གཅིག་བསྟན་པ་ཡང་འདིར་བསྡུས་པ་ཡིན་ནོ། །ཕྱག་རྒྱ་ཐམས་ཅད་ཉིད་ནི་རྡོ་རྗེ་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དེ ་སྐད་ཅེས་བྱ་སྟེ། མིང་དེ་ཉིད་ཅེས་བྱ་བའི་དཀྱིལ་འཁོར་གང་ཡིན་པ་དེ་གསུངས་པའོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དང་འདྲའོ། །བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་མདུན་དུ་ནི་རྡོ་རྗེ་སྙེམས་མ་སྟེ་།རྡོ་རྗེ་སེམས་དཔའ་གཉིས་པའི་གཟུགས་ཅན ་ནོ། །རྡོ་རྗེ་ལྕག་སྒྲོག་ནི་རྡོ་རྗེ་སྨྲ་བའི་གཟུགས་ཅན་ནོ། །ཏིང་ངེ་འཛིན་རྡོ་རྗེ་ཡང་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །རྡོ་རྗེ་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་བསྣམས་པའི་རྡོ་རྗེ་ལས་སོ། །དེ་བཞིན་དུ་ལྷོའི་མཚམས་ཏེ། མེ་ལ་སོགས་པའི་མཚམས ་རྣམས་སུ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་པདྨ་དང། སྣ་ཚོགས་རྡོ་རྗེ་འཛིན་པའི་རྡོ་རྗེའི་ཁུ་ཚུར་དང། དམ་ཚིག་གི་རིན་པོ་ཆེའི་ཁུ་ཚུར་དང། དམ་ཚིག་གི་པདྨའི་ཁུ་ཚུར་དང་དམ་ཚིག་གི་ལས་ཀྱི་ཁུ་ཚུར་རིམ་པ་ཇི་ལྟ་བ་བཞིན་དུ་བྱའོ། །དཀྱིལ་འཁོར་གྱི་ཕྱིའི ་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ། །སྒོ་རྣམས་སུ་ནི་རྡོ་རྗེ་སྙེམས་མ་ལ་སོགས་པ་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་སྨྲ་བ་དང། རྡོ་རྗེ་ཏིང་ངེ་འཛིན་དང། རྡོ་རྗེ་ལས་ཀྱི་མཚན་མ་འཛིན་པའི་ལྷ་མོ་དེའི་དབྱིབས་དང་མཐུན་པ་ཉིད་དུ་བྲི་བར་བྱའོ། །འདིར་བྱ་བ་ཐམས་ཅད ་ནི་ཡི་གེ་ཨ་ཞེས་བྱ་བ་བརྗོད་ཅིང་བྱའོ། །དེའི་འོག་ཏུ་སྤྱན་དྲང་བ་ལ་སོགས་པ་ཐམས་ཅད་བྱས་ལ་དམ་ཚིག་གི་ཁུ་ཚུར་བཅིངས་ཏེ། བཛྲ་བཛྲ་ཨ་ཞེས་བྱ་བ་བརྗོད་ཅིང་འཇུག་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་རང་གི་སྲིན་ལག་དང། མཐེའུ་ཆུང་གི་བར་དུ་མཐེ ་པོ་བཅུས་ལ་མཛུབ་མོ་བཀུག་ལ་བཅིང་པ་འདི་ནི་དམ་ཚིག་གི་ཁུ་ཚུར་གྱི་མཚན་ཉིད་རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་ཁ་སྦྱོར་ལ་སྙིང་གར་བཞག་ནས་བཙིར་བ་འདི་ནི་སྙིང་པའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཆེན་པོའི་ཁུ་ཚུར་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་དམ ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་བཅིངས་པ་བྱམ་ལ། མཐེ་བོང་གཉིས་གཤིབས་ལ་སྙིང་གར་བཞག་པ་འདི་ནི་རྡོ་རྗེ་འདོད་པའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མདའའཕེན་པའི་ཚུལ་དུ་བྱ་བ་ནི ་རྡོ་རྗེ་ཆགས་པའི་ཁུ་ཚུར་རོ། །རྡོ་རྗེ་བཞད་པའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཞད་པའི་ཁུ་ཚུར་ཏེ། དེས་ཐམས་ཅད་དབང་དུ་བྱའོ། །རྡོ་རྗེ་བཅིང་པ་ཉིད་ནི་རྡོ་རྗེ་བསྡམས་པ་སྟེ། ངེས་ཐམས་ཅད་བཅིང་བར་བྱའོ། །ཡང་རྣམ་པ་གཞན་གྱིས་ཀྱང་ཐམས་ཅད་བཅིང་བ ་བསྟན་པ་ནི། ཐམས་ཅད་བསྡམས་པ་ལ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་སྟེ་།དེ་ཡང་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་དང་མཐེ་བོ་ལྕགས་སྒྲོག་ཏུ་བྱ་བའོ། །རྡོ་རྗེ་དགུན་གྱི་ཕྱག་རྒྱ་ནི་རྡོ་རྗེ་ཞལ་ཞལ་གྱིས་ཁུ་ཚུར་ཏེ། དེས ་ཐམས་ཅད་ལྐུགས་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་དེས་བསྒྲུབ་པར་བྱ་བ་གཟུང་ནས་མདུན་དུ་བཙིར་བ་འདི་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་རོ། །གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་གཟུང་ལ་བསྒྲུབ་པར་བྱ་བ་བཙིར་པའི་བསམ་པས་བཙིར་བ་འདི་ནི་རྡོ་རྗེ ་ངེས་པར་བཙིར་པའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། དྲིལ་བ་འདི་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་ཏེ་རལ་གྲི་དང་ལྡན་པས་སོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་རང་གི་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་པོ་བཞག་པ་འདི་ནི ་རྡོ་རྗེ་འབེབས་པའི་ཁུ་ཚུར་རོ། །རྡོ་རྗེ་གར་གྱི་ཕྱག་རྒྱ་ནི་རྡོ་རྗེ་གར་གྱི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་བང་བདུད་པའི་ཚུལ་དུ་བྱེད་པ་ནི། རྡོ་རྗེ་བརྡུང་བའི་ཁུ་ཚུར་རོ། །སྙིང་གའི་ཟླ་བ་ལ། རྡོ་རྗེ་རྩེ་ལྔ་པ་འོད་ཟེར་གྱི་ཕྲེང་བ་ཀུན་ཏུ་འཁྲིགས་པ་དང་ལྡན ་པ་བསམ་ལ། རྡོ་རྗེ་འབར་བ་ངེས་ཕྱོགས་བཅུའི་བསྒྲུབ་པར་བྱ་བ་ཐམས་ཅད་རེངས་པར་བྱ་བ་འདི་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་ངོ། །གཞན་གྱི་དཔུང་ཐམས་ཅད་རྨོངས་ཤིང་ལྐུགས་པར་བྱ་བ་ནི་གཞན་གྱི་དབང་དུ་བྱའོ། །རྡོ་རྗེ་རྔ་པོ་ཆེའི་ཁུ་ཚུར་གྱིས ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལ་བསྟན་པར་བལྟས་པ་དང། ཕྱག་རྒྱ་བཅིངས་པ་དེ་ལས་རྡོ་རྗེ་ཁྲོ་བོ་འབར་བའི་ཕྲེང་བ་ཀུན་ཏུ་འཁྲིགས་པའི་འོད་དང་ལྡན་པའི་གཟུགས་ཅན་ཕྱུག་ལ། ངེས་གཞན་གྱི་དཔུང་རྨོངས་པར་བྱ ་ཞིང་བ་རྒྱལ་བར་བྱ་སྟེ་འདི་ནི་རྔ་བ་ཆེའི་ཁུ་ཚུར་རོ། །དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱི་ལག་མཐིལ་གཉིས་མཐེ་བོང་གཟུང་ལ་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱ་བ་སྟེ། འདི་ནི་རྡོ་རྗེ་ཐར་པའི་ཁུ་ཚུར་རོ། །རྡོ་རྗེ་ཧེ་རུ་ཀའི་ཁུ་ཚུར་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་ཏེ། ་དེས་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ལས་དེ་ཉིད་མཁྲིག་མ་བསྣོལ་ཏེ་བརྡབ་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་མདུན་དུ་ཁ་སྤྲད་པ་བཙེར་བ་ནི་རྡོ་རྗེ་ཁུ་ཚུང་ཕྱི་ཁུ་ཚུར་རོ།། ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཡན་ལག་དང་ཉིད་ལག་རྣམས་སུ་བྱུག་པ་ནི་རྡོ་རྗེར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁར་བཞག་པ་འདི་ནི་རྡོ་རྗེ་མ་མོའི་ཁུ་ཚུར་ཏེ། འདིས་ཐམས་ཅད་རྒྱས་བཏབ་པར་བྱའོ། །དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱིས་བསྒྲུབ་པར་བྱ་བ་ཕྱེ་མར་རླག ་པའི་བསམ་པས་ས་ལ་བཙིར་བ་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་རྣམ་པར་གཞིག་པའི་ཚུལ་དུ་བྲི་བ་འདི་ནི་རྡོ་རྗེ་གདུག་པའི་ཁུ་ཚུར་རོ། །རྡོ་རྗེ་བསྡམས་པ་བཅིངས་ལ། གཉིས་སུ་བྱས་ནས་ལག་པ་གཡས་པ་བསྡམས་ལ། དེ ་ཡང་གཉིས་བྱས་ཏེ། ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་མཐེ་བོང་གི་སྟེང་དུ་གཡོན་པའི་ཁུ་ཚུར་བཞག་པ་འདི་ནི་དབང་པོའི་རྡོ་རྗེའི་ཁུ་ཚུར་རོ། །ཆུའི་ནང་དུ་གནས་ཤིང་ཞེས་བྱ་བ་ལ་སོགས་པར་ཇི་ལྟར་འགྱུར་ཞེས་ན། རྡོ་རྗེ་གནོན་པའི་ཁུ་ཚུར་གྱིས་སོ།། ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེའི་ཕྱག་རྒྱའི་མཛུབ་མོས་གུང་མོ་མནན་ལ་མཐེ་བོང་དང་སྦྱར་ཏེ། མིང་གི་འབྲས་བུ་ལྟ་བུར་བྱས་ནས་སྲིན་ལག་དང། མཐེ་ཆུང་མཉམ་པོར་བརྐྱང་བ་བཅིངས་ནས། འགྲོ་བས་ཆུ་སྟེང་དུ་བཏེག་ཏེ། རང་གི་ཕྱག་རྒྱ་ལས་བྱུང་བའི ་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཚོགས་པར་བྱས་ལ་ཆུའི་ནང་དུ་གནས་ཏེ། འཆགས་པར་བྱ་སྟེ་། འདི་ནི་རྡོ་རྗེ་གནོན་པའི་ཁུ་ཚུར་རོ། །རྡོ་རྗེ་གཉིས་བཅིངས་ལ་གཡོན་པའི་མཛུབ་མོ་དང་མཐེ་བོའི་བུ་གར་གཡས་པའི་མཛུབ་མོ་བཅུག་པ་འདི་ནི་ལྷ་ཚོགས?་རྡོ ་རྗེའི་ཁུ་ཚུར་ཏེ། འདིས་གཟུགས་མང་པོར་བསྟན་པར་བྱའོ། །འདི་ཉིད་མོས་པའི་ཁྱད་པར་གྱིས་མི་སྣང་བར་འགྱུར་ཏེ། དེས་ན་འདི་ནི་མི་སྣང་བའི་ཁུ་ཚུར་རོ། །འཕགས་པ་ནམ་མཁའ་ཨི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱའི་རྡོ་རྗེ་ནམ་མཁའ་ཨི་ཁུ་ཚུར་ཏེ། དེས་རྒྱུ ་བ་དང་མི་རྒྱ་བའི་དངོས་པོ་རྣམས་འབྱུང་བར་འགྱུར་ཏེ་།དེ་ལྟར་མོས་པ་སྣང་བ་ཡིན་ནོ། །རྡོ་རྗེ་བསྡམས་པ་བཅིངས་པ་ནི་རྡོ་རྗེ་ཁུ་ཚུར་ཏེ། རྣལ་འབྱོར་པ་ཟླ་བའི་དཀྱིལ་འཁོར་ལ་བདུག་ནས་ནམ་མཁའ་ལ་འགྲོ་བར་བསམ་ན། ནམ་མཁའ་ལ་འགྲོ་བར་འགྱུར་རོ།། ་རྡོ་རྗེ་རལ་གྲིའི་ཁུ་ཚུར་ནི་འཕགས་པ་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཁུ་ཚུར་གཉིས་སྣ་ཚོགས་རྡོ་རྗེ་འཛིན་པ་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུར་རོ། །པདྨའི་དམ་ཚིག་གི་ཁུ་ཚུར་གྱིས་ཨ!རྡོ་རྗེའི་པདྨ་ཡོངས་སུ་འཛིན་པ་ནི་ཡེ་ཤེས་ཀྱི་ཁུ་ཚུར་རོ། །རིན་པོ་ཆེའི་རིགས་ཀྱི་ ་དམ་ཚིག་གིས་ཕྱག་རྒྱས་རྡོ་རྗེ་རིན་ཆེན་ཡོངས་སུ་འཛིན་པ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་འཛིན་པ་ནི་རྡོ་རྗེ་ཕྱག་རྒྱའི་ཁུ་ཚུར་རོ། །ཕྱག་རྒྱ་འདི་རྣམས་ནི་སྔར་བཤད་ཟིན་ཏོ།། ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ཐལ་མོའི་ཁུ་ཚུར་རོ། །རྡོ་རྗེ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་རོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་རྡོ་རྗེ་འཛིན་པས་ན། དེའི་ཕྱིར་རྡོ་རྗེ་འཛིན་པའི་ཁུ་ཚུར ་ཞེས་བྱའོ། །རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལྗགས་ཀྱི་མཆོག་གི་ཁུ་ཚུར་རོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སྙེམས་པའི་ཁུ་ཚུར་རོ། །བྱང་ཆུབ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར ་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།གསང་སྔགས་ནི་ཤེས་རབ་ཉིད་ཀྱིས་འགྲུབ་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་ཤེས་ཁྱབ ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་སྤྲོས་པ་ནི་སྔོན་པོ་ལ་སོགས་པར་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་ལ་སྤྲོས་པ་མི་མངའ་བ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ལ་སྤྲོས་པ ་མེད་པ་སྟེ་བཅོམ་ལྡན་འདས་སོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ། །འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ནི། ཨ་ར་པ་ཙ་ན་ལ་སོགས་པའི་འཁོར་ལོ་དང་འདྲ་བ་སྟེ། ཨ་ནི་འདོད་པའོ་ཞེས་བྱ་བ་ལ ་སོགས་པ་སྟོན་པར་བྱེད་པས་ཡོངས་སུ་འཁོར་བར་འཇུག་ཅིང་མངོན་སུམ་དུ་གྱུར་པའི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་འཁོར་ལྟར་ཡེ་ཤེས་བསྐོར་བ་ཞེས་བྱ་བ ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི་གསུངས་པའོ། །ཆོས་ཐམS་ཅད་ནི་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང། དེ་བཞིན་དུ་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་སྟེ ་དེ་རྣམས་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་སྟོང་པའོ། །ཅིའི་ཕྱིར་དེ་དག་སྟོང་པ་ཉིད་ཡིན་ཞེ་ན། ངོ་བོ་ཉིད་མེད་པའི་ཚུལ་གྱིས་སོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར། དེ་རྣམས་ལ་ཤེས་རབ་ཀྱི་སྟོབས་ཀྱིས་རྣམ་པར་བརྟགས་པར་གྱུར ་ན། ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་བས་ན་དེ་ནི་སྟོང་པ་ཉིད་ཡིན་ནོ། །མཚན་མ་ནི་རྒྱུ་སྟེ། བདག་ལ་སོགས་པ་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུའོ། །མཚན་མ་མེད་པས་ན་མཚན་མ་མེད་པ་སྟེ། རྒྱུ་མེད་པའི་སྟོང་པ་ཉིད་ཀྱིས་ན་མཚན་མ་མེད་པའོ། །ཆོས ་ཐམས་ཅད་ནི་ཆོས་ཐམས་ཅད་དམིགས་སུ་མེད་པ་སྟེ་།དེ་ཉིད་ནི་མཚན་མ་མེད་པའོ། །སྨོན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། གསོལ་བ་འདེབས་པ་མེད་པས་ན་སྨོན་པའོ། །རང་བཞིན་ནི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱིས། ཉོན་མོངས་པ་ཅན་དང་ཉོན་མོངས ་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་དང་བྲལ་བས་ན་རང་བཞིན་གྱིས་འོད་གསལ་པའོ། །དེ་ཇི་ལྟར་རྟོག་པར་འགྱུར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་ཏེ། གཟུང་པ་དང་འཛིན་པ་དམིགས་སུ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཡོངས་སུ་དག་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་རྒྱུར་གྱུར་པ་དེས་རྟོག་པར་འགྱུར་རོ། །ཚིག་འདི་དག་གིས་ནི་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་རྣམ་པར་བརྟག་པ་ཡིན་པར་རིམ ་གྱིས་སྟོན་ཏོ། །དེ་བཞིན་དུ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་སྒོ་བཞི་བཤད་པ་ཡིན་ནོ། །རལ་གྲི་དེས་ཞེས་བྱ་བ་ནི་འོག་ནས་བཤད་པའི་རལ་གྲི་བཞི་སྟེ། གྲངས་སམ་རིགས་ལས་ཚིག ་གཅིག་པར་བྱས་པ་ཡིན་ནོ། །འདེབས་ཤིང་ཤེས་བྱ་བ་ནི་མི་སྣང་བར་མཛད་པའོ། །དེ་ཡང་འདིས་ནི་ཆོས་ཀྱི་སྐུར་ཡང་དེ་བཞིན་གཤེགས་པ་རྣམས་རྗེས་སུ་མ་མཐོང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མཆོག་སྟ?