| Wylie | e-texts based on the ACIP/ALL Input |
དཀྱིལ་འཁོར་གྱི་ཐིག་གདབ་པའི་མདོར་བསྡུས་པའི་འབྲེལ་པ་སློབ་དཔོན་?་བཅས་མཛད་པ་བཞུགས་སོ།། །། རྒྱ་གར་སྐད་དུ། སམ་ཀྵིཔཏ་མཎྜ་ལ་སཱུ་ཏྲ་ནཱ་མ་ཀྲིདཏི། བོད་སྐད་དུ། དཀྱིལ་འཁོར་གྱི་ཐིག་གདབ་པའི་མདོར་བསྡུས་པའི ་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་བསྟན་ཆོས་རྩོམ་པ་ལ་འཇུག་པ་ཡིན་ཏེ། གང་གི་ཕྱིར་བསྟན་ཆོས་རྩོམ་པ་ཐམས་ཅད་ལ་ཡང ་དམ་པ་རྣམས་ནི་རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་པ་དག་དང་པོ་ཁོ་ནར་ངེས་པར་བྱེད་དོ། །དེ་བས་ན་དག་ཅིང་ཞེས་བྱ་བ་ལ་སོགས་པ་རྣམས་སྨོས་པ་ཡིན་ཏེ། །དེ་ལ་དག་པ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་དང་བྲལ་བའི ་ཕྱིར་རོ། །དེ་ཉིད་ནི་རང་བཞིན་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཡིན་པས་ན་རང་བཞིན་ནོ། དྲི་མ་མེད་པ་ནི་དག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའོ། །དེ་ཉིད་ནི་བདེ་བ་ཆེན་པོ་ཞེས་བྱ་སྟེ། བདེ ་བ་ཞེས་བྱ་བ་ནི་ཐམས་ཅད་སྟོང་པའི་མཚན་ཉིད་ཅན། །རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་དབྱིངས་མ་འགྱུར་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །ཆེན་པོ་ཞེས་བྱ་བའི་སྒྲ་ནི་མཆོད་པར་བྱ་བའི་ཚིག་སྟེ། །འཇིག་རྟེན་པ་དང་འཇིག་རྟེན་ལས ་འདས་པའི་མཆོད་པ་རྣམས་ཁྱིལ?་མཆོད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདིས་སྐུ་གསུམ་གྱི་སྒོ་ནས་བསྟོད་ནས་ཕྱག་བྱ་བ་སྟེ། རང་བཞིན་དྲི་མ་མེད་པ་ཅེས་བྱ་བ་ནི་ཆོས་ཀྱི་སྐུའོ། །བདེ་བ་ཆེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དག ་ཅིང་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་ལ། ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་ཞིང་བཏུང་ནས། རྒྱུད་རྣམས་ཀུན་གྱི་སྟེ། །དེ་ཁོ་ན་བསྡུས་པ་ལ་སོགས་པའི་ཕྱིའི་ཞེས་བྱ་བ་ཐུན་མོང་དུ་གྱུར་པའི ་དཀྱིལ་འཁོར་གྱི་ཐིག་གདབ་པ་ཞེས་བྱ་བ། དེ་བཞིན་གཤེགས་པའི་ཕོ་བྲང་གསལ་བར་བྱེད་པ་བཤད་པར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། །།ད་ནི་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ས་གཞི་ཆ་མཉམ་ཡིད་འོང ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སའི་ཆ་ནི་གནས་ཏེ་ཤིན་ཏུ་ཡང་མཉམ་ཞིང་ཕྱོགས་བཞིར་སྙོམས་པའོ། །དེ་ཉིད་ཀྱིས་ན་ཡིད་དུ་འོང་བ་སྟེ། ཉེ་འཁོར་ཤིང་དང་ཚུལ་སོགས་པ་དང་ལྡན་པས་ཉམས་དགའ་བའོ། །གཞན་ཡང་རྒྱད་ནི་དཀྱིལ ་འཁོར་ཉིས་འགྱུར་ལ་ཞེས་བྱ་སྟེ། དཀྱིལ་འཁོར་གྲུ་བཞི་ལ་སོགས་པར་བྱེད་ན་དཀྱིལ་འཁོར་གྱི་གནས་རྒྱད་ཁྲུ་བརྒྱད་ལ་སོགས་པར་བྱའོ། །གཞན་ཡང་དྲི་ཞིམ་ཆུ་ཡིས་ལེགས་བཏབ་ཅིང་ཞེས་བྱ་བ་ནི་ག་བུར་དང་ཙན་དན་ལ་སོགས་པ ་ཤིན་ཏུ་དྲི་ཞིམ་པའི་ཆུས་བྱུག་པའོ། །སྔགས་ཀྱིས་དག་བྱས་ཞེས་པ་ནི་དཀྱིལ་འཁོར་བསྒྲུབ་པའི་ཐབས་ཀྱི་ཆོ་གས་ས་ཡོངས་སུ་གཟུང་བ་ལ་སོགས་པའི་སྔགས་རྣམས་མངོན་དུ་བཟླས་པས་དག་ཅིང་བསངས་པར་བྱའོ། །རབ་མཛེས་པར་ཞེས ་བྱ་བ་ནི་ལེགས་པའི་ཁྱད་པར་དག་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གནས་སུ་ཅི་ཞིག་བྱ་ཞེ་ན། ཕྱོགས་འདུན་མཉམ་པར་ཤེས་བྱས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་དང། །ཤིན་རྗེ་དང། ཆུ་བདག་དང། ་ནོར་བདག་གི་ཕྱོགས་ཏེ། ཕྱོགས་བཞི་དང། མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་ཕྱོགས་ཏེ། མཚམས་རྣམ་པ་བཞིར་ཕྱོགས་དང་མཚམས་མཉམ་ཞིང་མཚུངས་པར་ཤེས་པར་བྱས་ལ། ཐིག་གདབ་པར་བྱའོ། །མཚན་ཉིད་ཇི་ལྟ ་བུ་དང་ལྡན་པའི་ཐིག་གིས་ཞེ་ན། ཐིག་སྐུད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཐིག་གདབ་ཅེ་ན། ཐིག་གིས་སོ། །དེའི་མཚན་ཉིད་ཇི་ལྟ་བུ་ཞེས། དཀྱིལ་འཁོར་ཉིས་འགྱུར་ལ་ཞེས་བྱ་པ་སྨོས་ཏེ། ཆུང་དཀྱིལ་འཁོར་ཉིས་འགྱུར ་གྱི་ཚད་དོ། །དེ་བཞིན་དུ་ཤིན་ཏུ་གསར་ཞིང་གཤེར་བ་ཡིས་ཞེས་བྱ་བ་སྟེ། དཀྱིལ་འཁོར་གཞན་དུ་ཡོངས་སུ་ལོབ?་མ་སྦྱད་པས་ན་ཤིན་ཏུ་གསང་པའོ། །ལས་ཐམས་ཅད་པའི་ཆུས་བརླན་པས་ན་གཤེར་པའོ། །མཁས་པ ་ནི་ཐིག་གདབ་པའི་ཆོ་ག་ཤེས་པ་སྟེ། དེས་ཇི་ལྟ་བ་བཞིན་དུ་མ་ནོར་བར་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །ངེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། གྲུ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་ལ་དེའི་ཉིས་འགྱུར་ཏེ། ཆུང་ཁྲུ་བརྒྱད ་པར་བྱ་པའོ། །དེ་བཞིན་དུ་ཁྲུ་བརྒྱད་པ་ལ་སོགས་པའི་དཀྱིལ་འཁོར་བྱེད་ན་ཁྲུ་བཅུ་དྲུག་པར་བྱ་ཞིང། སྦོམ?་སུ་སྒོའི་ཉི་ཤུ་ཆ་དང་མཉམ་པ་འདམ་ཞིང་མདུང་པ་མེད་པ་ལ་ལེགས་པར་བསྒྲིལ་བའི་སྲད་བུས་ཐིག་གདབ་པར་བྱའི་ཞེས་བྱ ་པའི་དོན་ཏོ། །ད་ནི་ཚངས་པའི་ཐིག་གཉིས་པ་ནས་བརྩམས་ཏེ་ཐིག་གདབ་པའི་ཆོ་ག་བསྟན་པའི་ཕྱིར། སློབ་དཔོན་ཤར་བལྟ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་གནས་དེར། སློབ་དཔོན་བླ་མ་ཤར་དུ་བལྟ་ཞེས་པ་ཤར ་ཕྱོགས་མངོན་པར་ཕྱོགས་ལ། སློབ་མ་སྟེ་སྒྲུབ་པའི་གྲོགས་ནི་ནུབ་ཏུ་བལྟས་ཏེ་ཞེས་བྱ་བ་ནུབ་ཕྱོགས་སུ་མངོན་པར་ཕྱོགས་པ་སྟེ། །གཉིས་གཡང་མཐུན་པའི་རྐང་སྟབས་ཀྱིས་གནས་པར་བྱས་ལ། སྲད་བུ་རབ་ཏུ་བརྐྱང་ལ་རྡོ་རྗེ་ཁུ་ཚུར་གྱིས ་བཟུང་ནས་སྲང་བུ་བརྐྱང་ཞིང་བསྲིངས་ལ། །དབང་ལྡན་དང་མེའི་མཚམས་གཉིས་ཀྱི་དབུས་ན་མཚན་མ་ཡོང་པར་སློབ་མའི་ཁུ་ཚུར་གྱིས་བཟུང་བ་དང། སློབ་དཔོན་གྱིས་བདེན་བྲལ་དང་རླུང་གི་ཕྱོགས་གཉིས་ཀྱི་དབུས་ན་མཚན་མ ་ཡོད་པར་བཟུང་ནས། རྡོ་རྗེ་ཁུ་ཚུར་སར་བཞག་པས་ཞེས་བྱ་བ་དཀྱིལ་འཁོར་གྱི་སར་བཞག་ནས། ཚངས་པའི་ཐིག་དང་པོ་དེ་རབ་ཏུ་གདབ་པར་བྱའོ། །ཚངས་པའི་ཐིག་གཉིས་པ་དེའི་དབང་དུ་བྱས་ནས། ཐིག་དེ་དཀྱིལ་འཁོར་བརྒྱ ་དག་གི་ཞེས་བྱ་བ་སྨོས་ཏེ། སྔར་བཏབ་པའི་ཚངས་པའི་ཐིག་དེ་དཀྱིལ་འཁོར་བརྒྱ་དག་གི་ཞེས་བྱ་བ་དཀྱིལ་འཁོར་ཇི་ཙམ་བྱ་བར་མངོན་པར་འདོད་པའི་ཚད་ཀྱིའོ། །ཡང་ན་ཆ་བཞིར་མཉམ་པར་བསྒོ་བྱས་པ་ཞེས་བྱ་བ་ནི། སྔ་མ་དེ་དུམ ་བུ་མཉམ་པོ་བཞིར་བགོ་པར་བྱའོ། །དེ་ལྟར་བགོས་ནས་ཆ་བཞི་གསལ་བར་བགོས་པ་དེ་དག་གི་མཛའ་གཉིས་དག་ནི་ཞེས་བྱ་བ་ཤར་དང་ནུབ་ཀྱི་ཆ་གཉིས་པོ་དག་ནི་དོར་ནས་སུ་ཞེས་བྱ་བ་མི་གཏོགས་པར་པོར་ནས་སུ། དབུས་མ་གཉིས་ཀྱི་ཚང ་དུ་བྱ་གང་ལྟེ་བ་དང་འབྱར་བའི་དབུས་མ་གཉིས་པོ་དེའི་ཚད་དུ་བྱས་ལ། ཚད་དེ་དང་མཉམ་པའི་ཤིང་འཇམ་ཞིང་དྲང་བ་བྱས་ལ། ཚངས་པའི་ཐིག་གཉིས་པའི་མཚམས་འོག་ནས་བཤད་པའི་རིམ་པས་བྱའོ། །དབུས་སུ་མཉམ་པ་ཞེས ་བྱ་བ་ལ་སོགས་པ་ལ་ཇི་སྙེད་པའི་ཤིང་ཡོན་པོ་མ་ཡིན་པ་ལས་ཆུར་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚར་ལ། ཞེང་དུ་ཆ་ཆུང་དང་མཉམ་པར་ལེགས་པར་གཞོགས་ཤིང་བྱས་ནས། སྔར་བཤད་ཕྱོགས་སུ་ས་རིས་བྱའོ། །དེ་ལྟར་བྱས་ནས་ལངས་ལ་དེ་བཞིན་དུ ་ནུབ་ནས་ཤར་ཕྱོགས་སུ་བལྟས་ཏེ། ཤིང་དེ་ལག་པ་གཡོན་པས་མི་འགྱུར་བར་བཟུང་ལ། ལག་པ་གཡས་པས་སྔ་མ་བཞིན་དུ་བཟུང་ནས། ལག་པ་གཡོན་པ་མི་འགུལ་བར་བྱས་ཏེ། རྣམ་ཐོས་སྲས་ཀྱི་ཕྱོགས་སུ་ལག་པ་གཡས་ཀྱིས ་བཟུང་བའི་ཤིང་གི་རྩེ་མོ་དྲུད་པས་ས་ལ་རི་མོ་བྱའོ། །དེ་བཞིན་དུ་མི་འགུལ་བར་བཟུང་སྟེ། ལྷོ་ཕྱོགས་དེ་གཤིན་རྗེའི་ཕྱོགས་སུ་ས་རིས་བྱའོ། །དེ་ལྟར་བྱས་ནས་ལངས་ལ་དེ་བཞིན་དུ་ཡང་ནུབ་ཏུ་བལྟས་ཏེ་སྔ་མ་བཞིན་དུ་ཤིང་དབུས་སུ ་བཞག་ལ་། ལག་པ་གཡོན་པས་དམ་དུ་བཟུང་སྟེ། ལག་པ་གཡས་བཟུང་བའི་ཤིང་གི་རྩེ་མོས་དང་པོར་ལྷོ་ཕྱོགས་དང་བྱང་ཕྱོགས་ནས་སྔ་མ་བཞིན་དུ་ས་རིས་བྱ་ཞིང། དབུས་སུ་གཉིས་ཕྲང་པར་དྲུད་ལ་ས་རིས་གཉིས་བྱའོ། །དེ་ལྟར ་བྱས་པས་ཅིར་འགྱུར་ཞེ་ན། དེས་ནི་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་བྱ་རོག་རྗེས་གཉིས་སུ་འགྱུར་རོ། །བྱ་རོག་རྗེས་གཉིས་མཚམས་སུ་ནི། ཞེས་བྱ་བ་ནི་བྱང་ཕྱོགས་དང་ལྷོ་ཕྱོགས་སུ་བྱ་རོག་རྗེས་གཉིས་བྱས་པའི ་མཚམས་ཏེ་ས་རིས་གཉིས་དྲུད་པའི་མཚམས་སུ་ཚངས་ཐིག་གཉིས་པ་གདབ་བྱ་ཞིང། ཞེས་བྱ་བ་བྱང་ནས་ལྷོར་བརྐྱང་པའི་ཚངས་པའི་ཐིག་གཉིས་པ་ཡང་སྔ་མ་བཞིན་དུ་གདབ་པར་བྱའོ། །དེ་ལྟར་ཚངས་པའི་ཐིག་གཉིས ་པ་གཏབ་ནས་ཟུང་བཞི་?་ཆ་མཉམ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ཚངས་ཕྱེད་ཀྱི་ཞེས་བྱ་བ་སྨོས་ཏེ། ཚངས་ཐིག་ཕྱེད་ཀྱི་ཚད་ཀྱིས་ནི་ཞེས་བྱ་བ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཤིང་བུས་ཚངས་པའི་ཐིག་གི་མཚམས་སུ་གཞལ་ཞིང་བཞག་ནས། ་བྱ་རོག་རྗེས་བཞི་བྱས་ནས་ཟུང་བཞི་ཞེས་བྱ་བ་དབང་པོའི་ཕྱོགས་ལ་སོགས་པའི་ཕྱོགས་བཞིའི་ཆའི་ཚང་གཞལ་བར་བྱ་ཞིང་བསྙམ་པར་བྱའོ། །དེའི་འོག་བུར?་བཞི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བྱས་ནས་དེའི་འོག་ཏུ་ཡང་ཟུར་བཞི་སྟེ། ་ཕྱོགས་བཞི་ཆར་གྱི་ཐིག་གདབ་བོ་ཞེས་བྱ་བ་བྱ་རོག་རྗེས་བཞིའི་མཚམས་སུ་ཐིག་གདབ་པར་བྱའོ། །དེའི་རིམ་པ་གང་གིས་ཞེ་ན། བྱང་དང་ལྷོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་སློབ་དཔོན་མེའི་ཕྱོགས་སུ་གནས་ལ། བྱང་ཕྱོགས་སུ་བལྟས ་ཏེ་དབང་པོ་སྟེ་ཤར་ཕྱོགས་སུ་ཐིག་གདབ་པར་བྱའོ། །དེ་ནས་རླུང་གི་ཕྱོགས་སུ་གནས་ལ་ལྷོ་ཕྱོགས་སུ་བལྟས་ཏེ། ཆུ་བདག་དང་ཞེས་པ་ཏེ་ནུབ་ཏུ་ཐིག་གདབ་པར་བྱའོ། །དེ་ཉིད་དུ་གནས་ལ་ཤར་ཕྱོགས་སུ་བལྟས་ཏེ་ནོར་བདག་ཅེས་བྱ་བ་བྱང་ཕྱོགས་སུ་ཐིག ་གདབ་པར་བྱའོ། །དེ་ནས་ཡང་མེའི་ཕྱོགས་སུ་གནས་ལ་ནུབ་ཏུ་བལྟས་ཏེ་གཤིན་རྗེའི་ཕྱོགས་སུ་ནི་ཞེས་བྱ་བ་ལྷོ་ཕྱོགས་སུ་ཐིག་གདབ་པར་བྱའོ། །དེ་ལྟར་ངོས་བཞིའི་ཐིག་བཞི་བཏབ་ནས། ཡང་ངོས་རེ་རེ་ཞིང་གཞལ་བར་བྱས་ལ། གཞལ་ནས ་གལ་ཏེ་ཤིན་ཏུ་མཉམ་པར་གྱུར་ཅིང་ཆ་སྙོམས་པར་གྱུར་ན། དེའི་འོག་ཏུ་མཚམས་ཀྱི་ཐིག་གཉིས་གདབ་པར་བྱའོ། །དེ་ཡང་ཇི་ལྟར་གདབ་ཅེ་ན། ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་སློབ་དཔོན་བྱིན་པ་སྟེ་མེའི་ཕྱོགས་སུ་གནས་ལ་མཚམས ་ཀྱི་ཐིག་གདབ་པར་བྱས་ལ། དེའི་འོག་ཏུ་སྲིན་པོ་སྟེ་བདེན་བྲལ་གྱི་ཕྱོགས་སུ་གནས་ལ། མཚམས་ཀྱི་ཐིག་གཉིས་པ་གདབ་པར་བྱའོ། །ཐམས་ཅད་དུ་ཡང་སྲད་བུ་འཛིན་པ་ནི་སློབ་དཔོན་དང་སྲད་བུ་འཛིན་པ་གཉིས་ཀ་ཡང་གཡས་ནས་བསྐོར ་པར་བྱའོ། །དེ་ལྟར་བྱས་པས་ནི་ཟུར་བཞི་པ་དང་ཐིག་བཞི་བའི་དཀྱིལ་འཁོར་དུ་འགྱུར་ཏེ། འདིས་ནི་ཚད་ཅི་ཙམ་དུ་འདོད་པའི་དཀྱིལ་འཁོར་གྱི་གནས་གྲུབ་པར་བཤད་པ་ཡིན་ནོ།། །།ད་ནི་ངོས་ཀྱི་ཆ་ཆེན་པོ་རྣམ་པར་དབྱེ་བ་བསྟན་པའི་ཕྱིར ་དེ་འོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བྱས་པ་དེའི་འོག་ཏུ་སྟེ། རྗེས་ཐོག་ལའོ་སྔགས་པ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་བློ་ལྡན་པས་ཞེས་བྱ་བ་ཤེས་རབ་ཕུན་སུམ་ཚོགས་པས། ངོས་བཞིའི་ཆ་ནི་དབྱེ་བྱ་སྟེ་ཞེས་བྱ་བ་ངོས་བཞི་པའི་ཆ ་སོ་སོར་དབྱེ་བར་བྱའོ། །རེ་རེ་ཡང་ཞེས་བྱ་བ་ལ་སོགས་པ་ལ་རེ་རེ་འམ་སོ་སོར་ངོས་ཀྱི་ཐིག་གདབ་པ་ལ། ཆ་ཆེན་བཅུ་དྲུག་ཏུ་ཞེས་བྱ་བ་སྟེ། ཡང?་ཆ་ཆེན་པོ་བཅུ་དྲུག་བཅུ་དྲུག་ཏུ་རྣམ་པར་ཕྱེ་ལ་མཚན་མ་གདབ་པར་བྱའོ། །དེ་ནས་རབ་མཉམ ་ཞེས་བྱ་བ་ནི་ཤིན་ཏུ་ལེགས་པར་བཅལ་ཏེ་མཉམ་པར་བྱས་པའི་ཕྱིར་རོ། །ཡིད་འོད་ལ་ནི་མཛེས་ཤིང་གསལ་བའོ། །སོ་སོའི་ཆ་ནི་དབྱེ་བར་བྱ་ཞེས་བྱ་བ་ནི། ཆ་ཆེན་པོ་རེ་རེ་ཞིང་ཆ་ཆུང་དུ་བཞི་བཞིར་དབྱེ་བར་བྱའོ། །དེ་ཇི་ལྟར་དབྱེ་ཞེ་ན། དང ་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚངས་པའི་ཐིག་དབུས་མའི་རྒྱབ་ཀྱི་ཆ་ཆེན་པོ་ནས་བགྲངས་ཏེ་ཕྱོགས་ཀུན་ཏུ་བྱ་བའོ། །དེ་ཡང་དང་པོ་སྟེ་གཅིག་ནས་བརྩམས་ཏེ། གཉིས་པ་དང། གསུམ་པ་དང། བཞི་པ་བཀོལ་ལ། དེ་བཞིན ་དུ་ལྔ་པ་དང། དྲུག་པ་དང། བདུན་པ་དང། བརྒྱད་པ་སྟེ། ངོས་ཀྱི་ཟུར་ན་གནས་པའི་ཆ་ཆེན་པོའི་བར་དུ་བཞི་བཞི་སྟེ། ཆ་ཆུང་དུ་བཞི་བཞིར་ལེགས་པར་བསྒོ་བར་བྱ་ཞིང་དབྱེ་བར་བྱའོ། །དེ་ལྟར་ཚངས་པའི་ཐིག་གི་ངོས ་གཅིག་བགོས་ནས། ཚངས་པའི་ཐིག་གི་ངོས་གཉིས་པ་ཡང་དེ་དང་ཚུལ་མཐུན་པའི་ཕྱིར། བརྒྱད་པ་གཞན་ཡང་དེ་བཞིན་བགོ་ཞེས་བྱ་བ་སྨོས་ཏེ། ཚངས་པའི་ཐིག་གི་ངོས་གཉིས་པའི་བརྒྱད་པོ་ཡང་གོང་མ་དང་ཚུལ་མཐུན་པར་དཔའ་།།? ་ཞེས་བྱ་བའི་དོན་ཏེ། །དེ་ལྟར་ཕྱོགས་བཞིར་མཉམ་ཞིང་མཚུངས་པར་རྣམ་པར་བགོ་བར་བྱས་ནས་དེའི་འོག་སྟེ། ཕྱིས་ལེགས་པར་ཐིག་གདབ་པར་བྱའོ། །དེ་ལྟར་ཐིག་བཏབ་པས་རེའུ་མིག་ཏུ་འགྱུར་ཞེ་ན། དེ་བསྟན་པའི་ཕྱིར་འདི་ལ་ཕྲེང ་རེ་འམ་རེ་མིག་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའོ། །འཕྲེང་རེ་འམ་རེའུ་མིག་ནི། ལྔ་བཅུ་རྩ་བརྒྱད་དག་ཏུ་འགྱུར་ཞེས་བྱ་བ་ཐིག་གདབ་པ་འབྲེང?་རེ་ཞིང་ལྔ་བཅུ་རྩ་བརྒྱད་དུ་འགྱུར་ཏེ། སྤྱིར ་ནི་རེ་མིག་ལྔ་སྟོང་བཞི་བརྒྱ་ཡོད་པར་ཞེས་པར་བྱའོ།། །།ཚོན་སྣ་ལྡའི་རི་མོའི་གནས་ཀྱི་ཐིག་གདབ་པ་བསྟན་པའི་ཕྱིར། ཚངས་པའི་ཐི་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཚངས་པའི་ཐིག་ནས་བརྩམས་ཏེ། ངོས ་གཉིས་ལ་སྟེ། ཕན་ཚུན་གྱི་ལོགས་ཀྱི་ཆ་ཆུང་དུ་བསྒྲངས་པའི་གསུམ་པ་དང། དེ་བཞིན་དུ་ལྡམ་དང། དེ་བཞིན་དུ་བཅུ་བཞི་པ་དང། དེ་བཞིན་དུ་བཅུ་བདུན་པ་དང། དེ་བཞིན་ཉི་ཤུ་པ་དང། ཆ་ལྔ་ལྔར་ཕྱོགས་བཞིས་རི་མོ་ལྔའི་དོན་དུ ་ཆ་ལྔར?་ཕྱེ་སྟེ་ཐིག་གདབ་པར་བྱའོ། །ཐིག་བཏབ་པ་དེས་ཅིང་འགྱུར་ཞེ་ན། །སྒོ་ཁྱུད་ཅེས་བྱ་བ་ལ་སོགས་ཏེ་གསུམ་པ་ནི་སྒོ་ཁྱུང་དུ་འགྱུར། དེ་བཞིན་ལྔ་པས་ལོགས་སུ་འགྱུར་རོ། །བཅུ་བཞི་པ་ནི་ངོས་སུ་འགྱུར་རོ། །བཅུ་བདུན་པ་ནི་འབྲམ་དུ ་འགྱུར་རོ། །ཉི་ཤུ་པས་ནི་ཡ་ཕུབས་བཟང་པོ་སྟེ། སྒོའི་སྟེང་གི་ཆར་འགྱུར་རོ། །ཐིག་གི་རིམ་པ་ལྔར་བསྟན་པ་འདི་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་མ་ལུས་པ་ཐམས་ཅད་ལ་ཡང་ཐུན་མོང་དུ་གྱུར་པ་ཡིན་ཏེ། །དེ་ལྟ་བུའི་ཐིག ་གང་བ་ཟ་དེ་མདོར་བསྡུས་ཤིང་ཉུང་དུར་བྱས་ཤིང་བསྟན་ཅིང་བཤད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཏབ་ཟིན་ནས་ཅི་བྱ་ཞེ་ན། དེའི་འིག?་ཏུ་ཇི་ལྟ་བ་བཞིན་དུ་དབྱི་དགོས་པ་སྟེ། དེའི་ཐབས་བསྟན་པའི་ཕྱིར། བློ་སྒོ་ནས་བརྩམས་ནས ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ལྡན་ཤེས་རབ་ཆེ་བའི་སློབ་དཔོན་ཏེ། དེས་དང་པོ་སྒོ་ནས་བརྩིས་ཏེ་དབྱི་ཞིང་མི་མངོན་པར་བྱའོ། །ཇི་ལྟར་དབྱི་ཞེ་ན། ཤིན་ཏུ་མཉམ་ཞིང་གསལ་བར་དབྱི་ཞེས་བྱ་བ་སྨོས་ཏེ། སྒོ་ལ་སོགས་པ་ལྷ་ཐམས ་ཅད་ཀྱི་གནས་རྣམས་མཉམ་ཞིང་གསལ་བར་དབྱི་བར་བྱའོ། །ཤིན་ཏུ་མཉམ་ཞིང་ཞེས་བྱ་བ་རང་རང་གི་ཚད་དང་མཉམ་པ་དང། དེ་བཞིན་གསལ་བ་སྟེ་བྱེ་བྲག་ཕྱེད་ཅིང་མངོན་པར་དབྱིའོ། །སྒོའི་ཚད་ཅི་ཙམ་དུ་ཞེ་ན། སྒོ་ནི་འཁོར་ལོའི་བརྒྱད ་ཆར་རོ། །ཞེས་བྱ་བ་སྨོས་ཏེ། འཁོར་ལོའི་ཞེས་བྱ་བ་ནི་འདིར་ངོས་ཀྱི་རི་མོ་ལྔའི་ནང་གི་ནང་གི་ཆ་ཆེན་པོ་བརྒྱད་ཀྱི་ཚད་ཀུན་ནས་མཉམ་པར་གནས་པ་ལ་བྱ་སྟེ། དེའི་དབུས་སུ་ཚངས་པའི་ཐིག་གིས་བརྒྱན་པ་བརྒྱད་ཆར་གནས་པ་ལས་དེ་ཆ་ཆེན་ ་པོ་གཅིག་གི་ཚད་དུ་སྒོ་དབྱི་བར་བྱའོ། །ཡ་ཕུབས་བཅས་པར་ཞེས་བྱ་བ་ནི་སྟེང་གི་ཡ་ཕུབས་དང་ངོས་ཀྱི་འགྲམ་དང་བཅས་པར་དབུས་སུ་མཉམ་ཞིང་གསལ་བར་དབྱིའོ། །སྒོ་ཁྱུད་ཅེས་བྱ་བ་ལ་སོགས་པ་ལ་སྒོ་ཁྱུད་ཀྱི་ཁྱམས་སུ་བྱ་བ་སྟེ་དེ ་ཡང་ཞེང་དུ་སྟེ་རྒྱར་ཆ་བཅུ་གཉིས་ཀྱི་ཚད་དང་མཉམ་པར་དབྱི་ཞིང། དེའི་ཆུར་ནི་ཇི་སྲིད་སྒོ་ཁྱུད་གཉིས་ཀྱི་བར། ཁྱམས་ཀྱི་ཆར་ནི་རྣམ་པར་བརྐྱང་ཞེས་བྱ་བ་སྨོས་ཏེ། སྒོ་གཉིས་པའི་སྒོ་ཁྱུད་ཀྱི་བར་མཐར་ཐུག་གི་བར་དུ་ཕྱོགས་བཞི་ཀུན ་ནས་ལེགས་པར་བསྐོར་བའི་ཁྱམས་སུ་བྱ་སྟེ་རྣམ་པར་བརྐྱང་ཞེས་བྱ་བའི་དོན་ཏོ། །སྒོ་ཁྱུད་ཀྱི་ཕྱི་རོལ་ནས་བརྩམས་ཏེ་ཁྱམས་ཀྱིས་བརྒྱན་པར་བྱའོ། །འགྲམ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ཕག་གུ་ནི་ནོར ་བུ་འཕྲེང་བ་སྟེ། དེ་ཡང་སྒོ་འགྲམ་གྱི་རྒྱབ་ཞེང་དུ་ཆ་ཆུང་གཅིག་ཡོད་པར་འགྲམ་གྱི་ཆ་ཉིད་དང་འབྲེལ་པར་བྲི་བར་བྱའོ། །དྲ་བ་དང་དྲ་བ་ཕྱེད་པའི་གནས་བརྟན་པ་ནི་ལོགས་ཀྱི་ཕྱི་རོལ་ཞེས་བྱ་བ་ནི་སྒོ་ལོགས་ཀྱི་ཕྱི་རོལ་ཞེང་དུ་ཆ་ཆུང ་གཉིས་སུ་བྱའོ། །ཀ་པ་བྱ་བའི་དོན་དུ་ལོགས་ལས་རྒྱབ་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོགས་ཀྱི་རྒྱབ་ཀྱི་ཆ་གཞན་པ་སྟེ། གཉིས་པ་སྔ་མ་ལས་ཆ་གཅིག་གིས་བསྟོད་པ་སྟེ། ཆ་ཆུང་ལྔར་གནས་ཤིང་ཁྱམས་ཀྱི་རྒྱབ་ལ་འོག་ལྟོ ་རྟེན་ཅིང་གནས་ལ། རྟ་བབས་ཀྱི་ནི་ནང་དུ་བྱ་ཞེས་བྱ་བ་སྟེ། རྟ་བབས་ཀྱི་ནང་གི་ཐིག་ལ་ཀ་བའི་མགོ་སྦྱོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྟ་བབས་ཀྱི་གནས་བརྟན་པའི་ཕྱིར་རྟ་བབས་ཡ་ཕུབས་དག་ལས་ནི་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། རྟ་བབས་ཀྱི་ཡ་ཕུབས་ཏེ་སྒོའི་སྟེང་གི་ཆ་ལས་ཆ་གཅིག་དོར་བ་ཞེས་བྱ་བ་དེའི་ཕྱི་རོལ་གྱི་ཆ་ཆུང་དུ་ཅིག་དོར་ཞིང་བཞག་ལ། ཞེང་དུ་ཆ་ཆེན་པོ་གཅིག་ཡོད་པ། ཆུར་ནི་ཆ་ཆེན་པོ་བཞིའི་ཚད་ཡོད་པར་བྱའོ། །སྐས་ལ་སོགས ་པ་ཇི་བཞིན་འགྱུར་ཞེས་བྱ་བ་ནི་སྐས་ལ་སོགས་པའི་མིང་ཅན་གྱི་དབྱིབས་ཀྱི་ཁྱད་པར་ཡོང་པ་གང་དག་དེ་དག་ཏུ་འགྱུར་བར་བྱའོ། །དེ་ཡང་ཇི་ལྟར་མཛེས་པ་དང། ཡིད་དུ་འོང་བ་བཞིན་བྱ་བ་སྟེ། སྐྲས་ལྟ་བུ་དང། གླང་པོའི་རྒྱབ་ཅེས ་པ་དང། གྷམ་བཾ་ར་ཞེས་བྱ་བ་དང། བྷ་ལྷ་བི་ཞེས་བྱ་བ་དང། བྷ་ད་ཀ་ཞེས་བྱ་བ་དང། སྲིང་ཀ་ཏྲ་དང། མ་ཀ་ར་དང། དན་དི་དང། འཕྲེང་བ་ཅན་དང། གདུགས་ཅན་དང། འཕྲེང་བ་ཅན་རིག་པ་འཛིན་པ་དང་བཅས་པ་དང། དད་པ ་ལ་སོགས་པའི་བྱ་རྣམས་ཀྱིས་མཚན་པ་སྟེ། དེ་དག་ལ་སོགས་པ་གང་ཡང་རུང་བས་བརྒྱན་བའི་རྟ་བབས་བྱའོ་ཞེས་བྱ་བའི་དོན་ཏོ། །རྟ་བབས་ཀྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་བྱ་བའི་ཕྱིར། རྟ་བབས་ཆ་གཅིག་ཞེས་པ་ལ་སོགས་པ་སྨོས་ཏེ། གདན ་གྱི་པདྨ་ནི་རྟ་བབས་ཀྱི་སྟེང་གི་ཆ་ལ་བརྟེན་ནས་མཆུར་ཆ་ཆུང་དུ་གཅིག་ལ་ཞེང་དུ་ཆོས་ཀྱི་འཁོར་ལོ་དང་མཉམ་པའི་པདྨ་ལ་གནས་པར་བྱའོ། །ཆོས་ཀྱི་འཁོར་ལོ་དེ་ཡང་ཆོད་ནི་ཆུ་དང་ཞེང་དུ་ཆ་ཆུང་དུ་གཉིས་གཉིས་ཡོད་པ། རྩིབས་བརྒྱད་པ ་འམ་བཅུ་གཉིས་པར་བྱའོ། །ཆོས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་འམ་བརྒྱད་པ་བྱ་སྟེ། དེའི་ཚད་ཀྱི་ཆུ་དང་ཞེང་དུ་ཆ་ཆུང་དུ་ཡོད་པར་ཉེས་པར་བྱའོ། །དེའི་ཆོས་ཀྱི་འཁོར་ལོའི་སྟེང་དུ་གདུགས་བྱ་སྟེ། དེ་ཡང་ཚད་ནི་དཔངས་སུ་ཆ་ཆུང་དུ་གཅིག་གི ་ཚད་དུ་བྱས་ལ། རེ་ལས་ཀྱང་ཆ་ཆུང་ཕྱེད་ནི་གདུགས་བྱ། ཕྱེད་ནི་ཡུ་བར་བྱའོ། །རི་དགས་གཉིས་བྱ་བའི་ཕྱིར་འཁོར་ལོའི་ངོས་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་འཁོར་ལོའི་ངོས་གཉིས་ཏེ་གཡས་ལོགས་དང་གཡོན་ལོགས། ་ཐད་ཀ་ནི་དྲང་ཐད་དུ་རི་དགས་གཉིས་ཏེ། ཀྲིཥྞ་ས་རི་ཀ་གཉིས་མཉམ་ཞིང་ཆ་འདྲ་བར་གནས་ལ། ཇི་ལྟར་གནས་ཞེ་ན། རྟ་བབས་ལ་རྟེན་འཁོར་ལོའི་ཕྱོགས་བྱ་སྟེ། རྟ་བབས་ཀྱི་སྟེང་གི་ཆ་ལ་བརྟེན་ནས་གནས་ལ། ཆོས་ཀྱི་འཁོར་ལོ་ལ་མངོན་པར ་ཕྱོགས་ཤིང་ཁ་བལྟས་ནས་འདུག་པ་བྲི་བར་བྱའོ། །ཇི་ཙམ་གྱིས་གནས་པར་བྱ་ཞེ་ན། ཤིན་ཏུ་འཇར་མིན་རྒྱང་རིང་མིན་ཞེས་བྱ་བ་སྟེ། ཆོས་ཀྱི་འཁོར་ལོ་དེང་རི་དགས་གཉིས་ཀྱི་བར་ན་ཆ་ཆུང་དུ་གཅིག་གིས་ཆོད་པའི་གནས་སུ་བྱའོ་ཞེས་བྱ་བའི་དོན ་ཏེ། རྡོ་རྗེ་དང་རིན་པོ་ཆེ་ཡུ་བ་ཅན་བྱ་བའི་ཕྱིར། རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་དང་རིན་པོ་ཆེས་མཚོན་པའི་དབྱིག་པ་ལ་བྱ་སྟེ། ཚད་ནི་དེ་ཚང་ཞེས་བྱ་བ་ལ་སོགས་པ་སྨོས་པས། རི་དགས་ཀྱི་དཔངས་ཀྱི་ཚད་དང་ཞེང་དུ་ཆ་ཆུང ་གཉིས་ཡོད་པའོ། །དེ་ཡང་རི་དགས་དེའི་རྒྱབ་ཀྱི་ཆ་གཅིག་དོར་བའི་ཕྱི་རོལ་གྱི་ཐིག་ལ་བརྟེན་པར་བྱ་སྟེ། དེའི་འོག་གི་ཆ་ཆུང་དུ་གཅིག་གི་ཡུ་བར་བྱས་ལ་སྟེང་གི་ཆ་ཆུང་དུ་གཅིག་ལས་ཕྱེད་ནི་རིན་པོ་ཆེར་བྱ་ཕྱེད་ནི་རྡོ་རྗེར་བྱའོ། ། ་བ་དན་བྱ་བའི་ཕྱིར་བ་དན་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་དན་དྲིལ་བུར་ལྡན་པའི་ཞེས་བྱ་བ་ནི། རྡོ་རྗེ་རིན་པོ་ཆེ་མཆོག་གི་ཡུ་བ་ལ་གནས་པའི་བ་དན་ཅིག་ལ་དྲིལ་འཕྱང་ཞིང་འཁྲོལ་བ་བཏགས་པ་དང། བ་དན་གཉིས་པ་ནི་རྟ་བབས ་ཀྱི་མཛའ་མ་ཀ་བའི་མགོ་དང་ཉེ་བ་ལ་བཏགས་པ་སྟེ། དེ་ལྟར་རྟ་བབས་ཀྱི་ངོས་གཉིས་ལ་བ་དན་མཇེས་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་དག་འདོད་དོ། །གཞན་ཡང་དྲ་བ་དང་དྲ་ཕྱེད་པའི་རྣམ་བུའི་ཕྱི་རོལ་གྱི་མཚམས་ཀྱི་ངོས་གཉིས་ལ་ཡང ་གདབ་པར་བྱ་སྟེ། དེ་ལྟར་ཐམས་ཅད་བརྩིས་ན་དཀྱིལ་འཁོར་རེ་རེ་ཞིང་བ་དན་ཉི་ཤུ་རྩ་བཞི་བཞི་འདོགས་པ་ཡིན་ནོ། །འདིར་བ་དན་ཉེ་བར་མཚོན་བ་ཙམ་དུ་ཟད་དོ། །རྡོ་རྗེ་རྒྱལ་མཚན་དང། དར་སྣ་དང། རིན་པོ་ཆེ་དང། མེ་ཏོག་གི་ཕྲེང་བ་ལ་སོགས ་པ་ཇི་ལྟར་འོས་པའི་ལྷའི་མཆོད་རྫས་སྣ་ཚོགས་པ་བཟང་ཞིང་མཛེས་པ་རྣམས་ཀྱིས་ཀྱང་བརྒྱན་པར་བྱའོ། །གཞན་ཡང་ངོས་ནས་ཞེས་བྱ་བ་ནི། མཚོན་སྣ་ལྔ་བྲི་ཞིང་ཟུར་བཞིར་གནས་པའི་ནང་དུ་ཤར་ལྷོ་མཚམས་ལ་སོགས་པའི་སོ་སོའི ་མཚམས་དག་བུ་ལྷའི་སྣམ་བུ་སྟེ། ལྷ་རྣམས་ཀྱི་གནས་ཀྱི་རེ་ཁར་གྱུར་པའོ། །དེ་ཆ་ཆེན་པོ་གཅིག་གི་ཚད་དུ་བྱས་པས་ལྷ་སོ་སོའི་གནས་རྣམས་བྱས་ལ། དེ་ཡང་རྒྱུད་ལ་ལར་ནི་རེ་ཁ་གསུམ་དུ་བྱ་དགོས་ལ། དཀྱིལ་འཁོར་ལ་ལར་ནི་ལྷའི ་གནས་ལྔར་བྱ་དགོས། ལ་ལར་ནི་གཅིག་ཏུ་བྱ་དགོས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པའི་དེ་བཞིན་དུ་ལྷ་སྣམ་དགོད་པ་དང་རྗེས་སུ་འཚམ་པར་བྱའོ། །ད་ནི་ཆོག་དེ་ཐམས་ཅད་ཀྱི་ཐུན་མོང་ཡིན་པར་བསྟན་པར་བྱ་བའི་ཕྱིར། འདི ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདས་པ་ཐག་པ་འདི་ནི་རྒྱུད?་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་དེ་ཁོ་ན་ཉིད་བསྣུས་པ་ལ་སོགས་པ་རྒྱུད་མ་ལུས་པ་ཀུན་གྱི་སྤྱིའི་ཐུན་མོང་ཡིན་ཏེ། གཞན་དང་གནན་དུ་བྱ་བ་ནི་མེད་དོ། །ཐིག་དབྱི་བ་ནི་ལེགས་པ་ཡིན། ཞེས ་པ་ནི་ཐིག་གདབ་བ་དང་དབྱི་བ་ལེགས་ཤིང་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། །།འོ་ན་ཁྱད་པར་དུ་བྱ་བ་གང་ཡིན་ཤེ་ན། འདིའི་ནང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཐིག་བཏབ་པ་དང་དབྱི་བ་བྱས་ནས་སྒོ་བཞི་པ་དང་རྟ་བབས་བཞི་པ ་ལ་སོགས་པ་དང་ལྡན་པའི་ངོས་ཀྱི་ནང་དུ་ལྷའི་གནས་ཀྱིས་ང་རྒྱན་པའི་དཀྱིལ་འཁོར་འདིའི་ནང་དུ་ཞེས་བྱ་བའི་ལྷའི་སྣམ་བུའི་ཐིག་གི་ནང་ལོགས་སུ་ཀུན་ནས་ཆ་ཆེན་པོ་དྲུག་ཡོད་པའི་ཟུར་བཞིར་གནས་པ་གང་ཡིན་པ་དེའི་དབྱིབས་ནི་ནང་གི་དཀྱིལ་འཁོར་གྱི་ཚུལ ་རྒྱུད་ཀྱི་རྒྱལ་པོ་དུ་མ་ལས་སྣ་ཚོགས་པར་འབྱུང་བས་ན། དེ་ནི་རྒྱུད་དེ་དང་དེའི་དབྱེ་བ་ཉིད་ཀྱིས་རྣམ་པར་ཕྱེ་བ་ཡིན་ཏེ། དེ་བསམ་ཐམས་ཅད་ཀྱང་དེ་དག་ཉིད་ལས་གསལ་ཞིང་ཟུར་ཕྱིན་པར་ཤེས་པར་བྱ་ཞིང་རྟོགས་པར་བྱས་ནས་ལྷག་ཆད་མེད་པར་?། ་པ་ཉིད་དུ་བྱའོ། །ཡང་ན་ལྷག་ཆད་མིང?་བ་ཉིད་དུ་ཞེས་བྱ་བ་ནི། དའི་གཞུང་འདི་ལ་མི་དགོས་པའི་ལྷག་པ་ཡང་མེད་ལ། ཆང་བའི་མཚང་བ་ཡང་མེད་དོ་ཞེས་བྱ་བའི་དོན་ལ་ངེས་པར་བྱས་པ་དོན་ཏོ།། །།ད་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་རྡོ་རྗེ་དབྱིངས ་ཀྱི་དཀྱིལ་འཁོར་འབྱུང་བ་དང་དེའི་ནང་གི་དཀྱིལ་འཁོར་བསྟན་པའི་ཕྱིར་དེ་ཉིད་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་བསྡུས་པ་ཞེས་བྱ་བ་ནི་རྒྱུད་ཀྱི་མཚན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་མཚན་དུ ་བཏགས་པའི་ཕྱིར་རོ། །རྩ་བའི་རྒྱུད་ཀྱི་ཞེས་བྱ་བ་ནི། དེ་ཉིད་རྣལ་འབྱོར་གྱི་རྒྱུད་ཀྱི་མ་ལྟ་བུ་ཡིན་པའི་ཕྱིར་རོ། །བཤད་བྱ་སྟེ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་ཁས་ལེན་པའི་ཐ་ཚིག་གོ་།ཚང་ཅི་ཙམ་ཞེ་ན། ལྷའི་སྣམ་བུའི་ཐིག་ལ་ནི། འདབ་འབྱོར་འཁོར ་ལོ་རབ་ཏུ་མཛེས། །ཞེས་བྱ་བ་སྨོས་ཏེ། ལྷའི་གནས་ཀྱི་སྣམ་བུའི་ནང་གི་ཐིག་ལེ་ལ་འདམ་འབྱོར་ཅིང་རེག་པར་འཁོར་ལོ་སྟེ། ནང་གི་དཀྱིལ་འཁོར་གྱི་འཁོར་ལོ་ཤིན་ཏུ་མཛེས་ཤིང་ཚད་དང་ལྡན་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ ་ན། ཇི་ལྟར་རྒྱུད་ཀྱི་རྗེས་མཐུན་པར་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་རྒྱུད་ལས་ཞེས་བྱ་བ་ལ་སོགས་ཇི་སྐད་དུ་གསུངས་པ་བཞིན་དུ་བྱའོ། །དེ་ཉིད་ནི་དཀྱིལ་འཁོར་ལྔ་དང་ལྡན་ཞིང་གསལ་ཞེས་བྱ་བ་སྟེ། །སངས་རྒྱས་ཀྱི་དཀྱིལ་འཁོར ་དང། རྡོ་རྗེའི་དང། རིན་པོ་ཆེའི་དང། པདྨ་དང། ལས་ཀྱི་དཀྱིལ་འཁོར་སྟེ། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ཟླུམ་པོས་དབུས་དང་ཤར་ལ་སོགས་པའི་ཕྱོགས་བཞིར་གསལ་ཞིང་མངོན་པར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་རྣམ ་པར་དབྱེ་བ་བསྟན་པར་བྱ་བའི་ཕྱིར་སྔ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་ཐིག་གི་ཆོ་གའི་རིམ་པ་དེ་ལ་གང་ཆ་ཕྲ་མོའི་རྣམ་པར་དབྱེ་བའི་ཐིག་གདབ་པ་བྱས་པ་གསལ་ཞིང་རྫོགས་དེ་ལ། དེ་བཞིན་གཤེགས་པ་ལྔའི་དཀྱིལ ་འཁོར་གྱི་སྦྱོར་བས་བགོ་བར་བྱ་ཞིང་བསྐོར་བར་བྱའོ། །ལྷའི་སྣམ་བུའི་ཞེས་བྱ་བ་ལ་སོགས་པ་དེ་ལ། དང་པོའི་ལྷའི་གནས་ཀྱི་ནང་གི་ཐིག་ལ་སྦྱར་ཞིང་རེག་པར་བྱས་ནས་དང་པོ་ཁོ་ནར་ཟླུམ་པོ་གཅིག་གིས་བསྐོར་བར་བྱའོ། །དེའི་འོག་སྟེ་རྗེས ་ཐོགས་ལ་ནང་ཡི་ཟླུམ་པོར་བསྐོར་བ་གཉིས་པ་ནི། སྔ་མའི་ནང་ཆེ་ཆུང་གཅིག་ལས་ཟླུམ་པོར་བསྐོར་བར་བྱའོ། །དེ་ལྟར་བསྐོར་བ་གཉིས་ཀྱི་བར་དག་ནི། སྟེ་ཕན་ཚུན་གྱི་ཟླུམ་པོར་བསྐོར་བའི་གཉིས་ཀྱི་བར་གྱི་གནས་གང་ཡིན་པ་དེ་ནི། ཆ ་ཆུང་དུ་ཉི་ཤུ་རྩ་གཉིས་སུ་ངེས་པར་ཡོད་པ་ཡིན་ཏེ། གནས་དེད་ནི་དཀྱིལ་འཁོར་གྱི་མཆོག་ལྔ་པོ་བྱ་བའི་གནས་ཡིན་པར་ཤེས་བྱ་ཞིང་ཁོང་དུ་ཆུད་བར་བྱའོ། །དེ་ལ་དབུས་སུ་སངས་རྒྱས་ཀྱི་དཀྱིལ་འཁོར་བྱ་བར་བསྟན་པའི་ཕྱིར་རོ། །ཚངས ་པའི་ཐིག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབུས་ཀྱི་ཚངས་བའི་ཐིག་དེའི་ཕན་ཚུན་ངོས་གཉིས་ཏེ་གཡས་དང་གཡོན་དུ་ཆ་བྲན་གསུམ་གསུམ་བསྐོར་བར་བྱ་ཞིང་ཟླུམ་པོར་བསྐོར་ལ། །ཡང་བསྐོར་བ་དེའི་ནང་དུ་ཆ་ཆུང་གཅིག་གི་ཕྱེད་ཀྱི་ཚང་ཀྱིས་ཟླུམ་པོར ་བསྐོར་བ་གཉིས་པ་བྱའོ། །དེ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་གོང་བསྐོར་བ་ཕན་ཚུན་དེ་གཉིས་བར་དུ་ཀུན་ནས་ཆ་ཆེན་པོ་གཅིག་དང་བཞི་ཆ་དང་བཅས་པ་ཆ་ཆུང་དུ་ནི་དབུས་མ་སྟེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ། །ལྔ་པོ ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་དེ་ཡང་དབུས་དང་ཕྱོགས་བཞི་སྟེ་ལྔར་གནས་པ་དེ་ལ། སྣ་ཚོགས་པདྨ་དང། དེའི་སྟེང་དུ་ཟླ་བ་ཡིས་བྱ་བ་སྟེ། ཟླ་བ་རྒྱས་པས་ལྟེ་བ་སྟེ། དབུས་དང་ཤར་ལ་སོགས་པའི་ཕྱོགས་བཞིར་བརྒྱན་པར་བྱའོ། །དེ་ལྟ ་བུའི་དཀྱིལ་འཁོར་དེ་ནི་གང་གིས་ན། སངས་རྒྱས་ཀྱི་དཀྱིལ་འཁོར་ཉིད་ཞེས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཡིན་པ་དེའི་ཕྱིར། འཁོར་ལོའི་ཕྲེང་བས་ཡང་དག་པར་ལྡན་པར་བྱ་བ་སྟེ། ཟླུམ་པོའི་བསྐོར་བའི་རི་མོ་གཉིས་ཀྱི ་བར་དུ་འཁོར་ལོའི་ཕྲེང་བས་མུ་ཁྱུད་བརྒྱན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སངས་རྒྱས་ཀྱི་དཀྱིལ་འཁོར་བཤད་ནས་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བྱ་བའི་ཕྱིར། དེ་མཚུངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤར་གྱི་ཕྱོགས ་ཆེ་ལ་ཞེས་བྱ་བ་ནི། དབུས་ཀྱི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དཀྱིལ་འཁོར་དབུས་མ་དང་མཉམ་བའི་མི་བསྐྱོད་པའི་དཀྱིལ་འཁོར་བྱའོ། །ཆ་ཆུང་ཕྱེད་དང་བཅས་དོར་བས་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ཆ་ཆུང་ཕྱེད་དང་གཉིས ་རོ?་ཞིང་སྤངས་པའོ། །ཚངས་པའི་ཐིག་ལས་དེ་བཞིན་བསྐོར། ཞེས་བྱ་བ་ནི། ཚངས་པའི་ཐིག་གི་ངོས་གཉིས་ཝས་?་ཆུང་གསུམ་གསུམ་པའི་གནས་སུ་བསྐོར་ཞིང་ཟླུམ་པའོ། །ནང་དུ་ཡང་ཚེ་ཕྱེད་ལ་ལ་བསྐོར་བྱ་ཞེས་བྱ་བ་ནི་སྔར་བསྐོར་བའི་ནང་དུ? ་ཆུང་ཕྱེད་ཀྱི་ཚད་ལས་ཟླུམ་པོར་བསྐོར་བ་གཉིས་པ་བྱའོ། །དེའི་ནང་དུ་ཡང་སྔ་མ་བཞིན་དུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཤེས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཤར་དང་ལྷོ་དང་ནུབ་དང་བྱང ་སྟེ་ཕྱོགས་བཞིའི་གནས་རྣམས་སུའོ། །མི་བསྐྱོད་དཀྱིལ་འཁོར་ལ་སོགས་ཞེས་བྱ་བ་ནི། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པ་ལ་སོགས་པའོ། །དཀྱིལ་འཁོར་ནི་ཞེས་བྱ་བ་ནི། གནས་མཉམ ་པར་བྱས་པ་ལྔ་པོའི་བདག་ཉིད་ཅན་ཟླུམ་པོར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་དང། སྣ་ཚོགས་རྡོ་རྗེའི་ཕྲེང་བས་བརྒྱན། ཅེས་བྱ་བ་ནི། དཀྱིལ་འཁོར་དེ་དག་ལ་གྲངས་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་ཕྲེང་བ་དང། རིན་པོ་ཆེའི་ཕྲེང་བ ་དང། པདྨའི་ཕྲེང་བ་དང། སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བས་རི་མོ་གཉིས་ཀྱི་བར་དུ་བརྒྱན་པར་བྱའོ། །སློབ་དཔོན་ལ་ལ་དག་གི་གཞུང་གཞན་དང། རྡོ་རྗེའི་ར་བས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གོང་དུ་སྨོས་པ་ལྟར་སངས ་རྒྱས་ལ་སོགས་པའི་དཀྱིལ་འཁོར་དུ། འཁོར་ལོ་ལ་སོགས་པའི་འབྲེང་གིས་བསྐོར་བར་མི་བྱའོ། །རྡོ་རྗེའི་ར?་བས་ཤིན་ཏུ་མཛེས་པས་དཀྱིལ་འཁོར་ལྔ་པ་ཐམས་ཅད་བརྒྱན་པར་བྱའོ། །ཞེས་སྔོན་གྱི་སློབ་དཔོན་ཁ་ཅིག་འཆང་དེ། དེ་ཡང ་རིགས་པ་ཉིད་དེ། འདི་ནི་གང་གི་ཕྱིར་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་ཡིན་བས་ན། གཏན་ཚིགས་དེའི་ཕྱིར་སློབ་དཔོན་དེའི་གཞུང་ལུགས་དེ་ནི་མཆོག་དམ་པ་ཡིན་པས་གཟུང་བར་བྱ་བ་ཉིད་དོ། །ཇི་ལྟར་ཞེས་པ་ལ་སོགས་པ་ལ་ཇི ་ལྟར་དབུས་ཀྱི་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣར་མཛད་ཀྱི་དཀྱིལ་འཁོར་ལ་པདྨ་དང་ཟླ་བས་བརྒྱན་པ་དེ་བཞིན་དུ་གཞན་དག་གི་ཡང་པདྨ་དང་ཟླ་བས་བརྒྱན་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །རེའུ་མིག་ལའོ་ཞེས་བྱ ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་རེའུ་མིག་གང་གང་ཡིན་པ་དེའི་དཀྱིལ་འཁོར་གཉིས་ཀྱི་བར་དུ་ཆ་ཆུང་དུ་གཅིག་པོ་ཕྱེད་དང་བཅས་པ་སྟེ། ཆ་ཆུང་དུ་བྱེད་དང་གཉིས་ཀྱི་ཚང་དུ་དཀྱིལ་འཁོར་དབུས་མའི་ཕྱོགས་བཞིར་གནས ་པ་དེར་ཆུ་དང་ཞེང་དུ་རང་གི་ཚང་ཇི་ཙམ་ཡོད་པའི་གཉི་གའི་མཛའ་རུ་ཀ་བ་རྡོ་རྗེ་ཕྱེད་པས་མཚོན་པའི་ཀ་བ་བརྒྱད་བྱས་ལ། དེ་ཡང་གཅིག་ལ་གཅིག་རྡོ་རྗེའི་རྩེ་མོ་འདུས་པས་མཚམས་ཀྱི་ཟུར་བཞི་བཞིར་འགྱུར་རོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས ་པ་ལ། དཀྱིལ་འཁོར་བཞིའི་ཕྱི་རོལ་གྱི་རྒྱབ་ཏུ་ཆ་ཆུང་དུ་ཕྱེད་ཅེས་བྱ་བ་ཆ་ཆུང་དུ་ཕྱེད་དུ་དོར་ཞིང་སྤངས་པར་སྔར་དང་པོར་བྱས་པའི་ཟླུམ་པོར་བསྐོར་བ་གཉིས་ཀྱི་བར་དུ་རྡོ་རྗེའི་ཕྲེང་བ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མཚམས་སུ་ཞེས་བྱ་བ་ལ ་སོགས་པ་ལ། ནང་གང་གི་དཀྱིལ་འཁོར་གྱི་མཚམས་ཏེ། །མི་བསྐྱོད་བ་དང། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གཉིས་ཀྱི་བར་དང། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་གཉིས་ཀྱི་བར་དང། འོད་དཔག་ཏུ ་མེད་པ་དང་དོན་ཡོད་པའི་དཀྱིལ་འཁོར་གཉིས་ཀྱི་བར་དང། དེ་བཞིན་དུ་དོན་ཡོད་གྲུབ་པ་དང། མི་བསྐྱོད་བའི་དཀྱིལ་འཁོར་གཉིས་ཀྱི་བར་དང། ཤར་ལྷོ་མཚམས་ལ་སོགས་པའི་གནས་བཞི་པོ་དེ་རྣམས་སུ་རང་རང་གནས་ཚད་ཀྱི། ཞེས་བྱ་བ་རང ་རང་གི་གནས་ཀྱི་ཚད་དང་འཚམ་པའི་ཟླུམ་པོར་བསྐོར་བར་བྱས་ལ། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་བརྒྱན་པར་བྱ་བའི་དོན་ཏོ། །དེར་ནི་ཞེས་བྱ་བ་ལ་སོགས་པ་ལས་མཚམས་ཀྱི་གནས་བཞི་བོ་དེ་དག་ཏུ་སྒེག་མོ ་ལ་སོགས་ཞེས་བྱ་བ། རྡོ་རྗེ་སྒེག་མོ་དང། འཕྲེང་བ་མ་དང། གླུ་དབྱངས་མ་དང། གང་མཁན་མ་དང། ནང་གི་མཆོད་པའི་ལྷ་མོ་དགོད་པར་བྱའོ། །དེ་ཉིད་བསྡུས་པའི་དབུས་དཀྱིལ་འཁོར། ཞེས་བྱ་བ་ནི་དཔལ་དེ་ཁོ་ན་བསྡུས་པ་ཞེས་བྱ་བའི ་རྒྱུད་ཀྱི་རྒྱལ་པོའི་དབུས་མའི་དཀྱིལ་འཁོར་ཏེ། ནང་གི་དེ་བཞིན་གཤེགས་པའི་ཕོ་བྲང་ཞེས་བྱ་བའི་དོན་ཏོ། །འདུག་སོགས་ཕྱི་ཡི་ལྷ་མོ་བཞི། །ཕྱི་ཡི་མཚམས་སུ་བྲི་བྱ་ཞིང། །ཞེས་བྱ་བ་ནི། རྡོ་རྗེ་བདུག་པ་མོ་དང། མེ་ཏོག་མ ་དང། མར་མེ་མ་དང། བྱུག་པ་མ་སྟེ་ཕྱིའི་མཆོད་པའི་ལྷ་མོ་བཞི་ནི་ཕྱི་རོལ་གྱི་སྣམ་བུའི་ཤར་ལྷོ་ལ་སོགས་པའི་མཚམས་བཞིར་བྲི་བར་བྱའོ། །ཇི་བཞིན་སེམས་དཔའ་རྣམ་པར་དགོང། ཞེས་བྱ་བ་ནི་འགྲོན་གྱི་བྱང་ཆུབ་སེམས་དཔའ་བསྐལ ་པ?་བཟང་པོ་བྲི་བར་བྱ་སྟེ། དེ་རྣམས་ནི་སྔར་བཤད་པའི་ངོས་ཀྱི་ནང་ན་ཕྱོགས་རེ་རེ་ཞིང་ལྷའི་གནས་བཞི་བཞིར་བྱ་ཞིང་ནང་དུ་དགོད་པར་བྱའོ། །སྒོ་རྣམས་སུ་ནི་སྒོ་སྲུངས་བྲི། ཞེས་བྱ་བ་ནི། ཤར་ལ་སོགས་པའི་སྒོ་བཞིར། རྡོ་རྗེ་ལྕགས་ཀྱུ་དང། ་ཞགས་པ་དང། ལྕགས་སྒྲོགས་དང། དྲིལ་བུ་མ་སྟེ་སྒོ་སྲུངས་བཞི་བྲི་བར་བྱའོ། །གཞན་ཡང་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་སྒོ་བཞི་དང། རྟ་བབས་བཞི་ལ་སོགས་པའི་ཕྱི་རོལ་དཀྱིལ་འཁོར་གྱི་རྒྱབ་རྒྱན་ཟླུམ་པོར ་བསྐོར་བ་གཉིས་ཀྱི་དབུས་སུ་རྡོ་རྗེའི་ཕྲེང་བ་སྟེ། རྡོ་རྗེའི་ར་བ་གསལ་ཞིང་མཛེས་པར་བྱའོ། །དེ་ཡང་ཚད་ཇི་ཙམ་ཞེ་ན། ཆ་ཆེན་གྱི་ནི་ཕྱེད་ཀྱི་ཚད། ཅེས་བྱ་བ་སྟེ། ཆ་ཆུང་དུ་གཉིས་ཙམ་འམ། ཇི་ཙམ་འོས་པར་བྱའོ། །འབར་བའི་འཕྲེང་བའང ་དེ་ཡི་ཚད། །ཅེས་བྱ་བ་ནི། རྡོ་རྗེ་ར་བའི་ཕྱི་རོལ་ཏཱུང་མེ་འོད་འབར་བའི་འཕྲེང་བ་དང་ཞེང་མཉམ་པར་བྱའོ། །ཕྱི་རོལ་ཤིང་ལ་སོགས་པས་བརྒྱན། དེའི་ཕྱི་རོལ་ཤར་ལ་སོགས་པ་ཚངས་པའི་ཐིག་བརྒྱད་བཏབ་པའི་མཚམས་ཐིག་ལ་སོགས ་པའི་གནས་སུ། ལ་ཏ་ལའི་ཤིང་དང། པུཎྜ་རི་ཀ་དང། ས་ལའི་ཤིང་དང། ཤིང་ཤ་པ་དང། ཨུ་དུཾ་བ་ར་དང། ཨ་མྲ་དང། ཨ་ཤྭ་ཏྭ?་དང། ན་ག་གེ་སར་གྱི་ཤིང་དང། མེ་ཏོག་ལ་སོགས་པ་དང། བྱ་སྣ་ཚོགས་ལ་སོགས་པས་? ་པར་བྱ་ཞིང། ཤིང་གཉིས་ཀྱི་བར་དུ་མཚོ་དང། རྫིང་བུ་ལ་ཨུཏཔ་ལ་དང། པདྨ་དང། ཀུ་མུ་ད་དང། པུཎྜ་རི་ཀ་ལ་སོགས་པ་མེ་ཏོག་རྣམས་ཀྱིས་བརྒྱན་པར་བྱ་ཞིང། དེའི་སྟེང་ན་དང་པ་དང། ངུར་པ་དང། བྱ་ཀ་ལནྟ་ཀ་ལ་སོགས་པ། སྒྲ་སྒྲོགས ་པ་ལྟ་བུར་མཛེས་པར་བྱའོ། །ནང་དུ་དེ་ཡི་ཕྱེད་ཕྱེད་དུ། ཞེས་བྱ་བ་ལ་སོགས་པ་ལ། ཆ་ཆུང་དུ་ཉི་ཤུ་རྩ་བཞི་ནི་ནང་གི་དཀྱིལ་འཁོར་ཏེ། དེར་ནི་སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་དཀྱིལ་འཁོར་དུ་ནང་དུ་སྒོ་བྱ་བར་གསུངས་པ་གང་ཡིན་པ་དེར་ན་ཆ ་ཆུང་ཉི་ཤུ་རྩ་བཞི་པོ་དེ་ཉིད་ཆ་ཆུང་དེར?་ཞིང་ཕྱེད་ཕྱེད་དུ་བགོས་ཏེ་ཆ་གཉིས་པར་བྱས་ལ། དེ་བཞིན་དུ་གསུམ་པ་དང། ལྔ་པ་དང། བཅུ་བདུན་པ་དང། ཉི་ཤུ་པ་དང། ཉི་ཤུ་གསུམ་པ་སྟེ། དེ་ལྔ་ལ་ཐིག་གི་ཆ་གསུམ་གསུམ་དུ་བགོས་ལ་རི ་མོ་གསུམ་གསུམ་དུ་བྱའི། རི་མོ་ལྔར་ལྔར་ནི་མི་བྱ་སྟེ། ཕྱིའི་ཚོན་སྣ་ལྔས་རི་མོ་བྱ་བ་ཡིན་ལ། ནང་གི་རི་མོ་གསུམ་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་པའི་སྒོ་བཞིའི་བར་དུ། དཀྱིལ་འཁོར་གྱི་རིམ་པ་གཉིས་པ་དང། གསུམ་པ་དང། བཞི་པ་དང ་ལྔ་པ་དང། བདུན་པ་ལ་སོགས་པའི་རིམ་པ་བྱ་བ་ནི། རྒྱུད་ཀྱི་དབྱེ་བ་ལས་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ཤིན་ཏུ་ཞི་བའི་ཤེས་རབ་ཀྱི་བློས་རྣམ་པར་བརྟག་ཅིང་རྫོགས་པར་བྱ་བའི་དོན་ཏོ།། །།ད་ནི་ཉེ་བར་བསྡུ་བའི་ཕྱིར། རིན་ཆེན་བཟང་པོས་དཔའ་བོ་རྡོ ་རྗེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་དོན་དུ་འདི་བྱས་ཞེ་ན། རིན་ཆེན་བཟང་པོ་སྟེ། གང་གི་ཕྱིར་མིང་རིན་ཆེན་གྱི་མཛའ་མ་བཟང་པོ་དང་ལྡན་པ་དེས་ཚུལ་བཞིན་དུ་བཏབ་པའོ། །གང་ལ་བཏབ་ཅེ་ན། དཔའ་བོ་རྡོ་རྗེ་ལ་སྟེ། དབང་བསྐུར་བའི ་མིང་ནི་དཔའ་བོ་རྡོ་རྗེ་སྟེ། སློབ་དཔོན་དང་བྱེད་གོ་ཆ་ལའོ། །ཇི་ལྟར་བཏབ་ཅེ་ན། དད་ཅིང་གུས་པས་མང་དུ་གསོལ་བཏབ་པས། ཞེས་བྱ་བ་སྨོས་ཏེ། གསང་སྔགས་ཀྱི་སྤྱོད་པ་དང། དཀྱིལ་འཁོར་གྱི་ལས་ལ་དད་ཅིང་མོས་ལ། བླ་མ་ལ་གུས་པས ་མང་དུ་གསོལ་བ་བཏབ་པའོ། །ཅིའི་ཕྱིར་བྱས་ཞེ་ན། བརྩེ་ཕྱིར་ཞེས་བྱ་སྟེ། རང་གི་སློབ་མ་དར། སེམས་ཅན་གཞན་རྣམས་ལ་བརྩེ་བའི་ཕྱིར་སློབ་དཔོན་གྱི་དཔེ་མཁྱུང་སྤངས་པའོ། །གང་ཞིག་བྱས་ཞེ་ན། ཐིག་གི་ཆོ་ག་གསལ ་ཕྱེ་བས། ཞེས་བྱ་བ་སྟེ། ནོར་བུའི་གླིང་གི་སློབ་དཔོན་བདེ་བའི་རྡོ་རྗེའི་རྗེས་སུ་འབྲངས་ནས་གསལ་ཞིང་ཕྱིན་ཅི་མ་ལོག་པར་བྱས་པའོ། །ཉེས་པར་གྱུར་པས་བདག་ལ་བཟོད་པར་མཛོད། ཅེས་བྱ་བ་ནི། བདག་གིས་སློབ་མ་དམ་པའི་དོན་དུ་ཐིག་གདབ་པའི་ཆོག ་མདོར་བསྡུས་པ་བྱས་པ་འདི་ལ། དམ་པ་སྟེ་བདེ་བའི་རྡོ་རྗེ་ལ་སོགས་པ་སློབ་དཔོན་བདག་ལ་བཟོད་པར་མཛོད་ཅིག་པའོ།། །།བསོད་ནམས་ཡོངས་སུ་བསྔོ་བར་བྱ་བའི་ཕྱིར། འདི་བྱས་བསོད་ནམས་དམ་པ་ཡིན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་གོང་དུ་བཤད་པའི་ཐིག་གདབ་པའི་ཆོ་ག་བྱས་པ་ལས་དྲི་མ་མེད་པའི་བསོད་ནམས་དམ་པ་བྱང་ཆུབ་ཚོགས་གྱུར་གང་ཐོབ་དེས་ཅེས་བྱ་བ་སྟེ། བྱང་ཆུབ་ནི་སྒྲིབ་པ་དར་བྲལ་བའི་ཡེ་ཤེས་སོ།། །།དེའི་ཚོགས་ནི་རྫོགས་པར་བྱེད་པ་སྟེ། དེ་ལྟ་བུར ་འགྱུར་བའི་བསོད་ནམས་གང་ཞིག་ཐོབ་པའི་བསོད་ནམས་དེས་ནི། འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་མ་ལུས་པ་འདི་དག་དཀྱིལ་འཁོར་གྱི་བདག་པོ་རྣམ་པར་སྣང་མཛད་དུ་རང་ཉིད་མངོན་སུམ་དུ་གྲུབ་པར་གྱུར་ཅིག་པའོ།། །།གང་ཞིག ་བླ་མའི་རབ་མཆོག་ཨུ་རྒྱན་མཁན་པོའི་གཞུར། །ཡོན་ཏན་དེ་ཉིད་བཅུ་ཤེས་སངས་རྒྱས་ཞི་བ་ཡི། །ཤིན་ཏུ་གཅེས་ཤིང་སྦས་པའི་དཀྱིལ་འཁོར་བྲིས་པའི་ལས། །དེ་འདིར་ཕྱེ་བས་འཇིག་རྟེན་རྡོ་རྗེ་འཛིན་གྲུབ་ཤོག།། །།ཡུལ་ཁ་ཆེར་སྐྱེས་པའི ་རྡོ་རྗེ་སློབ་དཔོན་ཤྲདྡྷ་ཀ་ར་?་རང་ཉིད་ཀྱིས་མཛད་པའི་ཐིག་གདབ་པའི་ཆོ་གའི་འགྲེལ་པ། བོད་ཡུལ་དུ་སྐྱེས་པའི་དགེ་སློང་རིན་ཆེན་བཟང་པོས་གསོལ་བ་བཏབ་ནས་འགྲེལ་པ་བྱས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ ་ར་པརྨ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་སྐད་གསར་ཆད་ཀྱི་ཞུས་ཏེ་གཏན་ལ་ཕབ་པའོ།། །།འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྲུ་བཞིར་བྱས་པ་ལ། །ཟུར་ཐིག་ཕྱོགས་ཐིག་མཉམ་པར་གདབ། །ཆ་ཆེན ་