། དམ་པར ་གྱུར་པ་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ་།དེ་སྟོན་པར་བྱེད་པ་སྒྲའི་ཚུལ་ཡང་དེས་པའི་དོན་སྟོན་པའི་ཕྱིར་རོ། །སྙིང་པོ་དང་འདྲ་བས་ན་སྙིང་པོ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྤྲོས་པ་མེད་པ ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྲ་བ་ལ་སོགས་པའི་ཚུལ་ཏེ། དེ་རྣམས་ལ་སྲ་བ་ལ་སོགས་པར་རྣམ་པར་རྟོག་པ་ནི་ལྟོས་པའོ། །སྤྲོས་པ་མེད་པས་ན་སྤྲོས་པ་མེད་པ་སྟེ་།ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། ་དོན་དམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་སྤྲོས་པ་མེད་པ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཅོད་པར་བྱེད་པའི་ངོ་བོ་ཉིད་ཡིན་པས་ན་རལ་གྲི་དང་ཆོས་མཐུན་པའི་རལ་གྲི་ཞེས་བྱ་ལ། དེའི་རྒྱུ་མཐུན ་པ་ལས་བྱུང་བའི་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་ཤིང་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའོ། །འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་ལ། འཁོར་ལོ་ལྟར་ཡི་གེ ་བསྐོར་བ་བཤད་ཟིན་ཏོ། །དེའི་དམ་ཚིག་གི་གནས་སྐབས་སོ། །ཕྱིའི་དཀྱིལ་འཁོར་ཇི་ལྟེ་བ་ཞེས་བྱ་བ་ནི། སྔར་ཐམས་ཅད་བཤད་ཟིན་པས་སླར་མ་བཤད་པའོ། །འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཨ་བརྗོད་པས་བྱ་སྟེ། ད་ནས་རལ་གྲི་དང་གླེགས་བམ་གྱི་ཕྱག ་རྒྱ་དང། བཛྲ་བཛྲ་ཨ་ཛ་ཞེས་ཟློས་ཤིང་པདྨའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བརྐྱང་ལ་རྩེ་མོ་ཅུང་ཟད་བཀུག་ནས་རལ་གྲིའི་ཚུལ་དུ་བཞག་པ་འདི་ནི་རལ་གྲིའི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙིང ་གར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ་ལྟར་བྱ་བ་འདི་ནི་གླེགས་བམ་གྱི་ཕྱག་རྒྱའོ། ། ལ་སོགས་པའི་ཡི་གེ་ངོ་བོ་ཉིད་བསྒོམ་པ་ནི་ཨ་ར་པ་ཙན་ལ་སོགས་པའོ། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས ་གཤིབས་ལ། མཛུབ་མོ་གཉིས་པདྨར་བྱ། གུང་མོ་གཉིས་གཤིབས་ཚིགས་གསུམ་པ་བཀུག་ལ་རལ་གྲི་ལྟ་བུར་བྱའོ། །འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དཀྱིལ་འཁོར་དུ་འཇུག་པ་མེད་པར་ནི། དངོས་གྲུབ་ཐོབ་པར ་མི་འགྱུར་ཏེ། དེ་བས་ན་དཀྱིལ་འཁོར་དུ་འཇུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་རོ། །དེའི་ནང་དུ་འདུས་པ་ནི་ཞུགས་པ་སྟེ། དེ ་ཡང་དེ་རྣམས་དེར་ཆུད་ཅིང་ཞུགས་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་འདུས་པ་ཞེས་བྱའོ། །འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འཁོར་ལོ་ཆེན་པོ་སྟེ། དེ་རྣམས་སུ་ཞུགས ་པ་ཡིན་པས་ན་འཁོར་ལོ་ཆེན་པོར་འཇུག་པའོ། །འཇུག་པ་དེ་ཡང་ཕྱི་དང་གསང་བའི་དབྱེ་བས་རྣམ་པ་གཉིས་ཏེ། ཕྱིའི་འཇུག་པ་ནི་ཇི་སྐད་དུ་བཤད་པའི་མངོན་པར་རྟོགས་པའི་ཕྱག་རྒྱ་རྣམས་ཀྱིས་སོ། །གསང་བའི་འཇུག་པ་ནི་དེར་ཞུགས་པའི་བཤད་པར་རྟོགས ་པར་གྱུར་ཅིག། སློབ་དཔོན་ལས་དེ་ཁོ་ན་ཉིད་བཅུ་གཉིས་ཐོས་པའོ། །འཇུག་པ་དེར་གང་གིས་འགྱུར་པའི་མིང་དེ་སྐད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་པ་འདི་གསུངས་པའོ། །རྡོ་རྗེ་མཉམ་པ་ཉིད་ཅེས་བྱ་བ་ལ་རྡོ་རྗེ་ནི་མཉམ། དེ་བཞིན་གཤེགས? ་བ་དང། དེ་བཞིན་གཤེགས་པའི་རིགས་རྣམས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད་སྟོང་པ་ཉིད་དོ། །ཀུན་རྫོབ་ཀྱང་དབྱེར་མི་ཕྱེད་པ་ཉིད་ཀྱིས་རྣམ་པར་བཤིག་པ་འམ་།གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་པའི་རྡོ་རྗེ་ཡིན ་ལ། དེའི་མཉམ་པ་ཉིད་ནི་དེ་ཁོ་ན་ཉིད་དེ་རྡོ་རྗེ་མཉཾ་པ་ཉིད་ངེས་རང་གི་ངོ་བོ་ཉིད་ཡོངས་སུ་ཤེས་པ་ནི་འཇུག་པའོ། །དེར་ཇི་ལྟར་འཇུག་པར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ལོ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་གསུངས ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་འཇུག་པའི་དོན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་དུ་གཉེར་བ་ཡིན་པས་ན་དོན་ཏེ། གཟུགས་ལ་སོགས་པ་བཟུང་བར་བྱ་བའི་ངོ་བོར་ཡོངས་སུ་ཆད་པ་འམ། རིན་པོ་ཆེའི་རིར་ནི་དོན། །དེའི་མཉམ་པ་ཉིད ་ནི་དེ་བཞིན་ཉིད་དོ། །ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དད་པདྨའི་རིགས་ལ་ཆོས་ཤེས་བཤད་དེ། དེའི་མཉམ་པ་ཉིད་ནི་སྔ་མ་བཞིན་ནོ། །འཇུག་པ་ལ་ཡང་སྔ་མ་དང་འདྲའོ། །ཐམས་ཅད་ནི་ཕྱག་རྒྱ་བཞི་དང་ལས་ཀྱི་རིགས་ལ་བྱ་བར་བཤད་ལ། དེ་རྣམས་ལ་ཞུགས? ་པ་ནི་སྔར་ཇི་སྐད་དུ་བཤད་པའོ། །དེའི་དོན་གྱི་དམ་ཚིག་ནི་རྒྱུ་སྟེ། མིང་དེ་ཉིད་ཅེས་བྱ་བ་གང་ཡིན་པ་གསུངས་པའོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་རྒྱུད་གྱུར་པའི་ཕྱག་རྒྱ་ནི་དཀྱིལ་འཁོར་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་སྟེ། རྡོ་རྗེ་འཁོར ་ལོའི་དཀྱིལ་འཁོར་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་ན་མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དཀྱིལ་འཁོར་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དེ། འཇིག ་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དོ། །དེ་རྣམས་སུ་འཇུག་པའི་ཕྱིར། དམ་ཚིག་ནི་མི་འདའ་བའ་ཨི་དོན་དུ་རྣམ་པར་བཞག་པའོ། །དེ་ཡང་གང་གི་ཕྱིར། དཀྱིལ་འཁོར་འདིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ཤིང་ནང་དུ་ཆུད་པར་བྱེད ་བ་ཡིན་ནོ་ཞེས་བྱ་པའི་དོན་ཏོ། །དཀྱིལ་འཁོར་འདིར་ནི་དང་པོ་ཉིད་དུ་གསུངས་པའི་ཧཱུཾ་ཉིད་ཟློས་ཤིང་དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་བྱའོ། །དེ་ནས་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ། །རྡོ་རྗེ་ཁུ་ཚུར ་གཉིས་བཅིངས་ལ་མཛུབ་མོ་གཉིས་དང་མཐེ་ཆུང་གཉིས་རྡོ་རྗེར་བཅིངས་པ་ནི་རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱའོ། །དཀྱིལ་འཁོར་བཞི་ཐིག་གདབས་པའི་ཞེས་བྱ་བ་ནི། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ལེགས་པར་ཐིག་གདབ་པའི་རྗེས་ཐོགས་ཉིད་ལ། ་?་མདུང་གིས་མཚོན་པ་དང། མ་མོ་དང་།མིང་པོ་གསུམ་དང། སྲིད་མོ་བཞིའི་དཀྱིལ་འཁོར་བཞི་པོ་ཐིག་གདབ། དེའི་འོག་ཏུ་འཇུག་པའི་ཆོ་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དུ་བཞུགས་ལ་།ཞི་བ་མདུང་གི་དཀྱིལ་འཁོར་ལ་སོགས་པར་དེ་ཉིད་ལས་བཤད ་པའི་ཆོ་གས་འཇུག་པར་བྱའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པར་བསྟན་པས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་།མགལ་མེ་ལྟར་བསྐོར་བ་ནི་རྡོ་རྗེ་འཁོར་ལོ་ཆེན་པོ་སྟེ། འདིས ་དཀྱིལ་འཁོར་ཆེན་པོར་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ནི་དང་པོའི་རྡོ་རྗེའོ། །དམ་ཚིག་ཆེན་པོའི་འཁོར་ལོ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་།གུང་མོ་གཉིས་བརྐྱང་ནས་མཛུབ་མོ་གཉིས་བརྐྱང་ལ་གུང་མོའི་རྡོ་རྗེ་དེ་ཉིད ་ཀྱིས་རྒྱབ་ཏུ་བཞག་པ་འདི་ཅི་དམ་ཚིག་ཆེན་པོའི་འཁོར་ལོ་སྟེ། འདིས་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་གོ། ཐམས་ཅད་ཀྱི་འཁོར་ལོ་ནི་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །གཞན་དག་ནི་རྡོ་རྗེ་འཛིན་མ་ཐམས་ཅད་ཀྱི་འཁོར་ལོ་ཡིན་པར་བཅད ་དོ། །རྡོ་རྗེ་སེམས་དཔའ་དང། འཇམ་དཔལ་གཞོན་ནུ་དང་།ནམ་མཁའ་ཨི་སྙིང་པོ་དང། ནམ་མཁའ་ཨི་མཛོད་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། རྡོ་རྗེ་ཁུ་ཚུར་དང། རྡོ་རྗེ་གནོད་སྦྱིན་གྱི་ཕྱག ་རྒྱ་རྣམས་ནི་གཡོན་ན་འཁོར་ལོ་དང་བཅས་པ་སྟེ། དབང་དུ་བྱ་བ་ལ་སོགས་པ་དངོས་གྲུབ་བྱེད་དོ། །དེ་ལ་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་གི་ཕྱག་རྒྱས་ནི་དབང་དུ་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་གི་དམ་ཚིག་གི་ཕྱག་རྒྱས་ནི་དབང་དུ་བྱའོ། །འཕགས ་པ་ནམ་མཁའ་ཨི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱས་ནི་དོན་ཐོབ་པའོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་ནི་རྒྱས་བཏབ་པའོ། །འཕགས་པ་འཇམ་དབྱངས་ཀྱི་དམ་ཚིག་གི་ཕྱག་རྒྱས་ནི་བཅད་པའོ། །རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག ་རྒྱས་ནི་དཀྱིལ་འཁོར་དུ་འཇུག་པའོ། །ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱས་ནི་མཆོད་པའོ། །རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ནི་གདུག་པ་འདུལ་པའོ། །རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།མཆོད་པས་གསང་སྔགས ་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས། ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་སྟོན་ཏོ། །མཆོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་མཆོད་པ་ཐམས་ཅད་སྟེ། དེའི་ཆོ་ག་རྒྱས་པ་ནི་རྣམ་པ་རྒྱ་ཆེའོ། །ལུས་དང ་དག་དང་ཡིད་ཀྱིས་ཕྱག་འཚལ་བ་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་ནི་མཆོད་པ་ཐམས་ཅད་དེ། བཤད་མ་ཐག་པ་དེ་ཉིད་མཆོག་སྟེ། དམ་པ་ཡིན་པས་ན་མཆོད་པ་ཐམས་ཅད་ཀྱི་མཆོག་གོ། མིང་དེ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་ཚུལ་གང་ཡིན་པ་དེ་ནི་མཆོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེ་བཤད་པ་ནི་བཀའ་སྩལ་པའོ། །ོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏཔ་ད་ཡཱ་མི་ཞེས་བྱ་བ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །གཉིས་པ་སེམས ་སྒོམ་པའི་མཚན་ཉིད་ཅན་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །གསུམ་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སེམས་ནི་བྱང་ཆུབ་སེམས་སོ། །དེ་ལྟར་ན་གསུམ་པོ་འདི་དག་བསྐྱེད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཏེ། དེའི་ངོ་བོ་ཉིད་ནི་བྱང་ཆུབ་ཀྱི་སེམས ་བསྐྱེད་པ་ཉིད་དོ། །དེ་ནི་སྒྲུབ་པའི་མཆོད་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོག་རྒྱས་པའོ། །ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་ངེས་པ་ཁོ་ནར་སེམས་ཅན་གྱི་དོན་བྱ་བ་ཡིན་ནོ་ཞེས ་བསྟན་པའི་ཕྱིར། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ནི་ཞེས་བྱ་བ་གསུངས་ཏེ། ཕྱོགས་བཅུ་མ་ལུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ངན་སོང་བསད་པ་དང་བཅིངས་པ་ལ་སོགས་པའི་སྡུག་བསྔལ་ཡོངས་སུ་བསལ་བ་ནི་ཡོངས་སུ ་སྐྱོབ་པའོ། །དམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་དང་ཉན་ཐོས་རྣམས་སོ། །དེ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་སོ། །དེ་ཡོངས་སུ་བཟུང་བ་ནི་ཐོས་པ་དང་བསམ་པ་དང་སྒོམ་པའི་རྗེས་སུ་སྦྱོར་བས་སོ། །ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཡི་གེ་འདྲི་བ་དང་ཞེས་བྱ་བ་ནི་གོ་སླའོ། །ལས་ཐམས་ཅད་ནི་མཆོད་པ་རྣམ་པ་བཞི་སྟེ། དེའི་དོན་ཡོད་པའི་དམ་ཚིག་ནི་ཟློག་པར་དཀའ་བའི་རྒྱུའོ། །མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱབ་པ་དེའི་བྱིན་གྱིས་རློབ་པ་ནི་ནམ་མཁའ་ཨི་མཛོད་ཀྱི་དཀྱིལ་འཁོར ་རོ། །དེ་ལ་དམིགས་ཤིང་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་མཆོད་པ་ཡིན་པས་ན་རྡོ་རྗེ་མཆོད་པས་ཏེ། དེ་ཉིད་ནི་མཆོག་གོ། དེའི་དོན་ཡོད་པའི་དམ་ཚིག་ནི་ངེས་པ ་ཉིད་དུ་གྲུབ་པའི་རྒྱུ་སྟེ། མིང་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུངས་པའོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཡིན། དེའི་དབུས་སུ་བཅོམ་ལྡན་འདས་མཚོན་ཆ་སྣ་ཚོགས་འཛིན་པ་ཞེས་བྱ་བ་ནི་གཡོན་རྡོ་རྗེ་ཁུ་ཚུར་དཀུར་བསྟེན་པས་སྣ་ཚོགས་རྡོ་རྗེས ་མཚན་པའི་རྡོ་རྗེ་དྲིལ་བུ་བསྣམས་པ་ཕྱག་གཡས་པས་རང་གི་ཐུགས་གར་བསྟོད་པའི་ཚུལ་གྱིས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །སྐུ་དང་ཡན་ལག་ཟླ་བའི་མདོག་ལ་སོགས་པའི་ཁ་དོག་ལྔ་པའི་མདོག་ཅན་ཞེས་བྱ་བ་ལ་ཞལ་ནི་དཀར་པོའི། །ཐུགས་ཀ་ནི ་དམར་པོའོ། །ཕྱག་ནི་སེར་པོའོ། །ཕྱག་གཉིས་ནི་ལྗང་གུའོ། །སྐུ་སྨད་ནི་ནག་པོའོ། །དེའི་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་དང་མཚམས་རྣམས་སུའོ། །མཆོད་པའི་དམ་ཚིག་ཅེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྫོགས་པར་བྱེད་པའི་ ་རྒྱུའོ། །དེ་རྣམས་ཀྱི་གནས་སྐབས་ནི་སྔར་བཤད་པ་ཉིད་དོ། །དེ་རྣམས་ལས་གང་ཞིག་གཞག་ཅེ་ན། ཕྱག་རྒྱ་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་བརྒྱད་པོ་གསུངས་སོ། །ཕྱག་ན་ཅི་ཞིག་བསྣམས་ཞེས། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་བླ ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་ན་འཛིན་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཕྱག་ན་བསྣམས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་ཞེས་བྱ་བའི་དོན་ནོ། །ཕྱག་ན་ཏིང་ངེ་འཛིན་ནི་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་སྟེ། འདིར་པད་མ་ནི་ཏིང་ངེ་འཛིན་སྟོན་པས་ཏིང་ངེ་འཛིན་ཅེས་བཤད་དོ། །ནམ་མཁའ་ཨི་སྙིང་པོ་ནི་ཕྱག་ན་དབང་བསྐུར་བ་སྟེ། རྡོ་རྗེ་རིན་ཆེན་བསྣམས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་ནི་ཕྱག་གི་ཕྱག་རྒྱས་ཡོངས་སུ་འཛིན ་པ་སྟེ། དམ་ཚིག་གི་ཁུ་ཚུར་ཀྱིས་རྡོ་རྗེ་འཚིར་ཞིང་བཞུགས་པའོ། །འཕགས་པ་འཇམ་དཔལ་ནི་ཕྱག་ན་སྟོང་ཉིད་སྨྲ་བ་སྟེ། ཕྱག་ནར་ལ་གྲི་བསྣམས་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་མ་ཐག་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ཕྱག་ན་དཀྱིལ་འཁོར་འདྲི་བ ་སྟེ། རྡོ་རྗེ་འཁོར་ལོ་བསྣམས་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་མཛད་ནི་ཕྱག་ན་མཆོད་པ་ཐམས་ཅད་དེ། སྣ་ཚོགས་རྡོ་རྗེ་བསྣམས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གནོད་སྦྱིན་ཕྱག་ན་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་སྟེ། རྡོ་རྗེ་མཆེ་བ་བསྣམས་ཞེས་བྱ་བའི ་དོན་ཏོ། །འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཨོཾ་བརྗོད་ལ་བྱའོ། །དེ་ནས་བཛྲ་བཛྲ་ཨཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །རྡོ་རྗེ་ཐམས་ཅད་བཅིངས་ལ་ཞེས་བྱ་བ་ལ། དེ་ལ་རྡོ་རྗེ་ཐམས་ཅད་ནི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་ལས ་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས་སྲིན་ལག་དང་མཐེ་ཆུང་བརྐྱང་ལ་རྒྱལ་མཚན་དང། བ་དན་གྱི་རྩེ་མོ་ལྟར་བྱའོ། །ལུས་དང་ངག་དང་ཡིད་ཀྱི་ཕྱག་རྒྱ་བྱ་བ་ནི་ཡིད་ཀྱི་མཆོད་པའོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་པ་དང། རྡོ་རྗེ་སྦྲང ་རྩི་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་པ་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་དང་ཏིང་ངེ་འཛིན་གྱི་མཆོད་པ་ནི་གོ་སླའོ། །རྡོ་རྗེ་རིན་ཆེན་གྱི་དམ་ཚིག་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་སོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཐམས་ཅད ་སྣ་ཚོགས་སོ། །སྟོང་པ་ཉིད་ཀྱི་མཆོད་པ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ལུང་བསྟན་པས་སོ་ཞེས་བྱ་བ་ནི་གོ་བར་ཟད་དོ། །རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་འཁོར་ལོ་སྣ་ཚོགས་སོ། །ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེའོ ་རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱ་ནི་བདུག་པ་ཐམས་ཅད་གདུག་པར་བྱའོ། །རྡོ་རྗེ་སྒྲང་རྩི་ལ་སོགས་པའི་ཕྱག་རྒྱས་ནི་མེ་ཏོག་དོར་བར་བྱ་བ་ལ་སོགས་པ་བྱའོ། །ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།བསྲུངས་པ་ཡོངས་སུ ་བསྐྱངས་པས་ཡོངས་སུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་སྟོན་པར་མཛད་པ་ཡིན་ཏེ། གདུག་པ་ཐམས་ཅད་ཀྱི་སྲོག་གཅོད་པ་ལ་སོགས་པ་ལ་བཟློག་པ་ནི་ཐམས་ཅད ་འདུལ་བ་སྟེ། ཐམས་ཅད་འདུལ་བར་ནུས་པ་ནི་སྤྱོད་པའོ། །དེ་སུ་ཞིག་ཡིན་ཞེ་ན། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཏེ། བྱང་ཆུབ་མཆོག་ཡོངས་སུ་འཛིན་པའོ། །སེམས་ཅན་ཐམས་ཅད་འདུལ་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ལ་སེམས་ཅན ་ཐམས་ཅད་ནི་སྡིག་པ་ཐམས་ཅད་བྱེད་པའོ། །དེ་ལྟ་བུའི་སེམས་ཅན་ཐམས་ཅད་འདུལ་བ་སྟེ། སྡིག་པ་ཐམས་ཅད་ཡོངས་སུ་སྤངས་ནས། དགེ་བ་ངེས་པར་སྦྱོར་བར་མཛད་པའོ། །དེའི་དོན་གྱི་ཡེ་ཤེས་ཡིན་པས་ན་སེམས་ཅན་ཐམས་ཅད་འདུལ་བའི ་ཡེ་ཤེས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོར་ཡང་དག་པར་སྟོན་པའི་ཡེ་ཤེས་སོ། །དེ་ཉིད་ནི་བསྐྱེད་པའི་གནས་ཡིན་པས་ན་སྙིང་པོ་སྟེ། མིང་དེ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་བཤད་པའོ། །སེམས་ཅན་ཐམས་ཅད་ནི་མཛའ་བོ་དང། ཐ་མལ་པ་དང། ་དགྲ་བོ་རྣམས་སོ། །དེ་རྣམས་ལ་མཉམ་པ་ཉིད་ནི་བུ་གཅིག་པ་ལྟ་བུར་སྡུག་པར་སེམས་དཔའ་དང། དོན་དམ་པར་སེམས་ཅན་ཐམས་ཅད་མི་དམིགས་པའི་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་མཚན ་ཉིད་ཅན་ངེས་གདུག་པ་ཐམས་ཅད་འདུལ་བའི་ཕྱིར། ཁྲོ་བོའི་གཟུགས་སུ་ཡང་དག་པར་སྟོན་པ་ནི་ཁྲོ་བ་མཉམ་པ་ཉིད་དོ། །ཁྲོ་བའི་གཟུགས་དེ་གང་གི་ཚེ་ལྡོག་པར་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སེམས་ཅན་ཐམས ་ཅད་དུལ་བ་དེའི་ཚེ་ཁྲོ་བ་ཉིད་ཀྱང་ངལ་ཞིང་ལྡོག་གོ། ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བ་ཆོས་ཉིད་དོ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་ཆོས་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོའི་གཟི་བརྗིད་འདི་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་སེམས་དང་སེམས་ལས་བྱུང་བ་རྣམས ་ནི་འབྱུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཡིན་པས་ན་སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་དོ། །སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་ཡིན་པ་དེས་ན་ཁྲོ་བ་རྡོ་རྗེ་ཉིད་དོ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་གཟུང་བ་དང་འཛིན་པ་དང་བྲལ་བ་གང་ཡིན་པ་དེ་ཉིད་ནི་ཁྲོ་བོའི་རྡོ་རྗེ ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྒྱུ་གང་གིས་ནི་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དོ་ཞེས་བྱ་བའི་བར་ཡིན་ཞེ་ན། གང་གི་ཕྱིར་འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ་ཞེས་བྱ་བ་གསུངས་ཏེ། དེ་ཉིད་ནི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེ་ཡང ་འདི་ལྟར་ཁྲོ་བོ་མཉམ་པ་ཉིད་ལ་སོགས་པོས་སེམས་ཅན་རྣམས་འདུལ་བར་བྱེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མཛད་པས་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་པོ་ཞེས་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཁོ་ནང ་ཟད་དོ། །འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཧ་ཟློས་ཤིང་བྱའོ། །དེ་ནས་བཛྲ་བཛྲ་ཧ་ཞེས་བརྗོད་ལ། མཆེ་བའི་ཕྱག་རྒྱ་བཅིངས་ནས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །རྡོ་རྗེ་ཐལ་མོ་བཅིངས་ལ། མཐེ་བོ་གཉིས་སོ་སོར་བསྒྲེང་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུར ་བཀུག་པའི་ཕྱག་རྒྱ་འདི་ནི་མཆེ་བ་སྟེ། འདི་ནི་མཆེ་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཐམས་ཅད་ཕྱེ་མར་ཀླག་པ་ནི་གོ་བར་ཟད་དོ། །རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།སྦྱོར་བ་གཅིག་གིས་དམ་ཚིག་ཐམས་ཅད་ཐོབ་པར་མི་འགྱུར་བ་དང། ་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྡུས་པའི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་ཀྱི ་ངོ་བོ་ཉིད་གཅིག་པ་ཉིད་ནི་ཐམས་ཅད་མཉམ་པ་ཉིད་དེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེ་རབ་ཏུ་གནས་པ་ནི་མཉམ་པ་ཉིད་ལ་རབ་ཏུ་གནས་པ་སྟེ། མི་བཟད་པ་ཐུགས་སུ་ཆུད་པའི་ཚུལ་གྱིས་བཞུགས་པའོ། །དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ ་ཞེས་བྱ་བ་སྟེ། དེ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པའོ། །ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ནི། རིགས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ཉིད་མཆོག་ཡིན་པས་ཆོས་ཐམས་ཅད་ཀྱི་མཆོག་སྟེ། མིང་དེ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་བཤད ་པའོ། །དེ་བཞིན་གཤེགས་པའི་རིངས་དེ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་གཉིས་སུ་མེད་པ་ཉིད་དེ། དེ་ལྟ་བུའི་ཐམས་ཅད་མཉམ་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་མི་ཕྱེད་པ་ཉིད་དོ། །དེ་ཉིད་ནི་དེ་བཞིན ་གཤེགས་པའི་རིགས་ཀྱི་གཉིས་སུ་མེད་པ་ཉིད་དེ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཉིས་སུ་མེད་པ་དང་ཐ་མི་དད་པ་ཡིན་ནོ། །ཐམས་ཅད་དོན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དོན་ནི་རིན་པོ་ཆེའི་རིགས་སོ། །ཐམས་ཅད་ཀྱང་ཡིན་ལ། དོན་ཡང་ཡིན་པས་ན་ཐམས་ཅད ་དོན་ཞེས་བྱ་བ་འམ། ཐམས་ཅད་ཀྱི་དོན་ཡིན་པས་ན་ཐམས་ཅད་དོན་ནོ། །ཐམས་ཅད་ཀྱི་དོན་གྱི་ངོ་བོ་ཡིན་པས་ན། ཐམས་ཅད་དོན་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉིད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། རིན་པོ་ཆེའི ་རིགས་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པའི་བག་ཆགས་དང་བཅས་པར་སྤངས་པའི་ཡེ་ཤེས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐམས་ཅད་ཆོས་ནི་སྟོབས་དང་མི་འཇིགས ་པ་ལ་སོགས་པ་དང། པདྨའི་རིགས་སོ། །ཐམས་ཅད་ཀྱི་ཆོས་ཡིན་པས་ན་ཐམས་ཅད་ཀྱི་ཆོས་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡིན་པའི་ཕྱིར་རོ། །ཡང་ན་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ཐམས་ཅད་ཆོས་ཏེ། དེའི་ངོ་བོ་ཉིད་ཡིན་པས་ན་ཐམས ་ཅད་ཆོས་ཉིད་དེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པའི་ཆོས་ཉིད་དོ། །ཐམས་ཅད་ལས་ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ་ལས་ཀྱང་ཡིན་པས་ན་ཐམས་ཅད་ལས་ཏེ། སེམས་ཅན་གྱི་དོན་མཛད་བའི་མཚན་ཉིད་དང་སངས་རྒྱས་ལ་མཆོད་པའི་ལས་ཀྱི ་རིགས་སོ། །ལས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་ཐམས་ཅད་ལས་ཉིད་དེ། ངེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ། །འདིས་ཀྱང་འདི་སྐད་སྟོན་པར་འགྱུར་ཏེ། ཐམས་ཅད་ལས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ལ། དེ་ཡང ་དོན་དམ་པར་གཉིས་སུ་མེད་པ་ཡིན་ནོ། །དེ་བས་ན་ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་མི་ཕྱེད་པ་ཡིན་ཏེ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྟེ། དེ་རྣམས་ཀྱི་དོན་ཡོད་པའི་དམ་ཚིག་ནི་འདའ་བར་མི་བྱེད་པ། དེ་ཉིད་ནི་དཀྱིལ་འཁོར་ཡིན་པས་ན་དོན་ཡོད་པའི་དམ་ཚིག་གི་འཁོར་རོ། །དེ་བྱིན་གྱིས་རློབ་པར་བྱ་བ་ནི་བསྟན་པར་བྱ་བའི ་བྱིན་གྱིས་རློབ་པ་སྟེ། ཏིང་ངེ་འཛིན་ཡང་མིང་དེ་ཉིད་ཅེས་བྱ་བ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ནི་དཀྱིལ་འཁོར་ཏེ། དེའི་སྙིང་པོ་ནི་བསྡུས་པའི་དཀྱིལ་འཁོར་ལྟ་བུ ་དེས་པའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་སྙིང་པོ་ཞེས་བྱའོ། །དམ་ཚིག་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་དམ་ཚིག་ཐམས་ཅད་ཏེ། རིགས་ལྔའི་ངོ་བོ་ཉིད་དོ། །དེ་ཉིད་ནི་རྡོ་རྗེ་ཡིན་པས་ན་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་སྟེ་དེ་རྣམས་བྱིན་གྱིས་རློབ་པའོ། ། ་དཀྱིལ་འཁོར་ནི་གཞལ་ཡས་ཁང་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དི་སྐད་ཅེས་བྱ་སྟེ། བསྡུས་པའི་དཀྱིལ་འཁོར་ལྟ་བུར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །འདི་དག་ཀྱང་སྔར་ཐམས་ཅད་བཤད་ཟིན་པས་ཡང་མ་བཤད་དོ། ། ་འདིར་དང་པོར་རྡོ་རྗེ་ཕྱག་རྒྱ་བཅིངས་ལ། ཐོག་མ་ཁོ་ནར་འཇུག་པར་བྱའོ། །དེ་ནས་རང་ཉིད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ལ་སོགས་པས་དཀྱིལ་འཁོར་ཐམས་ཅད་འཇུག་པར་བྱའོ། །བསྡུས་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ནི་འཇིག ་རྟེན་པའི་ལྷ་རྣམས་ལ་མོས་པ་རྣམས་ལ། དེ་ཉིད་ཀྱི་སྒོ་ནས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བཞི་སྟོན་པར་མཛད་པ་ཡིན་ནོ། །སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སེམས་ཅན་ཐམས་ཅད ་དེ། དེ་རྣམས་ཀྱིས་བྱིན་གྱིས་རློབ་པ་ཡིན་པས་སེམས་ཅན་ཐམས་ཅད་བྱིན་གྱིས་རླབ་པ་སྟེ། རྡོ་རྗེ་སེམས་དཔའ་ལ་ལྷག་པར་མོས་པ་བསྐྱེད་པའོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་ནི་ཁམས་གསུམ་པའི ་རྣམ་པའི་སེམས་དང་སེམས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་སྒྲིབ་པར་གྱུར་པ་ལ་སྙིང་པོ་ཞེས་བྱ་བའི་སྒྲར་བཤད་དེ། དེ་ཉིད་ནི་སེམས་ཅན་ཐམས་ཅད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་གཞན་གང་ཡིན་པ་དེ་ནི་དེ ་བཞིན་གཤེགས་པའི་སྙིང་པོ་སྟེ། ཁམས་གསུམ་པའི་རྣམ་པར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དེ་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་དག་ཅིང་གསལ་ལ་དྲི་མ་མེད་པར་སེམས་ཅན་ཐམས་ཅད ་ཀྱི་རྒྱུད་ལ་རྗེས་སུ་ཞུགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དོན་དམ་པར་སེམས་ཅན ་ཐམས་ཅད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ཏེ། ཁམས་གསུམ་པའི་རྣམ་པའི་སེམས་དང་སེམས་ལས་བྱུང་བ་ནི་ཤིན་ཏུ་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ཞེས་བྱ་བ་གསུངས་ཏེ། ལྷ་ཆེན་པོ་ལ་སོགས་པ་གཟུགས་སུ་སྟོན་པར་མཛད་ཀྱང། ཞེ་སྡང་ལ་སོགས་པས་གོས་པ་མི་མདའ་བས་ན་ཀུན་ནས་བཟང་བ་ཡིན་པའི་ཕྱིར་ཀུན་ཏུ་བཟང་པོའོ། །བྱང་ཆུབ་སེམས་དཔའ་ ་ཆེན་པོ་ཡང་ཡིན་ལ་ཀུན་ཏུ་བཟང་པོ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྟེ། བྱང་ཆུབ་སེམས་དཔའ་ཨི་ངོ་བོ་ཉིད་ཀྱི་སེམས་དཔའ་གཉིས་སུ་མེད་པའི་ཡེ་ཤེས་ཅན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ ་ཐམས་ཅད་ཀྱི་རང་བཞིན་ནི་ཐུགས་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་དུ་གྱུར་པས་ན་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་རྒྱུར་འགྱུར་བས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །སེམས་ཅན་ཐམས་ཅད་ནི་དོན་དམ་པར་བག་ཆགས ་དང་བཅས་པའི་ཉོན་མོངས་པ་མ་སྐྱེས་པའི་དབང་བསྐུར་བའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེའི་སྙིང་པོ་ཅན་ནོ། ཆོས་ཀྱི་སྙིང་པོ་ཅན་ཞེས་བྱ་བ་ནི། དེ་བཞིན་དུ་དག་རབ་ཏུ་འབྱུང་བའི་གནས་སུ་གྱུར་པ་མ་སྐྱེས་པ་ཡིན་པའི་ཕྱིར། སོ་སོར་ཡང་དག་པར་རིག་པ་ཐོབ་པའི ་ངོ་བོ་ཉིད་ཀྱིས་ན། དག་ཐམས་ཅད་རབ་ཏུ་འབྱུང་བས་སོ། །མྱ་ངན་ལས་འདས་པ་དང་འགལ་བའི་ལས་ཐམས་ཅད་ཤིན་ཏུ་མ་སྐྱེས་པས་ན། བྱ་བ་གྲུབ་པ་ཐམས་ཅད་ལ་རབ་ཏུ་འཇུག་པ་ཡིན་ནོ། །དེ་བས་ན་བྱ་བ་བྱེད་པ་ཐམས་ཅད་ལ་རབ་ཏུ ་སྦྱོར་བས་ཞེས་བྱ་བ་གསུངས་ཏེ། །བྱ་བ་བྱེད་པ་ཐམས་ཅད་ནི་སེམས་ཅན་གྱི་དོན་བྱ་བ་དང་སངས་རྒྱས་ལ་མཆོད་པའོ། །བྱ་བ་བྱེད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱ་བ་ཐམས་ཅད་བྱེད་པ་ཉིད་དོ། །དེའི་རབ་ཏུ་སྦྱོར་བ་ན་སོ་སོར་སྟོན་པ་སྟེ། སྤྲུལ་པ ་སྐུ་ལ་རབ་ཏུ་འཇུག་པའོ། །དཀྱིལ་འཁོར་ནི་ཀུན་ནས་ཟླུམ་པོ་ལ་རིམ་པ་གསུམ་པ་སྟེ། རིམ་པ་དབུས་མའི་ཉིས་འགྱུར་ནི་རིམ་པ་གཉིས་པའོ། །སུམ་འགྱུར་ནི་རིམ་པ་གསུམ་པ་སྟེ་ཐམས་ཅད་ཀྱང་སྒོ་བཞི་པར་བྱའོ། །མཚམས་བཞིར་མདུད་རྩེ ་གསུམ་གྱིས་མཚན་པར་བྲི་བར་བྱའོ། །དེ་ལ་དབུས་སུ་ནི་ལྷ་ཆེན་པོ་གདོད་བཞི་པ་དགོད་བར་བྱ་སྟེ། གདོང་དང་པོ་བཞི་པ་ལ་གཞན་ཐམས་ཅད་དྲག་ཅིང་འཇིགས་སུ་རུང་བ་དེའི་སྤྱི་བོར་ཁྲོ་བོ་ཕྱག་བཞི་པ་བྱའོ། །ལག་པ་བཞི་ཡོད་པ་བྱ་སྟེ། མདུད ་དང། ཁ་ཊཝཱཾ་ག་ནི་ལག་པ་གཡོན་ན་ཐོགས་པར་བྱའོ། །དེ་བཞིན་དུ་ལག་པ་གཡས་གཉིས་སུ་ནི་ཕྲེང་བ་དང། གཡུང་དྲུང་ཐོགས་པར་བྱེད་བའོ། །དེའི་ཤར་ཕྱོགས་སུ་ནག་པོ་ཆེན་པོ་མདུད་རྩེ་གསུམ་ཐོགས་པའོ། །ལྷོ་ཕྱོགས་སུ་ནི་དགའ་བྱེད ་དབང་ཕྱུག་རྫ་རྔ་བརྡུང་ཕར་བརྩོན་པའོ། ཞེས་པ་ནི་དྲིལ་ཆེན་ལག་ན་དྲིལ་བུ་ཐོགས་པའོ། །བྱང་དུ་ནི་གར་གྱི་དབང་ཕྱུག་ལག་ན་མདུད་རྩེ་གསུམ་པ་ཐོགས་པའོ། །ཤར་ལྷོའི་མཚམས་སུ་ནི་ཐོད་པ་བཟང་པོ་མདུད་རྩེ་གསུམ་དང་ཐོད་པ་ལག་ན་ཐོགས་པའོ། །ལྷོ ་ནུབ་མཚམས་སུ་གཏུམ་པོའི་དབང་ཕྱུག་དབྱུག་པ་ལ་དབང་བྱེད་པའི་ངོ་བོར་དབྱུག་པ་ལ་བྱེད་པའོ། །ནུབ་བྱང་མཚམས་ནི་ལག་ན་ཁ་ཊཝཱཾ་ག་དང་ཐོད་པ་ལག་ན་ཐོགས་པའོ། །བྱང་ཤར་མཚམས་ནི་བ་ལང་སྣའི་དབང་ཕྱུག་མདུད་རྩེ་གསུམ་པ་ལག་ན་ཐོགས་པའོ། ་རིམ་པ་གཉིས་པའི་ཤར་ཕྱོགས་སུ་དྲག་མོ་ལག་ན་མདུད་རྩེ་གསུམ་པ་ཐོགས་པའོ། །ལྷོ་ཕྱོགས་སུ་ཆིངས་མ་ལག་ན་ཕྲེང་བ་ཐོགས་པའོ། །ནུབ་ཕྱོགས་སུ་ཁྱབ་འཇུག་མ་ལག་ན་འཁོར་ལོ་ཐོགས་པའོ། །བྱང་དུ་གཞོན་ནུ་མོ་ལག ་ན་དྲིལ་བུ་ཐོགས་པའོ། །དེ་བཞིན་དུ་གཞན་དག་ཀྱང་སྔར་བཤད་པ་བཞིན་དུ་བལྟ་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ནི་དབྱུག་པའི་དབང་ཕྱུག་དབྱུག་པ་དང་ཐོད་པ་ཐོགས་པའོ། །ལྷོའི་སྒོར་ནི་མགོའི་དབང་ཕྱུག་མདུང་རྩེ་གསུམ་པ་དང། ཐོད་པ་ཐོགས་པའོ། ། ་ནུབ་ཕྱོགས་ཀྱི་སྒོར་ནི་དྲིལ་རྣ་དྲིལ་བུ་ཐོགས་པའོ། །བྱང་ཕྱོགས་ཀྱི་སྒོར་ནི་དྲག་པོ་ཆེན་པོ་མདུང་དང་ཐོད་པ་ལག་ན་ཐོགས་པ་བྲི་བར་བྱའོ། །འདིར་བྱ་བ་ཐམས་ཅད་ནི་ཏྭི་ཞེས་བྱ་བ་བཟློས་ཤིང་བྱའོ། །ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །མདུད་རྩེ་གསུམ ་པའི་ཕྱག་རྒྱ་བཅིངས་ལ། བཛྲ་བཛྲ་ཏྲི་ཞེས་བརྗོད་ལ་འཇུག་པར་བྱའོ། །ལག་པ་གཉིས་ཀྱིས་མཐེ་བོང་མཐེ་ཆུང་མནན་ལ། ལུ་གུ་རྒྱུད་སྦྲེལ་བ་ནི་མདུད་རྩེ་གསུམ་པའོ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།མ་མེའི ་དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དེ། འདིར་བྱ་བ་ཐམས་ཅད་ལ་ཡི་གེ་བྷཡོ། །ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་ཅེ་སྤྱད་ཕོ་ཉ་མོའི་སྤྱོད་པས་བཛྲ་བཛྲ་བྷཡོ་ཞེས་བརྗོད་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ། །མཁྲིག་མ་བསྣོལ་བས་ལག་པ་གཉིས་བརྐྱང ་ལ། ས་ལ་བཞག་སྟེ། ཅོག་པུས་མཆོངས་ལ། ཅེ་སྦྱང་གི་སྒྲ་སྒྲོགས་ཤིང་འཇུག་པར་བྱ་སྟེ། འདི་ནི་ཅེ་སྦྱང་ཕོ་ཉ་མོའི་ཕྱག་རྒྱའོ། །ལག་པ་གཡོན་པའི་ལག་དར་མདུན་དུ་བཀུག་པ་ནི་ཁ་ཊཝཱཾ་ག་འཛིན་པའི་ཕྱག་རྒྱའོ། །ལག་པ་གཡས་པ་གྱེན་དུ་བཏེག ་ལ། བ་དན་གསུམ་པར་བྱས་པ་ལས་མཐེ་བོང་དང་སྲིན་ལག་གིས་ཐོད་པ་བཟུང་བ་ནི་བཏུང་བ་འཕྲོག་པའི་ཕྱག་རྒྱ་སྟེ། ནག་པོ་ཆེན་པོའི་དམ་ཚིག་གོ་།གཞན་དག་ནི་གོ་སླའོ། །མ་མོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།མིང་པོ་གསུམ་གྱི་དཀྱིལ་འཁོར ་ཡད་སྔར་བཤད་པ་ཉིད་དོ། །འདིར་སྭ་ཞེས་བྱ་བ་ཟློས་ཤིང་ཐམས་ཅད་བྱའོ། །དེ་ནས་བཛྲ་བཛྲ་སྭཾ་ཞེས་བརྗོད་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ། །མདུད་རྩེ་གསུམ་པ་མཚན་ཉིད་ནི་དམ་ཚིག་གི་ཕྱག་རྒྱའོ། །མིང་པོ་གསུམ་གྱི ་དཀྱིལ་འཁོར་རོ། །སྲིང་མོ་བཞིའི་དཀྱིལ་འཁོར་ཡང་སྔར་བཤད་བ་ཉིད་དོ། འདིར་བྱ་བ་ཐམས་ཅད་ནི་ཧཾ་ཞེས་བྱ་བ་བརྗོད་ལ་བྱའོ། །དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་ལག་པ་གཡོན་ན་ཁ་ཊཝཱཾ་ག་ཐོགས་པ་དང་བཅས་པས་བཛྲ་བཛྲ་ཧཾ་ཞེས་བརྗོད་དེ་འཇུག་པར ་བྱའོ། །སྲིད་མོ་བཞིའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །མཛའ་ཡས་སུ་མེད་པས་མཐར་ཐུག་ཅིང་ཞེས་བྱ་བ་ལ། དེ་ལ་མཛའ་ཡས་པ་ནི་ཆོས་ཀྱི་དབྱིངས་དང། ནམ་མཁའ་ཨི་ཁམས་རྣམས་སོ། །དེ་ཉིད་མུ་མེད་པ་ཡིན་པས་ན་མཛའ་ཡས་མུ ་མེད་པའོ། །དེ་ལྟར་ན་མཛའ་ཡས་པ་ཡང་ཡིན་ལ་མུ་མེད་པ་ཡང་ཡིན་པས་ན་མཛའ་ཡས་མུ་མེད་པའོ། །དེ་ཉིད་ནི་མཐར་ཐུག་པ་སྟེ། །ཡོངས་སུ་རྫོགས་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པ་ཞེས་བྱ་བའི ་དོན་ཏོ། །དེ་གང་ཞིག་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་གསུངས་སོ། །དེའི་ཆོས་གང་ཡིན་ཞེ་ན། མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ནམ་མཁའ་ཨི་ཁམས་ཐམས་ཅད་ལྟར་རྟག་ཏུ་གནས་པའི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་དང་ལྡན་པས་ན་མུ་མེད་པའོ། །དེ་ཉིད་ནི་མཐར་ཐུག་པ་མེད་པའི་ཆོས་ཏེ། ཡོངས་སུ་རྫོགས་པའི་ཆོས་སོ། །དེ་ལྟར་ན་མུ་མེད་པ་ཡིན་ལ། མཐར་ཐུག་པ་ཡང་ཡིན་པའོ། །ཆོས་གང་ཡིན་པ་དེ་ནི་མུ་མེད་ཅིང་མཐར་ཐུག ་པའི་ཆོས་ཏེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་བྱ་བར་སྤྱར་རོ། །དེ་ཅིའི་ཕྱིར་ཞེ་ན། མཐར་ཐུག་བར་བྱིན་གྱིས་བརླབ་པའི་ཕྱིར་ཞེས་པ་སྟེ། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །མིང་ཅི་སྐད་བྱ་བ་ཞེ་ན། ཆོས ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཆོས་ཐམས་ཅད་ནི་རིགས་ལྔའི་ངོ་བོ་ཉིད་ཡིན་ལ། དེ་རྣམས་ཀྱི་མཉམ་པ་ཉིད་ཡིན་པས་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ། དེ་ཐམས་ཅད་ཀྱང་མཛའ་ཡས་ཤིང་མཐར ་ཐུག་པ་མེད་པར་མཉམ་པ་ཉིད་ཡིན་ལ། མཉམ་པ་ཉིད་དེས་མཐར་ཐུག་པར་བྱིན་གྱིས་བརླབས་པ་སྟེ། མདོར་བྱས་ནས་བསྡུས་ཏེ་བཤད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ། དེ་ནི་ཚད་ཀྱིས་གཞལ་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་བཅུར་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཚུལ་གྱིས་ཐམས་ཅད་ཏུ་ཁྱབ་པའི་ཕྱིར་དང། དེའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་ནི་མཛའ་ཡས ་པ་ཉིད་དེ། འདིས་ནི་དེ་བཞིན་གཤེགས་པའི་རིགས་མཛའ་ཡས་པ་ཉིད་དུ་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔར་བཤད་པ་དང་འདྲའོ། །རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་ནི་རིན་པོ་ཆེའི་རིགས་མུ་མེད་པ་ཉིད་དེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད ་ཀྱིས་ཐབས་ཅད་དུ་ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ། །པདྨའི་རིགས་ཚད་མེད་པ་ཉིད་དོ། །བྱ་བ་གྲུབ་པའི་ཡེ་ཤེས ་ཀྱི་ངོ་བོ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ཇི་སྲིད་པར་རབ་ཏུ་འཇུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་དོ། །ཡོངས་སུ་རྫོགས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་ཀྱི་ན། བྱ་བ་གྲུབ་པའི ་ཡེ་ཤེས་ཡོངས་སུ་རྫོགས་པ་མེད་པ་ཉིད་དེ། སྐད་ཅིག་མ་རེ་རེ་ཞིང་སྤྲུལ་བའི་སྦྲིན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་དོན་ཏོ། །ཐུག་པ་མེད་པ་ཞེས་བྱ་བ་ནི་ཚད་མེད་པ་རྣམས་སོ། །མཐར་ཕྱིན་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་གྱུར་པའོ། ་སྒྲིབ་པ་ཐམས་ཅད་ཟད་ནས་ཞེས་བྱ་བ་ནི་སྒྲིབ་པ་རྣམས་གཏུགས་པར་གྱུར་པས་སོ། །འདུས་ཏེ་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ། །བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བདེ་བ་ཆེན་པོ་སྟེ། དངོས་གྲུབ་ཀུན་གྱི་མི་འགྱུར་བའི་བདེ་བ་ཆེན ་པོ་ཞེས་བཤད་དོ། །ཞེས་འདི་ཉིད་ཀྱི་འོག་ནས་བཤད་པའི་ཕྱིར། ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ནི། དེ་བཞིན་གཤེགས་པའི་བདེ་བ་ཆེན་པོའོ། །དེ་ཉིད་རྡོ་རྗེ་ཡིན་པས་ན། བདེ་བ་ཆེན་པོ་རྡོ་རྗེ་སྟེ། དེའི་དོན་ཡོད ་བའི་དམ་ཚིག་ཏུ་གྱུར་པས་ན་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དང་ཕྱག་རྒྱའི་ཚུལ་ལོ། །དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་འགྲེལ་པ། ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བར་མ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། །།ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལ་ནི་དཀྱིལ་འཁོར་བཅོ་ལྔའོ། །དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལ་ནི་བཅུ་གཅིག་གོ་།དེ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྒྱུད་དང། རྩ་བའི་རྒྱུད་ལ་ནི་དཀྱིལ་འཁོར་བཅུའོ། །ཡང་འདི་རས་རིས་ལ་དཀྱིལ་འཁོར ་དྲུག་གོ་།དུམ་བུ་གསུམ་པ་ཆོས་ཀྱི་དུམ་བུ་ལ་ནི་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གོ། །དུམ་བུ་བཞི་པ་ལས་ཀྱི་དུམ་བུ་ལ་ནི་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གོ་།དཔལ་མཆོག་གི་རྒྱུད་པ་ནི་ལོངས་སྐུ་རྣམ་སྣང། སྤྲུལ་སྐུ་རྡོ་རྗེ་སེམས། རྒྱལ་སྲས་ཕྱག ་རྡོར། རྒྱལ་པོ་རབ་གསལ། རྒྱལ་པོ་སྒྲ་གཅན་འཛིན་བཟང་པོ། །སློབ་དཔོན་ཀུན་སྙིང། པྲཛྙཱ་ཐ་ལི་ཏི། །དྷརྨཱ་ཕ་ལ། ལོ་ཙ་བ་རིན་ཆེན་བཟང་པོ། པུ་རངས་ས་མ། གུང་པ་རྒྱ་ཡ་ཚུལ། གཉལ་ཉི་མ་གནུར་ཆེན་པོ། གནུར་སིང་ཧ། ་ཀླན་ཆོས་འབྱུང། རྩ་སྐྱ་པ་སྟོན་འབུམ་།བླ་མ་ཁྲི་སྟན་སེང་གེ་།གནུར་ཡེ་ཤེས་རྒྱལ་མཚན། སྲས་བླ་མ་ཆོས་རྒྱལ་ལོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ་