CLOSE WINDOW

N2122: de kho na nyid bsdus pa'i rgya cher bshad pa ko sa la'i rgyan
Wyliee-texts based on the ACIP/ALL Input

text in 2 volumes

volume 1 (rgyud 'grel (wi)) - volume 2 (rgyud 'grel (zhi)) -

དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ ་བརྙེས་པ་དང། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བླ་ན་མེད་པ་མཛད་པར་བསྟན་ནས། རྣམ་པར་རྒྱལ་བ་རྣམས་ཀྱི་གནས ་རྣམ་པར་དགོད་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས ་སྐབས་སོ། །རྣམ་པར་རྒྱལ་བར་མཛད་པའི་ས་གསུམ་གྱི་སྐྱེ་བོ་རྣམ་པར་བཞག་པའི་ནང་ནི། ལྷ་ཆེན་པོ་ནི་མཆོག་ཡིན་ལ་དེ ་ཡང་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ནས། ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱི་འོག་ནས་སྲོག་གི་དབང་པོ ་དང་བྲལ་བར་གནས་ཏེ། དེ་བས་ན་དེ་དེ་ལས་ཐར་བར་བྱ་བའི་ཕྱིར་ཡང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད ་འདུས་ཏེ་ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་གསོལ་བ་གདབ་པའི་ཕྱིར། སྔར་འདུས་པ་མཛད ་པ་ཡིན་ལ་དེ་ལས་བལྟོས་པས་ན་ཡང་ཞེས་གསུངས་སོ། །མཁྱེན་བཞིན་དུ་ཞེས་བྱ་བ་ནི་འདི་ནི་མ་ཤི་བ་དང། བདག་ཅག་གིས་བསྐུལ ་ན། གདོན་མི་ཟ་བར་གཏོང་ངོ་ཞེས་དེ་ལྟར་མཁྱེན་བཞིན་དུ། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བཀའ་ཉོན་ཅིག་ཅེས་གསུངས་སོ། །མཉན་པར་བྱ་བའི་བཀའ་དེ་ཡང་གང་ཡིན་ཞེ་ན། དབང་ཕྱུག་ཆེན་པོའི་ལུས་འདི་ཁྱོད་ཀྱིས་རྐང་པའི་འོག་ནས་གཏང་བར ་བྱོས་ཞེས་བྱ་བ་འདི་ནི་མཉན་པར་བྱ་བའི་བཀའ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་བཅོམ་ལྡན་འདས་ཀྱིས་མ་རུངས་པ་ཐམས་ཅད་འདུལ་བའི་ཁྲོ་བོར་དབང་བསྐུར་ནས། དེ་བདག་གིས་བཀུམ་ལགས་ན། ཇི་ལྟར ་བདག་གིས་དེ་གཏང་བར་བགྱི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསོལ་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་ལུས ་དེ་གསོ་བའི་ཕྱིར། ཤི་བའི་རྣམ་པར་ཤེས་པ་དགུག་པའི་སྙིང་པོ་འདི་བཀའ་སྩལ་ཏོ། །ཤི་བ་ཞེས་བྱ་བ་ནི་བརྒྱལ་བ་ལ་བྱ་སྟེ། དེའི་རྣམ་པར་ཤེས ་པ་གཉིད་ཀྱིས་ལོག་པའི་འདུ་ཤེS་ཀྱིS་ཡུལ་གཞན་དང། འགྲོ་བ་གཞན་དང། ཕྱོགས་གཞན་དུ་རྨི་ལམ་ཞེས་བྱ་བའི་སྣང་བ་བསྐྱེད་དོ། །གཉིད་ལོག་པ་དེ་རྨི་ལམ་དུ་སང ་པར་བྱེད་པའི་རྐྱེན་མཐོང་བ་གང་ཡིན་པ་དེ་རྣམ་པར་ཤེས་པ་དེའི་སྔོན་གྱི་གཞི་ལས་སྐྱེས་པའི་རྒྱུ་བྱེད་པ་ལ་ནི་སད་པར་བྱེད་པ་ཞེས་བྱ་སྟེ། དཔེར་ན་སྐྱེས་བུ་དུག་གིས ་ཟིན་པའི་ལུས་ནི་གཡོ་བ་མེད་ཅིང་གཉིད་སྟུག་པོས་ནོན་པ་དང་བྱེད་པ་ཞེས་བྱ་སྟེ། དཔེར་ན་སྐྱེས་བུ་དུག་གིས་ཟིན་པའི་ལུས་གྱུར་ཅིང། མུན་ནག་ཐིབས་པོས་བཀབ ་པ་བཞིན་དུ་འདུ་ཤེས་མེད་པར་གནས་སོ། །མུན་གནག་གི་གནས་ལྟ་བུ་དུག་གིས་མྱོང་བདེ་སྔགས་པ་འགའ་ཞིག་གིས་བསལ་བ་བྱས་པ་དང། དེས་དེའི་བརྒྱལ ་?་རྣམ་པར་ཤེས་པ་དེའི་མུན་ནག་སེལ་བར་བྱེད་པ་ཞེས་བྱའོ། །ལུས་དེར་འདུ་ཤེས་བསལ་བ་བསྐྱེད་པའི་ཕྱིར་རྣམ་པར་ཤེས་པ་འཇུག་པའོ། །ཞེས་ཀྱང་བྱའོ། །དེ་བཞིན་དུ་འདིར་དབང་ཕྱུག ་ཆེན་པོའི་ལུས་དུག་དང། གཉིད་ཀྱིས་ནོན་པ་བཞིན་དུ་བརྒྱལ་བར་གནས་ལ། དེའི་རྣམ་པར་ཤེས་པ་དེ་ཡང་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་ལ་མཉམ་པར་བཞག་པའི་མཐུས། འཇིག་རྟེན་གྱི་ཁམས ་ཐལ་པས་ཁེབས་པ་ཞེས་བྱ་བར་རྨི་ལམ་གྱི་རྣམ་པར་ཤེས་པ་ལྟར་འགྲོ་བ་གཞན་དང། ཡུལ་གཞན་དུ་བདག་གི་ལུས་ཕྱིན་པ་སྙམ་དུ་སེམས་སོ། །དེ་བཞིན་དུ་ཐལ་བས་ཁེབས་པའི་འཇིག་རྟེན་གྱི ་ཁམས་དེར་བདག་ཉིད་སངས་རྒྱས་པར་སྣང་བ་རྨི་ལམ་ལྟར་སེམས་སོ། །དེ་ནས་སྙིང་པོ་འདིས་རྨི་ལམ་ལྟ་བུའི་རྣམ་པར་ཤེས་པ་ཞེས་གང་བཤད་པ་རྣལ་འབྱོར་བསྒོམས་པས་འཕངས་ཏེ་ཤི་བར་བཏགས ་གཉིད་ཀྱིས་ལོག་པ་དང་འདྲ་བའི་རྣམ་པར་ཤེས་པ་གང་ཡིན་པ་དེ། དེ་བཞིན་གཤེགས་པ་སྙམ་དུ་སྣང་བ་སྐྱེ་བ་ལས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱི་འོག་ནས་ཕྱུང་ཞིང། རྣལ་འབྱོར་པའི་བྱིན་གྱི ་བརླབས་བསྡུས་པ་དང། གཉིད་ལོག་པ་ལས་སད་པ་དང་འདྲ་པར། སླར་ཡང་དབང་ཕྱུག་ཆེན་པོའི་ལུས་རྣམ་པར་སྨིན་པ་ལས་སྐྱེས་པའི་གཟུགས་བདག་ཉིད་ཡིན་ནོ་སྙམ་པའི་སོ་སོར་སྣང་བ་སྐྱེས ་ཏེ། དེ་ལྟ་བུ་འདི་ནི་ཤི་བའི་རྣམ་པར་ཤེས་པ་འགུགས་པ་ཞེས་བྱའོ། །དེ་ནས་འདིའི་ཕྱག་རྒྱ་བཅིངས་པ་བཤད་དེ། གསང་བའི་ལྕགས་ཀྱུ་བསྡམ་བྱས་ཏེ། ཞེས་བྱ་བ་ལ་སོགས་པ་ལ་གསང་བའི ་ལྕགས་ཀྱུ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་གཟུང་ངོ། །དེ་ལྟར་བཅིངས་ནས་མཛའ་མ་མཉམ་དུ་བརྐྱང་ནས་ནི་ཞེས་བྱ་བ་ལ་མཐེ་ཆུང་གཉིས་བརྐྱང་བར་བྱའོ། །ཤི་པའི་མགོ ་བོར་བཞག་ན་ནི་ཞེས་བྱ་བ་ནི་བརྒྱལ་བའི་སྤྱི་བོར་བཞག་ལ། སྔགས་པས་ཡིད་ཀྱིས་སེམས་ཅན་རྐྱེན་གང་གིས་བརྒྱལ་བར་གྱུར་པ་དེ་དང་རྗེས་སུ་མཐུན་པའི་གཉེན་པོས་གསལ་བར་བྱ་སྟེ། ཞབས་ཀྱི་མཐིལ་གཉིས་ཀྱི ་ཟླ་བའི་བླ་མའི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་ལས་བྱུང་བའི་བདུད་རྩིའི་ཆུས་དབང་བསྐུར་ཞིང། སེམས་ཅན་དེའི་ཆ་བྱང་ཇི་ལྟ་བུ་ཡིན་པ་དེ་ལྟ་བུའི་ཆ་བྱད་དུ་གཤིན་རྗེའི་ཡུལ་ནས་ཕྱག་རྒྱ་འདིས་དྲངས་ཏེ་སྤྱི་བོར་བཞག་ལ་སྤྱི་བོ ་ནས་ལུས་ཀྱི་ཡན་ལག་ཐམས་ཅད་དུ་གཞུག་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱང་སོར་ཆུད་པས་རྩོལ་བ་དང་བཅས་པ་དང། གཡོ་བ་དང་བཅས་པར་གྱུར་པ་འམ། དེའི་ལུས་ཀྱི་ནང་དུ་བཅུག་མ་ཐག་ཏུ་ལངས་ཏེ་འདུག ་གམ། འགྲེང་བར་བསམས་ལ་ལྕེ་ལ་རྡོ་རྗེ་བསམས་ན་ལངས་པ་འམ་སྨྲ་བར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་མན་ངག་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྔགས་དང། ཕྱག་རྒྱ་མཛད་པ་དང་། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཇིག་རྟེན་གྱི་ཁམས་དེ་དག་ནས་བྱོན་ཏེ། དེའི་ལུས་ཀྱི་ནང་དུ་ཞུགས་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཡིན་ཞེ་ན། སངས་རྒྱས་ཡེ་ཤེས་བླ་ན ་མེད་ཅེས་བྱ་བ་སྟེ། ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །སངས་རྒྱས་ཀྱི་ཡེ་ཤེས་འདིར་ཅིའི་ཕྱིར་ངོ་མཚར་ཆེ་ཞེས་ན། གང་ཕྱིར་ཤི་བའི་ལུས་འདི་ཡང། །འཚོ་བའི་ཁམས་སུ་གྱུར་པ་ཡིན་ཞེས་བྱ་བའོ། །དེ་ལྟར་འཚོ་བར་མཛད་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ ་རྐང་པ་འདེགས་པ་ཞེས་བྱ་པའི་སྙིང་པོ་འདི་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པས་ལུས་དེ་ལ་འཚོ་བའི་ཁམས་དང་ལྡན་པར་མཛད་ཅིང་དབང་པོ་ཉམས་པ་མེད་པ། རྣམ་པར་ཤེས་པ་སྐྱེ་བར་འོས་པར་མཛད་ནས་རྐང་པ་བཏེག་པ་ཞེས་བྱ་བའི་སྙིང་པོ་གསུམ? ་པ་ཡིན་ནོ། །འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་ཁྲོ་བོའི་མཛུབ་ལེགས་པར། །ཟུར་སྤྲད་བསྡམས་ཏེ་བཞག་ན་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་གཉིས་ཀྱི་མཛུབ་མོ་གཉིས་གཅིག་ལ་གཅིག་ཟུར་སྤྲད་ལ་བརྟན་པོར་བྱས་ལ། བཟློག་སྟེ་དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་ལྟུང་བ་སློང་? ་རྡོ་རྗེ་འོག་ཏུ་སོང་བས་དབྱུང་བར་བྱ་བའི་དངོས་པོ་བཟུང་ལ། སྙིང་པོ་འདིས་སླར་གདེག་ཅིང་ཕྱག་རྒྱ་གྱེན་ལ་བསྟན་ཏེ་དགྲོལ་པར་བྱའོ། །འདི་གསུངས་མ་ཐག་ཏུ་ཞེས་བྱ་བ་ནི་རྐང་པ་འདེགས་པའི་ཕྱག་རྒྱའི་སྦྱོར་བས་རྡོ་རྗེ་འཛིན་པ་ཆེན་པོའི་ཞབས་ཀྱི་འོག་ནས་ལྷ ་ཆེན་པོ་ཐར་པར་རང་གིས་ཤེས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །དབང་ཕྱུག་ཆེན་པོའི་ལུས་དེ་བཞིན་གཤེགས་པ་དེས་བྱ་བ་ནི་ཐལ་བའི་དབང་པོའི་དབྱངས་ཀྱིས་སོ། །བསོས་པར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ཚེ་དང་དྲོད་དང་རྣམ ་པར་ཤེས་པ་དང་ལྡན་པར་བྱས་པའོ། །འདི་སྐད་སྟོན་ཏེ། རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་མཐུས་གང་ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་སུ་ཐལ་བའི་དབང་པོའི་དབྱངས་ཡིན་ནོ་སྙམ་དུ་སྣང་བ་སྐྱེས་པ་མྱོང་བའི་རྣམ་པར་ཤེས་པ་དེ། ཡང ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྣལ་འབྱོར་བསྒོམས་པས་འཕངས་པའི་ཞབས་བཏེག་པ་ངེས། རྣམ་པར་སྨིན་པའི་ལུས་ཀྱི་དབང་པོ་རྣམ་པར་ཤེས་པ་དང་ལྡན་པར་མཛད་པའོ། །འཇིག་རྟེན་གྱི་ཁམས་འདིར་ནི་ཞེས་བྱ་བ་ནི་མི་མཛད?་ཀྱི་འཇིག་རྟེན ་གྱི་?་འདིར་རྒྱལ་ཚབ་ཏུ་བཞག་པའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དང་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་རོ། །མ་རུང་པ་ཐམས་ཅད་གདུལ་པའི་ཕྱིར་ཞེས་བྱ་བ་ནི་མ་རུངས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར ་དྲག་པོ་ཞེས་ཀྱང་བཤད་དོ། །ཉིད་ཀྱི་རྒྱལ་ཚབ་བུ་བཅུག་གོ་ཞེས་བྱ་བ་ལ། རྒྱལ་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྟེ། ལྷ་ཆེན་པོ་ནི་དེའི་རྒྱལ་ཚབ་པོ། །གཞན་ཡང་རང་གི་རིགས་གྱི་མཚན་མ་དེ་སྤྱི་བོར་བཞག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཉིད ་གྱི་ཞབས་ཀྱི་མཐིལ་ནས་ཟླ་བའི་བླ་མ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་བྱང་ཆུབ་ཀྱི་སོགས་ཀྱི་ཕྱག་རྒྱ་བྱུང་ངོ། །དེ་ནས་འདིའི་ཕྱག་རྒྱ་བཅིང་བ་བཤད་དེ། ལྷ་ཆེན་པོའི་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་པ་དེ་བརླན་པ་ཕྱག་ན་རྡོ ་རྗེའི་ཞབས་ཀྱིས་མནན་པའི་ཕྱོགས་གང་དུ་ཕྱག་རྒྱ་དང་རིགས་པར་བཅས་ཏེ་བཞག་པ་གང་ཡིན་པའོ། །ཕྱག་རྒྱ་འདིར་མཚན་ཉིད་ནི་གསལ་བ་ཉིད་ཡིན་ནོ། །དེ་ནས་འདི་བྱུང་མ་ཐག་ཏུ་ཞེས་པ་ནི་རིག་པའི་ཞབས་ཀྱི་མཐིལ་དེ་ལས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི ་ཞབས་ཀྱི་མཐིལ་བས་སོ། །ཟླ་བའི་བླ་མ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གང་གིས་བྱང་ཆུབ་གྱི་སེམས་བསྒོམ་པའི་སྒོ་ཉིད་ནས་ཡོན་ཏན་ཐམས་ཅད་བསྡུས་པ་འདི་ནི་ཟླ་བའི་བླ་མ་དེ་བཞིན་གཤེགས་པ་དེ་།ཟླ་བའི་དཀྱིལ་འཁོར་ལྟ་བུའི་བྱང་ཆུབ་ཀྱི ་སེམས་བསྒོམ་པ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་གཙོ་བོར་གྱུར་པའི་ཕྱིར་རོ། །ཕྱག་ན་རྡོ་རྗེ་ཡང་སེམས་ཅན་རྣམས་གདུལ་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་བཞུགས་ཏེ། སྐུ་དེ་ཡང་སངས་རྒྱས་ཀྱི་རྡུལ་ཕྲ་རབ་བསགས་པའི་ངོ་བོ་ཉིད་དོ། །དེ་བསན་ཕྱག་ན་རྡོ་རྗེའི ་ཞབས་ཀྱི་མཐིལ་ནས། དེ་བཞིན་གཤེགས་བ་ཇི་ལྟར་བྱུང་ཞེས་རྣམ་པར་རྟོག་པ་མི་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྐད་དུ་བཤད་པའི་ཚུལ་གྱིས། ལྷ་ཆེན་པོའི་ལུས་ལ་འཚོ་བའི་དབང་པོ་བྱིན་ཞིང་ཞབས ་ཀྱི་འོག་ནས་ཀྱང་བཏང་སྟེ། ཟླ་བའི་བླ་མ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱས་ཀྱང་དབང་བསྐུར་རོ། སྔར་ནི་སྟོབས་ཀྱིས་གཅེར་བུར་ཕྱུང་སྡེ་དཀྱིལ་འཁོར་དུ་བཅུག་པ་ཡིན་གྱི། ད་ལྟར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེའི་གྲོགས་སུ་དབང་བསྐུར་པ་ཡིན་ནོ། །ཕྱག་ན ་རྡོ་རྗེའི་ཞབས་ཀྱི་མཐིལ་ལ་རེག་པས་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པས་ན་བྱང་ཆུབ་སེམས་དཔའ་ཨོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་བྱེད་པར་བསྐོས་པས་ན་སེམས་དཔའ་ཆེན་པོའི་མདུད་རྩེ་ངེས་ཞེས་བྱ་བ་ནི་རྡོ་རྗེ་མཚན་པའི་མདུང་རྩེ་མོ། །ང་རྒྱལ ་དང་ཁེངས་པ་དང་དྲེགས་པ་དང་བྲལ་ཞིང་ཡང་དག་པའི་ལམ་རྙེད་པས་དགའ་བར་གྱུར་པའི་ཕྱིར་འགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་ཞེས་བྱ་བ་མདུང་གི་ཡུ་བ་བསྐོར་བའི་ཚུལ་གྱིས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་དེ་བཞིན་གཤེགས་པ་ཐམས་ཅད་ལ ་གར་གྱི་མཆོད་པ་བྱས་ནས་སོག?་ནས་བཤད་པའི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སུ་ཞིག་གི་ངོ་མཚར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། བྱང་ཆུབ་སེམས་ནི་བླ་ན་མེད། ཅེས ་བྱ་བའོ། །ཇི་ལྟར་ངོ་མཚར་དུ་གྱུར་པ་ཡིན་ཞེ་ན། གང་གི་ཕྱིར་ཞབས་མཆོག་གིས་ནི་གང་རེག་པའང། སངས་རྒྱས་ཉིད་དུ་གྲུབ་པ་འཐོབ་ཅེས་བྱ་བའོ། །འདི་སྐད?་སྟོན་ཏེ་དཔལ་རྡོ་རྗེ་འཛིན་པའི་ཞབས་ཀྱི་མཐིལ་གྱིས་རེག་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཡོན ་ཏན་རྣམས་སྐྱེས་ཤིང། ཐལ་བའི་དབང་པོའི་དབྱངས་ཀྱི་སངས་རྒྱས་སུ་གྱུར་ཏེ། རང་གི་སངས་རྒྱས་ཀྱི་ཞིང་རང་ལ་སྣང་བའི་གནས་སྐབས་ཆེད་དུ་བརྗོད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་ལྕང་ལོ་ཅན་ན་གནས་པའོ། །རྡོ ་ཁྲོ་བོའི་ཏིང་ངེ་འཛིན་ལས་ལངས་ནས་ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ནས་གནས་པའོ། །གང་གི་ཞེ་ན། དེ་བཞིན་གཤེགས་པ་སྟེ་དེ་བཞིན་གཤེགས་པ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་ཏེ། དེའི་ནད་དུ་ཞུགས་ཤིང་དེ་ལ་བབས་ནས་དེས ་འདི་དག་ཐམས་ཅད་མཛད་དོ། །ད་ནི་ཁྲོ་བོའི་ཏིང་ངེ་འཛིན་ལས་སྡང་བའི་ཚེ། བཅོམ་ལྡན་འདས་དེ་ནས་བྱུང་ཞིང་དེའི་བབས་པ་དང་ཡང་བྲལ་བར་གྱུར་ཏེ་བབས་པ་དང་བྲལ་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་བཀའ་ནོར་ཅིང་གནས་ཏེ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་བདག་གི་སུག་པར་རྡོ་རྗེ་བཙལ་ཏེ། ཕྱག་ན་རྡོ་རྗེ་ཉིད་དུ་དབང་བསྐུར་བས་ཞེས་བྱ་བ་སྟེ། དཀྱིལ་འཁོར་བརྟག་པ་ལ་དེས་པར་སྦྱར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ལྷ་ལ་སོགས་པའི་ཕྱི་རོལ་གྱི་རྡོ་རྗེའི་རིགས་དེ་རྣམས་ཞེས ་བྱ་བ་ནི་ཆེན་པོ་ལ་སོགས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདི་ལ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལ་རྣམ་པར་རྒྱལ་བའི་རྟོག་པའི་གཙོ་བོ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོགས་པའི་རྗེས་ལ ་ཞེས་བྱ་བའི་དོན་ཏོ། །གནས་པའི་རིམ་པ་བགྱིས་ནས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་རྣམ་པར་དགོད་པར་བགྱིའོ་ཞེས་བྱ་བའི་དོན་ཏོ། །གང་གིས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལ་འཇུག་པའོ། །སེམས་ཅན་དེ་རྣམས་ཞེས ་བྱ་བ་ནི་ཕྱི་རོལ་གྱི་རྡོ་རྗེ་རིགས་གྱིས་ཡང་དག་པར་བསྡུས་པ་རྣམས། །ཕྱིར་མི་ལྡོག་པར་བགྱིའོ་ཞེས་བྱ་བ་ནི་ལྡོག་པ་མེད་པར་བགྱིའོ་ཞེས་པའོ། །གང་ལས་ཤེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སྐྱེས་སོ། །དེ་ལྟར་བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལས་གནང་བར་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གནད་པའི་ཚུལ་དུ་སེམས་དཔའ་གཙུག་ཏོར་གསུངས་པ་ཡིན་ནོ། །དེ་ནས་འདི་གསུངས་མ་ཐག་ཏུ་ཞེས་བྱ་བ་ནི་བཀའ་སྩལ་མ་ཐག་ཏུའོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་གཙུག་ཏོར་རྣམས་ལས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་འོད་ཟེར་རྣམ་པ་སྣ་ཚོགས་སུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ལས་བྱུང་ཞིང་འཇིག་རྟེན་གྱི་ཁམས་དུ་མ་སྣང་བར་བྱས་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ ་ཞེས་བྱ་བ་ནི་གང་གི་སྤྱི་བོ་ཉིད་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་ཚུལ་དུ་འཕུངས་ནས་འཁོད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ལྟ་བུ་ཕུང་པོ་གྱུར་ནས་གནས་པའོ། །དེ་ནས་གཟི་བརྗིད་ཕུང་པོ་དེ་ལས་ཞེས་བྱ་བ ་ནི་གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་ཏེ། རྡོ་རྗེ་འཛིན་པའི་སྤྱི་བོར་གནས་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གནང་བའི་ཚུལ་ལྟ་བུ་ནི་སྔགས་གཉིས་པའོ། །སྔགས་དེ་གཉིས་ཀ་ཡང་རྣམ་པར་སྣང་མཛད་ཀྱི ་གནས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་ནི་ངེས་པར་གནོད་མཛེས་རྡོ་རྗེ་སྟེ་དེའི་ཐུགས་ཁར་རོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་རྡོ་རྗེ་སྙིང་པོ་འཁོར་ལོ་ལ་བརྟེན་ཏེ་བཞུགས་པའོ། །བཅོམ་ལྡན་འདས་ཀྱི་གནས་ལོགས་སུ་ནི་རྡོ་རྗེ་སྤྱན ་པདྨ་ལ་བརྟེན་ཏེ་བཞུགས་པའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་ནི་རྡོ་རྗེ་སྣ་ཚོགས་པདྨ་ལ་བརྟེན་ཏེ་བཞུགས་པའོ། །ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་ན་རྡོ་རྗེའི་རིག་པ་མཆོག་ཞབས་ལ་ཕྱག་འཚལ་བའི་ཚུལ་དུ་གནས་པའོ། །དེ་ལྟར་བྱས་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ ་འཁོར་དུ་གསུམ་འཇོག་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དང། དེའི་ཐུགས་ཀར་འདོད་པའི་རྒྱལ་པོ་དང། ཞབས་ཀྱི་དྲུང་ན་རྡོ་རྗེ་རིག་པ་མཆོག་གོ་།དད་པའི་སེམས་ཀྱིས་རྡོ་རྗེ་འཛིན་པས་ཞབས་ལ་འདུད་པའི་ཕྱིར་རྡོ་རྗེ་རིག་པ་མཆོག་ཅེས་བཤད་དོ། །རང་གི་མཐུ ་སྟོན་པའི་ཕྱིར་རྡོ་རྗེ་ཁྲོ་བོ་ཞེས་ཀྱང་བཤད་དོ། །ཞབས་གཉིས་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་ཞབས་ལ་ཕྱག་འབུལ་བའོ། །ཡང་འདུ་གྱི?་རང་བཞིན་བསྟན་པའི་ཕྱིར་སྙིང་པོ་འདི་གསུངས་པ་ཡིན། །རིམ་པ་གཉིས་པའི་ཤར་ཕྱོགས་ཀྱི་དཀྱིལ་འཁོར་གང་ཡིན ་བདེའི་དབུས་སུ་རྡོ་རྗེ་བཞག་ལ། རྒྱལ་པོ་བཞིའི་དཀྱིལ་འཁོར་བྱ་སྟེ། དགོང་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོའི་ཐད་ཀའི་དཀྱིལ་འཁོར་གང་ཡིན་པ་དེའི་དབུས་སུ་ཁྲོ་བོའི་རྡོ་རྗེ་བཞག་ལ་རྡོ་རྗེ་འཁྱིལ་པ་ལ་སོགས་པ་ཁྲོ་བོ་བཞི་དང། ་ཚོགས་ཀྱི་བདག་པོ་རྣམས་གཉིས་པ་ཉིད་དུ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་སྒོའི་ཐད་ཀའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཉིད་བཞག་ལ། རྡོ་རྗེ་གཏུམ་པོ་ལ་སོགས་པ་ཕོ་ཉ་བཞི་རིམ་བཞིན་བྲི་བར་བྱའོ། །དེ་ཉིད་ཀྱི་བྱང་ཕྱོགས་ཀྱི་སྒོའི་ཐད་ཀའི་དཀྱིལ ་འཁོར་གྱི་དབུས་སུ་རྡོ་རྗེ་བཞག་ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བྲན་བཞི་རིམ་བཞིན་དུ་བྲི་བར་བྱའོ། །ཤར་ཀྱི་སྒོ་ནས་བརྩམས་ཏེ་སྒོ་བཞིར་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་རིམ་བཞིན་དུ་དགོད་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་པས་ན་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། འཇིག་རྟེན་གསུམ་གྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བཤད་དོ་ཞེས་བྱ་བ་ནི་གསུངས་པའོ།། །ཇི་ལྟ་བུ་ཞེ་ན། ་དཀྱིལ་འཁོར་ཆེན་པོ་དམ་པ་སྟེ་ཞེས་བྱ་བའོ། །ཇི་ལྟར་ཐིག་གདབ་པར་བྱ་ཞེ་ན། དེའི་ཕྱིར་ཆོས་ཀྱི་དཀྱིལ་འཁོར་འདྲ་བ་ནི། དཀྱིལ་འཁོར་ཐམས་ཅད་སྲད་བུ་ཕྲེ་ཞེས་བྱ་བ་སྟེ། ཆོས་ཀྱི་འཁོར་ལོ་འདྲ་བ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་དང་མཚུངས ་པའོ། །དཀྱིལ་འཁོར་ཐམས་ཅད་སྲང་བུ་བྲེ་ཞེས་བྱ་བ་ནི་ཕྱི་དང་ནང་དུ་བཅས་པར་ཞེས་བྱ་བའི་དོན་ཏོ། །ད་ནི་ཐིག་གདབ་པའི་ཆོ་ག་བསྟན་པའི་ཕྱིར། དཀྱིལ་འཁོར་གྱི་ནི་དབུས་སུ་ཡང། །སེང་ལྡེང་ཕུར་པ་བཏབ་ནས་ནི། །ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ་བགེགས་དང་ལོག་འདྲེན་ཐམས་ཅད་འདོད་པའི་རྒྱལ་པོས་བཀུག་ལ། དཀྱིལ་འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུང་པ་གདབ་པར་བྱའོ། །སེང་ལྡེང་ཕུར་པ་བཏབ་ནས་ནི་ཞེས་བྱ་བ་ཉིད་ནི་བགེགས་ཐམས་ཅད་གཤིག་པའི་ཕྱིར་དང། དཀྱིལ ་འཁོར་ཡང་དག་པར་གནས་ཤིང་རྣམ་པར་དག་པར་བྱ་བའི་ཕྱིར་གཟུགས་པ་ཡིན་ནོ། །སྲད་བུ་ཉིས་རིམ་དུ་བྱས་ནས་ཞེས་བྱ་བ་ནི་དབྱིབས་རྣམ་པར་དག་པར་བྱ་བའི་ཕྱིར་སྲད་བུ་ཕུང་བུ་ལ་དཀྲིས་ཏེ་ནང་གི་དཀྱིལ་འཁོར་སྦྱར་བར་བྱའོ། །སྲད་བུ་གཞི་དང་ལྡན་པ་དང་ཞེས་བྱ ་བ་ནི་ཟླུམ་པོར་བྱས་ཕྱོགས་དང་མཚམས་རྣམས་སུ་སྲད་བུ་བྲེ་བར་བྱའོ། །དེ་ཡི་ཕྱི་རོལ་བྱུང་ནས་ནི་ཞེས་བྱ་བ་ནི་རིམ་པ་གཉིས་པར་རོ། །ཉིས་འགྱུར་དུ་ཞེས་བྱ་བ་ནི་སྲད་བུའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་རིམ་པ་དང་པོའི་ཆེད་ཇི་ཙམ་ཡིན་པ། རིམ་པ་གཉིས ་པའི་ཆད་ཀྱང་དེ་ཙམ་དུ་བྱའོ་ཞེས་པའོ་རིམ་པ་དང་པོའི་རི་མོ་བྲིས་པ་ནས་བཟློག?་སྟེ་ཕུང་པ་ལ་ཐུག་གི་བར་དེ་ལྟ་བུས་ནི་སྲད་དུ་ཉིས་འགྱུར་དུ་འགྱུར་རོ། །དེ་ཡང་རིམ་པ་གསུམ་དུའོ་ཞེས་བྱ་བ་ནི་རིམ་པ་གསུམ་པ་ཡང་རིམ་པ་དང་པོའི་ཚང་ཙམ་ཁོ་ནར་བྱའོ། །རིམ་པ ་དེ་གསུམ་གྱིས་ནི་དང་པོའི་སྲང་བུ་སུམ་བལྟབ་ཏུ་བྱས་པ་ཡིན་ནོ། །རིམ་པ་གསུམ་པར་བྲི་བ་མ་སྨོས་མོད་ཀྱི་དེ་ཡང་ཕྱིས?་བཤད་པར་བྱའོ། །སྲད་བུ་བཞི་དང་ལྡན་པ་དང་ཞེས་གོང་དུ་སྨོས་སུ་ཟིན་ཀྱང། ཕྱོགས་མཆགས་ཀྱི་རི་མོ་གང་ཡིན་པ་དེ་ཆོས་ཀྱི་འཁོར་ལོའི་རྩེ? ་ཀྱི་དབྱིབས་སུ་བྱ་སྟེ། འདི་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཆེན་པོའི་ཐིག་གདབ་པའི་ཆོ་གའོ། །དེ་ནས་སྲད་བུ་བྲེས་པ་དེར། དག་པའི་ཚོན་གྱིས་དགང་བར་བྱ་ཞེས་བྱ་ལ། དག་པ་ནི་ཡོངས་སུ་བཟླས་པ་དང། ཤིན་ཏུ་ལེགས་པར་བརྟགས་པའོ། །ཚོན་ནི་དཀར་པོ་དང་སེར་པོ ་ལ་སོགས་པའོ། །ཚོན་དགྱེ་བ་བརྩམ་པ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གཡོན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ལག་མཐིལ་གཡོན་པ་ན་རྡོ་རྗེ་ཡོད་པ་ནི་གཡོན་པ་རྡོ་རྗེའོ། །དེས་བྱིན་གྱིས་བརླབས་པའི་ཁུ་ཚུར་ཉིད་ནི་ཁུ་ཚུར་ཆེན་པོ་སྟེ། དེས་དང་པོར་ཆེན་དབྱེ་པར་བྱའོ།། ་དེ་ནས་ཕྱིས་ཅི་བདེ་ཞེས་བྱ་བ་ནི། གཡས་རང་གཡོན་གང་ཡང་རུང་བའོ། །དེ་ལྟར་ཐིགS་ཇི་ལྟར་བཏབ་པ་རྣམས་ཚོན་གྱིས་བཀང་ལ་ཕྱག་རྒྱ་རྣམས་ཀྱང་བྲིས་ཏེ་དེ་ནས་དབུས་སུ་འདུག་པར་བྱའོ། །སུ་ཞིག་ཙ་ན་རྡོ་རྗེ་སློབ་དཔོན་ནོ། །མཉམ་པར་བཞག་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི ་རྣལ་འབྱོར་ལ་གནས་ཏེ། ཡིད་ཀྱིས་ཁང་པ་བརྩེགས་མ་མངོན་སུམ་དུ་དམིགས་དེའི་ཡང་རྡོ་རྗེ་སྒོ་བཞི་དབྱེ་བར་བྱའོ། །དེ་ནས་འོག་ནས་འབྱུང་བའི་སྙིང་པོས་དམ་ཚིག་རྣམས་དགོད་པར་བྱའོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ ་འཁོར་འདི་ལ་ནི་བདག་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་པས་བཅོམ་ལྡས་འདས་ཀྱི་བཀའ་ཉིད་ཀྱིས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ངེས་སྟོབས་ཀྱིས་བཀུག་སྟེ། གཟི་?་ཕུང་པོའི་གཟུགས་ཀྱིས་རང་བཞིན་གྱི་སྤྱི་བོར་དབང་བསྐུར་རོ། །དེ་རྣམས་ཀྱང ་གཞན་དབང་ཡིན་པར་བསྟན་པའི་ཕྱིར། གདན་ཕ་གུ་ཞེས་གསུངས་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སེང་གེའི་གདན་གསུངས་པ་བཞིན་དུ། དེ་དག་ཀྱང་ངོ་བོ་ཉིད་ཀྱིས་རྫུ་འཕྲུལ་ཆེ་བ་ཡིན་པའི་ཕྱིར། གསོར་དམ?་ཡང་ན་དངུལ་ཞེས་གསུངS ་པ་ཡིན་ནོ། །ད་ནི་ཇི་ལྟར་བྲིས་པའི་ལྷ་རྣམས་བཞག་པ་དེ་དག་གི་དགོད་པའི་སྙིང་པོ་སྟོན་ཏེ། སྔ་མ་ནི་བཟླས་པའི་སྔགས་སུ་གསུངས་པ་ཡིན་ནོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོད་པའི་སྙིང་པོ་གསུངས་ནས་དེ་ཉིད་ཀྱི་ཕྱོགས ་བཞིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་མཛད་ཅིང་བཞུགས་སོ། །དེ་བས་ན་དེའི་སྤྱན་མངའ་ནས་བརྩམས་ཏེ། སྙིང་པོ་བཞི་རིམ་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །རྡོ་རྗེ་ཤུགས་ནི་ཤིན་ཏུ་གྲགས་པར་ཟད ་དོ། །དཀྱིལ་འཁོར་གཉིས་པ་བརྒལ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔའི་དཀྱིལ་འཁོར་གང་ཡིན་པ་སྟེ། དེར་དབུས་སུ་རྡོ་རྗེ་བཞག་ལ་རྡོ་རྗེ་སྒྱུ་མ་ལ་སོགས་པ་བཞི་བྲི་བར་བྱའོ། །བྲི་ཞེས་སྨོས་སུ་ཟིན་གྱིས ་ཀྱང་བཞག་པ་ཉིད་དུ་རིག་པར་བྱ་སྟེ་གང་གི་ཕྱིར་དཀྱིལ་འཁོར་འདི་ཉིད་སྔར་བྲིས་ཟིན་ཀྱང། བྲི་བར་བྱ་ཞེས་བྱ་བའི་ཚིག་དེ་སྔར་མ་གསུངས་པའི་ཕྱིར་རོ། །ཡང་ན་སྔ་མའི་ཐིག་གི་རྡོ་རྗེས་ཚོན་གྱིས་དགང་ཞེས་གསུངས་པས་འཁོར་ལོའི་དབྱིབས་སུ ་ཁང་པ་བརྩེགས་མ་བྲིས་ཏེ། རིམ་པ་གསུམ་དུ་རེ་རེ་ཞིང་སྒོ་བཞི་བྱ་ལ། དེར་སྒོ་དབྱེ་བ་བྱས་ནས་ཕྱག་རྒྱ་བྲི་བ་དང་ལྷ་བྲིས་ལ་བྱའོ། །རིམ་པ་དེ་ཉིད་དུ་ལྷོ་སྒོའི་ཐད་ཀའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་བཞག་ལ། རྡོ་རྗེ་འཁྱིལ་པ་ལ་སོགས་པ་རྡོ་རྗེ་ཁྲོ་བོ་བཞག་པར་བྱ ་པའོ། །དེ་ནས་རིམ་པ་གཉིས་པ་དེ་ཉིད་ཀྱི་ཤར་ནས་བརྩམས་ཏེ་སྒོ་བཞིར་རྡོ་རྗེ་བླང་སྣ་ལ་སོགས་པ་ཐམས་ཅད་རིམ་པ་ཇི་ལྟ་བ་བཞིན་བྲིའོ། །རིམ་པ་དེ་ཉིད་ཀྱི་ནུབ་སྒོའི་ཐད་ཀའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་བཞག་ལ། རྡོ་རྗེ་གཏུམ་པོ་ལ་སོགས་པ་བཞི? ་རིམ་པ་ཇི་ལྟ་བ་བཞིན་དུ་བྲིའོ། །རིམ་པ་དེ་ཉིད་ཀྱི་བྱང་སྒོའི་ཐད་ཀའི་དཀྱིལ་འཁོར་དུ་སྔ་མ་བཞིན་དུ་རྡོ་རྗེ་བཞག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བྲན་བཞི་ལྷག་འོག་གི་རིམ་པ་ཇི་ལྟ་བ་བཞིན་དུ་བྲིའོ། །ད་ནི་རིམ་པ་གསུམ་པར་གང་ཞིག་བྲི་བ་དེ་བསྟན་པར ་བྱ་བའི་ཕྱིར་ཕྱི་རོལ་དཀྱིལ་འཁོར་བཞག་པ་ནི་ཞེས་བྱ་བ་སྟེ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གནས་སུའོ། །ཇི་བཞིན་ཞེས་བྱ་བ་ནི་ལྷ་ཆེན་པོ་ལ་སོགས་པ་རང་རང་གི་ཆུང་མ་རྣམས་ཁ་དོག་དང། དབྱིབས་དང། མཚན་མ་དང། རྒྱན་ཅི་དང་ཅི་འདྲ་བ་དེ་ལྟ་བུར་བྲི ་བར་བྱའོ། །ལྟག་འོག་གོ་རིམ་ཞེས་བྱ་བ་ནི་ལྷ་ཆེན་པོ་ལ་སོགས་པ་ལྷ་རྣམས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་དུ་མ་མོ་ཐམས་ཅད་བྲི་བར་བྱ་སྟེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྩ་བའི་དཀྱིལ་འཁོར་དུ་བསྟན་པའི་སྔགས་དང་ཕྱག་རྒྱ་དང་ལྡན་པར་རིམ་པ ་གསུམ་པར་བསྐོར་ཏེ། བཀོད་པའི་རིམ་པ་བཞིན་དུ་བྲི་བར་བྱའོ། །རྡོ་རྗེ་སྒོ་ནི་ཐམས་ཅད་དུ་ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་གྱི་སྒོ་རྣམས་སུའོ། །སྒོ་སྲུངས་རྣམས་ཀྱང་དེ་ཉིད་དོ། ཞེས་པ་ནི་འཇིག་རྟེན་ལས་འདས་པ་དེ་དག་ཉིད་དེའི་ཕྱིའི་དཀྱིལ་འཁོར་གྱི་སྒོ་རྣམས་སུ་ཡང་དེ་ཉིད ་ཡིན་པར་ཤེས་པར་བྱའོ། །ཆོ་ག་རྒྱས་པ་ཇི་བཞིན་པའོ་ཞེས་བྱ་བ་ནི། འདིར་སློབ་དཔོན་གྱི་ལས་དང། བཀའ་མནོད?་པ་ལ་སོགས་པ་རྣམས་ཇི་སྐད་སྨོས་པ་བསྡུས་པ་ཡིན་ནོ། །དགུག་པ་ལ་སོགས་པའི་ལས་ཀུན་བྱས་ཏེ་ཞེས་བྱ་བ་ནི། དགུག་པ་དང། གཞུག་པ་དང། བཅིངས་པ་དང ་དབང་དུ་བྱ་བ་དང། ཕྱག་རྒྱ་རྣམ་པ་གསུམ་བཅིང་བ་དང། མཆོད་པ་དང། །ཤེས་དང། གཏོར་མ་དབུལ་བ་ལ་སོགས་པ་ཐམས་ཅད་བསྡུའོ། །རྡོ་རྗེ་རྣམས་ཀྱི་དམ་ཚིག་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་སྟེ། དེ་དག་གི་ཡེ་ཤེས་ཡིན་པས་ན་རྡོ་རྗེ ་དམ་ཚིག་གི་ཡེ་ཤེས་སོ། །བསྐྱེད་པར་བྱས་དེ་ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཞིག་ཅེས་བྱ་བ་ནི་སྔགས་སྒྲུབ་པའི་ཕྱིར་དམ་ཚིག་བསྲུང་བ་ལ་གུས་པར་བྱ་བ་སྔོན་ཏོ། །མ་བསྲུངས་ན་སྔགས་མི་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། མཐོང་བའི་ཆོས་ཀྱི་ཉེས་པ་དང། འཇིག་རྟེན ་ཕྱི་མའི་ཉེས་པར་ཡང་འགྱུར་རོ། །དེ་ལ་མཐོང་བའི་ཆོས་ཀྱི་ཉེས་པ་ནི་དུས་མ་ཡིན་པར་འཆི་བའོ། །འཇིག་རྟེན་ཕྱི་མའི་ཉེས་པ་ནི་ངན་སོང་དུ་འགྲོ་བའོ། །དེ་ལྟར་དམ་བཅས་པ་ལ་བཀོད་ཅིང་ཉེས་དམིགས་བསྟན་ནས་མནའི་སྙིང་པོ་སྦྱིན་པར་བྱའོ། །དམ་ཚིག་བསྲུང ་བ་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར། ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་ཡང་བསྟན་པར་བྱའོ། །མནའི་སྙིང་པོ་ལས་འདས་པར་གྱུར་ན་ཡང་མཐོང་བའི་ཆོས་ཀྱི་ཉེས་དམིགས་རིགས་རྣམས་ཟད་པ་དང། ལུས་འཇིག་པ་རྣམས་བསྟན་པར་བྱ་བ་སྟེ། རྡོ་རྗེ་འདི་ནི་ཞེས་བྱ་བ་ལ་སོགས ་བས་ནི་སྙིང་པོ་སྟོན་ཏོ། །དམ་ཚིག་བཅིངས་པའོ་ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་ཏི་རིནྟི་རཱི?་ཕྱག་རྒྱ་བཅིང་བའི་སྙིང་པོའོ། །དེ་ལྟར་དམ་ཚིག་བསྲུང་བའི་ཕྱིར་མནའ་བསྒགས་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་བསྣན་པར་བྱ་བའི་ཕྱིར་དེ་ནས་རྡོ་རྗེ་འཆང་བའི་ཕྱག ་རྒྱ་སྙིང་པོ་འདས་བཅིང་ངོ་ཞེས་བྱ་བ་གསུངས་སོ། །དེས་ཅིང་བའི་སྙིང་པོ་བསྟན་ནས་མཚན་ཉིད་བསྟན་པ་ནི་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་སྟེ། ལག་པ་གཡོན་པ་མདུན་དུ་ཁ་སྤུབ་སྟེ། ཐད་ཀར་བརྐྱང་ལ་དེའི་སྟེང་དུ་ལག་པ་གཡས་པ་བཀན་ཏེ་བརྐྱང་ནས་བཞག ་སྟེ་ལག་པ་གཡོན་པའི་མཐེའུ་ཆུང་གིས་གཡས་པའི་མཐེ་བོ་བཟུང། གཡོན་པའི་མཐེ་བོས་ཀྱང་གཡས་པའི་མཐེ་ཆུང་བཟུང་ལ། དེ་ལྟར་མཐེ་ཆུང་དང། མཐེ་བོང་སྦྲེལ་བའི་ལག་པ་གཉིས་ནི་བླ་འོག་ཏུ་འགྱུར་ཏེ། འདི་ནི་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིན་ནོ། །དེ་ནས ་རྡོ་རྗེས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཆུས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་འདི་ནི་བསང་གཏོར་བྱ་བ་ལྟ་བུ་ཡིན་ཏེ་གང་གི་ཕྱིར་དཀྱིལ་འཁོར་འདི་ནི་ཕལ་ཆེར་འཇིག་རྟེན་གྱི་ལྷས་བྱིན་གྱིས་བརླབས་པ་ཡིན་ལ། གང་ཕྱི་རོལ་གྱི་གཙང་སྒྲ་ལ་དགའ་བ་དེ་དག་གི་ཕྱིར། ་དབང་བསྐུར་བ་འདིས་དག་པར་བྱས་ལ་བཟོད་གཞུག་པར་བྱ་བ་ཡིན་ནོ། །འདི་མགོ་སྨོས་པ་ཙམ་དུ་ཟས་ཀྱི་དེ་རྣམས་ཀྱི་གཟུང་བའི་ཆོ་ག་ལྷག་མ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོ་ག་བཞིན་དུ་ཤེས་པར་བྱའོ། །དེ་ནས་གདོང་གཡོགས་པ་དཀྲོལ་ནས་ཞེས་བྱ་བ་ནི་གོ ་སླའོ། །དཀྱིལ་འཁོར་བསྟན་ནས་ཀྱང་འདི་མི་བསྟན་ཏོ་ཞེས་བྱ་བ་ལ་དེ་ལྟར་ཞུགས་པའི་སློབ་མ་དེ་ལ་ཡང་བསྟན་པར་མི་བྱའོ། །གང་ཡིན་པ་ཞེས་པ་ནི་འདྲི་བ་སྟེ་བུ་ཞིག་ཡིན་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ་གལ་ཏེ་ལྷ་དེ་རྣམས་གང་ཡིན་ཞེས་འདྲི་ན། དེའི ་ཚེ་དེ་ལ་རྣམ་པར་གསོས་ནས་བསྟན་པར་མི་བྱ་སྟེ། འདི་ལྟར་དཀྱིལ་འཁོར་གཞན་དག་ཏུ་ཇི་ལྟར་བྲིས་པའི་ལྷ་རྣམས་སོ་སོར་ཕྱེ་སྟེ་བསྟན་པ་བཞིན་དུ་འདིར་བསྟན་པར་མི་བྱའོ། །དེ་ཡང་དཀྱིལ་འཁོར་འདིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཐོག་མ་ཁོ་ནང་དེ། ་བཞིན་གཤེགས་པ་ཐམས་ཅད་ལས་བདག་གིར་འདིར་གནས་པར་དགོད་པར་བགྱིའོ། །ཞེས་བདག་པོར་གསོལ་བ་བཏབ་སྟེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། རང་གི་སྤྱི་བོར་གཟི་བརྗིད་ཕུང་པོའི ་གཟུགས་སུ་བཞག་ནས། དབང་བསྐུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་དང། ལྷའི་ཁྱད་པར་ལྷག་མ་རྣམས་ཀྱང་གནས་སྐབས་ཇི་ལྟ་བ་བཞིན་དུ་བཀོད་ནས། དཀྱིལ་འཁོར་དུ་དབང་བསྐུར་བ་དེ་དག་ཀྱང་དེ་ལ་མི་བསྟན་ཏེ། འདི་རྣམ་པར་ཕྱེ་སྟེ་སྨྲ་བར་མ་བྱེད ་?་གཅེས་གསུངས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་དེའི་རྒྱུ་དྲིས་པ་སྟེ། ཕལ་པ་རྣམས་ཀྱི་རང་གི་བསམ་ལ་བསྟན་པ་ནི། སེམས་ཅན་ལོག་པར་ལྟ་བ་དག་ཀྱང་ཡོད་དེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་སངས་རྒྱས ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གཟུགས་སུ་བཞུགས་སོ་ཞེས་བྱ་བ་ལྟ་མི་སྲིད་དེ་ཞེས་མ་དད་པ་སྐྱེ་བར་འགྱུར་རོ། །དེ་འདི་སྐད་སྟོན་ཏེ། ཅི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གདོན་མི་ཟ་བར་མ་ཡིན་ནམ། གལ་ཏེ་དེ་བཞིན་གཤེགས ་པ་རྣམས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་དུ་བཅུད་ཅིང་དབང་བསྐུར་དུ་ཟིན་ན་ནི། ཕྱག་ན་རྡོ་རྗེ་བས་དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་ཆུང་བར་འགྱུར་ཞིང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གདོན་མི་ཟ་བར་འདོད་པ་ཡང། གདོན་མི་ཟ་བའི་ཡེ་ཤེས་སུ་མི ་འགྱུར་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་དེ་ལྟ་བུ་ཡིན་པར་དེ་བཞིན་གཤེགས་པ་རྣམས་བཞེད་དོ། །དེ་བས་ན་ཕྱག་ན་རྡོ་རྗེས་དབང་བསྐུར་བ་མི་རིགས་སོ་སྙམ་པ་དེ་ལྟ་བུའི་ཉེས་པ་འདི་སྤང་བར་བྱ་བའི་ཕྱིར་དཀྱིལ་འཁོར་འདིས་སངས་རྒྱས་བཅོམ་ལྡན་འདས་ཕྱག ་ན་རྡོ་རྗེས་དབང་བསྐུར་ཏོ། །ཞེས་སྨྲ་བར་མི་བྱ་སྟེ། འདི་དམ་ཚིག་ཡིན་ནོ། །གཞན་དུ་ན་གང་ལྷ་ཆེན་པོ་ལ་སོགས་པ་ལ་དད་པ་དེ་རྣམས་ལ་མནའི་སྙིང་པོ་བྱིན་ནས་གདོད་བསྟན་པར་བྱའོ། །མནའི་སྙིང་པོ་ནི་ཁྲོ་བོ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་སྔར་སྨྲས་པ་ཉིད་ཡིན་ནོ། །དེ ་ལྟར་མ་ནའི་སྙིང་པོ་བྱིན་ནས་དཀྱིལ་འཁོར་གྱི་ལྷའི་ཚོགས་རྣམས་སོ་སོར་ཕྱེ་སྟེ། བསྟན་པར་བྱ་ལ། དེའི་འོག་ཏུ་དབང་བསྐུར་བར་བྱའོ། །ཆུ་ཡི་དབང་བསྐུར་བ་ནི་འདིར་མ་སྨོས་སུ་ཟིན་གྱིས་ཀྱང། རྡོ་རྗེ་བྱིན་གྱིས་བརླབས་པའི་བུམ་པ་པས་རྡོ་རྗེའི་ཆུས་དང་པོར་དབང་བསྐུར་བར་བྱ ་དགོས་སོ། །དེ་ནས་རྡོ་རྗེ་རིན་པོ་ཆེས་མཚན་པའི་ཕྲེང་བས་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེས་མཚན་ཅིང། རྟགས་སུ་བྱས་པའི་ཕྲེང་བ་ནི་རྡོ་རྗེ་རིན་པོ་ཆེས་མཚན་པའི་ཕྲེང་བ་སྟེ་ངེས་དབང་བསྐུར་བར་བྱའོ། །གང་གི་ཕྱིར་མངོན་པར་མཐོ་བ་དོན་དུ་གཉེར་ཞིང་ཕྱི་རོལ་གྱི་ལྷའི་གོ་འཕང ་སྒྲུབ་པ་རྣམས་དང། སངས་རྒྱས་རྣམས་ལ་སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བ་མི་རིགས་ཏེ། དེ་བས་ན་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་དབང་ཕྱུག་སྟོན་པར་བྱེད་པའི་རིན་པོ་ཆེའི་དབང་བསྐུར་བ་འདི་ཉིད་བྱའོ། །དེ་བས་ན་མངོན་པར་མཐོ་བའི་དོན་སྦྱིང་སྟོན་པས་སྤྱིའི་རྡོ་རིམ ་པོ་ཆེའི་དབང་བསྐུར་བ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་རྡོ་རྗེའི་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་མིང་གི་དབང་བསྐུར་བ་སྦྱིན་པར་བྱའོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན། ཇི་ལྟར་རྡོ་རྗེ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྱའོ་ཞེས་བྱ་བ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར ་རྒྱལ་བའི་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་གཞན་ཡང་ངོ། །ཕྱག་རྒྱ་བཅིང་བ་དམ་བཅས་ཏེ། ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་ཉིད་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་སྒྲར་གསུངས་ཏེ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི་བསྒྲུབ་པའི་ཚུལ་གྱིས་བར་མི་བཅད་པ་ཡིན་ནོ། །རྡོ་རྗེ ་བཅིང་བ་དམ་བྱས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ཏེའོ། །ཇི་ལྟ་བུར་ཞེ་ན། མཐེ་བོ་ནང་དུ་སྦྱར་ནས་ནི་ཞེས་བྱ་བ་ནི་མཐེ་བོ་གཉིས་ཀ་ནང་དུ་གཞུག་པའོ། །མཛུབ་མོ་བཀུག་སྟེ་གཉིས་ཀས་དགབ?་ཅེས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཚུལ་དུ་མཛུབ་མོ་གཉིས་བཀུར་ནས་མཛུབ ་མོ་གཉིས་ཀའི་ཟུང་གྱིས་དགབ་པ་ཡིན་ཏེ། འདི་ནི་སེམས་དཔའ་ཨི་གཙུག་ཏོར་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་དེ་ཉིད་ལས་མཐེ་བོ་དང། མཐེའུ་ཆུང་དང། གུང་མོ་རྣམས་གཤིབས་ཏེ་རྩེ་མོར་བྱས་པ་རྡོ་རྗེ་རྩེ་གསུམ་པ་ལྟ་བུ་འདི་ནི་གཟི་བརྗིད་ཕུང་པོ་ཞེས་བྱ་བའི་ཕྱག ་རྒྱ་ཡིན་ནོ། །ཕྱག་རྒྱ་དེ་གཉིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གྱི་གནས་སུ་བྱའོ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ་ཞེས་བྱ་བ་ནི་རྡོ་རྗེའི་བུ་ཚུར་གཉིས་བཅིངས་ལ་མཐེ་བོ་དང། མཐེའུ་ཆུང་གཉིས་རྒྱབ་ལོགས་ནས་གཅིག་ལ་གཅིག་འཁྱུད་པ་ནི་རིག་པ་ཆེན་པོ་དམ་པའི་ཕྱག་རྒྱ ་ཡིན་ནོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཉིས་ཀྱི་ངོས་སྤྲད་དེ་སྙིང་གར་གཏད་པ་ནི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། །ཕྱག་རྒྱ་དེ་གཉིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་རིག་པར་བྱའོ། །དེ་ཉིད་ལས་ཞེས་བྱ་བ་ནི་རིག་པ་ཆེན་པོའི་དམ་པའི་ཕྱག་རྒྱ་དེ་ལས་གུང ་མོ་དང། སྲིན་ལག་གི་སོར་མོ་རབ་ཏུ་བསྡམས་ནས་ནི་ཞེས་བྱས?་ཤིན་ཏུ་མཉམ་པར་བཞག་པའོ། །ཇི་ལྟ་ཞེ་ན། རྡོ་རྗེ་རིན་ཆེན་ཚུལ་དུ་ནི། བསྒྱུར་ནས་གདོད་དུ་བཞག་པར་བྱ་ཞེས་བྱ་བ་སྟེ། མཐེ་བོ་འོག་ཏུ་བཞག་ལ་གུང་མོ་དང་སྲིན་ལག་གི་རིན་པོ་ཆེ་དབང་བསྐུར་བའི་གནས་སུ ་གཏུག་པར་བྱའོ། །རིག་པ་ཆེན་མོ་དམ་པའི་ཕྱག་རྒྱ་དེ་ཉིད་སྙིང་ཁའི་ཐད་ཀར་བཞག་ལ། མཐེ་བོ་སྦྲེལ་བ་གཉིས་བཀྲོལ་ཞིང་མཐེའུ་ཆུང་ལྕགས་སྒྲོག་གི་ཚུལ་དུ་སྦྲེལ་བ་བསྐོར་ཏེ་ལག་པ་གཉིས་བཀན་པར་བྱའོ། །དེ་ནས་མཛུབ་མོ་གཉིས་ལྕགས་སྒྲོག་གི ་ཚུལ་དུ་གཅིག་ལ་གཅིག་སྤྲེལ་ལ། ལག་པ་གཉིས་ཀའི་གུང་མོ་དང་སྲིན་ལག་གཤིབས་ཏེ། གྱེན་དུ་བསྒྲེང་ལ་ཀ་བ་བཞིའི་ཚུལ་དུ་བཞག་པར་བྱའོ། །མཐེ་བོ་གཉིས་གུང་མོ་དང་སྲིན་ལག་གི་ཚིགས་གསུམ་པའི་དྲུང་དུ་བཞག་པ་འདི་ནི་མེ་ཏོག་བཞི་པ་ཞེས་བྱ་སྟེ། ་པདྨའི་རིག་པ་དམ་པའི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་རིག་པའི་མཆོག་གི་ཕྱག་རྒྱ་ཉིད་དོ། །ལུས་ཀྱི་དཀྱིལ་འཁོར་བསྐོར་བར་བྱ་ཞེས་བྱ་བ་ནི་སྤྱི་བོ་ནས་བརྩམས་ཏེ། གཡོན་ལོགས་སུ་ཕབ་ལ། འོག་ཏུ་རྐང་པ་ལ་ཐུག་གི་བར་དུ་ཁྱེར་ཏེ་གཡས་ལོག་ནས་སླར་གྱེན་དུ ་དཀྲི་ཞིང་སླར་སྤྱི་བོའི་བར་དུ་དྲང་བ་འདི་ནི་ལུས་ཀྱི་དཀྱིལ་འཁོར་མཆོག་བསྐོར་བ་སྟེ་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱའོ། །ད་ནི་རྣམ་པར་སྣང་མཛད་ཀྱི་གནས་དེ་ཉིད་ཀྱི་སརྦ་འདི་ཅེས་བྱ་བའི་སྙིང་པོའི་ཕྱག་རྒྱ་གསུམ་པ་ནི་སེམས་མ་རྡོ་རྗེ་དམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ ་བཅིངས་པའི་གུང་མོ་གཉིས་སྦྱར་ནས་རྩེ་མོར་བྱས་པའི་སེམས་པ་རྡོ་རྗེའི་ཕྱག་རྒྱར་འགྱུར་རོ། །དེ་གཉིས་ཀྱི་མཐེའུ་ཆུང་གཉིས་བསྒྲེང་བ་ནི་སརྦ་ཐིད་ཀྱི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། །མཐེ་བོ་མཐེའུ་ཆུང་བཅིངས་ནས་ནི་ཞེས་བྱ་བ་ནི་རིག་པ་མཆོག་གི་རང་བཞིན་གྱི་ཕྱག་རྒྱ་སྟོན་ཏེ། དེ་ཉིད་ལས ་གཡོན་པའི་སོར་མོ་གསུམ་ཆར་བརྒྱང་བའི་རྩེ་གསུམ་པའི་དབུས་མ་ལ་མཛུབ་མོ་གཡས་པའི་རྡོ་རྗེ་བཞག་པ་ནི་རྩེ་གསུམ་པའི་དབུ་མ་རྩེ་ཞེས་བྱ་སྟེ། དབུས་ན་རྩེ་མོ་ཡོད་པས་ན་དབུ་མ་རྩེའོ། །རྡོ་རྗེ་ཕྱག་རྒྱར་བཟུང་བ་དེ་ཞེས་བྱ་བ་ནི་ལག་པ་གཡས་པ་ན་རྡོ་རྗེ་འཛིན་པ་སྟེ་ད་? ་ན་རྡོ་རྗེ་ཕྱག་རྒྱ་བཟུང་བ་དེ་ཞེས་བྱ་བ་ཡིན་ནོ། །འདི་ནི་སྙིང་པོ་གཉི་གའི་སྤྱིའི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། ཞེས་བྱ་བ་ནི་རྡོ་རྗེ་བཅིངས་པ་བཅིངས་ལ། མཛུབ་མོ་གཡོན་པ་བཏེག་སྟེ། མཐེ་བོའི་དྲུང་དུ་བཞག་ལ་མཐེ་བོ་ཡང་དེའི་སྟེང་དུ་བཀུག་སྟེ་བཞག་ནས། དེ ་གཉིས་ཀ་གཡས་བའི་མཐེ་བོ་དང་མཛུབ་མས་བཅིང་བ་འདི་ནི་གཡོན་པ་རྡོ་རྗེར་བཅིང་བ་ཞེས་བྱ་སྟེ། ཕྱིའི་རྡོ་རྗེ་རིགས་ཀྱི་རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ན་རང་བཞིན་གྱི་ཁུ་ཚུར་དུ་འགྱུར་རོ། །མཚན་མ་ཀུན་ནི་དེས་བཞག་གོ་ཞེས་བྱ་བ་ནི ་རྒྱལ་མཆན་དང་ཁ་ཊཝཱཾ་ག་ལ་སོགས་པ་དགོད་པའོ། །ཕྱག་རྒྱ་རྣམས་ཀྱང་འབྱུང་བ་སྟེ་ཞེས་བྱ་བ་ནི་རྩེ་གསུམ་པ་ལ་སོགས་པའོ། །མདུན་བརྐྱང་སྟེང་དུ་བཞག་པ་དང་ཞེས་བྱ་བ་ནི་མདུན་དུ་ལག་པ་གཡོན་པ་ཁ་སྦུབ་སྟེ་བརྐྱང་ལ་དེའི་སྟེང་དུ་ལག་པ་གཡས་པ་བརྐྱང་ནས་བཞག་པ་འདི་ནི་མདུན ་བརྐྱང་སྟེང་དུ་བཞག་ཅེས་གསུངས་པ་སྟེ། རྡོ་རྗེ་སྒྱུ་མའི་འཁོར་ལོའི་ཕྱག་རྒྱའོ། །མཛུབ་མོས་མཐེབ་སྟན་བཅད་པ་དང་ཞེས་བྱ་བ་ནི་མཛུབ་མོ་དང་མཐེ་བོས་ལག་པ་གཡོན་པ་བཟུང་ལ་དྲིལ་བུ་དཀྲེལ་བའི་ཚུལ་དུ་ལ་ཐུར་དུ་བསྟན་ནས་བཞག་པ་འདི་ནི་རྡོ་རྗེ་གཞོན་ནུའི་དྲིལ་བུའི་ཕྱག་རྒྱའོ།། ་ཨོཾ་ཞེས་བྱ་བ་སྤྱིར་བཞག་སྟེ་ཞེས་བྱ་བ་ནི་མཛུབ་མོ་གཡོན་པ་བཀུག་ལ་མཐེ་བོའི་རྩེ་མོའི་རྩེ་མོར་གཏུགས་ཏེ། སོར་མེ་ལྷག་མ་གསུམ་བརྐང་ལ་དབང་བསྐུར་བའི་གནས་སུ་བཀན་ཏེ་བསྐྱད་པ་དེ་ལྟ་བུ་ནི་ཨོཾ་ཞེས་བྱ་བ་སྤྱི་བོར་བཞག་པ་ཡིན་ནོ། །རྡོ་རྗེ་སྟེང་དུ་བཞག་པའོ་ཞེས་པ་ནི་ལག་པ ་གཡས་པ་བརྐྱང་སྟེ་གཡོན་བའི་ཁུ་ཚུར་གྱི་མཐེ་བོའི་སྟེང་དུ་ཁ་སྤུབ་པ་སྟེ། འདི་ནི་བརྒྱ་བྱིན་གྱི་གདུགས་ཀྱི་ཕྱག་རྒྱའོ། །རབ་ཏུ་བརྐྱང་ནས་ལག་གནས་པ་ཞེས་བྱ་བ་ནི་ལག་པ་གཡོན་བ་མདུན་དུ་བཀན་ལ་དེའི་སྟེང་དུ་ལག་པ་གཡས་པ་བརྐྱང་སྟེ། ཁ་སྦུབ་ནས་བཞག་པ་འདི་ནི ་རྡོ་རྗེ་འཁྱིལ་བའི་ཕྱག་རྒྱའོ། །ལག་པའི་རྒྱབ་ཏུ་དེ་བཞིན་ཏེ། ཞེས་བྱ་བ་ནི་ལག་པ་གཡས་པ་མདུན་དུ་ཁ་སྦུབ་ནས་བཞག་པ་དེའི་སྟེང་དུ་གཡོན་པ་ཁ་སྦུབ་ནས་བཞག་པ་འདི་ནི་རྡོ་རྗེ་འོད་ཀྱི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེ་?་ཚུར་བཅངས་ལ་དབྱུག་པ་འཛིན་པའི་ཚུལ་དུ་མཆན་ཁུང་? ་?་བསྟན་ནས་བཞག་པ་འདི་ནི་རྡོ་འདབྱུག་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་དེ་ཉིད་ཁའི་ཐད་ཀར་སྒེག་པ་དང་བཅད་པར་བསྐོར་བ་འདི་ནི་རྡོ་རྗེ་སེར་སྨུག་གི་གདོང་གཉེར་བར་བྱེད་པའི་ཕྱག་རྒྱའོ། །གཡོན་པའི་མཐེ་བོའི་སྟེང་དུ་བཞག་ཅེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེ་བོའི་སྟེང ་དུག་པས་པའི་རྡོ་རྗེ་ཁུ་ཚུར་བཞག་པ་འདི་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་གླང་པོའི་སྣའི་གདུགས་ཀྱི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་མགལ་མོ་བསྐོར་བའི་ཚུལ་དུ་མགོ་ལ་བསྐོར་བ་འདི་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱའོ། །ཁུ་ཚུར་གཡས་པ་བརྐྱང་ལ་སྦྱིན་པ་བྱེད་པའི ་ཚུལ་དུ་སྟོན་པ་འདི་ནི་རྡོ་རྗེ་དབང་གི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ཁུ་ཚུར་མཆོག་ཅེས་བྱ་བ་ལ་ཁུ་ཚུར་མཆོག་ནི་འདིར་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ཁུ་ཚུར་ལ་བྱ་སྟེ། ལག་པ་གཡོན་པ་དང་དེས་རལ་གྲི་འཛིན་པའི་ཚུར་དུ་སྟོན་པར་རལ་གེའི་ཕྱག་རྒྱ་ཁུ་ཚུར་མཆོག་ཅེས་བྱ་སྟེ ་རྣམ་པར་རྒྱལ་བའི་རྡོ་རྗེའི་ཕྱག་རྒྱའོ། །གཡས་བ་བདུན་དུ་གཏུན་རིང་འཛིན་ཅེས་བྱ་བ་ནི་ཁུ་ཚུར་གཡས་པས་སྙིང་གར་བཏུན་རིང་འཛིན་པའི་ཚུལ་དུ་སྟོན་པ་ནི་རྡོ་རྗེ་གཏུམ་པོའི་གཏུན་རིང་གི་ཕྱག་རྒྱའོ། །ལག་པ་བརྐྱང་པའང་དེ་བཞིན་ཏེ། ཞེས་བྱ་བ་ནི་དཔུང་བ་གཉིས་ཀྱེན?་དུ ་བརྐྱང་སྟེ་བ་དན་འཕྱར་བའི་ཚུལ་དུ་བྱེད་པ་འདི་ནི་རྡོ་རྗེ་རླུང་གི་བ་དན་གྱི་ཕྱག་རྒྱའོ། །གཡས་པས་འོད་ནི་འབར་བར་བསྟན་ཞེས་བྱ་བ་ནི་ལག་པ་གཡས་པ་བརྐྱང་ལ་འབར་བ་འཕྲོ་བའི་ཚུལ་དུ་སྟོན་པ་འདི་ནི་རྡོ་རྗེ་མེ་འབར་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་བསྐྱོང་པའོ་ཞེས་བྱ ་བར་ནི་རྡོ་རྗེ་འཇིགས་པའི་ཕྱག་རྒྱའོ། །བསྒྱིངས་བཅས་མཛུབ་མོ་ཁར་མཆེ་བ་ཞེས་བྱ་བ་ནི་འགྱིང་བག་དང་བཅས་པས་གནས་ལེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བཀུག་སྟེ། ཁའོ་ཕྱོགས་སུ་བག?་གི་མཆེ་བའི་ཚུལ་དུ་བཞག་པ་འདི་ནི་རྡོ་རྗེ་ལྕགས་ཀྱུའི་མཆེ་བའི ་ཕྱག་རྒྱའོ། །དབྱུག་པ་བསྣུན་ཅིང་མནན་པ་དང་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཡས་པས་བསྟན་པ་ལྟར་?་རིང་ཐུར་དུ་གྲེད་པ་ལྟར་གཏད་པ་འདི་ནི་རྡོ་ཇེ་དུས་ཀྱི་དབྱུག་པའི་ཕྱག་རྒྱའོ། །དབུང་བ་བསྐུམ་ཞིང་དཔྱང་བ་དང་ཞེས་བྱ་བ་ནི་དཔུང་པ་གཡོན ་པ་བསྐུམ་ལ་དཔྱད་པ་ལྟར་བྱ་བ་འདི་ནི་རྡོ་རྗེ་བགེགས་ཀྱི་གཙོ་བོ་རྡོ་རྗེ་སྣའི་ཕྱག་རྒྱའོ། །ལག་པ་གཡོན་པས་ལག་པ་གཡས་པའི་མཁྲིག་མ་ནས་བཟུང་སྟེ་ཞགས་པ་འདྲེན་པའི་ཚུལ་དུ་དྲང་བ་འདི་ནི་ཆུ་ལྷའི་ཞགས་པའི་ཕྱག་རྒྱའོ། །གང་སྡར?་དཀྱིལ་འཁོར་ལ་དགོས་པ་རྣམས ་ཤུགས་ཀྱིས་སྦྱར་བ་དེ་བསྟན་པའི་ཕྱིར། དཀྱིལ་འཁོར་ཀུན་ཏུ་བརྟག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟག་པ་ནི་བྱ་བའོ། །གང་དུ་ཞེན་དཀྱིལ་འཁོར་དུའོ་།ཅི་ཕྱོགས་གཅིག་ཏུ་བྱ་འམ་ཞེ་ན། མ་ཡིན་ཏེ་ཀུན་ཏུའོ། །ཇི་ལྟར་བྱ་ལ་ཞེ་ན། གཡོན་པས་རྡོ་རྗེ་གཟུངས་ནས་སོ་ཞེས་བྱ་བ་སྟེ། ལག་པ་གཡོན ་པས་ལས་ཀྱི་རྡོ་རྗེ་བཟུང་ལ། ཐིག་གདབ་པ་ལ་སོགས་པའི་ལས་ཐཾས་ཅད་སློབ་དཔོན་གྱིས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རབ་ཏུ་བཤད་བྱ་བ། །བསྒྲུབ་པ་དང་ནི་ལས་ཉིད་ཞེས་པས་ནི་ཕྱག་རྒྱ་རྣམས་ཀྱི་བསྒྲུབ་པ་དང། དེ་དག་ཉིད་ཀྱི་གྲུབ་པའི་ལས་གང་ཡིན་པ་དེ་བསྟན་པར་བྱའོ་ཞེས་གསུངས་པའོ། །བསྒྲུབ་པ་དེ ་གང་ཡིན་ཞེ་ན། སེམས་དཔའ་གང་གི་ཕྱག་རྒྱ་གང་ཞེས་བྱ་བ་གསུངས་ཏེ། སེམས་དཔའ་གང་གི་ཞེས་བྱ་བ་ནི་བསྒྲུབ་བར་བྱ་བའི་ལྷའི་ཁྱད་པར་གང་གིའོ། །ཕྱག་རྒྱ་ག?་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །དོར་ནི་བདག་རང་ཉིད་གྱུར་ཏེ་ཞེས་བྱ་བ་ནི་དེར་ནི་ཞེས་བྱ་བ་ཕྱག་རྒྱ་ཆེན་པོའི་གཟུགས་གང་ཡིན་པ་དེའི་གཟུགས ་སུ་བདག་རང་ཉིད་ཅེས་བྱ་བ་སྔགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་དེར་ནི་བསྒོམས་གྱུར་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བྱིན་གྱིས་བརླབས་པ་དང། དབང་བསྐུར་བ་ལ་སོགས་པའི་ཚུལ་གྱིས་དེའི་གཟུགས་སུ་བསྒྲུབས་ཤིང་དེ་ལྟར་བསྒོམས་ན་བདག་ཉིད་དེ་བཞིན་དུ་ཕྱག་རྒྱ་བསྒྲུབ་པའི་དམ་པར་འགྱུར ་རོ། །དེ་ལྟར་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་བསྒྲུབ་པ་བསྟན་ནས་སོ་སོའི་ལས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གཙུག་ཏོར་ཆེན་པོ་བསྲུང་བ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུག་ཏོར་ཆེན་པོ་ནི་སེམས་དཔའ་གཙུག་ཏོར་རོ། །བསྲུང་བ་ཆེ་ཞེས་པ་ནི་བསྲུང་བ་ཐད་ལས་ལྷག་པ་ཞེས་བྱ་བའི་དོན་ཏོ། ་གཟི་བརྗིད་ཕུང་པོ་རབ་གྲུབ་སྟེར་ཅེས་བྱ་བ་ནི་གཟི་བརྗིད་ཕུང་པོ་ནི་དངོས་གྲུབ་བཟང་པོ་སྦྱིན་པར་བྱེད་པ་ཡིན་པས་ན་རབ་གྲུབ་སྟེང་ཅེས་བྱ་བ་སྟེ། སྔགས་པས་བསྒྲུབ་ཚེ་སྦྱར་བར་བྱའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་ཀུན་བྱེད་ཅེས་བྱ་བ་ནི་ལས་ཐམས་ཅད་མཛད་པས་ན་ཀུན་བྱེད་དེ། གནས་བཞི་ཆར་དུ་ཡང་རྡོ་རྗེ་ཧཱུཾ་ཞེས་བྱ་བ་དེ་ཉིད་དུ ་ཟད་པས་ནི་བྱེ་བྲག་མེད་པར་སྤྱིའི་ལས་སུ་བསྟན་ཏོ། །བཅོམ་ལྡན་འདས་དེའི་ཐུགས་ཀར་ཐད་འགུགས་པའི་ཕྱིར་ཐམས་ཅད་འགུག་ཅེས་བཤད་དོ། །རྣམ་པར་སྣང་མཛད་ཀྱི་གནས་ཀྱི་གསུམ་པ་ཐམས་ཅད་རིག་པའི་སྙིང་པོའི་ལས་བསྟན་པ་ནི་ཐམས་ཅད་གྲུབ་ཅེས་བྱ་སྟེ། རྡོ་རྗེ་རིག་པ་དམ་པ་ཡོ?་ཕྱག་རྒྱ་ནི ་དངོས་གྲུབ་དམ་པ་སྦྱིན་པར་བྱེད་པས་ན་རྡོ་རྗེའི་རིག་པ་དམ་པའོ། །དེ་ནས་ནི་རྡོ་རྗེ་མདུང་གི་ཕྱག་རྒྱ་སྟེ། དངོས་གྲུབ་ཆེན་པོ་སྦྱིན་པར་བྱེད་པས་ན་གྲུབ་པ་ཆེན་པོ་སྦྱིན་པར་བྱེད་ཅེས་གསུངས་སོ། །གང་གི་ཕྱིར་ལྷ་ཆེན་པོའི་སྙིང་པོ་གཉིས་བསྟན་པས་དེའི་ཕྱག་རྒྱ་གཉིས་སྟེང་དང་འོག་ཏུ་གནས ་པའི་ལས་རྣམ་པ་གཉིས་རྣམ་པར་ཕྱེ་སྟེ་བསྟན་ནོ། །སྒྱུ་མའི་རྡོ་རྗེ་ནི་མཐུ་བོ་ཆེའི་ཕྱག་རྒྱ་སྟེ། དེས་དངོས་གྲུབ་བཟང་པོ་སྦྱིན་པར་བྱེད་པས་ན་རབ་གྲུབ་སྟེར་ཅེས་བྱའོ། །དྲིལ་བུ་ནི་གཞན་ནུའི་ཕྱག་རྒྱ་སྟེ་ངེས་ནི་འབེབས་པའི་ལས་བྱེད་དོ། །དབྱུག་པའི་ཤིང་ནི་ཚངས་པའི་ཕྱག་རྒྱ་སྟེ་དེས་ནི་མྱ་ངན་ལས་འདས་པ་སྟེར ་བར་བྱེད་དོ། །རྡོ་རྗེའི་རྡོ་རྗེ་ནི་བརྒྱ་བྱིན་གྱི་ཕྱག་རྒྱ་སྟེ། དེས་ནི་ཐོག་འབེབས་པས་གདུག་ཅིང་གཏུམ་པ་རྣམས་གསོད་པར་བྱེད་དོ། །འབར་བའི་མཆོག་ནི་རྡོ་རྗེ་འཁྱིལ་པའི་ཕྱག་རྒྱ་སྟེ། དེ་ནི་མ་རུངས་པ་རྣམས་འདུལ་བར་བྱེད་དོ། །ཞི་བའི་མཆོག་ནི་རྡོ་རྗེ་འོད་ཀྱི་ཕྱག་རྒྱ་སྟེ། དེས་ནི་གདུག་ཅིང་གཏུམ་པ་རྣམས་བསོད ་བར་བྱེད་དོ། །དབྱུག་པ་མཆོག་ནི་རྡོ་རྗེའི་དབྱུག་པའི་ཕྱག་རྒྱ་སྟེ་དེ་ཡང་གདུག་ཅིང་གཏུམ་པ་རྣམས་བསོད་པར་བྱེད་དོ། །འཇིགས་པའི་མིག་ནི་རྡོ་རྗེ་སེར་སྨུག་གི་ཕྱག་རྒྱ་སྟེ་དེ་ནི་གདུག་ཅིང་གསུམ?་པ་ཐམས་ཅད་གསོད་པར་བྱེད་དོ། །མྱོས་པ་ནི་རྡོ་རྗེ་གླང་པོའི་སྣའི་ཕྱག་རྒྱ་སྟེ་དེ་ནི་མྱོས་པའི་ལས་བྱེད་དོ། །ཕྲེང་བ་ནི་རྡོ ་ཕྲེང་བའི་ཕྱག་རྒྱ་སྟེ་དེ་ནི་ཐམས་ཅད་དབང་དུ་བྱེད་པ་ལ་སོགས་པའི་ལས་བྱེད་དོ། །འདོད་བྱེད་ནི་རྡོ་རྗེ་དབང་གི་ཕྱག་རྒྱ་སྟེ་དེ་ནི་དགའ་བར་བྱེད་པའི་ལས་བྱེད་དོ། །གསེད་པ་ནི་རྡོ་རྗེ་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྟེ། །དེ་ནི་གདུག་ཅིང་གཏུམ་པ་ཐམས་ཅད་གསོད་པར་བྱེད་དོ། །ཐོ་བ་ནི་རྡོ་རྗེ་གཏུམ་པོའི་ཕྱག་རྒྱ་སྟེ་དེ་ཡང ་གདུག་ཅིང་གཏུས་པ་རྣམས་ངེས་པས་འཇོམས་པར་བྱེད་དོ། །ངས་ནི་རླུང་གི་ཕྱག་རྒྱའོ། །རས་རྒྱུ་དེ་བཞིན་ཏེ་ཞེས་བྱ་བ་ནི་རས་གྱི་དངོས་གྲུབ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འབར་བའི་མཆོག་ནི་རྡོ་རྗེ་མེའི་ཕྱག་རྒྱ་སྟེ་དེ་ཡང་གདུག་པ་རྣམས་འདུལ་བར་བྱེད་དོ། །གནོད་སྦྱིན་མ་ནི་རྡོ་རྗེ་འཇིགས་པའི་ཕྱག ་རྒྱ་སྟེ་དེས་ནི་གདོན་རྣམས་ཀྱིས་འཛིན་པར་བྱེད་དོ། །རྡོ་རྗེ་ཆེ་བ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། དེ་ནི་གདུག་ཅིང་གཏུམ་པ་རྣམས་ཟ་བར་བྱེད་དོ། །གསོད་པ་ནི་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་སྟེ། དེ་ན་གདུག་ཅིང་གཏུམ་པ་ཐཾས་ཅད་གསོད་པར་བྱེད་དོ། །བགེགས་བྱེད་མ་ནི་རྡོ་རྗེ་བགེགས་བྱེད་ཀྱི་གཙོ་བོའི་ཕྱག་རྒྱ་སྟེ་དེ་ནི་ཡིད་དུ་མི་འོད་བ ་ཐམས་ཅད་ཀྱི་བགེགས་བྱེད་དོ། །འཕྲོག་པ་ནི་ཀླུའི་རྡོ་རྗེའི་ཕྱག་རྒྱ་སྟེ་དེ་ནི་ཐམས་ཅད་འཕྲོག་པར་བྱེད་ཅིང་ནོར་དང་འབྲུ་ལ་སོགས་པ་ཐམས་ཅད་འགྲུགས་པའི་ལས་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གོ་།རྟོག་པའི་རྒྱལ་པོ་ཡང་ཡིན་ལ ་ཆེན་པོ་ཡང་ཡིན་པས་རྟོག་པའི་རྒྱལ་བ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་ལས་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་གྱི་འཁོར ་ལོའི་འགྲེལ་པའོ།། །ད་ནི་དེ་ནས་གཞན་ཡང་འཇིག་རྟེན་པའི་ཕྱག་རྒྱའི་དཀྱིལ་འཁོར་དུ་གཏོགས་པའི་དགོས་པ་གྲུབ་པར་བྱ་བའི་དོན་དུ་ཕྱག་རྒྱའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །སྐལ་བ་ཕུན ་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལས་བལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས ་ནི་སྔགས་ཀྱི་གཟུངས་སོ། །དེ་རྣམས་ཀྱང་ཕལ་ཆེར་འཇིག་རྟེན་པའི་སྐབས་འདིར་གཙོ་བོར་གྱུར་པ་ཡིན་པས་ན་འདིར་དེ་སྐད་གསུངས་པ་ཡིན་ཏེ། དེ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས་ཀྱི་དམ་ཚིག་གོ་།དེའི་ཐུགས་རྡོ་རྗེ་གང་ལས་བྱུང་བ་དེ ་བྱིན་གྱིས་བརླབས་པའི་ཕྱིར། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་རང་གི་རིག་པ་དམ་པ་འདི་གསུངས་སོ་ཞེས་བྱ་བ་ལ་སོགས ་པ་ཐམས་ཅད་ནི་གོ་སླའོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །ཡང་ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་ལས་བལྟོས་པའོ། །ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །རྡོ་རྗེ་རིགས་ཐམས་ཅད་ནི་འཇིག་རྟེན ་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །རྡོ་རྗེ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་དཀྱིལ་འཁོར་ཏེ། རྡོ་རྗེ་ཧཱུཾ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་ནས་རབ་ཏུ་བཤད་བྱ་བ་ཞེས་བྱ་བ ་ལ་དེ་ནས་ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་གྱི་རྗེས་ཐོགས་ལའོ། །གཟུངས་ཀྱི་དཀྱིལ་འཁོར་མེད་པར་དེ་དང་འབྲེལ་པའི་དགོས་པ་མི་འགྲུབ་པས་ན་དེ་ནས་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད ་པའོ། །རྡོ་རྗེ་དཀྱིལ་འཁོར་དམ་པ་སྟེ་ཞེས་བྱ་བ་ལ་དམ་པ་ནི་འོག་ནས་བཤད་པའི་རང་གི་རིགས་ཀྱི་དཀྱིལ་འཁོར་ལས་བལྟོས་པའོ། །དེའི་ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྟེ་ནང་རིམ་དུའོ། །དེ་བཞིན་སྒོ་ནི་ཤར་ཕྱོགས་གདོད་ཅེས ་བྱ་བ་ལ་དེ་བཞིན་ཞེས་སྨོས་པས་ནི་ཇི་ལྟར་ཕྱིའི་དཀྱིལ་འཁོར་གྲུབ་ཞི་པ་ལ་སྒོ་གཅིག་པ་ལྟར་ནང་གི་དཀྱིལ་འཁོར་ཡང་དེ་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་དབུས་སུ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ནང་གི་དཀྱིལ་འཁོར་གྱིའོ། །ཅི་རིགས ་བར་ཞེས་བྱ་བ་ནི་སྲད་བུ་བྲེས་པར་ཚོན་གྱིས་དགང་ཞེས་པ་དང། གསེར་དམ་འདུལ་ལས་བྱས་པ་འམ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་གཟུགས་ནི་བཞག་པར་བྱ་ཞེས་བྱའོ། །འཇིག་རྟེན་གསུམ་རྒྱལ་ལ་སོགས་པ་ཞེས་བྱ་བ་ནི ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྐུ་གཟུགས་ཐོབ་?་བྱས་ནས་རིན་ཆེན་ཧཱུཾ་མཛད་ལ་སོགས་པ་ཡོངས་སུ་བཟུང་ངོ། །དེའི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་ཀྱིའོ། །ཀུན་ཞེས་བྱ་བ་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བ་བཞག་ལ། གཡས་ཕྱོགས་ནས་བསྐོར་ཞིང་ཕྱོགས་བཞིར་རིན་ཆེན་ཧཱུཾ་མཛད་ལ་སོགས་པ་བཞག་པའོ། །དཀྱིལ་འཁོར་དེ་བཞིན་མཆོག་རྣམས་སུ་ཞེས་བྱ་བ་ནི་འཇིག་རྟེན་པའི་དཀྱིལ་འཁོར་བཞིའི་མཆོག་སྟེ་དབུས ་མེའི་གནས་ཀྱི་དབུས་སུ་བྲིས་ལ། རྡོ་རྗེའི་ཕྱག་རྒྱ་དབུས་སུ་བྲིས་པ་དེའི་ཕྱོགས་བཞིར། རིགས་ཀྱི་ཕྱག་རྒྱ་བྲི་བར་བྱ་ཞེས་བྱ་བ་སྟེ། རྡོ་རྗེ་སྒྱུ་མ་ལ་སོགས་པའི་ཕྱག་རྒྱ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནང་གི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན ་འདས་འཁོར་དང་བཅས་པ་བྲི་བར་བྱའོ། །རྡོ་རྗེ་གླང་རྣལ་སོགས་པ། བཞི་པོ་རྣམས་ནི་སྒོ་སྲུངས་སོ་ཞེས་བྱ་བ་ལ་སྔར་སྨོས་པ་གཉིས་གཟུགས་གཅིག་པའི་ཚུལ་གྱིས་ཤར་ཕྱོགས་ཀྱི་སྒོ་སྲུངས་སུ་བཀོད་ལ། ཕྱིས་སྨོས་པ་གཉིས་ནི་བྱང་གི་སྒོལ ་དགོད་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྲཝ་རྣམས་སུ་ཞེས་བྱ་བ་ནི་གཟུགས་སུ་བྱས་ལ། མེའི་མཚམས་སུ་འཇིགས་མ་བདེན་བྲལ་གྱི་ཕྱོགས་སུ་དཔལ་མོ། །རླུང་གི་ཕྱོགས་སུ་སྒྲ་དབང་མོ། །དབང་ལྡན་གྱི་ཕྱོགས་སུ་དུར་ཁ་དགོང་པར་བྱའོ། །འཇིགས་མ་དཔལ ་དང་སྒྲ་དབང་དང་ཞེས་བྱ་བ་ནི་མེ་ལ་སོགས་པར་དེ་དག་ཉིད་དགོད་པའོ། །དེ་རྣམས་ཉིད་ཅེས་བྱ་བ་ནི་འཇིགས་མ་ལ་སོགས་པ་སྟེ་འཇིགས་མའི་དུང་ངོ། །དཔལ་མེའི་ནི་པདྨའོ། །སྒྲ་དབང་མའི་ནི་པི་བང་ངོ། །དུར་གའི་ནི་བ་ཏི་སའོ། །དེ་ནས་ཆོག་རྒྱས ་པ་རྣམས། །ཇི་བཞིན་པར་ནི་བཤད་པར་བྱ་ཞེས་བྱ་བ་ལ། དེ་ནས་གཞན་ཡང་ཞེས་བྱ་བ་ནི་བྲི་བའི་ཆོ་གའོ། །ཆོ་ག་རྒྱས་པ་ནི་སློབ་དཔོན་གྱི་ལས་དང། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ། །བཤད་པར་བྱ་ཞེས་པ་ནི་རྣམ་པར་ཕྱེ་སྟེ ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །འདིར་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་དུའོ། །ཇི་ལྟར་འདོད་པ་བཞིན་དུ་བྱ་སྟེ་ཞེས་བྱ་བ་ནི་ཅི་དགའ་བར་རོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དམ་ཚིག་གི་ལས་བྱས་ནས་ཞེས་བྱ་བ་ནི་འཇུག ་པ་ལ་སོགས་པའི་ལས་བྱས་ནས་སོ། །རྡོ་རྗེ་འཆང་བའི་ཕྱག་རྒྱ་ཆོ་ག་བཞིན་དུ་བཅིངས་ལ་ཞེས་བྱ་བ་ནི་སློབ་མ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་འཛིན་དུ་བཅུག་ནས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་མཚོན་ཉིད་ཇི་བཞིན་དུའོ། །དེ་ནས་སློབ་མ་ལ་བསྒོ་བར་བྱ་སྟེ ་ཇི་ཞིག་བསྒོ་བར་བྱ་ཞེ་ན། སུའི་མདུན་དུ་ཡང་དམ་ཚིག་གི་ཕྱག་རྒྱ་དེ་རྣམས་མ་སྨྲ་ཞིག་།སུ་ལ་མི་སྨྲ་ཞེ་ན། དེའི་ཕྱིར་དམ་ཚིག་མ་མཐོང་བ་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་མ་མཐོང་བ་ལ་ཞེས་བྱ་བའི་དོན་ཏོ། །གསང་བ ་འཕེལ་བར་ཡང་མ་བྱེད་ཅིག་ཅེས་བྱ་བ་ནི་གང་འདིར་གསང་བ་བཤད་པ་དེ་ཡང་སུ་ལ་ཡང་བརྗོད་པར་མི་བྱའོ་ཞེས་པའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་གང་སློབ་དཔོན་གྱི་ལག་ན་འདུག་པའི་ལས་ཀྱི་རྡོ་རྗེའོ། །རྡོ་རྗེ་འཆང་བའི་ཕྱག་རྒྱའི ་སྟེང་དུ་བཞག་སྟེ། ཆོག་བཞིན་དུ་ཆུག་ཤིག་ཅེས་བྱ་བ་ནི་གདོད་གཡོགས་ལ་སོགས་པ་བྱས་ནས་སོ། །རྡོ་རྗེ་དེ་དེ་བཞིན་དུ་འོར་ཅིག་ཅེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་ཆོགས་སོ། །གང་ལ་བབ་པའི་དམ་ཚིག་གི་ཕྱག་རྒྱ་དེ་དེའི་དབང་དུ ་འགྱུར་ཏེ་ཞེས་བྱ་བ་ནི་དེས་འདིའི་ལས་ཐམས་ཅད་རབ་ཏུ་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །གདོང་གཡོགས་བཀྲོལ་ནས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོགས་སོ། །རིམ་པ་བཞིན་དུ་བསྟན་ཏེ་ཞེས་བྱ་བ་ནི་སྒོ་བསྲུངས་ནས་བརྩམས ་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཐུག་གི་བར་དུའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱའི་གསང་བ་སྨྲ་བར་བྱ་སྟེ་གསང་བ་དེ་དག་ཀྱང་གང་ཞེ་ན། དམ་ཚིག་གི་ཕྱག་རྒྱ་འདི་ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གི ་ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་ལ་གནས་པ་རྣམས་ལ་དགོས་པ་འདི་དག་བྱེད་པས་ན་དམ་ཚིག་གི་ཕྱག་རྒྱའོ། །འདི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའོ། །དགོས་པ་གང་གི་ཚེ་བྱེད་ཙ་ན། །རྟག་ཏུ་ཞེས་བྱ་བ་གསུངས་སོ། །གང་ཞིག་བྱེད་ཅེ་ན ་ལས་ཀུན་བྱེད་པ་སྟེ། ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་འདི་དག་ནི་འཇིག་རྟེན་པའི་སྟེ། འདོད་ཆགས་དང་བྲལ་བ་མ་ཡིན་པས་བསམ་པ་ཇི་ལྟ་བུས་བསྒྲུབས་པའི་དགོས་པ་དེ་བྱེད་དེ་ཞེས་བསྟན་པའི་ཕྱིར། མ་དང་སྲིད་མོ་རྣམས་དང་ནི། ཆུང ་མ་བུ་མོ་རྣམས་རྗེས་འབྲང་ཞེས་བྱ་བ་གསུངས་ཏེ། འབྲང་ཞེས་བྱ་བ་ནི་རང་དབང་དུ་འགྱུར་ཞེས་བྱ་བའི་དོན་ཏོ་འདི་སྐད་སྟོན་ཏེ། སྔོན་དུ་བསྙེན་པ་ནས་གྲུབ་པའི་བར་དུ་འབྲེལ་པ་གཅིག་ལ་སེམས་བརྟན་པར་བྱའི་བར་མདོར་གཞན་དུ་མི་བྱ ་སྟེ། གཞན་དུ་བྱས་པར་གྱུར་ན་གནོད་སྦྱིན་མོ་བཞིན་དུ་ཕུང་ཁྲོལ་བྱེད་པར་འགྱུར་རོ། །དེ་ལ་ཞེས་བྱ་བ་ནི་དམ་ཚིག་གི་དགོས་པའོ། །དེའི་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའི་ཕྱག་རྒྱའི་སྙིང་པོ་བཤད་པའོ། །འདི་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའི་ཕྱག ་རྒྱས་སོ། །ལན་ཅིག་བཟླས་པས་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའི་དུས་སུ་ལན་ཅིག་བཟླས་པས་སོ། །བུད་མེད་ཐམས་ཅད་དབང་དུ་བྱས་ཏེ་སྤྱད་ན་ཞེས་བྱ་བ་ལ་བུད་མེད་ཐམས་ཅད་ཅེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་དོ། །དབང་དུ་བྱས་ཏེ ་ཞེས་བྱ་བ་ནི། དམ་ཚིག་གི་ཕྱག་རྒྱ་བཅིང་བ་དང། དམ་ཚིག་གི་རིག་པ་བརྗོད་པའོ། །སྤྱད་ན་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་རང་གི་ལས་ལ་སྦྱར་བའོ། །ཆོས་མ་ཡིན་བར་མི་འགྱུར་རོ། །ཞེས་བྱ་བ་ནི་དེ་ལྟ་བུས་བསོད་ནམས་མ་ཡིན་པར ་མི་འགྱུར་བ་སྟེ། དམ་ཚིག་གི་ཕྱག་རྒྱ་མ་བཅིངས་ཤིང་དམ་ཚིག་གི་རིག་པ་མ་བརྗོད་པར་གལ་ཏེ་ཕྱག་རྒྱ་འཆིང་བར་བྱེད་ན་དེ་ལ། ཆོས་མ་ཡིན་པར་འགྱུར་ཏེ། དེས་ན་ཕྱག་རྒྱ་མི་འགྲུབ་ཅིང་དམ་ཚིག་ཀྱང་ཉམས་པར་འགྱུར་རོ། །ཅི་དགའ་ ་བར་ཐམས་ཅད་སྤྱད་ནས་བསྒྲུབ་པར་བྱ་སྟེ། ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། འདིར་རིགས་སྔགས་ཀྱིས་འདུལ་བ་མི་བསྲུང་དུ་མི་རུང་བ་མ་ཡིན་གྱི་གཞན་དུ་ན་གང་གིས་རང་གི་སེམས་ཇི་ལྟར་དགའ་བར་སྤྱད་པས་རྩེ་གཅིག་པར ་འགྱུར་བ་དེ་ཐམས་ཅད་སྤྱད་ལ་བསྒྲུབ་པར་བྱའོ། །དེ་ནས་ཐམས་ཅད་དག་པར་སེམས་ཀྱིས་རིག་ན་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ལ་འཇུག་པས་རྩེ་གཅིག་པ་ཐོབ་པར་འགྱུར་ན་ཡིད་ཀྱིས་ཀྱང་ཕྱག་རྒྱ ་ཐམས་ཅད་ཀྱིས་ལས་དམ་པ་ཐམས་ཅད་བྱེད་དོ་ཞེས་པ་སྟེ། དངོས་གྲུབ་ཀྱི་མཆོག་ཀྱང་སྦྱིན་པར་བྱེད་དོ། །དེ་སྐད་སུ་ཞིག་གསུམ་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསུངས་སོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཀྱི་བརྒྱ ་བྱིན་དང་རིག་པ་དམ་པས་ནི་མ་ཡིན་ཞེས་པའི། །དམ་ཚིག་ཁྲོ་བོའི་མཛུབ་ཅེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གཙུག་དང་ཞེས་བྱ་བ་ནི་སྤྱི་བོར་བཞག་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །སྙིང་གར་བཞག་པ་ནི ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་སྨིན་མཚམས་སུ་བཞག་ནི་རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །ཁ་ནས་དྲངས་ན་པདྨ་ཧཱུཾ་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད ་ཀྱི་ཕྱག་རྒྱ་སྤྱི་བོར་བཞག་ནས་མཐེའུ་ཆུང་སྦྲེལ་བར་བཀོལ་ན་གཉིས་སུ་བྱས་པར་འགྱུར་ཏེ། དེ་ལྟ་བུ་ནི་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱར་འགྱུར་རོ། །གཡོན་པ་རྡོ་རྗེ་མཛུབ་མོ་བཅིང་བ་ཡིན་པས་ན་གཡོན་པའི་རྡོ་རྗེ་མཛུབ་མོ་བཅིངས་པས་ཞེས་བྱ་སྟེ། གཡས་པའི ་མཐེ་བོ་དང་མཐེའུ་ཆུང་གཉིས་གཡོན་པའི་མཐེའུ་ཆུང་བཅིངས་ཏེ་སྤྲེལ་ལ་རྩེ་གསུམ་གྱི་མཚན་མ་གང་ལ་ཡོད་པ་དེ་ནི་རྩེ་གསུམ་གྱི་མཚན་མ་སྟེ་དེ་མནན་པར་བྱའོ། །འདི་སྐད་སྟོན་ཏེ་གཡོན་པའི་རྡོ་རྗེའི་སོར་མོ་ལྷག་མ་གསུམ་བརྐང་ལ་གཡས་པའི ་མཛུབ་མོའི་རྡོ་རྗེས་གཡོན་པའི་རྩེ་གསུམ་གྱི་སྟེང་དུ་མནན་ནས་བཞག་པར་བྱའོ། །ད་ནི་ཕྱག་རྒྱ་ལྷག་མ་རྣམས་འབྱུང་བའི་སྤྱིའི་ཕྱག་རྒྱ་བསྟན་པའི་ཕྱིར། རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་གཙོ་བོར་འདུས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། རྡོ་རྗེ་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི་ཞེས་བྱ་སྟེ། རྡོ་རྗེ་རྒྱལ་པོ་ལ་སོགས་པ་རོགས་ལྔའོ། །རྡོ་རྗེ་རིགས་དེ་དག་ཐམས་ཅད་ཀྱི་གཡོན་པ་རྡོ་རྗེ་གཙོ་བོར་འདུས་པ་ནི་གཡོན་པ་ཡང་ཡིན་ལ། རྡོ་རྗེ ་ཡང་ཡིན་པས་ན་གཡོན་པ་རྡོ་རྗེ་སྟེ། དེ་ཉིད་ནི་ཕྱག་རྒྱ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ན་གཙོ་བོའོ། །དེ་འདུས་པ་ཡིན་པས་ན་གཡོན་པ་རྡོ་རྗེ་གཙོ་བོར་འདུས་ཤེས་བྱ་སྟེ། དེའི་ཕྱག་རྒྱ་བཅིང་བ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སུ་ཞིག་གིས་ཞེ་ན། དམ་ཚིག ་ཅེས་བྱ་བ་སྟེ། དམ་ཚིག་གི་ལྷ་མོའི་ཁྱད་པར་རྣམས་ཀྱིའོ། །ཕྱག་རྒྱ་བཅིང་བ་དེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཆོ་ག་ཇི་བཞིན་པར་ཞེས་བྱ་བ་གསུངས་ཏེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་འཁོར་ལོ་སོར་རྩེ་བཅུ་མ་ཞེས་བྱ་བ་ནི་རྡོ་རྗེ་སྒུ?་མ ་མའི་འཁོར་ལོའི་ཕྱག་རྒྱ་སྟེ། ལག་པ་གཡོན་པའི་སོར་མོ་རྣམས་བརྐྱང་ལ་ཐམས་ཅད་ཀྱི་རྩེ་མོ་བཅུམ་པར་བྱ་སྟེ། འདི་ལྟ་བུ་ནི་ཐམས་ཅད་འཁོར་ལོའི་སོར་རྩེ་བཅུམ་ཞེས་བྱའོ། །དྲིལ་བུའི་ཕྱག་རྒྱའང་དེ་བཞིན་ནོ་ཞེས་བྱ་བ་འཇིག་རྟེན་གསུམ་གྱི་འཁོར་ལོ ་ལས་མཛུབ་མོས་མཐེ་བ་བརྟན་སྤྱང་པ་དང་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་བཞིན་ཨོཾ་ནི་ཕྱག་རྒྱ་དང་ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་ལས་ཇི་སྐད་བཤད་པ་ལྟ་བུའོ། །སེང་གེའི་རྣ་བར་ཡོངས་སུ་བཟུང་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛད་དོ་མའི ་ཚིགས་གཉས་པ་བཅག་པ་དེའི་རྩི་མོ་མཐེ་བོའི་རྩེར་གཟུགས་པ་འདི་ནི་སེངྒེའི་རྣ་བར་ཡོངས་སུ་བཟུང་ཞེས་བྱའོ། །འབར་བ་ཀུན་ཏུ་འཛིན་པ་དང་ཞེས་བྱ་བ་ནི་ལག་པ་གཡོན་པ་བརྐྱང་ལ་འོད་འཕྲོ་བ་ལྟ་བུར་བསྟན་པར་བྱའོ། །འོད་ནི་ཡང་དག་འདུས་པ་ཉིད ་ཅེས་བྱ་བ་ནི་ལག་པ་གཡོན་པའི་མཛུབ་མོ་གཡས་པའི་ལྟ་ཟུང་ནས་བརྩམས་ཏེ་སྤྱི་བོ་ལ་ཐུགས་གི་བར་དུ་དཀྲི་ཞིང། གཡོན་པའི་ལྟ་ཟུར་གྱི་བར་དུ་ཕབ་ལ་འོད་ཀྱི་དཀྱིལ་འཁོར་བསྟན་པའི་ཚུལ་དུ་བྱ་བ་འདི་ནི་འོད་ཀྱི་ཡང་དག་འདུས་པ་ཉིད་ཅེས་བྱ ་བ། དབྱིག་བའི་ཁུ་ཚུར་འཛིན་པ་དང་ཞེས་བྱ་བ་ནི་ཁུ་ཚུར་གཡོན་པ་དབྱིག་པ་འཛིན་པའི་ཚུལ་དུ་ཕྲག་པའི་ཕྱོགས་སུ་ཁ་ནང་དུ་བསྟན་ནས་བཞག་པར་བྱའོ། །གདོང་དུ་ཕྱག་རྒྱ་བསྐོར་བའོ་ཞེས་པ་ནི་ཁུ་ཚུར་དེ་ཉིད་ཁའི་འགྲམ་དུ་བསྐོར་བར་བྱའོ། །མཐེ་བ ་དང་མཛུབ་མོ་དང་གུང་མོ་གསུམ་མདོ་རིས་ཀྱི་ཚུལ་དུ་གྲུ་གསུམ་པར་བྱས་ལ་ཁའི་ཕྱོགས་སུ་བརྐྱང་བ་འདི་ནི་གཏུང་བའི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ཕྲེང་བའི་ཚུལ་དུ་མགོལ་བསྐོར་བ་འདི་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱའོ། །རྡོ་རྗེས་མནན་ནས ་བཏུད་པ་སྟེ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡས་པའི་རྡོ་རྗེ་ཁུ་ཚུར་མནན་ཏེ། ཐུར་དུ་བཏུད་པ་འདི་ནི་རྡོ་རྗེས་མནན་ནས་བཏུད་བའོ། །སྤྱི་བོར་བཞག་པ་ཚོགས་ཀྱི་སྟེ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་མཚོགས་མར་བཞག་པ ་འདི་ནི་སྤྱི་བོར་བཞག་པའོ། །འདི་དག་ནི་དཀྱིལ་འཁོར་གྱི་སྒོ་བསྲུངས་རྣམས་ཡིན་ཏེ། རང་རང་གི་བདག་པོའི་དྲུང་དུ་ཕྱག་རྒྱའི་ཚུལ་གྱིས་བཞག་པར་བྱའོ། །ལག་པ་བསྐུམ་པ་ཁར་བཞག་སྟེ། ཞེས་བྱ་བ་ནི་གཡོན་པའི་ཁུ་ཚུར་བཅངས་ལ། གྲུ་མོ་བཀུག་སྟེ་དཔུང ་མགོ་གཡོན་པའི་ཐད་ཀར་བཞག་པ་འདི་ནི་ལག་པ་བསྐུམ་པ་ཁར་བཞག་པའོ། །རྒྱབ་ཏུ་ཡང་ནི་བསྐོར་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་དེ་ཉིད་བསྐོར་ལ་རྒྱབ་ཀྱི་དབུས་སུ་བཟུང་བ་སྟེ། འདི་ནི་རྒྱབ་ཏུ་ཡང་ནི་བསྐོར་བར་བྱ་ཞེས་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར ་གྱི་སོར་མོ་བསྐུམ་པ་མདུན་དུ་དྲག་ཏུ་བརྐྱང་བ་ནི་བར་མའི་མེ་སྟག་གཏོང་བ་སྟེ་ཞེས་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་དེ་ཉིད་ཁར་བརྐྱང་ལ་ཅུང་ཟད་ནང་དུ་བཞུགས་པ་ལྟར་བསྟན་པ་ནི་ཕྱེ་ནས་བར་ཡང་གནས་པའོ། །ཕོ་ཉ་མོའི་དམ་ཚིག་རྣམས་སོ། །མཛའ་ ་མ་གཉིས་ནི་ཁར་བཅུག་དང་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་དེ་ཉིད་ཀྱི་མཐེའུ་ཆུང་གི་ཁར་བཅུག་པ་འདི་ནི་མཛའ་མ་གཉིས་ཁར་བཅུག་པའོ། །རྡོ་རྗེ་ཁུ་ཚུར་དེ་ཉིད་མདུན་དུ་བཏེག་ལ་ཐུར་དུ་དབབ་པ་འདི་ནི་བཙིར་ཞིང་རབ་ཏུ་གནོན་པའོ། །གཡོན ་པའི་རྡོ་རྗེ་ཁུ་ཚུར་བཅངས་པའི་དཔུང་པས་དཔུང་པ་གཡས་པ་ལ་བསྩོལ་བ་འདི་ནི་དཔུང་པ་བསྣོལ་བས་བསྣོལ་བའོ། །གཡོན་པའི་རྡོ་རྗེ་ཁུ་ཆུར་གྱིས་གཡས་པའི་ཁྲིག་མ་ནས་བརྩམས་ཏེ། གདུ་བུ་འབྱིན་པའི་ཚུལ་དུ་བྱ་བ་སྟོན་པ་འདི་ནི་མྱུར་དུ་འཕྲག་པའོ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་ལས་སོ། །རྡོ་རྗེ་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས ་རྡོ་རྗེ་རིགས་ཐམས་ཅད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །རྡོ་རྗེའི་རིགས་གནས་པའི་དཀྱིལ་འཁོར་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། དེའི་ཆོ་ག་རྒྱས་པ་ནི་རྣམ་པ་རྒྱས་པ་སྟེ་དེ་རྫོགས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི ་རྒྱན་ལས་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།འཇིག་རྟེན་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་ཡོངས་སུ་ཤེས་པར་མ་གྱུར་ན་དེའི་སྔགས་དང་ཕྱག་རྒྱ་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་དེ་ནས ་ཞེས་པ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་ཕྱག་རྒྱའི་དཀྱིལ་འཁོར་ལས་ལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ཆོས་ཀྱི་དཀྱིལ ་འཁོར་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །གང་དེའི་དམ་ཚིག་ནི་སྔགས་དང་ཕྱག་རྒྱའོ། །འདི་དག་གང་ལས་སྐྱེས་པ་ནི་འབྱུང་བ་སྟེ། བསམ་པའི་ཁྱད་པར་འདི་ལས་འབྱུང་བས་ན་བྱུང་བའོ། །དེ་ཉིད་ནི་མི་ཕྱེད་པའི་རྡོ་རྗེ་སྟེ་དེ་བྱིན་གྱིས ་བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་དེ་ཉིད་ཅེས་བྱ་བའི་ཏིང་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རིག་པ་རྣམས་ཀྱི་དམ་པ་ཡིན་པས་ན་རིག་པ་དམ་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ། །ལྷ ་མི་རྣམས་ནི་གོ་སླའོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ་སྔགས་བསྟན་པའི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་ཕྱག་རྒྱའི་དཀྱིལ་འཁོར་ལས་བལྟོས་པའོ། །རྡོ་རྗེའི་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང ་ཡིན་པས་ན་རྡོ་རྗེ་རིགས་ཐམས་ཅད་དེ་དེའི་ཆོས་ཡིན་པས་ན་རྡོ་རྗེ་རིགས་ཐམས་ཅད་ཀྱི་ཆོས་ཏེ། གང་གི་ཏིང་ངེ་འཛིན་གང་ཡིན་པ་དེ་དེའི་ཆོས་ཏེ་དེའི་དམ་ཚིག་གི་དཀྱིལ་འཁོར་རོ། །འདི་ཞེས་བྱ་བ་ནི་ཐུག་ལ་གནས་པའོ། །གསུངས་སོ་ཞེས་བྱ་བ་ནི ་བཀའ་སྩལ་བའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་མ་བསྟན་པར་ནི་འཇིག་རྟེན་པའི་སྔགས་ཀྱི་དོན་གྲུབ་པར་མི་འགྱུར་ཏེ། དེ་བས་ན་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་སྟེ། ཡང་དག་པར་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ།། ་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་རྣམས་བསྡུས་པའོ། །དེའི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། འཇིག་རྟེན་གསུམ་གྱི་འཁོར་ལོ་བཞིན་ཞེས ་གསུངས་པ་སྟེ། འཇིག་རྟེན་གསུམ་གྱི་འཁོར་ལོ་དང་འདྲ་བའོ། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ་ཞེས་བྱ་བ་ནི་ལེགས་པར་བྲི་བར་བྱའོ། །དེར་སུ་ཞིག་གི་ཕྱག་རྒྱ་བྲི་བར་བྱ་ཞེ་ན། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ནི་སངས་རྒྱས ་བཅོམ་ལྡན་འདས་སོ། །རྡོ་རྗེ་འཛིན་པ་ནི་རིག་པ་དམ་པ་སྟེ། ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་སྙོམས་པར་ཞུགས་པར་བྲིའོ། །སོགས་ཞེས་སྨོས་པ་ནི་རྡོ་རྗེ་སྒྱུ་མ་ལ་སོགས་པ་བསྡུའོ། །ཇི་ལྟར་བྲི་བར་བྱ་ཞེ་ན། ཐམས་ཅད་སྙོམས་པར་ཞུགས་པའོ། །ཞེས་བྱ་བ ་གསུངས་ཏེ། མཉམ་པར་བཞག་པ་དང་རྗེས་སུ་མཐུན་པའི་སྤྱོད་ལམ་གྱིས་གནས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་ལྟ་བུ་ཞེས་བྱ་བ་ནི་སྐྱིལ་ལོ་གྲུང་དུ་བཞུགས་པར་སྟོན་ཏོ། །སྙིང་གར་མཚན་མ་ཡང་དག་བཞག་།ཅེས་བྱ་བ་ནི་འདི་དག་གི་སྙིང ་གནས་མཚན་མ་ཡོད་པའི་ཕྱིར་སྙིང་གའི་མཚན་མ་སྟེ། མཚན་མ་ནི་རང་རང་གི་ཕྱག་རྒྱ་ལ་བྱའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། དྲིས་པའི་རྗེས་ལའོ། །དམ་ཚིག་གི་དོན་གྱི་དཀྱིལ་འཁོར་ནི་དམ་ཚིག་གི་དཀྱིལ་འཁོར་ལོ། །འདིར་ཞེས་བྱ་བ་ནི་དམ་ཚིག་གི ་དཀྱིལ་འཁོར་དུའོ། །ཆོ་ག་བཞིན་དུ་ལས་བྱས་ནས་ཞེS་བྱ་བ་ནི་སློབ་དཔོན་གྱི་ལས་ཏེ། བདག་ཉིད་འཇུག་པ་དང། རང་གི་མིང་བརྗོད་པ་དང། བཀའ་ནོད་པ་ལ་སོགས་པའོ། །རྡོ་རྗེ་འཆང་བའི་ཕྱག་རྒྱ་ནི་སློབ་མ་འཆིང་དུ་བཞུག་པའོ། །ཇི་ལྟ་བུ་ཞེ་ན་རྡོ་རྗེ་དྲིལ་བུར་བཅས་པ་སྟེ་རྡོ ་རྗེས་མཚན་པའི་དྲིལ་བུ་ནི་རྡོ་རྗེ་དྲིལ་བུའོ། །རྡོ་རྗེ་དྲིལ་བུ་དང་བཅས་པར་གནས་པས་ན་རྡོ་རྗེ་དྲིལ་བུར་བཅས་པ་སྟེ། དེ་འཆིང་དུ་བཅུག་ལ་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོ་གས་དཀྱིལ་འཁོར་དུ་བཅུག་སྟེ་འདི་སྐད་དུ་བསྒོ་བར་བྱའོ། །དམ་ཚིག་མ་མཐོང་བ་དང ་ཞེས་བྱ་བ་ལ་གང་གིས་དམ་ཚིག་མ་མཐོང་བ་འདི་ནི་དམ་ཚིག་མ་མཐོང་བའོ། །གལ་ཏེ་དམ་ཚིག་མཐོང་ཞིང་དམ་ཚིག་གི་ཕྱག་རྒྱ་དང་སྔགས་དང་དཀྱིལ་འཁོར་བསྟན་པ་ཡིན་དུ་ཟིན་ཀྱང། ལྷ་དེ་དག་གི་སོ་སོའི་དབྱེ་བ་མ་བསྟན་པ་ཡང་ཡིན་སྲིད་པས། ལྷའི་རིགས་མ ་མཐོང་བ་སུ་ལ་ཡང་ཞེས་གསུངས་པ་ཡིན་ནོ། །མནའི་སྙིང་པོ་བྱིན་ལ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་གསུངས་པའོ། །ཇི་ལྟར་དྲིལ་བུ་འདི་བཀྲོལ་བ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པ་གང་གིས་དྲིལ་བུ་འདི་བཀྲོལ་ཞིང་སྒྲ་སྒྲོགས་པ་དེའི ་སྒྲ་ཇི་ལྟར་མི་རྟག་པ་ཡིན་པ་དེ་བཞིན་དུ། ལས་ཀྱི་རྡོ་རྗེ་འདིས་ཁྱོད་མི་རྟག་པ་སྟེ། རྟག་པ་ནི་མི་འཇིག་པ་སྟེ་དུས་སུ་འཆི་བའོ། །མི་རྟག་པ་ནི་འཇིག་པ་སྟེ་དུས་མ་ཡིན་པར་འཆི་བ་སྟེ། འོག་ནས་བཤད་པའི་དམ་ཚིག་ལས་འདས་ན་ཁྱོད་དུས་མ་ཡིན་པར་འཆི་བར ་?་དེ་ཞེས་བྱ་བའི་དོན་ཏོ། །མ་རུངས་བར་བྱེད་པ་ནི་རླག་པར་བྱེད་པའོ། །དམ་ཚིག་གང་ཞིག་བསྲུང་བར་བྱ་ཞེ་ན། དེ་བསྟན་པའི་ཕྱིར་རྡོ་རྗེ་སློབ་དཔོན་བསྟི་སྟང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་ནི་གང་གིས་དབང་བསྐུར་བའོ། །དེ་ལ་བསྟི་སྟང་མེད ་?་འཛིན་ཅིང་བརྙས་ཐབས་མེད་པའོ། །རྡོ་རྗེ་སྤུན་ལ་མི་མཛའ་དང་ཞེས་བྱ་བ་ནི་སློབ་དཔོན་གཅིག་པས་དཀྱིལ་འཁོར་དུ་ཞུགས་པ་སྟེ། དེ་དང་མི་མཛའ་པ་ནི་དེ་དང་ཡང་དེར་ཞེ་འགྲས་པའོ། །གདུག་པ་ནི་དཀོན་མཆོག་གསུམ་ལ་འཁུ་བ་དང་སེམས་ཅན ་རྣམས་ལ་གནོད་པར་བྱེད་པའོ། །དེ་རྣམས་ལ་བྱམས་པ་ནི་ཕན་འདོགས་པར་སེམས་པའོ། །ཆགས་པ་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བའོ། །འདི་ཡང་མི་བྱ་སྟེ་ཉོན་མོངས་པ་མེད་ཅིང་སྐྱེ་བ་ཟད་པས་བྱང་ཆུབ་མཆོ་ཐོབ་པར་མི་འགྱུར་རོ། །དེ་དག་ནི ་དམ་ཚིག་ཡིན་པས་དངོས་གྲུབ་འདོད་པས་འདའ་བར་མི་བྱའོ། །གལ་ཏེ་ཁྱོད་ཀྱིས་བྱས་ནའོ་ཞེས་བྱ་བ་ནི་གལ་ཏེ་ཁྱོད་ཀྱིས་འདའ་བར་བྱས་ན་དུས་མ་ཡིན་པར་འཆི་བ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་སུ་འགྱུར་རོ་ཞེས་བྱ་བའོ། །ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའི ་ཡེ་ཤེས་བསླབ་ངོ་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཡིན་པས་ཆོས་ཀྱི་དམ་ཚིག་སྟེ། དེའི་ཕྱག་རྒྱ་ཡིན་པས་ན་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་སངས་རྒྱས་དང ་རྡོ་རྗེ་འཛིན་པ་ལ་སོགས་པ་ཐོག་མར་སྟོན་ཏོ། །དེ་བས་ན་དེ་རྣམས་དང་པོ་ཁོ་ནར་སྒྲོས་དགོས་པས་དེའི་ཕྱིར། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཆོས་ཀྱི་འཁོར་ལོ་ཇི་བཞིན་ནོ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཐེག་པ་ཆེན་པོ་མངོན་པར་རྟོགས ་པའི་དཀྱིལ་འཁོར་དུ་རྡོ་རྗེ་ཕྲ་མོ་ལ་སོགས་པའི་ཏིང་ངེ་འཛིན་ཇི་སྐད་གསུངས་པ་དེ་བཞིན་དུ་བྱ་བ་ནི་འདིར་དམ་ཚིག་ཡིན་པར་བལྟ་བར་བྱའོ་ཞེས་སངས་རྒྱས་རྡོ་རྗེ་ལ་སོགས་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །རྡོ་རྗེ་རིག་པ་དམ་པའི་དམ་ཚིག་གི་ཏིང་ངེ ་འཛིན་གྱི་ཆོས་ཉིད་གང་ཡིན་ཞེ་ན། ཐམས་ཅད་མཉམ་པ་ཉིད་བསམ་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྒྱུ་མའི་ཏིང་ངེ་འཛིན་གྱི་ཆོས་ཉིད་གང་ཞིག་ཡིན་ཞེ་ན། འགྲོ ་པ་འདི་དག་སྒྱུ་མ་བཞིན་ཞེས་བྱ་བས་བསྟན་ཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་འདི་ལྟ་བུ་ཡིན་ནོ་ཞེས་པའོ། །གཞོན་ནུའི་ཏིང་ངེ་འཛིན་གྱི་ཆོས་ཉིད་གང་ཞིག་ཡིན་ཞེ་ན། དེ་བཞིན་སྡུག་བསྔལ་དྲིལ་བུ་འདྲ་ཞེས་བྱ་བས་བསྟན་ཏེ། སྡུག་བསྔལ་ནི་འབྲས་བུར ་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གཟུང་ངོ། དྲིལ་བུ་འདྲ་ཞེས་བྱ་བ་ནི་དྲིལ་བུ་སྨོས་སུ་ཟིན་ཀྱང་དྲིལ་བུའི་སྒྲ་གཟུང་དགོས་ཏེ་དེ་ཡང་མི་གནས་པ་ཡིན་ནོ། །མི་གནས་པ་ཡིན་པའི་ཕྱིར་འདུ་བྱེད་ཐམས་ཅད་མི་རྟག་པའོ་ཞེས་གསུངས་པ་ཡིན་ནོ། །སྡུག་བསྔལ ་ཐམས་ཅད་མྱ་ངན་འདས་ཞེས་བྱ་བ་ནི་ཚངས་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། སྡུག་བསྔལ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སྡུག་བསྔལ་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་མཆོག་སྟེ་སྡུག་བསྔལ་ཐམས་ཅད་ཀྱི་མྱ་ངན་མེད་པ་ཞེས་བྱ ་བའི་དོན་ཏོ། །རྡོ་རྗེ་འཇོམས་པ་བླ་ན་མེད་ཅེས་བྱ་བ་འདི་ནི་བརྒྱ་ཕྱིན་གྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇོམས་པའི་དང་ཚུལ་ཡོད་པས་ན་འཇོམས་པ་ཡིན་ལ། འཇོམས་པ་རྣམས་ཀྱི་ནང་ན་བླ་ན་མེད་པ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཞེས་བྱ་བའི་དོན ་ཏེ། །དེ་གང་ཞིག་ཡིན་ཞེ་ན་རྡོ་རྗེའོ། །སེམས་ཅན་གདུལ་ཕྱིར་ཁྲོ་བོ་མཆོག་ཅེས་བྱ་བ་འདི་ནི་རྡོ་རྗེ་འཁྱིལ་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། ཁྲོ་བོ་ནི་ཁྲོས་པའོ། །མཆོག་ནི་དམ་པའོ། །ཡུལ་གང་ཞེ་ན། སེམས་ཅན་གདུལ་ཕྱིར་ཞེས་བྱ་བ་གསུངས་ཏེ། ། ་གདུལ་བར་དཀའ་བའི་སེམས་ཅན་རྣམས་འདུལ་བས་སོ་ཞེས་བྱ་བའི་དོན་ཏོ། །ཞི་བ་ཡིས་ནི་ངེས་པར་གསོད་ཅེས་བྱ་བ་འདི་ནི་རྡོ་རྗེ་འོད་ཀྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། ཞི་བ་ནི་གལ་ཏེ་ལ་ལར་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡང་སྲིད་པས་འདིས་དེ་ངེས་པར ་གསོད་པར་བྱེད་དེ། བརྟན་ཞིང་འཇམ་ལ་སྒྲ་ཉུང་གང་ཡིན་པ། །དེ་ཉིད་ལ་ནི་འབར་བས་བག་བྱ་སྟེ། །ཉི་མ་སྤྲིན་རུམ་དག་ནས་བྱུང་བ་ཡི། །འོད་ཟེར་ཤིན་ཏུ་རྣོ་བར་གྱུར་པ་ཡིན་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དབྱུག་པ་འདྲ་བར་འཆོག་པ་སེང་ཅེས་བྱ་བ ་འདི་ནི་རྡོ་རྗེ་དབྱུག་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་ཉེས་པ་དང་མཉུན?་པར་ཆད་པས་གཅོད་པ་ནི་འཆོག་པ་སྟེ། དབྱིག་པས་བརྡེགས་པ་ལས་ལྷག་པའི་འཚོག་པ་ཡོད་པ་མ་ཡིན་ནོ། །ལོག་པར་ལྟ་བས་འཇིགས་པར་བྱེད་ཅེས་བྱ་བ་འདི་ནི་རྡོ་རྗེ་སེར་སྨུག་གི་ཏིང་ངེ་འཛིན ་གྱི་ཆོས་ཉིད་དེ། ལྟ་བ་ནི་མཐོང་བ་སྟེ་ཤེས་རབ་བོ། །ལོག་པར་ཞུགས་པའི་ལྟ་བ་ཡིན་པས་ན་ལོག་པར་ལྟ་བའོ། །འཇིགས་པར་བྱེད་པས་ན་འཇིགས་པར་བྱེད་པ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི ་རྣམ་པར་ཞུགས་པའི་ཤེས་རབ་ལ་ལོག་པར་ལྟ་བ་ཞེས་བྱའོ། །དེ་ནི་འཇིགས་པར་བྱེད་པ་ཡིན་ཏེ། ངན་སོང་ལ་སོགས་པའི་སྡུག་བསྔལ་མི་བཟད་བར་གཏོང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ར་རོ་འདྲ་བར་འཇིགས་པ་མེད་ཅེས་བྱ་བ་འདི་ནི་རྡོ་རྗེ་གླང་པོའི་སྣའི་ཏིང་ངེ ་འཛིན་གྱི་ཆོས་ཉིད་དེ་གང་གི་ཕྱིར་སྐྱེས་བུ་ར་རོ་བས་ནི་གླང་པོ་ཆེའི་དབང་པོ་ལ་ཡང་རྩ་ཙམ་དུ་སེམས་པའི་ཕྱིར་རོ། །ཕྲེང་བ་འདྲ་བར་འཆིང་བ་མེད་ཅེས་བྱ་བ་འདི་ནི་རྡོ་རྗེ་ཕྲེང་བའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཆིང་བ་ཞེས་བྱ་བ་ནི་རྒྱན་ལ་བྱ་ལ་གང་གི་ཕྱིར་རྒྱན་ཐམས ་ཅད་ཀྱིས་བརྐྱན་པར་གྱུར་ཀྱང་སྟེང་ཁོ་ནར་མེ་ཏོག་གི་ཕྲེང་བ་འཆིང་བར་བྱེད་དེ། དེ་བས་ན་ཕྲེང་བ་ལྟ་བུར་འཆིང་བ་མེད་ཅེས་གསུངས་སོ། །འདི་སྐད་སྟོན་ཏེ། ཕྲེང་བ་དང་འདྲ་བ་ནི་རྒྱན་གྱི་ནང་ན་ཡོད་པའི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བུད་མེད་འདོད་པས་འགྲོ་དབང། ་བྱེད་ཅེས་བྱ་བ་འདི་ནི་རྡོ་རྗེ་དབང་གི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། བུད་མེད་འདོད་པས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རྒྱུ་ཡིན་པས་འདོད་པ་ཞེས་བྱའོ། །དེ་བས་ན་སྐྱེ་བོ་འདོད་ཆགས་དང་མི་བྲལ་བ་ཐམས་ཅད་དབང་དུ་བྱེད་པའི་ཕྱག་རྒྱའོ། །བསྟན་པ་ཙམ་གྱིས ་གཞན་འཕམ་མོ་ཞེས་བྱ་བ་འདི་ནི་རྡོ་རྗེ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། དོན་ཐམས་ཅད་ལ་གནོད་པ་ཉེ་བར་གནས་སུ་ཟིན་ཀྱང་གང་བག་ཆ་པ་མེད་པ་དེ་ནི་བསྟན་པ་ཞེས་བྱའོ། །བསྟན་པ་དེས་དོན་ཐམས་ཅད་སྒྲུབ་པར་བྱེད་དེ། །དགོས་པ་སྒྲུབ་ལ ་མཁས་རྣམས་སྲན་ཐུབ་བས། དཀའ་བ་རྣམས་ཀྱང་དཀའ་བ་མེད་བར་རྒལ་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །འཚོག་པ་ཆན་པའི་མཆོག་ཡིན་ཏེ་ཞེས་བྱ་བ་འདི་ནི་རྡོ་རྗེ་གཏུམ་པོའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། ཉེས་པ་ཅན་རྣམས་ལ་འཆག་པ་ནི་མཚོན་དང་དབྱུག་པ་ལ ་སོགས་པས་ལུས་ལ་བསྣུན་པར་བྱེད་པ་སྟེ། འདི་ལས་འདའ་བའ་ཨི་ཆད་པ་མེད་པས་ན་འཚོག་པ་ཆད་པའི་མཆོག་ཡིན་ཞེས་གསུངས་སོ། །རེག་པ་རྣམས་ནི་རླུང་གིའོ་ཞེས་བྱ་བ་འདི་ནི་རྡོ་རྗེ་རླུང་གི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་བཀྲུ་བ་དང། མཉེ་བ་དང། བསྐུ་བ་ལ་སོགས་པའི ་རེག་པའི་རྒྱུའི་བྱེ་བྲག་གང་ཡང་རུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ནང་ན་རེག་པ་ནི་རྒྱུའི་མཆོག་ཡིན་ནོ། །དེ་གང་ཡིན་ཞེ་ན། རླུང་གི་འོ་ཞེས་བྱ་བ་སྟེ་རླུང་ཉིད་དོ། །དེ་བས་ན་རླུང་ལ་རླུང་ལྔ་གནས་ཏེ། གྱེན་ནང་དུ་རྒྱུ་བ་དང། ཐུར་དུ་སེལ་བ་དང། མེ་དང་མཉམ་དུ་གནས་པ ་དང། ཁྱབ་བྱེད་དང། སྲོག་ཅེས་བྱ་བའོ། །དེ་རྣམས་ཀྱི་རེག་པའི་ཁྱད་པར་གྱི་ལུས་འདི་གཟུང་བས་ན་འཆིང་བར་མི་འགྱུར་ཞིང། །རུལ་བར་ཡང་མི་འགྱུར་ལ་རེག་པའི་ཁྱད་པར་གཞན་ཡང་མྱོང་བྱེད་དེ། དེ་ལྟ་བས་ན་རེག་པ་རྣམས་ནི་རླུང་གིའོ་ཞེས་གསུངས་ཏེ། མཆོག ་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །གཟི་བརྗིད་ཅན་ནི་བྱིན་པའི་མཆོག་ཅེས་བྱ་བ་འདི་ནི་རྡོ་རྗེ་མེའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇིག་རྟེན་གཟི་བརྗིད་ཅན་དུ་མཐོང་བ་འམ། ཐོས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ནང་ན་བྱིན་ཟ་བ་ནི་མཆོ་སྟེ། བྱིན་?་ཞེས་བྱ་བ ་ནི་མེ་ལ་བྱའོ། །ཇི་ལྟར་མཆོག་ཡིན་ཞེ་ན། གང་གི་ཕྱིར་བསྐལ་པས་ཐམས་ཅད་སྲེག་པས་འཇུག་པ་ལ་ནི་འཇིག་རྟེན་ཐམས་ཅད་མེས་ཁྱབ་པར་བྱེད་པའི་ཕྱིར་དེ་ལས་གཞན་པའི་གཟི་ཅན་གང་ཡང་མི་དམིགས་ཏེ། དེ་བས་ན་གཟི་བརྗིད་ཅན་ནི་བྱིན་ཟའི་མཆོག ་ཅེས་གསུངས་སོ། །ཟས་རྣམས་ཀྱི་ནང་ན་ཁྲག་དམ་པ་ཞེས་བྱ་བ་འདི་ནི་རྡོ་རྗེ་འཇིགས་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇིག་རྟེན་འདི་ན་ཁམ་གྱི་ཟས་སུ་གཏོགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཁྲག་དུ་རེང་པར་གྱུར་ན། ལུས་ལ་ཕན་པར་འགྱུར་ཏེ། ་གནས་སྐབས་ལྔ་ཡང་ཐོབ་པར་བྱེད་དོ། །གང་ཡང་ཁྲག་ཉིད་ཟོས་པ་དེ་ལ་གནས་དེ་བཞིན་དུ་འགྱུར་རོ་ཞེས་མདོ་ལས་བཤད་དེ། དེ་བས་ན་ཟས་རྣམས་ཀྱི་ནང་ན་ཁྲག་དམ་པ་ཞེས་བྱ་བར་སྦྱར་རོ། །མཆེ་བ་དག་པར་ཞུགས་པ་སྟེ་ཞེས་བྱ་བ་འདི་ནི་རྡོ་རྗེ་ཕག་གི ་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་མཆེ་བདག་པ་ནི་རྣོ་བ་དང་སྲ་བའོ། །གང་ལ་འདི་ཉིད་ཡོད་པར་གྱུར་པ་དེ་ནི་འབུག་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཕུག་སྟེ། འཇུག་པས་དེའི་ཕྱིར་མཆེ་བ་དག་པས་ཞུགས་པར་ཞེས ་གསུངས་སོ། །འཆི་བདག་ཐམས་ཅད་གནས་ན་འདུག་ཅེས་བྱ་བ་འདི་ན་རྡོ་རྗེ་དུས་ཀྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་གང་གི་ཕྱིར་འདུ་བྱེད་ཐམས་ཅད་སྐད་ཅིག་མ། མི་གནས་བྱ་བ་གང་ལ་ཡོད། །འདི་དག་འགྱུར་བ་དེ་ཉིད་ནི། །བྱ་བ་ཐམས་ཅད་བྱེད་པོར ་ཅེས་བྱ་བ་སྟེ། དེ་བས་ན་འཆི་བདག་ཐམས་ཅད་གནས་ན་འདུག་ཅེས་གསུངས་སོ། །འདི་སྐད་སྟོན་ཏེ། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་སྐད་ཅིག་མ་རེ་རེ་ཞིང་ཡང་སྐྱེ་བ་དང་འཆི་བ་ཡིན་ནོ། །འཇིགས་ལས་ལྷག་པའི་བགེགས་གཞན་མེད་བྱ་བ ་འདི་ནི་རྡོ་རྗེ་བགེགས་ཀྱི་གཙོ་བོའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇིག་རྟེན་ན་བསམས་པའི་དོན་བསྒྲུབས་པ་ལ་བར་དུ་གཅོད་པར་འགྱུར་བ་གང་ཇི་སྙེད་ཡོད་པ་དེ་རྣམས་བགེགས་སུ་གྱུར་པ་ལ་ནི་བགེགས་ཞེས་ཕྲགས་ལ། །ལྷ་དང་མིའི་བགེགས ་སུ་ཉེ་བར་བསྡུས་པ་ཇི་སྐད་པ་དེ་དག་ཐམས་ཅད་ཀྱི་ནང་?་སྒྲུབ་པ་པོའི་སྙིང་སྟོབས་ཉམས་པ་གང་ཡིན་པ་དེ་ལ་ནི་འཇིགས་པ་ཞེས་པའོ། །དེ་བས་ན་འཇིགས་ལས་ལྷག་པའི་བགེགས་གཞན་མེད་ཅེས་གསུངས་ཏེ། གང་གི་ཕྱིར་སྙིང་སྟོབས་དང ་ལྡན་པའི་སྐྱེས་བུས་ནི་བཞགས་སྟོང་ཕྲག་ཡོད་ན་དེ་ཕམ་པར་བྱས་ནས་བསམས་པའི་དོན་སྒྲུབ་བར་བྱེད་དེ། དཔེར་ན་བཅོམ་ལྡན་འདས་ཀྱི་བདུད་སྟོབས་དང་བཅས་པ་རྣམས་ཕམ་པར་མཛད། ནས་བྱང་ཆུབ་ཐུགས་སུ་ཆུད་པར་མཛད་པ་ལྟ་བུའོ།། ་ཆུ་ལས་ལྷག་པའི་?་གཞན་མེད་ཅེས་བྱ་བ་འདི་ནི་རྡོ་རྗེ་གླུའི་ཆོས་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། རོའི་ཁྱད་པར་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་རང་གི་མཐུ་ཡུལ་དང་དུས་ཀྱི་གནས་པ་རྣམས་རང་རང་གི་སྙིང་སྟོབས་ཀྱིས་གནས་སུ་ཟིན་ཀྱང་གནས་སྐབས ་ཐམས་ཅད་དུ་ཆུས་འཚོ་བ་འཛིན་པ་ལྟར། དེ་དག་གིས་སློག་འཛིན་པར་མི་ནུས་དེ་དེའི་ཕྱིར་སྲོག་འཛིན་ཅིང་དོམས་པར་བྱེད་པའི་སྒོ་ནས་ཆུ་ལས་ལྷག་པའི་རོ་གཞན་མེད་ཅེས་གསུངས་སོ། །དེ་ལྟ་བུ་དེ་དག་ཐམས་ཅད་ལ་འགའ་ཞིག་སློབ་པར་བྱེད་པ་གང་བློས་ཀྱང་རུང་སྟེ། ་རྣལ་འབྱོར་བ་དེ་དག་ལ་གནས་པར་བྱས་ནས་དེའི་སྔགས་ཟློས་ཤིང་ཆོས་ཉིད་དག་བསྒོམ་པར་བྱའོ། །བསྒོམ་ནས་ཀྱང་རང་རང་གི་ཡུལ་ལ་སྔགས་དང་ཕྱག་རྒྱད་བཅས་པར་སྦྱར་བ་བྱས་ནས་དེ་ལས་མངོན་པར་བསམས་པའི་དོན་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟག་པའི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྡོ་རྗེ་རིགས་པ་དམ་པ་བརྟུལ་ཞིང་བྱང་ཆུབ་ཀྱི་ལམ་ལ་བཞག་པས་དེས་དཔལ་ཕྱག་ན་རྡོ་རྗེ་ལ ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གར་གྱི་ཚོགས་མཆོད་པར་བྱེད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་གྱི་རྗེས་ཐོགས་ལ་ལས་ཀྱི་དཀྱིལ་འཁོར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ ་ཡང་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་བས་བལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་གི་ལས་ནི་གདུལ་བྱའི་སེམས་ཅན་རྣམས་ལ་ཐུགས ་བརྩེ་པའི་ཕྱིར་མཐོང་བ་དང་མཚོད་པའི་ལས་ལྟར་ཡོད་པའི་རྣམས་སོ། །དེའི་དམ་ཚིག་ནི་ཕྱག་རྒྱ་ལ་སོགས་པ་རྣམས་སོ། །འདི་འབྱུང་བའི་ནི་བསམ་པའི་ཁྱད་པར་གང་ལས་སྐྱོང་སྟེ། དེ་བྱིན་གྱིས་བརླབ་པའི་ཕྱིར་ཡི་ཕྱེད་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་དོན་དང་མཐུན ་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། རང་གི་རིག་པ་དམ་པ་ཐུགས་ལ་གནས་པ་འདི་གསུངས་པའོ། །ལྷག་པ་རྣམས་ནི་གོ་སླའོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་གནས་བྱ་བ་ནི་རྗེས་ཐོགས་ལ་?་།སྔགས་བསྟན་པའི ་རྗེས་ཐོགས་ལ་དཀྱིལ་འཁོར་བྲི་བའི་ལས་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལས་བལྟོས་པའོ། །རྡོ་རྗེའི་རིགས་ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དེ། རྡོ་རྗེ་རིགས་དེ་དག ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐུགས་ལ་གནས་པ་འདི་གསུངས་སོ། ཞེས་པ་སྟེ་བཀའ་སྩལ་ཏོ་ཞེས་པའི་དོན་ཏོ། །རྡོ་རྗེ་དཀྱིལ་འཁོར་ཚུལ་གྱིས་ནི་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལྟ་བུར་རོ། །དཀྱིལ་འཁོར་ཐམས་ཅད་ཅེས་ཇི ་སྐད་སྨོས་སུ་ཟིན་ཀྱང། འདིར་ཕྱི་རོལ་གྱི་དཀྱིལ་འཁོར་ཉིད་ཡིན་པ་བལྟ་བར་བྱའོ། །དཀྱིལ་འཁོར་མཆོག་ནི་ཐམས་ཅད་དུ་ཞེས་བྱ་བ་ལ་དཀྱིལ་འཁོར་གྱི་མཆོག་ནི་དཀྱིལ་འཁོར་གྱི་གཙོ་བོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞིན་གནས་པ་གང་ཡིན་པ་རྣམས་སོ། ་དེ་ཇི་ལྟ་བུར་ཞེན་དེའི་ཕྱིར་སངས་རྒྱས་དབུས་ན་བཞུགས་པར་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་མི་འཁྲུགས་པ་ལ་སོགས་པ་བཞི་པོ་དེ་དག་གི་ཁོངས་སུ་འདུས་པ་ཉིད་དེ། དེ་རྣམས་ཀྱི་ཆོས་ཀྱི་སྐུའི་ངོ་བོ་ཉིད་བས་ན་དོན་དམ་པར་དེ་དག་ལས ་ཐ་མེ་དད་པའི་ཕྱིར། དེ་དག་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན་ནོ། །གནས་བཞི་པོ་དག་ཏུ་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་སྔགས་གཅིག་འབྱུང་བ་དེས་འདི་ནི་དེ་བཞིན་གཤེགས་པ་འབྱུང་བ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་དགོད་པར་བྱའི། གང་སྟོན་པའི་ཚུལ་དང ་མི་མཐུན་པས་དེ་བཞིན་གཤེགས་པའི་ཚུལ་གྱིས་ནི་མ་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་བཞི་པ་རྣམས་ཀྱིའོ། །ཇི་ལྟ་ཞེ་ན། ཕྱོགས་ནི་རིམ་པར་ཡང། སེམས་དཔའ་ཆེན་པོ་རྣམས་བཞག་གོ་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས ་པའི?་ཕྱོགས་རེ་རེ་མང་བྱང་ཆུབ་སེམས་དཔའ་གཉིས་གཉིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པའི་སྔགས་ཀྱི་བྲི་བར་བྱའོ། །དེའི་དབུས་སུ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་དང ་བཅས་པ་ལྟ་བུའི་དབུས་ཏེ། དབུས་མའི་དཀྱིལ་འཁོར་རྣམ་པར་སྣང་མཛད་ཀྱི་གནས་སུ་རྡོ་རྗེ་རིག་པ་དམ་པ་ཉིད་ཆུང་མ་དང་བཅས་པ་བཞག་པར་བྱའོ། །འདི་སྐད་སྟོན་ཏེ། དབུས་ཀྱི་དཀྱིལ་འཁོར་དེ་ཡང་རྣམ་པ་གཉིས་སུ་ཕྱེ་ལ། ནང་གི་དཀྱིལ་འཁོར་དུ་རྡོ་རྗེ་རིག་པ་དམ་པ་ཆུང་མ་དང་བཅས་པར ་བཞག་ཅིང། རྡོ་རྗེ་རིག་པ་དམ་པ་དེ་ཉིད་ལ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དཀྱིལ་འཁོར་དབུས་མ་འདི་ཉིད་ཀྱི་མཚམས་བཞིར་སྒེག་མོ་ལ་སོགས་པ་བཞི་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཀྱང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྔགས ་འདི་ནས་སྨོས་པ་དེ་དག་ཉིད་ཀྱིས་དགོད་པར་བྱའོ། །དེའི་ཞེས་བྱ་བ་ནང་གྱི་དཀྱིལ་འཁོར་དེའི་ཕྱི་རོལ་རིམ་པ་གཉིས་པར་ལྷ་མོ་རྣམས་བྲི་བར་བྱའོ། །ཇི་ལྟར་བྲི་བར་བྱ་ཞེ་ན། དེའི་ཕྱིར་གོ་རིམ་བཞིན། འཁོར་ལོ་དཀྱིལ་འཁོར་ཚུལ་བཞིན་དུ་ཞེས་བྱ་བ་གསུངས་ཏེ་གོ་རིམ་ནི་འདིར་བཤད ་པའི་རིམ་པའི་གོ་རིམ་གྱིས་གང་ཐོག་མར་སྨོས་པ་རྣམས་ཀྱང་དེའི་རིམ་བཞིན་དུ་བྱ་བ་སྟེ། གོ་རིམ་གྱི་ཚུལ་འདིས་འཁོར་ལོའི་དཀྱིལ་འཁོར་ཚུལ་བཞིན་དུ་ཞེས་བྱ་བ་སྟེ། འཁོར་ལོ་ནི་ཆོས་ཀྱི་འཁོར་ལོའོ། །དེའི་ཚུལ་དང་མཐུན་པར་བྱས་པའི་དཀྱིལ་འཁོར་ཡིན་པས་འཁོར་ལོའི ་དཀྱིལ་འཁོར་རོ། །དེ་ཡང་འཇིག་རྟེན་གསུམ་གྱི་འཁོར་ལོ་ཀུན་ནས་ཟླུམ་པའི་ཚུལ་དུ་དབྱིབས་ཟླུམ་པོར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རིག་པ་དམ་པ་ཀུན་ནས་བསྐོར་ཅིང་གར་བྱེད་པ་བྲི་བར་བྱའོ། །ཇི་ལྟར་གང་བྱེད་པ་ཞེ་ན། རང་གི་ཕྱག་རྒྱ་ཕྱག་རྒྱའི་ལན། གར་བྱེད་པར་ནི་བྲི་བར ་བྱ་ཞེས་བྱ་བ་སྟེ། གཟུངས་ཀྱི་དཀྱིལ་འཁོར་དུ་རང་གི་ཕྱག་རྒྱར་གང་བཤད་པ་དེ་ནི་དེའི་རང་གི་ཕྱག་རྒྱའོ། །གང་དང་གང་བཅིངས་པ་དེ་དང་དེ་ལ་གཉེན་པོར་གྱུར་པ་ལྟ་བུ་དེ་ནི་ལན་གྱི་ཕྱག་རྒྱ་སྟེ། དཔེར་ན་མེའི་ཕྱག་རྒྱ་འབར་བ་ལ་ཆུའི་ཕྱག་རྒྱ་གཉན་པོར་གྱུར་པ་དེ་ནི་དེའི་ལན་གྱི ་ཕྱག་རྒྱ་ཡིན་པ་ལྟ་བུ་དང། དཔེར་ན་རྡོ་རྗེ་བདུད་རྩི་ཁྲོ་བོའི་ཕྱག་རྒྱ་ཀུན་ནས་གདུད་བར་བྱེད་པ་དེ་ལ་བརྒྱ་བྱིན་གྱི་གདུགས་ཀྱི་ཕྱག་རྒྱ་དེའི་གཉེན་པོར་གྱུར་པ་ལྟ་བུ་དེ་ནི་ལན་གྱི་ཕྱག་རྒྱ་སྟེ་དེ་ལྟ་བུ་ལ་སོགས་པའི་ཚུལ་དུ་རི་པ་བྱའོ། །དེ་ལྟར་བྱ་བ་དེ་ཅིའི་ཕྱིར་ཞེ་ན་མཆོད་ཕྱིར ་ཞེས་བྱ་བ་གསུངས་པ་ཡིན་ནོ། །སུ་ཞིག་ལ་ཞེ་ན། སངས་རྒྱས་རྡོ་རྗེ་ཅན་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ནི་བཅོམ་ལྡན་འདས་སོ། །རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་ཏེ། གང་གི་ཕྱིར་རྡོ་རྗེ་འཛིན་པ་ཉིད་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད ་ཀྱི་གཟུགས་སུ་བཞུགས་ཏེ། དེ་བས་ན་སངས་རྒྱས་རྡོ་རྗེ་ཅན་ཞེས་གསུངས་སོ། །དེ་དག་གི་སྦྱོར་བ་ཞེ་ན། རྡོ་རྗེ་གར་གྱིས་ཚུལ་གྱིས་སོ་ཞེས་བྱ་བ་ནི་བསྟན་ཟིན་ཏེ། ལག་པ་གཉིས་མཛེས་པར་བསྒྱུར་པའོ། །གྲཝ་རྣམས་སུ་ནི་གདུག་པ་ལ་སོགས་པའོ། །སྒོའི་ཕྱོགས ་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་བྲིས་པའི་རྗེས་ཐོགས་ལའོ། །དབུག་པ་ལ་སོགས་པའི་ལས་བྱས་ནས་ཞེས་བྱ་བ་ནི་དགུག་པ་ཞེས་སྨོས་སུ་ཟིན་གྱིས་ཀྱང་འདི་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་བལྟ་བར་བྱ་སྟེ། ་འཇུག་པ་དང་བཀའ་ནོད་པ་ལ་སོགས་པ་སློབ་དཔོན་གྱི་ལས་རྣམས་ཀྱང་འདིར་བྱ་དགོས་པ་ཡིན་ནོ། །དགུག་པ་ལ་སོགས་པ་ཞེས་སྨོས་པ་ནི་བཞུགས་པ་ལ་སོགས་པ་བཟུང་ངོ། །རྡོ་རྗེ་འཆང་བའི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ་ཞེས་བྱ ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་ལྷའི་རིགས་མ་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་འོག་ཏུ་དམ་ཚིག་སྦྱིན་པར་བྱ་བ་སྟེ། ལྷའི་རིགས་མ་མཐོང་བ་ནི་དཀྱིལ་འཁོར་དམ་པ་མ་མཐོང་བའོ། །གལ་ཏེ་དཀྱིལ་འཁོར་དམ་པ་མཐོང་བ་ཡིན་དུ ་ཟིན་ཀྱང། ཅི་ཞིག་ལྟར་ཚོན་རྩི་ཉི་ཚེ་ཙམ་ལས་མ་མཐོང་བ་ཡང་སྲིད་པས། དེ་ལས་ཁྱད་པར་དུ་བྱ་བའི་ལས་མི་ཤེས་པ་སུ་ལ་ཡང་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་འདིར་ཇི་སྐད་བསྟན་པའི་ལས་རྣམས་གང་གིས་མི་ཤེས་པ་དེ་ནི་ལས་མི་ཤེས་པ་སྟེ། དེ ་ལྟ་བུའི་ལས་མི་ཤེས་པ་དེ་ལ་ཁྱོད་ཀྱིས་བསྟན་པར་ནི་བྱའོ་ཞེས་བྱ་བའི་དོན་ཏོ། །གསང་བར་བྱ་བའི་ལས་ནི་གསང་བའི་ལས་ཏེ། རིག་པ་དམ་པ་རྣམ་པར་སྣང་མཛད་ཀྱི་གནས་ན་འདུག་པ་དང། འཁོར་དང་བཅས་པ་གང་བྱེད་བར་སྟོན་པ་དང། དེ་ལ་ཡང་གསང་བའི ་མཆོད་པ་འདུལ་?་དང། སངས་རྒྱས་དང་བྱས་དུས་སེམས་དཔའ་རྣམས་རོལ་མོ་པར་སྟོན་པ་འདི་དག་ནི་གསང་བའི་ལས་དེ་ཡིན་ཏེ། གལ་ཏེ་བསྟན་བར་གྱུར་པས་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བ་སྟེ། དམ་ཚིག་ནི་དམ་ཚིག་ལས་འདས་པའོ། །ཉམས་པར་གྱུར་པ་ནི་གཟིར ་བར་བྱེད་པ་སྟེ་དུས་མ་ཡིན་པར་འཆིབ་ལ་སོགས་པའོ། །སྨོས་ལ་ཞེས་བྱ་བ་ནི་དམ་ཚིག་འདི་བསྟན་པ་སྟེ། ལས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་འཛིན་གྱི་ཕྱག་རྒྱ་བཅིངས་ནས་བྱའོ། །འདི་སྐད་སྟོན་ཏེ། སློབ་དཔོན་བདག་ཉིད་རྡོ་རྗེ་འཛིན་གྱི་ཕྱག་རྒྱ་བཅིངས་ཏེ། སློབ་མ་ལ་དེ ་དབབ་པའི་ཕྱིར་རང་གི་ལས་ཀྱི་རྡོ་རྗེ་འཛིན་གྱི་ཕྱག་རྒྱ་དེ་ལྟར་བསྟན་ཅིང་ཁྲོ་བོའི་ལྷ་བས་ཀྱང་བལྟས་ལ་སློབ་མ་ལ་འདི་སྐད་དུ་བརྗོད་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཅིངས་ལ་བལྟ་བའི་ཕྱག་རྒྱ་ཡང་གཏོད་ཅིང་སྔགས་ཀྱང་བརྗོད་ན། སློབ་མ་དེ་ལ་བབས་ཏེ། བདག་ཉིད་ཀྱིས ་འཇུག་?་ཞེས་བྱ་བར་སྦྱོར་རོ། །ཞུགས་ནས་ཅི་ཞིག་བྱེད་ཅེས་ན། ཕྱག་རྒྱ་དང་ལན་གྱི་ཕྱག་རྒྱ་རྣམས་ཀྱི་གར་གྱི་མཆོད་པས་མཆོད་པར་བྱའོ། །ཞེས་བྱ་བ་གསུངས་སོ། །དེ་ལྟར་བབས་ཏེ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དང། གར་གྱི་མཆོད་པ་བྱེད་པ་ལ་ཕན་ཡོན ་ཅི་ཞིག་འོད་ཅེ་ན། དེ་ཕྱིན་ཆད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཕྱིན་ཆད་ཅེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་པ་ནས་བརྩམས་ཏེའོ། །ལས་ཐམས་ཅད་ཅེས་བྱ་བ་ནི་ལས་ཕྲན་ཚོགས་རྣམས་སོ། །གང་གིས་ལས་ཐམས་ཅད་བྱེད་ཅེ་ན། ལུས་དང་ངག་དང་ལྟ་བ་དང། ་ཡིད་དང་རྡོ་རྗེའི་ཕྱག་རྒྱ་རྣམས་ཞེས་བྱ་བ་གསུངས་སོ། །དེ་ལ་རྡོ་རྗེའི་སྒྲ་ནི་རེ་རེ་ཞིང་སྦྱར་དགོས་ཏེ། ལུས་རྡོ་རྗེའི་ཕྱག་རྒྱ་དང། ངག་རྡོ་རྗེའི་ཕྱག་རྒྱ་དང། ལྟ་བ་རྡོ་རྗེའི་ཕྱག་རྒྱ་དང། ཡིད་རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་སོ། །འདོད་པ་བཞིན་དུ་ཞེས་བྱ་བ་ནི་བསམས་པ ་ཅན་གྱིས་བྱེད་པ་སྟེ། ལས་འདི་ལ་ཕྱི་བ་ཤོལ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱི། དམ་ཚིག་མཆོག་ནི་གཉིས་བྱ་སྟེ། ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཇི་སྐད་གསུངས་པ་དེ་དག་ཉིད་རྡོ་རྗེ་གར་བྱས་ནས་བཅིངས་ཏེ། གཉིས་སུ་བྱས་ལ་ཡང་གར་བྱེད་པའི་ཚུལ་གྱི་མཆོད་པར་བྱ་བའི་ཁྱིར་དེ་ཡང་དུལ་ཞིང་བསྟབ་པར་བྱའོ། །རྡོ་རྗེ་ལཱ་སྐྱེ་སོགས་མཆོད་པ ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་འདི་ཉིད་དུ་རྡོ་ཐེ་སྒེག་མོ་ལ་སོགས་པ་ཕྱག་རྒྱར་བསྟན་པ་གང་ཡིན་པ་དེ་དག་ཉིད་གར་གྱི་ཚོགས་བཅིངས་ལ་རྡོ་རྗེ་རིག་པ་དམ་པ་ལ་དབུལ་བར་བྱའོ། །རིག་པ་འདི་རྣམས་ཐམས་ཅད་ཀྱང་ཞེས་བྱ་བ་ནི ་གན་འདིར་བདུག་པ་ལ་སོགས་པའི་མཆོད་པ་རྣམས་དང། འཇིག་རྟེན་པའི་ལྷ་མོ་གང་ཡིན་པ་དེ་རྣམས་ནི་རིག་པ་ཞེས་སྨོས་པ་འདིས་གཟུང་བར་བྱའོ། །རིག་པ་དེ་དག་ཐམས་ཅད་ཀྱང་ལྟག་འོག་གོ་རིམ་ཇི་བཞིན་ཏུ་ཞེས་བྱ་བ་དེར་བཤད་པའི་གོ་རིམ་གྱིས་སོ། །ཇི ་བཞིན་དུ་ཞེས་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །གར་གྱི་མཆོད་པའི་ཕྱག་རྒྱ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་གར་བྱས་ནས། འདི་དག་གི་ཕྱག་རྒྱ་བཅིང་བ་བྱས་ལ་ཕྱག་རྒྱ་བཅིངས་ཏེ་ཕུལ་བ་འདིས་ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱས་པ་ཡིན་ནོ། །བདུག་པ་ལ་སོགས ་པའི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པ་དང། འཇིག་རྟེན་པའི་རིག་པ་རྣམས་ཀྱི་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པ་རྣམས་ཡིན་པར་བལྟ་བར་བྱའོ། །དེ་ལྟར་རིག་པ་དེ་དག་ཐམས་ཅད ་ཀྱི་གར་གྱི་མཆོད་པས་ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱའོ། །ལྷ་མོ་དེ་དག་ཐམས་ཅད་ཉིད་ཀྱི་རྡོ་རྗེ་གར་གྱི་ཚུལ་གྱི་ནི་ཕྱག་རྒྱ་ཆེན་པོ་མདོར་བསྡུས་སོ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། རྡོ་རྗེ་གར་བྱས་ལ་འདི་དག་ཐམས་ཅད་ཀྱི་རང་རང་གི་ཕྱག་རྒྱ་ཆེན་པོ་མདོར ་བསྡུས་ནས་བཅིངས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་མཆོག་ནི་གཉིས་བྱས་ཏེ། ལན་གྱི་ཕྱག་རྒྱས་འགྲོལ་བར་བྱ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་རྩ་བའི་དཀྱིལ་འཁོར་ལས། རྡོ་རྗེ་བཅིངས་པ་དམ་བྱས་ཏེ། །གཡོན་པ་རྡོ་རྗེ་བཅིང་བར་བྱ། །རྡོ་རྗེ ་ཁུ་ཚུར་ཞེས་བཤད་དེ། །འདི་ནི་རྡོ་རྗེ་རིགས་ཀུན་གྱིའོ། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ། །མཚན་མ་ཀུན་ཡང་དེས་བཞག་གོ་ཞེས་ཇི་སྐད་བཤད་པ་གང་ཡིན་པ་དང། བཟུངས་ཀྱི་དཀྱིལ་འཁོར་ལས་ཀྱང། །རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་གཙོ་བོར་འདུས། །ཕྱག་རྒྱ་བཅིང ་པ་བཤད་པར་བྱ་ཞེས་བཤད་པ་དེ་ལས་གཉིས་སུ་བྱས་པའི་གཡོན་པའི་རྡོ་རྗེ་ལས། མ་མོ་འདི་དག་ཐམས་ཅད་ཀྱི་ཕྱག་རྒྱ་འབྱུང་བས་དམ་ཚིག་མཆོག་གི་ཕྱག་རྒྱ་འདི་དག་ཐམས་ཅད་བཅིང་བར་བྱའོ། །ཇི་ལྟ་བུ་ཞེ་ན་དམ་ཚིག་མཆོག་ཅེས་བྱ་བ་སྟེ། གཡོན་པའི་རྡོ་རྗེ་མཆོག་བསྡུས ་པའོ། །ཇི་ལྟར་བཅིང་ཞེ་ན་གཉིས་བྱས་ཏེ་ཞེས་བྱ་བ་སྟེ་རྡོ་རྗེ་བཅིང་བ་གཉིས་སུ་བྱའོ། །དེ་རྣམས་ཇི་ལྟར་དགྲོལ་བར་བྱ་ཞེ་ན། དེའི་ཕྱིར་ལན་གྱི་ཕྱག་རྒྱ་འགྲོལ་བར་བྱ་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་གར་བྱས་ནས་རྡོ་རྗེ་བཅིངས་ལ་རྡོ་རྗེ་གཡོན་པ་དེ་བཙིར་བར་བྱའོ། །དེ ་ནས་གཉིས་སུ་བྱས་པའི་རྡོ་རྗེ་དེ་ལས་ཕྱག་རྒྱ་ཐམས་ཅད་ལས་རེ་རེ་ཞིང། གཡོན་པ་རྡོ་རྗེ་མཆོག་གིས་བསྡུས་ཏེ་བཅིང་བར་བྱ་ཞིང། ལན་གྱི་ཕྱག་རྒྱ་མཐོང་ནས་ཀྱང་དགྲོལ་བར་བྱའོ། །དེ་ལྟར་ཕྱག་རྒྱ་འདི་རྣམས་ཀྱིས་སློབ་དཔོན་དང་སློབ་མ་ལ་བབས་ནས་མཆོད་པར ་བྱའོ། །སུ་ཞིག་ལ་ཞེ་ན། གཙོ་བོ་ཐམས་ཅད་ཅེས་བྱ་བ་སྟེ། གཙོ་བོ་ཐམས་ཅད་ནི་སངས་རྒྱས་དང། རྡོ་རྗེ་འཛིན་ལ་སོགས་པ་དང། རྡོ་རྗེ་ཧཱུཾ་མཛད་དོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། ལས་གྲུབ་པར་ཡང་དེས་པར་འགྱུར་ཞེས་བྱ་བ་གསུངས ་ཏེ། ཐམས་ཅད་འགྲུབ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་འབྲེལ་པའོ།། །།དེ་ལྟར་གདུལ་དཀའ་བ་རྣམས་བཏུལ་ཞིང་བྱང ་ཆུབ་ཀྱི་སེམས་ལ་ཡང་བཀོད་དེ། སེམས་ཅན་རྣམས་ཀྱི་དོན་ལ་ངེས་པར་སྦྱར་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྡོ་རྗེ་རིགས་དེ་དག་ཐམས་ཅད་གསང་བའི་དོན་ཤེས་ན། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་མན་ངག་ལ་སྦྱར་བ་དང། གསང་བའི་དོན་རྣམ་པར ་སྤྱད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་འདིར་ཕྱག་ན་རྡོ་རྗེས་སོ། །རྡོ་རྗེ་རིགས་ཐམས་ཅད་ཅེས་བྱ་བ་ནི་ཕྱིའི་རྡོ་རྗེ་རིགས་རྣམས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐོས་ནས་ཞེས་བྱ་བ་ནི་བྱེད་དུ་བཅུག་པའོ། ་ཕྱིར་མི་ལྡོག་བའི་ས་ལ་རབ་ཏུ་བཞག་སྟེ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་ནས་སོ། །མཁྱེན་བཞིན་དུ་ཞེས་བྱ་བ་ལ་ཅི་ཞིག་མཁྱེན་ཅེ་ན། གསང་བའི་དོན་ཏེ་སེམས་ཅན་རྣམས་ཡིད་ཆེས་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞལ་ནས་གསང་བའི་དོན་མངོན་སུམ ་དུ་ཐོས་ཏེ། དེ་ཡོངས་སུ་ཤེས་པས་སེམས་ཅན་རྣམས་ཀྱི་དོན་ལ་ཞུགས་ཀྱང་ཅི་མ་རུང་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གསང་བ་ཐམས་ཅད་འཛིན་པར་དབང་བསྐུར་ན་ཞེས་བྱ་བ་ནི་བསྒོ་བའོ། །གང་ཞིག་ཅེ་ན་གསང་བ ་སྟེ་གང་བདག་གིས་བཟུང་བར་བགྱི་བའོ། །དེ་གང་ལགས་བཀའ་སྩོལ་ཅིག་ཅེས་བྱ་བ་ནི་དེ་བཀའ་སྩོལ་ཞིང་གསུངས་ཞིག་ཅེས་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་ཞུགས་པའི་རྗེས་ཐོགས་ལའོ། །སྐལ་པ་ཕུན་སུམ་ཚོགས་པས་ན་བཅོམ་ལྡན་འདས་སོ། །དེ ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། འདི་དག་གི་གསང་བ་ནི་སྦ་བ་སྟེ། ཐམས་ཅད་དུ་བསྟན་པར་མི་བྱ་བའོ། །གང་གིས་གསང་བ་དེ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་འདི་ནི་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་གསང་བའོ། །དེ་གཞན་གྱིས་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་གང་ཞིག་ཡིན་ཞེ་ན། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཞེས་བྱ་བའོ། །ཅི་ཞིག་མཛད་ཅེ་ན་གསུངས་སོ་ཞེས་བ་སྟེ་བཀའ་སྩལ་ཏོ་ཞེས་པའོ། །སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའི ་སེམས་ཅན་རྣམས་ལ། རང་བཞིན་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་སྤྱོད་པའི་རང་བཞིན་གྱིས་སོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་དང་གང་གིས་སོ། །འདུལ་འགྱུར་ཞེས་བྱ་བ་ནི་ཕན་པར་འགྱུར་པ་སྟེ། དེ་ལྟ་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་བྱོས་ཤིག་ཅེས་པའི་དོན ་ཏོ། །དེའི་སྤྱོད་པ་བསྟན་པའི་སྤྱོད་པ་དེ་གང་ཡིན་ཞེ་ན། འདོད་ཆགས་ལ་སོགས་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ་ལ་སྤྱོད་པར་བསྟན་པས་སོ། །ཅི་ཉོན་མོངས་པ་དང་བཅས་པས་སམ་ཞེ་ན། མ་ཡིན་ཏེ་གཙང་པས་བྱ་བའོ། །འདི་སྐད་སྟོན་ཏེ། ་ཇི་ལྟར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་འདོད་ཆགས་ལ་སོགས་པའི་སྤྱོད་པ་རྣམས་ལ་འདོད་ཆགས་སྤྱོད་པར་སྟོན་ཀྱང་ཆགས་པར་མི་མཛད་པ་དང། ཞེ་སྡང་ལ་སྤྱོད་པ་རྣམས་ལ་ཞེ་སྡང་སྤྱོད་པར་སྟོན་ཀྱང་ཞེ་སྡང་མི་མངའ་བ་དང། གཏི་མུག་ལ་སྤྱོད་པ་རྣམ ་རྨོངས་པ་ཉིད་དུ་སྟོན་ཀྱང་རྨོངས་པ་མི་མངའ་ཨོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པར་སྟོན་ཅིང་སེམས་ཅན་རྣམས་ཀྱི་དོན་བྱའོ། །གཞན་སུ་ཡང་རུང་བས་ཀྱང་ཀུན་ཏུ་བཟང་པོ་བཞིན་དུ་ཅི་ནས་ཀྱང་མ་ཆགས་པ་དང་མི་སྡང་བ་དང། མ་རྨོངས་པས ་སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་གཙང་བས་བྱ་ཞེས་བྱ་བའི་སྒྲས་སྟོན་ཏོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བདུག་ཅིང་གཏུམ་པ་རྣམས་ལས་བསྐྱབ་པའི་ཕྱིར་རོ། །སངས ་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ཡང་དག་པར་བསྲུང་བའི་ཕྱིར་སེམས་ཅན་ཐམས་ཅད་བསད་ཀྱང་ནི་ཞེས་བྱ་བ་ནི། ང་རྒྱལ་ཚར་བཅད་པར་བྱ་བའི་ཕྱིར། རྒྱུད་འདི་ཉིད་ལས་ལྷ་ཆེན་པོ་བསད་པ་ཇི་ལྟ་བ་བཞིན་དུ། རྣལ་འབྱོར་བསྒོམ་པ་ལ ་དབང་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སླར་གསོ་བར་ནུས་ན་གལ་ཏེ་སེམས་ཅན་ཐམས་ཅད་བསད་དུ་ཟིན་ཀྱང། སྡིག་གིས་གོས་པར་མི་འགྱུར་རོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་ལ་ལོངས་སྤྱོད་ཀྱི་དྲེགས་པས་མྱོས་ཏེ། སྤྱོད་པ་ངན ་?་སེམས་ཅན་རྣམས་ལ་འཁུ་བར་བྱེད་ན་དེ་ལས་སེམས་ཅན་རྣམས་བསྲུང་བ་ཉིད་ནི་སེམས་ཅན་ཀུན་ལ་ཕན་ཕྱིར་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དོན་དུ་སྦྱོར་བ་ཡིན་ཞེས་བྱ་བ་ལ་སངས་རྒྱས་རྣམས་ཀྱི་དོན་ནི་བསྟན་པ་བསྲུང་བ་དང་།དམ་པའི་ཆོས་ཡུན་རིང་དུ ་གནས་པར་བྱ་བའི་ཕྱིར་བྱ་བ་འདི་ནི་དོན་ཏེ། དགོས་པ་ཡིན་ལ་དེའི་དོན་དུ་སྦྱོར་བས་ན་སངས་རྒྱས་དོན་དུ་སྦྱོར་བའོ། །འདི་སྐད་སྟོན་ཏེ། གང་ལ་ལ་གདུག་ཅིང་གཏུམ་པ་རྣམས་ལོངས་སྤྱོད་ཀྱིས་དྲེགས་པས་མྱོས་ཏེ། བསྟན་པ་རྣམ་པར་འཇིག་པར་བྱེད་ན་དེ་གདུལ་བར ་བྱ་བའི་ཕྱིར་བརྒྱ་བྱིན་གྱིས་ཚོང་དཔོན་གྱི་ནོར་སྦས་པ་བཞིན་དུ། དེའི་ནོར་རེ་ཞིག་དབྲོག་པར་བྱའོ། །ཕ་རོལ་ནོར་རྣམས་ཕྲོགས་ཀྱང་ནི་ཞེས་བྱ་བ་ནི་རྫུ་འཁྲུལ་གྱི་སྟོབས་ཀྱིས་ཕ་རོལ་གྱི་ནོར་ཕྲོགས་ན་ཡང་དེ་སྡིག་པས་གོས་པར་མི་འགྱུར་རོ། །འདོད་ཆགས་འདྲ་བའི ་བདེ་བ་མེད་ཅེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཏེ། སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་འདོད་ཆགས་ཡིན་ལ། དེ་དང་འདྲ་བའི་བདེ་བ་མེད་ཅེས་པ་ནི་གང་གི་ཕྱིར་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཡང་དེ་ལས ་འཐོབ་སྟེ། དེ་བས་ན་དེ་དང་འདྲ་བའི་བདེ་བ་ཡོད་པ་མ་ཡིན་ནོ། །རྒྱལ་བ་ལ་ནི་དེ་ཕུལ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་པ་ཉིན་རེ་ཞིང་དུས་གསུམ་དུ་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ནས་མངོན་སུམ་དུ་བླང་བར་བྱའོ། ་དེ་ལྟར་བྱང་ཆུབ་སེམས་བླངས་ནས་བྱང་ཆུབ་ཀྱི་སེམས་བླངས་པའི་འོག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ངེས་སེམས་ཅན་རྣམས་ཀྱི་དོན་བྱ་དགོས་སོ། །དེ་ལྟར་སེམས་ཅན་རྣམས་ཀྱི་དོན་བྱ་དགོས་པས་ན། གཞན་གྱི་ཆུང་མ་སེམས་ཅན་ཕྱིར། བསྟེན་པས་བསོད་ནམས་འཐོང ་པར་འགྱུར་ཞེས་བྱ་བ་སྟེ་གཞན་ནི་པར་སྟེ་མཆོག་གོ་།ཆུང་མ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བསྟེན་པ་ནི་བསྒོམ་པ་སྟེ་ཐུན་བཞིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་དང། ཕྱག་རྒྱ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་རྣལ་འབྱོར་པ་དེ ་བསོད་ནམས་ཤིན་ཏུ་མང་པོ་འཐོབ་པར་འགྱུར་རོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང། ཞེས་བྱ་བ་ལ་སོགས་པ་ལ་མ་འོངས་པ་ན་བདེ་བར་འགྱུར་པའི་ལས་ལ་ནི་ཕན་པ་ཞེས་བྱ་སྟེ། །སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའོ། །དེ་ལྟ་བུའི་སེམས་ཅན་ཐམས་ཅད་ལ ་ཕན་པའི་དོན་དང། ཕྱིར་ཞེས་པ་ནི་ཚེ་འདིའི་དོན་རྫོགས་པར་བྱ་བ་སྟེ། ཚེ་འདིའི་དོན་ནི་ནད་དང། དངུལ་བ་ལ་སོགས་པའི་སྡུག་བསྔལ་བསལ་བ་སྟེ། དེ་ལྟ་བུའི་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དང། སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས ་རྣམས་ཀྱི་བསྟན་པ་བསྲུང་བའི་ཕྱིར་རོ། །ལས་རྣམས་ཐམས་ཅད་བྱས་པ་ཡིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ལ་འདོད་ཆགས་ལ་སོགས་པ་གཙང་མ?་།སེམས་ཅན་རྣམས་ཀྱི་དོན་བྱ་པ་ཉིད་ལས་ཏེ་དང་པོ་ཡིན་ནོ། །རྡོ་རྗེ་རིགས་ལ་ང་རྒྱལ་ཅན་རྣམས་ཚར་བཅད་པའི ་ཕྱིར་དུས་ཅུང་ཞིག་སྲོག་དང་དབྲལ་བ་ནི་ལས་གཉིས་པ་ཡིན་ནོ། །རིན་པོ་ཆེའི་རིགས་ལ་གདུལ་བའི་ཕྱིར་དུས་ཅུང་ཞིག་ནོར་འཕྲོག་བ་ནི་གསུམ་པ་ཡིན་ནོ། །པདྨའི་རིགས་ལ་དེ་བཞིན་གཤེགས་པ་རྣམས་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་བླང་བ་དང་དཀྱིལ་འཁོར ་བསྒོམ་པ་ནི་ལས་བཞི་པ་ཡིན་ནོ། །ལས་ཀྱི་རིགས་ལ་མཆོད་པའི་ལས་རྣམས་དང་སེམས་ཅན་རྣམས་ཀྱི་དོན་བྱ་བ་ནི་ལྔ་པ་ཡིན་ནོ། །དེ་ལྟར་ལས་ཐམས་ཅད་བྱས་ན་དེས་བསོད་རྣམས་ཤིན་ཏུ་མང་པོ་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ། ཀོ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་མངོན་པར་རྟོགས་པའི་ཏོག་པཱི?་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་རིགས་ཀྱི་རྟོག་པའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ཇི་སྐད་བཤད་པའི ་ཚུལ་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་རྣམ་པར་དབྱེ་བ་མཛད་ནས། འཇིག་རྟེན་གསུམ་གྱི་འཁོར་ལོ་དེ་དག་སྐྱབས་གསུམ་ལན་པ་ལ་བཅུད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསྟན་པ་ལ་ཞུགས་པ་དེ་རྣམས་ལམ་ལ་གཟུང་པའི་ཕྱིར་ཆོས ་བཤད་པ་གཙར་བྱ་དགོས་པས་ན་དེ་གཙོར་གྱུར་པའི་འགྲོ་བ་འདུལ་བ་ཞེས་བྱ་བའི་བརྟག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་འཇིག་རྟེན ་གསུམ་གྱི་འཁོར་ལོའི་རྟོག་པ་ལས་བལྟོས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །གཅིག་ཏུ་འདུས་ཏེ་ཞེས་བྱ་བ་ནི་འདུ་བ་མཛད་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་བ་ཕུན་སུམ་ཚོགས ་པར་ཕྱིར་བཅོམ་ལྡན་འདས་སོ། །ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི་སྔར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་ཀྱིས་བཞུགས་པ་གང་ཡིན་པ་དེ་ཉིད་དོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དོ། །དེའི་བདག་པོ་ནི་གཙོ་བོར་གྱུར ་པ་སྟེ། དབང་དུ་གྱུར་ཅིང་མཁས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་བསམ་པ་དང། ངག་ལ་ཉལ་དང། ཁམས་དང། རང་བཞིན་དང། སྤྱོད་པ་ལ་གཟིགས་པ་དང། འཇིགས་པ་ཆེན་པོ་བརྒྱད་ལ་གཟིགས་པའི་དབང་པོ་ཡིན་པས་ན་སྨན?་རས་གཟིགས ་ཀྱི་དབང་པོ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བརྐྱ་རྩ་བརྒྱད་མངར?་བས་ན་མཚན་བརྒྱ་རྩ་བརྒྱད་དེ། མཚན་བརྒྱ་རྩ་བརྒྱད་པ་དེས་གསོལ་བ་བཏབ་པའོ། །འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །གསོལ་བ་བཏང?་པ་ཞེས་བྱ་བ་ནི་མཆོད་པ་སྔོན་དུ་འགྲོ ་བས་གསོལ་བ་འདེབས་པ་སྟེ། དེ་མཛད་པའོ། །དེ་ལ་འདིར་རེ་ཞིག་དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་དྲང་པོ་བསྟོད་པའི་ཕྱིར། པདམོའི་སེམས་དང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དེ་ཉིད་པདྨའི་རིགས་ཀྱི་སྒོ་ནས་པདམོའི་སེམས ་དཔའ་ཞེས་གསུངས་པ་ཡིན་ནོ། །དེ་རྣམས་ཀྱི་བདག་པོར་འགྱུར་བས་ན་པདྨ་ཆེའོ། །འཇིག་རྟེན་རྣམས་ཀྱི་དབང་ཕྱུག་ཡིན་པས་ན་འཇིག་རྟེན་དབང་པོ་སྟེ། བདག་པོ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་མཛད་པས ་ན་དབང་ཕྱུག་ཆེན་པོའོ། །འཇིགས་པ་ཆེན་པོ་བརྒྱད་ལ་གཟིགས་པ་ལ་མངའ་བརྙེས་པའི་ཕྱིར་རམ། །པདྨའི་ཕྱག་རྒྱའི་ཆགས་པ་ལ་གཟིགས་པའི་ཕྱིར་སྤྱན་རས་གཟིགས་དབང་ངོ། །བརྟན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེ་དག་གི་ནང་ན་བརྟན་པས་ན་མཆོག་ཏུ ་གྱུར་པ་སྟེ། ངན་སོང་བ་རྣམས་ཀྱང་པདྨ་ལྟ་བུར་བྱའོ་ཞེས་འཁོར་བར་སྐྲག་པ་མི་མངའ་བའི་ཕྱིར་བརྟན་པའི་མཆོག་གོ་།བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་པོས་ཆོས་གང་རང་བཞིན་གྱིས་རྣམ་པར་དག་པར་གཟིགས་པ་དེ་ལ་སུས་ཀྱང་གཞན་དུ་བསྒྱུར་བར་མི་ནུས ་པའི་ཕྱིར་མི་ཕྱེད་པའི་མོས་ཉིད་དང་ལྡན་པས་ན་རྡོ་རྗེ་ཆོས་སོ། །ཚིགས་སུ་བཅད་པ་འདིས་ནི་མཚན་བདུན་ཡང་དག་བསྡུས་པ་ཡིན་ནོ། །ཆིགས་སུ་བཅད་པ་གཉིས་པས་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་བདག་པོར་གྱུར་པའི་སྒོ་ནས་བསྟོང་པ་མིན་ཏེ། ཆོས་རྣམས་ལ་བདག་པོར ་གྱུར་པས་ན་ཆོས་ཀྱི་རྒྱལ་པོའོ། །ཐུན་མོང་མ་ཡིན་པའི་མཁྱེན་པ་ལ་མངའ་བརྙེས་པ་ན་དག་པ་ཆེ་སྟེ། མི་ཤེས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སེམས་དཔའ་ཨི་རྒྱལ་པོ་སྟེ། ཐུན་མོང་མ་ཡིན་ཞིང་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཉེ་བར་སྟོན་པར ་མཛད་པའི་ཕྱིར་རོ། །དབང་པོ་ཡོངས་སུ་མ་སྨིན་པ་རྣམས་དབང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཉིད་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕན་འདོགས་པ་དང། ཚར་གཅོད་པར་སྤྱོད་པས་ན་བློ་གྲོས་ཆེན་པོའོ། །ཡང་ན་ཤེས་རབ་ཀྱི?་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཐུགས་སུ་ཆུད་པས་ན་དྲེ ་གྲོས་ཆེའོ། །པདྨའི་ཆོས་དང་རྗེས་སུ་མཐུན་པའི་པདམོའི་བདག་ཉིད་དོ། །ཁམས་གསུམ་མ་ལུས་པར་ཁྱབ་པར་མཛད་པས་ན་པདྨ་ཆེའོ། །པདྨའི་མགོན་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་མགོན་པོར་གྱུར་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་འདི་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་བསྟོད་པ་ཡིན ་ནོ། །འདི་ནི་པདྨ་ལས་བྱུང་བ་ཡིན་པའི་ཕྱིར་པདྨ་ལས་བྱུང་བ་སྟེ། བསྒོམ་པའི་སྟེངས་ཀྱིས་པདྨའི་ཕྱག་རྒྱ་ལས་ཡང་དག་པར་བྱུང་བ་ཡིན་པའི་ཕྱིར་རོ། །པདྨ་བཟང་ན་ནི་པ་དང་ཟང་སྟེ། གང་དེ་ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་པའོ། །དེ་ཉིད་ཀྱི་སྣང་བ་མར་ལ་བས་ན་བདེ?་བཟང ་འོད་སྟེ། འོད་ནི་སྐུའི་མདངས་ཀྱི་འོད་དོ། །པདྨ་ལྟར་དག་པའི་རང་བཞིན་མངའ་བས་ན་པདྨ་དག་པའོ། །འདི་སྐད་སྟོན་ཏེ། ཇི་ལྟར་པདྨ་ཆུ་ལས་སྐྱེས་ཀྱང་རང་བཞིན་གྱིས་དག་པའི་ཕྱིར་ཆུའི་ཉེས་པས་མི་གོས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན ་དབང་ཕྱུག་ཀྱང་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་མཛད་པའི་ཕྱིར། འཁོར་བར་ཞུགས་ཀྱང་འཁོར་བ་རྣམས་ཀྱི་ཉེས་པས་མི་གོ་སོ། །སེམས་ཅན་རྣམས་ཤིན་ཏུ་དག་པར་མཛད་པས་ན་རབ་དག་བྱེད་དེ་པདྨ་དང་འདྲ་བ་ཉིད་དོ། །དཔེར་ན?་པདྨ་ནི་བཀྲ་ཤིས་པའི་གནས་སུ་གྱུར ་པས་ཕྱོགས་གང་དུ་སྐྱེ་བའི་ས་ཕྱོགས་དེ་གཙང་མར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཀྱང་གང་དུ་བལྟམས་པའི་སེམས་ཅན་གྱི་འཇིག་རྟེན་དེར་སྐྱེ་བ་ཞེས་པ་ཙམ་གྱིས་དག་བྱེད་དུ་གྱུར་པར་མཛད་དོ། །དེ་ཡང་ཡོན་ཏན་ཡང་དག་རྒྱན ་ལྡན་དམ་པ་ནི། །གང་དང་གང་དུ་གནས་པར་གྱུར་པ་དག་།དེ་དང་དེར་ནི་བཀྲ་ཤིས་ལྡན་བཤད་དེ། །འབབ་སྟེགས་དེ་ཡིན་དཀའ་ཐུབ་ནགས་དེ་ཡིན། །ཞེས་ཚིགས་སུ་བཅད་པས་ཇི་སྐད་བཤད་པ་ལྟ་བུ་དང། གནས་གང་གང་དུ་འགྲོ་པ་ཡི། །མིག་གིས་རྟག་ཏུ་ཁྱོད ་མཐོང་ཞིང། །གང་ཞིག་ཁྱོད་ཀྱི་ཞལ་བལྟ་བ། །འཇིག་རྟེན་དེ་ཉིད་བསོད་ནམས་ལྡན། །ཞེས་བཤད་པ་ལྟ་བུ་སྟེ་དེ་ལྟ་བས་ན་རབ་དག་བྱེད་ཅེས་བྱའོ། །རྡོ་རྗེས་མཚན་པའི་པདྨ་མངར་བས་ན་རྡོ་རྗེ་པདྨའོ། །ཡང་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་པདྨའི ་གཟུགས་སུ་བཞུགས་པས་ན་པདྨའོ། །པདྨ་བཟང་པོ་ནི་པད་མཆོག་སྟེ། ཏིང་ངེ་འཛིན་པདྨའོ། །དེ་འདབ་མ་ལྟར་ཤིན་ཏུ་འཇམ་པའི་སྐུ་མངའ་བསན་པད་མཆོག་སྐུའོ། །སྔ་མ་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་སྒོ་ནས་བསྟན་པ་ཡིན་ལ། ད་ལྟར་གྱི་ནི་རེག་བྱའི་? ་མཆེད་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ། ཁྱད་པར་ནི་དེ་ཡིན་ནོ། །པདྨའི་སྟེང་གི་པདྨ་ཡིན་པས་ན་པདྨའི་པདྨ་སྟེ། འོག་གི་པདྨ་ནི་ཚངས་པའི་པདྨ་ཡིན་ལ། དེའི་སྟེང་དུ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་པདྨ་གནས་པས་ན་དེ་སྐད་ཅེས་བྱའོ། །ཚིགས་སུ་བཅད་པ་འདོན་པདྨའི ་རིགས་ཀྱི་སྒོ་ནས་བསྟན་པ་སྟེ། འདི་ལ་ཡང་མཚན་བདུན་ཡོད་དོ། །ད་ནི་ལས་ཀྱི་རིགས་ཀྱི་སྒོ་ནས་བསྟོད་པར་བྱ་བའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྣ་ཚོགས་ཆེན་པོ་སྟེ། སྣ་ཚོགས་པའི་དགོས ་པ་མཛད་པའི་ཕྱིར། །ཁྱབ་པར་མཛད་པས་ན་སྣ་ཚོགས་ཆེན་པོའོ། །སྣང་བ་ཆེན་པོ་མངའ་བས་ན་སྣང་བ་ཆེ་སྟེ། སྣང་བ་ནི་སེམས་ཅན་གྱི་དོན་མཛད་པ་ལ་སྒྲིབ་པ་མི་མངའ་བའི་ཡེ་ཤེས་སོ། །དགོས་པ་ཆེན་པོ་མངའ་བས་ན་དགོས་པ་ཆེན་པོ་སྟེ། སེམས་ཅན་མ་ལུས་པའི ་བྱ་བ་རྫོགས་པར་མཛད་པའི་ཕྱིར་ཏེ་གདོན་མི་ཟ་བར་གྲུབ་པའོ། །ཆེན་པོ་དང་མཚུངས་པ་མངའ་བས་ན་ཚེ་དང་མཚུངས་ཏེ། ཆེ་བ་ནི་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡང་དེ་དང་མཚུངས་པར ་གྱུར་པས་ན་ཚེ་དང་མཚུངས་སོ། །བརྟན་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བརྟན་པ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་སྲུང་བ་མ་ཞུགས་པའི་ཕྱིར་རོ། །གདུག་ཅིང་གཏུམ་པ་རྣམས་ཀུན་ཏུ་སྐྲག་པར་མཛད་པས་ན་དཔའ་བ་ཆེ་བ། དཔའ་པ་ཡང་ཡིན་ལ ་ཆེན་པོ་ཡང་ཡིན་པས་ན་དཔའ་ཆེན་ཏེ། གཟི?་མདངས་ཆེན་པོ་དང་ལྡན་པ་ལ་དཔའ་ཆེན་ཞེས་བཤད་དོ། །འདི་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་རྡོ་རྗེ་སེམས་དཔའ་ཨི་སྒྲོ་ནས་བསྟོད་པར་བསྟན་པའི་ཕྱིར་སེམས་ཅན་བསམ་པ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་ནི་སེམས་ཅན་བསམ་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་གང?་ཡིན་པ་དེ་ལ་བསམ་པའི་སྒྲར་གསུངས་སོ། །དེ་ཉིད་ཤེས་རབ་དང་ཡེ་ཤེས་སུ་ཡང་དག་པར་ལྡན་པ་ནི་རྟོགས་པའི་ཆོས ་ཀྱི་རང་བཞིན་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བས་གནས་པ་ལ་ནི་ཐེག་པ་ཆེན་པོ་ཞེས་བཤད་དོ། །སེམས་དེ་ཉིད་སྟོང་པ་ཉིད་ལ་དམིགས་པའམ། ཆོས་ཐམས་ཅད་ལ་དམིགས་པས་ན་རྣམ་པར་མི་གཡེང་བ་ནི་རྣལ་འབྱོར་ཆེན་པོ་ཞེས ་བཤད་དོ། །སེམས་དེ་ཉིད་ཚངས་པའི་གཟུགས་སུ་སྤྲུལ་ཏེ། གནས་པ་ལ་ནི་མེས་པོ་ཆེ་ཞེས་བཤད་དོ། །སེམས་ཅན་རྣམས་ཀྱི་གདུལ་བྱའི་དོན་གྱི་ཕྱིར་བདེ་ཟའི་གཟུགས་སུ་སྤྲུལ་བས་ན་བདེ་ཟའོ། །ཤམ་ནི་བདེ་བ་ལ་བྱ་བ་དེ་བྱེད་པའི་དང་ཚུལ་མངའ་ ་བས་ན་བདེ་བྱེད་དེ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་མཛད་པའི་ཕྱིར་རོ། །དག་པའི་སྒྲ་ནི་སེམས་དེ་ཉིད་ལ་བྱ་བར་བཤད་དེ་དག་པའི་སྒྲའི་དོན་ཡིན་པས་ན་དག་པའི་དོན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་པའི་ཕྱིར་རོ། །པདྨ་རྒྱས ་པ་ཞེས་བྱ་བ་ནི་པདྨ་ཁ་བྱེ་བ་ཞེས་བྱ་བའི་དོན་ཏོ། །སེམས་དེ་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉིད་གཉིས་དང་བྲལ་བས་ན་པདྨ་རྒྱས་པ་ལྟ་བུ་ཡིན་པས་ན་སངས་རྒྱས་པདྨ་ཞེས་བྱའོ། །དེ་ལྟར་ན་ཆིགས་སུ་བཅད་པ་འདིས་ནི་མཚན་བརྒྱད་ཀྱི ་བསྟོད་པ་ཡིན་ནོ། དེ་ནི་བཤད་པའི་ཆོས་རྣམས་ཀྱི་སྒོ་ནས་བསྟོང་པ་བསྟན་པའི་ཕྱིར་ཆོས་དེ་ཉིད་དོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ། གཟུགས་ལ་སོགས་པ་སྟེ་ཆོས་དེ་རྣམས་ཀྱི་དེ་ལོ་ན་ཉིད་ནི་ཆོས ་དེ་ཉིད་དོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་མངའ་བས་ན་ཆོས་ཉིད་དོན་ནོ། །དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་སོ། །ཡང་ན་ཆོས་བཟང་པོ་ཡིན་པས་ན་དམ་པའི་ཆོས་སོ། །དག་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་དག་པའི་ཆོས ་ཏེ་ཐོག་མ་དང་བར་དང་ཐ་མར་དགེ་བའི་ཕྱིར་རོ། །ཆོས་བཟང་པོ་མཛད་པས་ན་ཐོས་རབ་བྱེད་དེ་རྟོགས་པའི་ཆོས་ཐོབ་པའི་རྒྱུད་གྱུར་པའི་ཕྱིར་རོ། །ཆོས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཆོས་ཆེན་ཏེ། ཐེག་པ་ཆེན་པོའི་ཆོས་ཀྱི་རང་བཞིན་ཡིན་པའི ་ཕྱིར་རོ། ཆོས་བཟང་པོ་ཡིན་པས་ན་ཆོས་བཟང་སྟེ། ཉན་ཐོས་དང་།རང་སངས་རྒྱུས་ཀྱིས་བསྡུས་པའི་ཟག་པ་མེད་པའོ། །དེ་ལས་ཀྱང་ཐེག་པ་ཆེན་པོའི་ཆོས་ནི་མཆོག་ཏུ་གྱུར་པ་ཡིན་པས་ན་ཆོས་བཟང་མཆོག་གོ་།གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྐལ ་པ་ཇི་ལྟ་བ་བཞིན་དུ་འཇུག་པར་མཛད་པས་ན་ཆོས་ཀྱི་འཁོར་ལོའོ། །འདི་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་འོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་སེམས་དཔའ་ཞེས་བྱ་ལ་ལ་སོགས་པ་གསུངས་ཏེ། སངས ་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སེམས་དཔའ་ཡིན་པས་ན་སངས་རྒྱས་སེམས་དཔའ་ཨོ། །སེམས་དཔའ་བཟང་པོ་ཡིན་པས་ན་སེམས་བཟང་སྟེ། བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི?་མཆོག་ཏུ་གྱུར་པས་ན་སེམས་བཟང་མཆོག་གོ་།འོད་དཔག་ཏུ་མེད་པ་ཡོངས་སུ ་བཟུང་པ་ཉིད་ཀྱིས་ན་ཆོས་ཉིད་རབ་ཏུ་རྟོགས་པའི་ཕྱིར་ཆོས་ཀྱི་སེམས་དཔའ་ཨོ། །སེམས་དཔའ་བཟང་པོ་ཡིན་པས་ན་སེམས་མཆོག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་རྟོགས་པའི་ཕྱིར་རོ། །སེམས་དཔའ་ཞེས་བྱ་བའི་སྒྲ་ནི་བསམ་པ་ལ་བྱ་བར་བཤད་ལ། དེ ་འདི་ལྟ་བུའི་བསམ་པ་འཛིན་པར་མཛད་པས་ན་སེམས་མཆོག་འཛིན་ཅེས་བཤད་དོ། །སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་པས་ནི་སེམས་དཔའ་དམ་པ་སྟེ། རང་གི་ངོ་བོ་ཉིད་ཀྱིས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །ཤིན་ཏུ་ཡང་སེམས་ཅན་རྣམས་མཁྱེན་པས་ན ་སེམས་མཆོག་ཤེས་སོ། །ཡང་ན་སེམས་དཔའ་མཆོག་རྣམས་མཁྱེན་པས་ན་སེམས་མཆོག་ཤེས་སོ། །འཁོར་བར་ཆགས་པས་ན་སེམས་ཅན་ཏེ། སྡུག་བསྔལ་ཅན་རྣམས་སོ། །དེ་རྣམས་ལ་རྗེས་སུ་ཐུགས་རྩེ་པས་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱབ་པར་བྱ་བའི ་ཕྱིར་ཆགས་པར་མཛད་པ་སྟེ། དེས་པའི་ཚིག་གི་ཚུལ་གྱིས་ན་སེམས་ཅན་སེམས་དཔའ་ཞེས་བཤད་དོ། །ཚིགས་སུ་བཅད་པ་འདི་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར་སྤྱན་རས་གཟིགས་དབང་ཞེས་བྱ ་?་སོགས་པ་གསུངས་ཏེ། སྤྱན་རས་གཟིགས་ཀྱིས་འཆོ་བསལ་སྤྱན་རས་གཟིགས་སོ། །སྤྱན་རས་གཟིགས་པ་ལ་མངའ་བརྙེས་པས་ན་སྤྱན་རས་གཟིགས་དབང་སྟེ། རང་བཞིན་གྱིས་དག་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་མངའ་བརྙེས་པའི་ཕྱིར་རོ། །མགོན? ་པོ་ནི་རེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་སྲས་ཀྱི་མཆོག་ཡིན་པས་ན་མགོན་པོ་མཆོག་གོ་།ཡང་ན་མགོན་པོ་ནི་ཕོངས?་པ་རྣམས་ལས་སྐྱོར་པར་བྱེད་པ་སྟེ། འདིགས་པ་ཆེན་པོ་བརྒྱད་ཀྱིས་ཟིན་པ་རྣམས་ལས་ཡོངས་སུ་སྐྱོབ་པར་མཛད་པས ་ན་མགོན་པོ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་མགོན་པོའི་མཆོག་གོ་།མགོན་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མགོན་པོ་ཆེན་པོ་སྟེ་གདུལ་བྱའི་དོན་གྱི་བྱ་བ་ཆེན་པོ་ལ་བརྩོན་པར་མཛད་པར་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཁྱད་པར་དུ་རྣམ་པར ་གཟིགས་པས་ན་རྣམ་གཟིགས་པའོ། །ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་ཡང་འཕེལ་བར་གྱུར་པས་ན་སྣང་པའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བདག་ཉིད་ཅན་ཡིན་པས་ན་འཇིག་རྟེན་ནོ། །འཇིག་རྟེན་རྣམས་ཀྱི་དོན་མཛད་པས་ན་འཇིག་རྟེན་དོན་ནོ།། ་འཇིག་རྟེན་མགོན་ཁྱོད་ཅེས་བྱ་བ་ནི་མཚན་ཏེ། དེ་བས་ན་མཚན་པ་དེས་མཚོན་པ་བྱ་སྟེ། བསྟོད་པ་ཡིན་ནོ། །ཚིགས་སུ་བཅད་པ་འདི་ནི་མཚན་བརྒྱད་ཀྱི་བསྟོད་པ་ཡིན་ནོ། །ད་ནི་ཆོས་ཀྱི་ཕྱག་རྒྱའི་སྒོ་ནས་བསྟོད་པའི་ཕྱིར་འཇིག་རྟེན་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། འཇིག་རྟེན་དུ་མི་འགྱུར་བས་ན་ཡི་གེ་སྟེ། རྟག་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་མི་འགྱུར་བས་ན་ཡི་གེ་སྟེ་གང་ཆོས་རྣམས་ཀྱི་ཆོས་ཉིད་ནི་ངོ་བོ་ཉིད་ལས་མི་འགྱུར་བ་ཡིན་པའི་ཕྱིར་རོ། །ཡི་གེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཡི་གེ་ཆེ་སྟེ། ཆོས་ཐམས ་ཅད་ལ་ཁྱབ་པའི་ཕྱིར་རོ། །འཇིག་རྟེན་ན་ཡི་གེ་སྟེ་མི་འགྱུར་བར་འདོད་པ་གང་ཅི་ཡང་རུང་བ་རྟག་པར་འདོད་པ་དེ་རྣམས་ཀྱི་མཆོག་སྟེ་དམ་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཉིད་ཀྱིས་མཆོག་ཡིན་པའི་མི་འགྱུར་པ་གང་གིས་མཚུངས་པར་གྱུར་པས་ཡི་གེ་ནི་དེ་བཞིན ་གཤེགས་པ་སྟེ་དེ་དང་མཆུངས་པ་གང་ཡིན་པ་དེ་ནི་ཡི་གེ་འདྲའོ། །མི་འགྱུར་བ་རྣམས་ཀྱི་ཡང་མི་འགྱུར་པ་ཡིན་པས་ཡི་གེའི་ཡི་གེ་སྟེ། མི་འགྱུར་བ་ནི་དེ་བཞིན་གཤེགས་པ་སྟེ། ཡེ་ཤེས་ལས་སྤྲུལ་པའི་སྐུའི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་ཆོས་ཀྱི་སྐུ་ལ་ལྷ་? ་པའི་སྤྱོད་པར་མཛད་པས་མི་འགྱུར་བའི་ཡང་མི་འགྱུར་བ་ནི་ཡི་གེའི་ཡི་གེའོ། །སྤྱན་མངའ་དང་ལྡན་པས་ན་ཐམས་ཅད་སྤྱན་ཏེ། ཤའི་སྤྱན་དང། ལྷ་དང། ཆོས་དང། ཤེས་རབ་དང། སངས་རྒྱས་ཀྱི་སྤྱན་དང་ལྡན་པའི་ཕྱིར་ཐམས་ཅད་སྤྱན་ནོ། །འཕགས་པ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་པའི་ཡི་གེའི་འཁོར་ལོའི་གཟུགས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། འཁོར་ལོ་ནི་ཡི་གེ་ཁྱོད་ཕྱག་འཚལ་ཞེས་བྱ་སྟེ། འདིར་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་ཚིགས་སུ་བཅད་པ་འདིས་བསྟོད་པའི་ཕྱིར ་ཕྱག་ན་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། ཕྱག་ན་མཚན་པར་གྱུར་པའི་པདྨ་མངའ་བས་ན་ཕྱག་ན་པདམོའོ། །ཕྱག་ཆེན་པོ་མངའ་བས་ན་ཕྱག་ཆེན་པོ་སྟེ་གདུལ་བྱ་རྣམས་ཀྱི་དགོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཁྱབ་བདག་ཉིད་དུ་གྱུར་པར་སྟོན་པའི ་ཚེ། ཕྱག་གི་མཐིལ་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འགེབས་པར་མཛད་པའི་ཕྱིར་ཕྱག་ཆེན་པོའོ། །འཇིགས་པ་ཆེན་པོ་བརྒྱད་ཀྱིས་སྐྲག་པར་གྱུར་པ་རྣམས་ལ་མི་འཇིགས་པ་སྦྱིན་པའི་ཕྱག་གིས་དབུགས་འབྱིན་པར་མཛད་པས་ན་དབུགས་འབྱིན་པའོ།། ་མཆོག་སྦྱིན་པའི་ཕྱག་གིས་ཡི་དགས་རྣམས་ཀྱི་ཁར་བདུད་རྩི་ལ་སོགས་པ་རྩོལ་བར་མཛད་པས་ན་སྦྱིན་པ་པོའོ། །སངས་རྒྱས་རྣམས་ཀྱི་ཆོས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་རྣམས་ཡང་དག་པར་བསྡུས་པ་ལ་འཇུག་པར ་མཛད་པས་ན་སངས་རྒྱས་ཆོས་སོ། །འདི་ལ་སངས་རྒྱས་ཆེན་པོ་མངའ་བས་ན་སངས་རྒྱས་ཆེ་སྟེ། དབུ་ལ་སངས་རྒྱས་འོད་དཔག་ཏུ་མེད་པ་འཇོག་པར་མཛད་པ་དང། སངས་རྒྱས་ཀྱི་རྡུལ་ཕྲོ་རབ་ལས་བསྒྲུབས་པ་ཡིན་པས་ན་སངས་རྒྱས་ཆེའོ། །རྡོ་རྗེ་སེམས་དཔའ་ཨི ་གནས་སུ་སངས་རྒྱས་ཀྱི་སྐུར་ཞུགས་པས་ན་སངས་རྒྱས་བདག་ཉིད་དོ། །འདིར་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་གཟུགས་ཀྱི་སྐུའི་སྒོ་ནས་བསྟོད་པའི་ཕྱིར་སངས་རྒྱས་གཟུགས་ནི་ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་གཟུགས་ནི ་སངས་རྒྱས་གཟུགས་ཏེ། སངས་རྒྱས་ཀྱི་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། སངས་རྒྱས་རྣམས་ཀྱི་སྤྲུལ་པས་བཞུགས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པའི་ཕྱིར་ན་གཟུགས་ཆེན་པོའོ། །ཕྱག་ན ་རྡོ་རྗེའི་གཟུགས་ཀྱིས་བཞུགས་པས་ན་རྡོ་རྗེའི་གཟུགས་སོ། །གཟུགས་བཟང་པོ་འཛིན་པར་མཛད་པས་ན་གཟུགས་བཟང་འཆང་ངོ། །ཆོས་རྣམས་ཀྱི་སྤང་བ་མཛད་པས་ན་ཆོས་ཀྱི་སྣང་བ་སྟེ་སྣང་བ་ནི་ཡེ་ཤེས་ལ་བྱའོ། །གང་ལ་གཟི ་བརྗིད་བཟང་པོ་མངའ་བ་དེ་ནི་གཟི་བརྗིད་དོ། །དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་ཉི་མ་ཡིན་ལ། །ཏིང་ངེ་འཛིན་གྱིས་བཞུགས་པའི་ཕྱིར་རོ། །འཇིག་རྟེན་རྣམས་ལ་ཕྱིན་ཅི་ལོག་པའི་ཆོས་སྟོན་པས་སྣང་བ་མཛད་པའི་ཕྱིར་འཇིག་རྟེན་སྣང་བའོ། །འདིར་ཡང་མཚན་བདུན ་པོ་ཉིད་ཀྱིས་བསྟོད་པ་ཡིན་ནོ། །ད་ནི་རིགས་ཀྱི་སྒོ་ནས་བསྟོད་པའི་ཕྱིར་པདྨའི་དཔའ་ཞེས་བྱ་བ་ལ་སོགས་གསུངས་ཏེ། །པད་མོའི་རིགས་ཀྱི་དཔལ་མིན་བས་ན་པདྨའི་དཔལ་ཏེ་ཆུའི་དཔལ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེའི་མགོན་པོ་ཡིན་པས་ན་པདྨའི་དཔལ ་གྱི་མགོན་པོའོ། །མགོན་པོ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ནས་གོན་པོ་མཆོག་སྟེ། རིགས་པའི་རྒྱལ་པོ་གཞན་རྣམས་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་མགོན་པོ་མཆོག་གོ་།ཆོས་རྣམས་ཀྱི་དཔལ་ཡིན་པས་ན། ཆོས་དཔལ་ཏེ་ལྷ་མོ་དབྱངས་ཅན་ནོ།། ་དེའི་མགོན་པོ་ནི་བདག་པོར་གྱུར་པ་སྟེ་དེས་ན་ཆོས་དཔལ་མགོན་པོའོ། །འདི་ལ་མགོན་པོ་མངའ་བས་ན་མགོན་ལྡན་ཏེ། འོད་དཔག་ཏུ་མེད་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཚངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏེ། འདིའི་མགོན་པོ་མངའ་ ་བས་ན་ཚེ?་ངོས?་པའི་མགོན་པོའོ། །ཚངས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཚངས་པ་ཆེན་པོ་སྟེ། གདུལ་བྱ་རྣམས་ཀྱི་དབང་གིས་ཚངས་པའི་གཟུགས་སུ་སྤྲུལ་པ་མཛད་པས་ན་ཚངས་པ་ཆེན་པོའོ། །ཚངས་པའི་སྲས་ཡིན་པས་ན་ཚངས་སྲས་ཏེ་སངས་རྒྱས ་ཀྱི་སྲས་ཞེས་བྱ་བའི་དོན་ཏོ། །འདིར་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་ཕྱིར་སྣང་བའི་སྣང་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མར་མེ་དང་འདྲ་བས་ན་སྣང་བ་སྟེ། ཕྱི་དང་ནང་དུ་བཅས་པའི་མུན་པ་སེལ་བར་མཛད་པའི་ཕྱིར་རོ། །འཇིག ་རྟེན་ན་ནོར་བུ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་རྣམས་ནི་ཕྱི་རོལ་གྱི་མུན་པ་སེལ་བར་བྱེད་པ་ཡིན་པར་གྲགས་པ་ཙམ་དུ་ཟད་ཀྱི། འདིར་ནི་ཕྱི་དང་ནང་གི་མུན་པ་ཐམས་ཅད་སེལ་བས་ན་སྣང་མཆོག་གོ་།སྣང་བ་ཡང་ཡིན་ལ་གཙོ་པོ་ཡང་ཡིན་པས་ན་སྣང་གཙོ་སྟེ། ཉོན་མོངས ་པའི་སྒྲ་རྣམས་འཇོམས་པས་སོ། །དེ་ཡང་ཡེ་ཤེས་ཀྱི་སྣང་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འཇིག་རྟེན་དབང་ཕྱུག་གོ་།མར་མེ་ལྟར་སྣང་བ་མངལ་བས་ན་སྣང་གསལ་ཏེ། འོད་ཟེར་འགྱེད་པས་ཕྱིའི་? ་སེལ་བར་ཆོས་མཐུན་པའི་ཕྱིར་རོ། །རབ་ཏུ་སྣང་བ་ཡིན་པས་ན་ཤིན་ཏུ་སྣང་བ་པོ་སྟེ་ཡང་དག་པའི་དོན་སྟོན་པའི་ཕྱིར་རོ། །སྣང་བ་ནི་པདྨའི་རིགས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའ་དེ་ལས་གཞན་པ་རྣམས་ཏེ། དེ་རྣམས་ཀྱི་མགོན་པོ་ཡིན་པས་ན་སྣར་བའི་མགོན ་པོའོ། །སྣང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྣང་བ་ཆེ་སྟེ། ཁམས་གསུམ་པོ་སྣང་བར་མཛད་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་སྣང་བ་ཡིན་པས་ན་སངས་རྒྱས་སྣང་བ་སྟེ། ངེས་འདུལ་བའི་སེམས་ཅན་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་རབ་ཏུ་སྤར་བའི ་ཕྱིར་རོ། །འདིས་ནི་མཚན་བརྒྱད་ཀྱིས་བསྟོད་པ་ཡིན་ནོ། །ད་ནི་དབང་བསྐུར་བའི་སྒོ་ནས་བསྟོད་པའི་ཕྱིར་སངས་རྒྱས་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་བྱ་བའི་ཕྱིར་སངས་རྒྱས་རྣམས་ཀྱི་དབང་བསྐུར་བས་ན་སངས་རྒྱས ་དབང་བསྐུར་རོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ?་ཏུ་གྱུར་པས་ན་སངས་རྒྱས་མཆོག་གོ་།སངས་རྒྱས་རྣམས་ཀྱི་སྲས་ཡིན་པས་ན་སངས་རྒྱས་སྲས་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ?་བོའི་ཞེས་ཆེ ་སྐད་གསུངས་པ་ལྟ་བུའོ། །མཁས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་ལས་ན་མཁས་ལ་ཆེན་པོ་ཡང་ཡིན་པས་ན་མཁས་པ་ཆེན་པོ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ཐམས་ཅད་ལ་ཤིན་ཏུ་ཞུགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་དབང་བསྐུར་བ་མངའ་བས་ན་སངས་རྒྱས་དབང་བསྐུར་ཏེ། འོད ་དཔག་ཏུ་མེད་པའི་དབང་བསྐུར་བ་འཆང་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དབུལ་དེ་བཞིན་གཤེགས་པ་འཇོག་པས་ན་གཙུག་སྟེ། གཞན་རྣམས་ཀྱི་ནང་ན་མཆོག་ཡིན་པས་ན་གཙུག་གི་མཆོག་གོ་།བདག་ཉིད་སངས་རྒྱས་ཀྱི་གཟུགས་འཛིན་པར་མཛད་པའི་ཕྱིར་དང། ་སྤྱི་གཙུག་ལ་ཡང་འོད་དཔག་ཏུ་མེད་པ་འཇོག་པའི་ཕྱིར་སངས་རྒྱས་སངས་རྒྱས་ཞེས་བཤད་པ་ཡིན་ནོ། །ཚིགས་སུ་བཅད་པ་འདིས་ཀྱང་མཆན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་སྤྱན་གྱི་སྒོ་ནས་བསྟོད་པའི་ཕྱིར་སངས་རྒྱས་སྤྱན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། སངས་རྒྱས་རྣམས་ཀྱི་སྤྱན་ཡིན་པས་ན་སངས་རྒྱས་སྤྱན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཡང་ན་སངས་རྒྱས་དང་འདྲ་བའི་སྤྱན་མངའ་བས་ན་སངས་རྒྱས་སྤྱན་ནོ། །སྤྱན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྤྱན་ཆེན་པོ་སྟེ། འཇིག་རྟེན ་གྱི་ཁམས་དཔག་ཏུ་མེད་པས་བར་དུ་ཆོད་པ་རྣམས་ཀྱང་གཟིགས་པའི་ཕྱིར་རོ། །ཆོས་ཀྱི་ཡུལ་དང་ལྡན་པའི་སྤྱན་མངའ་བས་ན་ཆོས་སྤྱན་ཏེ། བཤད་པའི་ཆོས་རྣམས་གྱི་ཐོག་མ་དང་བར་དང་ཐ་མའི་རྣམ་པར་དག་པ་ཐུགས་སུ་ཆུད་པའི་ཕྱིར་རོ། །གཟིགས་པ ་ཆེན་པོ་མངའ་བས་ན་གཟིགས་པ་ཆེན་པོ་སྟེ་སྤྱན་གྱི་ཕྱག་རྒྱས་ཁམས་གསུམ་ཁྱབ་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ནི། ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་མཁྱེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སངས ་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་ཐམས་ཅད་པའོ། །རྡོ་རྗེའི་ལྟ་བས་སེམས་ཅན་ཐམས་ཅད་དབང་དུ་མཛད་པས་ན་རྡོ་རྗེ་ཅན་ཁྱོད་ཕྱག་འཚལ་ལོ་ཞེས་བྱ་བའོ། །འདིར་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །དེ་ལྟར ་ན་འདི་ནི་མཚན་བརྒྱ་རྩ་བརྒྱད་དུ་འགྱུར་ཏེ། ཚིགས་སུ་བཅད་པ་བཅུ་གཉིས་ལ་ནི་མཚན་བདུན་བདུན་ཡོང་ལ། ཚིགས་སུ་བཅད་པ་གསུམ་ལ་ནི་མཚན་བརྒྱ་རྩ་བརྒྱད་ཡོད་པའི་ཕྱིར་རོ། །བདག་ཉིད་ཀུན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཐམས་ཅད་ཀྱིས་སོ། །ཡོན་ཏན་གྱིས་རྒྱུར་གྱུར ་པས་ན་ཡོན་ཏན་ནོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །མཚན་བརྒྱ་རྩ་བརྒྱད་ཞེས་བྱ་བ་ནི་ཁྱོད་ཀྱི་མཚན་ལས་བརྒྱ་རྩ་བརྒྱད་དུ་གྱུར་པའོ། །བསྟོད་དམ་ཞེས་བྱ་བ་ནི་བསྟོད་པའི་བསམ་པས་སྟོད་པར་བྱེད་ཅིང་བརྗོད་པར་བྱེད་པའོ། །སྒོམ་པར་བྱེད་པ་ཞེས་བྱ་བ ་ནི་དོན་མངོན་སུམ་དུ་བྱས་པའོ། །གང་ཞེས་བྱ་བ་ནི་སུ་ལ་ལ་སྟེ། དེ་ཡང་འཇིག་རྟེན་དབང་པོ་ཐོབ་པར་འགྱུར་ཞེས་བྱ་བའོ། །མཆོད་བ་སྔོན་དུ་འགྲོ་བའི་ཞུ་བ་ནི་གསོལ་པ་སྟེ། དེ་ལྟར་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པའི་གསོལ་བ་བྱས་ནས། །སྒོམ་པར་བྱེད་པ་ཞེས་བྱ་བ ་གསོལ་བ་འདེབས་པ་ཉིད་སྟོན་པ་ནི། དཔའ་བོ་ཁྱོད་ལ་ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་ན་དཔའ་པོའོ། །ཅིའི་ཕྱིར་གསོལ་བ་འདེབས་ཤེ་ན། ཆོས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར་རོ། །རང་གི་རིགས་རྣམས་བསྐྱེད་ནས ་ཀྱང་ཞེས་བྱ་བ་ནི་པདམོའི་རིགས་བསྐྱེད་ནས་སོ། །ཆོས་ཀི་དཀྱིལ་འཁོར་ནི་ཉིད་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་རོ། །དམ་པ་ནི་མཆོག་ཏུ་གྱུར་ཅིང་ཡོངས་སུ་དག་པ་སྟེ། དེ་ཤོད་ཅིག་ཅེས་བྱ་བར་སྦྱར་རོ། །ཐུབ་པ་ཆེན་པོ་ཞེས་བྱ་བ་ལ་ཐུབ་པ་ནི་ལུས་དང་ངག་དང་ཡིད ་ཐུབ་པའོ། །ཆེན་པོ་ནི་ཐུབ་པ་རྣམས་ཀྱི་ནང་ན་ཡང་ཆེན་པོར་གྱུར་པས་ན་ཐུབ་པ་ཆེན་པོའོ། །དེ་ལ་ལུས་ཐུབ་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་གསུམ་པས་ལྡོག་པའོ། །དག་ཐུབ་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་བཞི་ལས ་ལྡོག་པའོ། །ཡིད་ཐུབ་པ་ནི་ལོག་པར་ལྟ་བ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་གསུམ་ལས་ལྡོག་པའོ། །བཤད་པར་གསོལ་ཞེས་བྱ་བ་ནི་བསྟན་པར་གསོལ་ཞེས་བྱ་བའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་དང། བཅོམ་ལྡན་འདས ་རྡོ་རྗེ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་ལྷན་ཅིག་བཞུགས་བ་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ག་ལ་བ་དེར་མངོན་དུ་ཕྱོགས་པར་འདུག་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ ་པ་བཏབ་ཏུ་ཟིན་ཀྱང། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབའ་ཞིག་ལ་མངོན་དུ་ཕྱོགས་ནས་འདུག་པ་ནི་ཡང་དག་པར་བྱང་ཆུབ་པ་དང། ཉེ་བ་དང། དེའི་བསྟན་པ་ལ་ཞུགས་པ་ཡིན་པའི་ཕྱིར་དེ་ལ་མངོན་དུ་ཕྱོགས་ནས་འདུག་པ་ཡིན་ནོ། །རྡོ་རྗེ་པདམོ་དེ་ཞེས་བྱ་བ་ནི་རང་གི་དམ ་ཚིག་གི་ཕྱག་རྒྱ་བསྟན་པ་ཡིན། །དེ་ཡང་དཀྱིལ་འཁོར་སྤྲུལ་པའི་ཚེ་ན་ལག་ཏུ་བྱིན་པ་གང་ཡིན་པ་སྟེ། རྡོ་རྗེས་མཚན་པའི་པདྨ་ཡིན་པས་ན་རྡོ་རྗེ་པདྨའོ། །རང་གི་ཐུགས་ཁར་བཞག་སྟེ། ཞེས་བྱ་བ་ནི་དཀྱིལ་འཁོར་སྤྲུལ་པའི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར ་ཉིད་ཀྱི་ཐུགས་ཁར་བཞག་པའོ། །ཆེད་དུ་བརྗོད་པ་ནི་མ་དྲིས་བར་ལུང་སྟོན་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །རབ་ཏུ་དག་པ་ནི་ཤིན་ཏུ་དག་པ་སྟེ་ཡིད་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དག་པ ་དེ་གང་ཡིན་ཞེ་ན། རྡོ་རྗེ་པདྨ་འདི་དག་གི་ཞེས་བྱ་བ་སྟེ། རྡོ་རྗེས་མཚན་པའི་པདྨ་ནི་རྡོ་རྗེ་པདྨའོ། །བདག་གི་ཕ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་པདྨ་དེ་ལས་བདག་སྐྱེས་པའི་ཕྱིར། །བདག་གི་བུ་ཡང་ཡིན་ཞེས་བྱ་བ་ནི་བདག་གི་སེམས་གཟུགས་མེད་པ་ལས་རྡོ་རྗེ་པདྨ ་བྱུང་བའི་ཕྱིར་རོ། །དེ་བས་ན་བདག་གི་རིགས་འོག་ནས་འབྱུང་བ་འདི་བྱིན་གྱིས་བརླབ་པར་མཛོད་ཅིག་པའོ། །དེ་ལྟར་གང་གི་མ་བུ་སྐྱེས་པའི་ཕྱིར་ཆེད་དུ་བརྗོད་པ་བསྟན་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུལ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་དས་རྣམ་པར་པད ་མཛད་ཅེས་ཁྱབ་ལ་སོགས་པ་ལ་དེ?་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །སེམས་ཅན་གྱི་ཁམས་མ་ལུས་པ་ཉིད་ཀྱི་གཟི་བརྗིད་གྱིས་ཟིལ་གྱིས་མནན་ནས་རྣམ་པར་སྣང་བར་མཛད་པས་ནི་རྣམ ་པར་སྣང་མཛད་དོ། །དངོས་པོ་རྣམས་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་སྟེ། འགྲོ་བའི་དོན་ཐམས་ཅད་ནི་ཤེས་པའི་དོན་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན ་གཤེགས་པ་ཐམས་ཅད་དེ། དེ་རྣམས་དང་འབྲེལ་བའི་རྡོ་རྗེ་ཆོས་སོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། པདྨ་ལྟར་གོས་པ་མེད་པའི་ཏིང་ངེ་འཛིན་དེ་ལ་དོན་དང་མཐུན་པའི ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་ནི་འོག་ནས་བཤད་པའི་སྙིང་པོ་སྟེ། ཆོས་ཀྱི་དམ་ཚིག་ལ་ངེས་པར་འཇུག་པར་ནུས་པས་ནས་ཆོས་ཀྱི་དམ་ཚིག་ཅེས ་བཤད་དེ་དེ་ཕྱུང་བའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། རྡོ་རྗེ་པདྨའི་ཕྱག་རྒྱ་དཀྱིལ་འཁོར་སྤྲུལ་པའི་མཐུ་བསྐྱེད་པའི་ཕྱིར་འཇིག་རྟེན་དབང་ཕྱུག་གིས་ཐུགས་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་མི་བསྐྱོད་པ ་ལ་སོགས་པའི་ཐུགས་ལས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་དག་ཀྱང་འགྲོ་བ་འདུལ་བའི་གཟུགས་སུ་བཞུགས་པའི་ཕྱིར་རོ། །ཁ་དོག་ནི་སེར་པོ་དང་དམར་པོ་ལ་སོགས་པའོ། །གཟུགས་ནི་དབྱིབས་ཏེ་རིང་པོ་དང། ཐུང་དུ་དང། གྲུ་བཞི་དང། ཟླུམ་པོ་ལ་སོགས་པའོ།། ་རྟགས་ནི་མཚན་མ་སྟེ་ནོར་བུ་ལ་སོགས་པའོ། །སྤྱོད་ལམ་ནི་གཡོ་བ་དང། མགུལ་བ་དང། གནས་པ་དང། འགྲོ་བ་ལ་སོགས་པའོ། །དེ་ལྟ་བུའི་འོད་ཟེར་རྣམས་བྱུང་ནས་འདོད་ཆགས་ལ་སོགས་པ་རྣམས་པར་དག་པ་དང། །ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས ་ནས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་བའི་ཡུལ་སྨིན་པ་དང་གྲོལ་བའི་ཆགས་པར་ཆོས་ཉིད་རྣམ་པར་དག་པའི་ཡེ་ཤེས་རབ་ཏུ་སྦྱངས་པའོ། །སོགས་པ་ཅེས་སྨོས་པ་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཡང་རྣམ་པར་རྟོགས་པས་ཀུན་ནས་བསླབ?་ཞིང་ཡོད ་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཡིན་པའི་ཕྱིར། དོན་དམ་པར་ན་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཡང་དག་པར་སྦྱངས་ནས། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཡང་སླར་ལོག་སྟེ། དཀྱིལ་འཁོར་སྤྲུལ ་པའི་མཐུ་བསྐྱེད་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ཀར་ཞུགས་སོ་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་གཟུགས་ཀྱིའོ། །དེ་ནི་གཙོ་བོ་ལྔའི་རང་གི་རིགས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་ལྔ་བསྟན་པ་ནི་དེ་ནས་བཅོམ་ལྡན ་འདས་ཤེས་བྱ་བ་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་པ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་ནི ་ཆོས་ཀྱི་དམ་ཚིག་གོ་།ལྷག་མ་ནི་གོ་སླའོ། །ད་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཉིད་ཀྱི་ཐུགས་ཁར་སྤྲུལ་པའི་དཀྱིལ་འཁོར་ཀྱི ་འཁོར་ལོ་བཤད་པར་བྱ་བའི་ཕྱིར། ཨཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གསུངས་པ་ཡིན་ནོ། །དེ་ནས་དེ་སྨྲས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་ལས་སྟོན་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ལས་བཅོམ ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །འཕགས་པ་སྤྱན་རས་གཟིགས་དབང་པོའི་གཟུགས་འཛིན་པ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གཟུགས་འཆང་བའོ། །ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ།། ་གཟུགས་ནི་དབྱིབས་རྣམས་སོ། །ཚ་ལུགས་ནི་གོས་དང་རྒྱན་ལ་སོགས་པ་ཡོངས་སུ་གཟུང་ངོ། །རྒྱན་ནི་གདུ?་བུ་དང་དཔུང་རྒྱན་ལ་སོགས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་དཔའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་དེ། དེ ་རྣམས་ཀྱི་གཟུགས་འཛིན་པར་མཛད་པས་ན་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཐམས་ཅད་ཀྱི་སྐུ་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་སེམས་དཔའ་ཐམས་ཅད་ཀྱི་སྐུ་བཟུང་ནས་ཅིང་གྱུར་ཅེ་ན། དེའི་ཕྱིར་བྱང་ཆུབ་སེམས ་དཔའ་ཆེན་པོའི་ལུས་སུ་གྱུར་ནས་ཞེས་བྱ་བ་སྟེ། འཇིག་རྟེན་དབང་ཕྱུག་གི་ཐུགས་ལས་བྱུང་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་ཁམས་མ་ལུས་པ་གདུལ་བ་བྱ་སྟེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར ་པར་འགྱུར་བ་དེ་དང་དེ་ལ་དེ་དང་དེའི་གཟུགས་སུ་བསྟན་པས་འདུལ་བར་མཛད་པའོ། །གདུལ་བ་བྱས་ཏེ་ཞེས་བྱ་བ་ནི་བསྟན་པ་ལ་བཙུད་པའོ། །རིམ་པ་འདིས་སེམས་ཅན་གྱི་ཁམས་མ་ལུས་པ་གདུལ་བ་བྱ་སྟེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར ་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྣམ་པར་བཀོད་པའི་ཚུལ་དུ་གནས་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པར་སྣང་མཛད་ཀྱི་གནས་ན་བཞུགས་པ་དེའི་ཕྱོགས་ཐམས་ཅད་དེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ ་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པའོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞེས་ངོ་མཚར་ཆེ་ཞེ་ན། ཐབས་སོ། །སུ་ཞིག་གི་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ། །ཇི་ལྟ་བུ་ཞིག་གི་ཞེ་ན། སྙིང་རྗེའི་བདག་?།། ་མངོན་པར་འདོད་པའི་དོན་མྱུར་དུ་དཀའ་བ་མེད་པར་ཐོབ་པར་བྱེད་པས་ན་ཐབས་ཏེ། ཡེ་ཤེས་ཉིད་ཀྱི་ཁྱད་པར་འགའ་ཞིག་གོ། །དེ་ལྟ་བུའི་ཐབས་ཀྱིས་འདུལ་བའི་ཕྱིར་གཟུགས་གཞན་དག་ཏུ་ཡང་སྟོན་ཏེ། གང་གི་ཕྱིར་གང་དུ་ཐབས་ཀྱིས་འདུལ་མཛད་ན། ལྷ་རྣམས་སུ ་ཡང་འགྱུར་བ་ཡིན་ཞེས་བྱ་བ་སྟེ། འཇིག་རྟེན་པའི་ལྷ་རྣམས་ཀྱི་གཟུགས་སུ་ཡང་སྟོན་པར་མཛད་པའོ། །དེ་ཡང་གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་པར་འདུལ་འགྱུར་བ། །ཐུགས་རྗེས་ནོན་པ་དེ་དང་དེར། །བརྩེ་བའི་བདག་ཉིད་སྟོན་པར་མཛད་པ་ལྟ་བུ ་མཛད་ཅེས་ཇི་སྐད་བཤད་པ་ལྟ་བུའོ། །རྒྱུད་འདིར་དཀྱིལ་འཁོར་གྱི་སློབ་དཔོན་ཀྱིས་དཀྱིལ་འཁོར་བྲི་བའི་ཆོ་གར་བསྡུས་པ་གང་ཡིན་པ་དེས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ། སངས་རྒྱས་ཐམས་ཅད་བསྡུ་བར་བྱའོ། །དེ་བཞིན་གཤེགས ་པའི་རིགས་སུ་ནི་རྡོ་རྗེ་སེམས་དཔའ་ཨོ། །རྡོ་རྗེའི་རིགས་སུ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །འགྲོ་བ་འདུལ་བ་ལ་ནི་སྤྱན་རས་གཟིགས་དབང་ཕྱུག་གོ་།དོན་ཐམས་ཅད་གྲུབ་པ་ལ་ནི་ནམ་མཁའ་ཨི་སྙིང་པོ་སྟེ། རང་གི་སྙིང་པོ་ཐུགས་ཀ་ན་གནས་པ་ལ་རང་གི་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ ་གདབ་པར་བྱའོ། །གསོལ་བ་བཏབ་ནས་དཀྱིལ་འཁོར་གང་དུ་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་སྔགས་དེས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །སྔགས་གང་དཀྱིལ་འཁོར་མཐུ་བསྐྱེད་པའི་སྔགས་དེས་ནི་དཀྱིལ་འཁོར་མཐུ་བསྐྱེད་པར་བྱའོ། །སྔགས་གདད་དཀྱིལ ་འཁོར་གདོན་པའི་སྔགས་དེས་དཀྱིལ་འཁོར་དབྱུང་བར་བྱའོ། །སྔགས་གང་ཕྱག་རྒྱ་རྣམས་དགོད་པར་གསུངས་པ་དེས་ཕྱག་རྒྱ་རྣམས་དགོད་པར་བྱའོ། །དཀྱིལ་འཁོར་ཆེན་པོ་འདིར་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཇིག་རྟེན་དབང་ཕྱུག་གི་མདུད་བསྐྱེད ་པའི་ཕྱིར་ཐོག་མའི་སྔགས་གསུངས་སོ། །དེ་ནས་གཙོ་བོ་ལྔས་རང་རང་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་ལྔ་གསུངས་སོ། །དེའི་འོག་ཏུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་དཀྱིལ་འཁོར་གདོན་པའི་ཕྱིར་སྔགས་གཞན་གསུངས་སོ། །དེ་ནས་སེམས ་དཔའ་ཐམས་ཅད་ཀྱི་དགོད་པའི་སྔགས་གསུངས་སོ། །དེ་ལྟར་བྱས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་དང་འགྲོ་བ་འདུལ་བའི་གནས་སུ་སྔགས་གསུམ་གསུམ་དུ་འགྱུར་ལ། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང་གདོན་མི་ཟ་བར་གྲུབ་པའི་གནས ་སུ་གཉིས་གཉིས་སོ། །ལྷག་མ་རྣམས་སུ་ནི་དགོད་པའི་སྔགས་རེ་རེར་ཟད་དེ་འདི་དག་ནི་བསྡུས་པའི་དོན་ནི་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །བྱང་ཆུབ་སེམས་དཔས་ན་བྱང་ཆུབ་སེམས་དཔའ་ཨོ། །དམྱལ་བའི་གནས་སུ་ཡང་པདྨ་བསྐྱེད་པར་བྱའོ་ཞེས་དགོངས་པ་?་? ་དཔའ་ཆེན་པོའོ། །སྤྱན་རས་ཀྱི་གཟིགས་པས་ན་སྤྱན་རས་གཟིགས་ཏེ་སངས་རྒྱས་ཐམས་ཅད་ཀྱིས་གཟིགས་པའི་ཕྱིར་རོ། །སྤྱན་རས་གཟིགས་ཀྱང་ཡིན་ལ་དབང་པོ་ཡང་ཡིན་པས་ན་སྤྱན་རས་གཟིགས་དབང་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པའི་ཕྱིར་རོ། །རང་གི ་རིགས་བསྐྱེད་ནས་ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱི་དགོས་པའི་དོན་ཇི་ལྟ་བ་བཞིན་དུ་རྫོགས་པར་ནུས་པའི་པདྨའི་རིགས་ཀྱི་ཐུགས་ཀ་ལས་སྤྲུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་ཞེས་བྱ་བ་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ ་བརྒྱད་ལས་མི་འཇིགས་པ་ཐོབ་པར་བྱ་བའི་ཕྱིར་དང། དོན་ཐོབ་པར་བྱ་བའི་ཕྱིར་དང། གྲུབ་པ་དམ་པ་ནི་རྡོ་རྗེ་ཆོས་ཉིད་དང། ཡེ་ཤེས་དང་མངོན་པར་ཤེས་པ་སྟེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། དེ་རྣམས་ཀྱི་ཆོས་ཉིད་ནི་སངས་རྒྱས་ཉིད་དང། བྱང་ཆུབ ་སེམས་དཔའ་ཉིད་དོ། །ཡེ་ཤེས་ནི་དོན་གྱི་ཡུལ་ཐམས་ཅད་ལ་སྒྲིབ་པ་མེད་པའོ། །མངོན་པར་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ཆོ?་རབས་ཐམས་ཅད་དུ་འབྱུང་བ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་ཤེས་པ་དྲུག་པོ་རྣམས། །དེ་ལྟར ་ན་རྡོ་རྗེ་ཆོས་ཉིད་དང། ཡེ་ཤེས་དང། མངོན་པར་ཤེས་པ་ནི་རྡོ་རྗེ་ཆོས་ཉིད་དང། ཡེ་ཤེས་དང་མངོན་པར་ཤེས་པའོ། །དེ་ཉིད་ནི་འབྲས་བུ་སྟེ། དེའི་རྒྱུ་དེ་རྙེད་པའི་ཕྱིར་ཏེ་དེ་བློ་ལ་ཉེ་བར་གནས་པར་སྟོན་ཏོ། །མིང་ཇི་སྐད་དུ་བྱ་བ་ཞིག་ཅེ་ན། དེའི་ཕྱིར་འགྲོ་བ་འདུལ་བ་ཞེས་བྱ་བ ་གསུངས་ཏེ། འགྲོ་བ་ཐམས་ཅད་འདིར་འདུལ་བར་བྱེད་པས་ནི་དེའི་ཕྱིར་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བཤད་དོ། །དཀྱིལ་ནི་སྙིང་པོ་ལ་བྱ་སྟེ་ཕྱིར་མི་ལྡོག་པའི་འཁོར་ལོའི་དོན་ཡིན་ལ། དེ་ལེན་པས་ན་དཀྱིལ་འཁོར་རོ། །ཆེན་པོ་འདིས་འགྲོ་བ་ཐམས་ཅད་འདུལ་བའི་དབང་དུ ་བྱས་བས་སོ། །དེ་བཤད་པར་བྱ་བ་ནི་དེ་བསྟན་ཏོ་ཞེས་བྱ་བའོ། །ཇི་ལྟར་བཤད་པར་བྱ་ཞེ་ན། དེ་ནས་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། འཇིག་རྟེན་གསུམ་གྱི་འཁོར་ལོའི་རྗེས་ལའོ། །འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ ་འཁོར་གྱི་ཆོ་ག་མེད་པར་དེ་དང་འབྲེལ་བའི་དགོས་པ་མི་འགྲུབ་པས་དེའི་ཕྱིར་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ། །དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་ནི ་བསན?་དཀྱིལ་འཁོར་ཆེན་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་བ་ཕྲེང་བ་ལས་འདས་པས་ན་དཀྱིལ་འཁོར་ཆེན་པོའོ། །འགྲོ་བ་འདུལ་བ་ལ་གཙོ་བོར་གྱུར་པས་ན་དམ་པའོ། །རྡོ་རྗེ་དབྱིངས་དང་འདྲ་བ་ནི་ཞེས་དཔལ?་རྡོ་རྗེ་དབྱིངས་དང ་མཚུངས་པའོ། །མིང་ཇི་སྐད་བྱ་ཞེ་ན། འགྲོ་བ་འདུལ་བ་ཞེས་བྱ་སྟེ། ཞེས་བྱ་བ་སྟེ། འགྲོ་བ་ཐམས་ཅད་འདིས་འདུལ་བས་ན་མིང་འགྲོ་བ་འདུལ་བ་བཞེས་བྱའོ། །ཇི་ལྟ་བུ་ཞེ་ན། གྲུབ་ཞི་བ་ལ་སྒོ་བཞི་པ་ཞེས་བྱ་བ་གསུངས་ཏེ། ཐིག་བཞི་བཏབ་པོའི་ཐིག་ནི་དྲང་བར་བྱ་བའི་ཕྱིར།། ་སྒོ་དང་མཚམས་རྣམས་སུ་ཐག་?་?་སྟེ་བྱ་བ་གཞན་གྱི་ཕྱིར་ནི་མ་ཡིན་ནོ། །དར་དང་ཕྲེང་བས་བརྒྱན་པ་དང་ཞེས་བྱ་བ་ལ་དར་ནི་ཁྲུ་ཉི་ཤུ་རྩ་ལྔ་པའི་ཚད་ལ་ཞེང་ཁྲུ་གང་པའི་དང་འདི་ནི་དར་ཞེས་བཤད་དེ། དེ་ལྟ་བུ་སེར་པོ་དང་སྔོན་པོ་དང་དམར་པོ་དང། དཀར་པོའི་དང་ལྕེ ་དག་གིས་བརྒྱན་པའོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བ་དང། དར་གྱི་ཕྲེང་བའོ། །བརྒྱན་པ་ནི་སྡུད་པའོ། །དཀྱིལ་འཁོར་གྲཝ་ཐམས་ཅད་དང་སྒོ་ཁྱུད་ཀྱི་ནང་གི་མཚམས་སུ་རྡོ་རྗེ་དང་རིན་པོ་ཆེ་རྣམས་ཀྱིས་སྤྲས་པ་བྱ་བའོ། །ཇི་ལྟར་གསུངས་པའི་དབྱིབས་དེ་དག་བརྒྱན་པའི ་ཚུལ་དེ་ལྟར་བྱས་ནས་ཕྱིའི་དཀྱིལ་འཁོར་ཐིག་གདབ་བར་བྱའོ། །དེ་ལྟ་བུའི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་ཞེས་བྱ་བ་སྟེ། ནང་རོལ་ཏུ་ཐིག་གྲུབ་ཞིར་གདབ་པར་བྱའོ་ཞེས་པའོ། །དེ་ཡང་ཐིག་དང་པོ་དང། གཉིས་པ་ནི་གྲུ་བཞི་པ་ཉིད་དེ་དེའི་དབུས་སུ་གདབ་པོ། །བ་གཉིས་པ་དེའི་གྲཝ ་གང་དུ་གདོད་ཅན། གྲཝ་ནི་སྒོར་ཞེས་བྱ་བ་གསུངས་ཏེ། གྲཝ་སྒོ་ལ་མངོན་པར་ཕྱོགས་པ་ལ་ནི་གྲཝ་ནི་སྒོར་ཞེས་བྱ་སྟེ། ཐིག་དང་པོའི་གྲཝ་སྒོ་ཐད་ཀར་འབྱུང་བས་ན་གྲཝའོ། །དེ་ནས་ཅིར་འགྱུར་ཞེ་ན། པདྨ་འདབ་མ་བརྒྱད་པར་འགྱུར་བ་ཡིན་ཏེ། ཀ་ཁ་བརྒྱད་ཀྱི་ཚུལ་དུ་ནི། པདྨ་འདས? ་མ་བརྒྱད་པ་བྲི་ཞེས་བྱ་བ་སྒོ་རེ་རེའི་ཐད་ཀར་ཡང་ཀ་བ་གཉིས་གཉིས་ཏེ་དེའི་འདབ་མར་བྱའོ། །པདྨའི་གེ་ཕར་དབུས་སུ་ནི་ཞེས་བྱ་བ་ལྟེ་བའི་དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བཞག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས་བཞི་པོའི་ཕྱོགས་ཐམས་ཅད་དུ་རིགས་ཀྱི་ཕྱག་རྒྱ ་བཞི་དྲི་བར་བྱའོ། །ཇི་ལྟ་བུར་བྱ་ཞེ་ན། པདྨའི་དབུས་སུ་གནས་པ་ཡི་ཞེས་བྱ་བ་གསུངས་པའོ། །མིང་ཇི་སྐད་དུ་བྱ་བ་ཞིག་ཅེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རིན་པོ་ཆེ་ནི་རིན་པོ་ཆེ་ཉིད་དོ། །སྣ་ཚོགས་པདྨ་ཞེས་བྱ་བ་ནི་པདྨ་ཁ་བཞི་པའོ། །རྡོ་རྗེ་ཤུགས་ཀྱིས་ཞེས་བྱ་བའི ་དོན་ནི་བཤད་ཟིན་ཏོ། །དེར་ནི་སྤྱན་རས་གཟིགས་དབང་བྲི། གཟུགས་རྣམས་ཐམས་ཅད་འབྱིན་པ་སྟེ་ཞེས་བྱ་བ་ནི་བ་སྤུའི་བུ་ག་ཐམས་ཅད་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་གཟུགས་རྣམས་འབྱུང་བར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་གནས་སུ་ནི་སངས་རྒྱས་ཀྱི ་སྐུ་རྡོ་རྗེ་འགྱིང་པའི་སྦྱོར་བས་བཞུགས་པར་བྱའོ། །རྡོ་རྗེ་རྒྱལ་པོའི་གནས་སུ་འཇིག་རྟེན་དབང་ཕྱུག་ཕྱག་བཞི་པ་རྡོ་རྗེ་རྒྱལ་པོའི་གཟུགས་ཅན་ཏེ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་རལ་གྲི་།ཕྱག་གཡོན་པ་གཉིས་ན་པདྨ་དང་ལྕགས་ཀྱུ་བསྣམས་པར་བྱའོ། །རྡོ་རྗེ་ཆགས་པའི ་གནས་སུ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆགས་པའི་གཟུགས་སུ་བྱའོ། །རྡོ་རྗེ་ལེགས་པའི་གནས་སུ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ལེགས་པའི་གཟུགས་སུ་བྱའོ། །དཀྱིལ་འཁོར་གཉིས་པའི་དབུས་སུ་འཇིག་རྟེན་དབང་ཕྱུག་རལ་པ་དང། ཐོར་ཚུགས་སུ་ལྡན་པ་བྲིས་ལ། དེའི་དབུས་སུ་བཅོམ ་ལྡན་འདས་འོད་དཔག་ཏུ་མེད་པ་རལ་པ་དང་ཐོར་ཚུགས་གི་ཕུག་ན་བཞུགས་པར་བྱའོ། །རྡོ་རྗེ་རིན་ཆེན་གྱི་གནས་སུ་པདྨའི་ཁྲོ་གཉེར་གྱི་གཟུགས་དྲིས་ལ། ཕྱག་གཅིག་པ་ལ་ནི་པདྨ་བསྣམས་པ། གཞན་རྣམས་ལ་ནི་བགྲང་ཕྲེང་དང། དབྱུག་པ་དང། འགུན་ཏེ་ཐོགས་པ་བྲིའོ།། ་རྡོ་རྗེའི་གཟི་བརྗིད་ཀྱི་གནས་སུ་འཇིག་རྟེན་དབང་ཕྱུག་ཉི་མའི་གཟུགས་ཅན་དུ་བྲིའོ། །རྡོ་རྗེ་དཔལ་གྱི་གནས་སུ་འཇིག་རྟེན་དབང་ཧཕྱུག་ཟླ་བའི་གཟུགས་ཅན་པདྨའི་ནོར་བུའི་རྒྱལ་མཚན་བསྣམས་པ་བྲི་བར་བྱའོ། །རྡོ་རྗེ་གཞད་པའི་གནས་སུ་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག ་པ་སྟེ། གོ་རིམ་ནི་ལྔ་དང་གསུམ་དང་གཉིས་དང་གཅིག་ཏུ་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་པའི་དབུས་སུ་འཇིག་རྟེན་དབང་ཕྱུག་སྙོམས་པར་ཞུགས་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་གནས་སུ་ནི་སྒྲོལ་མ་པདྨའི་ཕྱག་རྒྱ་ལ་རྟོགས་པར་བྲིའོ། །རྡོ་རྗེ་རྣོན ་སོའི་གནས་སུ་ནི་འཇིག་རྟེན་དབང་ཕྱུག་གཞོན་ནུ་གདོང་དྲུག་པའི་གཟུགས་ཅན་པདྨ་དང་མདུང་དང། རལ་གྲི་ཐོགས་པ་བྲི་བར་བྱའོ། །རྡོ་རྗེ་རྒྱུའི་གནས་སུ་ནི་འཇིག་རྟེན་དབང་ཕྱུག་བདེ་བྱེད་ཁྱབ་འཇུག་གི་གཟུགས་ཅན་ཕྱག་བཞི་པ། གཡས་གཉིས་ན་འཁོར་ལོ་དང། དབྱུག་པ ་ཐོགས་པ། གཡོན་གཉིས་ན་པདྨ་དང་དུང་ཐོགས་པ་བྲི་བར་བྱའོ། །རྡོ་རྗེ་སྨྲ་བའི་གནས་སུ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཚངས་པའི་གཟུགས་ཅན་དུ་བྱའོ། །དཀྱིལ་འཁོར་བཞི་པའི་གདོན་མི་ཟ་བར་གྲུབ་པའི་གནས་སུ་དེར་ནི་པདྨ་ཞལ་བཞི་པ་ཞེས་བྱ་བ་སྤྱན་རས་གཟིགས ་དབང་ཕྱུག་ཞལ་བཞི་པར་བྲི་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཕྱག་གཡས་ན་མདུང་བསྣམས་པ། གཡོན་པ་པདྨ་བསྣམས་པ་བྲི་བར་བྱའོ། །རྡོ་རྗེ་ལས་ཀྱི་གནས་སུ་ནི་སྤྱན་རས་གཟིགས་དབང་ཕྱུག་གར་གྱི་དབང་ཕྱུག་གི་གཟུགས་སུ་བྲི་བར་བྱའོ། །རྡོ་རྗེ་བསྲུང་བའི་གནས་སུ ་ནི་སྤྱན་རས་གཟིགས་དབང་ཕྱུག་རྡོ་རྗེ་བསྲུང་བའི་གཟུགས་བྲི་བར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་སྤྱན་རས་གཟིགས་དབང་ཕྱུག་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་སུ་བྲི་བར་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་གནས་སུ་ནི་སྤྱན་རས་གཟིགས་དབང་ཕྱུག་རྡོ་རྗེ་ཁུ་ཚུར་འཆང་བར ་བྱའོ། །ཕྱི་དང་ནང་གི་གྲཝ་རྣམས་སུ་རྡོ་རྗེ་སྒེག་མོ་ལ་སོགས་པའི་ལྷ་མོ་རྣམས་རང་གི་ཕྱག་རྒྱ་པདྨ་མཚན་པ་ཐོགས་པ་བྲི་བར་བྱའོ། །དེ་ནས་སྒོ་བཞི་པོ་རྣམས་སུ་སྒོ་བསྲུངས་བཞི་བྲི་བར་བྱ། །དེ་ལ་འཇུག་པའི་སྒོར་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྟ ་མགྲིན་གྱི་གཟུགས་སུ་བྲི་བར་བྱའོ། །ཇི་ལྟ་བུ་ཞེ་ན། སྤྱན་རས་གཟིགས་དབང་པོའི་སྤྱི་གཙུག་ཏུ་རྟ་མགོ་ཁ་གདངས་པ་རྨིག་པ་གཉིས་བྱིན་པའི་ཕྱི་རོལ་ཏུ་བྱུང་བ། འཁོར་ལོ་ལ་མངོན་པར་བལྟ་བ་ཉིད་ཀྱི་ཕྱག་ན་པདྨ་ལྕགས་ཀྱུ་བསྣམས་པ་འདི་ནི་བཅོམ་ལྡན་འདས ་འཕགས་པ་རྟ་མགྲིན་གྱི་གཟུགས་སོ། །ལྷོ་ཕྱོགས་ཀྱི་སྒོར་སྤྱན་རས་གཟིགས་དབང་ཕྱུག་ཚངས་པ་ལ་སོགས་པ་གང་ཡང་རུང་བའི་གཟུགས་ཅན་ལ་ཕྱག་ན་པདྨའི་ཞགས་པ་བསྣམས་པ་བཞག་པར་བྱའོ། །ནུབ་ཀྱི་སྒོར་སྤྱན་རས་གཟིགས་དབང་ཕྱུག་ཕྱག་ན་པདྨའི་ལྕགས ་སྒྲོག་བསྣམས་པ་བྲི་བར་བྱའོ། །ལས་ཀྱི་སྒོར་སྤྱན་རས་གཟིགས་དབང་ཕྱུག་གཞོན་ནུ་གདོང་དྲུག་པ་སྐེམ་བྱེད་ཀྱི་གཟུགས་འཛིན་པ་ལ། པདྨ་དང་དྲིལ་བུ་བསྣམས་པར་བྲི་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ལས་སྟོན་ཏེ། དེ་ནས་ཞེས་བྱ ་བ་ནི་རྗེས་ཐོགས་ལའོ། །འདིར་ཞེས་བྱ་བ་རྟོག་པ་འདིར་རོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་པདྨའི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བྱ་བའི་ལས་རྒྱས་པའོ། །དེ་གང་ཡིན་པ་བསྟན་པའི་ཕྱིར་དེ་ལ་ཐོག་མེ་ཁོ་ནར་པདམོའི་སློབ ་དཔོན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ཐོག་མ་ཉིད་དུའོ། །པདྨའི་རིགས་ཀྱི་སློབ་དཔོན་ཡིན་པས་ན་པདྨའི་སློབ་དཔོན་ནོ། །པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་པདྨའི་དམ་ཚིག་གི་ཕྱག་རྒྱ་སྟེ། མཚན་ཉིད་ནི་འོག་ནས་བཤད ་དེ་སེམས་དཔའ་རྡོ་རྗེ་མའི་ཚུལ་དུ་བལྟ་བར་བྱའོ། །ཇི་ལྟ་བ་བཞིན་དུ་བཞུགས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་ཀྱིས་ཕྲེང་བ་བླངས་ལ་དམ་ཚིག་གི་སྔགས་བརྗོད་དེ། ཕྲེང་བ་དེ་བཅོམ་ལྡན་འདས་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་འགྲོ་བ་འདུལ་བ་ལ་ཕུལ་ལ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་ཀྱིས་བདག་གི་དགོས་པ་ཐམས་ཅད་མཛད་པ་ཉིད་དུ་བསམ་པར་བྱའོ། །སྙིང་པོ་འདིས་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ ་གསུངས་པ་སྟེ། དབབ་པའི་སྙིང་པོ་འདི་ནི་མཚོན་པ་ཙམ་དུ་ཟད་དོ། །ལས་རྣམས་བྱའོ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའོ། །པདྨ་སཕོ་ཊ་ཞེས་བྱ་བ་ནི་པདྨ་བརྡབ་པ་ལ་བྱ་བར་བཤད་དོ། །ཐི་ཏིཥྛི་ཞེས་བྱ་བ་འདིས་ནི་དབབ་པ་སྟོན་ཏོ། །དེ་ལ ་ཨ་ཞེས་བྱ་བ་ནི་གསལ་པོ་ཁོ་ནར་དབབ་པའི་སྙིང་པོ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་གནས་འདི་གཉིས་གར་ཡང་སཕོ་ཊའི་ཕྱག་རྒྱས་དབབ་པར་བྱ་ཞེས་བསྟན་པ་ཡིན་ནོ། །དེ་བས་ན་ཅི་ཞིག་སྟོན་ཅེ་ན། པདྨའི་ཕྱག་རྒྱ་བརྡབ་པ་བྱས་ལ ་བདག་ཉིད་ལ་དབབ་ཅིང་ཨ་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་བཞིན་དུ་བཀའ་མནོས་ནས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་བདག་པདྨ་ཆེ་གེ་མོ་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་དོན ་བགྱིད་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་སྣང་བ་སྩལ་དུ་གསོལ་ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་གི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ཏེ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དེ་བཞིན་དུ་བྱ་བའོ། །ཆོས་ཀྱི ་ཕྱག་རྒྱ་འདི་དག་ཉིད་ཀྱིས་ཞེས་བྱ་བ་ནི་དགོད་པར་བྱ་བའི་སྔགས་ཉིད་ཀྱིས་སོ། །སེམས་དཔའ་ཆེན་པོ་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དགོད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཡང་ན་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ཆོས་ཀྱི་ཕྱག་རྒྱས་བཞིས་སེམས ་དཔའ་ཆེན་པོ་རྣམས་དགོད་པར་བྱའོ། །དེ་ནས་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ལ་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་ཀྱི་དཀྱིལ་འཁོར་བསྒྲུབས་པ་དེ་བཞིན་དུའོ། །དེ་ལྟར་སློབ་དཔོན་གྱི་ལས་རྫོགས་པར་བྱས་ནས་སློབ་མ་གཞུག་པའི ་ཆོ་ག་བསྟན་པར་བྱ་བའི་ཕྱིར། པདྨའི་སློབ་མ་རྣམས་གཞུག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། པདྨའི་རིགས་ཀྱི་སློབ་མ་ཡིན་པས་ན་པདྨའི་སློབ་མ་སྟེ། ཡོངས་སུ་བཟུང་ནས་ཕྱིས་འགྱུར་བའི་ཚུལ་ལ་བརྟེན་ཏེ་པདྨའི་སློབ་མ་ཞེས་གསུངས་པ་ཡིན་ནོ། །པདྨའི ་སློབ་མ་རྣམས་ལ་མནའི་སྙིང་པོ་བྱིན་ལ་ཞེས་བྱ་བ་ལ། ཇི་ལྟར་སྦྱིན་པར་བྱ་ཞེས་ན། དེང་ནི་ཁྱོད་ཀྱི་སྙིང་ག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཇི་སྐད་གསུངས་པ་བཞིན་དུའོ། །ཅིའི་ཕྱིར་སྦྱིན་པར་བྱ་ཞེ་ན། དེ་བསྟན་པའི་ཕྱིར ་གསང་བའི་ཆོ་ག་རྒྱས་པ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་སྔགས་རྣམས་ཀྱི་གྲུབ་པའི་རྒྱུའི་མཆོག་ནི་འདི་ལྟ་སྟེ། གཞན་ལ་མི་སྟོན་པའོ། །དེ་ལ་གསང་བ་སྨྲས་པའི་ཉེས་དམིགས་མཐོང་བ་དང། མ་མཐོང་བ་དག་སྟོན་ཏེ། མཐོང་བ་ནི་དུས་མ་ཡིན ་པར་འཆི་བའོ། །མ་མཐོང་བའི་ནི་དམྱལ་བར་ལྷུང་བ་སྟེ། དེ་ནི་ཁྱོད་ཀྱིས་མི་བདེ་བ་མ་སྤངས་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲིས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ནི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བཅུག་སྟེ། མནའི་སྙིང་པོ་བྱིན་པ་ཡིན ་ན། འདིར་གོམ་བཅུག་པ་ཉིད་དུ་བྱིན་ན་འདི་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དེ་ནི་འདིར་ཇི་ལྟ་བ་དེར་ཡང་དེ་བཞིན་དུ་བྱ་ལ་དེར་ཇི་ལྟ་བ་འདིར་ཡང་དེ་བཞིན་དུ་བྱ་ལ་དེར་ཇི་ལྟ་བ་འདིར་ཡང་དེ་བཞིན་དུ་བྱའོ་ཞེས་སྒྲོ་གཉི་གར་དྲང་བ་བསྟན་པའི་ཕྱིར་ཡིན་ནོ། །དེ་ནས་སྙིང་པོ་འདིས་དམ་ཚིག་གི་ཕྱག་རྒྱ་བཅད ་བར་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱ་གང་བཅིངས་པས་ཕྱག་རྒྱ་གཞན་རྣམས་བཅིངས་ན་དམ་ཚིག་ཉམས་པར་མི་འགྱུར་བ་དེ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། ཆོས་རྡོ་རྗེས་མ་ལ་བྱ་བས་དེ་འཆིང་དུ་གཞུག་པའོ། །དེ་ནས་གོས་དཀར་པོ་བསྒྲོས་ལ་དང་དཀར་པོས་གདོང་གཡོ ་ནས་གཞུག་པར་བྱ་སྟེ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་སྔགས་ཀྱིས་སོ། །ལས་རྣམས་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་དབང་པ་ལ་སོགས་པའོ། །པདྨའི་དབྱིབས་ལག་ཏུ་སྦྱིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ལ་ལས་ཀྱི་རྡོ་རྗེ་ལག་པ ་གཉིས་སུ་བྱིན་ནས། འདི་ནི་སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ཨི་ལག་ན་གནས་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་འདིར་ཡང་བྱའོ། །འདིར་པདྨའི་ཚིགས་དང་འབྲེལ་པ་འདི་ཙམ་ཞིག་ལྷག་པར་བརྗོད་པར་བྱ་སྟེ། །ོཾ་པདྨ་ཧ་སྟ་དྷ་རཱ་ཏཱཾ་པཱ་ལ་ཡ་ཞེས་བྱ ་པ་ལ་སོགས་པའོ། །རྡོ་རྗེ་ཆོས་ཉིད་ཀྱི་དོན་གྱི་དེ་མི་ཤེས་པས་ན་དེའི་ཕྱིར་རྡོ་རྗེ་ཆོས་ཉིད་ཇི་ལྟ་བུ་ལགས་ཞེས་སྤོས་པ་ཡིན་ནོ། །དེ་ལ་ཡང་འདི་སླད་དུ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཆོས་ཉིད་ཀྱི་དོན་རྣམ་པར་འབྱེད་པའོ། །ཇི་ལྟར་པདྨ་དམར་པོའི ་ཞེས་བྱ་བ་ལ་སོགས་པ་ལ་པདྨའི་རིགས་ནི་ཆུ་ལ་སོགས་པ་སྟེ། དེ་ལས་ཆགས་པ་དང་རྗེས་སུ་མཐུན་པར་སྐྱེའོ། །རིགས་ཀྱི་ཉེས་པ་ནི་ཉ?་རྩིབས་དང། །ཆུ་ཞག་དང། དྲི་ང་བ་ལ་སོགས་པ་ཡིན་ཏེ། །པདྨ་དམར་དུ་ཟིན་ཀྱང་ཉེས་པ་དེ་དག་གིས་གོས ་པར་མི་འགྱུར། །དེ་བས་ན་ཆགས་པའི་ཉེས་པ་ནི་གོས་པའི་ཉེས་པར་མི་འགྱུར་བར་ཤེས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྔགས་པ་སེམས་ཅན་སྨིན་པ་དང། གྲོལ་བའི་ཆགས་པ་ལ་ཆགས་སུ་ཟིན་ཀྱང་ངོ། །ཐམས་ཅད་དག་པར་བསྒོམ ་ན་ནི་ཞེས་བྱ་བ་ལ་ཐམས་ཅད་དག་པ་ནི་དངོས་པོའི་ཚོགས་ཐམས་ཅད་དག་པ་སྟེ་སྟོང་པ་ཉིད་དོ། །དེ་བསྒོམས་ཤིང་གོམས་པར་བྱས་ན་དེ་བཞིན་སྡིག་པས་གོས་མི་འགྱུར་ཞེས་བྱ་བ་སྟེ། སྡིག་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་ལ། དེས་གོས་པར་མི ་འགྱུར་ཞིང་སྦགས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་བྱེད་པས་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་དེ་རྣམས་ཀྱི་གཞི་ཡང་དག་པར་མི་མཐོང་བའོ། །དེ་བས་ན་དེ་སྡིག་པས་གོས་པར་མི་འགྱུར་ཞེས་བྱ་སྟེ། སྡིགས ་བྱེད་པ་ཉིད་མེད་པའི་ཕྱིར་རོ། །གྲོལ་བའི་ཕྱིར་སྡིག་པ་ཉིན་མཚན་དུ་སྤྱད་ཀྱང་གོས་པར་མི་འགྱུར་རོ་ཞེས་ཞི་བ་པ་ལྟར་བྱེད་པ་ནི་མ་ཡིན་ཏེ། དེ་ནི་གྲོལ་ནས་སྡིག་བྱེད་པར་འདོད་པས་ན་ཧ་ཅང་མི་རིགས་པར་སྨྲ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་ལས་གཞན་པའི ་དོན་ཏོ། །པདྨའི་རིགས་ཀྱི་ཕྱག་རྒྱ་ཡིན་པས་ན་པདམོའི་རིགས་ཀྱི་ཕྱག་རྒྱའོ། །དེའི་ཡེ་ཤེས་ཡིན་པས་ན་པདྨའི་རིགས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་བསླབ་པར་བྱ་སྟེ་ཞེས་བྱ་བ་ནི་བསྙན་པར་བྱའོ་ཞེས་པའོ། །དེ་ལ་རེ་ཞིག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས ་གྲུབ་དེ་སྟོན་པ་ནི་སྙིང་ལ་པདྨ་བྲིས་ནས་ཀྱང་ཞེས་བྱ་བ་སྟེ། རང་གི་སྙིང་གར་པདྨ་ཡིད་ཀྱིས་བསམས་ལ། པདྨ་བསྒོམས་ན་སྙིང་ག་རུ་ཞེས་བྱ་བ་འཇིག་རྟེན་དབང་ཕྱུག་གི་གཟུགས་སྙིང་གར་བསྒོམས་པས་སོ། །པདྨ་དཔལ་ཡང་དབང་འགྱུར་ན་ཞེས་བྱ་བ ་ནི་འཇིག་རྟེན་དབང་ཕྱུག་གི་དཔལ་སྔགས་པས་སྙིང་གར་བཀུག་ལ་དབང་དུ་བྱས་པས་སོ། །དུད?་མེད་ཕལ་བ་སྨོས་ཅི་དགོས་ཞེས་བྱ་བ་ལ་བུད་མེད་ནི་པདྨའི་རིགས་ཀྱི་ཕྱག་རྒྱའི་ཚོགས་སོ། །ཕལ་པ་ནི་མཆོག་མ་ཡིན་པ་སྟེ་ཐ་མལ་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གིས ་འཇིག་རྟེན་དབང་ཕྱུག་དབང་དུ་བྱེད་པ་དེས་ནི་ཕྱག་རྒྱ་གཞན་པ་རྣམས་འབད་པ་མེད་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཕྲལ་བར་སངས་རྒྱས་གཟུགས་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་སྟོན་ཏེ། བདག་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྐྱེད ་ལ་འཕྲལ་བར་འོད་དཔག་ཏུ་མེད་པའི་སྐུ་བསྒོམ་པ། རྟག་ཏུ་ཞེས་བྱ་བ་རྒྱུན་མི་འཆད་པར་བསྒོམས་ན། བསྒོམ་པ་དེས་ནི་མྱུར་ཞིང་མགྱོགས་པ་ཉིད་དུ་དབང་བསྐུར་བ་ནི་འཐོབ་པར་འགྱུར་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་ཕྱག་གི་དབང་གིས་དེ་ལ་དབང་བསུར་བར་འགྱུར་ཞེས་བྱ་བའི ་དོན་ཏོ། །ཁའི་ནང་དུ་ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་བསྐྱེད་ལ་ཁང་བཅུག་སྟེ་བསྒོམ་པར་བྱའོ། །གནས་གང་ཞེ་ན། ལྕེ་སྟེང་དུ་ཞེས་བྱ་བ་གསུངས་སོ། །དེས་ཅིར་འགྱུར་ཞེ་ན། སྒྲ་དབང་ལྷ་མོ་བདག་ཉིད་ནི། རྟག་ཚུལ་ན ་གནས་པར་འགྱུར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏོ། གང་དབྱངས་ཅན་བསྒྲུབས་པར་འདོད་ན་དེའི་སྦྱོར་བ་ནི་འདི་ཡིན་ཏེ། གཙུག་ཏོར་དབུས་སུ་པདྨ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཙུག་ཏོར་གྱི་དབུས་སུ་ཡིད་ཀྱི་པདྨ་བསམ་པའོ། །སྙོམས་པར་ཞུགས་ཏེ་ཞེས ་བྱ་བ་ནི་རྩེ་གཅིག་པའི་ཡིད་ཀྱིས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཞི་པའི་གཟུགས་སུ་བསྐྱེད་ལ། སྔར་བསམས་པའི་པདྨ་གང་ཡིན་པ་དེ་ཉིད་གཙུག་ཏོར་གྱི་དབུས་སུ་རྒྱུན་ཏུ་བསྒོམ་ཞིང་པདྨ་འཛིན་པ་ལ་བསྟན་པར་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར ་ཞེ་ན། མཁའ་འགྲོ་ཐམས་ཅད་དབང་དུ་འགྱུར་ཞེས་བྱ་སྟེ། ལྷ་ལ་སོགས་པ་ནམ་མཁའ་ལ་རྒྱུ་བ་གང་ཡང་རུང་བ་དེ་ཐམས་ཅད་ལྷུང་བར་བྱེད་པའོ། །རྩིག་པ་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་སྟོན་ཏེ། གང་ཡང་རུང་བར་པདྨའི་བསྒོམ་པ་གོམས་པར་བྱའོ། །པད་མོ་དམ་པ་ཞེས་བྱ་བ ་ནི་གསལ་བ་སྟེ། པདྨ་དེ་གང་གི་སྙིང་གར་བསམས་པ་དེ་འདི་དབང་དུ་འགྱུར་རོ། །དེ་བས་ན་འདིར་ནི་སེམས་ཅན་ཐམས་ཅད་ཀྱང། །དབང་དུ་བྱེད་པར་མ་པའོ་ཞེས་གསུངས་པ་ཡིན་ཏེ། འདས་ནི་ཞེས་བྱ་བ་ནི་པདྨ་བསྒོམ་པས་སོ། །དབང་དུ་བྱེད་པ་དམ་པའོ་ཞེས་བྱ་བ ་ནི་ཕྱིའི་དངོས་པོ་ལ་བལྟོས་པ་མེད་པར་ཡིད་ཀྱི་བྱ་བ་ལ་རག་ལས་པའི་ཕྱིར་ན་དམ་པའོ། །མཁའ་འམ་ཡང་ན་ཕྱོགས་གཞན་དུ་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་རུང་བར་པདྨ་བསྒོམ་པ་ལ་གོམས་པར་བྱས་ལ་མཐར་བའི་ཚེ་དེ་བླངས་ན། ཅི་དགའ་བར་ནི་མི་སྣང་འགྱུར ་ཞེས་བྱ་བ་སྟེ། ཉིན་མོ་འམ་མཚན་མོ་རྣམས་སུའོ། །འདིར་ཡང་རང་གི་ལྷའི་རྣལ་འབྱོར་གོམས་པར་བྱས་ལ། ཇི་སྲིད་མཚན་མ་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་གོམས་པར་བྱའོ། །དེ་ནས་བསྒྲུབ་པ་ལ་ཞུགས་ཏེ་གྲུབ་པར་གྱུར་པ་དང། ནམ་སྦྱོར་བའི་ཚེ་རང་གི་ལྷའི་རྣལ་འབྱོར ་དུ་བྱས་ན་ཉིན་ཐོག་ཐག་གམ། ཉི་མ་ཕྱེ་དམ། གང་དུ་རྫོགས་པའི་དུས་ན་མི་སྣང་བར་གྱུར་ཅིག་ཅེས་བསོམས་བསྐྱེད་དེ། སྙིང་པོ་སྟོང་རྩ་བརྒྱད་བཟླས་ལ་བསྒོམ་པ་མངོན་སུམ་དུ་བྱའོ། །དེ་ནས་དེ་གྲུབ་པ་དང། པདྨ་དེ་མངོན་སུམ་འགྱུར་ཏེ། དེ་བླངས་ནི་མི་སྣང་བར་འགྱུར་བ།། ་ནམ་རང་གི་ལྷའི་རྣལ་འབྱོར་བཏང་ཞིང་ཕྱག་རྒྱ་བཀྲོལ་བདེའི་ཚེ་གདོད་སྣང་བར་འགྱུར་རོ། །དངོས་གྲུབ་འདི་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་གསུངས་པ་ཡིན་ནོ། །རྩིག་པའམ་ཡང་ན་ཕྱོགས་གཞན་དུ་ཞེས་བྱ་བ་ལ་སོགས་པ་ལ། གཞི་ཅན་ནམ་གཞི་མེད་པར་པདྨ་རྒྱ་?་མཁའ་ ་གཞི་པ་བྲིས་ནས་ནི་ཞེས་བྱ་བ་ནི་ཡིད་ཀྱིས་བསྒོམས་ཤིག་ཅེས་བྱ་བའི་དོན་ཏོ། །བསྒོམ་པ་མཐར་ཕྱིན་པ་དང། གང་གི་ཚེ་མཐོང་བ་དེའི་ཚེ་བསྒྲུབ་པ་ལ་ཞུགས་ན་འགྲུབ་པར་འགྱུར་རོ། །དེ་ཡང་སྦྱར་བའི་དུས་སུ་རང་གི་ལྷའི་རྣལ་འབྱོར་དུ་བྱས་ནས་སྙིང་པོ་སྡོང་རྩ་བརྒྱུད་བཟླས ་ཏེ། གང་གི་གཟུགས་སུ་སྟོན་པར་འདོད་ན་དའི་བདག་ཉིད་དུ་མངོན་སུམ་དུ་བྱ་ཞིང་སྣ་ཚོགས་པདྨའི་ཏིང་ངེ་འཛིན་ཀྱང་མངོན་སུམ་དུ་བྱས་ལ་ནམ་སྣ་སོགས་པདྨའི་མཐོང་བ་དེའི་ཚེ། དེ་བླངས་པར་མི་གྱིས་ཅི་འདོད་པའི་གཟུགས་སུ་སྟོན་པར་འགྱུར་རོ། །ཏིང་ངེ་འཛིན་འདི་ནི་སངས ་རྒྱས་ཀྱི་རིགས་ཀྱི་སྒོ་ནས་གསུངས་པ་ཡིན་ནོ། །མཁའ་ཨམ་ཡང་ན་ཕྱོགས་གཞན་དུ་ཞེས་བྱ་བ་ལ་སོགས་པ་ལ་འདི་ཡང་གཞི་ཡོད་པའམ་གཞི་མེད་པ་ལ་རྡོ་རྗེ་པོདམ་བསྒོམས་པར་བྱས་ལ། །གང་གི་ཚེ་པདྨ་དེ་དབང་པོའི་སྤྱོད་ཡུལ་དུ་སྣང་བར་གྱུར་པ་དེའི་ཚེ། །དེ་སྒྲུབ་པ་ལ་ཞུགས་ཏེ ་མཚན་ཐོག་ཐག་ཏུ་བཟླ་བར་བྱའོ། །དེ་ནས་ནམ་པདྨ་མཐོང་བར་གྱུར་པ་དེ་དེའི་ཚེ་བླངས་ལ། དེ་ནས་སྐད་ཅིག་མ་དེ་ཁོ་ན་ཉིད་ཀྱིས་ཚེ་པདྨའི་རིགས་པ་འཛིན་པར་འགྱུར་ཏེ། འདི་ནི་ཆོས་ཀྱི་རིགས་ཀྱི་དངོས་གྲུབ་ཡིན་ནོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས ་པ་ལ་དཀྱིལ་འཁོར་རམ། རྩིག་པ་འམ། རས་རིས་སམ། གཞན་གང་ཡང་རུང་བར་སྔགས་པ་གང་གིས་དགུག་པ་དང། དབང་དུ་བྱ་བ་དང། བཅིང་བ་དང། དབབ་པ་ལ་སོགས་པའི་ལས་ཁྱད་པར་དུ་བྱེད་པར་འདོད་ན། ངེས་དཀྱིལ་འཁོར་ལ་སོགས་པ་དྲི་བར་བྱ་སྟེ་འཇིག ་རྟེན་དབང་ཕྱུག་བྲིས་ན་དེའི་མདུན་དུ་རྟ་མགྲིན་གྱི་ཕྱག་རྒྱ་ཞེས་བྱ་བ་ནི་རྟ་མགྲིན་གྱི་ཕྱག་རྒྱ་ཆེན་པོ་ལས་འདི་དག་བྱས་ན་གདོད་དེས་དངོས་གྲུབ་ཏུ་འགྱུར་རོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཡོད་ཞགས་པའི་ཕྱག་རྒྱ་ཆེན་པོས ་དབང་དུ་བྱ་བར་རིགས་པར་བྱ་སྟེ། བཅིང་བ་དང། བསྒྲུབ་པའི་རྣཟས་དང། ཞིང་བསྲུང་པ་དང། གཏེར་དང། བཅུད་ཀྱིས་ལེན་དང། སྲིན་པོ་དང། ཤ་ཟ་ལ་སོགས་པ་དང། ལྷའི་སྨན་ལ་སོགས་པ་བསྲུང་བ་རིག་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །པདྨ་ཞལ་བཞི ་སེམས་དམའ་ཡང་ཞེས་བྱ་བ་ནི་པདྨ་འདྲ་བའི་ཞལ་མཁའ་བས་ན་པདྨའི་ཞལ་ཏོ། །པདྨའི་ཞལ་གཞིའི་སེམས་དཔའ་ནི་འཇིག་རྟེན་དབང་ཕྱུག་གོ་བསྒོམས་ཏེ་ཞེས་བྱ་བ་ནི་སོགས་པར་བྱ་བའོ། །བདག་ཉིད་ཅེས་བྱ་བ་ནི་རང་གི་ལས་སྟོན་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི། འདི ་སྐུད་སྟོན་ཏེ། གཞན་གྱིས་བྱིན་གྱིས་བརླབས་པ་མ་ཡིན་སྟེ?། འོན་ཅི་ཞིག་ཅེ་ན། བདག་ཉིད་ཉིད་ཀྱིས་སོ། །དེ་ནས་ཏིང་ངེ་འཛིན་གྲུབ་ན་ཞེས་བྱ་བ་ནི་ཞི་བ་ནས་ཡོངས་སུ་རྫོགས་ན་སྐད་ཅིག་གིས་ནི་གཟུགས་མང་པོར་འགྱུར་རོ། །འདི་ནི་གདོན་མི་ཟ་བར་གྲུབ་པའི་སྒོ་ནས་གྲུབ ་པ་ཡིན་ནོ། །པདྨའི་པདྨ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། བདག་ཉིད་དང་བསྒོམས་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །པདྨའི་པདྨ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་གནས་ཞེས་བྱ་བ་སྟེ། ཇི་ལྟར་པདྨ ་དམར་པོ་འདི་ཞེས་བྱ་བ་ལ་སོགས་པ་པདྨ་ལ་ལྟ་བའི་ཏིང་ངེ་འཛིན་ལ་གནས་པའོ། །ཇི་ལྟར་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ན་ཟད་མི་ཤེས་པའི་གོ་འཕངས་འཐོབ་ཅེས་བྱ་བ་སྟེ། ལས་དང་པོ་པའི་རྣལ་འབྱོར་པ་ཞིག་ཡིན་ན། ཟད་མི་ཤེས་པ་ཞེས་བྱ་བ་དོན་དམ་པའི ་བྱང་ཆུབ་ཀྱི་སེམས་ཏེ། ས་དང་པོ་རབ་ཏུ་དགའ་བ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྣལ་འབྱོར་པས་བདུན་པའི་བར་ལ་ཞུགས་པ་ཞིག་ཡིན་ན་དེས་ཏིང་ངེ་འཛིན་འདི་བསྒོམས་པས་ཟད་མི་ཤེས་པའི་གོ་འཕང་འཐོབ་པ་སྟེ། ས་བརྒྱད་པ་འཐོབ་པར་འགྱུར་བའོ། ་རྣམ་པར་མི་རྟོག་པ་ཡོངས་སུ་དགེ་ཅིང་མངོན་པར་འདུ་བྱེད་པ་མེད་པས་ས་དགུ་པ་ལ་ཞུགས་པས་ཏིང་ངེ་འཛིན་འདི་བསྒོམས་ན་ཟད་མི་ཤེས་པའི་གོ་འཕང་འཐོབ་པ་ཞེས་བྱ་བ་ཀུན་ཏུ་བཟང་པོའི་ས་འཐོབ་པ་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་དུ་དག་པ་མི་ཟད་པ་ཡིན་པའི ་ཕྱིར་རོ། །སྤྱན་རས་གཟིགས་དབང་ཞེས་བྱ་བ་ལ་སོགས་པ་ལ། སྤྱན་རས་གཟིགས་དབང་ཕྱུག་གི་རལ་པའི་དབུས་སུ་སངས་རྒྱས་ཀྱི་གཟུགས་ཏེ་སྣང་བ་མཛའ་ཡས་སུ་བདག་ཉིད་བསྒོམས་ན་དེ་དང་མཚུངས་པ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་རིན་པོ་ཆེའི་རིགས་ཀྱི ་སྒོ་ནས་གྲུབ་པ་ཡིན་ནོ། །སྣ་ཚོགས་གཟུགས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྣ་ཚོགས་པའི་གཟུགས་ཅན་མི་བསྐྱོད་པའི་གནས་ན་གནས་པ་སྟེ། དེའི་ཏིང་ངེ་འཛིན་ལ་གནས་པར་བདག་ཉིད་བསྒོམས་ན་སྣ་ཚོགས་གཟུགས་ཀྱི་ཏིང་ངེ ་འཛིན་ཞེས་བྱ་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་ཁྱད་པར་རྣམས་འབྱིན་པའི་ཏིང་ངེ་འཛིན་གྱིས་འདི་དང་མཉམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དངོས་གྲུབ་རྣམས་རིགས་ཀྱི་གོ་རིམ་གྱིས་བཤད་ནས། ད་ནི་ཕྱག་རྒྱའི་ཡེ་ཤེས་བསྟན་པར ་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་རྒྱ་དེ་དག་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། ངོ་བས་ན་དེ་དང་པོར་སྟོན་ཏོ། །དེ་ལ་དང་པོ?་ནི་ཐམས་ཅད་ཀྱི་མཚན་ཉིད་སྤྱིར་མཐུན་པས་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ ་པ་འགྲེས་གཅིག་གིས་ཐུན་མོང་དུ་སྟོན་པ་ནི། ཇི་ལྟར་རི་མོའི་ཚུལ་དུ་ནི་ཞེས་བྱ་བ་ལ་སོགས་པའོ། །ཟླ་བའི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་དབུས་ན་གནས་པས་ན་ཟླ་བའི་དཀྱིལ་འཁོར་དབུས་གནས་ཤིང་ཞེས་བྱའོ། །སེམས་དཔའ་རྣམས་བྲི་བའི་བྱད? ་རྒྱུད་འདི་འམ་རྒྱུད་གཞན་དུ་གཟུགས་ཇི་ལྟ་བུ་བསྟན་པ་དེའི་རྗེས་སུ་མཐུན་པར་བྱའོ། །པདྨ་ལ་གནས་ཞེས་བྱ་བ་པདྨའི་གདན་ནོ། །བདག་ཉིད་ཅེས་བྱ་བ་ནི་བདག་རང་ཉིད་བསྒོམ་པའོ། །འདིའི་འབྲས་བུ་གང་ཡིན་པ་དེ་ནི་འདིའི་ལས་ཡིན་པར་བཤད་པས། །དན?་པ ་བསྟན་པའི་ཕྱིར་སངས་རྒྱས་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པདྨའི་རིགས་སུ་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་ན་ཚེ་དཔག་མེད་དང་མཉམ་པར་འགྱུར་ཞེས་བྱ་བ་སྟེ། ཚེ་དཔག་ཏུ་མེད་པ་དང་མཚུངས་པར་འགྱུར་ཞེས་པའོ། །རྡོ་རྗེ་པདྨ་ནི་རྡོ་རྗེ ་ཆོས་མའི་གནས་སུ་དེ་བཅིངས་ཤིང་བསྒོམས་ན་འཇིག་རྟེན་དབང་ཕྱུག་དང་མཉམ་པར་འགྱུར་བའོ། །སངས་རྒྱས་དབང་གིས་བཅིངས་ནས་ནི་ཞེས་བྱ་བ་ནི་རིན་ཆེན་རྡོ་རྗེ་མའི་གནས་སུ་སངས་རྒྱས་དབང་བསྐུར་ང་ཉིད་དེ། དེ་བཅིངས་ཤིང་བསྒོམས་ན། སངས་རྒྱས ་རྣམས་ཀྱིས་དབང་བསྐུར་བར་འགྱུར་རོ། །པདྨས་པདྨ་ནི་རྡོ་རྗེ་ཆོས་མའི་གནས་སུ་ཏིང་འཛིན་སྦྱིན་པར་བྱེད་པའོ། །སྣ་ཚོགས་མཆོག་ནི་གཟུགས་སྣ་ཚོགས་སྦྱིན་པའོ། །སྣ་ཚོགས་གཟུགས་ནི་གཟུགས་ཐམས་ཅད་སྟོན་པའི་ཏིང་ངེ་འཛིན་གྱིས་སོ། །འདུལ་བའོ་ཞེས་བྱ་བ་ནི ་སྐྱེ་བོ་ཐམས་ཅད་སློབ་མར་བྱའོ། །སངས་རྒྱས་རིན་ཆེན་ནི་རིན་ཆེན་འབྱུང་ལྡན་གྱི་གནས་སུའོ། །དབང་བསྐུར་སྟེར་ཞེས་བྱ་བ་ནི་རྒྱལ་པོར་དབང་བསྐུར་བ་ལ་སོགས་པ་སྦྱིན་པའོ། །པདྨ་སེམས་དཔའ་ནི་འོད་དཔག་ཏུ་ཡིད་པའི་གནས་སུ་སྟེ། དེ་བའི་བསན་འདི་?་དགུའི ་ཏིང་ངེ་འཛིན་སྦྱིན་པར་འགྱུར་བའོ། །པདྨ་ཁྲོ་བོའི་དབང་ཕྱུག་དཔལ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། དེའི་དཔལ་གང་ཡིན་པ་ཡང་སྦྱིན་པར་བྱེད་པའོ། །རྡོ་རྗེའི་འཇིག་རྟེན་དབང་?་ནི་གདོན་མི་ཟ་བར་གྲུབ་པ་འི་གནས་ཀྱི་འཇིག་རྟེན ་དབང་ཕྱུག་གི་སྤྲུལ་པ་གང་ཡིན་པ་སྟེ། དེའི་དངོས་གྲུབ་གང་ཡིན་པ་དེ་ཡང་མཆོག་སྟེ་དེ་ཡང་སྦྱིན་པའོ། །དེའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ལ་པདྨ་འདོད་པ་ཞེས་བཤད་དེ་ལས་སྣ་ཚོགས་པས་སེམས་ཅན་ཐམས་ཅད་མགུ་བར་བྱེད་པའི་ཕྱིར་རོ། །སངས་རྒྱས ་དབང་གི་རྡོ་རྗེ་སེམས་དཔའ་ཨི་གནས་སུ་སངས་རྒྱས་ཀྱི་ཕྱག་རྒྱར་སྤྲུལ་པ་སྟེ། དེ་བཅིངས་ཤིང་བསྒོམས་ན། །སངས་རྒྱས་པ་ཉིད་སྦྱིན་པར་བྱེད་དེ། །རྡོ་རྗེ་པདྨ་ནི་རྡོ་རྗེ་རྒྱལ་པོའི་གནས་སུ་སྟེ་དེས་དངོས་གྲུབ་མཆོག་སྦྱིན་པར་བྱེད་དོ། །འདོད་པའི་དབང་པོ་ནི་བཅོམ་ལྡན་འདས ་འཇིག་རྟེན་དབང་ཕྱུག་སྟེ། རྡོ་རྗེ་ཆགས་པའི་གཟུགས་སུ་བཞུགས་པའོ། །དེའི་ཕྱག་རྒྱ་བཅིངས་ན་རབ་འདོད་ལྡན་ཞེས་བྱ་སྟེ། ཆགས་པ་བཟང་པོ་ལ་ལྡན་པས་ན་རབ་འདོད་ལྡན་ནོ། །དེ་ཡང་སེམས་ཅན་སྨིན་པ་དང་གྲེལ་བར་བྱེད་པའི་ཆགས་པ་སྟེ། ཆགས་པ་དེས ་ཆགས་པའི་ཕྱིར་རབ་འདོད་དོ། །དེའི་ངོ་བོ་ཉིད་ཡིན་པས་མ་རབ་འདོད་ལྡན། །འདི་སྐད་སྟོན་ཏེ། འཁོར་བ་ན་འཁོར་ཞིང་སྲོག་གིས་མཐར་གཏུགས་པའི་སྡུག་བསྔལ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱ་བ་མི་གཏོང་པའོ། །དེ་ཡང་ཇི་སྐད་དུ་གཞན་དོན་བརྩེ་བ ་ཕན་རྣམས་སྲོག་ཕྱིར་ཡང། རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག་།ཉམ་པའི་ལམ་དཱུང་འདོར་པར་མི་བྱེད་དོ། །ཞེས་བཤད་པ་ལྟ་བུའོ། །དཀའ་བ་ཡིས་ནི་ལེགས་པར་སྦྱིན་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱའོ? ་ཁྲོ་གཉེར་གྱི་ནི་ཁྲོ་ཞི་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་འཇིག་རྟེན་དབང་ཕྱུག་ཁྲོ་གཉེར་ཅན་ལྟ་བུར་སྤྲུལ་པས་ན་ཁྲོ་གཉེར་ཞེས་གསུངས་སོ། །དེ་ནི་ཁྲོ་ཞིང་འགྱུར་ཞེས་བྱ་སྟེ། གང་གི་ཕྱིར་ཁྲོ་བ?་ཐམས་ཅད་བཟློག་པའི་ཕྱིར། བཅོམ་ལྡན་འདས ་འཇིག་རྟེན་དབང་ཕྱུག་གིས་དེ་སྤྲུལ་པ་ཡིན་ནོ། །དེ་བས་ན་དེ་བསྒོམས་ན་ཁྲོ་བ་ཐམས་ཅད་ཞི་ཞིང་སེལ་བར་འགྱུར་རོ། །པདྨའི་ཉི་མ་ནི་རྡོ་རྗེ་ཉི་མའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་སྦྲུལ་པའི་ངོ་བོ་ཉིད་གང་ཡིན་པ་སྟེ་དེ་བསྒོམས་ན་གཟི་བརྗིད་མཆོག་སྦྱིན་པ་སྟེ། ་གཟི་བརྗིད་ཉི་མ་སྟོང་བས་ལྷག་ཅེས་ཇི་སྐད་བཤད་པ་ལྟ་བུའོ། །པདྨའི་ཟླ་བ་ནི་རྡོ་རྗེ་དཔལ་གྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་ཕྱག་རྒྱ་ཟླ་བའི་གཟུགས་སུ་སྤྲུལ་པ་གང་ཡིན་པ་སྟེ། དེ་བཅིངས་ཤིང་བསྒོམས་ན་མདངས་ཆེན་པོ་སྦྱིན་པར་འགྱུར་རོ། །བཞད་པ་ནི་རྡོ་རྗེ་བཞད་མོའི ་གནས་ཀྱི་འཇིག་རྟེན་དབང་ཕྱུག་གིས་ཕྱག་རྒྱ་སྟེ། དེས་རབ་ཏུ་བཞད་པ་ཉིད་འཐོབ་པར་བྱེད་དེ། ཆོས་རབ་ཏུ་ཟབ་མོ་རྟོགས་པར་གྱུར་པ་དེས་རབ་ཏུ་དགའ་བར་གྱུར་པ་དང། དེས་འཛུམ་པའི་ཁྱད་པར་སྟོན་པ་འདི་ནི་བཞད་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན ་བཞད་པ་ཉིད་དེ་དེ་འཐོབ་པར་བྱེད་པའོ། །སྒྲོལ་མ་ནི་འཇིག་རྟེན་དབང་ཕྱུག་གི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་སྤྱན་གྱི་འབྲས་བུ་ལས་བྱུང་ནས་གནས་པ་དེ་ནི་སྒྲོལ་བ་སྟེ། དེས་ནི་དངོས་གྲུབ་གྱི་མཆོག་སྦྱིན་པར་བྱེད་དོ། །པདྨའི་རལ་གྲི་ནི་འཇམ ་དཔལ་གྱི་གཟུགས་ཀྱིས་དེའི་གནས་ཀྱིས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་གང་ཡིན་པའོ། །དེ་བཅིངས་ཤིང་བསྒོམས་ན་སྐལ་བཟང་འཐོབ་པར་བྱེད་དེ། འདི་ནི་འདིའི་ལས་ཀྱི་གཙོ་བོ་ཡིན་ནོ། །མགྲིན་སྔོན་གྱི་ནི་འགུགས་པ་ཆེ་ཞེས་བྱ་བ་ནི། རྡོ་རྗེ་རྒྱུའི ་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཁྱབ་འཇུག་གི་གཟུགས་སུ་སྦྲུལ་པ་གང་ཡིན་པ་དེ་ལ་མགྲིན་སྔོན་ཞེས་བྱའོ། །དེ་བཅིངས་ན་གཙོ་ཆེར་འགུགས་པའི་ལམ་བྱེད་པ་ཡིན་ནོ། །གོས་དཀར་གྱི་མི་དངོས་གྲུབ་པ་ཞེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་འཇིག་རྟེན་དབང ་ཕྱུག་གི་ཕྱག་རྒྱ་གོས་དཀར་མོའི་གཟུགས་སུ་སྤྲུལ?་བ་གང་ཡིན་པ་སྟེ། གོས?་དཀར་མོ་རེས་སྤྱིར་དངོས་གྲུབ་ཡིད་དུ་འོང་བ་གང་ཡང་རུང་བ་སྦྱིན་པར་བྱེད་དོ། །པདྨ་གར་གྱི་དབང་ཕྱུག་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་པདྨ་གང་གྱི་དབང་ཕྱུག་གི་ཕྱག ་རྒྱ་འཛིན་པར་སྤྲུལ་ཅིང་གནས་པ་གང་ཡིན་པ་སྟེ། དེ་བཅིངས་ན་ཅི་འདོད་པའི་དངོས་གྲུབ་སྦྱིན་པར་བྱེད་དོ། །མི་འཇིགས་པ་ནི་རྡོ་རྗེ་བསྲུང་བའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་མི་འཇིགས་པའི་ཕྱག་གིས་གོ་ཆའི་ཕྱག་རྒྱ་བསྣམས ་པར་སྤྲུལ་པ་གང་ཡིན་པའོ། །དེ་བཅིངས་ན་མི་འཇིགས་པ་སྦྱིན་པར་བྱེད་དོ། །འཇིགས་པའི་རྣམ་པ་ཐམས་ཅད་སེལ་བར་བྱེད་དོ། །རབ་གཏུམ་ནི་རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་གདུག་པ་ཐམས་ཅད་སྐྲག་པར་མཛད་པའི་གཟུགས་སུ ་གནས་པ་གང་ཡིན་པ་སྟེ། དེ་ནི་གདུག་པ་ཐམས་ཅད་འདུལ་བར་བྱེད་པས་ན་མ་རུང་བ་འདུལ་ཞེས་བཤད་དོ། །པདྨ་ཁུ་ཚུར་རབ་སྒྲུབ་བྱེད་ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་པདྨའི་ཁུ་ཚུར་བཅངས་ཏེ་བཞུགས ་པས་ན་པདམོའི་ཁུ་ཚུར་ཞེས་བྱ་སྟེ། དེ་བཅིངས་ན་ལྷ་ཐམས་ཅད་ཀྱིས་དགོངས་པར་འགྱུར་ལ། ལྷ་རྣམས་ཀྱིས་དགོངས་ན་འདོད་པའི་དོན་གྲུབ་པར་འགྱུར་ཏེ། དེ་བས་ན་པདམོའི་ཁུ་ཚུར་རབ་སྒྲུབ་བྱེད་ཅེས་གསུངས་སོ། །ལཱ་སྱེས་དགའ་ཞིང་ཞེས་བྱ་བ་ལ་སོགས ་པ་ལ་སྒེག་མོའི་ཕྱག་རྒྱ་བཅིངས་ཤིང་བསྒོམས་ན་དགའ་བ་སྦྱིན་བར་བྱེད་དོ། །དེ་བཞིན་དུ་ཕྲེང་བ་ནི་རིན་པོ་ཆེའི་ཕྲེང་བ་སྟེ། དེ་རང་གི་རྣལ་འབྱོར་གྱིས་བཅིངས་ཤིང་བསྒོམས་ལ། རང་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ལ་མཆོད་ན་དེས་ནོར ་སྦྱིན་པར་བྱེད་དོ། །གླུ་མའི་ཕྱག་རྒྱ་ཆེན་པོ་དབྱངས་སྒྲོགས་པའི་ཚུལ་དུ་སྟོན་པ་དེ་བཅིངས་ཤིང་བསྒོམས་ན་ཚངས་པའི་དབྱངས་ཀྱི་བར་དུ་དབྱངས་རིམ་གྱིས་སྦྱིན་པར་བྱེད་དོ། །གར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམ་ན་མྱ་ངན་ལས་འདས་པའི་བདེ ་བ་བླ་ན་མེད་པ་ལ་ཐུག་གི་བར་གྱིས་བདེ་བ་རྣམས་རིམ་གྱིས་སྦྱིན་པར་བྱེད་དོ། །གདུག་པའི་ལྷ་མོ་ཆེན་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམས་ན་ཚིམ་པར་སྦྱིན་པར་འགྱུར་རོ། །འདི་སྐད་སྟོན་ཏེ་ཏིང་ངེ་འཛིན་མངོན་དུ་གྱུར་པ་དང། རྗེས་སུ་མཐུན་པའི་ཤིག ་ཏུ་སྦྱངས་པའི་བདེ་བ་སྦྱིན་པར་འགྱུར་ཏེ། ཆིམ་པར་འགྱུར་ན་ལུས་དང་སེམས་རྩུབ་པ་དང་བྲལ་བར་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་ལ། དེས་ནི་དགོས་པ་གང་བརྩམས་པ་ལ་ལྡང་བ་ཡང་པར་འགྱུར་རོ། །མར་མེའི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམས ་ན་མར་མེའི་སྣང་བའི་ཚུལ་དུ་རིང་ཞིང་བྲ་བ་ལ་གནས་པའི་དོན་རྣམས་ལ་ཡང་སྒྱུ་དུར?་ལག་མཐིལ་དུ་བཞག་པ་བཞིན་དུ་ཡེ་ཤེས་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དྲིའི་ལྷ་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམས་ན་ལུས་ལ་ཙན་དན་དང་ཨུཏཔལ ་ལ་སོགས་པའི་དྲི་སྦྱིན་པར་འགྱུར་རོ། །རྟ་མགྲིན་གྱི་ཕྱག་རྒྱ་ཆེན་པོ་བསྒོམས་ན་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཐམས་ཅད་འགུགས་པའི་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །གདོན་མི་ཟ་བ་ནི་དོན་ཡོད་པ་སྟེ། དབང་དུ་བྱ་བའི ་ལས་ལ་བྱམས་པའི་ཞགས་པས་དབང་དུ་མཛད་པས་ན་དབང་དུ་བྱེད་ཅེས་བཤད་དོ། །ལྕགས་སྐྲོག་འཆིང་བ་ཡིན་པའི་དོན་ནི་བཤད་ཟིན་ཏོ། །པདྨའི་རིགས་ཀྱི་ལྕགས་སྒྲོག་ཡིན་པས་ན་པདྨའི་ལྕགས་སྒྲོག་གོ་།འདི་བཅིངས་ན་མངོན་པར་འདོད ་པའི་དོན་ཐམས་ཅད་འཆིང་བར་བྱེད་དོ། །དྲིལ་བུའི་ཕྱག་རྒྱས་ནི་སེམས་དཔའ་ཐམས་ཅད་འབེབས་པར་བྱེད་དེ། སྔགས་དང་སྦྱོར་བ་དང་ལྡན་ན་ཐམས་ཅད་འབེབས་པར་བཤད་དོ། །རྡོ་རྗེ་བསྔགས་པ་བཅིངས་ནས་ནི་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ ་བསྡམས་པ་བཅིངས་ཏེ། མཐེ་བོ་མཐེའུ་ཆུང་མཉམ་པར་བསྒྲེང་ཞེས་བྱ་བ་ལ་མཐེ་བོ་དང། མཐེའུ་ཆུང་བཤིབས་ལ་བསྒྲེང་པའོ། །ཆོས་དམ་ཚིག་ཅེས་བྱ་བ་ནི་འགྲོས་བ་འདུལ་བ་ཞེས་བྱ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཡིན་པས་དང་? ་ཕྱག་རྒྱ་སྟེ། འདི་ནི་བསྐུལ་བའི་སྔགས་དང་པོ་ཡིན་ནོ། །འབྲས་བུ་ནི་སངས་རྒྱས་ཆོས་ནི་རབ་ཐོབ་བྱེད་ཅེས་བྱ་སྟེ། གང་གི་སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་པར་བྱེད་པའི་ཕྱག་རྒྱ་འདི་བཅིངས་ལ་འཇིག་རྟེན་དབང་ཕྱུག་བསྐལ་ན་དེས་དཀྱིལ་འཁོར ་དུ་གཏོགས་པའི་ཆོས་རྣམས་བསྐྱེད་པར་འགྱུར་ཏེ། དེ་བས་ན་སངས་རྒྱས་ཆོས་ནི་རབ་ཐོབ་བྱེད་ཅེས་བཤད་དོ། །གང་གི་ཕྱིར་སྔགས་པ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ། ཕྱག་རྒྱ་འདི་བཅིངས་ན་རྡོ་རྗེ་སེམས་དཔའ་འགྲོ་བ ་འདུལ་བའི་གཟུགས་སུ་བཞུགས་པ་ལ་རྟག་ཏུ་བསྐུལ་བ་བྱས་ན་དེས་དཀྱིལ་འཁོར་དང། སྔགས་དང་ཕྱག་རྒྱ་དང། སྙིང་པོ་རྣམས་བསྐྱེད་པར་འགྱུར་རོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་?་ལག་པ་གཉིས་ཀྱི་མཐེ་བོ་དང། མཐེའུ་ཆུང ་གཏང་ལ་སོར་མོ་གསུམ་ཆར་བཤིབས་ཏེ་བརྐྱང་བར་བྱའོ། །སངས་རྒྱས་རིགས་མཆོག་ཕྱག་རྒྱ་དེ་ཞེས་བྱ་བ་ནི་འདི་ཡང་རྣམ་པར་སྣང་མཛད་ཀྱི་དཀྱིལའཁོར་བྱིན་གྱིས་རློབ་པའི་སྔགས་གཉིས་པའི་ཕྱག་རྒྱ་ཡིན་ནོ། །སངས་རྒྱས་ཉིད་དུ་གྲུབ་པར་བྱེད་ཅེས་བྱ་བ་ནི་འདི་སྐད་སྟོན་ཏེ། ་མངོན་པར་བྱང་ཆུབ་པའི་ཕྱག་རྒྱ་རྣམ་པར་སྣང་མཛད་དུ་བསྐྱེད་དེ། རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་དེའི་འོག་ཏུ་ཕྱག་རྒྱ་འདི་བཅིངས་ལ། སྔགས་པས་འགྲོ་བ་འདུལ་བའི་དཀྱིལ་འཁོར་བྱིན་གྱིས་བརླབས་པར་བྱ་སྟེ། དེ་ལྟར་བྱས་ན་རིམ་གྱིས་སངས་རྒྱས ་ཉིད་ཀྱང་གྲུབ་པར་བྱེད་དོ། །ང་ནི་མི་བསྐྱོད་བའི་གནས་ཀྱིས་འགྲོ་བ་འདུལ་བའི་གཟུགས་ཀྱི་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པའི་ཕྱག་རྒྱ་སྟོན་ཏེ། འགྲོ་བ་འདུལ་བའི་ལྷའི་རྣལ་འབྱོར་དུ་བྱས་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་ནི། གུང་མོ་རྡོ་རྗེ་རབ་བསྙམས ་པས་ཞེས་བྱ་བསྔགས་པས་བུད?་མོ་གཉིས་གཤིབས་ལ་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །རྡོ་རྗེ་རིགས་པ་དམ་པ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བ་སྟེ། རྡོ་རྗེ་བསྡམས་པས་དཀྱིལ་འཁོར་བསྟན་པར་བྱིན་གྱིས་བརླབ་མ་རིམ་གྱིས་རྡོ་རྗེ་སེམས ་དཔལ་ཡང་འགྲུབ་པར་འགྱུར་རོ། །དེ་ལས་གུང་མོ་རིན་ཆེན་འདྲ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་མ་ལྟ་བུ་ལས་རིན་པོ་ཆེ་ལྟ་བུར་བྱས་ན་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པར་འགྱུར་ཏེ། རིམ་གྱིས་རྡོ་རྗེ་རིན་ཆེན་ཡང་འཐོབ་པར་འགྱུར་རོ། །གུད་མོ་པདྨའི་ཚུལ? ་དུ་བྱས་ཞེས་བྱ་བ་འདི་ནི་རྡོ་རྗེ་རིན་ཆེན་མ་དེ་ཉིད་པདྨའི་འདབ་མ་ལྟ་བུར་གཞག་ན་གུང་མོ་པདྨ་འདྲ་བར་འགྱུར་ཏེ། འདིས་ནི་སྔགས་པས་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །པདྨའི་དངོས་གྲུབ་རབ་འཐོབ་བྱེད་ཅེས་བྱ་བ་ལ་པདྨ་ནི་བཅོམ་ལྡན་འདས ་འཇིག་རྟེན་དབང་ཕྱུག་སྟེ། དེའི་དངོས་གྲུབ་རབ་ཏུ་ཐོབ་པ་ནི་ཕྱག་རྒྱ་འདི་བཅིངས་ན་རིམ་གྱིས་དེའི་དངོས་གྲུབ་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཐལ་མོ་བསྡམས་ནས་ནི་ཞེས་བྱ་བ་ནི་དེ་བཅིངས་པ་སྟེ། དེ་ཡང་གྲགས་པ་ཁོ་ནར་ཟད་ལ་སྔགས་པས་དེ ་བཅིངས་ནས་གདོན་མི་ཟ་བར་གྲུབ་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །དེ་བྱིན་གྱིས་བརླབ་པར་བྱ་བ་ནི། དེ་ནི་གཅིག་མིན་དུ་མ་མིན་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སའི་དཀྱིལ་འཁོར་བསྒོམས་ལ། འདི་དག་ཐམས་ཅད་ནི་རྣམ་པར་རྟོག་པས་བསྐྱད ་བཙམ་དུ་ཟད་དོ་ཞེས་ཁོང་དུ་ཆུད་པར་བྱས་ནས། ལྷ་གང་དང་གང་གི་གཟུགས་ཀྱིས་ཕྱག་རྒྱ་གང་དང་གང་བཅིངས་ན་བྱིན་གྱིས་རློབ་པར་བཤད་པ་དེ་དང་དེ་ལྟ་བུར་གྱུར་ནས་ཕྱག་རྒྱ་དེ་དང་དེ་བཅིངས་དེ་ཐམས་ཅད་དུ་པདྨའི་སེམས་པ་ནི་བདག་གོ་ཞེས་ལྷག་པར ་མོས་པར་བྱས་ལ། དཀྱིལ་འཁོར་བྱིན་གྱིས་རློབ་པའི་སྔགས་བརྗོད་དེ། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། རི་རབ་ཀྱི་རྩེ་མོ་ལ་ཐུག་གི་བར་དུ་གཅིག་དང་དུ་མ་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱིས་བར་དུ་བསམ་བར་བྱའོ། །གནས་གང ་དུ་དཀྱིལ་འཁོར་བྲི་བར་བྱ་བ་དེར་ཡང་རྡོ་རྗེའི་རང་བཞིན་དུ་བསམ་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཡིན་ནོ། །བྱིན་གྱིས་རློབ་པར་བྱེད་པའི་ཕྱག་རྒྱ་ལྔ་པོ་འདི་དག་ནི་བྱིན་གྱིས་རློབ་པའི་སྔགས་ལྔ་པོ་ཡིན་པར་བལྟ་བར་བྱའོ། །རྡོ་རྗེ་ཆོས་མ་ལ་སོགས་པ ་བཞིའི་ཕྱག་རྒྱ་ནི་བདག་པོའི་ཕྱག་རྒྱ་ཡིན་དུ་ཟིན་ཀྱང་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས་ཉིད་དུ་བྲི་བར་བྱ་དགོས་ཏེ། གང་གི་ཕྱིར་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིས་རང་གི་རིགས་ཀྱི་ཕྱག་རྒྱ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་དུ་ཕུལ་བའི ་ཕྱིར་རོ། །ང་ནི་འགྲོ་བ་འདུལ་བར་གཏོགས་པའི་དཀྱིལ་འཁོར་རྣམས་གདོན་པའི་སྔགས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་གང་བཅིངས་ན་དཀྱིལ་འཁོར་མ་ལུས་བར་བསྐྱེད་པར་བྱེད་པ་དེ་བཤད་པར་བྱའོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱ་ཡིན་ཏེ། དེ་མ་བཤད ་བར་འདིར་དམ་ཚིག་ཇི་ལྟར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཆོས་ཀྱི་རྡོ་རྗེ་བཅིངས་ནས་ནི། སྐད་ཅིག་གིས་ནི་དམ་ཚིག་འགྲུབ་ཅེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་ཅེས་སྟོན་ཏེ། འདིར་ཕྱག་རྒྱ་གཞན་བཤད་དགོས་པ་ནི་མ་ཡིན་གྱི་ཕྱག་རྒྱ་གང་གིས་མི་བསྐྱོད་པའི་རིགས་སུ ་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པ་དེ་བཞིན་དུ་ཕྱག་རྒྱ་དེ་ཉིད་ཀྱིས་དཀྱིལ་འཁོར་གདོན་པར་བྱ་སྟེ། གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་ནི་ཐམས་ཅད་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །དེ་ཡང་བསོད་ནམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར ་ཡིན་ལ། ཡེ་ཤེས་ཀྱི་རང་བཞིན་ནི་རྡོ་རྗེ་ཡིན་ནོ། །སེམས་དཔའ་རྡོ་རྗེ་མ་དེ་ལས་ནི་འཚང་རྒྱ་བར་འགྱུར་ལ། དེ་ནས་སེམས་དཔའ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་དང། དཀྱིལ་འཁོར་དང། རིག་པ་དང། སྙིང་པོ་རྣམས་འབྱུང་སྟེ། དེ་བས་ན་ཆོས་ཀྱི་རིགས་ལ ་གཞན་ལྟར་བྱ་བ་མེད་དེ། སེམས་དཔའ་རྡོ་རྗེ་མ་དེ་ཉིད་ལ་ཆོས་རྡོ་རྗེ་མ་ཞེས་བཤད་པས། ཆོས་ཀྱི་རྡོ་རྗེ་བཅིངས་ནས་ནི། སྐད་ཅིག་གིས་ནི་དམ་ཚིག་འགྲུབ་ཅེས་བྱ་སྟེ། ཆོས་ཀྱི་རིགས་ལ་རྡོ་རྗེ་མ་ཡིན་པས་ན་ཆོས་ཀྱི་རྡོ་རྗེ་ཞེས་བྱའོ།། །། ་ད་ནི་སྔགས་བཀོད་ཟིན་པ་རྣམས་ཀྱི་ཕྱག་རྒྱ་རྣམས་སྟོན་ཏེ། དེ་ལ་འདིར་ཐོག་མར་རེ་ཞིག་རྣམ་པར་སྣང་མཛད་དགོང་པའི་ཕྱག་རྒྱ་བསྟན་པ་ནི་རྡོ་རྗེ་བསྡམས་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཛུབ་བསྙམས་པས་ཞེས་བྱ་བ་ནི་མཛུབ་མོ་གཉིས་རྩེ་མོའི་ཚུལ་དུ་? ་བར་སྟོན་པའོ། །སངས་རྒྱས་དངོས་གྲུབ་རབ་ཐོབ་བྱེད་ཅེས་བྱ་བ་ནི་འདི་བཅིངས་པའི་འབྲས་བུ་དང་ལས་སྟོན་པའོ། །གང་དུ་རྡོ་རྗེ་དབྱིངས་ལས་ཕྱག་རྒྱ་བཅིང་བ་དང། དངོས་གྲུབ་དཔལ་སུ་བཤད་པ་གང་ཡིན་ཕྱག་རྒྱ་དེ་དག་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་དང། ་ལས་རྣམས་འགྲེས་གཅིག་གིས་སྟོན་པ་ནི། དེ་ནས་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་འདིར་ཡོངས་སུ་གཟུང་ངོ། །དེ་ནས་རབ་ཏུ་བཤད་བྱ་བ་ལ་གང་ཞིག་ཅེ་ན། འགྲོ་བ་འདུལ་བའི་ཕྱག་རྒྱའི་སེམས་དཔའ་ཐམས་ཅད་ཟློས་པའི་སྤྱི་སྟེ། དེ་ནས་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཁྱད་པར་དུ ་བཤད་པར་བྱའོ། ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་ཐལ་མོ་བསྡམས་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་བཅིང་བའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གུང་མོ་མཉམ་པ་བསྙམས་ཞེས་བྱ་བ་ནི་གང་གི་གུང་མོ་མཉམ་ཞིང་མངོན་དུ་ཕྱོགS་པར་བྱས་པ་དེ་ནི་གུང་མོ་མཉམ་པར་བསྙམས ་པའི་རྡོ་རྗེ་ཐལ་མོ་སྟེ་དེ་བཅིངས་པའོ། །དེ་བཞིན་དུ་ཞེས་བྱ་བ་འདིས་ནི་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟ་བུར་བྱའོ་ཞེས་སྟོན་ཏོ། །ཅི་སོར་མོ་ལྷག་མ་རྣམས་དེ་བཞིན་དུ་བཞག་གམ་ཞེ་ན། མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། མཐེའུ་ཆུང་མཐེ་བོ་ཕྱེ་བ་ནི་ཞེས་བྱ་བ་གསུངས་ཏེ ་གང་གི་མཐེ་བོ་དང་མཐེའུ་ཆུང་སོ་སོར་བྲལ་ཏེ། འདབ་མ་བཞི་པའི་ཚུལ་དུ་ཕྱི་རོལ་ཏུ་བྱུང་བར་བྱས་པ་དེ་ནི་མཐེའུ་ཆུང་མཐེ་བོ་ཕྱེ་བ་ནི་ཞེས་བྱ་སྟེ། འདི་ནི་བཅོམ་ལྡན་འགྲོ་བ་འདུལ་བའི་དགོད་པའི་ཕྱག་རྒྱའོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའོ། །མཐེ ་བོ་གཉིས་བསྣོལ་ཏེ་ཞེས་བྱ་བ་ནི་གང་གི་མཐེ་བོ་གཉིས་རྡོ་རྗེ་བསྡམས་པ་དང་འདྲ་བར་སྐྱིལ་མོ་ཀྲུང་གི་ཚུལ་དུ་བྱས་པ་དེ་ནི་མཐེ་བོ་གཉིས་བསྣོལ་པའོ། །མཛུབ་མོ་གཉིས་རྩེ་སྤྲད་བཀུག་པའི་གཟུགས་ཞེས་བྱ་བ་ནི་གང་གི་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་ལ་བཀུག་པའི ་དབྱིབས་དེ་ནི་མཛུབ་མོ་བཀུག་པའི་གཟུགས་སོ། །དབུས་ཀྱི་རྡོ་རྗེ་སྤྱི་གཙུག་ཕུད་ཅེས་བྱ་བ་ནི་གུང་མའི་སོར་མོ་གཉིས་རྡོ་རྗེའི་ཚུལ་དུ་བྱས་པ་ནི་གཙུག་ཕུད་དུ་འགྱུར་ཏེ། དེ་ནས་སྤྱི་གཙུག་ཏུ་བཞག་ན། གཙུག་ཕུད་སངས་རྒྱས་ཡིན་པར་བཤད་ཅེས་བྱ་སྟེ། གཙུག་ཕུང་སངས ་རྒྱས་ཞེས་བྱ་བའི་ཕྱག་རྒྱར་འགྱུར་པ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་ཕྱག་རྒྱ་དེ་བཅིངས་ན་སངས་རྒྱས་ཞེས་བྱའོ་ཞེས་བྱའི་དབང་དུ་བྱས་པའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་དམ་དུ་བཅིངས་ལ་རྡོ་རྗེ་བསྡམས་པའི་མཐེ་བོ་གཉིས་ཐད ་ཀར་བཞག་པ་དེ་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་མཐེ་བོ་བསྙམས་ཏེ་ཞེས་བྱ་བ་སྨོས་སོ། །བསྙམས་ནས་ཇི་ལྟར་བཞག་པར་བྱ་ཞེ་ན། བཏུང་ནས་ནི་ཞེས་བྱ་བ་སྨོས་ཏེ། མཐེ་བོ་གཉིས་ཀྱི་རྩེར་མཛུབ་མོ་བཀུག་པ་དང་རྩེ་སྤྲད་པར་བྱའོ། །དེ་ལྟར ་བཅིངས་ནས་ཕྱག་རྒྱ་དེ་ཇི་ལྟར་བཞག་པར་བྱ་ཞེ་ན། བཀན་ནས་ཞེས་བྱ་བ་གསུངས་སོ། །ཅི་བྱེ་བྲག་དེ་ཙམ་དུ་ཟད་དམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་ཏིང་ངེ་འཛིན་དུ་བཞག་ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་གྱི་སྐྱིལ ་མོ་ཀྲུང་གི་སྟེང་དུ་བཀན་ལ་བརྒྱད་སྟེ་བཞག་པས་ཇི་ལྟར་གསུངས་པ་དེ་བཞིན་དུ་འདིར་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །ཏིང་ངེ་འཛིན་དུ་བཞག་ཅེས་བྱ་བ་འདིས་ནི་འོད་དཔག་ཏུ་མེད་པའི་གནས་སུ་དགོད་པའི་ཕྱག་རྒྱའོ། །ཐལ་མོ་པདྨར་མཉམ་སྦྱར་ལ་ཞེས་བྱ་བ ་ལ་སོགས་པ་ལ་ཐལ་མོ་མཉམ་པ་ཞེས་བྱ་བ་འདིས་ནི་རྡོ་རྗེ་ཐལ་མོ་ལྟ་བུར་བྱ་བ་འགོག་པ་ཡིན་ནོ། །མཉམ་སྦྱར་ལ་ཞེས་བྱེ་བ་ནི་བཅིང་བའོ། །མཛུབ་མོ་རྡོ་རྗེར་བསྙམས་ནས་ནི་ཞེས་བྱ་བ་འདིས་ནི་མཛུབ་མོ་གཉིས་རྡོ་རྗེ་ལྟ་བུར་སྤྲོད་ལ་བཙིར་བར་སྟོན་པ་ཡིན་ཏེ། ་དེ་བས་ན་ཚིག་འདིས་ནི་ཐལ་མོ་ཅུང་ཟད་ཁོང་སྟོང་དུ་བྱ་བ་ཡིན་པར་ཤེས་སོ། །མཐེ་བོ་གཉིས་ཀྱི་ངོས་ཀྱང་ཕྲལ་ཞིང་ཕྱེ་སྟེ་བཞག་གོ་།དེ་ལྟ་བུའི་ཕྱག་རྒྱ་འདི་སུ་ཞིག་གི་ཡིན་ཞེ་ན། ངེས་པའི་དབང་ཕྱུག་ཅེས་བྱ་བ་སྟེ། གདོན་མི་ཟ་བར་གྲུབ་པའི་གནས་སུ ་དབང་ཕྱུག་ཏུ་གྱུར་བའི་འཇིག་རྟེན་དབང་ཕྱུག་གིའོ། །འདི་སྐད་སྟོན་ཏེ། གང་གདོན་མི་ཟ་བར་གྲུབ་པའི་གནས་ན་བཞུགས་པའི་འཇིག་རྟེན་དབང་ཕྱུག་དེའི་དགོད་པའི་ཕྱག་རྒྱ་ནི་འདི་ཡིན་ནོ་ཞེས་པའོ། །ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་སུ་སངས་རྒྱས ་ལ་སོགས་པ་དགོད་པའི་ཕྱག་རྒྱ་ནི་བསྡམས་པ་བསྡམས་ནས་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ལེགས་པར་བཀན་ཏེ་ཞེས་བྱ་བ་ནི། སྐྱིལ་མོ་ཀྲུང་གི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རྡོ་རྗེ་བསྡམས་པ་བཀན་པ་དེ ་ལས་མཐེ་བོ་གཉིས་བསྒྲེང་ལ་ཕན་ཚུན་གཉིས་སྤྲད་དེ་བཞག་པར་བྱ་ཞིང་དེ་ལས་པདྨའི་འདབ་མ་ལྟ་བུར་བྱ་བ་འདི་ནི་རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱའོ། །འདིའི་མིང་ཇི་སྐད་དུ་བྱ་བ་ཡིན་ཞེ་ན། སངས་རྒྱས་པདྨ་ཡིན་པར་བཤད་ཅེས་བྱ་བ་གསུངས་ཏེ། པདྨས་ཉེ་བར ་མཚན་པའི་རྡོ་རྗེ་སེམས་དཔའ་གཟུགས་ཡིན་པའི་ཕྱིར་རོ། །མཐེ་བོ་གཉིས་ནི་རྡོ་རྗེར་མཉམ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱ་སྟོན་ཏེ། རང་གི་སྔགས་ལས་ཇི་ལྟར་འབྱུང་བའི་ཚུལ་གྱིས་ཕྱག་རྒྱ་བཞི་ཆང་རྡོ་རྗེ་བསྡམས་པ་གཅིག་པུས་སྟོན་ཏོ། ་ཇི་ལྟ་ཞེ་ན། མཐེ་བོ་གཉིས་ནི་རྡོ་རྗེ་ཞེས་བྱ་བ་སྟེ། རྡོ་རྗེ་མཐེ་པོ་གཉིས་གཅིག་ལ་གཅིག་སྤྲད་ནས་རྩེ་མོའི་ཚུལ་དུ་བྱས་བའི་རྡོ་རྗེ་ནི་མཐེ་བོ་རྡོ་རྗེར་འགྱུར་ཏེ་འདི་ནི་དང་པོའོ། །དེ་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་གྱུར་འགྱུར་ཏེ། འདི་ནི་ལྕགས་ཀྱུའི ་ཕྱག་རྒྱ་སྟེ་གཉིས་པའོ་མཛུབ་མོ་གཡོན་པ་བརྐྱང་ན་རལ་གྲིའི་ཕྱག་རྒྱ་སྟེ་འདི་ནི་གསུམ་པའོ། །དེ་ལྟར་ན་འདིས་ནི་མཛུབ་མོ་ལྕགས་ཀྱུ་རལ་གྲིར་བྱ་ཞེས་པ་སྟོན་པ་ཡིན་ནོ། །མཐེའུ་ཆུང་གཉིས་ནི་སོ་སོར་དབྱེ་ཞེས་བྱ་བ་འདིས་ནི་ཅུང་ཟད་ཙམ་ཞིག་དབྲལ་བར་འོག་ནས ་སྟོན་ཏོ། །གུང་མོ་སྲིན་ལག་པདྨར་བྱ་བ་ནི་གུང་མོ་དང་སྲིན་ལག་གི་རྩེ་མོ་པདྨ་བ་མ་བྱེ་བའི་ཚུལ་དུ་བྱས་པའི་པདྨའི་ཕྱག་རྒྱ་གང་ཡིན་པ་དེ་ནི་གུང་མོ་སྲིན་ལག་པདྨར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཕྱག་རྒྱ་བཞི་བསྟན་པ་ཡིན་ཏེ། དེ་དག་ནི་རྡོ་རྗེ་དང། ལྕགས་ཀྱུ ་དང། རལ་གྲི་དང་པདམོ་ཞེས་བྱ་བ་རྣམས་སོ། །ཐལ་མོ་མཉམ་པར་རབ་སྦྱར་ལ་ཞེས་བྱ་བ་ལ་རབ་སྦྱར་ཞེས་བྱ་བ་ནི་བཅིང་བའོ། །གཅུས་ཏེ་ཞེས་བྱ་བ་ནི་ཐལ་མོ་གཡོན་ཕྱོགས་ནི་དྲང་བ་ནི་གཅུ་བའོ། །མཐེ་བོ་བཀུག་ནས་ནི་ཞེས་བྱ་བ་ནི་མཐེ་བོ་བཀུག་ནས་སོ། །དེས་ཅི ་ཞིབ་བྱ་ཞེ་ན། མཛུབ་མོས་མཛུབ་མོ་གཟུང་ནས་སུ། འདྲེས་པར་བྱེད་པ་ཞེས་བྱ་བ་སྟེ། གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་གཟུང་ལ་མདའ་གཞུ་འདྲེན་བའི་ཚུལ་དུ་དྲང་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཕྱག་རྒྱ་འདི་མིང་ཅི་སྐད་ཅེས་བྱ་ཞེ་ན། པདྨ་མདའ་ཞེས ་བྱ་བ་འདིས་སྟོན་ཏེ། མངའ་གང་ལ་པདྨས་ཉེ་བར་མཚན་པ་བྱས་པ་དེའིའོ། །འདི་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཡིན་ནོ། །ཐལ་མོ་སྦྱར་ནས་མཉམ་པར་བཀན་ཞེས་བྱ་བ་ལ་སོགས་པ་ལ། ཐལ་མོ་མཉམ་པར་ཡང་བྱ་བ་སྟེ། དེ་ཡང་བཀན་ཏེ་བཞག ་པ་བཅིང་ངོ། །ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ལེགས་པའི་ཕྱག་རྒྱ་བཅིངས་ན་ནི་ཞེས་བྱ་བ་སྟེ། རྡོ་རྗེ་ལེགས་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ལེགས་པའི་ཕྱག་རྒྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ། སེ་གོལ་བརྡོབས ་བའི་ཚུལ་དུ་བྱེད་བའི་ཕྱག་རྒྱ་གང་ཡིན་པ་དེ་དང། ཕྱག་རྒྱ་འདི་འདྲ་བར་བྱ་བའོ། །འདི་སྐད་སྟོན་ཏེ། ཐལ་མོ་སྦྱོར་བ་བཀན་ལ་མཛུབ་མོ་གཉིས་བཀུག་པ་མཐེ་བོས་མནན་ཏེ། སེ་གོལ་གཏོག་པའི་ཚུལ་དུ་བྱ་བའོ། །འདིའི་མིང་ཇི་སྐད་དུ་བྱ་བ་ཡིན་ཅེ་ན། པདྨ་ལེགས ་བ་ཡིན་པར་གྲགས་ཞེས་བྱ་སྟེ། ལེགས་སོ་ཞེས་བྱ་བས་ཉེ་བར་མཚོན་པའི་པདྨ་གང་ཡིན་པ་དེ་ནི་པདྨ་ལེགས་པ་ཡིན་པར་གྲགས་ཤིང་བཤད་དེ། འདི་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱའོ། །ཐལ་མོ་མཉམ་པར་སྦྱར་ལ་མཛུབ་མོ་གཅིག་ལ་གཅིག་རྩེ་སྤྲད་དེ་པདྨའི ་འདབ་མ་འདྲ་བར་བཀུག་ལ། དེ་ནས་མཛོད་བུའི་གནས་སུ་བཞག་ན་གདོང་དུ་གནས་པ་ཡིན་ནོ། །མཐེའུ་ཆུང་ཕྲལ་ཏེ་ཞེས་བྱ་བ་ནི་མཐེའུ་ཆུང་གཉིས་གཅིག་ལ་གཅིག་མི་སྦྱར་བར་ཕྱེ་སྟེ་ཤིན་ཏུ་བརྐྱང་བ་ནི་ཕྲལ་བ་ཡིན་ནོ། །འདིའི་མིང་ཇི་སྐད་དུ་བྱ་བ་ཡིན་ཞེ་ན། ་པདྨ་ཁྲོ་གཉེར་ཞེས་གསུངས་པ་ཡིན་ནོ། །སོར་མོ་ཐམས་ཅད་དཀྱིལ་འཁོར་དུ་ཞེས་བྱ་བ་ནི་ཤིན་ཏུ་བརྐྱང་བའི་དོན་ཏེ། པདྨའི་ཉི་མའི་ཕྱག་རྒྱའོ། །དཔུང་པ་སྤྱི་བོར་རབ་བརྐྱོང?་པ་ཞེས་བྱ་བ་ལ་དཔུང་པ་གཉིས་སྤྱི་བོའི་ཐད་ཀར་གྱེན་དུ་བརྐྱང་ན་དེ་ལྟ་བུ་ནི་པདྨའི ་རྒྱབ་མཚན་གྱི་རྩེར་གྱུར་པ་ཡིན་ནོ། །པདྨའི་རིན་ཆེན་རྒྱལ་མཚན་རྩེ། ཞེས་བྱ་བ་ནི་ཕྱག་རྒྱའི་མིང་སྟོན་པ་ཡིན་ནོ། །རྡོ་རྗེ་བསྡམས་པ་སྤྱི་བོར་བཞག་།ཅེས་བྱ་བ་ལ་སོགས་པ་ལ་སྤྱི་བོ་སྟེ་མཚོགས་མའི་གནས་གཙུག་ཏོར་གྱི་སར་བརྐྱང་སྟེ། རྡོ་རྗེ་བསྡམས་པའི་སོར་མ ་བཅུ་ཅར་གྱེན་དུ་བསྟན་ཏེ་བརྐྱང་ལ་སོར་མོའི་རྩེ་མོ་གང་དང་གང་ཡིན་པ་དེ་རྣམས་མགོ་བོ་ཞེས་དག་ཏུ་བསམས་ལ། ཉིད་ཀྱི་རང་བཞིན་གྱིས་གནས་པའི་རང་གིས་མགོ་པོས་བརྒད་ཅིང་ཧ་ཧ་ཞེས་ཤེས་ཚར་?་ན་ཉིད་ཀྱི་ཁ་རྒོད་པ་དང། བཅས་ན་རྡོ་རྗེ་བཞད་པའི་ཕྱག་རྒྱལ ་བཅུ་གཅིག་པ་ཞེས་བྱ་བར་འགྱུར་རོ། །ཏིང་འཛིན་པདྨ་བཅིངས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་པདྨ་ནི་འོད་དཔག་ཏུ་མེད་པའི་གནས་སུའོ། །མཐེ་བོ་གཉིས་ནི་སོ་སོར་གྱེད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མཐེ་བོ་དེ་གཉིས་གཅིག་ལ་ཅིག་ལྟོ། ? ་བྱ་སྟེ། དེ་ལྟ་ན་པདྨ་སྒྲོལ་པའི་ཕྱག་རྒྱར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་ནི་ཁོ་བོ་ཅག་གིས་མཐོང་བའི་གླེག་བམ་རྣམས་ལས་མ་རྙེད་དོ། །མཐེའུ་ཆུང་པདྨ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཉིས་པདྨ་ཁམ་བྱེ་བའི་ཚུལ་དུ་བྱས་པ་ནི། བྱ་བ ་འདི་ནི་པདྨ་ཆེན་པོ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་ཀྱི་མཐེ་པོ་གཉིས་གཤིབས་ནས་རྩེ་མོ་གྱེན་དུ་བསྟན་ལ་རྩེ་མོར་བྱས་པ་ནི་གཉིས་པ་སྟེ་?་པའི་ཕྱག་རྒྱའོ། །མཛུབ་མོའི་རྩེ་མོ་བཀུག་སྟེ་ཕན་ཚུན་རྩེ་སྤྲད་པ་བྱས་ལ། ཀུན་ནས་འཁྱིལ་པའི་ཚུལ་དུ་ཟླུམ་པོར་བྱས་པ ་འདི་ནི་གསུམ་པ་སྟེ། དུད་ཆེན་གྱི་ཕྱག་རྒྱའོ། །གུད་མོ་སྲིན་ལག་འཁོར་ལོར་སྦྱར་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བྱས་ལ་ལྷག་མ་གུང་མོ་དང་སྲིན་ལག་གཉིས་རྡོ་རྗེ་འཁོར་ལོའི་ཚུལ་དུ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏེ། འདི་ནི་རྡོ་རྗེ་རྒྱུའི་སྔགས་ལས་ཇི་སྐད་བཤད་པའི ་ཕྱག་རྒྱ་ཕན་པ་ཡིན་ནོ། །རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ། གཡས་པའི་ཨོཾ་གྱི་ནང་དུ་གཞག་།ཅེས་བྱ་བ་ནི་མཐེ་བོ་གཡོན་པ་ནད་དུ་བཅུག་ལ་མཛུབ་མོག་མས་པ་བཀུག་ནས་རང་གི་མཐེ་བོ་དང་གདོང་སྤྲད་པ་ནི་ཨོཾ་གྱི་ནང་དུ་གཞུག་པ་ཞེས་བྱའོ། །གཡོན་པའི་? ་?་དང་མཛུབ་མོ་ཡང་དེ་བཞིན་དུ་བཞག་ལ་བཟླས་ག་བྱེད་པའི་ཚུལ་བྱའོ། །སོར་མོ་ལྷག་མ་རྣམས་གཅིག་ལ་གཅིག་མ་འབྱར་བར་ཕྲལ་ཏེ་རྩེ་མོ་ཅུང་ཟད་བརྐྱང་ལ་རྡོ་རྗེ་ཐལ་མོ་ཉིད་མ་ཕྱེ་འདི་ནི་ཆུ་སྐྱེས་ཞེས་བྱ་སྟེ། འདི་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ ་མཉམ་སྦྱར་པ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཐལ་མོ་བཅིང་པའོ། །གཡོན་དང་གཡས་ནས་ཞེས་བྱ་བ་ནི་གཡས་གཡོན་གྱི་ངོས་གཉིས་སུ་རྡོ་རྗེ་ཐལ་མོ་དེ་ཉིད་འགྱིང་བ་དང་བཅས་པར་བསྐོར་བའི་ཚུལ་དུ་བྱས་ལ་སྤྱི་བོར་བཞག་གོ་།དེ་ནས་ཡང་བསྐོར་ཞིང་དྲངས ་ལ་ངོས་གང་ཡང་རུང་བ་ནས་རྡོ་རྗེ་ཐལ་མོ་དེ་དབབ་པར་བྱའོ། །དེ་ནས་ཡང་ངོས་གཞན་ནས་སླར་གཏེག་ལ་ངོས་གཅིག་ཏུ་དབབ་པར་བྱ་ཞིང་དེ་བཞིན་དུ་སྤྱི་བོའི་བར་དུ་གྲང་བར་བྱའོ། །འགྱིད་བཅས་ནི་སྒེག་པ་དང་བཅས་པའོ། །འདི་ནི་གང་ཐབས་པདྨ་ཅན་ཞེས་བྱ་སྟེ། རྡོ་རྗེ་ལས ་ཀྱི་གནས་ཀྱིས་ཕྱག་རྒྱའོ། །དེ་བཞིན་ཞེས་བྱ་བ་འདིས་ནི་རྡོ་རྗེ་ཐལ་མོ་མ་བཀྲོལ་བར་སྟོན་ཏོ། །རྩེ་མོ་ཁ་བྱེ་བ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་མ་དཀྲོལ་བ་ཉིད་དུ་སོ་སོར་ཐམས་ཅད་རྩེ་མོ་བྲལ་ནས་སོར་མོ་ཐད་ལ་བྱེ་བ་ཡིན་ནོ། །དེ་ལྟ་བུའི་རྡོ་རྗེ་ཐལ་མོ་དེ་བསྐོར་བ་ནི་ལག་པའི་མཐིལ་གཉིས་རྒྱབ་སྤྲད་པའོ། །དེ་ནས ་སྙིང་གར་བཞག་ན་པདྨས་བསྟན་པར་བྱེད་པ་སྟེ་གོ་ཆའི་ཕྱག་རྒྱར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསང་བའི་གནོད་སྦྱིན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་རྡོ་རྗེ་ཐལ་མོའི་རྣམ་པས་ཕྱག་རྒྱའི་སྦྱོར་བ་བྱས་པ་གང ་ཡོན་པ་དེ་ནི་གསང་བའི་གནོད་སྦྱིན་གྱི་ཚུལ་དུ་ཞེས་བྱ་བས་དེ་བཞིན་དུ་བྱས་ལ་བརྐྱང་ནས་རྡོ་རྗེ་ཐལ་མོ་སྙིམ་པའི་ཚུལ་དུ་བྱས་པ་ཁར་བཞག་ན་པདྨ་གནོད་སྦྱིན་མའི་ཕྱག་རྒྱར་འགྱུར་རོ། །གསང་བའི་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཡང་རྡོ་རྗེ་ཐལ་མོའི་མཛུབ་མ་གཉིས་བཀུག་སྟེ་རང ་གི་མཐེ་བོའི་དྲུང་དུ་བཞག་ལ་མཐེ་བོ་གཉིས་ཀྱང་དཔྲལ་བར་བྱ་སྟེ། འདི་ན་གསང་བའི་གནོད་སྦྱིན་གྱི་ཚུལ་དེ་འདི་ཡིན་ནོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་དི་ལྟར་གནས་པ་གུང་མོ་གཉིས་ཀྱང་དེ་ཁ་ཞེན་དུ་བྱའོ། །? ་མ་རྣམས་ནི་གོ་སླའོ། །འདི་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱ་པདྨའི་ཁུ་ཚུར་གྱི་ཕྱག་རྒྱའོ། །རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བསྡམས་པའི་མཐེ་བོ་གཉིས་དང་པོ་ལ ་སྦྱར་བར་བྱ་སྟེ། འདི་ནི་རྡོ་རྗེ་དབྱིངས་ཀྱི་ཚུལ་དེ་ལས་འདིར་རྡོ་རྗེ་ཐལ་མོ་ལས་མཐེ་བོ་བསྙམས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པའི་ཕྱག་རྒྱར་སྦྱར་བར་བྱའོ། །དེ་ལྟར་རྡོ་རྗེ་སྒེག་མོ་ལ་སོགས་པ་བཞི་པོ་རྣམས་ཀྱི་ནི་རྡོ་རྗེ་བསྡམས་པའི་མཐེ་བོ་བརྐྱང་པ་ལས་ཕྱག་རྒྱར་འགྱུར་གྱི་? ་པ་ལ་སོགས་པ་རྣམས་ཀྱི་ནི་རྡོ་རྗེ་བསྡམས་པ་ཁོ་ན་ལས་ཏེ། རྡོ་རྗེ་བསྡམས་པ་ཐུར་ཏུ་གཏུགས་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་སྐད་གསུངས་པ་ལས་ནི་འདི་ལྟར་ཤེས་པར་བྱ་སྟེ། སྒེག་མོ་ལ་སོགས་པའི་ཕྱག་རྒྱ་བཞི་ཆར་ཡང་རྡོ་རྗེ་བདམས་པའི་མཐེ་བ? ་?་བ་ལས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་འདིར་སྒེག་མོ་ལ་སོགས་པ་བཞི་ཆར་གྱི་ཡང་རྡོ་རྗེ་ཐལ་མོའི་མཐེ་བོ་བསྙམས་པ་ལས་དམ་ཚིག་གི་ཕྱག་རྒྱ་རྣམས་སུ་སྦྱར་བར་བྱའོ། །བདུག་པ་ལ་སོགས་པ་ནི་རྡོ་རྗེ་ཐལ་མོ་ཕྱེ་བ་ལས་ཡིན་པར་ཤེས་པར་བྱ་སྟེ། འདི་དག་ནི་རྡོ་རྗེ ་དབྱིངས་ཀྱི་ཚུལ་ཏེ། མཆོད་བའི་མཆོག་ལྷ་མོ་བརྒྱང་པོ་ཐམས་ཅད་ཀྱི་མཆོད་པའོ། །དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དམ་ཚིག་ཀྱང་དེ་ཡིན་ལ་མཆོག་ཀྱང་དེ་ཡིན་པའི་ཕྱིར་རོ། །ད་ནི་སྒོ་བ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ལ་རེ་ཞིག་སྒོ་དང་པོར་ནི་བཅོམ་ལྡན ་འདས་རྟ་མགྲིན་པདྨ་ལྕགས་ཀྱུ་ཡིན་ལ། དེའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་དམ་བྱས་ལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ་བསྡམས་པ་དམ་དུ་བཅིངས་ལ་མཛུབ་མོ་གཉིས་ནི་མཉམ་སྦྱར་ནས་ཞེས་བྱ་བ་ལ་མཉམ་པར་སྦྱར་བས་ན་མཉམ་པར་སྦྱར་ཏེ་མཛུབ་མོ ་གཉིས་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བཀུག་པ་ཞེས་བྱ་བ་ལ་བཀུག་པ་ནི་ཚིགས་པར་མ་བཅག་པའོ། །རྩེ་མོ་སྦྱར་བའི་ཞེས་ཨུབྱ་བ་ནི་རྩེ་མོ་དགུག་པའོ། །འདི་ནི་རྟ་གདོང་ལྟ་བུ་ཡིན་ཏེ། དེ་ལ་མཐེ་བོ་གཉིས་ནི་རྣ་བར་འགྱུར་ལ། མཐེའུ་ཆུང་ཐུས?་དུ ་?་བ་གཉིས་ནི་རྗེ་དར་དུ་གྱུར་པའི་ཕྱིར་རོ། །གང་གིས་ཕྱག་རྒྱ་འདིའི་སྦྱོར་བ་དང། བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་བསྐྱེད་ལ་མ་རུངས་པ་ཐམས་ཅད་གདུལ་བའི་ཕྱིར་སྤྱི་བོར་རྟ་གདོང་གི་ཕྱག་རྒྱ་རྨིག་པ་གཉིས་འཕགས་ཏེ་བྱུང་བ ་བཞག་ཅིང། ཞལ་རྣམ་པར་འགྱུར་བ་མཆེ་བ་གཙིགས་པ། ཞལ་གདངས་ཤིང་བསྐལ་པའི་མེ་ལྕེ་འབར་བའི་ཕྲེང་བ་ཀུན་ཏུ་འཁྲུག་པ། འཇིག་རྟེན་གསུམ་པོ་རི་པོ་རྣམས་དང་བཅས་པ་དང་རྒྱ་མཚོར་བཅས་པ་ཟ་བཞིན་པ་ལྟ་བུར་བདག་ཉིད་བསམ་པར་བྱའོ། ་པདམོ་ཐལ་མོ་མཉམ་སྦྱར་ལ་ཞེས་བྱ་བ་ནི་པདྨ་ཁ་མ་བྱེ་པ་ལྟ་བུའི་ཐལ་མོ་སྦྱར་ལ་མཛུབ་གཉིས་མདུད་པར་འདུད་པ་ནི་ཞེས་བྱ་བ་མཛུབ་མོ་གཉིས་ཀྱི་གདོང་ཕན་ཚུན་སྤྲད་དེ་མདུད་པའི་ཚུལ་གྱི་པདྨ་ཁ་མ་བྱེ་བ་ལྟ་བུར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའི་ཕྱག ་རྒྱའོ། །ད་ནི་པདྨའི་ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་མཐེབ་མཛུབ་ལྕགས་སྒྲོག་ཅེས་བྱ་བ་གསུངས་ཏེ། པདྨ་ཁ་མ་བྱེ་པའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་དང་མཛུབ་མོ་གཉིས་གཅིག་ལ་གཅིག་འཁྱུད་པར་སྦྲེལ་ལ་ལྕགས་སྒྲོག་ཏུ་བྱ་བ་འདི་ནི་པདྨའི་ལྕགས ་སྒྲོག་གི་ཕྱག་རྒྱ་སྟེ། མ་རུངས་པ་ཐམས་ཅད་བཅིང་བ་ལ་སྦྱར་བར་བྱའོ། །པདྨའི་ཐལ་མོ་མཉམ་བྱས་ལ་ཞེས་བྱ་བ་ནི་པདྨ་ཁ་མ་བྱེ་བའི་ཐལ་མོ་བྱ་བའོ། །མཐེ་པོ་གཉིས་བཅུག་དམ་དུ་བཙིར་ཞེས་བྱ་བ་ནི་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་བར་དུ་མཐེ་བོའི་ལྟོ་བཙིར་བར ་བྱའོ་ཞེས་བྱ་བའི་དོན་ཏེ། འདི་ནི་པདྨ་དབབ་པའི་ཕྱག་རྒྱའོ། །པདྨའི་ཁུ་ཚུར་ནི་བཤད་ཟིན་ཏེ། དེ་གཉིས་སུ་བྱས་ལ་རྡོ་རྗེ་དབྱིངས་ལས་བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ལས་ཀྱི་ཕྱག་རྒྱ་རྣམས་བསྟན་པར་བྱའོ། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི ་བཅིང་བར་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་སྟེ། དམ་ཚིག་ལ་སོགས་པའི་ཆོ་གར་ཡོངས་སུ་བརྟགས་པ་ཡིན་པས་ན་རྟོག་པའོ། །རྟོག་པ་གཞན་རྣམས་ལས ་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པའི་རྒྱལ་པོ་ཆེན་པོ་སྟེ། དེ་ལས་འགྲོ་བ་ཐམས་ཅད་འདུལ་བ་ལ་དབང་དུ་བྱེད་བའི་དཀྱིལ་འཁོར་ཆེན་པོའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི ་རྒྱན་ལས་འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་ཏེ། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི ་རྗེས་ཐོགས་ལ་ཕྱག་རྒྱའི་དཀྱིལ་འཁོར་སྟོན་པའོ། །ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་སུ་རྡོ་རྗེ་གཟུངས་ཀྱི་དཀྱིལ་འཁོར་ལས་བལྟོས་པའོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཉིད་དེར་བྱང་ཆུབ་སེམས་དཔའ་ཨི་གཟུགས་སུ་སྤྲུལ་པར་མཛད་པས་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་ཀྱི་གཟུངས་མ ་ཡིན་པས་ན་ཆོས་ཀྱི་གཟུགས་ཏེ། གཟུངས་ཞེས་བྱ་བ་ནི་སྔགས་ཀྱི་གཟུངས་ཡིན་པར་གཟུང་ལ། དེ་དག་གིས་དམ་ཚིག་ནི་ཕྱག་རྒྱ་དང་ལྷ་དང་སྔགས་དང། རིག་པ་དང་སྙིང་པོ་རྣམས་ནི་དམ་ཚིག་ཅེས་བྱ་བར་གཟུང་བར་བྱའོ། །དེ་ལྟ་བུའི་ཁྱད་པར་གྱི་དམ ་ཚིག་འདི་བསམ་པའི་ཁྱད་པར་གང་ལས་བྱུང་ཞེས་པདྨའི་བསྒོམ་པ་ལས་ངེས་པར་སྐྱེས་པའི་བསམ་པའི་ཁྱད་པར་དེ་བྱིན་གྱིས་བརླབ་པར་བྱ་པའི་ཕྱིར་ཏིང་ངེ་འཛིན་གང་པདྨ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ནི་དོན་དང་མཐུན་པའི་མིང་འདི་སྐད་དུ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་གཟུངས་ཀྱི་དམ་ཚིག་འབྱུང་བའི་བྱིན་གྱིས་བརླབས་པདྨ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་བས་ན་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་རིག་པ ་དམ་པ་འོག་ནས་བཤད་པ་འདི་གསུངས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པ་ནི་རིག་པ་དམ་པ་གསུངས་པ་དེ་བཞིན་དུ། མི་བསྐྱོད་པ་ལ་སོགས་པའི་གནས་ན་གནས་པའི་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར ་ལོ་སྒྱུར་བ་བཞིས་ཀྱང་རང་རང་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། དཀྱིལ་འཁོར་བྱིན་གྱིས་རློབ་པའི་རིག་པ་རྣམས་གསུངས་པ་ཡིན་ནོ། །འདིར་འཁོར་ལོས་བསྒྱུར་བ་གཞན་ལའང་ཕྱག་ན་རྡོ་རྗེའི་སྒྲར་གསུངས་མོད་ཀྱི། འོན ་ཀྱང་འགྲོ་བ་འདུལ་བ་དེ་ཉིད་ཀྱི་གཟུགས་ཡིན་པར་བལྟའོ། །ད་ནི་ཕྱག་ན་རྡོ་རྗེའི་སྒྲར་གསུངས་པ་དེ་ཉིད་འཇིག་རྟེན་དབང་ཕྱུག་ཡིན་པར་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་གསུངས་པ་ཡིན་ནོ། །རང་གི་རིགས ་ཀྱི་དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་རང་གི་རིགས་ནི་པདྨའི་རིགས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་དམ་ཚིག་འཛིན་དུ་འཇུག་པའི་ཕྱག་རྒྱ་ཡིན་པས་དམ་ཚིག་གི་ཕྱག་རྒྱའོ། །དེའི་དཀྱིལ་འཁོར་ཡིན་པས་ན་རང་གི་རིགས་ཀྱི་དམ་ཚིག ་ཕྱག་རྒྱའི་དཀྱིལ་འཁོར་ཏེ། དཀྱིལ་ནི་སྙིང་པོ་ལ་བྱ་སྟེ། མར་གྱི་སྙིང་པོ་བཞིན་ནོ། །དེ་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཏེ་མནཌ་ནི་སྙིང་པོ་ལ་ནི་ཨཱ་ད་ན་སྟེ་ལེན་པར་བྱེད་པའོ། །སེམས་ཅན་རྣམས་ཀྱི་སྙིང་པོ་ནི་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད ་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་སྙིང་པོ་ཡིན་ཏེ། སྙིང་པོ་ལེན་པ་ལ་འཛུད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དཀྱིལ་འཁོར་དེ་གསུངས་པ་ནི་བཤད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གསུངས་ཤེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་? ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ཏེ། དཀྱིལ་འཁོར་ཆེན་པོའི་རྗེས་ཐོགས་ལའོ། །པདྨའི་རིགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་དུ་གཏོགས་པའི་དོན་གྱི་བྱ་བ་དེ་མ་བསྟན་ན་འབྱུང?་བར་མི་འགྱུར་ན། དེའི་ཕྱིར་?་ཏུ་བཤད་བྱ་བ་ཞེས་བྱ་བ་སྟེ། ་ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་རབ་ཏུ་ཕྱེ་ཞིང་སོ་སོར་གསེས་ཏེ། བསྟན་པར་བྱ་ཞིང་བཤད་པར་བྱ་བ་ཡིན་པས་ན་རབ་ཏུ། ཤར་བྱ་བའོ། །ཅི་ཞིག་བཤད་ཅེ་ན། ཕྱག་རྒྱའི་དཀྱིལ་འཁོར་ཞེས་གསུངས་པའོ། །ཇི་ལྟ་བུ་ཞེ་ན་དམ་པ་ཞེས་ཕྱག་? ་གྱི་མཆོག་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ་སྟེ་རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། པདམོའི་གསང་བ་ཞེས་བཤད་དོ་ཞེས་བྱ་བ་སྟེ། པདྨའི་རིགས་ཀྱི་གསང་བ་ཡིན་པས་ན་པདམོའི་གསང་བ་སྟེ། གསང་བར་གྲགས་པའོ? ་དཀྱིལ་འཁོར་དེ་ཇི་ལྟར་ཐིག་གདབ་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་ཞེས་བྱ་བ་ནི་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་འདིར་འགྲོ་བ་འདུལ་བའི་དཀྱིལ་འཁོར། །དཀྱིལ་འཁོར་ཆེན་པོ་དེ་སྦྱོར་བ་གང་དང། ཏིང་ངེ་འཛིན་གང་དང་དབྱིབས་གང་གིས་ཐིག་? ་པར་བྱེད་པའི་སྦྱོར་བ་དེ་ཉིད་དང། ཏིང་ངེ་འཛིན་དེ་ཉིད་དང་དབྱིབས་དེ་ཉིད་ཀྱིས་འདིར་ཡང་ཐིག་གདབ་པར་བྱའོ། །དེ་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོའིའོ། །དབུས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་འོ། །པདམོ་བཟང་པོ་ནི་པདྨ་མཆོག་སྟེ་པདྨའི་གཙོ་བོའོ། །རྡོ་རྗེ་? ་དབྱིངས་ཀྱི་དབང་མོ་བྲི་ཞེས་བྱ་བ་ནི་མཆོད་རྟེན་ཁྲི་ལ་ལེགས་པར་བཞུགས་པར་བྲི་བར་བྱའོ། ཞེས་བྱ་བའི་དོན་ཏེ། མཆོད་རྟེན་ཁྲི་ལ་ལེགས་འདུག་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད་ཅེས་གསུངས་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་མོའི་འོ། །ཕྱིར ་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞི་ཆར་དུའོ། །དམ་ཚིག་རྣམས་ནི་ཕྱག་རྒྱ་ཐམས་ཅད་དོ། །དེ་རྣམས་ཀྱི་མཆོག་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་རིགས་ཀྱི་ཡུམ་རྣམས་སོ། །ལྷག་མ་བཞིན་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་བཞིན་དུའོ། །རང་གི ་རིག་པ་རྣམས་ལྡན་པར་ཞེས་བྱ་བ་ནི་རང་གི་རིག་པ་རྣམས་ཀྱིས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རྡོ་རྗེ་ལ་སོགས་ཞེས་བྱ་བ་ལ་ཆོས་ཀྱི་རྡོ་རྗེ་མ་ཞེས་སྨོས་པས། སེམས་དཔའ་རྡོ་རྗེ་མ་ཉིད་ཡིན་པར་སྟོན་པར་ཤེས་པར་བྱ་སྟེ། འདི་ཉིད་དཀྱིལ་འཁོར ་འདིར་དམ་ཚིག་གི་ཕྱག་རྒྱ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དེར་རོ། །དེ་དག་ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱ་དེ་རྣམས་ཀྱིའོ། །ཕྱག་རྒྱ་ནི་འདི་རྣམས་ཡིན་ནོ་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱི་དགོད་པའི་སྙིང་པོ་ལ་ཕྱག་རྒྱའི་སྒྲར?་གསུངས་སོ? ་རིག་པ་དེ་དག་ཉིད་ལས་ཕྱག་རྒྱ་རྣམས་འབྱུང་བས་ཐ་མི་དད་པ་ཡིན་པའི་ཕྱིར་རོ། །སེམས་དཔའ་རྡོ་རྗེ་?་སོགས་པའི་རིག་པ་བསྟན་ཟིན་ནས། སྣ་ཚོགས་གཟུགས་ཞེས་བྱ་བ་ལ་སོགས་པས་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་རིག ་པ་བྱོན་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཤུགས་ནི་དམ་ཚིག་ལས་མི་འདའ་བའ་ཨི་སྔགས་ཏེ། སྲད་བུ་ལ་སོགས་ལས་རྒལ་ཀྱང་རི་མོ་འམ་ཐིག་ཡིད་ཀྱིས་གྱེན་དུ་བཏེག་ལ་སྔགས་པའོ་གནས་འཛུལ་ན་ཉེས་པར་མི་འགྱུར་བ་ནི་ཡིད་ཕྱག་རྒྱ་དང་བཅས་པར་བཤད་ཟིན་ཏོ།། ་ངེས་རྡོ་རྗེ་ཤུགས་ཀྱིས་རྒལ་ནས་ནི་ཞེས་བྱ་བ་སྟེ། སྔགས་དང་ཕྱག་རྒྱའི་ཚོགས་བརྒལ་ནས་མི་བསྐྱོད་པའི་དཀྱིལ་འཁོར་དུ་འགྲོ་བ་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ཞི་གཟུགས་ཐམས་ཅད་ཡང་དག་པར་སྟོན ་པའི་ཏིང་ངེ་འཛིན་ལ་བཞུགས་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གོ་།དེའི་མཆོག་དཀྱིལ་འཁོར་ནི་དཀྱིལ་འཁོར་དབུས་མའོ། །དེའི་དབུས་ཞེས་བྱ་བ་ནི་དབུས་མའི་གནས་སུའོ། །པདྨ་ཡིས་བསྐོར་བའི་པདྨ་བྲི་བར་བྱ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། དཀྱིལ ་འཁོར་དབུས་མའི་དབུས་སུ་པདྨ་གཙོ་བོ་བྲིས་ལ། ཡང་པདྨ་ཆུ་དུ་རྣམས་ཀྱིས་ཡོངས་སུ་བསྐོར་ལ་ཀུན་ནས་ཟླུམ་པོའི་ཚུལ་དུ་གནས་པར་བྲིའོ། །དེའི་ཞེས་བྱ་བ་ནི་པདྨའི་དཀྱིལ་འཁོར་གྱི་ལོགས་རྣམས་སུའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞི་ཅར་དུའོ། །པདྨའི་ཕྱག ་རྒྱ་ཉིད་གནས་པ་ཞེས་བྱ་བ་ནི་པདམོའི་གདན་ནོ། །པདྨའི་མཚན་ས་བྲི་བར་བྱ་ཞེས་བྱ་བ་ནི་པདམོའི་མཚན་མ་གང་ལ་ཡོད་པ་དེ་དག་ནི་པདྨའི་མཚན་མ་སྟེ། རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་པདྨ་ལ་གནས་པར་སྔར་མ་བཤད་དུ་ཟིན་ཀྱང། དོན་གྱིས་ན་མཚོན་མ་ཐམས་ཅད ་ཀྱང་པདྨའི་སྟེང་དུ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གང་ཞིག་བྲི་བར་བྱ་ཞེ་ན། ཕྱག་རྒྱ་རྣམས་སོ། །སུ་ཞིག་གི་ཞེ་ན། བདེ་གཤེགས་ཉིད་ཀྱི་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་བདེ་བར་གཤེགས་པའི་བདག་ཉིད་ཡིན་པས་ན ་བདེ་གཤེགས་ཉིད་ཀྱི་ཞེས་བྱ་སྟེ། དེའི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པ་འམ། ཡང་ན་དེའི་སྲས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཡན་ལག་ཡན་ལག་ལས་བྱུང་ཞིང། སྙིང་ལས་ཀྱང་ནི་ཁྱོད་སྐྱེས་པས། བུ་ཡི་མིང་ནི་བདག་ཉིད་དེ། ཁྱོད་ནི་སྟོན་བརྒྱར་འཚོ་བར་ཤོག་།ཅེས་རིག ་ལས་ཇི་སྐད་བཤད་པ་ལྟ་བུ་སྟེ། དེ་བསན་བདེ་གཤེགས་ཉིད་ཅེས་བཤད་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ན་མི་བསྐྱོད་པའི་དཀྱིལ་འཁོར་དུ་གཙོ་བོའི་ཕྱག་རྒྱ་ཇི་ལྟར་བྲིས་པ་དེ་བཞིན་དུ་འདིར་ཡང་བྱ་བར་སྟོན་པའོ། །དཀྱིལ་འཁོར་གཉིས་པར་ཡང་ཞེས་བྱ་བ་ནི་མི་བསྐྱོད་པའི ་དཀྱིལ་འཁོར་ལས་བལྟོས་ན། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གཉིས་པར་འགྱུར་པས་ན་དཀྱིལ་འཁོར་གཉིས་པ་དེར་རོ། །ཕྱག་རྒྱ་དེ་རྣམས་ཀྱི་མིང་ཇི་སྐད་དུ་བྱ་བ་ཡིན་ཞེ་ན། སངས་རྒྱས་དབང་བསྐུར་བྲི་བར་བྱ་ཞེས་བྱ་བ་སྟེ། སངས་རྒྱས་ནི་འོད་དཔག་ཏུ་མེད་པ་དབང་བསྐུར ་བའི་གནས་ནི་གནས་པ་གང་ཡིན་པ་དེ་ལ་ནི་སངས་རྒྱས་དབང་བསྐུར་ཞེས་བཤད་དོ། །དེ་མེད་ན་ཡང་དེ་ཇི་ལྟ་བུ་ཞེ་ན། གཙུག་ཕུང་དབུས་སུ་ཆུ་སྐྱེས་ཆེ་ཞེས་བྱ་བ་གསུངས་ཏེ། སྤྱན་རས་གཟིགས་དབང་ཕྱུག་གི་རོལ་པའི་ཐོར་ཚུགས་བྲིས་ལ། དེའི་དབུས་སུ་འོད་དཔག་ཏུ ་མེད་པའི་གདན་པདྨ་བྲིའོ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་སྟེ་ཆུ་སྐྱེས་ཆེན་པོའི་སྟེ། ཕྱིའི་དཀྱིལ་འཁོར་གཉིས་པའིའོ། །ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞི་ཆར་དུ་ཡང་ངོ། །ལྷག་འོག་གོ་རིམ་ཇི་བཞིན་དུ་ཞེས་བྱ་བ་ལ། ལྷག་འོག་ཅེས་སྨོས་པས་ནི་དེ་ཁོ་ན ་ཉིད་ཕྱིན་ཅི་མ་ལོག་པར་སྟོན་ཏོ། །གོ་རིམ་ཇི་བཞིན་དུ་ཞེས་བྱ་བ་ནི་རིམ་བཞིན་པའི་རྣམ་པ་སྟེ། གོ་རིམ་གང་དང་གང་གིས་དཀྱིལ་འཁོར་གདོན་པར་མཛད་པ་དེ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱ་བའོ། །པདྨའི་མཚན་མ་དང་བཅས་པས་ན་པདྨའི་མཚན་མ་དང་ལྡན་པའོ། །དམ་ཚིག ་མཆོག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། མཆོག་ནི་དབང་བསྐུར་པའི་དཀྱིལ་འཁོར་གྱི་ནང་དུ་ཆུད་པ་ཉིད་དུ་དགོད་ཅིང་བྲི་བར་བྱ་བའོ། །འདིར་ཡང་རིག་པ་དང་པོ་ནི་བདག་པོའི་གནས་ཀྱི་ཡིན་ཏེ། ལྷག་མ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ།། ་ཆོས་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་གསུང་པ་སྟེ། དེའི་དབུས་སུ་ཞེས་བྱ་བ་ནི་དེའི་དབུས་མའི་དཀྱིལ་འཁོར་དུའོ། །པདྨ་བཟང་མོ་ཡིན་པས་ན་པདྨ་མཛེས་པ་པདྨ་མཛེས་པའི་གདན་དེ་ལ་ཅི་ཞིག་བྲི་བར་བྱ་ཞེ་ན། པདྨ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དབང་ཕྱུག ་གི?་གནས་སུ་སྤྱན་བྲི་བར་བྱའོ། །འཇམ་དཔལ་གྱི་གནས་སུ་རལ་གྲི་།རྡོ་རྗེ་རྒྱུའི་གནས་སུ་ཕྱག་རྒྱ་བཞི། རིག་པ་ལས་ཇི་སྐད་བཤད་པ་བཞིན་དུ་བྲི་པར་བྱ་སྟེ། པདྨ་གཅིག་བྲིས་ལ། དེའི་འདབ་མ་བཞི་ལ་པདྨ་དང། དུང་དང། འཁོར་ལོ་དང། དབྱུག་པ་ཞེས་བྱ་བ་དགོད་པར ་བྱའོ། །རྡོ་རྗེ་རྒྱལ་པོའི་གནས་སུ་ཡང་སྣ་ཚོགས་པའི་རིག་པ་ལས་འབྱུང་བའི་ཕྱག་རྒྱ་བོ་ནི་འདི་བཞིན་དུ་བྲི་བར་བྱའོ། །རྡོ་རྗེ་སྨྲ་བའི་གནས་སུ་ནི་ལྕེའོ། །པདྨའི་དབུས་སུ་པདྨ་བྲི་ཞེ་བྱ་བ་ལ། གདོན་མི་ཟ་བར་གྲུབ་པའི་གནས་སུ་པདྨ?་བྲིས་ལ་དེའི་དབུས་སུ་འབར་བའི་ཕྲེང་བ ་ཀུན་ཏུ་འཁྲིགས་པས་བསྐོར་བའི་པདྨ་བྲིའོ། །གར་གྱི་དབང་ཕྱུག་གི་གནས་སུ་ལག་པ་གཉིས་གར་བྱེད་པར་བྲིའོ། །དེ་ནས་གོ་ཆ་དང། མཆེ་བ་དང། ཁུ་ཚུར་བྲི་བར་བྱའོ། །སྒེག་མོ་ལ་སོགས་པ་ཡང་གོ་རིམ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དང། རིན་པོ་ཆེའི་ཕྲེང་བ་དང། ? ་དང་གར་གྱི་ལག་པ་གཉིས་བྲི་བར་བྱའོ། །བདུག་པ་ལ་སོགས་པ་རྣམས་ཀྱི་སྤོས་སྣོང་དང། མེ་ཏོག་གི་ཟ་མ་ཏོག་དང། མར་མེ་ནི་སྡོང་བུ་དང། དྲིའི་སྣོད་རྣམས་བྲི་བར་བྱའོ། །སངས་རྒྱས་མཆོད་པ་ཞེས་གཙོ་བོར་སྨོས་སུ་ཟིན་ཀྱང། སྒེག་མོ་ལ་སོགས་པ་ནི་འདིར་བྱང ་ཆུབ་སེམས་དཔའ་རྣམས་ལ་མང་མཆོད་བ་བྱེད་པ་བལྟ་བར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཐམས་ཅད་ཀྱང་པདྨ་ལ་གནས་ཤིང་པདྨས་མཚན་མ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །བཙུད་དེ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོ་ག་དང། འགྲོ་བ་འདུལ ་བ་ལས་རས་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། །རས་རྐྱང་བས་གདོང་གཡོགས་ནས་དཀྱིལ་འཁོར་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱི་གསང་བ་འདི་སུ་ལ་ཡང་མ་སྨྲ་ཞིག་ཅེས་བྱ་བ་ནི་གསང་བ་སྤེལ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གང ་གི་ཕྱིར་སྔགས་ཀྱི་རྒྱུད་རྣམས་གསང་བ་ཉིད་སྟོབས་ཅན་ཡིན་པའི་ཕྱིར་རོ། །ཁྱོད་སེམས་ཅན་དམྱལ་བར་ལྟུང་བ་དེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསང་བ་སྤེལ་བ་དགག་པ་མཛད་པ་སྟེ། དེ་ལས་འདས་པར་གྱུར་ན། འདི་ནས་ཤི་འཕོས་ནས་དམྱལ་བར་ལྟུང་བ་དང། ཚེ་འདི་ཉིད་ལ ་ཡང་ཁམས་མི་ཉམས་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་མྱོང་བར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །དང་པོར་མན་ནའི་སྙིང་པོ་བྱིན་ལ་དེའི་འོག་ཏུ་བཅུག་སྟེ། ཁྱོད་ནི་མིག་ལམ་དུ་ཅི་ཞིག་སྣང་ཞེས་བྲི་བར་བྱའོ། །བསླབ་པ་ཞེས་བྱ་བ་ནི་སྣང་བ་དང་རྗེས་སུ་མཐུན་པར་དེ་ལ་དངོས ་གྲུབ་ཀྱི་ལུང་སྦྱིན་པར་བྱ་སྟེ། ཁྱོད་ཀྱི་ཆེ་གེ་མོ་ཞེས་བྱ་བ་འགྲུབ་པར་སྣང་གིས་འདི་ལ་ཁྱོད་ཀྱིས་མངོན་པར་བརྩོན་པར་བྱའི?། གཞན་དུ་མ་ཡིན་ཞེས་འདི་ཙམ་གྱི་ཚིག་ལ་བསྒོ་བ་ནི་བསླབ་པ་ཡིན་ནོ། །དེ་ལྟར་དེའི་དངོས་གྲུབ་ཤེས་པར་བྱས་ནས་ཇི་ལྟ་བ་བཞིན་དུ་གདོང ་གཡོགས་པ་བཀྲོལ་ཏེ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པས་སོ། །སྣོད་ཇི་ལྟ་བ་བཞིན་དུ་ཡེ་ཤེས་བསྐྱེད་དེ་ཞེས་བྱ་བ་ནི་དངོས་གྲུབ་རང་རྗེས་སུ་མཐུན་པའི་རྣལ་འབྱོར་གྱི་གནས་རྣམས་?་རྡོ་རྗེ་དབྱིངས་ལ་སོ་དོན་གྲུབ་པ་དང། རྫུ་འཕྲུལ་གྱི ་ཡེ་ཤེས་ཀྱི་དངོས་གྲུབ་ལ་སོགས་ཇི་སྐད་བཤད་པ་རྣམས་སོ། །ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་?་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་དུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་? ་རིགས་དང། རྡོ་རྗེའི་རིགས་ལས་ཇི་སྐད་བཤད་པ་དང། འོག་ནས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ལ་ཡང་སྣོད?་ཇི་ལྟ་བ་བཞིན་དུ། ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་སྟེ་ཁྱོད་ཀྱི་མིག་ལམ་དུ་ཇི་ལྟར་སྣང་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་? ་གང་གིས་ཇི་ལྟར་མཐོང་བ་དེ་དེ་ལྟ་བུའི་དངོས་གྲུབ་ཀྱི་སྣོད་ཡིན་ནོ། །ཕྱག་རྒྱའི་ཡེ་ཤེས་བསླབ་པ་ཞེས་བྱ་བ་ལ་ཕྱག་རྒྱ་སྟེ། ཕལ་ཆེར་ནི་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱལ་བྱའོ། །ལ་ལར་ནི་མིག་གི་ཕྱག་རྒྱ་དང། སོ་དང་མཚུའི ་ཕྱག་རྒྱ་རྣམས་ཀྱང་གཟུང་བར་བྱ་སྟེ། དེ་རྣམས་ཀྱི་ཡེ་ཤེས་བསླབ་པར་བྱ་ཞིང། ཡང་དག་པར་ལུང་སྦྱིན་པར་བྱའོ། །བརྟག་པར་བྱའོ་ཞེས་བྱ་བ་ནི་མིག་ལམ་དུ་སྣང་བའི་མཚན་ཉིད་ལས་བསྐལ་པ་ཇི་ལྟ་ལྟ་བ་བཞིན་དུ་བརྟག་པ་སྟེ་སྣོད་ཇི་ལྟ་བ་བཞིན་དུ། ཡེ ་ཤེས་བསྐྱེད་པར་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ད་ནི་སྤྱན་རས་གཟིགས་དབང་སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སྤྱན་རས་གཟིགས་དབང་ཞེ་བྱ་བ་ནི་སྤྱིའོ། །སེམས་དཔའ་ཆེ་ནི་འཕོར་ལོས་སྒྱུར་པའོ། །ཇི་ལྟ་བུ་ཞེ་ན་སྣ་ཚོགས་གཟུགས་སུ་ཞེས ་བྱ་བ་སྟེ། །གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ལ་གནས་པའོ། །བདག་ཅེས་བྱ་བ་ནི་བདག་ཉིད་དོ། །བདག་ཀྱང་གལ་ཏེ་གཞན་ལ་ཕན་པར་འདོད་པས་དེ་ལྟར་བསྒོམ་མོ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན། རང་ཉིད་བསྒོམས་ནས་ཕྱག་ཆེན ་པོ་ཡི་ཞེས་བྱ་པའོ། །ཕྱག་རྒྱ་ཆེན་པོ་དེ་ལྟར་བསྒོམས?་པས་ཅི་ཞིག་འཐོབ་ཅེ་ན། མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་སྟེ། མཆོག་གི་དངོས་གྲུབ་ནི་འཇིག་རྟེན་ལས་འདས་པས་ཐོབ་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཕྱག་རྒྱ་ཆེན་པོ་སྨོས་པས་ནི་ཕྱག་རྒྱ་བཞི ་ཆར་ཡང་ཡིན་མོད་ཀྱི། ཕྱག་རྒྱ་ཆེན་པོ་གཙོ་བོར་བསྟན་པའི་ཕྱིར་ཏེ། རིགས་འདིར་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་ན། ཕྱག་རྒྱ་ཆེན་པོ་དེ་གཙོ་བོར་གྱུར་པས་འདིར་གནས་པར་བྱ་དགོས་པའི་ཕྱིར་རོ། །ད་ནི་སངས་རྒྱས་དབང་གི་དམ་ཚིག་ནི་ཞེས་བྱ་བ་ལ་སོགས ་པས་རིན་ཆེན་འབྱུང་ལྡན་གྱི་དངོས་གྲུབ་སྟོན་ཏེ། སངས་རྒྱས་དེ་བཅོམ་ལྡན་འདས་སྣང་བ་མཛའ་ཡས་ཀྱི་དབང་བསྐུར་བ་གང་ཡིན་པ་དེ་ནི་སངས་རྒྱས་དབང་གིའོ། །དམ་ཚིག་ཅེས་སྨོས་པ་ནི་ཕྱག་རྒྱ་བཞིའོ་རྣལ་འབྱོར་ཡང་ཡིན་མོད་ཀྱི། རིན་པོ་ཆེའི་རིགས་ནི་དབང་བསྐུར ་པའི་དམ་ཚིག་དང་འབྲོག་བས་ན་གཙོར་བསྟན་པའི་ཕྱིར་དམ་ཚིག་ཅེས་སྨོས་པ་ཡིན་ནོ། །མཉམ་པར་བཞག་པས་ཞེS་བྱ་བ་འདི་ནི་འདི་སྐད་སྟོན་ཏེ། །མཉམ་པར་འཇོག་པ་ལ་གནས་པ་ཉིད་དུ་འགྲུབ་པར་འགྱུར་གྱི། གཡེངས་པ་ནི་མ་ཡིན་ནོ་ཞེས་པའོ། །བརྟན་བྱས་ཏེ ་ཞེས་བྱ་བ་ནི་ཤིན་ཏུ་བསྒོམས་པ་བྱས་པའོ། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། དེ་ལྟར་ཏིང་ངེ་འཛིན་ལ་གནས་པ་ཡང་བདག་རང་ཉིད་ཀྱིས་མངོན་པར་འདོད་པའི་ལྷའི་གཟུགས་སུ་བསྒོམས་པས་སོ། །དངོས་གྲུབ་མཆོག་ནི་འཐོབ་པར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་དང། བྱང་ཆུབ ་སེམས་དཔའ་ཨི་མཚན་ཉིད་ཅན་གྱི་དངོས་གྲུབ་འཐོབ་པར་འགྱུར་བའོ། །ད་ནི་པདྨ་པདྨ་སེམས་དཔའ་ཆེར་ཞེས་བྱ་བ་ལ་སོགས་པས་འོད་དཔག་ཏུ་མེད་པའི་གནས་ཀྱི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དངོས་གྲུབ་སྟོན་ཏེ། །པདྨ་ལ་པདྨ་ཡོད་པས་པདྨའི་པདྨ་སྟེ། ཚངས་པའི་པདྨ་ལ ་འཇིག་རྟེན་དབང་ཕྱུག་གི་གདན་གྱི་པདྨ་ནི་པད་མའོ། །སེམས་དཔའ་ཆེ་ནི་འཇིག་རྟེན་དབང་ཕྱུག་གོ། །བདག་རང་ཉིད་ཅེས་བྱ་བ་ནི་འཇིག་རྟེན་པའི་སྤྱིའི་ཚིག་གིས་བདག་ཅེས་བྱ་བ་ནི་བྱེད་པ་པོའི་ཚུལ་ལ་ཟེར་ལ། རང་ཉིད་ཅེས་བྱ་པ་འདིས་ནི་བདག་ཉིད་བྱ་བའི་ཚུལ་ཏུ་བསྟན་པ ་ཡིན་ནོ། །བསྒོམས་པ་ནི་གོམས་པར་བྱའོ། །ཅི་གང་ལྟར་རུང་བ་བསྒོམས་པས་ཀྱང་འཐོབ་པར་འགྱུར་རམ་ཞེ་ན། སྨྲས་པ་མ་ཡིན་ཏེ། མཉམ་པར་བཞག་ཅེས་གསུངས་སོ། །དེ་ལྟར་བསྒོམས་པས་ཅི་ཞིག་འཐོབ་ཅེ་ན། དམ་པའི་དངོས་གྲུབ་ཅེས་བྱ་བ་གསུངས་སོ། འོག ་ནས་བཤད་པའི་སྙིང་པོས་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་སྟོན་ལ། ཆོས་ཀྱི་ཏིང་ངེ་འཛིན་ཅེས་བྱ་བ་འདིས་ནི། །དངོས་གྲུབ་ནི་ཆོས་བསྒོམ་པ་ལ་རག་ལུས་པར་སྟོན་ཏོ། ད་ནི་རང། འབྱུང་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་རིགས་ཀྱི་དངོས་གྲུབ་སྟོན་ཏེ། རང་བྱུང་ཞེས་བྱ ་བ་ནི་ཕྱག་རྒྱ་བཞི་ཆར་དུ་ཡོད་དུ་ཟིན་ཀྱང། །རང་འབྱུང་ཞེས་བྱ་བ་འདིས་དབུས་ན་བཞུགས་པའི་ལྷ་དེ་དང་འབྲེལ་བའི་ལས་ཕྱག་རྒྱ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། གདོན་མི་ཟ་བར་གྲུབ་པ་ཡང་ཡིན་ལ། །འཇིག་རྟེན་དབང་ཕྱུག་གི་གཟུགས་ཡང་བཞུགས་པས་ན་གདོན ་མི་ཟ་བའི་དབང་ཕྱུག་ཅེས་བྱ་སྟེ། །གདོན་མི་ཟ་བའི་དབང་ཕྱུག་ཅེས་བྱ་བ་ནི་བར་གྱི་ཚེག་མི་མངོན་པར་བྱས་པ་ཡིན་ནོ། །དེའི་རང་བཞིན་ནི་དེའི་ངོ་བོ་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་རིགས་དང་འབྲེལ་བས་ན་ལས་ཀྱི་ཕྱག་རྒྱ་གཙོ་བོར་བསྟན་པ་ཡིན་ཏེ། གདོན ་མི་ཟ་བའི་དབང་ཕྱུག་དེའི་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱའོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཆོ་ག་བཞིན་དུའོ། །འདིར་ཆོ་ག་གང་ཞིག་ཡིན་ཞེ་ན། རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་དམ་ཚིག་ལ་སོགས་པ་ཐོབ་མས་ཕྲ་མོ་བསྒོམ་པ་གོམས་པར ་བྱ་ཞིང། སྔོན་དུ་བསྙེན་པ་ཟླ་བ་འམ། ཟླ་བ་བཞི་འམ། ལོ་གཅིག་གི་བར་དུ་དུས་བཞིར་བྱས་ནས། མཐར་མཚན་ཐོག་ཐག་བསྒོམ་པར་བྱ་པ་འདི་ནི་ཆོ་གའོ། །དེ་ལྟར་ན་ཆོ་ག་འདིས་བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དུས་ཇི་སྲིད་ཅིག་གིས་ཤེས་ན། མྱུར་དུ ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དངོས་གྲུབ་དམ་པ་ཡང་ལོ་གཅིག་གིས་འཐོབ་པའི་ཕྱིར་རོ། །ཇི་ལྟ་བུའི་དངོས་གྲུབ་འཐོབ་ཅེ་ན། མཆོག་ཅེས་བྱ་བ་གསུངས་ཏེ། དམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དངོས་གྲུབ་མཆོག་བསྟན་ནས། ད་ནི་ཁའི་ནང་དུ ་དབྱིག་བཅུག་སྟེ་ཞེས་བྱ་བ་ལ་སོགས་པ་དོན་གྱི་དངོས་གྲུབ་སྟོན་ཏེ། དབྱིག་ནི་པ་ནེ་ལ་སོགས་པ་དབེ་ལས་བླུགས་པ་སྟེ། དེ་ཁང་བཅུག་ནས་བསྒོམ་པར་བྱའོ། །སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ་ཞེས་བྱ་བ་ནི་སྣ་ཚོགས་དབང་ཕྱུག་ནི་གཟུགས་ཐམས་ཅད་པའི ་ཏིང་ངེ་འཛིན་ལ་གནས་པའི་འཇིག་རྟེན་དབང་ཕྱུག་སྟེ། དེའི་ཕྱག་རྒྱ་ཆེན་པོའོ། །བདག་ཉིད་ཀྱིS་ཞེས་བྱ་བ་འདི་ནི་འཇིག་རྟེན་པའི་ཚིག་ཡིན་ཏེ། དཔྲ་ན་འགའ་ཞིག་ཁྱོད་བདག་རང་ཉིད་འོངས་སམ་ཞེས་ཟེར་པ་ལྟ་བུའོ། །བསྒོམ་ན་ཞེས་བྱ་བ་ནི་གོམས་པར་བྱ ་པའོ། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར་ཞེས་བྱ་བ་ནི་དབྱིག་གཅིག་ལས་ཀྱང་སྟོང་འགྱུར་དུ་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ད་ནི་གསེར་སྲང་བརྒྱད་ཆ་བླངས་ནས་ནི་ཞེས་བྱ་བ་ལ་སོགས་པས་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་དངོས་གྲུབ་སྟོན་ཏེ། གསེར་ཞོ ་གཅིག་?་ནི་འོལ་མ་སེ་སུམ་ཅུ་རྩ་གཉིས་སོ། །དེ་དམ་ཚིག་མཆོག་ནི་རབ་པར་བྱས་པའོ། །པདྨ་བརྟན་བཟུང་ཡང་དག་པར་ཞེས་བྱ་བ་ནི་མི་འཁྲུལ་བར་བྱ་བའི་ཕྱིར་བརྟན་པར་གཟུང་བའོ། །ཡང་དག་པར་ཞེས་བྱ་བ་ནི་ཆོ་ག་སྟེ་བདག་ལ་བྱིན་གྱིས་བརླབ་པ ་ལ་སོགས་པ་ཡང་དག་པར་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་མཆོག་ནི་དེ་ཉིད་ཀྱིས་ཞེས་བྱ་བ་ནི་གང་གིས་པདྨ་དེ་འཛིན་པ་དེ་ཉིད་ཀྱིས་རྟོགས་པར་བྱ་བའི་དོན་ཏེ། གཏོགས་པ་ནི་བརྡབ་པ་སྟེ་ཟེགས་པར་བྱའོ། །རབ་ཏུ་བརྟན་པ་ནི་ཤིན་ཏུ་ཕྱེ་མར་བརླག ་པའོ། །གང་གི་མིང་ཞེས་བྱ་བ་ནི་གང་ལ་དམིགས་ནས་འདི་བྱ་བ་དེའི་མིང་ནས་སྨོས་པའོ། །དེ་འཇིག་འགྱུར་ཞེས་བྱ་བ་ནི་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཕྱག་རྒྱ་བཅིངས་པ་ལས་ཞེས་བྱ་བ་ནི་བཅིང་བའོ། །པདྨ་བཟུང་བ་ཇི་བཞིན་དུ་ཞེས ་བྱ་བ་ནི་འདི་སྐད་སྟོན་ཏེ། འདིར་ནི་ཡང་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གཟུང་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འམ་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་ལ་ནི་འདིར་འབང་དགོས་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །གང་ལ་ཁྲོས་པས་གཏོགས་པས་ཞེས་བྱ་བ་ནི་གང ་གི་མིང་ནས་སྨོས་ཏེ་ཁྲོས་ནས་བརྡབ་ཅིང་ཟེགས་པར་བྱའོ་ཞེས་བྱ་བའི་དོན་ཏེ། དེ་ཡི་སྲོག་ནི་འཇིག་པར་འགྱུར་ཞེས་བྱ་བ་ནི་སྲོག་དང་འབྲེལ་བ་ཞེས་བྱ་བའི་དོན་ཏེ་འཆི་བར་འགྱུར་ཞེས་བྱ་བའི་བར་དུའོ། །འདིར་འཆི་བའི་དབང་དུ་བྱས་པས་ཡིན་མོད་ཀྱི ་རྒྱལ་བར་བྱས་པ་དེ་ང་རྒྱལ་ཚར་བཅད་པར་བྱ་བའི་ཕྱིར་ལྷ་ཆེན་པོ་དང་འདྲ་བར་འདོད་ན་སླར་ཡང་སྲོག་སྦྱིན་པར་བྱའོ། །དམ་ཚིག་གི་ཕྱག་རྒྱར་གཏོགས་པའི་ཕྱག་རྒྱ་ཆེན་པོར་བདག་ཉིད་བསྡོམས་པའི་དངོས་གྲུབ་རྣམས་བཤད་ཟིན་ཏོ། །ད་ནི་དམ་ཚིག་གི ་ཕྱག་རྒྱའི་གཟུགས་སུ་བདག་ཉིད་བསྒོམས་པས་འགྲུབ་པར་འགྱུར་བ་བསྟན་པའི་ཕྱིར་དེ་ནས་ཆོས་ཀྱི་དམ་ཚིག་གི་གསང་བའི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་བདག་ཉིད ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་དངོས་གྲུབ་ཀྱི་རྗེས་ཐོགས་ལའོ། །ཆོས་ཞེས་བྱ་བ་ནི་ཆོས་ཀྱི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་གསང་པའི་ཡེ་ཤེས་བཤད་པའོ། །གསང་བ་ཞེས་བྱ་བ་ནི་གསང་པའི་ངོ་བོ་ཉིད་ཡིན་?་ཕྱིར་གསང་བ་པ་སྟེ་སྤས ་པ་གང་ཡིན་པའོ། །དེ་ཡང་སྦ་བ་ནི་ཚིག་གང་ཚིག་གཞན་པ་ལ་དོན་གཞན་པ་དེ་ལ་འཇིག་རྟེན་ན་སྤས་པ་ཞེས་ཟེར་ཏེ། གསང་བ་དེ་ཉིད་ཀྱི་ཡེ་ཤེས་ཡིན་པས་ན་ཆོས་ཀྱི་དམ་ཚིག་གི་གསང་བའི་ཕྱག་རྒྱའི་ཡེ་ཤེས་སོ། །པདྨ་ལ་ནི ་བུད་མེད་བསམ་ཞེས་བྱ་བ་ལ་སོགས་པ་ལ་པདྨ་ནི་སྟན་དུ་གྱུར་པའོ། །བུད་མེད་ནི་ཕྱག་རྒྱ་རྣམས་ཀྱིའོ། །བསམ་ཞེས་བྱ་བ་ནི་སེམས་ཀྱིས་བསྒོམ་པ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་ཡིན་པས་ན་བུད་མེད་ཅེས་བྱ་བ་ནི་འདིར་ཕྱག་རྒྱ ་ཡིན་པས་བཟུང་ངོ། །དེའི་སྟེང་དུ་བདག་ཉིད་རྡོ་རྗེར་བསྒྱུར་ཞེས་བྱ་བ་ནི་སྟོན་དུ་གྱུར་པའི་པདྨ་དེའི་སྟེང་དུ་བདག་ཉིད་རྡོ་རྗེ་པདྨར་བསམ་པའོ། །པདྨ་བདེ་མཆོག་ཅེས་བྱ་བ་ནི་འགྲོ་བ་འདུལ་བའི་འཇིག་རྟེན་དབང་ཕྱུག་གི་གནས་ཀྱི་ཕྱག་རྒྱ་གང ་ཡིན་པ་དེ་ནི་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་པདྨ་པད་མཆོག་ཅེས་བྱའོ། །ཡང་ན་རང་གི་དཀྱིལ་འཁོར་གྱིས་པདྨས་བསྐོར་བའི་དབུས་ན་གནས་པའི་པདྨ་ནི་པདྨ་པར་མཆོག་སྟེ། དེ་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །རྩེ་བྱེད་ཅིང་ཅེས་བྱ་བ་ནི་བསྒོམས་པས ་བརྟན་པར་བྱེད་པའོ། །མཉམ་པར་བཞག་ན་དངོས་གྲུབ་འཐོབ་ཅེས་བྱ་བ་ནི་ཕྱག་རྒྱ་བསྒོམ་པ་ཡོངས་སུ་རྫོགས་པས་དངོས་གྲུབ་འཐོབ་པར་འགྱུར་པའོ། །པདྨ་ལ་ནི་བུད་མེད་བསམ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་རལ་པ་དང། ཐོད་ཚུགས་ཀྱི་ཕྱག་རྒྱ་ལ་གདན?་ཀྱི ་པདྨ་བསམ་མ?། དེ་སྟེང་བདག་ཉིད་སངས་རྒྱས་བསྒྱུར་ཞེས་བྱ་བ་སྟེ། རལ་པའི་ཐོར་ཚུགས་ཀྱི་དབུ་རྒྱན་གྱི་དབུས་ན་བཞུགས་པའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པར་བདག་ཉིད་རྣམ་པར་བསམ་པའོ། །ཅེ་ཞིང་དབུ་རྒྱན་སངས་རྒྱས་ནི་ཞེས་བྱ་བ་ནི་བརྟན་པར ་བྱ་བ་སྟེ། འདི་ནི་དབུ་རྒྱན་སངས་རྒྱས་ཡིན་པའི་ཕྱིར་དབུ་རྒྱན་སངས་རྒྱས་སོ། །རྣམ་པ་གང་གིས་བརྟན་པར་བྱ་ཞེ་ན། བསྒོམས་ན་ཞེས་བྱ་བ་གསུངས་སོ། །དེ་ནས་ཅིར་འགྱུར་ཞེ་ན་དེའི་ཕྱིར་ངེས་ནི་དེ་འགྲུབ་པོ་ཞེས་བྱ་བས་བསྟན་ཏོ། །པདྨ་ལ་ནི་བུད་མེད་བསམ་ཞེས ་བྱ་བ་ནི་སྟན་གྱི་པདྨ་ལ་པདྨའི་ཕྱག་རྒྱའི་པདྨའོ། །དེ་སྟེང་པདྨར་བདག་བསྒྱུར་ཏེ་ཞེས་བྱ་བ་ནི་སྟན་གྱི་པདྨ་སྐྱེས་པའི་སྟེང་དུ་བདག་ཉིད་པདྨའི་ཕྱག་རྒྱའི་གཟུགས་སུ་བསམ་པའོ། །རྩེ་ཞིང་ཞེས་བྱ་བ་ནི་བསྒོམ་པས་བརྟན་པར་བྱ་བའོ། །པདྨ་པད་མཆོག་ནི་སྔ་མ་དང་? ་དག་པའི་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་ལ་དག་ལ་སྟེ་བསྒོམ་པ་ཡོངས་སུ་རྫོགས་པས་ཡིད་ལ་འདོད་པའི་དོན་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །པདྨ་ལ་ནི་བུད་མེད་བསམ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་སྟེང་སྣ་ཚོགས་བདག་བསྒྱུར་ཏེ ་ཞེས་བྱ་བ་ནི་འབར་བའི་ཕྲེང་བས་ཀུན་ནས་འཁྲིག་པའི་པདྨར་བདག་ཉིད་བསམ་པའོ། །རྩེ་ཞིང་ཞེས་བྱ་བ་ནི་བརྟན་པར་བྱ་བའོ། །སྣ་ཚོགས་པདྨ་མཆོག་ཅེས་བྱ་བ་ནི་དཀྱིལ་འཁོར་བཞི་པའི་དབུས་སུ་བྲིས་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་སྣ་ཚོགས་པདྨ ་མཆོག་གོ་།སྣ་ཚོགས་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་ནི་དངོས་གྲུབ་རྣམ་པ་སྣ་ཚོགས་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྣ་ཚོགས་པའི་གཟུགས་ཉིད་ཐོབ་པ་སྟེ། བསྒོམ་པ་ལ་དབང་དུ་གྱུར་པ་འཐོབ་པས་བདག་ཉིད་གང་གི ་གཟུགས་སུ་སྟོན་པར་འདོད་པ་དེའི་གཟུགས་སུ་བདག་དང་འཇིག་རྟེན་བ་རྣམས་ཀྱིས་མཐོང་བར་འགྱུར་པའོ། །དེའི་འོག་ཏུ་གཞན་ཡང་དེ་ནས་པདྨ་རིགས་ཀྱི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་མཚན་ཉིད་གསུངས་པ་ཡིན་ཏེ། པདྨའི་རིགས་ཀྱི་གསང་བའི་དཀྱིལ་འཁོར ་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་བསླབ་ཅིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དཀྱིལ་འཁོར་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་འདིར་ཕྱག་རྒྱ་ཆེན་པོ་ཡིན་ཏེ། དཀྱིལ་འཁོར་འདི་ནི ་དེ་རྣམས་ཉིད་ཀྱི་ཡིན་པའི་ཕྱིར་རོ། །སོར་མོའི་རྩེ་སྤྲད་པར་མོར་བྱ་ཞེས་བྱ་བ་ལག་པ་གཉིས་ཀའི་ཐལ་མོའི་རྩེ་མོ་བར་མ་གསུམ་ཆར་གྱི་?་གཅིག་ལ་ཅིག་སྤང་ལ་ཅུང་ཟད་རྒུར་བར་བྱས་པ་ནེ་བཅོམ་ལན་འདས་རྣམ་པར་?་མཛད་ཀྱི་སོར་མོའི་རྩེ ་སྤྲང་པའི་པདྨའི་ཐལ་མོ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་ཁྲོ་བོའི་མཇུབ་གཉིས་སྤྲང་ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྩེ་མོ་གཉིས་སྦྱར་བ་འདི་ནི་རྡོ་རྗེ་སྟེ། ཁྲོ་བོའི་མཛུབ་མོ་སྨོས་པ་ནི་མཛུབ་མོ་ཉེ་བར་མཚོན་པའི་དོན་ཏོ། །ད་ནི་འགྲོ་བའི ་གནས་སུ་དཀྱིལ་འཁོར་དང་པོའི་བྱིན་གྱིས་རློབ་པའི་སྔགས་ཀྱི་ཕྱག་རྒྱ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་གནས་སུ་དེ་དག་ཉིད་ནོར་བུར་བྱའོ། །འོད་དཔག་ཏུ་མེད་པའི་གནས་སུ་དེ་ཉིད་པདྨར་བྱའོ། །གདོན་མི་ཟ་བར་གྲུབ་པའི་གནས་སུ་དེ་དག་ཉིད་རྡོ་རྗེ་བསྡམས་པའི་ཚུལ་དུ་བྱའོ།། ་དེ་ལྟར་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་དང་པོ་ལ་ལྔའི་ཕྱག་རྒྱ་བསྟན་ནས། ད་ནི་དགོད་པ་བྱ་བའི་སྔགས་རྣམས་ཀྱི་ཕྱག་རྒྱ་ནི་སླར་བཟློག་སྟེ། རྣམ་པར་སྣང་མཛད་ཀྱི་གནས་ནས་བརྩམས་ནས་སྟོན་ཏོ། །རྡོ་རྗེ་བཅིངས་པར་སྡམས་ནས་ཀྱང་ཞེས ་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིང་བའོ། །གུང་མོ་གཉིས་ནི་མྱུ་གུར་བསྒྲེང་ཞེས་བྱ་བ་ནི་གུང་མོ་གཉིས་གཤིབས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཛུབ་མོ་སྲིན་ལག་གཉིས་བཀུག་པའི་ཞེས་བྱ་བ་ནི་ལག་པ་གཉིས་ཀའི་མཛུབ་མོ་དང་སྲིན་ལག་གཉིས་དབུག?་ལ་ཟླུམ་པོར་བྱ་སྟེ། ་གུང་མོ་གཉིས་བསྒྲེད་པའི་ངོས་གཉིས་སུ་མཆོད་རྟེན་ལྟ་བུར་བྱ་བ་ནི་འདི་ནི་ཤཱཀྱ་ཐུབ་པའི་ཕྱག་རྒྱ་ཡིན་ཏེ་རྣམ་པར་སྣང་མཛད་ཀྱི་གནས་ཀྱིའོ། །ཆོས་ཀྱི་རྡོ་རྗེ་སྙིང་གར་བཞག་ཅེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མ་ཉིད་ཆོས་ཀྱི་རྡོ་རྗེ་མ་སྟེ་སྙིང་གའི་གནས་སུ ་བཅིངས་ན་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ཁ་ཐུར་དུ་བསྟན་ལ་དབྲལ་བའི་གནས་སུ་བཞག་ན་རིན་ཆེན་རྡོ་རྗེ་མའི་གནས་ཀྱི་ཡིན་ཏེ་བསྒྱུར་ཏེ་དཔྲལ་བར་བཞག་པ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ལས་མཛུབ་མོ་གཉིས་ཐུར་དུ་བཀུག ་པ་མཐེ་བོ་གཉིས་དང་རྩེ་སྤྲད་པར་བཞག་ན་ཏིང་འཛིན་གྱི་ཚུལ་དུ་འགྱུར་རོ། །དེ་གཉིས་བཀན་ཏེ་སྤྱི་བོར་བཞག་ན་ནི་ཆོས་ཀྱི་རྡོ་རྗེ་མའི་སྟེ་བསྒྱུར་ནས་སྤྱི་བོར་བཞག་པ་ཞེས་བྱའོ། །ཕྱག་རྒྱ་བཞི་པོ་འདི་དག་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས ་ཀྱི་ཡིན་པར་ཤེས་པར་བྱའོ། །འདི་དག་ཉིད་ནི་བདག་པོ་བཞི་ཡིར་འགྱུར་ཏེ། དེ་བས་ན་དེ་རྣམས་ཀྱི་དགོད་པའི་སྔགས་རྣམས་ཀྱི་ཕྱག་རྒྱ་ལོགས་ཤིག་ཏུ་མ་བཤད་དོ། །དེ་ནས་གཞན་ཡང་རྡོ་རྗེ་དབྱིངས་ཀྱི་དབང་བཅིངས་ལ་ཞེས་བྱ་བ་ལ་སོགས་པས་སེམས་དཔའ་ ་ཆེན་པོ་བཅུ་དྲུག་གི་ཕྱག་རྒྱ་སྟོན་ཏེ། མཆོད་རྟེན་པདྨའི་ཚུལ་དུ་ནི་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ་གུང་མོ་གཉིས་པདྨ་ཁ་མ་བྱེ་བ་ལྟ་བུར་བྱས་ན་མཆོད་རྟེན་པདྨའི་ཚུལ་དུ་འགྱུར་ཏེ། རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱའོ། །དེ་ལས་མཐེ་པོ ་རྡོ་རྗེ་དང་ཞེས་བྱ་བ་ལ་དེ་ལས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་པདྨ་ལྟ་བུའོ། །མཐེ་བོ་རྡོ་རྗེ་དང་ཞེས་བྱ་བ་ནི་མཐོ་བོ་དང་བཅས་པར་བསྒྲེད་ལ་བཞག་པའོ། །མཛུབ་མོའི་སོར་མོ་གཉིས་ལས་ལྕགས་གྱུ་དང་རལ་གྲིང་བྱ་སྟེ། ་གཡས་པས་ནི་ལྕགས་ཀྱུའོ། །གཡོན་པས་ནི་རལ་གྲིའོ། །གུང་མོ་ནི་སྔ་མ་བཞིན་དུ་པདྨར་བྱ་བ་སྟེ། །འདི་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱའོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །མཐེ་བོ་བསྣོལ་ནས་ཀྱང་ཞེས་བྱ་བ་ནི་མཐེ་བོ་གཉིས་སྔ་མ ་བཞིན་དུ་བཞག་པའོ། །མཛུབ་མོས་མཛུབ་མོ་རབ་བཟུང་ལ་ཞེས་བྱ་བ་ནི་མཛུབ་མོ་གཡས་མཛུབ་མོ་གཡོན་པས་གཟུང་ལ་གཞུ་རྒྱུད་འཛིན་པའི་ཚུལ་དུ་དྲང་བར་བྱའོ། །དྲངS་ན་ཞེས་བྱ་བ་ནི་གཡོན་ལོགས་སུ་བསྐོར?་བའོ། །རབ་དགའ་ཡིན་པར་བཤད་ཅེས་བྱ ་བ་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱའོ་ཞེས་བྱ་བའི་དོན་ཏོ། །ལེགས་སོ་ཞེས་པའང་དེ་བཞིན་ཏེ་ཞེས་པ་ནི་ཕྱག་རྒྱ་འདི་ཉིད་ལས་མཐེ་པོ་དང་མཛུབ་མོ་གཉིས་ཀྱིས་སེ་གོལ་གདབ་པ་གཉིས་བྱས་ན་པདྨ་ལེགས་པའི་ཕྱག་རྒྱར་འགྱུར་རོ། །མཐེ་བོ་གཉིས་བསྙམས་ཏེ། ་བཅུག་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པར་མཐེ་པོ་གཉིས་བཅུག་པའོ། །མཛུབ་གཉིས་རྩེ་བཀུག་རྩེ་མོ་ནི་ཞེས་བྱ་བ་ནི་མཛུབ་གཉིས་གཤིབས་ཏེ་བཀུག་ལ་མིག་གི་ཚུལ་དུ་བྱས་ནས་དེ་མིག་གསུམ་པའི་གནས་སུ་བཞག་ན་ཁྲོ་གཉེར་ཅན་དུ་འགྱུར་རོ།། ་གུང་མོ་གཉིས་ཀྱང་པདྨའི་འདབ་མ་འདྲ་བར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་སྟེ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་ཆུལ་དུ་བྱས་ན་ཉི་མའི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ལས་ནི་རྒྱལ་མཚན་བཅིངས་ཞེས་བྱ་བའི་ནི་པདྨའི་ཁྲོ? ་གཉེར་ཅན་གྱི་ཕྱག་རྒྱ་དེ་ལས་དཔུང་པ་གྱེན་དུ་བརྐྱང་ན་རྒྱལ་མཚན་གྱི་ཕྱག་རྒྱར་འགྱུར་རོ། །ལྟག་པར་རབ་ཏུ་བརྐྱང་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་མི་དགྲོལ་བར་སོར་མོ་ཐམས་ཅད་བརྐྱང་ལ་ལྷག་པར་བཞག་ན་མགོ་བཅུ་གཅིག་པར་འགྱུར་ཏེ། རྡོ་རྗེ་བཞད ་མོའི་གནས་ཀྱི་རང་གི་མགོ་དགོད་པ་དང་བཅུ་གཅིག་ཏུ་འགྱུར་རོ། །རྡོ་རྗེ་བསྡམ་པ་དམ་བྱས་ལ། །མཛུབ་གཉས་རྩེ་མོ་པདམོར་དགུག་ཅེས་བྱ་བ་ལ་རྡོ་རྗེ་བསྡམས་པའི་མཛུབ་མོའི་རྩེ་མོ་གཉིས་གཤིབས་ལ་ཚིགས་དང་པོ་བཀུག་ན་པདྨ་སྒྲོལ་བའི་ཕྱག་རྒྱར་འགྱུར་རོ།། ་དེ་བཞིན་པདྨའི་རལ་བྲི་སྟེ་ཞེས་བྱ་བ་ན་པདྨ་སྒྲོལ་བའི་ཕྱག་རྒྱའོ། །མཛུབ་མོ་པདྨར་བྱས་པས་སྦྱར་ཞེས་བྱ་བ་ནི་མཛུབ་མོ་པདམོ་འདྲ་བར་བྱས་པ་གཤིབས་པ་ཉི་ཚེའི་རལ་གྲིའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ་ཞེས་བྱ་བ་དེ་བཅིངས་ལ་མཐེ་བོ? ་གཡོན་པ་ནང་དུ་བཅུག་ན་དུང་གི་ཕྱག་རྒྱར་འགྱུར་བའོ། །མཐེ་བོ་ཐོ་བར་བསྒྲེང་ཞེས་བྱ་བ་ནི་གཡས་པའི་མཐེ་བོ་བསྒྲེང་ནས་བཞག་ན་དབྱིག་པའི་ཕྱག་རྒྱར་འགྱུར་རོ། །སོར་མོ་ཀུན་བརྐྱང་པད་མཐེའུ་ཆུང། ཞེས་བྱ་བ་ནི་སོར་མོ་ལྷག་པ་རྣམས་རྡོ་རྗེ ་བསྡམས་པ་མ་དཀྲོལ་བར་བརྐྱང་བ་ནི་འཁོར་ལོའི་ཕྱག་རྒྱར་འགྱུར་རོ། །མཐེའུ་ཆུང་ནི་པདྨའི་ཕྱག་རྒྱར་འགྱུར་རོ། །ཕྱག་རྒྱ་འདི་བཞི་ཆར་ཡང་རྡོ་རྗེ་འཁོར་ལོ་གཅིག་པུའི་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ། །ཐམས་ཅད་བཀུག ་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་ཚུལ་དུ་བཞག་པ་ཞེས་བྱ་བའི་དོན་ཏོ། །མཐེའུ་ཆུང་པདྨ་ལྟ་བུར་བྱ་ཞེས་བྱ་བ་ནི་མཐེའུ་ཆུང་གཉིས་པདྨའི་འདབ་མ་ལྟ་བུར་བྱ་བའོ། །མཛུབ་མོས་ནོར་བུ་བགྲང་པར་བྱ་ཞེས་བྱ་བ་ནི་མཛུབ་མོའི་རྩེ་མོས་སྔགས་ཀྱི ་ནོར་བུ་བགྲང་བའོ། །མཛུབ་མོས་ཇི་ལྟར་བགྲང་ཞེས་ན། མཐེ་བོ་གཡས་དང་སྦྱོར་བ་ཡི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཉིས་པདྨའི་འདབ་མའི་ཚུལ་དུ་བཞག་ལ་གཡོན་པའི་མཐེ་བོ་བསྐྱེད་ནས་གཡས་བའི་མཐེ ་པོ་དང་མཛུབ་མོ་གཉིས་ཀྱི་སྔགས་ཀྱི་ནོར་བུ་བགྲང་བའི་ཚུལ་དུ་བསྟན་པར་བྱ་སྟེ། །འདི་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ། རྡོ་རྗེ་བསྡམས་པ་དམ་བྱས་ལ། མཐེའུ་ཆུང་པདྨ་ལྟ་བུར་བྱ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །མཛུབ་མོ་བསྙམས་པ་པདྨའི་སྤྱན ་ཞེས་བྱ་བ་ནི་མཛུབ་མོ་གཉིས་སྦྱར་ལ་སྤྱན་གྱི་ཚུལ་ཏུ་ཅུང་ཟད་བཀུག་པའོ། །རབ་ཏུ་གར་བྱེད་ཅེས་བྱ་བ་ནི་གཡས་དང་གཡོན་ནས་སྒེག་པ་དང་བཅས་པར་དབབ་པའོ། །བཟློག་པར་བྱ་ཞེས་བྱ་བ་ནི་བཟློག་སྟེ་ཁ་ཐུར་དུ་བསྟན་ནས་སྤྱན་གསུམ་རའི་གནས་སུ ་བཏད་ན་པདྨ་གང་གྱི་དབང་ཕྱུག་གི་སྤྱན་གསུམ་པའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །མཛུབ་མོ་གཉིས་བཀུག་སྟེ་ཞེས་བྱ་བ་ནི་མཛུབ་མོ་གཉིས་བཀུག་ལ་མཐེ་བོ་བརྐྱང་བའི་རྩེ་མོ་གཉིས་མཛུབ་མོ་བཀུག ་པས་གཙིར་པའོ། །གོ་ཆར་བྱ་ཞེས་བྱ་བ་ནི་གོ་ཆའི་ཕྱག་རྒྱར་བྱས་པར་གྱུར་པའོ། །དེ་ལས་ཞེས་བྱ་བ་ནི་བཤད་མ་ཐག་པ་སྟེ་མཐེ་བོ་གཉིས་མཆེ་བའི་ཚུལ་དུ་ངོས་གཉིས་ཀ་ནས་བརྐྱང་ན་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱར་འགྱུར་རོ། །མཐེ་བོ་གཉིས་ནང ་དུ་གཞུག་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཉིད་ཀྱི་མཐེ་བོ་གཉིས་ནང་དུ་བཅུག་ན་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱར་འགྱུར་རོ། །དེ་ནས་རབ་ཏུ་བཤད་བྱབ་ཞེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་བྱ་བའོ། །དམ་ཚིག་མཆོག ་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །བླ་ན་མེད་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པའོ། །རྡོ་རྗེ་ནང་དུ་བསྡམས་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའོ། །མཛུབ་གཉིས་པདམོ་འདྲ་བྱས་ལ་ཞེས་བྱ་བ་ནི་མཛུབ་མོ་གཉིས་པ་? ་འདབ་མ་ལྟ་བུར་བྱས་པའོ། །མཐེ་བོ་ཕན་ཚུན་བསྣོལ་བ་ནི་ཞེས་བྱ་བ་ནི་མཐེ་བོ་གཉིས་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞག་པའོ། །གསང་བའི་སྣ་ཚོགས་དབང་དུ་བཤད་དེ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་སྣ་ཚོགས་གཟུགས་ཅན་དུ་གསང་བའི ་དཀྱིལ་འཁོར་ན་བཞུགས་པའི་ཕྱག་རྒྱའི་ཞེས་བྱ་བའི་དོན་ཏེ། དེ་བཞིན་དུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལས་མཐེའུ་ཆུང་གཉིས་དང་གྲུབ་མོ་གཉིས་སྦྱར་བ་པདྨའི་འདབ་མ་ལྟར་བྱས་པའོ། །མཐེབ་ངོས་རྡོ་རྗེར་སྦྱར་བ་ནི་ཞེས ་བྱ་བ་ནི་མཐེ་བོ་གཉིས་བསྒྲེང་སྟེ་བཆག་ན་གཙུག་ཕུད་ཀྱི་དབུས་ཀྱི་དེ་བཞིན་གཤེགས་པར་འགྱུར་ཏེ་སྔ་མ་ནི་གཙུག་ཕུད་ལ་མཐེ་བོ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ་བརྟན་པར་ཞེས་བྱ་བ་སྟེ། དམ་ཚིག་མཆོག་ནི་ཕྱག་རྒྱའི་བར་དུ ་མི་འཚེར་བར་བརྟན་པར་གཟུང་སྟེ་བསྒོམ་པར་བྱའོ། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གཟུགས་བསྒོམས་པའོ། །གཅིག་ཏུ་གྱུར་ལས་ཞིང་སྟོང་དུ་འགྱུར་ཞེས་བྱ་བ་ནི་སྟོང་འགྱུར་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏེ།། ་ང་ནི་མུ་ཏིག་འབྲུམ་བུ་ཁར་བཅུག་ལ་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་རིགས་ཀྱི་སྒོ་ནས་དངོས་གྲུབ་སྟོན་ཏེ། འདི་ནི་གོ་སླའོ། །དེ་ནས་གཞན་ཡང་ལས་ཀྱི་ཕྱག་རྒྱ་ལག་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་རིགས་ཀྱི་སྒོ་ནས་སྟོན་ཏེ། ལས ་ཀྱི་རིགས་ནི་རིགས་ཐམས་ཅད་ལ་དབང་བྱེད་པས་རིན་ཆེན་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། རིན་ཆེན་ཐམས་ཅད་ཅེས་བྱ་བ་ནི་གང་རྙེད་པ་གཟུང་ངོ། །ལས་ཀྱི་ཕྱག་རྒྱ་རྣམས་སོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་གཞན་ཡང་སྣ་ཚོགས་དབང་ཕྱུག ་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ་སོགས་པས་རྗེས་སུ་དགའ་བར་བྱ་བའི་ཡེ་ཤེས་སྟོན་ཏེ། སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། བདག་ཉིད་ཉིད་ཀྱིས་བསྒོམས་ནས་ནི་ཞེས་བྱ་བ་ལ་སྣ་ཚོགས་གཟུགས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་འཇིག་རྟེན་དབང་ཕྱུག་གི་སྐུའི ་ཕྱག་རྒྱར་བདག་ཉིད་ཉིད་བསྒོམ་པའོ། །པདྨ་བླངས་ཏེ་མདུན་གནས་པ་ཞེས་བྱ་བ་ནི། འདི་དགའ་བར་བྱེད་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་པདྨ་དམར་པོ་ལ་བྱའི། །པདྨ་དཀར་པོ་ནི་མ་ཡིན་ནོ། །གང་ཡིན་དེས་ནི་དེ་མགུར་བྱེད་ཅེས་བྱ་བ་ནི་དེ་རྗེས་སུ་ཆགས་པར ་འགྱུར་བའོ། །ད་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིས་ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེའི་རིགས་ཀྱི་དབང་དུ་བྱས་ནས་སྟོན་ཏེ། དེ་གང་གིས་གཟུང་ཞེ་ན། དམ་ཚིག་ཆེན་པོའི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་དམ་ཚིག་གི ་ཕྱག་རྒྱ་གང་ཡིན་པ་དེ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱར་གསུངས་སོ། །བདག་ཉིད་ཉིད་ཀྱིས་བསྒོམས་དེ་བསྒོམས་ན་ཞེས་བྱ་བའོ། །བུད་མེད་ཐམས་ཅད་དགའ་བར་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་ནི་བུད་མེད་དོ། །བདག་ཉིད་ཀྱི་བསྒོམས་ནས་ཀྱང ་ཞེས་བྱ་བ་ལ་སོགས་པས་ནི། ཆོས་ཀྱི་རིགས་ཀྱི་ཉེ་བར་སྟོན་པར་མཛད་པའོ། །ཇི་ལྟ་བ་དེ་ལྟར་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བ་འམ། གཞན་དུ་བདག་གིས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བདག་དང་ཉིད་བསྒོམ་ཞིང། རྡོ་རྗེ་བལྟ་བས་ལྟ་བའོ།། ་རྡོ་རྗེ་བལྟ་བས་བལྟས་ཞེས་བྱ་བ་ནི་ཀུན་ཏུ་ཆགས་པའི་དགའ་བས་མིག་རབ་ཏུ་གདངས་པ་དེས་བལྟས་ན། འཇིག་རྟེན་ཐམས་ཅད་ཆགས་པར་འགྱུར་རོ། །གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེའི་ཡང་ཚུལ་གྱིས ་ཞེས་བྱ་བ་ལག་པ་མི་འཇིགས་པའི་རྣམ་པས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང། རྡོ་རྗེ་ཕྲ་མོ་བསྒོམ་པ་ལ་སོགས་པའོ། །ལག་པ་གཉིས་ཀྱིས་བསྐོར་ནི་ན་ཞེས་བྱ་བ་ནི་རྡོ་རྗེ་གང་གྱི་ཚུལ་གྱིས་བསྐོར ་བ་སྟེ། དང་པོ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བཞག་ལ། དེའི་འོག་ཏུ་བསྐོར་བ་སྟེ། འདིས་ཀྱང་ཕྱག་རྒྱའི་བུད་མེད་ཐམས་ཅད་དགའ་བར་བྱའོ། །དེ་ལྟར་དགའ་བར་བྱ་བའི་དངོས་གྲུབ་བསྟན་ནས། ད་ནི་མ་ལུས་དབང་པོའི་ཞེས་བྱ་བ་ལ་སོགས ་པས་མངོན་སྤྱོད་ཀྱི་དངོས་གྲུབ་སྟོན་ཏེ་གང་གི་མདུན་དུ་ཞེས་བྱ་བ་ནི་གང་ལ་དམིགས་ཏེ་ལས་དེ་བྱ་བའི་འོ། །པདྨ་བཅད་ན་ཞེས་བྱ་བ་ནི་སྡོང་བུ་ལས་དབོག་པ་ནི་བཅང་པའོ། །སྡོང་བུ་མེད་པ་ཞིག་ཡིན་ན་ནི་བཏུབ་པའོ། །འཆི་འགྱུར་སྐད ་ཅིག་གིས་ཞེས་བྱ་བ་ནི་དྲན་པ་མེད་པར་བརྒྱལ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་དེ་ཉིད་ལས་མཐེ་བོ་གཉིས་པདྨའི་འདབ་མའི་ཚུལ་དུ་བཅིང་བར་བྱའོ། །ཁ་ནས་དབྱུང་ལྟར་བྱས་ནས་ཀྱང་ཞེས་བྱ་བ་ནི་ཁའི་ཕྱོགས་ནས་གྱེན་དུ་དྲང་བའོ། །དེ་ནས་ཇི་ལྟར་བྱ་ཞེ་ན། སྤང་ནས་ཇི་ལྟར་བྱ་ཞེ་ན། སྤང་ ་དུ་ཏིང་འཛིན་ལྟར་བཞག་ཅེས་དུ་ཏིང་འཛིན་ལྟར་བཞག་ཅེས་བྱ་བ་གསུངས་ཏེ། སྤང་བར་སྤྱིལ་མོ་ཀྲུང་བཅས་པའི་སྟེང་དུ་ཏིང་ངེ་འཛིན་གྱི་ཚུལ་གྱིས་བཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ཉིད་དོ། །སོར་མོ་ཀུན་གྱི་ངོས་རྣམས ་ནི། མཉམ་པར་དམ་དུ་བསྙམས་ནས་ཀྱང་ཞེས་བྱ་བ་ནི་སོར་མོ་ཐམས་ཅད་ཀྱི་སྟོ་རྡོ་རྗེ་བསྡམ་པའི་ནང་དུ་ཅིག་ལ་འབྱར་བར་བྱ་བའོ། །མཛུབ་གཉིས་རྡོ་རྗེར་བསྙམས་པའོ་ཞེས་བྱ་བ་ནི་མཛུབ་མོ་གཉིས་སྦྱར་ནས་རྡོ་རྗེར་བྱ་བ་སྟེ། འདི་དག་ནི་གདོན་མི་ཟ་བར ་གྲུབ་པའི་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་བཞི་པོ་འདི་དག་ནི་བདག་པོ་བཞིའི་གནས་སུ་ཤེས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །མཛུབ་གཉིས་པདམོ་འདྲ་བྱས་ལ་ཞེས་བྱ་བ་ནི་གཉིས་པདྨའི་འདབ་མ་ལྟར་སྦྱར་བའོ། །མཐེ་བོ་གཉིས་ཀྱང ་བསྣོལ་ནས་ནི་ཞེས་བྱ་བ་ནི། མཐེ་བོ་སྐྱེལ་མོ་ཀྲུང་གི་ཚུལ་དུ་བཞག་པའོ། །གུང་མོ་གཉིས་ནི་རྩེ་སྦྲང་དགུ་བཅས་བྱ་བ་ནི་གུར་མོ་གཉིས་པདྨའི་འདབ་མ་ལྟ་བུར་སྦྱར་བ་ནི། བུང་མོ་གཉིས་ནི་རྩེ་སྤྲད་དགུག་ཅེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱ ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བྱས་པའོ། །མཐེབ་གཉིས་རྡོ་རྗེར་རབ་སྦྱར་ལ་ཞེས་བྱ་བ་འདི་ནི་མཐེ་བོ་གཉིས་ཀ་བསྒྲེང་བ་དང་བཅས་པའོ། །མཛུབ་མོ་རལ་གྲི་ལྕགས་ཀྱུར་བྱ་ཞེས་བྱ ་བ་ནི། གཡས་པས་རལ་གྲི་གཡོན་གྱིས་ལྕགས་ཀྱུའོ། །མཐེའུ་ཆུང་པདྨ་འདྲ་བྱས་ཏེ་ཞེས་བྱ་བ་ནི། མཐེའུ་ཆུང་གཉིས་པདྨའི་འདབ་མ་འདྲ་བར་བྱ་བ་སྟེ། འདི་ནི་རྡོ་རྗེ་རྒྱལ་པོའི་གནས་སུའོ། །དེ་བཞིན་དུ་ནི་བསྒྱུར་ནས་བྱང་ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པའི་ཕྱག ་རྒྱ་དེ་ཉིད་གཡོན་ལོགས་སུ་བསྒྱུར་བ་བྱ་བའོ། །མཛུབ་མོ་གཡོན་པ་ཞེས་བྱ་བ་ལ་སོགས་པ་ལ་མཛུབ་མོ་དང། མཐེ་བོ་གཟུང་བ་ནི་མཛུབ་མོ་གཡས་པ་བསྒྲེང་བས། གཡོན་པའི་མཐེ་བོ་དང། མཛུབ་མོ་དམ་དུ་བཟུང་ལ། དྲང་པ་འདི་ནི་རྡོ་རྗེ་ཆགས་པ་གནས ་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱའོ། །མཉམ་བྱས་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྡོར་པ་བཏང་བའོ། །མཛུབ་མོ་གཉིས་བཀུག་ལས་ཐེ་བོས་མནན་པ་ནི་ཞེས་བྱ་བ་ནི། མཛུབ་མོ་དང་མཐེ་བོ་གཉིས་སེ་གོལ་གཏོགས་ན་ལེགས? ་སོ་ཞེས་བྱ་བ་སྦྱིན་པར་འགྱུར་ཏེ། པདྨ་དགྱེས་པའི་ཕྱག་རྒྱའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའོ། །སོར་མོ་ཀུན་གྱི་ངོས་སྒྱུར་ལ་ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པའི་ནང་དུ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་གཅིག ་ཏུ་སྦྱར་བའོ། །མཐེ་བོ་གཉིས་ཀྱི་མནན་ནས་ནི་ཞེས་བྱ་བ་ནི། མཐེ་བོ་གཉིས་ཀྱི་ལྟོས་སོར་མོ་ལྷག་མ་རྣམས་ཀྱི་རྩི་མོ་དོས་གཉིས་ཁར་མནན་པའོ། །མཛུད་མོ་མཉམ་པར་སྦྱར་བའོ་ཞེས་བྱ་བ་ནི་མཛུབ་མོ་གཉིས་གཤིབས་ལ་དབང་བསྐུར་བའི ་གནས་སུ་བཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྟེ། སྙིང་གར་གཡས་ནས་བསྐོར་ན་རྡོ་རྗེ་ཉི་མའི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ལས་སྤྱི་བོར་ལག་དང་བྱང་ན་རྡོ་རྗེ་དཔལ་གྱི་གནས་ཀྱི་པར?་མོའི་རྒྱལ ་མཚན་གྱི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་བཟློག་སྟེ། འགྲམ་པ་གཡས་ལོགས་སུ་རྒོད་པའི་ཚུལ་དུ་བསྒྱུར་ཏེ་བཞག་ན། པདྨ་ཆེར་རྒོད་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་ནང་དུ་བསྡམས་བྱས་ལ་ཞེས་བྱབ་ལ་སོགས་པ་ལ། བུད་མོ་གཉིས་རྩེ་སྦྱར་ལ། མཐེ་བོ་དང་མཐེའུ ་ཆུང་གཉིས་སྦྱར་བ་ནི་རྡོ་རྗེ་ཆོས་ཀྱིས་གནས་ཀྱི་སྒྲོལ་མའི་ཨུཏཔ་ལའི་ཕྱག་རྒྱའོ། །དེ་བཞིན་ཞེས་བྱབ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པར་བྱའོ། །མཛུབ་གུང་པདྨ་རལ་གྲིར་བྱ་ཞེས་བྱ་བ་ནི་མཛུབ་མོ་གཉིས་བཀུག་ལ་པདྨར་བྱ་གུང་མོ་གཉིས ་རལ་གྲིར་བྱ་བ་འདི་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱའོ། །དེ་བཞིན་ནང་དུ་འཁོར་ལོར་བྱས་ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་འཁོར་ལོ་ལྟ་བུར་ཅུང་ཟད་བརྐྱང་ནས་བཞག་པ་འདིས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱར་འགྱུར་རོ། །ཟློས་པ་སྦྱིན་པ་དེ་བཞིན ་ཞེས་བྱ་བ་འདི་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལས་གཡས་པའི་མཐེ་བོ་དང། །མཛུབ་མོའི་རྩེ་མོ་ཕྱིར་ཕྱུང་ལ་སྔགས་ཀྱི་ནོར་བུ་བགྲང་བའི་ཚུལ་དུ་སྟོན་པ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང ་དུ་བཅིངས་པ་སྟེ། དེ་དཀྲོལ?་ལ་མཐེབ་མཛུབ་སྤྲད་པ་གཉིས་སུ་བྱའོ། །དེ་ནས་མཐེ་བོ་གཉིས་ལ་མཛུབ་མོ་གཉིས་བཀུར་སྟེ་རང་གི་མཐེ་བོའི་རྩེར་ཁ་ཐུར་དུ་བསྟན་ཏེ་བཞག་པའོ། །དེ་ནས་གུང་མོ་གཉིས་བཀུག་ལ་རྩེ་མོ་ཐུང་དུ་བསྟན་ནས་མཐེའུ་གཉིས ་བསྒྲེང་སྟེ་བཞག་གོ་།དེ་ལྟར་རང་གི་ལག་པ་གཉིས་ཀྱི་སོར་མོ་རྣམས་བཞག་ལ་ལག་པ་གཉིག་ངོས་གཡས་གཡོན་གྱི་མིག་གཉིས་དང་མཉམ་པར་བཞག་ན། དེ་ལྟ་བུ་ནི་ལ་?་མཛུབ་སྒྲད་པ་གཉིས་སུ་བྱས་པ་ཡིན་ཏེ། འདི་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི ་ཕྱག་རྒྱའོ། །དེ་ནས་སྙིང་གར་སྦྱར་བ་ནི་ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་མཐེབ་མཛུབ་གཉིསྱ་སྦྱར་བ་ཡང་སྙིང་གའི་གནས་སུ་བཅིངས་ན་གསང་བ་བསྲུངས་པའི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི་བཤད་ཟིན་ཏོ། མཐེའུ ་ཆུང་པདྨ་འདྲ་བྱས་ལ་ཞེས་བྱ་བ་ནི། མཐེའུ་ཆུང་གཉིས་པདྨའི་འདབ་མའི་ཚུལ་དུ་སྦྱར་བའོ། །མཛུབ་གཉིས་ཤིན་ཏུ་བཀུག་ནས་ཀྱང་ཞེས་བྱ་བ་ནི་མཛུབ་མོ་གཉིས་ཕྱིར་ཕྱུང་ལ་མཚོ་བ་ལྟ་བུར་བག་གོ་།མཐེབ་གཉིས་ཕྱིར་བསྐྱེད་ཅེས་བྱ་བ་ནི ་མཐེ་བོ་གཉིས་བརྐྱང་ལ་ཁའི་གནས་སུ་བཞག་ན་མཆེ་བ་ཅན་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱར་འགྱུར་རོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །ཁུ་ཚུར་ཚུལ་གྱིས་ནི་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་དང་འདྲ་བའོ། །མཐེབ་གཉིས་དོས་ཀྱིས་བཅིར་བ་ཡི་ཞེས ་བྱ་བ་ནི། །མཐེ་བོ་གཉིས་ཀྱིས་མཛུབ་བོ་བཀུག་པའི་རྩེ་མོ་བཅིར་ན། པདྨའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་གྱི་ཁུ་ཚུར་ཆེན་པོར་འགྱུར་རོ། །དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱའོ། །རབ་བརྟགས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་གནས་བཅིངས ་པའོ། །པདྨ་ལཱ་སྱེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་འདྲ་བར་ནི་བཅིངས་པར་བྱ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལས་ཀྱི་ཕྱག་རྒྱ་མདོར་བསྡུ་ན་ཞེས་བྱ ་བ་ནི་མདོར་བྱས་པའོ། །གསང་བའི་ཁུ་ཚུར་གཉིས་བྱས་པའོ་ཞེས་བྱ་བ་ནི། བཤད་མ་ཐབ་པའི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཁུ་ཚུར་གང་ཡིན་པ་དེ་གཉིས་སུ་བྱས་པ་རྡོ་རྗེ་དབྱིངས་ལས་གསུངས་པའི་མཚན་ཉིད་ཀྱིས་སྦྱར་བར་བྱའོ། །དེ་ཁོ་ན་ཉིད ་བསྡུས་པའི་རྒྱ་ཆེར་བཤད་པ་གོ་ས་ལའི་རྒྱན་ལས་པདྨ་རིགས་ཀྱི་གསང་བའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ང་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་དཀྱིལ་འཁོར་སྟོན ་ཏེ། ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་སྔ་མ་ལས་བལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་བ་ནི་པདྨའི་རིགས་ཀྱི་རྟོག་པ་གཟུང་སྟེ། ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་བས་ནི་པདྨའི ་རིགས་ཀྱི་ཆོས་ཀྱི་འཁོར་ལོ་གཟུང་ངོ། །དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། །འདི་ཉིད་ནི་པདྨ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན ་སུམ་དུ་མཛད་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རང་གི་རིག་པ་དམ་པ་གསུངས་པ་ནི་འདི་ལ་སོགས་པ་སྔགས་སྔ་ནི་གཙོ་བོ་ལྔའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་སྔགས་ཡིན་པར་ཤེས་པར་བྱའོ། །དེ་ནས ་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་པར་ནི་རྣལ་འབྱོར་བསྒོམ་པ་འགྲུབ་བར་མི་འགྱུར་ཏེ། དེ་བས་ན་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་གསུངས་ཏེ། རབ་ཏུ་ཞེས་བྱ་བ་ནི་ཡང་དག་པར ་ཞེས་བྱ་བའི་དོན་ཏོ། །བཤད་བྱ་བ་ཞེས་བྱ་བ་ནི་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ་ཞེས་པའོ། །ཅི་ཞིག་བཤད་ཅེ་ན། ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གསུངས་སོ། །ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་བྱ་བ་གསུངས་སོ། །ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས ་དང་འདྲ་བར་ནི་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། ཆོས་ཀྱི་ཡེ་ཤེས་ཞེས་བརྗོད་དེ་ཞེས་བྱ་བའོ། །ཐིག་ཇི་ལྟར་གདབ་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། དཀྱིལ་འཁོར་ཐམས་ཅད་སྲང་བུ་? ་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་འདིར་འགྲོ་བ་འདུལ་བའི་རྩ་བའི་དཀྱིལ་འཁོར་ཡིན་པར་གཟུང་ངོ། །དེ་ཇི་ལྟ་བུར་བྲི་ཞེ་ན་དེ་ཡི་དབུས་སུ་བྲི་བ་ནི། ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས་ཞེས་བྱ་བ་གཟུངས་ཏུ། ཡེ་ཤེས ་རྡོ་རྗེ་ནི་འདིར་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་གཟུང་སྟེ། དེའི་ལྟེ་བའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ། །དེ་ནས་ཅི་ཞིག་གྲི་ཞེ་ན། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ་སེམས་དཔའ་ཆ་རྣམས་ཆོག་བཞིན་ཞེས་བྱ་བ་གསུངས་སོ།། ་དེ་རྣམས་ཀྱང་སུ་ཞིག་ཡིན་ཞེ་ན། སྣ་ཚོགས་དབང་ཕྱུག་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། སྣ་ཚོགས་དབང་ཕྱུག་ནི་སྣ་ཚོགས་པའི་གཟུགས་ཅན་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་འཇིག་རྟེན་དབང་ཕྱུག་གོ་།དེ་ཇི་ལྟར་བྲི་བར་བྱ་ཞེ་ན། ཏིང་ངེ ་འཛིན་ལ་སྙོམས་ཞུགས་བྲི་ཞེས་བྱ་བ་གསུངས་སོ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ་ཞེས་བྱ་བ་ལ་སོགས་པས་ནི་དགོད་པའི་སྔགས་གསུངས་པ་ཡིན་ནོ། །དེ་ནས་ཆོས་ཀྱི་དཀྱིལ་འཁོར་འདིར་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་? ་ལ་སྟེ་བྲིས་པའི་དག?་ཏུའོ། །འདིར་ཞེས་བྱ་བ་ནི་པདྨའི་ཆོས་ཀྱི་དཀྱིལ་འཁོར་དུབ་བོ། །དབུག་པ་ལ་སོགས་པའི་ཆོས་རྒྱས་པར་བྱས་ནས་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ཚོག་རྒྱས་པ་གང་ཡིན་པ་དེ་ནི་དགུག་པ་ལ་སོགས་པའི་ཆོག་རྒྱས་པ་སྟེ། ་འདིས་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་སློབ་དཔོན་གྱི་ལམ་ཐམས་ཅད་སྟོན་ཏོ། །ཇི་ལྟ་བ་བཞིན་དུ་བཅུག་སྟེ་ཞེས་བྱ་བ་འདིས་ཀྱང་དེ་ཉིད་ཀྱི་སློབ་མ་བཞུག་པ་ལ་སོགས་པའི་ཆོག་རྣམས་ཀྱང་དེ་བཞིན་དུ་འདིར་ཡང་བྱས་སོ་ཞེས་སྟོན་ཏོ།། ་ད་ནི་འདི་སྐད་དུ་ཁྱོད་ཀྱིས་གཞན་སུ་ལ་ཡང་ཞེས་སུ་བྱ་བ་ལ་སོགས་པས་ན་ཞུགས་པ་རྣམས་ཀྱིས་དམ་ཚིག་མ་སྲུངས་པའི་ཉེས་དམིགས་སྟོན་ཏོ། །ང་ནི་དེའི་འོག་ཏུ་དེ་ནས་དེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པས་མི་དམ་ཚིག་ལ ་གནས་པ་རྣམས་ཀྱིས་དོན་གང་ཞེས་བྱ་བ་དེ་སྟོན་ཏོ། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཡེ་ཤེས་དེ་གང་ཞིག་ཡིན་པ་དེ་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་གྱིས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྐྱེད ་པ་འོད་སྙིང་གང་པདྨ་བསྒོམས་ནས་ཀྱང་ཞེས་བྱ་བ་ནི་སྙིང་གང་ཡིན་ཀྱིས་པདྨའི་གཟུགས་བསམ་པ་དུས་བཞིར་གོམས་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། པདྨའི་ཏིང་ངེ་འཛིན་ཐོབ་ན་ནི་དེ་མ་ཐག་ཏུ་མྱུར་བར་སྡིང་ཞེས་བྱ་བ་གསུངས་སོ། །དེ་ནི ་འདི་སྐད་སྟོན་ཏེ། འཇིག་རྟེན་དབང་ཕྱུག་གི་གཟུགས་དར། པདྨ་དེ་བརྟན་པར་གྱུར་པ་ན་ནམ་འདོད་པ་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་ལྷ་མ་ཡིན་ན་མཚན་མ་ཐོབ་ནས་རྒྱུད་ཕྱི་མ་ལས་གསུངས་པའི་ཆོགས་སྒྲུབ་པ་ལ་འཇུག་པར་བྱའོ།། ་ལྷག་མ་གསུམ་པོ་ལ་ཡང་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྒོམ་པ་བསྟན་པར་གྱུར་ན་ནམ་མཁའ་ལ་འགྲོ་བར་འགྱུར་ལ་འོན་ཏེ་མ་གྱུར་ན་བསྒྲུབ་པ་ལ་འཇུག་པར་བྱ་བར་ཞེས་པར་བྱའོ། །ད་ནི་ནམ་མཁའ་འམ་ནི་ཞེས་བྱ་བ་ལ ་སོགས་པས་མི་སྣང་བའི་དངོས་གྲུབ་སྟོན་ཏོ། །ནམ་མཁའ་མ་ནི་ཕྱོགས་གཞན་དུ་ཞེས་བྱ་བ་འདི་ནི་འདི་སྐད་སྟོན་ཏེ། གང་དུ་འདི་སེམས་རྩེ་གཅིག་པར་གྱུར་པའི་གནས་དེར་ཡིད་གཏད་ལ་བསྒྲུབ་པ་གོམས་པར་བྱ་སྟེ། འཇིག་རྟེན་དབང་ཕྱུག་གི་གཟུགས་སུ ་གནས་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། དེ་ནས་པདྨ་སྟེ་བརྟན་པར་གྱུར་པ་དང་དེ་ཉིད་དང། གཞན་དུ་འདུག་ནས་གལ་ཏེ་མི་སྣང་བར་འདོད་པ་དེས་བདག་གི་ལུས་རྡུལ་ཕྲ་རབ་ཏུ་གཞི་པར་བྱའོ། །རྡུལ་ཕྲ་རབ་ཀྱང་ཡིད་ཀྱིས་ཆ་དྲུག ་གིས་རྣམ་པར་ཕྱེ་ནས་བདག་ནི་ནམ་མཁའ་ཨོ་ཞེས་ཡིད་ཀྱིས་བསམ་པའི་ཕྱའོ། །དེ་ལྟར་པདྨ་ལ་འདུག་པའམ་ཐོགས་པ་འམ། ཟོས་ནས་བསྒོམས་ན་ཇི་སྲིད་བསྒོམས་པ་དེ་སྲིད་ཀྱི་བར་དུ་འདོད་ན་མི་སྣང་བར་འགྱུར་རོ། །གལ་ཏེ་མི་སྣང་བར་བྱ་བར་མ ་འདོད་པ་ཞིག་ཡིན་ན་མཐོང་བ་དང་པདམོའི་ཤིང་རྟ་དེ་ལ་ཞོན་ན་པདྨའི་རིག་པ་འཛིན་པར་འགྱུར་རོ། །གསུམ་པར་ནི་གལ་ཏེ་མི་སྣང་བར་ནི་འདོད་ན་དེ་ཐོགས་པས་?་ཚེ་ཡི་ཤེས་ཅན་དུ་འགྱུར་ཏེ། ནམ་རྩེ་གཅིག་ལ་ཐོབ་ན་ཡེ་ཤེས་དུས་གསུམ་ལ ་འཇུག་པར་འགྱུར་རོ། །བཞི་པར་གལ་ཏེ་མི་སྣང་བར་མི་འདོད་ན་ནམ་དེ་ཟོས་པ་དེའི་ཚེ་བཅུད་ཀྱིས་ལེན་དུ་འགྱུར་རོ། །ད་ནི་ཕྱག་རྒྱ་ཆེ་བཅིངས་པདམོ་ནི་ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་པའི་གཟུགས་སུ་འགྱུར་བའི་དངོས་གྲུབ་སྟོན་ཏེ། ཁ་དོག་སྣ་ཚོགས ་པ་ནི་སྔོན་པོ་ལ་སོགས་པའོ། །དབྱིབས་སྣ་ཚོགས་པ་ནི་ཀུན་ནས་ཟླུམ་པ་ལ་སོགས་པའོ། །བྲིས་པ་འམ་བླུགས་པའི་པདྨ་སྣ་ཚོགས་པ་དེ་ལག་པས་བཟུང་ནས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བསྒོམས་ཏེ། ཏིང་ངེ་འཛིན་བརྟན་པར་གྱུར ་ན་ཅི་འདོད་པའི་གཟུགས་སུ་སྟོན་པར་འགྱུར་རོ། །འོན་ཏེ་མ་གྱུར་ན་མཚན་མ་ཐོབ་ནས་རྒྱུད་ཕྱི་མ་ལས་གསུངས་པའི་ཆོགས་དེ་བཞིན་དུ་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་གཉིས་པ་ནི་རས་ལ་སོགས་པ་ལ་པདྨའི་གཟུགས་སྔ་མ་ལྟ་བུར་བྲིས་ལ ་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ཏེ་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །བསྒོམས་པའི་ཏིང་ངེ་འཛིན་བརྟན་པར་རྒྱུར་ན་ཅི་འདོད་པའི་གཟུགས་སྟོན་པར་འགྱུར་རོ། །འོན་ཏེ་མ་གྱུར་ན་མཚན་མ་ཐོབ་མས་དེ་བཞིན་དུ་བསྒྲུབ ་པར་བྱའོ། །ཏིང་ངེ་འཛིན་གསུམ་པ་ནི་ནམ་མཁའ་འམ་ཕྱོགས་གཞན་དུ་དེ་ལྟ་བུའི་པདྨ་སྣ་ཚོགས་བསྒོམས་བར་བྱ་སྟེ། དེ་བརྟན་པར་གྱུར་ན་ཅི་འདོད་པའི་གཟུགས་སྟོན་པར་འགྱུར་རོ། བཞི་པར་ནི་པདྨའི་གཟུགས་དེ་ལྟ་བུ་ཤིང་དུ་ལ་སོགས་པ་ལས ་བྱེད་དུ་བཅུག་ལ་དེའི་སྟེང་དུ་ཞོན་ནས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་བརྟན་པར་གྱུར་ན་ནམ་མཁའ་ལ་འགྲོ་བ་དང་ཅི་འདོད་པའི་གཟུགས་སུ་འགྱུར་རོ། །འོན་ཏེ་མ་གྱུར་ན་མཚན་མ་ཐོབ་ནས། དེ ་བཞིན་དུ་བསྒྲུབ་པར་བྱའོ། །ད་ནི་གང་ཡང་རུང་བའི་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ་སོགས་པས་དབང་དུ་བྱ་བའི་དངོས་གྲུབ་སྟོན་ཏེ། །ཕྱག་རྒྱ་གང་ཡང་རུང་བ་གཅིག་བཅིང་པ་ནི་སྣ་ཚོགས་གཟུགས་ཅན་གྱི་དཀྱིལ་འཁོར་ལས་འབྱུང ་བའི་ཕྱག་རྒྱ་ཆེན་པོ་སྟེ། དཀྱིལ་འཁོར་འདི་ལ་ཕྱག་རྒྱ་ཆེན་པོ་གཙོ་བོ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ཅེས་བྱ་བ་ནི་སེམས་མི་གཡེད་བའོ། །ལེགས་བཅིངས་ལ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །པདྨ་བླངས་ལ་རབ་བྱིན ་ནས་ཞེས་བྱ་བ་ནི་བསྒོམ་པ་བརྟན་པར་བྱས་ནས་ཕྱི་རོལ་གྱི་པདྨ་དངོས་སུ་བླངས་ཏེ་གང་ལ་བྱིན་པ་དེས་དབང་དུ་འགྱུར་རོ། །ཏིང་ངེ་འཛིན་གཉིས་པ་ནི་རིན་ཆེན་འབྱུང་ལྡན་གྱིས་དཀྱིལ་འཁོར་གྱིས་ཏེ། གང་ཡང་རུང་བའི་ཕྱག ་རྒྱ་བྱིན་ཅི་མ་ལོག་པར་ལེགས་པར་བཅིང་བར་བྱའོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་སྟེ། འདི་ན་ཕྱག་རྒྱ་ཆེན་པོ་ཡང་ཡོད་ན་ཅིའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་སྨོས་ཤེ་ན། འདིར་གཙོ་བོ་ཡིན་པས་ན ་དམ་ཚིག་གི་ཕྱག་རྒྱས་སྨོས་སོ། །པདྨ་ནི་སྔར་སྒོམ་པ་གོམས་པར་བྱས་པའི་སྦྱོར་བ་འདི་ལྟ་བུ་ཡོད་ན་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྦྱིན་པར་བྱའོ། །འོན་ཏེ་མེད་ན་ལེན་པའི་ཚེ་ནི་དམ་ཚིག་གི་ཕྱག་རྒྱ་བླངས་ལ་སྦྱོར་བའི་ཚེ་སྦྱོར་བ་ཇི ་ལྟ་བས་སྦྱིན་པར་བྱའོ། །ཏིང་ངེ་འཛིན་གསུམ་པ་ལ་ཡང་ཆོས་ཀྱི་དཀྱིལ་འཁོར་གྱི་སེམས་དཔའ་སུ་ཡང་རུང་བའི་ཕྱག་རྒྱ་གང་ཡང་རུང་བ་བླང་བར་བྱའོ། །ཇི་ལྟ་བུ་ཞེ་ན། ཏིང་ངེ་འཛིན་སྐྱེས་དགེ་བ་ཡི་ཞེས་བྱ་བ་གསུངས་པ ་ཡིན་ཏེ། ཏིང་ངེ་འཛིན་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དགེ་བ་ནི་གསལ་བ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །འདི་སྐད་སྟོན་ཏེ། འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ ་གནས་ནས་ཡིད་ཀྱིས་པདྨ་དམར་པོ་སུའི་སྙིང་གར་དགོས་ཅིང་བསམས་པ་དེ་དེའི་དབང་དུ་འགྱུར་རོ། །ཏིང་ངེ་འཛིན་བཞི་པ་ལ་ཡང་ལས་ཀྱི་དཀྱིལ་འཁོར་གྱི་སེམས་དཔའ་སུ་ཡང་རུང་བའི་ཕྱག་རྒྱ་གང་ཡང་རུང་བཅིང་བར་བྱའོ། །ལྡན་ཞེས་བྱ་བ་ནི ་ཕྱག་རྒྱ་བཞི་དང་ཡང་དག་པར་ལྡན་པའི་དེ་ནི་ནོ། །གང་གིས་ཤེ་ན། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། གང་གིས་ལས་ཀྱི་ཕྱག་རྒྱས་པདྨ་བཟུང་ནས་བྱིན་པ་དེ་དབང་དུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་ཀྱི་དཀྱིལ ་འཁོར་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་པ་སྟོན་ཏོ། །ཇི་ལྟ་ཞེ་ན། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ནི་འདིར་རྡོ་རྗེ་དབྱིངས་དང་འབྲེལ་བ་ཡིན་པར་བལྟ་བར ་བྱ་སྟེ། དེར་ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་ཐུགས་གར་ཉིད་ཕྱག་རྒྱ། ཏིང་ངེ་འཛིན་དུ་བཞུགས་པ་དང། ཕྱག་གཉིས་རྡོ་རྗེ་བཅིངས་ཞེས་ཇི་སྐད་བཤད་པ་དེ་འདིར་ཡང་ཕྱག་རྒྱ་ཆེན་པོ་ཡིན་པར་བལྟ་བར་བྱའོ། །དེ་ལྟ་མོད་ཀྱི་སྐྱིལ་མོ་ཀྲུང་ལ་གནས ་པའི་དམ་ཚིག་གི་ཕྱག་རྒྱ་ནི་པདྨའི་པདྨ་ཞེས་བྱ་བའི་མིང་གིས་བཞག་གི་ཕྱག་གཉིས་རྡོ་རྗེ་བསྡམས་པས་བཞག་པ་ནི་མ་ཡིན་ཏེ། ཁྱད་པར་ནི་དེ་ཙམ་དུ་ཟད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། དམ་ཚིག་མཆོག་ནི་སྒྲུབ་བྱ་སྟེ། ཞེས་བྱ་བ་ལ། དམ་ཚིག ་མཆོག་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་རྩེ་གཅིག་པའི་ཕྱིར་ཏིང་ངེ་འཛིན་གྱི་དོན་སྟོན་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི་ཞེས་བྱ་བ་སྟོན་ཏེ། རྡོ་རྗེ་དབྱིངས་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་ཏེ། སྐྱིལ་མོ་?་འདུ ་གན་རྒྱལ་དུ། གཡས་གཅུས་དེ་བཞིན་སླར་གཅུས་པ་ཞེས་བྱ་བ་ལ་སོགས་པ་དེར་ཇི་སྐད་གསུངས་པའོ། །རྡོ་རྗེ་བསྡམས་པ་བཞག་པའི་གནས་དེ་དང་དེ་རྣམས་སུ་འདིར་ཕྱག་རྒྱ་གང་ཡང་རུང་བ་གཅིག་བཞག་པར་བྱའོ། ཞེས་སྟོན་པའི་ཕྱིར་པདྨའི་པདྨ ་བཞག་པར་བྱ་ཞེས་བྱ་བ་གསུངས་ཏེ། པདྨའི་པདྨ་ནི་འགྲོ་བ་འདུལ་བའི་རྩ་བའོ། །དཀྱིལ་འཁོར་གྱི་འོད་དཔག་ཏུ་མེད་པའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་སྟེ། མཐེ་བོ་བསྙམས་ཏེ་བཏུད་ནས་ནི། མཛུབ་མོ་གཉིས་ཏེ་རྩེ་སྤྲད་དགུག་ཅེས་པ་ལ་སོར་ལྟག ་མ་རྣམས་རྡོ་རྗེ་བསྡམས་པའི་ཚུལ་དུ་བཞག་པ་འདི་ནི་པདྨའི་པདྨའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་རྣམས་བསྟན་ནས། ད་ནི་ཆོས་ཀྱི་ཁུ་ཚུར་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་སྟོན་ཏོ། ལས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི ་ཁུ་ཚུར་གང་ཡིན་པ་དེ་ནི་ཆོས་ཀྱི་ཁུ་ཚུར་ཡིན་ལ་དེ་གཉིས་སུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ཏེ་གནས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །བསྟན་བྱས་ལ་ཞེས་བྱ་བ་ནི་བཅིངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་རྩ ་བའི་དཀྱིལ་འཁོར་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་བའི་རྒྱ་ཆེར་བཤད་འོག?་ས་ལའི་?་ལས་པདྨའི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ང་ནི་ཆོས་ཀྱི་དཀྱིལ་འཁོར་གྱི ་རྗེས་ལ་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་སྔར་བཤད་པའི་ལས་ཀྱི་དཀྱིལ་འཁོར་ལས་བལྟོས་པ་ཡིན་ནོ། །སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ ་ལྡན་འདས་སོ། །དེ་བ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་སུ་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་ལྡན་པའི་མིང་པདྨ་འདི་སྐད་ཅེས ་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རང་གི་རིག་པ་དམ་པ་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པ་སྟེ། འདི་ལ་སོགས་པའི་རིག་པ་ལྔ?་ནི་བདག ་པོ་ལྔའི་རང་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད ་ཟིན་ཏོ། །སངས་རྒྱས་ཕྱོགས་ཀུན་ཞེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་སྡུད་བའོ། པདྨ་ཡི་མཚན་མ་འཛིན་པར་ཐམས་ཅད་བྲི་ཞེས་བྱ་བ་ནི་མཆོད་པའི་མཆོད་པའི་ལྷ་མོ་སོགས་པ་ཐམས་ཅད་རང་རང་གི་ཕྱག་རྒྱ་ལག་པའི་སྙིམ་པར་གནས་པ་ལ་པདྨའི་ཕྲེང་བས ་མཚན་བ་བྲི་བར་བྱའོ། །བཅི་དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་དག་ཐམས་ཅད་ཀྱི་དགོད་པའི་རིག་པ་སྟོམ་ཏེ། །དེ་ལ་བདག་པོ་བཞིའི་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་ཡང་ཡིན་པར་བྱའོ། །དེ་ལྟར་དགོད་པའི་རིག་པ་བསྟན་ནས། ད་ནི་དེ་ནས་ཞེས ་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་དབྱིངས་ལས་གསུངས་པའི་སློབ་དཔོན་གྱི་ལས་དང། སློབ་མ་བཞུག་པའི་ལས་དང་དེ་བཞིན་དུ་མ་ནའི་སྙིང་པོ་སྦྱིན་པ་ན་དགུག་པ་ལ་སོགས་པ་སྟོན་ཏེ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི ་མན་ངག་སྦྱིན་པ་སྟོན་ཏེ། དེ་ལ་རེ་ཞིག་དང་པོར་དེ་ནས་ཞེས་བྱ་བ་ལ་སོགས་པས་སྡིག་པ་བཤགས་པའི་ལས་ཀྱི་མན་ངག་བསྟན་པ་སྟོན་ཏེ། དེ་ཡང་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ནས་སྡིག་པ་བཤགས་པ་བྱའོ། །དེ་ལྟར་སྡིག་པ་ཡང་དག ་པར་སྦྱར་བ་བྱ་སྟེ། འདིར་ནི་ཕྱག་རྒྱ་ཆེན་པོ་གཙོ་བོ་ཡིན་པར་བལྟའོ། །ཏིང་ངེ་འཛིན་གཉིས་པ་ལ་ནི་རིན་པོ་ཆེའི་རིགས་ཡང་དག་བར་གཟུང་སྟེ། དམ་ཚིག་གི་ནི་མཆོག་བཅིངས་ཏེ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་སུ་གཏོགས་པའི་འཇིག་རྟེན་དབང་ཕྱུག་གི ་གཟུགས་སུ་གནས་ཤིང་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྡིག་པ་ཐམས་ཅད་བཤགས་ན་མཚམས་མེད་པ་ལ་སོགས་བའི་སྡིག་པ་ཤིན་ཏུ་ལྕི་བ་རྣམས་ཀྱང་འབྱེད་བར་འགྱུར་ཏེ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་དག་།བདག་ལ་རྣམ་པར ་དམད་པས་བསྲུབས་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པ་བྱས་པས་ནི། །དེ་དག་རྩ་ནས་འདོན་པར་ངས་བཤད་དོ་ཞེས་གསུངས་པ་ལྟ་བུ་དང། རྒྱལ་པོ་མ་སྐྱེས་དགྲ་བསྐལ་བའི་བར་དུ་གནས་པར་བྱ་དགོས་པ་ཡང་ཕོ་ལོང་བརྡབས་པ་ཙམ་ཞིག ་ལས་མ་ཐོགས་སོ་ཞེས་གྲགས་པ་ལྟ་བུའོ། །དེ་བས་ན་བཤགས་བའི་དབང་གིས་དེའི་དེ་ཟད་པར་འགྱུར་བར་ཤེས་སོ། །ལྷག་མ་རྣམས་ནི་གོ་སླའོ། །འདིར་བཤགས་པ་འདི་ཏར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་ཡིད ་ཀྱིས་བསམས་ནས་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ཏེ། འཇིག་རྟེན་དབང་ཕྱུག་ཀྱང་མདུན་དུ་བསམས་ལ་གང་བདག་གིས་ཆེ་འདི་བ་མཚོར་བས་གཞན་དུ་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་གིས་ལུས་དང་ངག་ཡིད་ཀྱི་སྒོ་ནས་མཚམས ་མེད་པ་ལྔ་ལ་སོགས་པའི་སྡིག་པའི་ལས་གང་ཅི་བགྱིས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་པར་བགྱིའོ། །སྨན?་ཆད་ཀྱང་འདི་ལྟ་བུ་མེ་བགྱིད་དོ། །ཞེས་བརྗོད་ལ་དེ་ནས་སྙིང་པོ་བརྗོད་པར་བྱའོ། །ད་ནི་འཇིག་རྟེན ་དབང་ཞེས་བྱ་བ་ལ་སོགས་པས་སྡིག་པ་ཟད་པར་བྱ་བའི་ཐབས་སྟོན་ཏོ། །རང་གི་ཡེ་ཤེས་ལ་སྒྲིབ་པ་དེ་ཡང་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། ཉོན་མོངས་བའི་སྒྲིབ་པ་དང། རྣམ་པར་སྨིན་པའི་སྒྲིབ་པ་དང། ལས་ཀྱི་སྒྲིབ་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ ་པ་ནི་ཉོན་མོངས་པ་དྲག་པ་རྣམས་ཏེ་གང་གཉེན་པོས་ཀྱང་མི་བཟློག་པའོ། །རྣམ་པར་སྨིན་པའི་སྒྲིབ་པ་མི་ཁོམ་པ་བརྒྱད་དུ་སྐྱེས་པའོ། །ལས་ཀྱི་སྒྲིབ་པ་ནི་གང་གདོན་མི་ཟ་བར་མྱོང་བར་འགྱུར་བའི་སྡིག་པའི་ལས་རྣམས་ཏེ་མཚམས་མེད་པ་ལྔ་ལ་སོགས་པའོ།། ་དེ་དག་ནི་མངོན་པར་རྟོགས་པ་ལ་བར་དུ་གཅོད་པར་བྱེད་པས་ན་སྒྲིབ་པ་རྣམས་སུ་གསུངས་སོ། །འདིར་བཤགས་པའི་དབང་དུ་བྱས་པ་ཡིན་པས་ན། ལས་ཀྱི་སྒྲིབ་པ་ཉི་ཚེ་བཟུང་ངོ། །དེ་དག་ཀྱང་སྙིང་པོ་རྣམས་ལས་རྣམ་པ་བཞིར་སྟོན་ཏེ། སྡིག་པ་དང། སྒྲིབ་པ ་དང། གགས་དང། ལས་ཀྱི་སྒྲར་གསུངས་སོ། །ད་ནི་འཇིག་རྟེན་དབང་ཞེས་བྱ་བ་ལ་སོགས་པས་མཆོད་པའི་ཡེ་ཤེས་སྟོན་ཏེ། འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ནས་རབ་ཏུ་མཉམ་པར་བཞག་པའི་ཡིད་ཀྱིས་ཨོཾ་ཞེས་བྱ་བ་ལན་མང་དུ ་བརྗོད་ན་མཆོད་པ་ཐམས་ཅད་བྱས་པར་འགྱུར་རོ། །ཏིང་ངེ་འཛིན་གཉིས་པ་ལ་ཡང་རིན་པོ་ཆེའི་རིགས་དང་འབྲེལ་པས་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་ཡིན་ཏེ། བྷྲུཾ(རྒྱུད་འགྲེལ་ཕྱག་རྒྱ་གཙོ་བོར་གྱུར་པ་ཡིན་ཏེ། པདྨའི་ཕྱག་རྒྱ་བསྒོམ་པ་ཉི་ཚེ་དང་ཧེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །བཞི་པ་ལ་ལས་ཀྱི་རིགས་ལ་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཡིན་ཏེ། དྷེ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ན་སངས་རྒྱས་ཐམས ་ཙད་མཆོད་པར་འགྱུར་ཏེ་ཐམས་ཅད་དུ་སྙིང་པོ་དང་སྦྱར་ཞིང་པདྨ་ཅི་ནུས་སུ་བསྒོམས་པས་ནམ་མཁའ་ཨི་ངོས་ཐམས་ཅད་བཀང་སྟེ་ཡིད་ཀྱིས་དབུལ་བར་བྱའོ། །ད་ནི་མཆོད་པའི་རྗེས་ལ་དངོས་གྲུབ་སྟོན་ཏེ། རིགས་བཞི་དང་འབྲེལ་བས་གང་གི་དོན་དུ་སྡིག་པ ་བཤགས་པ་དང། སྒྲིབ་པ་ཡོངས་སུ་ཟད་པར་བྱས་པ་དང། །སངས་རྒྱས་ལ་མཆོད་པ་བྱས་པས་རིགས་དང་པོ་ལ་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པས་དངོས་གྲུབ་ཀྱི་མཆོག་ཅི་འདོད་པར་འགྱུར་བར་བལྟའོ། །གཉིས་པ་ལ་ནི་དམ་ཚིག་གི་ཕྱག ་རྒྱ་གཙོ་བོར་གྱུར་པས་ན་དོན་གྱི་དངོས་གྲུབ་དང། རྒྱལ་སྲིད་ལ་སོགས་པའི་དངོས་གྲུབ་ཡིན་ནོ། །གསུམ་པ་ལ་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་ཁྲོ་བོའི་དངོས་གྲུབ་གསུངས་སུ་ཟིན་ཀྱང་གཙོར་ཡེ་ཤེས་འགྲུབ་པ་ཉིད་ཡིན་པར་ཤེས་པར་བྱའོ། །བཞི་པ ་ལ་ནི་ལས་ཀྱི་ཕྱག་རྒྱ་གཙོར་གྱུར་པས་ལས་ཕྲན་ཚོགས་འགྲུབ་པར་ཤེས་པར་བྱའོ། །གཙོར་ནི་གཞུང་ཉིད་གསལ་བས་ནམ་བཤད་དོ། །དེ་ནི་དེའི་འོག་ཏུ་གཞན་ཡང་དེ་ནས་ཞེས་བྱ་བ་པ་སོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་གསང་བའི་ཕྱག ་རྒྱུའི་ཡེ་ཤེས་སྟོན་ཏོ། །གསང་བར་གྱུར་པས་ན་གསང་བ་སྟེ། གང་ཕྱི་རོལ་གྱི་ཚུལ་གྱིས་མི་སྟོན་གྱི། སེམས་ཉིད་ཀྱིས་བྱེད་པ་དེ་ནི་གསང་བ་ཞེས་བཤད་པ་ཡིན་ཏེ། གསང་ཞིང་སྦ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་གསང་བ་དེ་བཞི་ཆར་ཡང ་སྤྱིར་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་བསྒྲུབ་པའི་ཚོན་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རམ། དཀྱིལ་འཁོར་ཆེན་པོར་ཕྱག་རྒྱ་རྣམས་གཡེང་བ་མེད་པའི་སེམས་ཀྱིས་ཡང་དག་པར་གཟུང་བ་ནི ་སེམས་དགའ་བར་བྱེད་པ་ཡིན་པས་ན། བུད་མེད་དང་རྩེ་བ་ཞེས་གསུངས་ཏེ། སྐྱེས་པ་འགའ་ཞིག་བུང་མེད་ལ་ཆགས་ན་དགའ་བསྐྱེ་བ་དང་འདྲ་བར་མི་གཡེང་བའི་སེམས་ཀྱིས་ཡང་དག་པར་འཛིན་པ་ནི་རྩེ་བ་ཞེས་བྱའོ།། ་དེ་ལྟར་འཛིན་པས་དེ་ལ་ཐོག་མ་ཉིད་དུ་སྡུག་པར་ལྟ་བར་འགྱུར་དོ། །ཡང་ནས་ཡང་དུ་མངོན་སུམ་དུ་བྱས་ན་སྐད་ཅིག་མ་གཉིས་པ་ལ་སོགས་པར་དགའ་བས་དེ་བཞིན་དུ་ལུས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་རོ། །དེ་ནས་ཞེ་སྡང་བ་དང་བྲལ་བས ་ལུས་ཀྱི་བདེ་བ་སྐྱེ་བར་འགྱུར་རོ། །དེ་ནས་ལུས་བདེ་བར་གྱུར་ན་སེམས་རྩེ་གཅིག་པར་འགྱུར་རོ། །རྩེ་གཅིག་པའི་སེམས་ཀྱིས་ནི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རྣམས་འཐོབ་པར་འགྱུར་བ་ཡིན་ནོ། །འདི་ནི་འདིར་སྦས་པ་ཡིན་ཏེ། ཕྱག་རྒྱ་བཞི ་གསང་བའི་ཡེ་ཤེས་སུ་གསུངས་སོ། །འདིར་ཡང་སྔགས་པས་དང་པོར་སྔགས་སྡར་སྤྱད་པ་བྱ་སྟེ་མཚན་མ་ཐོབ་པ་དང། བསྒྲུབ་པའི་དཀྱིལ་འཁོར་བྲིས་པ་དེར་བཞོས་དང་གཏོང་མ་དང། རོལ་མོ་ལ་སོགས་པས་མཆོད་པའི་ལས་བྱས་ནས་དེར་ཞུགས ་ལ་སྐུ་གཟུགས་བཏོན་ཏེ་དབུས་སུ་འདུག་ལ་འཇིག་རྟེན་དབང་ཕྱུག་གི་རྣམ་འབྱོར་དུ་བྱས་ལ་ཇི་སྐད་གསུངས་པའི་སྙིང་པས་སྡིག་པ་བཤགས་པ་བྱའོ། །དེ་ནས་སྙིང་པོ་དེ་ཉིད་ཀྱིས་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །དེ་ནས་མཆོད་པའི་སྙིང་པོ་རྣམས ་ཀྱིས་ཡིད་ཀྱི་མཆོད་པ་བྱའོ། །དེ་ནས་དཀྱིལ་འཁོར་ལ་དམིགས་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེ་ནས་དམིགས་པ་དེ་ལ་སྡུག་པ་དང། དགའ་བ་དང། བདེ་བས་སེམས་རྩེ་གཅིག་པར་འགྱུར་རོ། །དེ་ནས་ནི་ཡིད་ལ་འདོད་པའི་དངོས་གྲུབ་ངེས ་པར་འཐོབ་པར་འགྱུར་ཏེ། འདི་ནི་མན་ངག་ཡིན་ནོ། །ད་ནི་དེའི་འོག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་སྟོན་ཏོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། འོག་ནས་བཤད་པའི་པདྨའི ་རྣལ?་མོ་དང་ལྡན་པས་རང་གི་གནས་ན་བཞུགས་པའི་རྣམས་ཉིད་ཀྱི་ཕྱག་རྒྱ་ཕྱག་གཉིས་ཀས་འཛིན་པ་ནི་ཕྱག་རྒྱ་ཆེན་པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ། འགྲོ་བ་འདུལ་བའི་གཟུགས་ཀྱི་དཀྱིལ་འཁོར ་དུ་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱ་སོར་མོ་རྩེ་སྤྲད་པདྨ་བྱ་ཞེས་བསྟན་པ་གང་ཡིན་པ་དེ་ཉིད་འདིར་མཆོད་པའི་ལྷ་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེའི་དགོས་ལས་ཀྱི་དཀྱིལ་འཁོར་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས ་ནི་དཀྱིལ་འཁོར་གཟུང་སྟེ། དེར་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་གནས་གང་དང་གང་དུ་བཞག་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་པདྨའི་ཐལ་མོ་སྙིང་ག་དང། རྩིབ་ལོགས་དང། རྒྱབ་ལ་སོགས་པར་སྦྱོར་བའི་ཚུལ་གྱིས་གནས་ཐམས་ཅད་དུ་བཞག་ན་དམ ་ཚིག་གི་ཕྱག་རྒྱར་འགྱུར་རོ། །ད་ནི་དེའི་འོག་ཏུ་ཆོས་ཀྱི་ཕྱག་རྒྱ་བཤད་དེ། །འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཕྱག་རྒྱ་བསྟན་པ་གང་ཡིན་པ་དེ་འདིར་ཏྲ་ཞེས་བྱ་བ་དང་པོར་སྦྱར་ལ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ལྷ་མོ་དེ་རྣམས ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ལས་ཀྱི་ཕྱག་རྒྱ་སྟོན་ཏེ། །ལས་ཀྱི་དམ་ཚིག་གཉིས་བྱས་ལ་ཞེས་བྱ་བ་ནི། དཀྱིལ་འཁོར་འདིའི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་པདྨའི་ཐལ་མོ་གང་ཡིན་པ་དེ་གཉིས་སུ་བྱིས་པ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །ཡང་དག་སྦྱར ་ཞེས་བྱ་བ་ནི་འགྱིང་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་ལས་ཀྱི་དཀྱིལ ་འཁོར་གྱི་འགྲེལ་པའོ།། །།ད་ནི་དེའི་འོག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་རིགས་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། །ལས་ཀྱི་དཀྱིལ་འཁོར་གྱི་རྗེས་ལའོ། །ཡང་ཞེས་བྱ་བ ་ནི་སྔར་བཤད་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་བལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔ་མ་དང་འདྲ་བའོ། །རྡོ་རྗེའི་ཆོས་ཞེས་བྱ་བ་ལ་རྡོ་རྗེ་ཆོས་སྨོས་པས་ཆོས་ཉིད་གཟུང་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་སྐུའི ་དམ་ཚིག་གི་ཕྱག་རྒྱའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ་ཕྱག་རྒྱའི་སྙིང་པོ་གསུངས ་པའོ། འདི་ལ་སོགས་པ་གནས་ལྔ་པོའི་སྙིང་གོ་ལྔ་ཡིན་ན། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཆོག་ཅེས་བྱ་བས་ནི་འདིར་སླ་བས་འགྲུབ་པར ་སྟོན་པའི་ཕྱིར་རོ། །རྡོ་རྗེ་དབྱིངས་དང་འདྲ་བ་དང། །ཞེས་བྱ་བ་ནི་མཚུངས་པའོ། །དཀྱིལ་འཁོར་ཆེན་པོ་འདྲ་བར་བྱ་ཞེས་བྱ་བ་ནི་དབུས་ཀྱིས་དཀྱིལ་འཁོར་འགྲོ་བ་འདུལ་བའི་དཀྱིལ་འཁོར་དང་འདྲ་བར་པདྨ་འདབ་མ་བརྒྱད་པའི་ཚུལ་དུ་བྱ་བའོ། །ཕྱག ་རྒྱའི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་གཟུགས་ནི་བཞག་པར་བྱ་ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་དུ་གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྱས་པ་འམ་བླུགས་པ་འམ་བྲིས་པ་བཞག་ལ་དང་པོར་མཆོད་པ་ལ་སོགས་པ ་བྱ་བ་རྫོགས་ནས། །དེ་གསལ་ལ་སྔགས་པ་དེར་འདུག་ནས་བསྒྲུབ་པར་བྱིའོ། །དེ་ཡི་ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་གྱིའོ། །ཕྱོགས་རྣཾས་ཐམས་ཅད་དུ་ཞེས་བྱ་བ་ནི་ངོས་བཞི་ཆང་ཏེ་སེམས་དཔའ་རྡོ་རྗེ་མ་ལ་སོག་པའི་གནས་སུའོ། །རྡོ་རྗེ ་པདྨ་ལ་སོགས་བྲི་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་པདྨ་ནི་རྡོ་རྗེ་པདྨའོ། །དེ་བཞིན་དུ་རིན་པོ་ཆེ་དང། པདྨ་དང། །ལས་ཀྱི་རྡོ་རྗེས་མཚན་པའི་པདྨ་བྲི་བར་བྱའོ། །དེ་ནས་བཞེན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་དང། ་སློབ་མ་གཞུག་པའི་ཆོ་ག་བསྒྲེ་བ་དང། །མནའི་སྙིང་པོ་སྦྱིན་པ་ཡང་སྟོན་པ་ཡིན་ཞིང་དམ་ཚིག་ལས་འདས་པའི་ཉེས་དམིགས་སྟོན་པས་གང་གི་ཕྱིར་ཤིན་ཏུ་གསངས་པ་ལས་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ནས་དེའི་ཞེས་བྱ ་པ་ལ་སོགས་པས་དངོས་གྲུབ་སྟོན་ཏེ། ལག་པས་པདྨ་བཟུང་ནས་ཀྱང། བསྒྲིབས་ནས་ལེགས་པར་བསྣམས་པར་བྱ་ཞེས་བྱ་བ་ནི་བྱས་པ་འམ། བླུགས་པའི་པདྨ་ལག་ཏུ་ཐོགས་པའོ། །བསྒྲིབས་ཏེ་ལེགས་པར་བསྣམས་པར་བྱ་ཞེས་བྱ ་པ་འདིས་ནི་འདི་སྐད་སྟོན་ཏེ། ཇི་ལྟར་པདྨ་དེ་ཉིད་ལས་མཚུངས་པ་མེད་པའི་དྲི་འབྱུང་ལ་དྲི་ངོས་ཀྱང་ནམ་མཁའ་ཨི་གཏོས་ཐིད་བཀང་སྟེ། །སངས་རྒྱས་རྣམས་ལ་མཆོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱའོ། །མཉམ་པར་བཞག ་པ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་པའོ། །གཙུག་ཕུད་དབུས། སངས་རྒྱས་གཟུགས་ནི་རབ་བཞག་ལ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གཙུག་ཕུད་ཀྱི་དབུས་སུ་འོད་དཔག་ཏུ་མེད་པའི་གཟུགས་བཞག ་ལ་འཇིག་རྟེན་ཐམས་ཅད་དབང་དུ་བྱའོ། །ཇི་ལྟ་ཞེ་ན། འགྲོ་ཞིང་བསྒྱིངས་པ་བསྟན་ནས་ནི་ཞེས་བྱ་བ་གསུངས་ཏེ། བསྒྱིངས་པ་ནི་ལག་པ་ལྟ་ཟུར་དུ་འཇོག་པ་ཡིན་པར་ཤེས་པར་བྱའོ། །པདྨའི་པདྨ་གཟུགས་ཆེན་པོར་ཞེས་བྱ་བ་ནི་པདྨས ་མཚན་པའི་པདྨ་ནི་པདྨའི་པདྨའོ། །གང་གིས་ཤིན་ཏིང་འཛིན་གྱིས་སོ། །ཅི་ཞིག་བྱས་ནས་ཤེ་ན། །བྱས་ནས་ནི་ཞེས་པའོ། །ཇི་བཞིན་ཚུལ་དུ་འདུག་ནས་སུ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་དུ་བྱ་བའོ། །ཡིད ་ཀྱིས་དེ་ནི་གསད་པར་བྱ་ཞེས་བྱ་བ་ནི་པདྨ་དེ་གང་ལ་ལྟུང་བར་བྱས་པ་དེ་གདུལ་བར་བྱ་བའི་ཕྱིར་རྒྱལ་བ་ལ་སོགས་པའི་མཚན་ཉིད་དུ་གསོད་པར་བྱེད་པའོ། །པདྨའི་རྒྱ་གྲམ་ཉིད་དུ་ནི། བྱས་ཏེ་ཞེས་བྱ་བ་ནི་བྱས་པ་འམ་བླུགས་པའོ།། ་ལག་པ་གཡོན་པ་ཡིས་གཟུང་ནས་ཀྱང་ནི་ཞེས་བྱ་བ་ནི་ལག་པ་གཡོན་པ་དང་ལས་ཀྱི་ཕྱག་རྒྱ་ལེགས་པར་གཟུང་བའོ། །དབབ་སོགས་ལ་སྐོན་པ་དེ་ནི་རབ་ཏུ་བྱེད་ཅེས་བྱ་བ་འདིས་ནི་འབྲས་བུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དེ་ནས་ཞེས ་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་གསང་བ་སྟོན་ཏེ། ཆགས་ནས་དགོས་པ་ཐམས་ཅད་ནི་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ལ་མཆོག་ཏུ་ཆགས་ཤིང་དད་པས་ནི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། འདི་ནི་དམ་ཚིག་ཡིན ་ནོ། དེ་ཉིད་བསྒྲུབ་པར་དཀའ་བ་ཞེས་བྱ་བ་ལ་སོགས་པས་གསལ་བར་སྟོན་ཏེ། བསྒྲུབ་པར་དཀར་བའི་ཕྱག་རྒྱ་ཡང་སྐད་ཅིག་གིས་འགྲུབ་པར་འགྱུར་བའོ། །རྣལ་འབྱོར་གྱིས་ནི་ཞེས་བྱ་བ་ནི་གང་གི་ཕྱིར་དེའི་རང་བཞིན་དུ་བསྒོམས་པས་ཐམས ་ཅད་འགྲུབ་པར་འགྱུར་པའོ། །འབེབས་པའི་ཚིག་གིས་ན་འདིའི་ཉིད་ཀྱི་དོན་ནི་སྙིང་པོས་སྟོན་པ་ཡིན་ནོ། །ད་ནི་དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་བཞི་པོའི་ཕྱག་རྒྱ་བཅིང་བ་བསྲེ ་བ་སྟོན་པ་ཡིན་ཏེ། སོགས་པའི་སྒྲ་སྨོས་པས་ནི་སེམས་དཔའ་བཞི་པོའི་ཕྱག་རྒྱ་བཞི་པོ་ཡང་བསྟན་པར་བྱ་བའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར ་གྱི་འགྲེལ་པའོ།། །།དེ་ལྟར་དམ་ཚིག་གི་དཀྱིལ་འཁོར་བསྟན་ཟིན་ནས། ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་དཀྱིལ་འཁོར་སྟོན་ཏོ། །འགྲོ ་བ་ཐམས་ཅད་འདུལ་བ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་འདུལ་བའི་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ལ་བཞུགས་པའི་འཇིག་རྟེན་དབང་ཕྱུག་སྟེ་དེའི་སྙིང་པོ་ཡང་ཡིན་པ་གསུངས་པའོ། །ཡང་དེ་ནས་ཞེས་བྱ ་བ་ལ་སོགས་པས་ནི་འདི་ཉིད་ཀྱི་དཀྱིལ་འཁོར་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་རྗེས་ལའོ། །ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་མེད་ན་ཕྱག་རྒྱ་ཆེན་པོ་བསྒྲུབ་དུ་མི ་རུང་བའི་ཕྱིར། །རབ་ཏུ་བཤད་བྱ་བ་ཞེས་བྱ་བ་གསུངས་པ་ཡིན་ཏེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ། །ཅི་ཞིག་བཤད་ཅེ་ན་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཏེ་ཞེས་བྱ་བ་གསུངས་ཏེ། ་འགྲོ་བ་འདུལ་བ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྲི་བར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི་ཞེས་བྱ་བ་གསུངས་སོ། །ཅི་ནང་གི་དཀྱིལ་འཁོར་རས་ཞེ་ན་མ ་ཡིན་ཏེ། ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་གསུངས་སོ། །ནང་གི་དཀྱིལ་འཁོར་ཇི་ལྟར་བྲི་བར་བྱ་ཞེ་ན། དེའི་ནང་དུ་པདྨ་ཡང། །དེ་བཞིན་དུ་ནི་བྲི་བར་བྱ་ཞེས་གསུངས་སོ། །པདྨ་དེ་ལ་ཅི་ཞིག་བྲི་བར་བྱ་ཞེ་ན། དེར་ནི་འདབ་མ་ཀུན་ཁྱབ་པའི།། ་སྣ་ཚོགས་གཟུགས་ནི་དྲི་བར་བྱ་ཞེས་བྱ་བ་གསུངས་ཏེ། ལྟེ་བའི་དབུས་སུ་འཇིག་རྟེན་དབང་ཕྱུག་བྲིས་ལ་དེའི་ཕྱོགས་ཐམས་ཅད་ཀྱི་འདབ་མ་ཐམས་ཅད་དུ་སྐུའི་འོད་ཟེར་གྱི་སྒོ་ནས་འབྱུང་བའི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་གཟུགས་ཐམས་ཅད་བྲི་བར་བྱའོ། །དེ་ལྟར་བྲིས་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བྲིས་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་དང། སློབ་མ་གཞུག་པའི་ཆོ་ག་དང་དམ་ཚིག་སྦྱིན ་པ་བསྒྲེ་བར་བྱའོ། །འགྲོ་བ་ཐམས་ཅད་འདུལ་བའི་ཡེ་ཤེས་སློབ་པ་ཞེས་བྱ་བ་འགྲོ་བ་འདུལ་བ་སྟེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་དེའི་ཡེ་ཤེས་དེ་བསླབ་པར་བྱ་ཞིང་བསྟན ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་བསྟན་པར་བྱ་ཞེས་ན། ད་ནི་འགྲོ་བ་འདུལ་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་སྐད་སྟོན་ཏེ། ཇི་སྐད་གསུངས་པའི་དཀྱིལ་འཁོར་བྲིས་ནས་དེར་ཞུགས་ལ་དབུས? ་སུ་འདུག་སྟེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ། བཅོམ་ལྡན་འདས་སྣ་ཚོགས་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི་སྣ་ཚོགས་འཆང་བ་དང་འདྲ་བར་འགྱུར་རོ། །དེ་ནས་འགྲོ་བ་འདུལ་བའི ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཇི་ལྟ་བུས་དེ་བསྒྲུབ་པ་སྟེ། དེ་ནི་ཡི་གེས་ཇི་ལྟ་བ་བཞིན་དུ་མི་སྟོན་པས་ན་གསང་བའོ། །དེའི་ཡེ་ཤེས་ཡིན་པས་ན་གསང་བའི ་ཕྱག་རྒྱའི་ཡེ་ཤེས་ཏེ་སྣ་ཚོགས་གཟུགས་ཀྱི་ཏིང་ངེ་འཛིན་དུ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྣ་ཚོགས་གཟུགས་ཅན་གྱི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པ་ལ་སོགས ་པས་བསྐྱེད་པར་བྱའོ་ཞེས་པའོ། །དབང་པོ་གཉིས་ནི་སྦྱར་བར་བྱས་བྱ་བ་ལ་དབང་པོ་གཉིས་ཏེ། བདག་གི་དབང་པོ་དང། ལྷའི་དབང་པོ་གཉིས་རོ་གཅིག་པར་སྦྱར་ལ་དཀྱིལ་འཁོར་དུ། །སྤྱན་རས་གཟིགས་དབང་ཕྱུག་ཉིད་ནི ་བདག་ཡིན་ནོ། ཞེས་ཐེ་ཚོམ་མེད་པར་ངེས་པར་དེ་འགྲུབ་པར་འགྱུར། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཅིང་བ་རྣམས་བསླབ་པར་བྱའོ་ཞེས་བྱ་བ་འདི་སྐད་སྟོན་ཏེ། ཇི་ལྟར་འགྲོ་བ་འདུལ ་བའི་དཀྱིལ་འཁོར་དུ་བཅོམ་ལྡན་དས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་འདིར་ཡང་སྦྱར་རོ། །དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི ་དེ་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་ཇི་ལྟར་བསྟན་པ་དེ་བཞིན་དུ་འདིར་ཡང་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་སྟོན་ཏོ། །དེ་བཞིན་དུ་རས་ལ་སོགས་པ་ལ་ཡང་བྱའོ་ཞེས་བྱ་བ་འདིས་ནི་ཇི་ལྟར་དཀྱིལ་འཁོར་ཆེན་པོར་ཕྱག་རྒྱ ་ཆེན་པོ་བྲིས་པ་དེ་བཞིན་དུ་གཞན་དག་ལ་ཡང་བྱའོ་ཞེས་སྟོན་པ་ཡིན་ནོ། །ཕྱག་རྒྱ་གཞན་རྣམས་ཀྱང་ཕྱག་རྒྱ་གཅིག་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་པས་ནི་ཇི་ལྟར་ཕྱག་རྒྱ་ཆེན་པོ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་བསྒྲུབ་པར ་བསྟན་པ་དེ་བཞིན་དུ། དམ་ཚིག་གི་ཕྱག་རྒྱ་ཡང་ཕྱག་རྒྱ་གཅིག་པའི་ཚུལ་དུ་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་གསུངས་པས་ནི་འདི་ཡང་བསྒྲུབ་པའི་ཁྱད་པར་མང་པོ་མེད་དོ་ཞུ་སྟོན་པ་ཡིན་ཏེ། ཇི ་ལྟར་འདིར་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་དུ་བྱ་བར་བསྟན་པ་དེ་བཞིན་དུ་རྟོག་པ་ཐམས་ཅད་ལ་ཡང་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་ཤེས ་པར་བྱའོ། །ད་ནི་རྟོག་པ་འདི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གསུངས་པ་དེ་ཡང་སངས་རྒྱས་དེ་རྣམས་ཀྱིས་གནང་སྟེ་བཤད་དོ་ཞེས་སངས་རྒྱས་ཀྱི་གསུང་དུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་རྣམས ་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་པ་སྟོན་ཏོ། །འདི་དག་ནི་བཤད་ཟིན་ཏེ། རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་རིན་ཆེན་དང། རྡོ་རྗེ་ཆོས་དང། རྡོ་རྗེ་ལས་ཀྱི་སྒོ་ནས་རྡོ་རྗེ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བས་བསྟོད་པའོ། །ཡོངས་སུ་དག་པའི་ཕྱིར་མདོ ་འདི་ཡང་ནི་ལེགས་པར་བཤད་ཅེས་གསུངས་སོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེའི་ཐེག་པ་བླ་ན་མེད་ཅེས་བྱ་བས་སྟོན་ཏེ། རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། །ཡེ་ཤེས་ནི་རྡོ་རྗེ་ལས་བྱུང་བའི་ཕྱིར་རོ། །དེ་རྣམས་ཀྱི་ཐེག་པ་ཡིན ་བས་ན་རྡོ་རྗེའི་ཐེག་པ་སྟེ། ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་ཡང་དེ་ཉིད་བསྟན་པའི་ཕྱིར་རོ། །དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བླ་ན་མེད་ཅེས་བྱ་བ་གསུངས་ཏེ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་གསང་བ་ཡིན་པར་སྟོན་ཏོ། །ཇི་ལྟར་ན་འདི་གསང་བ་ཡིན་ཞེ་ན། གང་གི་ཕྱིར་ཐེག་པ་མངོན་འདུས་པའི་ཞེས་བྱ་བ་གསུངས་པ་ཡིན་ཏེ། ཐེག་པ་ཆེན་པོ་འདིར་སྔོན་དུ་ཕྱོགས་པས་བསྡུས་པ་འོ ་ཞེས་བྱ་བའི་དོན་དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་འགྲེལ་པ་རྫོགས་སོ།། །།དེ་ནི་འདི་མན ་ཆད་དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པ་སྟོན་ཏོ། །དེ་ལ་རྟོག་པ་དེ་བསྟན་པའི་ཕྱིར་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔར་རྡོ་རྗེ་རིན་ཆེན་གྱི་གཟུགས་ཀྱིས་བཞུགས་པ་ལ་གསོལ་བ་གདབ་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་མཛད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་རྗེས ་ཐོགས་ལ་སྟེ་ཆོས་ཀྱི་དམ་ཚིག་བསྟན་པའི་རྗེས་ལའོ། །ཡང་ཞེས་བྱ་བའི་སྒྲར་ནི་སྔར་འདུས་པ་མཛད་པ་ལས་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དོ། །འདུས་ནས་ཞེས་བྱ་བ ་ནི་ཚོགས་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་རིན་པོ་ཆེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནོ། །རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་རྡོ་རྗེ་འཛིན་པ་ཞེས་སྨོས་པ་ནི ་འདིར་རྡོ་རྗེ་སེམས་དཔའ་གཟུང་སྟེ། གང་གི་ཕྱིར་འདི་ཉིད་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཀྱིས་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་འཕགས་པ་ན་མཁའ་སྙིང་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས ་རྡོ་རྗེ་རིན་ཆེན་དེ་ཉིད་ནམ་མཁའ་ཉིད་ཀྱི་སྐྱེ་གནས་མངའ་བསན་ནམ་མཁའ་ཨི་སྙིང་པོ་ཞེས་བཤད་དེ། ནམ་མཁའ་ཨི་འོད་ཟེར་གྱི་ནོར་བུ་རིན་པོ་ཆེ་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཨོ།། ་མཚན་བརྒྱ་རྩ་བརྒྱད་པ་འདིས་ཞེས་བྱ་བ་ནི་འོག་ནས་འབྱུང་བས་སོ། །གསོལ་བ་བཏབ་པོ་ཞེས་བྱ་བ་ནི་གསོལ་བ་འདེབས་པའི་རྒྱུ་ཡིན་པ་ན་གསོལ་བ་གདབ་པ་ཞེས་དེ་སྐད་གསུངས་ཀྱི་གཞན་དུ་ན་བསྟོད་དོ་ཞེས་པར་འགྱུར ་རོ། ནམ་མཁའ་ཨི་སྙིང་པོ་སེམས་ཅན་དོན་ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པ་བཅོ་ལྔས་ནི་མཚན་བརྒྱ་རྒྱ་བརྒྱད་སྟོན་ཏེ། འདི་ལ་ནམ་མཁའ་ཨི་ཉིད་ཀྱི་སྐྱེ་གནས་མངའ་བས་ན་ནམ་མཁའ་ཨི་སྙིང་པོ་སྟེ་དེ་ལས་ཡང་དག་པར་བྱུང་བའི་ཕྱིར་རོ། ། ་སེམས་ཅན་རྣམས་ཀྱི་དོན་མཛད་པས་ན་སེམས་ཅན་དོན་ནོ། །འདི་ལ་སེམས་དཔའ་ཚད་མེད་པ་མངའ་བས་ན་སེམས་དཔའ་ཆེན་པོའོ། །ཡང་ན་སེམས་ཅན་གྱི་ཁམས་ཆེན་པོའི་དོན་སྒྲུབ་པ་ལ་བརྩོན་པར་མཛད་པས་ནི་སེམས་དཔའ་ནི ་པོའོ། མདངས་ཆེན་པོ་མངའ་བས་ན་གཟི་ཆེན་པོ་སྟེ་གཟི་ནི་མདངས་ལ་བྱའོ། །རིན་པོ་ཆེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རིན་ཆེན་ཆེ་བའོ། །རིན་པོ་ཆེ་བཟང་པོ་རྣམས་ཀྱི་ནང་ན་མཆོག་ཡིན་པས་རིན་ཆེན་མཆོག ་གོ་།རྡོ་རྗེས་མཚན་པའི་རིན་པོ་ཆེ་ཡིན་པས་ན་རྡོ་རྗེ་རིན་ཆེན་ནོ། །རབ་ཏུ་བྱེད་པ་འདི་ལས་ནི་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །དབང་བསྐུར་སྩོལ་བས་ན་དབང་བསྐུར་སྦྱིན་ནོ། །ཚད་ཆེ་བས་ན་རིན་ཆེན་ཆེའོ། ། ་ཤིན་ཏུ་རྣམ་པར་དག་པས་ན་དག་པ་ཆེའོ། །དགེ་བ་རྒྱ་ཆེ་བའི་སེམས་ལས་ཡང་དག་པར་བྱུང་བས་ན་དགེ་བ་ཆེའོ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་བའི་དོན་དུ་གྱུར་པ་ན་སངས་རྒྱས་རིན་ཆེན་ནོ། རིན་པོ་ཆེའི་སྒྲོན་དང ་བྲལ་བས་ན་རྣམ་དག་སྐུའོ། །རིན་པོ་ཆེ་རྣམས་ཀྱི་ནང་ན་ཡོན་ཏན་གྱིས་འཕགས་པའི་ཕྱིར་རིན་ཆེན་རིན་ཆེན་ནོ། །ནམ་མཁའ་ཨི་ངོ་བོ་ཉིད་ཡིན་པས་ནམ་མཁའ་ཨོ། །དེ་ལས་ཡང་དག་པར་བསྐྱེད་པས་ན་ནམ་མཁའ་ལས ་བྱུང་བའོ། །སྤྲོ་བའི་དུས་སུ་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པས་ནམ་མཁའ་ཐམས་ཅད་དོ། །འདི་ན་འོད་ཆེན་པོ་མངའ་བས་དངོས་པོ་ཐམས་ཅད་གསལ་བར་མཛད་པས་ན་འོད་ཆེ་བའོ། །ནམ་མཁའ་ཉིད་ཀྱི་རྒྱུ་མངའ་བས་ན་ནམ་མཁའ་ཨི ་དབྱིངས་ཏེ་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཡིན་ནོ། །དངོས་པོ་ཐམས་ཅད་ནམ་མཁར་བསྒོམས་པས་ནམ་མཁར་བྱང་བའི་ཕྱིར་ནམ་མཁའ་ཀུན་ནོ། །རེ་བ་ཀུན་མཆོག་ཅེས་པ་ལ་རེ་བ་ནི་ཕྱོགས་ལ་བྱ་སྟེ་དེ་རྣམས་ཀྱི་མཆོག་ཡིན་པ་དེ་ལ་བརྟེན་ནས ་ཕྱོགས་ཀྱི་ཆ་རྣམ་པར་འཇིག་པའི་ཕྱིར་རོ། །སེམས་དཔའ་འདི་ལ་རིན་པོ་ཆེའི་རང་བཞིན་གྱི་མཛོད་སྤུ་མངའ་བས་ན་རིན་ཆེན་མཛད་སྤུའོ། །རིན་པོ་ཆེ་ལྟ་བུའི་བསམ་པ་ལས་གྱུར?་བས་ན་རིན་ཆེན་འབྱུང་ངོ། །སངས་རྒྱས་བཅོམ ་ལྡན་འདས་ཀྱི་མཛོད་སྤུ་དང་ཉེ་བར་གནས་པས་ན་སངས་རྒྱས་མཛོད་སྤུའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་བཟུང་བས་ན་བདེ་གཤེགས་རབ་བོ། །རིན་པོ་ཆེ་ཐམས་ཅད་འཛིན་པར་མཛད་པས་ན་རིན་ཆེན་ཐམས ་ཅད་དོ། །རབ་ཀྱང་ཡིན་ལ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཀྱང་ཡིད་པས་ན་རབ་ཀུན་མཆོག་གོ་།འདི་ལ་རིན་པོ་ཆེའི་དགོས་པ་མངའ་བས་མ་རིན་ཆེན་དགོས་པའོ། །ཕྱིའི་འབྱུང་ཁུངས་ལས་བྱུང་བའི་རིན་པོ་ཆེ ་རྣམས་དང། དེ་ལས་གཞན་པ་ནང་གི་རིགས་ལ་སོགས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་རིན་ཆེན་རིན་ཆེན་ནོ། །དེ་རྣམས་ལས་ཀྱང་མཆོག་ཏུ་གྱུར་པ་ཡིན་པས་ན་རིན་ཆེན་རིག་མཆོག་གོ། །རིན་པོ་ཆེ་རྣམས་ཀྱི་ནང་ན ་དྲག་པོ་ཡིན་པས་ན་རིན་ཆེན་དྲག་སྟེ་རང་གི་གཟི་བརྗིད་ཀྱི་ཁྱད་པར་གྱིས་རིན་པོ་ཆེ་གཞན་རྣམས་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་སེམས་དཔའ་རྣམས་ཀྱི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས ་པ་ཀུན་ནོ། །རིན་ཆེན་ནི་དངོས་སུ་བཤད་པ་འདི་ཉིད་དོ། །ཐུགས་རིན་པོ་ཆེ་ལས་བྱུང་བ་ཉིད་ཀྱིས་རིགས་རིན་པོ་ཆེ་རྣམས་ཤིན་ཏུ་བྱད་པར་དུ་འཕགས་པས་ན་རིན་ཆེན་དམ་པའོ། །ནམ་མཁའ་ཆེན་པོ་ལས་ཡང་དག་པར་འཁྲུངས་པས ་ན་ནམ་མཁའ་ཆེའོ། །སྤྲོ་བའི་ཆེ་ནམ་མཁའ་དང་ལྷན་ཅིག་མཉམ་པར་མཛད་པས་ན་ནམ་མཁའ་མཉམ་མོ། །རྒྱན་དུ་གྱུར་པར་མཛད་པས་ན་རྒྱན་ཏེ་ཨ་ལམ་ནི་རྒྱན་གྱི་དོན་ལ་འཇུག་པ་ཡིན་པའི་ཕྱིར་རོ། །མཛེས་པ་ཆེན་པོར་མཛད ་པས་ན་མཛེས་པ་ཆེའོ། །མཛེས་པ་རྣམས་སྐྱེ་བའི་གནས་སུ་གྱུར་པས་ན་མཛེས་པའི་འབྱུང་གནས། །མཛེས་པ་རྣམས་ཀྱི་ནང་ན་ཡང་མཛེས་པར་མཛད་པས་ན་རབ་མཛེས་མཛད་དོ། །དོན་ཐམས་ཅད་སྦྱིན་པ་པོར ་གྱུར་པས་ན་དོན་ཀུན་ནོ། །དྲི་མ་རྣམས་དང་བྲལ་བས་ན་དགའ་བའོ། །དག་པའི་དོན་རྣམས་རབ་ཏུ་སྩོལ་བར་མཛད་པས་ན་དག་པའི་དོན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པས་ན་སྦྱིན་སྤྱོད་དོན ་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་རིན་པོ་ཆེའི་ངོ་བོ་ཡིན་པས་ན་ཆོས་རིན་ཆེན་ནོ། །རྣམ་པར་དག་པ་ནི་སངས་རྒྱས་རྣམས་ཏེ་དེ་རྣམས་ཀྱི་འཕྲལ་བར་བཞུགས་པོས་ན་རྣམ་དག་མཆོག་གོ་།ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་སེམས ་འདུས་པའི་ངོ་བོ་ཡིན་པས་ན་དགེ་འདུན་རིན་ཆེན་ནོ། །ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་གཤེག་པའི་ངོ་བོ་ཡིན་པས་ན་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བས་ཆེན་པོ་རྣམས་དབང་བསྐུར་བར ་བྱེད་པའི་ཕྱིར་དབང་བསྐུར་ཆེན་པོའོ། །གང་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པས་ན་འཇིག་རྟེན་དོན་ནོ། །དོན་རྣམས་སྩོལ་བས་རབ་ཏུ་དགའ་བ་བསྐྱེད་པར་མཛད་པའི་ཕྱིར་དོན ་སྦྱིན་ནོ། །སྦྱིན་པ་སྩོལ་བར་མཛད་པས་ན་སྦྱིན་པའོ། །མཆོག་ཏུ་སྦྱིན་པ་སྩོལ་བར་མཛད་པས་ན་རབ་སྦྱིན་ནོ། །སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པས་ན་སྦྱིན་པའི་མཆོག་གོ་།འདིས་སྦྱིན་པར་མཛད་པས་ན་གཏོང་བ ་སྟེ་སྦྱིན་པ་ཉིད་ཀྱི་རྣམ་གྲངས་ལ་གཏོང་བ་ཞེས་བྱའོ། །དགོངས་པ་ལ་དབང་སྒྱུར་བས་ན་གཏོང་མཆོག་ཅེས་བྱའོ། །བྱེད་པ་པོའི་སྒོ་ནས་སྦྱིན་མཛད་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པས་ན ་སེམས་ཅན་དོན་ནོ། །དངོས་པོ་ཐམས་ཅད་ལ་ཞུགས་པ་ཡིན་པའི་ཕྱིར་ཀུན་ནོ། །དངོས་པོ་ཐམས་ཅད་རྣམ་པར་རྟོག་པ་ལ་རག་ལས་སྟོན་པས་ཕྱིན་ཅི་ལོག་ལས་གྲོལ་བའི་ཕྱིར་དེ་ཉིད་དོན་ནོ། །སེམས་ཅན་གྱི་ཚོགས ་ཆེན་པོའི་དོན་མཛད་པས་ན་དོན་ཆེན་ནོ། །ཆེད་དཀར་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་དོན་ནོ། །རབ་ཏུ་བྱེད་པ་འདི་ལ་ནི་མཚན་བཅུ་གཅིག་ཡོད་དོ། །དེ་ལས་སེམས་ཅན་རྣམས་ཀྱི་དོན་འབྱུང་བས་ན་བསམ་པའི་རྒྱལ་པོའོ། ། ་ཚད་མེད་པའི་གཟི་བརྗིད་མངའ་བས་ན་གཟི་བརྗིད་ཆེའོ། །འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛད་པས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་ཚུལ་ལོ། །ཕྱིན་ཅི་མ ་ལོག་པའི་དོན་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པའོ། །སེམས་དཔའ་དཔག་ཏུ་མེད་པས་ན་སེམས་དཔའ་ཆེའོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲ་རབ་ལས་བྱུང་བས་ན་སངས་རྒྱས་ཀུན་ནོ། །དེ་བཞིན་གཤེགས་པ ་ཐམས་ཅད་དུ་གཏོགས་པའི་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བའི་དོན་དུ་བརྟགས་པས་ན་དེ་བཞིན་གཤེགས་པ་རིན་ཆེན་ཆེའོ། །རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་བསྟོད་པས་ན་དེ་བཞིན་གཤེགས་པ་འོད་ཆེ་སྟེ་ཞེས་བྱའོ། །རྡོ་རྗེ་དཔལ་གྱི་སྒོ་ནས་བསྟན ་པས་ན་དེ་བཞིན་གཤེགས་པ་དཔལ་ཆེན་པོའོ། །རྡོ་རྗེ་བཞད་པའི་སྒོ་ནས་བསྟོད་པས་ན་བཞང་ཆེན་ནོ། །རབ་ཏུ་བྱེད་པ་འདི་ལ་ནི་མཚན་བཞི་ཡོད་དེ། གང་གི་མཚན་བཅུ་གཅིག་པོ་དེ་ལས་གསུམ་འདིར་བསྡུ་བར་རིག་པར་བྱའོ། །དེ་བཞིན ་གཤེགས་པ་རྣམས་ཀྱི་དབང་བསུར་པའི་དོན་དུ་བརྟགས་པས་ན་དེ་བཞིན་གཤེགས་པའི་དབང་བསྐུར་རོ། །དབང་བསྐུར་བ་ཐམས་ཅད་ཀྱི་དམ་པར་གྱུར་པས་ན་མཆོག་གོ་།ཆེ་བ་རྣམས་དབང་བསྐུར་བར་མཛད་པས་ན་དབང་ཆེན་ནོ། །ཐམས ་ཅད་ཁྱབ་པས་ན་ཁྱབ་བདག་ཆེན་པོའོ། །འཇིག་རྟེན་རྣམས་སྲུངས་བར་མཛོད་པས་ན་འཇིག་རྟེན་ནོ། །མགོན་མེད་པ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་མཛད་པས་མགོན་པོའོ། །འཇིག་རྟེན་རབ་མཆོག་བྱ་བ་ལ་འཇིག་རྟེན་གྱི ་རབ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱིས་དབང་བསྐུར་བ་ཡིན་པས་ན་འཇིག་རྟེན་རབ་མཆོག་གོ་།འཇིག་རྟེན་གྱི་བར་ན་གནས་པ་རྣམས་ལ་ཡང་སྣང་བར་མཛད་པས་ན་འཇིག་རྟེན་ཉེ་མཁོ། །རབ་ཏུ་བྱེད་པ ་འདི་ལ་ནི་མཚན་བརྒྱད་ཡོད་དོ། །རིན་པོ་ཆེ་ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་རིན་ཆེན་ཕུལ་ལོ། །ཕུལ་ཏུ་བྱུང་བ་རྣམས་ལས་ཀྱང་ཕུལ་དུ་བྱུང་བ་ན་རབ་ཀྱི་མཆོག་གོ་།རིན་པོ་ཆེ་རྣམས་ཀྱི་རྒྱན་མངའ་བས་ན་རིན་ཆེན་རྒྱན་ནོ།། ་རིན་པོ་ཆེ་རྣམས་མཛད་པས་ན་རིན་ཆེན་མཛད་དེ་རིན་པོ་ཆེའི་ཆེར་རབ་ཏུ་འབེབས་པར་མཛད་པའི་ཕྱིར་རོ། །ཉིད་ཀྱི་སྣང་བ་རྗེས་སུ་འབྲང་བར་མཛད་པས་ན་རིན་ཆེན་སྣང་བའོ། །ཕྱོགས་སྐྱོང་བ་ཁྱབ་པར་མཛད་པས ་ན་སྣང་བ་ཆེའོ། །འཇིག་རྟེན་ཐམས་ཅད་དུ་གྲགས་པར་མཛད་པས་ན་རིན་ཆེན་གྲགས་པའོ། །རིན་པོ་ཆེའི་ཕུང་པོའི་ནང་ན་བཞུགས་པས་རིན་ཆེན་ཕུང་པོ་སྟེ། རིན་པོ་ཆེའི་རང་བཞིན་ཅན་ཀྱི་ཕུང་པོ ་མངའ་བའི་ཕྱིར་ཏེ་བྱི་བའི་བྲུན་ལྟ་བུའོ། །རིན་པོ་ཆེའི་བསམ་པ་བཟང་པོ་ལས་འཁྲུངས་པས་ན་རིན་ཆེན་འབྱུང་ངོ། །ནོར་བུའི་དོན་རྫོགས་པར་མཛད་པས་ན་ནོར་བུའོ། །རྡོ་རྗེ་ནོར་བུར་མཚན་པས་ན་རྡོ་རྗེ་ནོར་བུའོ། །ཡོན ་ཏན་རྣམས་ཀྱི་གཞིར་གྱུར་པས་ན་ཡོན་ཏན་ནོ། །རིན་པོ་ཆེ་ཐམས་ཅད་སྐྱེ་བའི་འབྱུང་གནས་སུ་གྱུར་པས་ན་རིན་ཆེན་འབྱུང་བའོ། །ཉིད་ཀྱི་འོད་ཀྱིས་ཡོངས་སུ་བསྐོར་བས་ན་སྐུ་རབ་འབར་རོ། །རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན ་ཡིན་པས་ན་རིན་ཆེན་ཀུན་ནོ། །འདི་ལ་ནི་མཚན་བརྒྱད་ཡོད་དོ། །འདི་ལ་བདག་ཉིད་ཆེན་པོ་མངའ་ཞིང་བདག་ཉིད་ཆེ་བ་དང་ལྡན་པས་ན་ཆེ་ཉིད་དོ། །དབུལ་པོ་རྣམས་ཀྱི་འཛུ་སར་གྱུར་པས་ན་ཤིང་པོ། །རིན་པོ་ཆེ ་ཐམས་ཅད་ཀྱི་བདག་པོར་གྱུར་བས་ན་རིན་ཆེན་དབང་ངོ། །ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་ན་རེ་བ་ཐམས་ཅད་སྐོངས་མཛད་པའོ། །ཐམས་ཅད་ཀྱི་མངོན་པར་འདོད་པ་ཡང་དག་པར་སྒྲུབ་པར ་མཛད་པས་ན་བསམ་པ་ཐམས་ཅད་ལེགས་པར་བརྙེས་བའོ། །དོན་གཅིག་དོན་དུ་གཉེར་ན་ཡང་བསམ་པའི་ཁྱད་པར་གྱིས་མང་པོ་རྙེད་པར་འགྱུར་པས་ན་རིན་ཆེན་ཕུང་པོའོ། །འདི་ལ་ནི་མཚན་དྲུག་སྟེ་འདས་མ་ཐག་བའི ་ལྷག་མ་བདུན་དུ་འགྱུར་རོ། །འོད་ཟེར་གསལ་བའི་མཆོག་མངའ་བས་ན་འོད་མཆོག་གོ་།ཐུགས་རིན་པོ་ཆེས་ཐམས་ཅད་དུ་ཁྱབ་པས་ན་ཁྱབ་པའོ། །དངོས་པོ་ཐམས་ཅད་ཐུགས་རིན་པོ་ཆེ་འདིས་འདུས་བས་ན་བདག་ཉིད་ཀུན་ནོ།། ་མཆོག་སྩོལ་བར་མཛད་པས་ན་མཆོག་རབ་སྦྱིན་པའོ། །མཆོག་ཆེན་པོ་མངའ་བས་ན་མཆོག་ཆེའོ། །འདི་ཡོད་པ་ལས་འབྲུ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་པས་ན་ཕུན་སུམ་ཐམས་ཅད་དོ། །འདི་ཡོད་པ་ལས་ཁྱད་པར་དུ་འབྱོར ་པར་གྱུར་པས་ན་འབྱོར་པའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྙིང་པོ་མངའ་བས་ན་རྡོ་རྗེའི་སྙིང་པོའོ། །འདི་ལ་ནི་མཚན་བརྒྱད་དེ་དེ་ལྟར་ན་མཚན་བརྒྱ་རྩ་བརྒྱད་དུ་ཤེས་པར་བྱའོ། །དེ་ནི་མིང་བརྒྱ་རྩ་བརྒྱད་ཅེས་བྱ་བ་ལ ་སོགས་པས་མཚན་བརྒྱ་རྩ་བརྒྱད་པའི་ཕན་ཡོན་ཏེ། ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་དབང་བསྐུར་བ། །ཐོབ་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དབང་བསྐུར་བས་བསྟོད ་ན་སངས་རྒྱས་ཐམས་ཅད་འདིའི་དབང་བསྐུར་བ་ལ་མངོན་དུ་ཕྱོགས་པར་འགྱུར་བའོ། །སྡིག་མེད་ཅེས་བྱ་བ་ནི་བསྟོད་པས་སྡིག་པ་དང་འབྲལ་བའི་ཕྱིར་རོ། །རིན་ཆེན་ཁྱོད་ཅེས་བྱ་བ་ནི་ཡོད?་པའོ། །གསོལ་པ་ནི་ཞེས་བྱ་བ་ནི་བསྙེན ་བཀུར་སྔོན་དུ་འགྲོ་བའི་བསྟོང་པས་མཆོད་པའོ། །ནོར་འདུས་པ་ནི་བཤད་པར་མཛོད་ཅེས་བྱ་བ་ནི་ནོར་ཡང་དག་པར་བསགས་པའི་རྒྱུར་གྱུར་པས་ན་རིན་པོ་ཆེའི་རིགས་ཉིད་ལ་ནོར་འདུས་པའི་སྒྲར་གསུངས་སོ། །སངས་རྒྱས་ཀུན ་གྱི་དབང་བསྐུར་མཆོག་ཅེས་བྱ་བ་ལ་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བའི་མཆོག་ནི་རྡོ་རྗེ་རིན་ཆེན་ཏེ། དེ་རིགས་འདིར་གཙོ་བོ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རང་གི་རིགས་ནི་བསྐྱེད་པར་མཛོད་ཅེས་བྱ་བ་ནི་རིན་པོ ་ཆེའི་རིགས་ཤེས་པར་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དབང་བསྐུར་བའི་དམ་ཚིག་ཅེས་བྱ་བ་ཞེས་བྱ་བ་ནི་བདག་པོ་བསྐུལ་བའི་དམ་ཚིག་གི་སྙིང་པོའོ། །ད་ནི་འདི་མན་ཆད་བདག་པོ་ལྔའི་རང་གི ་དཀྱིལ་འཁོར་སྔ་བྱིན་གྱིས་བརློབ་པར་མཛད་པའི་རིག་པ་དམ་པ་ལྔ་ཡིན་པར་ཤེས་པར་བྱ་སྟེ། དང་པོའི་རིག་པ་དམ་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུའི་དམ་ཚིག་ཅེས་བྱ་བ་ནི་རིན་པོ་ཆེའི ་རིགས་ཀྱི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ནོར་བུའི་དམ་ཚིག་གོ་།གཉིས་པ་ལས་རང་གི་རིགས་འབྱུང་པ་ཞེས་གསུངས་པ་ནི་རང་གི་རིགས་ཏེ་རིན་པོ་ཆེའི་རིགས་འདི་ལས་འབྱུང་བའི་ཕྱིར་རོ། །གསུམ་པར་རང་གི ་རིག་པ་དམ་པ་ཞེས་གསུངས་པ་ནི་རང་གི་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པའི་རིག་པ་དམ་པ་ཡིན་པས་ན་རང་གི་རིག་པ་དམ་པའོ། །བཞི་པར་ཡང་རང་གི་རིགས་འབྱུང་པའི་རིག་པ་དམ་པ་ཞེས་གསུངས་པ་ནི་རང ་གི་རིགས་འབྱུང་བ་ཡང་འདི་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ལྔ་པར་ཡང་རང་གི་རིག་པ་དམ་པ་ཞེས་གསུངས་པ་ནི་རང་གི་རིགས་འབྱུང་བའི་ཕྱིར་རོ། །དེ་ནས་བྱ་བ་ཆུབ་སེམས ་དཔའ་ཆེན་པོ་འགགས་པ་ནམ་མཁའ་ཨི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་རིན་པོ་ཆེ་ཞེས་བྱ་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་དེ་བཞིན་བཤེགས་པ་རྣམ་དབང་བསྐུར་པའི ་རིན་པོ་ཆེ་ལ་དམིགས་པས་ནི་ཏིང་ང་ཨེའ་ཛིན་འདི་ལ་མིང་འདི་སྐད་ཅེས་བྱའོ། །དེ་ནས་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནོར་བུ་རིན་པོ་ཆེ་ལྟ་བུའི?་འོད་ཟེར ་རྣམས་བྱུང་ནས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་ནོར་བུ་རིན་པོ་ཆེ་སྟེ་དེ་ལྟ་བུའི་འོད་ཟེར་རྣམས་སོ། །དེ་དག་གིས་ཞེས་བྱ་བ་ནི་འོད་ཟེར་རྣམས་ཀྱིས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་ཞེས་བྱ་བ་ནི ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གིས་དབང་བསྐུར་ནས་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ནི་འཇིག་རྟེན་པའི་ལྷ་ལ་སོགས་པ་སྟེ། དེ་རྣམས་དེ་བཞིན་གཤེགས ་པ་ཐམས་ཅད་ཉིད་དུ་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྟེ་དེས་དབང་བསྐུར་པའོ། །ཡང་གཅིག་ཏུ་གྱུར་ཏེ་ཞེས་བྱ་བ་ནི་སྤྲོས་པ་རྣམས་བསྡུ་བ་བྱས་པས་སླར་འདུས་ཏེ་གཅིག་ཏུ་གྱུར་པའོ། །བཅོམ་ལྡན་འདས་བྱང ་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའ་ཨི་སྙིང་པོའི་ཐུགས་སུ་ཞུགས་སོ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སེམས་དཔའ་རྣམས་སྤྲུལ་པར་མཛད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་པ་སྟེ་འོད་ཟེར་ཞུགས་པའི་རྗེས་ལའོ། །ནམ་མཁའ་ཨི་སྙིང་པོའི ་ཐུག་པས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཅེས་བྱ་བ་ནི་གང་སྔར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་གདབ་པ་རྡོ་རྗེའི་སྙིང་པོའི་ཚུལ་གྱིས་བཞུགས་པ་དེའི་ཐུགས་ལས་སྤྲུལ་པའི་སྐུ་དེ་བཞག་སྟེ། དེར་ཕྱག་ན་རྡོ་རྗེ་ཉིད ་དཀྱིལ་འཁོར་པའི་སེམས་དཔའ་ལྷག་མ་རྣམས་ཀྱི་གཟུགས་སུ་འབྱུང་བའི་མཚོན་མ་ཇི་ལྟ་བུས་?་ཞེ་ན། ཀུན་ནས་འོད་ཟེར་འབར་བའི་སྙིང་པོར་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེའི་འོད་ཟེར་ཀུན་ནས་འབར་བ་དེས་སྙིང་པོར་བྱས་ཤིང་ནད་བུ ་ཆུད་པར་བྱས་པས་ན་ཀུན་ནས་འོད་ཟེར་འབར་བའི་སྙིང་པོའོ། །རྡོ་རྗེ་དང?་ནོར་བུ་དང། རིན་པོ་ཆེ་སྣ་ཚོགས་ཀྱི་དཔལ་ལ་སོགས་པའི་བཀོད་པ་དང། རྒྱན་གྱིས་བརྒྱན་པའི་སྐུ་ཞེས་བྱ་བ་ནི་རྡོ་རྗེ་དང། ནོར་བུ་དང། རིན་པོ་ཆེ་ཡང་ཡིན་ལ ་སྣ་ཚོགས་པ་ཡང་ཡིན་པས་ན་རྡོ་རྗེ་དང་ནོར་བུ་དང། རིན་པོ་ཆེ་སྣ་ཚོགས། །དེ་རྣམས་ཀྱི་དབང་བསྐུར་བ་ནི་རྡོ་རྗེ་དང། ནོར་བུ་དང། རིན་པོ་ཆེ་སྣ་ཚོགས་ཀྱི་དབང་བསྐུར་བའོ། །དེ་དང་པོར་བྱས་པའི་རྒྱན་གང་ཡིན་པ་དེ་ནི་རྡོ་རྗེ་དང། ་ནོར་བུ་དང། རིན་པོ་ཆེ་ལ་སོགས་པའི་རྒྱན་ནོ། །དེ་ཉིད་རྒྱན་ཏེ་ངེས་བརྒྱན་པའི་སྐུ་གང་ཡིན་པ་དེ་ནི་རྡོ་རྗེ་དང། ནོར་བུ་དང། རིན་པོ་ཆེ་སྣ་ཚོགས་ཀྱི་དབང་བསྐུར་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་སྐུའོ། ་རྡོ་རྗེའི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱའི་མཚན་མ་ཕྱག་ན་བསྣམས་པ་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་དང། རིན་པོ་ཆེ་ཡང་ཡིན་པས་རྡོ་རྗེ་ནོར་བུ་རིན་པོ་ཆེ་ཆེན་པོའོ། །དེ་ཉིད་ནི་ཕྱག་རྒྱའི་མཚན་མ་ཡིན་པས་ན་རྡོ་རྗེའི་ནོར་བུ ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱའི་མཚན་མའོ། །དེ་ཕྱག་ན་བསྣམས་པ་གང་ཡིན་པ་དེ་ནི་རྡོ་རྗེའི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱའི་མཚན་མ་ཕྱག་ན་བསྣམས་པའོ། །དེ་རྣམས་ཅིར་འགྱུར་ཏེ་བྱུང་ཞེ་ན། བྱང་ཆུབ་སེམས་དཔའ་ ་ཆེན་པོའི་སྐུ་རྣམས་སུ་གྱུར་ཏེ་གྱུར་ཞེས་བྱ་བ་གསུངས་སོ། །བྱུང་ནས་གང་དུ་བཞུད་ཅེ་ན། འཇིག་རྟེན་ཁམས་ཐམས་ཅད་དུ་ཞས་བྱ་བ་གསུངས་སོ། །དེ་རྣམས་ཀྱིས་དེར་ཅི་ཞིག་མཛད་ཅེ་ན། རིན་པོ་ཆེ་ཆེན་པོའི་ཆར་ཕབ་པ་ལ་སོགས་པ་ནོར ་བསྐྱེད་པ་རྣམས་ཀྱིས་སེམས་ཅན་རྣམས་མགུ་བར་བྱས་ནས་ཞེས་བྱ་བ་གསུངས་སོ། །མགུ་བར་བྱས་ནས་ཅི་ཞིག་མཛད་ཅེ་ན། སླར་ཡང་བྱོན་ཏེ་ཞེས་བྱ་བ་གསུངས་སོ། །སླར་བྱོན་ནས་གང་དུ་བཞུགས་ཤེ་ན། བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་ཕྱོགས་ཐམས་ཅད་དུ་ཞེས་བྱ་བ་གསུངས་སོ། །ཇི་ལྟར་བཞུགས་ཤེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་གསུངས་སོ། །གང་དུ་བཞུགས་ཤེ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ཞེས་བྱ་བ་གསུངས་སོ།། ་དེར་བཞུགས་ནས་ཅི་ཞིག་མཛད་ཅེ་ན། ཆེད་སུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་གསུངས་སོ། །ཆེད་དུ་བརྗོད་པ་དེ་ཡང་ཡིན་ཞེ་ན། དེ་ནི་ཨེ་མའོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ་གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་རིན་ཆེན་ཐམས་ཅད་བསྡུས་པ་ནི་ཞེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་དུ་གཏོགས་པའི་རིན་པོ་ཆེ་ཐམས་ཅད་བསྡུས་པ་འདི་ཡིན་པས་ན་རིན་ཆེན་ཐམས་ཅད་བསྡུས་པའོ། །དེ་གར་ཡིན་ཞེ་ན། རྡོ་རྗེ་རིན་ཆེན ་རིགས་ཉིད་དུ་ཞེས་བྱ་བ་སྟེ་རྡོ་རྗེས་མཚན་པའི་རིན་པོ་ཆེས་ཉེ་བར་མཚོན་པའི་རིགས་ཡིན་པས་ན་རྡོ་རྗེ་རིན་ཆེན་རིགས་ཉིད་དོ། །ཅི་སྲིད་པའི་དྲ་བ་སྤངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་འདི་དགོས་སམ་ཞེན། གར་ཕྱིར་ཞེས ་བྱ་བའི་སྒྲ་འདི་བར་འདིར་སྦྱར་བར་བལྟ་སྟེ། གང་ཕྱིར་འགྲོ་བའི་དོན་དུ་འདི་གྱུར་ཏེ་ཞེས་བྱ་བ་གསུངས་སོ། །དེ་ནི་འདི་སྐད་སྟོན་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་དེ་བཞིན་གཤེགས་པ་རྣམས་ལ་ལྟ་ནོར་བསགས་པ ་དགོས་པ་མ་ཡིན་མོད་ཀྱི། འོན་ཀྱང་དབང་པོ་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ལ་འདི་དགོས་པའི་ཕྱིར་རོ། །ད་ནི་ཇི་ལྟར་སྤྲུལ་པའི་ཕྱག་རྒྱའི་ཚོགས་འདི་རྣམས་བྲི་བར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ ་ཡི་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་ཕུལ་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱ་པའི་ཕྱིར་དེ་བཞིན ་གཤེགས་པ་རྣམས་ལ་ཕུལ་བ་སྟེ། སངས་རྒྱས་ཀྱི་གསུང་ཉིད་དུ་བསྒྲག་པ་དང། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །ཕུལ་ནས་ཇི་ཞིག་མཛད་ཅེ་ན། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ ་ཞེས་བྱ་བ་སྨོས་ཏེ། འོན་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཐམས་ཅད་ཀྱི་དོན་གྲུབ་པ་ཡིན་པས་ན་དོན་ཐམས་ཅད་གྲུབ་པ་སྟེ་མིང་འདི་སྐད་ཅེས་བྱ་བའི་དཀྱིལ་འཁོར་གང་ཡིན་པ་ཐུགས་ལ་གནས་པ་འདི་གསུངས་ཤིང ་བཀའ་སྩལ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་དཀྱིལ་འཁོར་སྤྲུལ་པའི་རྗེས་ལའོ། །?་དཀྱིལ་འཁོར་མེད་ན་སེམས་ཅན་དབང་པོ་ཡོངས་སུ་མ? ་སྨིན་པ་རྣམས་ཀྱི་དོན་དུ་མི་འགྱུར་ཏེ། དེ་བས་ན་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་གསུངས་པ་ཡིན་ཏེ། རབ་ཏུ་བཤད་པ་ཞེས་བྱ་བ་ནི་ཡང་དག་པ་རབ་ཏུ་ཕྱེ་ཞིང་བཤད་བསམ་རབ་ཏུ་བཤད་བྱ་བའོ། །ཅི་ཞིག་བཤད་པར ་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའོ། །ཇི་ལྟ་བུ་ཞེ་ན། དམ་པའོ། །ཅི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ་ཞེས་བྱ་པ་སྟེ་རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན་དོན་ཀུན་གྲུབ་པ་ཞེས་བཤད་པ་ཞེས ་བྱ་བའོ། །དེ་སྲད་བུ་ཇ་ལྟ་བྲི་བར་བྱ་ཞེ་ན། གྲུ་བཞི་པ་ལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འདི་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད་དུ་བཤད་ཟིན་ཏོ། །དེའི་ནང་དུ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཞེས་བྱ་བ་ནི་ཇི་སྐད ་དུ་གསུངས་པའི་བྱིའི་དཀྱིལ་འཁོར་གྱིའོ། །ནང་དུ་ཞེས་བྱ་བ་ལ་ནང་རིམ་དུ་ཅི་ཞིག་བྱ་ཞེ་ན། རྡོ་རྗེའི་རིན་ཆེན་ལས་བྱུང་གནས་བྱ་ཞིང་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། དེའི་ནང་དུ་རིན་པོ་ཆེ་ཟུར་ཆ་བརྒྱད་པར་བྱས་ཏེ། རྡོ་རྗེའི ་ཐིག་ཉིད་ཟུར་བརྒྱད་པར་གདབ་པར་བྱའོ། །དེའི་དབུས་སུ་ནི་ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །རིན་ཆེན་སྣ་ཚོགས་འོད་འབར་བའི། །དཀྱིལ་འཁོར་ལྔས་ནི་རྒྱན་གྱུར་པར། །དེར་ནི་སྲད་བུ་བྲེ་བར་བྱ་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། ་ཕྱིའི་ཐིག་ཟུར་བརྒྱད་པར་?་པའི་ནང་དུ་རིགས་རེ་དེ་ཞིང་ཡང་དཀྱིལ་འཁོར་ལྔ་ལྔས་མཛེས་པར་བྱས་ལ་དེའི་རིན་པོ་ཆེ་སྣ་ཚོགས་ཀྱང་འོད་འབར་བར་བྱས་ཏེ། སེམས་དཔའ་རེ་རེའི་ནང་གི་དཀྱིལ་འཁོར་རེ་རེ་ཞིང་ཡང་རིན་པོ ་ཆེ་གཞན་དང་གཞན་དུ་བྱ་བ་དང། །རིན་པོ་ཆེ་དེ་དག་གི་འོད་ཟེར་ཡང་རྣམ་པ་སྣ་ཚོགས་སུ་འབར་བ་ཤ་སྟག་གིས་འབར་བར་བྱའོ། །དཀྱིལ་འཁོར་ལྔ་ལ་ལྔའི་དབུས་མའི་དཀྱིལ་འཁོར་ལྔ་ལ་ཅི་ཞིག་བྱ་ཞེ་ན། རང་གི་ཕྱག་རྒྱས་བསྐོར་ཏེ། ་ངེས་ནི་སངས་རྒྱས་བཞག་པར་བྱ་ཞེས་བྱ་བ་སྟེ། རང་གི་ཕྱག་རྒྱ་བཞི་པོའི་འཁོར་གྱིས་བསྐོར་བས་ན་རང་གི་ཕྱག་རྒྱས་བསྐོར་བའོ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་པོའི་དགོད་པར་བྱ་བའི ་སྙིང་པོ་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ནི་དཀྱིལ་འཁོར་ཐོག་མ་བྱིན་གྱིས་བརློབ་པ་དང། དགོད་པའི་རིག་པ་དམ་པ་དེ་ཉིད་ཡིན་པར་ཤེས་པར་བྱའོ། །རེ་བ་ཀུན་གྲུབ་དཀྱིལ་འཁོར་དུ་ཞེས་བྱ་བ་ལ་སོགས་པ ་ལ་རེ་བ་ཀུན་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ནི་འདིར་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་བས་ན་རེ་བ་ཀུན་གྲུབ་དཀྱིལ་འཁོར་ཏེ། རེ་བ་ཀུན་རྒྱབ་པ་ནི་འདིར་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་གཟུང་བར་བྱའོ། །དེ་ཇི་ལྟར་བྲི་བར་བྱ ་ཞེ་ན། དེའི་ཕྱིར་རིན་ཆེན་མཆོག་ནི་སྦྱིན་པར་བྱ་ཞེས་བྱ་བ་སྟེ། རིན་པོ་ཆེ་དམ་པ་སྩོལ་བས་ན་རིན་ཆེན་མཆོག་སྦྱིན་ནོ། །ཡང་ན་རིན་པོ་ཆེ་དང་རྒྱལ་སྲིད་ལ་སོགས་པའི་དམ་པ་སྩོལ་བས་ན་རིན་ཆེན་མཆོག་སྦྱིན་ཏེ། ཕྱག ་གཡས་པ་མཆོག་སྦྱིན་རིན་པོ་ཆེ་དང་བཅས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་པ་ནི་ཆར་དུའོ། །རིན་ཆེན་ཕྱག་རྒྱར་ལྡན་པ་ཡི་ཞེས་བྱ་བ་ལ་རིན་ཆེན་ཕྱག་རྒྱ་ནི་མཚན ་མ་སྟེ་རང་གི་ཕྱག་རྒྱ་ལག་ན་ཐོགས་པའོ། །ལྟག་འོག་གོ་རིམ་ཇི་བཞིན་རུ། །སེམས་དཔའ་ཆེན་པོ་རྣམས་བྲིའོ་ཞེས་བྱ་བ་ནི་རྡོ་རྗེ་བྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་གོ་རིམ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །རིན་ཆེན ་ཕྲེང་བའི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཕྱག་གཉིས་ན་རིན་པོ་ཆེའི་ཕྲེང་བ་བསྣམས་པ་ནི་རིན་ཆེན་ཕྲེང་བ་ཡིན་པར་ཤེས་པར་བྱ་སྟེ། དེའི་དཀྱིལ་འཁོར་ཡིན་པས་ན་རིན་ཆེན་ཕྲེང་བའི ་དཀྱིལ་འཁོར་རོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་རིན་ཆེན་ཕྲེང་བ་ཡིའོ། །ལྟག་འོག་གོ་རིམ་ཇི་བཞིན་པར་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ ་འཁོར་ཆེན་པོར་སེམས་དཔའ་རྣམས་ཀྱི་གོ་རིམ་ཇི་ལྟ་བར་གནས་པ་དེ་དང་དེ་བཞིན་དུ་བྲི་བར་བྱ་སྟེ། འདི་དག་གི་ཕྱག་མཚན་ལ་ནོར་བུས་མཚན་པ་ཕྱག་ན་ཐོད་པའི་ཁྱད་པར་འབའ་ཞིག་ཏུ་ཟད་དོ། །འདི་ང?་དབུས་ཀྱི་དཀྱིལ་འཁོར་དུ་ནི་རྡོ་རྗེ་སྙིང་པོ་བཞུགས ་པར་ཤེས་པར་བྱ་ལ། རིན་ཆེན་ཕྲེང་བ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་བཞག་པར་བྱའོ། །རིན་ཆེན་པདྨའི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི་རིན་པོ་ཆེས་མཚན་པའི་པདྨ་མངའ་བས་ན་རིན་ཆེན་པདྨ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་ཡིད? ་གནས་ཀྱི་རྡོ་རྗེ་སྙིང་པོའོ། །རིན་ཆེན་པདྨ་འཛིན་ཁྱབ་བདག་།དེར་གནས་པར་ནི་བྲི་བར་བྱ་ཞེས་བྱ་བ་ལ་དེར་བཞུགས་པར་ན་དེར་གནས་པའོ། །ནི་ཞེས་བྱ་བའི་སྒྲའི་དོན་ཉིད་ཅེས་བྱ་བའི་དོན་ཏེ་གནས་དེ་ཉིད་དུ་བྲི་བར་བྱའོ་ཞེས་བྱ་བའི ་དོན་ཏོ། །ཇི་ལྟ་བུར་བྲི་བར་བྱ་ཞེ་ན། རིན་ཆེན་པདྨ་འཛིན་པ་ཞེས་བྱ་བ་སྟེ་རིན་པོ་ཆེས་མཚན་པའི་པདྨ་བསྣམས་པའོ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ། །དེའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིན་ཆེན་ཆར ་ཞེས་བྱ་བ་ལ་སོགས་པ་ལ་འདིར་རིན་པོ་ཆེའི་ཆར་འབེབས་པར་བྱེད་པ་ཡིན་པས་ན་རིན་ཆེན་ཆར་འབེབས་སོ། །དེའི་དཀྱིལ་འཁོར་ཡིན་པས་རིན་ཆེན་ཆར་འབེབས་དཀྱིལ་འཁོར་རོ། །དེའི་དབུས་ཀྱི་དཀྱིལ་འཁོར་དུ་ཅི་ཞིག ་བྲི་བར་བྱ་ཞེ་ན། སེམས་དཔའ་ཆེ་རྣམས་དེར་ཡང་བྲི་ཞེས་བྱ་བ་གསུངས་ཏེ། སེམས་དཔའ་ཆེན་པོ་ནི་འདིར་གདོན་མི་ཟ་བ་གྲུབ་པའི་གནས་ཀྱི་རྡོ་རྗེ་སྙིང་པོ་གང་ཡིན་པའོ། །ཅི་ཞིག་མཛད་པར་བྲི་ཞེ་ན། རིན་ཆེན་ཆར་ནི་རབ་འབེབས་པའི ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་འབེབས་ཤིང་གཏོང་བར་བྲི་བར་བྱའོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་ཀུན་ཏུའོ། །ཅི་འདྲ་བར་དྲི་ཞེ་ན། མདོར་ན་ལག་ན་ཕྱག་རྒྱ ་ཡང། །རིན་ཆེན་མཚན་མར་ལྡན་པ་ཡི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏོ། །རང་གི་མཚན་མ་རྣམས་རིན་པོ་ཆེས་མཚན་པ་ཕྱག་ན་བསྣམས་པར་བྲི་བར་བྱའོ། །ཅི་ཞིག་བྲི་ཞེ་ན། སེམས་དཔའ་ཆེ་རྣམས་ཆོ་ག་བཞིན་ཞེས་བྱ་བའོ། །དེ ་ལ་དེ་དག་གི་སྙིང་པོ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་འདིར་ཞེས་བྱ་བ་ལ་སོགས་པ་ལ། དེ་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དོ། །ནོར་བུ་རིན་པོ་ཆེའི་སློབ་ལའོ། །དཀྱིལ་འཁོར་ཆེན་པོ་ནི་འདིར་དོན ་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དོ། །ནོར་བུ་རིན་པོ་ཆེའི་སློབ་དཔོན་ཉིད་ཇི་ལྟ་བ་བཞིན་དུ་བཞུགས་ཏེ་ཞེས་བྱ་བ་ལ་ནོར་བུ་རིན་པོ་ཆེ་ཐོགས་པའི་སློབ་དཔོན་ཡིན་པས་ན་ནོར་བུ་རིན་པོ་ཆེའི་སློབ་དཔོན་ཏེ་དཀྱིལ་འཁོར་འདིར་དབང་བསྐུར་བ་དང ་གཞུང་ཤེས་པ་དང། ལས་ལ་མཁས་པའོ། །ཇི་ལྟ་བ་བཞིན་དུ་ཞུགས་ཏེ་ཞེས་བྱ་བ་ནི་ཕྱག་བཞི་བྱས་ནས་རྡོ་རྗེ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་བུམ་པས་བདག་ཉིད་དབང་བསྐུར་ལ་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དམ་ཚིག་གི་ཕྱག་རྒྱ ་རང་གི་སྙིང་པོས་བཅིངས་ནས་དེས་ཕྲེང་བ་གཟུང་ལ་འཇུག་པའི་སྙིང་པོ་བརྗོད་ནས་ཞུགས་ཏེ་མི་བསྐྱོད་པའི་གནས་ན་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྲེང་བ་དེ་ཕུལ་ནས་སླར་ཡང་བླངས་ཏེ། བདག་གི་མགོ་ལ་དེ ་བཅིངས་ཞིང་སློབ་དཔོན་གྱི་ལས་ཐམས་ཅད་ཀྱང་བདག་ལ་དེས་མཛད་པར་ལྷག་པར་མོས་པར་བྱའོ། །དེ་ནས་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བཀའ་ནོད་པ་ལ་སོགས་པ་བྱའོ། །འདི་ནི་རང་གི་ཆོ་ག་ཇི ་ལྟ་བ་བཞིན་དུ་བྱ་བ་རྒྱས་པ་ཡིན་ནོ། །ད་ནི་སློབ་མ་གཞུག་པའི་ཆོ་ག་སྟོན་ཏེ། རིན་པོ་ཆེས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་ནོར་བུའི་སློབ་མ་དབང་བསྐུར་ཏེ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་སྙིང་པོ་བཟླས་པ་ཕྱི ་རོལ་ན་གནས་པ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བྱིན་གྱིས་བརླབས་པས་དབང་བསྐུར་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་སྟེ། རྡོ་རྗེ་ནོར་བུ་ཡང་ཡིན་ལ་དམ་ཚིག་གི་ཕྱག་རྒྱ ་ཡང་ཡིན་པས་ན་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་སྟེ། བཅིངས་པར་བྱ་བའོ། །དེ་ཡང་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་རྡོ་རྗེ་རིན་ཆེན་གྱི་མྱུ་གུ་ཞེས་གྲགས་པ་གང་ཡིན་པ་སྟེ། དེ ་སློབ་མ་འཆིང་དུ་གཞུག་གོ་།སྙིང་པོ་གང་གིས་ཕྱག་རྒྱ་དེ་འཆིང་དུ་གཞུག་ཅེ་ན། འདི་ཞེས་བྱ་བས་སྟོན་ཏེ། རྗེས་ཐོགས་ཉིད་ལ་སྙིང་པོ་སྟོན་པས་སོ། །དེའི་རྗེས་ལ་ཅི་ཞིག་བྱ་ཞེ་ན། ཁ་དོག་ཇི་ལྟ་བུའི་རྙེད་པའི་ཞེས ་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་སྐད་སྟོན་ཏེ། རིན་པོ་ཆེའི་རིགས་ལ་ནི་ནོར་བུའི་ཁ་དོག་སྣ་ཚོགས་པ་སྲིད་པས་གོས་ལ་ཁ་དོག་ནི་ངེས་པ་མེད་དེ་ཅི་རྙེད་པ་ལས་སྟོད་གཡོགས་བྱའོ། །གདོང་ཇི་ལྟ་བུས་བྱ་ཞེས་ན། ་དེ་དང་འདྲ་བས་མིག་གཡོགས་ལ་སྙིང་པོ་འདི་བརྗོད་དུ་བཙུག་སྟེ་གཞུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཞུགས་ནས་དམ་ཚིག་མ་སྲུང་པ་དེའི་ཉེས་དམིགས་ནི་འདི་ཁྱོད་ཀྱིས་སུ་ལ་ཡང་ཞེས་བྱ་བ་ལ་སོགས་པ་འདིས ་སྟོན་ཏོ། །དམ་ཚིག་གཉིས་སུ་བྱས་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ལག་པ་གཡས་པའི་སོར་མོའི་གུང་མོ་ལ་གཡོན་པའི་ཁྲོ་བོའི་ལྕགས་ཀྱུས་གཏོགས་ཅིང་རྡོ་རྗེ་དབབ་པའི་རྙིང་པོ་བརྗོད་པ་དེ་བཞིན་དུ་འདིར་ཡང ་གཡས་པའི་མཛུབ་མོའི་རྡོ་རྗེ་མྱུ་གུ་ལ་གཡོན་པའི་མཛུབ་མོའི་ལྕགས་ཀྱུས་བརྡབ་ཅིང་རྡོ་རྗེ་དབབ་པའི་སྙིང་པོ་ཡང་བརྗོད་པར་བྱའོ། །དེ་ནས་ཐེག་པ་ཆེན་པོ་མངོན་པར་འདུས་པ་ཡང་བརྗོད་པར་བྱའོ། །དེ་ནས་སློབ་མ་དེ་ལ་འབབ་པར ་འགྱུར་རོ། །འདི་དག་ནི་གོ་སླ་བས་འདིར?་མ་བཤད་དོ། །བབས་ནས་རྡོ་རྗེ་ཚིག་གིས་དྲི་བར་བྱའོ། །ཞེས་བྱ་བ་ནི་འབྲས་བུ་སྟོན་ཏེ། །རྡོ་རྗེ་ཚིག་སྒྲ་ནི་སྤངས་པའོ། །འདི་སྐད་སྟོན་ཏེ། བབས་པ་དེའི་ཁ་དང། བདག་ཉིད་ཀྱི་ཁར་ལྕེ ་ལ་རྡོ་རྗེ་བསམས་ཏེ་ཅི་ནས་ཀྱང་གཞན་སུས་ཀྱང་ཐོས་པར་མི་འགྱུར་བ་དེ་ལྟར་བརྗོད་པར་བྱའོ། །རྟོག་པ་འདི་ནི་དོན་གྱི་དངོས་གྲུབ་ཀྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར་ཐོག་མ་ཁོ་ནར་གཏེར་དྲི་བ་ཉེ་བར་བཀོད་པ་བྱས་པ་ཡིན་ནོ། །གདོང་གཡོགས ་པ་དགྲོལ་ཏེ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ་ཞེས་གང་གསུངས་པ་དེ་ཉིད་ཇི་ལྟར་བསྟན་པར་བྱ་བ་གཞུང་ཕྱི་མས་གསལ་བར་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་འདི་ཡིན་ཞིང།། ་རྟོག་པའི་རྒྱལ་པོ་ཆེན་པོའི་དཀྱིལ་འཁོར་ཆེན་པོའི་གཙོ་བོ་ཡིན་ཏེ། དེ་བས་ན་ཉེ་བར་གདགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་པའི་དམ་ཚིག་ཀྱང་བསྟན་ཏེ་ཞེས་གསུངས་པ་ཡིན་ནོ། །ཇི་སྲིད་ཀྱི་བར་དུ ་བསྟན་པར་བྱ་ཞེ་ན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་ཞེས་བྱ་བ་གསུངས་སོ། །འདིས་ནི་རྒྱལ་པོའི་ཕོ་བྲང་གི་གཞུང་ལུགས་བསྟན་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང ་མཛད་ཐ་མར་བསྟན་པར་བྱའོ་ཞེས་སྟོན་པ་ཡིན་ཏེ། །འདིར་དང་པོ་མ་སྨོས་མོད་ཀྱི་འོན་ཀྱང་དོན་གྱི་དབང་གིས་ཤེས་པར་བྱ་སྟེ། དཔེར་ན་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་འདོད་པས་དང་པོ་ཁོ་ནར་སྒོ ་སྲུངས་ལ་སོགས་པ་བལྟ་དགོས་པ་དང་འདྲའོ། །འདི་སྐད་སྟོན་ཏེ། དང་པོར་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་སྒོ་སྲུངས་བཞི་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་བདུག་པ་ནས་བརྩམས་ཏེ་ཕྱིའི་མཆོད་པ་བཞིའོ། །དེ་ནས་རྡོ་རྗེ་སྒེག ་མོ་ནས་བརྩམས་ཏེ་གསང་པའི་མཆོད་པ་རྣམས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། བཅོམ་ལྡན་འདས་མི་བསྐྱོད་པའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ནས་བརྩམས་ཏེ། ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་བར་དུའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ནས་བརྩམས་ཏེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ལས་ནས་བརྩམས་ཏེ་བཅོམ ་ལྡན་འདས་གདོན་མི་ཟ་བར་གྲུབ་པའི་བར་དུའོ། །དེ་ནས་སེམས་དཔའ་རྡོ་རྗེ་མ་ནས་བརྩམས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུའོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཡང་འདི ་བཞིན་དུ་བལྟ་བར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་ཞེས་བྱ་བའི་ཚིག་འདིའི་དོན་ནི་བར་དུ་ཞེས་བྱ་བའི་སྒྲས་བསྡུས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཅི་འབྱོར་པས་མཆོད་པ་བྱས་ནས ་ཞེས་བྱ་བ་ནི་དཀྱིལ་འཁོར་བསྟན་པའི་འོག་ཏུ་སློབ་དཔོན་རང་ཉིད་དང་སློབ་མའི་གཙོ་བོ་དེ་ཉིད་ཀྱིས་ཡོ་བྱས་ཅི་འབྱོར་པས་མཆོད་པ་བྱའོ། །དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི་སློབ་དཔོན་གྱིས ་སློབ་མ་ལ་དབང་བསྐུར་བ་ལ་སོགས་པའི་ལས་ཐམས་ཅད་བྱ་བ་དང། སློབ་མས་ཀྱང་བསྒྲུབ་པའི་ལུང་ནོད་པ་ལ་སོགས་པ་བྱའོ། །དེའི་འོག་ཏུ་གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དོན་འབྱུང་པའི་ཡེ་ཤེས་སྟོན་ཏེ། ཡེ་ཤེས ་ཀྱི་ཕྱག་རྒྱ་ནི་རང་གི་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས་བསྒོམ་པའི་རང་བཞིན་གྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེ། །ཤིན་ཏུ་མཉམ་པར་བཞག་པས ་བཅིངས་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་ཤིན་ཏུ་རྩེ་གཅིག་པས་མ་གཡེངས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྙིང་པོ་ནི་བདག་ཡིན་ནོ། །ཞེས་བསྒོམ་པའོ། །གཏེར་བརྐོས་ནས་ནི་གང་དག་ན། །གཏེར་ཡོད་པ་དེ་མཐོང་བར་འགྱུར་ཞེས་བྱ ་བ་ནི་གང་དུ་གཏེར་རྐོ་བར་དྲི་དང་མེ་ཏོག་ལ་སོགས་པ་བྱིན་ལ། དང་པོ་ཁོ་ནར་རིན་ཆེན་བརྡབ་པའི་ཕྱག་རྒྱ་བཅིངས་ནས་གཏོར་མ་བྱིན་ལ། གང་དུ་གཏེར་དང་རྗེས་སུ་མཐུན་པར་བརྐོས་ན་དེར་ངེས་པར་མཐོང་བར་འགྱུར་ཏེ། འདི་ནི་མི་བསྐྱོད ་པའི་རིགས་ཀྱི་ཆོ་གའོ། །ད་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་སྟོན་ཏེ། དམ་ཚིག་ནི་མཆོག་བཅིངས་ལ་ཞེས་བྱ་བ་ནི་འདིར་ཕྱག་རྒྱ་ཆེན་པོ་ཡང་སྦྱར་བར་བྱ་སྟེ། དམ་ཚིག་གི་མཆོག་ཉི་ཚེ་སྨོས་པ་ནི་གཙོ་བོར་བསྟན་པ་ཙམ་དུ་ཟད་དོ།། ་གང་ན་གཏེར་རྣམས་ཡོད་པར་འགྱུར་བ་ཞེས་བྱ་བ་ནི་མཚན་མ་སྣང་བ་ལ་སོགས་པའི་རྣམ་པར་འགྱུར་བ་སྣང་བ་ལས་འཇིག་རྟེན་པ་རྣམས་གང་ན་གཏེར་ཡོད་པར་རེ་བའོ། །དེར་ནི་ཕྱག་རྒྱ་བཙིར་ན་ནི་ཞེས་བྱ་བ་ནི་རེ་བའི་གནས་སུའོ།། ་ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །བཙིར་བ་ནི་ས་ལ་བཞག་ལས་དེ་སྙི་རབ་ཏུ་བསམས་པར་བྱ་སྟེ། ཨ་མྲའི་འབྲས་བུ་ལ་སོགས་སྨིན་པ་ལག་པས་བཅིར་ན་ཚིག་གུ་འབྱུང་བ་ལྟ་བུར་བསམས་ནས་བཅིར་བར ་བྱའོ། །དེས་ན་རང་ཉིད་འབྱུང་བར་འགྱུར་རོ། །ད་ནི་པདྨའི་རིགས་ལ་བརྟེན་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ་སྙིང་པོའི་ཏིང་འཛིན་དུ། །ཤིན་ཏུ་མཉམ་བཞག་བསྒོམས་?་ཞེས་བྱ་བ་ལ་རང ་གི་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ལ་མི་གཡེང་བའི་ཡིད་ཀྱིས་བསྒོམས་ན་གཏེར་གང་ན་གནས་པ་ཤེས་པར་འགྱུར་ཏེ། འདིར་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་པོ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོའི?་ཏིང་འཛིན་གྱིས ་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་རིགས་སུ་གཏོགས་པའི་སྦྱོར་བ་སྟོན་ཏེ། འདིར་ཡང་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་ཕྱག་རྒྱ་བཞི་དང་ལྡན་པ་དེ་བཞིན་དུ་བྱས་ལ་ཕྱོགས་གང་དུ་གཏེར་ཡོད་པར་རེ་བ་དེར་འཆག་ཅིང་འགྲོ་བར་བྱ་སྟེ། གནས ་གང་དུ་དེ་འབབ་པར་འགྱུར་བ་དེ་ན་གཏེར་ཡོད་དོ་ཞེས་ཤེས་པར་བྱའོ། །འདིར་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་ཤེས་པར་བྱའོ། །སྦྱོར་བ་འདི་བཞི་ཆར་ལ་ཡང་ཟླ་བ་བཞིའི་བར་དུ་ཐུན་བཞིར་ཕྱག་རྒྱ་བསྒོམ་ཞིང་དྲི་དང་མེ ་ཏོག་ལ་སོགས་པས་མཆོད་པ་བྱ་བ་འམ། ཐན་ཟླ་བ་གཅིག་གི་བར་དུ་དང་པོར་སྔོན་དུ་བསྙེན་པ་བྱས་ལ་གང་ན་གཏེར་ཡོད་པར་རེ་བ་དེར་སོང་ནS་ས་ཡོངས་སུ་སྦྱང་བ་བྱས་ཏེ་འབྱོར་པ་ཡོད་ན་དཀྱིལ་འཁོར་དྲི་བར་བྱའོ། །གལ་ཏེ ་མ་འབྱོར་ན་དྲི་དང་མེ་ཏོག་དང་ཕྲེང་བ་ལ་སོགས་པ་བྱིན་ལ་སྦྱོར་བ་འདི་རྣམས་བསྒྲུབ་པར་བྱའོ། །འདི་དག་ནི་འོག་ནས་བཤད་པའི་སྦྱོར་བ་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོར་བསྒོམས་ན་ནི་ཞེས་བྱ་བ་ལ་སོགས ་པ་ལ་དེ་བཞིན་དུ་རས?་གི་ལྷའི་རྣལ་འབྱོར་བྱས་ལ། གང་ན་གཏེར་ཡོད་པར་རེ་བ་དེར་སེམས་མཉམ་པར་བཞག་པར་འཆག་པར་བྱའོ། །གང་དུ་ལུས་ནི་འཁོར་གྱུར་པ་ཞེས་བྱ་བ་ནི་གནས་གང་དུ་ལུས་འཁོར་བར་གྱུར་པ་དེ་ནི་རིན ་པོ་ཆེའི་རང་བཞིན་གྱི་?་མོད་པར་ཤེS་པར་བྱ་སྟེ། ཁྱད་པར་ནི་འདིར་དེ་ཡིན་ནོ། །དམ་ཚིག་ཉིད་ཀྱིས་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། དམ་ཚིག་བསྲུངས་པས་ལས་རྣམས་འགྲུབ་པར་འགྱུར་གྱི་བཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། ་?་འདྲི་ནི་མི་བསྐྱོད་པའི་རིགས་ཀྱི་སྦྱོར་པའོ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །གང་དུ་བབས་ནས་གཉིས་གྱུར་པ་ཞེས་བྱ་བ་ནི་གཏེར་གང་ན་ཡོད་དུ་རེ་བའི་གནས་དེར་འཆག་པ་དང། ་དམ་ཚིག་གི་ཕྱག་རྒྱ་གང་དུ་རང་ཉིད་འབྱེ་ཞིང་དབང་མེད་པར་གཉིས་སུ་གྱུར་པ་དེ་ནི་གཏེར་ཡོད་པར་ཤེས་པར་བྱའོ། །སྦྱོར་བ་གསུམ་པ་ལ་ཡང་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པར་བསྒོམ་ཞིང་གཏེར་ཡོད་པར་རེ་བའི་གནས་གང ་ཡིན་པ་དེར་རིན་པོ་ཆེའི་གཏེར་རང་ཉིད་སྨྲ་བར་འགྱུར་རོ། །སྦྱོར་བ་བཞི་པ་ལ་ཡང་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་རང་གི་ལྷའི་རྣལ་འབྱོར་བྱས་ཏེ་ཡོད་དུ་རེ་བའི་གནས་སུ་འཆག་པར་བྱས་ན་གང་དུ་ལག་པ་ལ་བབས་པས ་ལས་ཀྱི་ཕྱག་རྒྱ་རང་གྲོལ་ཞིང་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་གྱུར་པ་དེ་ན་ཡོད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཤེས་པར་བྱ་བ་ནི་ཕྱག ་རྒྱ་བཞི་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པས་གང་ན་ཡོད་པར་རེ་བ་དེར་བསྒོམས་ན་སྔར་བཤད་པའི་ཚུལ་བཞིན་དེར་དེ་ཡི་ཡེ་ཤེས་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ་གཉིས་པར་ཡང་དམ་ཚིག་གི་ཕྱག་རྒྱ་གྲོལ་བར་གཏེར་ཁ་བྱེ་བར་འགྱུར་བར་ཤེས་པར་བྱའོ། །གསུམ་པར་ཡང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་རེ་བའི་གནས་སུ་བསྒོམས་ན་ངེས་པར་འདི་ན་གཏེར་ཡོད་དོ་ཞེས་ཡེ་ཤེས་སྐྱེ་བར་འགྱུར་ཏེ་འདི ་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་ཤེས་པར་བྱའོ། །སྦྱོར་བ་བཞི་པར་ཡང་ཡོད་པར་རེ་བའི་གནས་སུ་ལས་ཀྱི་ཕྱག་རྒྱ་གཙོ་ཆེར་བཅིངས་ནས་གང་དུ་བྱེ་བ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། ཕྱག་རྒྱ་ཆེན་པོ་བསྒོམས་ནས་གང་དུ་བབས་པར་གྱུར་པ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །སྦྱོར་བ་གཉིས་པར་ཡང་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་བྱས་པར་དམ་ཚིག་གི་ཕྱག་རྒྱ་སྟན་པར ་གྱུར་ན་གཏེར་ཡོད་པར་ཤེས་པར་བྱའོ། །གསུམ་པར་ཡང་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་གང་དུ་ཡེ་ཤེས་སྐྱེས་པ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །བཞི་པར་ཡང་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་གང་དུ་འཆག་པ་ན་ལས ་ཀྱི་ཕྱག་རྒྱ་འཁོར་བར་གྱུར་པ་ཉེ་བར་སྐྱེ་བ་དེ་ན་གཏེར་ཡོད་པ་སྟོན་པ་ཡིན་ནོ། །རབ་ཏུ་བྱེད་པ་འདིར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་ལོས་སྒྱུར་བ་བཞི་ནི་དང་པོ་བཞི་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ ་གཉིས་པ་རྣམས་ཀྱི་ནི་གཉིས་པའོ། །གསུམ་པ་རྣམས་ཀྱི་ནི་གསུམ་པའོ། །བཞི་པ་རྣམས་ཀྱི་ནི་བཞི་པ་སྟེ། དེ་ལྟར་ན་སྦྱོར་བ་བཅུ་དྲུག་ཏུ་འགྱུར་རོ། །འདིར་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར ་རྣམས་དང་འོག་ནས་བཤད་པའི་དཀྱིལ་འཁོར་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསང་བ་ནི་སྦ་བ་ལ་བྱའོ། །དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་གསང་བའི་ཕྱག་རྒྱའོ། །དེའི་ཡེ་ཤེས ་ཏེ་དེ་བསླབ་པ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ད་ནི་དབང་པོ་གཉིས་ནི་མཉམ་སྦྱར་ལ་ཞེས་བྱ་བ་ལ་སོགས་པས་གསང་བ་དེ་སྟོན་ཏེ་བདག་ཉིད་ཕྱག་རྒྱ་ཆེན་པོའི་གཟུགས་སུ་ཡོངས་སུ་བསྐྱེད་ལ་ལྷ་གང་ཡིན་པ་ཡང་དེར ་གཞུག་པར་བྱ་སྟེ་འདི་ནི་གཉིས་སོ། །གཉིས་པོ་འདིའི་དབང་པོ་ནི་དབང་པོ་གཉིས་ཏེ་དབང་པོ་ནི་མིག་ལ་སོགས་པའོ། །དེ་རྣམས་མཉམ་པར་སྦྱོར་བ་ནི་རོ་གཅིག་པར་གྱུར་པ་སྟེ། ཕྱག་རྒྱ་ཆེན་པོ་བསྐྱེད་ལ་རང་གི་ལྷ་དགུག་པ་དང། ་གཞུག་པ་དང་བཅིང་བ་དང། དབང་དུ་བྱ་བས་བདག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ་བདག་གི་ལྷ་གང་ཡིན་པ་དེ་ནི་བདག་གོ་ཞེས་དེ་ལྟར་རོ་གཅིག་པར་གྱུར་པའི་དབང་པོ་གཉིས་མཉམ་པར་སྦྱོར་བས་ཕྱག་རྒྱ་ཆེན་པོ་བསྒོམས ་ན་བབས་པར་གྱུར་ན་གཏེར་རྙེད་དོ་ཞེས་བྱ་བ་བབས་པ་ནི་མངོན་པར་ཞེན་པ་སྟེ་བརྟན་པོར་གཟུང་བའོ། །དེ་ལྟ་བུའི་མངོན་པར་ཞེན་པས་ངེས་པར་གཏེར་བརྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་མཆོག་ཅེས་བྱ་བ ་ལ་སོགས་པ་ལ་དམ་ཚིག་གི་ཕྱག་རྒྱ་བཅིང་བ་སྟེ་དེ་ཉིད་ནི་བུད་མེད་དོ། །དེ་དང་རྩེ་བ་ནི་སེམས་བརྟན་པར་བྱེད་པ་སྟེ་ཡུལ་གཞན་ལ་སྒྱུར་མི་གཏེར་བར་དེ་ཉིད་ལ་དགའ་བ་བསྐྱེད་པའོ། །གང་དུ་ཕྱག་རྒྱ་དམ་གྱུར་པ་ཞེས་བྱ ་བ་ནི་གང་དུ་དམ་ཚིག་གི་ཕྱག་རྒྱ་དེ་དགྲོལ་བར་འདོད་ཀྱང་དགྲོལ་བར་མི་ནུས་པ་དེ་ནི་བརྟན་པར་གྱུར་པ་ཡིན་ཏེ་འདི་གང་དུ་འབྱུང་བའི་གནས་དེ་ན་གཏེར་ཡོད་པ་ཡིན་པར་སྟོན་ཏོ། །གསུམ་པར་དབང་པོ་གཉིས་ནི ་མཉམ་སྦྱར་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཞི་པར་ཡང་ལས་ཀྱི་ཕྱག་རྒྱ་དེ་འཛིན་བཞིན་དུ་དབང་མེད་པར་བྱེད་པར་གྱུར་པ་དེ་ན་གཏེར་ཡོད་པར་སྟོན་པ་ཡིན་ནོ། །སྔར་ཕྱག་རྒྱ་བཞིའི་སྦྱོར་བ་བཅུ་དྲུག་བསྟན་པ ་ལ་ཕྱག་རྒྱ་བཞིའི་སྦྱོར་བ་ལ་ཡང་རང་གི་ལྷ་དགུག་པ་ལ་སོགས་པ་བྱས་མོས་ཀྱི་ཇི་སྲིད་ཐ་མི་དད་པ་ལ་སོགས་པར་ལྷག་པར་མོས་པར་མ་བྱས་པ་དེ་སྲིད་དུ་དགོས་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན ་པར་བྱ་བའི་ཕྱིར་སྦྱོར་བ་འདི་བཞི་ཉེ་བར་དགོད་པ་མཛད་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཞིའི་བསྒྲུབ་པའི་ཆོ་ག་རྫོགས་པར་མཛད་ནས། ་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཕྱག་རྒྱ་དེ་བཞི་ནོར་བུའི་རིགས་ཡིན་པར་སྟོན་ཏོ། །དེ་ནས་ནོར་བུའི་རིགས་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས ་ལ་སྟེ་ལས་བསྟན་པའི་རྗེས་ལའོ། །ནོར་བུའི་རིགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ནོར་བུའི་རིགས་ཆེན་པོའོ། །ནོར་བུའི་རིགས་ཆེན་པོ་དེའི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་རྣམ་པ་བཞི་སྟེ། དེའི་ཡེ་ཤེས་ཡིན་པས ་ན་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་སོ། །དེ་བསླབ་པ་ཞེས་བྱ་བ་ནི་དེ་ཉིད་ཉེ་བར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་རྣམ་པ་བཞིའི་ནང་ན་ཡང་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་ཡིན་པས་ན་དེ་དང་པོ་ཉིད་དུ་བསྟན་པར་བའི ་ཕྱིར་དེ་ནས་ཕྱག་རྒྱ་ཆེན་པོ་ནི་འདི་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །དེ་ཇི་ལྟ་བུར་འབྱུང་བ་བསྟན་པར་བྱ་བའི་ཕྱིར་ཇི་ལྟ་བ་ཡི་རི་མོ་བཞིན། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དཀྱིལ ་འཁོར་དུ་ཞུགས་ནས་སློབ་དཔོན་གྱིས་ལྷའི་སྐུ་ཇི་ལྟ་བུར་བསྟན་པ་དེ་ལྟ་བུའི་བདག་ཉིད་བསྒོམ་པར་བྱའོ། །ཅིའི་ཕྱིར་གཟུགས་ཏེ་བསྒོམ་ཞེ་ན། དོན་གྱི་མཆོག་ཀུན་འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་སོ། །དེ་ནི་ཕྱག་རྒྱ་ཆེན་པོ ་སྦྱིར་བསྟན་པ་རྣམ་ཀྱི་སོ་སོའི་འབྲས་བུ་བསྟན་པའི་ཕྱིར་དེ་ནས་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ལས་ནི་འདི་རྣམས་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རེ་ཞིག་ཐོག་མ་ཁོ་ནར་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་པའི་འབྲས་བུ་ནི ་སངས་རྒྱས་ཕྱག་རྒྱ་སངས་རྒྱས་ཉིད་ཅེས་གསུངས་པ་ཡིན་ནོ། །རྡོ་རྗེ་སྙིང་པོས་གཉིས་རབ་གྲུབ་ཅེས་བྱ་བ་ནི་མི་བསྐྱོད་པའི་གནས་དང། རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱ་གང་ཡིན་པའི་ལྷ་དེ་ཉིད་གསུངས་ཏེ། གཉིས་རབ་གྲུབ་ཅེས་བྱ་པ ་ནི་གྲུབ་པ་བཟང་པོ་ཡིན་པས་ན་རབ་གྲུབ་པ་སྟེ། དངོས་གྲུབ་ཀྱི་མཆོག་ཅེས་བྱ་བའི་དོན་ཏོ། །རིན་ཆེན་ལྕགས་ཀྱུ་ལ་སོགས་པ་ཕྱག་རྒྱ་གསུམ་གྱི་འབྲས་བུ་ནི་གོ་སླའོ། །ནོར་བུ་ལྟ་བས་ནོར་འཕྲོག་པ་ཞེས་བྱ་བ་ལ་འདིའི་འབྲས་བུ? ་ནོར་འགུགས་པ་ཉིད་ཡིན་པར་སྟོན་ཏེ། ཕྱག་རྒྱ་འདི་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱིའོ། །ལྷག་མ་རྣམས་ནི་གོ་སླའོ། །རིན་ཆེན་བཞད་པས་ནོར་འཕྲོག་འགྱུར་ཞེས་བྱ་བ་ལ་འདིའི་འབྲས་བུ་ཡང་ནོར་འདྲེན་པ་ཡིན་པར་སྟོན་ཏེ། ་དགོད་པའི་བཞིན་གྱིས་གང་ཡང་རུང་བ་ལ་བསྙེན་བསྐུར་བྱས་པ་དེས་ནོར་སྦྱིན་བར་འགྱུར་བས་ནེ?་འདིའི་འབྲས་བུ་ནོར་འགུགས་པ་ཡིན་པར་གསུངས་སོ། །རིན་ཆེན་ཆོས་ཀྱིས་ཆོས་གང་འཐོབ་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་བའི་གནས ་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་བསྒོམས་ན་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སྐྱེ་བར་འགྱུར་བས་ན་དེའི་ཕྱིར་འདི་ཕྱེན་ཅི་མ་ལོག་པའི་ཆོས་སྟོན་པར་འགྱུར་ཏེ་འདི་ནི་འདིའི་འབྲས་བུ་ཡིན་ནོ། །གཏོང་པའི་མཆོག་གིས་དམ་པ་རྙེད་ཅེས་བྱ་བ ་ནི་འཇིག་རྟེན་དབང་ཕྱུག་གི་གནས་ཀྱི་ཕྱག་རྒྱ་ནི་གཏོང་བའི་མཆོག་སྟེ་དེའི་རྙེད་པ་ནི་འབྲས་བུའི་མཆོག་ཉིད་འཐོབ་པར་འགྱུར་བའོ། །རིན་ཆེན་རལ་གྲིས་མཛོད་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་གནས་ཀྱི ་ཕྱག་རྒྱ་ནི་རིན་ཆེན་རལ་གྲིའོ། །དེའི་འབྲས་བུ་ནི་མཛོད་ཆེན་པོ་སྟེ་ནོར་མཛོད་སྤེལ་བར་འགྱུར་རོ། །དེ་ཡང་གང་གི་ཕྱིར་ས་བདག་རལ་གྲི་འབྱིན་པ་རྣམས་ཀྱི་ནོར་མཛོད་འཕེལ་བར་འགྱུར་བ་བཞིན་དུ། ཤེས་རབ་ཀྱི་རལ་གྲི་རང ་བཞིན་གྱི་བློ་དང་ལྡན་པ་རྣམས་ནི་ནོར་འཕེལ་བར་འགྱུར་ཏེ། དེ་བས་ན་རིན་ཆེན་རལ་གྲིས་མཛོད་ཆེན་པོ། ཞེས་བྱའོ། །ནོར་བུའི་འཁོར་ལོས་བདག་པོར་འགྱུར་ཞེས་བྱ་བ་ལ་རྡོ་རྗེའི་འཁོར་ལོའི་གནད་ཀྱི་ཕྱག ་རྒྱ་ནི་ནོར་བུའི་འཁོར་ལོ་སྟེ། དེའི་འབྲས་བུ་ནི་རྒྱལ་སྲིད་ལ་སོགས་པའི་བདག་པོར་འགྱུར་བའོ། །སྨྲས་པས་བཙལ་བའི་དངོས་གྲུབ་འཐོབ་ཅེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱ་ནི་སྨྲའོ། །དེའི་འབྲས་བུ་ནི་མངོན་པར་འདོད་པའི ་དོན་ཐོབ་པར་འགྱུར་བ་སྟེ། དེས་རང་གི་ལྷའི་རྣལ་འབྱོར་བྱས་ལ་རྡོ་རྗེའི་ལྕེ་བདག་དང་སྦྱིན་པ་པོ་གཉིས་གའི་ཁར་བསམས་ནས་དྲི་དང་མེ་ཏོག་ལ་སོགས་པ་བྱིན་ཏེ། སྙིང་པོ་བརྒྱ་སྟོང་བཟླས་ལ་གཞན་དང་ལྷན་ཅིག་སྨྲ་བར ་མི་བྱེད་པར་གང་ལ་བསླང་བར་བྱ་བ་དེ་ཉིད་ལ་དང་པོར་ཆེ་གེ་མོ་ང་ལ་བྱིན་ཅིག་ཅེས་སྨྲས་ན་ངེས་པར་སྟེར་པར་འགྱུར་རོ། །རིན་ཆེན་ཆེར་གྱིས་ནོར་ཆེན་པོ་ཞེས་བྱ་བ་ལ་འདི་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ཕྱག་རྒྱ་སྟེ། འདིར ་ཡང་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ཏེ། རང་གི་ཁྱིམ་གྱི་དབུས་སུ་འདུག་ལ་རིན་པོ་ཆེའི་ཆར་པ་འབེབས་པའི་ཕྱག་རྒྱ་སྤྱི་བོར་བཞག་ལ་ནོར་གྱི་ཆར་པ་པོ?་ཤིག་ཅེས་ཐུན་བཞིར ་སྦྱོར་བས་ནོར་ཐམས་ཅད་ཀྱི་ཆར་འབབ་པར་བསམ་པ་ཉིན་རེ་ཞིང་ཐུན་བཞི་བཞིར་བྱས་ན་དེའི་འོག་ཏུ་ནོར་བུ་ཆེ་བར་འགྱུར་རོ། །ནོར་བུའི་མཆོད་པས་རག་མཆོད་ཉིད་ཅེས་བྱ་བ་འདི་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་ཕྱག་རྒྱ་སྟེ། འདིས ་ཀྱང་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ན་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པ་ཉིད་འཐོབ་པར་འགྱུར་རོ། །རིན་ཆེན་གོ་ཆས་བརྟན་པར་བྱེད་ཅེས་བྱ་བ་འདི་ནི་རྡོ་རྗེ་བསྲུང་བའི་གནས་ཀྱི་ཕྱག ་རྒྱ་སྟེ་གོ་ཆ་བཅིངས་པས་རྡོ་རྗེའི་ལུས་སུ་བྱེད་པས་ན་དེའི་ཕྱིར་བརྟན་པར་བྱེད་ཅེས་གསུངས་སོ། །རིན་ཆེན་མཆེ་བས་ནོར་འཕྲོག་གོ་ཞེས་བྱ་བ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་ཕྱག་རྒྱ་སྟེ། འདི་བསྒོམས ་པ་ཉིད་ཀྱིས་ལྷའི་འཇིག་རྟེན་གྱི་ནོར་སྦྱིན་པར་འགྱུར་རོ། །ཁུ་ཚུར་ནོར་བུས་དངོས་གྲུབ་འཐོབ་ཅེས་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཕྱག་རྒྱ་སྟེ། འདི་བསྒོམས་པས་དེ་ལ་བགེགས་ཀྱིས་ཚུགས་པར་མི་འགྱུར་བས་ན་ཁུ་ཚུར་ནོར ་བུས་དངོས་གྲུབ་འཐོབ་ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རྫོགས་པར་བསྟན་ནས། དམ་ཚིག་གི་ཕྱག་རྒྱ་སྟོན་པར་གཞེད་པའི་ཕྱིར་དེ་ནས་དཀྱིལ་འཁོར་ཆེན་པོ་འདིའི་ཞེས་བྱ་བ་ལ་སོགས་པ་གསུངས་པ ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ་ཞེས་བྱ་བ་ལ། དམ་ཚིག་འཛིན་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་འདི་ཡིན་ནོ་ཞེས་བྱ་བ་ནི་ལུང ་འབོག་པའི་དུས་ལ་བབ་པས་ན་དེ་འདི་ཡིན་ནོ་ཞེས་སྟོན་པའོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པའི་བཅོམ་ལྡན་འདས་ཏེ་དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག ་རྒྱའོ། །སངས་རྒྱས་ཀུན་གྱི་དབང་བསྐུར་འཐོབ་ཅེས་བྱ་བ་འདིས་ནི་དེའི་ལས་སྟོན་པ་ཡིན་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ནོར་བུར་བྱས་ནས་མཐེ་བོ་གཉིས་སྦྲེལ་ལ་བཞག་པ་སྟེ། འདི་ཡང ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུ་ཤེས་པར་བྱའོ། །སེམས་དཔའ་ཨི་རྡོ་རྗེ་མའི་གནས་སུ་ཡང་འདི་ཉིད་འབྱུང་ཞིང་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་ཡང་འདི་ཉིད་ཡིན་ནོ། །རྡོ་རྗེ་ནོར་བུ ་ཆེ་བཅིངས་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་ཀྱི་འབྲས་བུ་སྟོན་ཏོ། །རྡོ་རྗེ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གཉིས་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཏེ། དེ་གཉིས་ཀྱི་མཛུབ་མོ་གཉིས་ནོར་བུར་བྱས་ལ་རྡོ་རྗེ་འཛིན་ལས་ནོར ་འཐོབ་པོ་ཞེས་བྱ་བ་སྟེ། འདེས་ནི་དེའི་འབྲས་བུ་སྟོན་ཏོ། །ཕྱག་རྒྱ་འདི་ནི་མི་བསྐྱོད་པའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་དེ་ཉིད་པས་རྡོ་རྗེ་ནོར་བུའི་ཕྱག་རྒྱ་བསྒྲེད་བ་མཐེ་བོ་གཉིས ་ཀྱི་རྡོ་རྗེ་དང་བཅས་པ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །སྦྱིན་ཏེ་ཞེས་བྱ་བ་འདིས་ནི་འབྲས་བུ་སྟོན་ཏོ། །མཛུབ་གཉིས་པདམོའི་ནོར་བུ་བཅིངས་ཞེས་བྱ་བ་འདི་ཁྲོ་བོའི་མཛུབ་མོ་གཉིས་པོ་ཉིད་ནོར་བུར་བཅིང་པ ་སྟེ། ཚིགས་གསུམ་པ་ཅུང་ཟད་བཀུག་ལ་པདྨ་ཁ་མ་བྱ་བ་ལྟ་བུར་བྱ་བ་འདི་ནི་སྣང་བ་མཛའ་མ་ས་ཀྱི་ཕྱག་རྒྱའོ། །འཇིག་རྟེན་དབང་གི་ནོར་སྦྱིན་འགྱུར་ཞེས་བྱ་བ་ནི་འདིའི་འབྲས་བུའོ། །རྡོ་རྗེ་ལས་ཞེས་བྱབ་ལ་སོགས་པ་ལ ་ལག་པ་གཉིས་ཀྱི་ཕུང་མོའི་སོར་མོ་གཉིས་ནོར་བུར་བྱས་ལ་སོར་མོ་གཞན་རྣམས་བརྐྱང་སྟེ་ཀུན་ཏུ་སྦྱིན་པར་བྱའོ། །ནོར་བུ་ཆེན་པོའི་རྒྱལ་མཚན་སྦྱིན་ཞེས་བྱ་བ་ནི་འདིའི་འབྲས་བུ་སྟོན་པ་ཡིན་ནོ། །འདི་ཡང་གདོན་མི་ཟ་བར་གྲུབ་པའི ་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །བདག་པོ་ལྔའི་གནས་སུ་ཕྱག་རྒྱ་ལྔ་བསྟན་ནས་དེ་ནི་ཡང་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་དབྱིངས་མཛུབ་ནོར་མཆོག་གིས། ཞེས་བྱ་བ་གསུངས་ཏེ། རྡོ་རྗེ ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ནོར་བུའི་མཆོག་ནི་རིན་ཆེན་སེམས་མའོ། །དེ་ཉིད་ཀྱང་འདིར་ནི་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་ཕྱག་རྒྱ་གཉིས་པར་འགྱུར་ཏེ་ཕྱག་རྒྱ་སྔ་མ་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཡིན་ལ་གཉིས་པ་ནི་དམ ་ཚིག་གི་ཕྱག་རྒྱ་དང་དགོད་པའི་ཕྱག་རྒྱའོ། །རིག་པ་དམ་པ་ནི་དེར་གཅིག་པུ་ཉིད་ལས་གཉིས་ལ་སྦྱར་བར་བྱའོ། །ཡང་བདག་པོ་ལྷག་མ་རྣམས་ཀྱི་རིག་པ་དམ་པ་གཅིག་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཡིན་ལ། གཉིས་པ་དགོད་པའི ་སྔགས་ཡིན་ནོ། །ལྷག་མ་རྣམས་ཀྱི་ནི་འགོང་པར་བྱེད་པའི་སྔགས་འབའ་ཞིག་ཏུ་ཟད་ངོ། །མཛུབ་མོ་བསྙམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་བསྙམས་པ་གཉིས་རྒྱབ་བཀུག་ལ་ཞེས་བྱ་བ་ཚིགས ་དབུས་མ་གཉིས་བཅག་ན་རིན་པོ་ཆེར་འགྱུར་རོ། །ཅི་དེ་ཙམ་དུ་ཟད་དམ་ཞེ་ན། མཐེ་བོ་རྡོ་རྗེ་བཅིངས་པ་ཡི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་མཐེ་བོ་དང་བཅས་པར་བསྒྲེང་བར་བྱའོ། །རྡོ་རེ་སྙིང་པོའི་ཕྱག་རྒྱ་ལས་ཞེས་བྱ ་པ་ནི་འབྱུང་བའི་རྒྱུ་སྟོན་པའོ། །འདི་ནི་རྡོ་རྗེ་ནོར་བུར་གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུར་གསུངས་པ་ཡིན་ཏེ། འདི་ཡང་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱའོ། ། ་མཛུབ་གཉིས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་མཛུབ་གཉིས་རིན་ཆེན་འདྲར་བཅིངས་ལ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱ་འདྲ་བར་བཅིང་བའོ། །ཇི་ལྟ་བུར་ཞེ་ན། གུང་མོ་མྱུ་གུར་བསྒྲེང་བ་སྟེ། ཞེས་བྱ་བ ་སྟེ། གུང་མོ་གཉིས་ཀྱི་རིན་པོ་ཆེ་བཀྲོལ་ལ་སྦྱར་བར་བྱའོ། །མཐེ་བོ་གཉིས་དེ་བཞིན་དུ་རིན་པོ་ཆེར་བཞག་པ་འདི་ནི་རྡོ་རྗེ་རིན་ཆེན་མའི་གནས་ཀྱི་ཕྱག་རྒྱའོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་དབང་བསྐུར་བ་ཐོབ་པར ་འགྱུར་བར་འབྲས་བུ་སྟོན་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱ་ལས་གུང་མོ་དང། སྲིན་ལག་དང། མཐེའུ་ཆུང་པདྨ་ཁ་བྱེ་བ་ལྟ་བུར་བྱས་ན་རྡོ་རྗེ་ཆོས་མའི་གནས ་ཀྱི་ཕྱག་རྒྱར་འགྱུར་རོ། །འདིར་ཞེས་བྱ་བ་ལ་སོགས་པས་ནི་འདིའི་འབྲས་བུ་ནོར་རྙེད་པ་ལ་སོགས་པ་ཡིན་པར་སྟོན་ཏོ། །མཛུབ་མོ་མཐེའུ་ཆུང་རྣམས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ལས་མཛུབ ་མོ་གཉིས་དང་མཐོབ་གཉིས་དང་མཐེའུ་ཆུང་རྣམས་རྡོ་རྗེ་རིན་པོ་ཆེའི་ཚུལ་དུ་ནོར་བུས་བྱ་ཞིང་གུང་མོ་གཉིས་བསྒྲེང་བ་བཏུད་དེ་རྩེ་སྤྲད་ལ་སྲིན་ལག་གཉིས་གཤིབས་ནས་བསྒྲེང་བ་འདི་ནི་རྡོ་རྗེ་ལས་མའི་གནས་ཀྱི་ཕྱག ་རྒྱ་འོད། དེ་ལྟར་དཀྱིལ་འཁོར་དབུས་མ་འཁོར་དང་བཅས་པ་བསྟན་ནས། ད་ནི་དཀྱིལ་འཁོར་པ་ནི་པོའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེ་བསྡམས་པ ་དམ་བྱས་ལ། །མཛུབ་གཉིས་ནོར་བུར་བྱས་ནས་ཀྱང་ཞེས་བྱ་བ་ནི་མཛུབ་མོ་གཉིས་ནོར་བུར་བཅིངས་ལ་མཐེ་བོ་གཉིས་བརྐྱང་ངོ། །དོས་ཞེས་བྱ་བ་དེ་གཉིས་ཀྱི་ངོས་བརྐྱང་ནས་སྙིང་གར་བཞག་པར་བྱའོ། །དོན་ཀུན ་གྲུབ་པ་སྦྱིན་པར་བྱེད་ཅེས་བྱ་བ་ནི་འདིའི་འབྲས་བུ་སྟོན་ཏོ། །འདི་ནི་མི་བསྐྱོད་པའི་གནས་ཀྱི་ཕྱག་རྒྱ་གཉིས་པ་སྟེ། དང་པོ་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་དང་པོ་ཡིན་ལ། འདི་ནི་སྔགས་གཉིས ་པ་དགོད་པར་བྱེད་པའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །ལྷག་མ་གསུམ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་བསྡམས་པས་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ ་སྟོན་ཏོ། །རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་ནོར་བུར་བྱས་ན་རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །ནོར་བུ་མཚན་མ་ནི་འདིར་འཁོར་ལོས་སྒྱུར་བའི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཉིད་དོ།། ་ནོར་བུ་རིན་ཆེན་རབ་སྦྱིན་ནོ་ཞེས་བྱ་བས་ནི་འབྲས་བུ་སྟོན་ཏོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་དེ། ཕྱག་རྒྱ་འདས་མ་ཐག་པ་ལས་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་པ་དང་ལྡན་པས་ནི་དོན་ཐམས་ཅད་འགུགས ་པ་སྟེ་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱས་འགྱུར་རོ། །འདི་ལ་མིང་ཇི་སྐད་ཅེས་བྱ་ཞེ་ན། ནོར་བུ་རིན་ཆེན་ལྕགས་ཀྱུར་བཤད། ཅེས་བྱ་བ་གསུངས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི ་གནས་ཀྱི་ཕྱག་རྒྱ་གང་ཡིན་པའོ། །བསྒྱུར་ནས་ཀྱང་ཞེས་བྱ་བ་ནི་གཡོན་ལོགས་སུ་དྲངས་པའོ། །མཛུབ་མོས་མཛུབ་མོ་བཟུངས་ནས་ནི་ཞེས་བྱ་བ་ནི་མཛུབ་མོ་གཡས་པས་མཛུབ་མོ་གཡོན་པ་བཟུང་བའོ། །ཇི་ལྟར་ཞེ་ན་མདའའཕངས ་པའི་ཚུལ་བྱས་ལ་ཞེས་བྱ་བ་གསུངས་སོ། །ཅི་ཞིག་བྱེད་ཅེ་ན། དྲངས་ནས་ཞེས་བྱ་བ་གསུངས་སོ། །དེའི་འབྲས་བུ་ཅི་ཞིག་ཡིན་ཅེ་ན། འགྲོ་བ་དགའ་བར་བྱེད་ཅེས་བྱ་བ་གསུངས་ཏེ། འདི་ནི་རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱའོ། ། ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱ་གང་ཡིན་པའོ། །མཛུབ་མཐེབ་གཉིས་སྦྱར་བ་ཞེས་བྱ་བ་ནི་མཛུབ་མོ་གཉིས་ངོས་སྤྲད་པའོ། །མིང་ཇི་སྐད་ཅེས་བྱ་བའི་ཕྱག་རྒྱར ་འགྱུར་ཞེ་ན་ལེགས་སོ་ཞེས་གསུངས་སོ། །དེ་ལས་ཞེས་བྱ་བ་འདིས་ནི་རིན་པོ་ཆེའི་རིགས་སུ་གཏོགས་པའི་ཕྱག་རྒྱ་སྟོན་ཏེ། དེ་ལ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱ་གང་ཡིན་པའོ། །མཐེབ་གཉིས་སྦྱར་བ་ཡིས། ་མཛུབ་གཉིས་རྩེ་མོར་དགབ་ཅེས་བྱ་བ་ནི་མཛུབ་མོ་གཉིས་ཀྱི་རྩེ་མོ་མཐེ་བོ་གཉིས་ཀྱིས་མནན་བ་སྟེ་རྩེ་མོ་ཞེས་མ་སྨོས་སུ་ཟིན་ཀྱང་དོན་གྱི་དབང་གིས་ཤེས་པར་བྱའོ། །ཇི་ལྟར་མནན་ཅེ་ན། དེ་བཞིན་ཞེས་བྱ་བ་གསུངས་ཏེ། དེ་བཞིན ་ཞེས་བྱ་བ་འདིས་ནི་འདས་མ་ཐག་པའི་ཕྱག་རྒྱའི་སྦྱོར་བ་སྟོན་ཏོ། །མཐེ་བོ་གཉིས་དབུས་སྦྱར་ལ། མཛུབ་གཉིས་ངོས་དང་སྦྱོར་བ་ནི་ཞེས་བྱ་བ་ནི་ཡང་ཁང་བཞག་ལ་ཇི་ལྟར་བཅས་པའི་ཕྱག་རྒྱའི་མཐེ་བོ་དང། ་མཛུབ་མོའི་བར་དུ་བལྟ་བར་བྱའོ། །མིང་ཇི་སྐད་ཅེས་བྱ་བའི་ཕྱག་རྒྱར་འགྱུར་ཅེ་ན། ནོར་བུའི་ལྟ་བར་བཤད་པ་སྟེར་ཞེས་བྱ་བ་གསུངས་པ་ཡིན་ནོ། །འདིའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། ལྟ་བའི་དོན་རྣམས་འཕྲོག་བྱེད་པའོ་ཞེས་བྱ ་བ་གསུངས་སོ། །ཕྱག་རྒྱ་འདི་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་ཡིན་ཏེ། རབ་ཏུ་བྱེད་པའི་མཚམས་སྦྱར་བ་ནི་སྣརེལ་བཞིར་ཡོད་པར་ཤེས་པར་བྱའོ། །དོན་ཀུན་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཐམས་ཅད་འགྲུབ་པའི་ཕྲེང ་བ་ནི་མི་བསྐྱོད་པའི་གནས་སུ་བསྟན་པའི་ཕྱག་རྒྱ་གང་ཡིན་པ་དེ་ལ་ཕྲེང་བ་ཞེས་བྱ་བའི་སྒྲར་གསུངས་ཏེ། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ནོར་བུར་བྱས་ལ་མཐེ་བོ་གཉིས་བསྒྲེང་བའི་རྩེ་མོ་དབྲལ་ཞིང། གུང་མོ ་གཉིས་ཀྱང་ནོར་བུར་བྱ་བ་དང། མཐེ་བོ་གཉིས་ཀྱི་རྩེ་མོས་ནོར་བུར་འགྱུར་ཏེ། ཕྲེང་བ་དེ་རང་གི་དབང་བསྐུར་བའི་གནས་སུ་བཞག་ན་རིན་ཆེན་ཕྲེང་བ་ཞེས་བྱ་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ལ ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་སྙིང་གར་མཐེ་བོ་གཉིས་སྦྱར་བའི་རྩེ་མོ་སྦྱར་བའི་སྦྱོར་བ་བྱས་ན་ནོར་བུའི་ཉི་མ་ཞེས་བྱ་བའི་ཕྱག་རྒྱར་འགྱུར་རོ། །ནི་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ།། ་རྩེ་མོ་སྦྱར་པའི་སྦྱོར་བ་ལས་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདི་ནི་འབྲས་བུ་ཅི་ཞིག་ཡིན་ཅེ་ན། གཟི་བརྗིད་ཆེན་པོ་རབ་སྦྱིན་འགྱུར་ཞེས་བྱ་བ་གསུངས་སོ། །སྲིན་ལག་བསླམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་བཤད ་མ་ཐག་པ་ཉིད་ལས་སྲིན་ལག་གཉིས་གཤིབས་ཏེ་སྤྱི་བོར་བཞག་ན་བ་དན་དུ་འགྱུར་རོ། །ཅི་དེ་ཁོ་ནར་ཟད་དམ་ཞེ་ན། མ་ཡིན་ཏེ་ཕྱེ་སྟེ་ཞེས་བྱ་བ་གསུངས་ཏེ། །སྲིན་ལག་གི་རྩེ་མོ་དབྱེ་བའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་ནོར་བུ་ཆེན་པོའི་གཙོ ་ཞེས་བྱ་བ་གསུངས་སོ། །འདིའི་འབྲས་བུ་གང་ཞིག་ཡིན་ཞེ་ན། རེ་བ་ཐམས་ཅད་རྫོགས་བྱེད་པའོ་ཞེས་བྱ་བ་གསུངས་སོ། །འདི་ནི་རྡོ་རྗེ་དཔལ་གྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ ་ཐག་པའི་ཕྱག་རྒྱ་སྟེ། དེ་ཁར་བཞག་ན་བཞད་པའི་ཚུལ་དུ་འགྱུར་ཏེ་དེ་དགོད་པ་ནི་ཁ་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །ཅིའི་ཁའི་གནས་སུ་བཞག་པ་འབའ་ཞིག་ཏུ་ཟད་དམ་ཞེ་ན་མ་ཡིན་ཏེ་འགྱིང་བྱེད་ཅིང། བསྐོར་བ་ཞེས་བྱ་བ་གསུངས ་ཏེ། འགྱིང་བས་བསྐོར་བ་ནི་བཞད་མོ་སྟོན་པའི་ཚུལ་དུ་ཁ་འགྲམ་གཡས་གཡོན་གཉིས་སུ་ལག་པ་གཉིས་བསྐོར་བའོ། །ཕྱག་རྒྱ་འདེའི་མིང་ཇི་སྐད་ཅེས་བྱ་ཞེ་ན། རིན་ཆེན་ཆེར་དགོད་ཅེས་བྱ་བ་ཞེས་གསུངས་སོ། །འདིའི་ལས་ཅི་ཞིག ་ཡིན་ཞེ་ན། གཞད་པས་དོན་རྣམས་ཐམས་ཅད་འཐོབ་ཅེས་གསུངས་པ་ཡིན་ནོ། །ཀུན་རྩེ་ཞེས་བྱ་བ་ལ་སོགས་པ་ལ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ནི་ཚིགས་གསུམ་པ་སྟེ། དེ་རྣམས་བཀུག་ནས་ནོར་བུར་བྱེད་པས་ན་ཀུན་རྩེ་ནོར ་བུའོ། ཀུན་རྩེ་ནོར་བུ་ཕྱག་རྒྱ་དེ་ཉིད་སྣང་བ་མཛའ་ཡས་ཀྱི་གནས་སུ་རྟོགས་པས་ན་ཀུན་རྩེ་ནོར་བུ་པདམོ་ནི་ཞེས་བྱའོ། །འདིའི་ལས་ཅི་ཞིག་ཡིན་ཞེ་ན། ནོར་འཕྲོག་པ་ཞེས་བྱ་བ་སྟེ་ནོར་བསྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། ། ་ཇི་ལྟར་བསྐྱེད་ཅེ་ན། ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་ཀུན་རྩེ་ནོར་བུའི་པདྨའོ། །མཛའ་ནས་དགྲོལ་བ་ཞེས་བྱ་བ་ནི་མཐེའུ་ཆུང་གི་སོར་མོའི་རིན་པོ་ཆེ་བཀྲོལ་ཏེ་སྦྱིན་པ་གཏོང་པའི་ཚུལ་དུ ་བསྟན་ན། དེ་ལྟ་བུའི་ནི་མཐེའུ་ཆུང་ལ་སོགས་པ་སྦྱིན་པའི་ཕྱག་རྒྱར་འགྱུར་རོ། །འདིའི་ལས་ཅི་ཞིག་ཡིན་ཞེ་ན། སྦྱིན་པ་ཆེན་པོ་རབ་སྦྱིན་བྱེད་ཅེས་གསུངས་སོ། །འདི་ནི་རྡོ་རྗེ་ཆོས་ཀྱི་གནས་ཀྱི་ཕྱག་རྒྱའོ། །མཐོ ་བོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུའི་པདྨའི་ཕྱག་རྒྱ་དེ་ཉིད་མཐེ་བོ་གཉིས་ནི་ནང་དུ་དགུག་ཅེས་བྱ་བ་མཐེ་བོ་གཉིས་མཉམ་པོར་གཤིབས་ལ་ནང་དུ་གཞུག་པར་བྱའོ། །མཛུབ་མོ་གཉིས་ནོར་བུར་བྱས་པ་ནི་ཞེས་བྱ ་བ་ནི་མཛུབ་མོ་གཉིས་ནོར་བུའི་དབྱིབས་ལྟ་བུར་བཞག་པར་བྱའོ། །སོར་མོ་ལྷག་མ་རྣམས་ནི་དོན་གྱི་དབང་གིས་ན་རྡོ་རྗེ་བསྡམས་པའི་ཚུལ་དུ་བཞག་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཕྱག་རྒྱ་དེ་མིང་ཇི་སྐད་ཅེས ་བྱ་ཞེ་ན། ནོར་བུ་རལ་གྲི་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །འདིའི་ལས་ཅི་ཞིག་ཡིན་ཞེ་ན། ནོར་འཕྲོག་པའོ། ཞེས་བྱ་བ་གསུངས་སོ། །སུ་ཞིག་གི་ཡིན་ཞེ་ན། དེའི་ཕྱིར་འགྲོ་བ་རྣམས་ཀྱི་ཞེས་བྱ་བ་གསུངས་སོ། །ཇི་ལྟར་ཞེ་ན། དེའི ་ཕྱིར་མཐུས་ཞེས་བྱ་བ་གསུངས་སོ། །འདི་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་བཅིངས་པ་ལ་མ་བཀྲོལ་པ་ཉིད་དུ་སོར་མོ་རྣམས་ཕན་ཚུན་འཁོར་ལོ ་ལྟ་བུར་བསྣོལ་བ་བསྟན་པ་འདི་ནི་རྡོ་རྗེ་བསྡམས་པའི་རྩེ་མོ་འཁོར་ལོར་འགྱུར་རོ། །མཐེབ་གཉིས་ནང་དུ་གཅུག་ནས་ཀྱང་ཞེས་བྱ་བ་ནི་མཐེ་བོ་གཉིས་བསྙམས་ཏེ་ནང་དུ་བཞུག་པའོ། །འདིར་ནོར་བུ་གང་ཡིན་ཞེ་ན། མཛུབ་གཉིས ་ནོར་བུ་འདྲ་བྱས་ལ་ཞེས་བྱ་བ་གསུངས་སོ། །འདིའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། འཁོར་ལོ་སྒྱུར་བ་འཐོབ་པར་བྱེད་ཅེས་བྱ་བ་གསུངས་པ་ཡིན་ཏེ། འདི་ནི་རྡོ་རྗེ་རྒྱུའི་གནས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱའོ། །ཐལ་མོའི་ཚུལ་དུ་བྱས་ཞེས་བྱ་བ་ནི་ཐལ་མོ་འདྲ་བར་བྱས་པའོ། །ཅི་ཞིག་བྱ་ཞེ་ན། ཁ་ནས་འདྲེན་པར་བྱས་པ་ནི་ཞེས་བྱ་བ་གསུངས་སོ། །དེ་ལྟར་བཅིངས་པ་དེ་མིང་ཇི་སྐད་ཅེས ་བྱ་ཞེ་ན། དེ་བཅིངས་པ་ནི་དག་ཡིན་ཏེ་ཞེས་བྱ་བ་གསུངས་སོ། ། འདིའི་ལས་ཅི་ཞིག་ཡིན་ཞེ་ན། རང་གི་བཀས་ནི་ནོར་འཕྲོག་འགྱུར་ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་ཟླ་བ ་གཅིག་གམ་ཟླ་བ་བཞིའི་བར་དུ་སྔོན་དུ་བསྙེན་པ་བྱས་ཏེ། མཚན་མ་ཐོབ་ནས་བསྒྲུབ་པ་ལ་ཞུགས་ཏེ་གང་འདོད་པ་དེ་སྨྲ་ཞིང་བདག་ལ་འདི་ལྟར་གྱུར་ཅིག་ཅེས་བྱ་བ་ཡང་དེ་ལ་དེ་བཞིན་དུ་འགྱུར་རོ། །རྡོ་རྗེ་ནོར་བུ་ཆེ་བཅིངས ་ལ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནོར་བུ་ཆེན་པོ་ནི་གུང་མོའི་སོར་མོ་གཉིས་ནོར་བུར་བྱས་ལ་སོར་མོ་ཐམས་ཅད་ཀུན་བརྐྱང་བ་སྟེ། དེ་བཅིང་བར་བྱའོ། །དེ་ཅིར་འགྱུར་ཞེ་ན། རིན་ཆེན་ཆེར་ནི་རབ་འབེབས་ཏེ་ཞེས་བྱ་བ ་གསུངས་སོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སོར་མོ་ཐམས་ཅད་བསྒྲེང་ནས་ནི། ཕྱོགས་བཞི་ནས་ནི་ནོར་ཆང་འབེབས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྔོན་ཏེ། གུང་མོའི་རིན་པོ་ཆེ་མ་བཀྲོལ་ལ་སོར་མོ་ལྷག་མ་རྣམས་ཀྱི ་རྩེ་མོ་བསྒྲེང་ནས་གདུད་ཅིང་གདུད་ཅིང་བསྒྲེང་བ་ཕྱོགས་བཞི་ཆར་ནས་ཀྱང་གསེར་ལ་སོགས་པའི་ཆེར་འབེབས་པའི་ཚུལ་དུ་བསྟན་པར་བྱ་སྟེ། འདི་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་ནོར་བུ་ཆེ་བཅིངས ་ལ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནོར་བུ་ཆེན་པོ་བཅིངབ་ནི་བཤད་ཟིན་ལ་སྟེ་དེ་བཅིངས་པའོ། །ཇི་ལྟར་ཞེ་ན། གར་བྱས་ཞེས་བྱ་བ་སྟེ། གར་བྱ་བའི་ཚུལ་བསྟན་པས། །གང་དུ་བཅིང་ཞེ་ན། གཙུག་བུད་དབུས་བཞག་ནས ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ལག་པའི་རྩེ་མོ་གང་བྱེད་པར་སྟོན་ཅིང་རྡོ་རྗེ་ནོར་བུ་ཆེན་པོ་བཅིངས་ལ་གཙུག་ཏོར་གྱི་གནས་སུ་བཞག་པར་བྱའོ། །དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་ཆོ་ག་བཞིན་དུ་ཡང་དག་པར་མཆོད་པར་འགྱུར་རོ། །དེ་ལྟར་ཡང་དག་པར་མཆོད་པས་ཅིར་འགྱུར་ཞེ་ན། རིན་ཆེན་ཀུན་གྱིས་དེ་མཆོད་འགྱུར་ཞེས་བྱ་བ་གསུངས་པཡིན་ནོ། །དོན་ཀུན་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ་དོན ་ཀུན་གྲུབ་པའི་ཕྱག་རྒྱ་ནི། མགྲིན་པའི་ཕྱོགས་སུ་འཁྱུད་པར་བྱ་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ནི་བཤད་ཟིན་ཏོ། །དེ་མགྲིན་པའི་ཕྱོགས་སུ་འཁྱུད་པ་ནི་མཛུབ་མོ་གཉིས་ཀྱི་རྩེ་མོ་རིག་པར་བྱ་བ་སྟེ། འདི་ནི་གོ ་ཆའི་ཕྱག་རྒྱའོ། །འདིའི་མིང་ཇི་སྐད་ཅེས་བྱ་ཞེ་ན། ནོར་བུ་བཅིངས་པ་ཞེས་བྱ་སྟེ་ཞེས་བྱ་བའོ། །འདིས་ཅི་ཞིག་བྱེད་ཅེ་ན། བསྲུང་བ་ཡིན་ནི་ཆོ་གར་གྲགས་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ནི་དོན་ཐམས་ཅད་གྲུབ ་པའི་ཕྱག་རྒྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་བྱའོ། །ཅིའི་ཕྱིར་དེ་དེར་བསྟན་ཅེ་ན། དོན་ཀུན་སྒྲུབ་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། འདིས་ནི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཚེ་ན་འདི་དགོས་སོ་ཞེས་སྟོན་ཏོ། །དངོས་གྲུབ ་ཐམས་ཅད་སྒྲུབ་པའི་དུས་སུ་ཇི་ལྟར་དགོས་ཤེ་ན། གནོད་སྦྱིན་ཚུལ་དུ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། མཐེ་བོ་གཉིས་ཀྱི་རྩེ་མོ་ཕྱེ་བ་འབའ་ཞིག་གིས་མཆེ་བར་འགྱུར་བར་མ་ཟད་ཀྱི། མཛུབ་མོ་གཉིས་ཀྱི་རྩེ་མོ ་ཡང་ཕྲལ་ལ་མཆེ་བར་བྱའོ། །དེ་ལྟར་བྱས་པ་དེ་གང་དུ་བཞག་ན་དངོས་གྲུབ་ཐམས་ཅད་བྱེད་པར་འགྱུར་ཞེ་ན། ཁར་བཞག་ན་ཞེས་བྱ་བ་གསུངས་སོ། །འདི་ལ་མིང་ཇི་སྐད་ཅེས་བྱ་ཞེ་ན། ནོར་བུའི་མཚེ་བ་ཞེས་བྱ་སྟེ་ཞེས་བྱ་བ ་གསུངས་ཏེ། དོན་ཐམས་ཅད་འགྲུབ་པ་ནི་སྒྲུབ་པའི་ཚེ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིགས་པས་དོན་ཀུན་འཕྲོག་པའོ། །ཞེས་བྱ་བ་སྟེ་འཇིགས་པར་བྱེད་པས་དོན་ཐམས་ཅད་འཕྲོག་པར་འགྱུར་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་དམ་བྱས་ལ། ཞེས་བྱ་བ་ནི་རྡོ་རྗེ་བསྡམ་པ་བཅིངས་ནས་ནོར་བུའི་ཁུ་ཚུར་དུ་བྱའོ། །ཇི་ལྟར་ཞེ་ན། མཛུབ་བཀུག་ཅེས་བྱ་བ་སྟེ། མཛུབ་མོ་གཉིས་བཀུག་པའོ། །ཅི་འདི་ཙམ་ཞིག་ཁོ་ནས་རིན ་པོ་ཆེའི་ཁུ་ཚུར་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ་མཐེ་བོ་གཉིས་ཀྱིས་ནི་ལེགས་པར་མནན་ཏེ་བཙིར་བ་ནི་ཞེས་བྱ་བ་སྟེ། མཐེ་བོ་གཉིས་ཀྱིས་ལེགས་པར་བཟུང་ལ་དམ་དུ་བཙིར་བར་བྱའོ། །འདི་སྐད་སྟོན་ཏེ། མཛུབ་མོ་གཉིས ་བཀུག་པའི་རྩེ་མོ་གཉིས་མཐེ་བོའི་རྩེ་མོས་ལེགས་པར་གཟུང་ཞིང་བཙིར་བར་བྱའོ། །ནོར་བུའི་ཁུ་ཚུར་འདིས་ཅི་ཞིག་བྱེད་ཅེ་ན། ནོར་བུའི་ཁུ་ཚུར་དངོས་གྲུབ་སྦྱིན་ཞེས་བྱ་བ་གསུངས་སོ། །ད་ནི་མཆོད་པའི་ཕྱག་རྒྱ་རྣམས་བསྟན ་པར་བྱ་བའི་ཕྱིར་དམ་ཚིག་རྣམས་ཀྱི་མཆོད་མཆོག་རྣམས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། མཆོད་པའི་དམ་ཚིག་ནི་མཆོད་པའི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་ཕྱག་རྒྱ་ཇི་ལྟར་འབྱུང་ཞེ་ན། རྡོ་རྗེ་དབྱིངས ་ཀྱི་ཚུལ་དུ་ནི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ཚུལ་གར་དང་གང་གིས་བསྟན་པ་དེ་བཞིན་དུ་འདིར་ཡང་བྱ་བའོ། །དེར་ནི ་དེ་རྣམས་ཀྱི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་འབྱུང་ན་འདིར་གང་ལས་བྱས་ཞེ་ན། ཇི་བཞིན་ནོར་བུ་ལྡན་པ་སྟེ། འདིར་ནི་དམ་ཚིག་མཆོག་ཏུ་བརྟགས་ཅེས་བྱ་བ་གསུངས་ཏེ། ནོར་བུ་འདི་ནི་རྣམ་པར་སྣང་མཛད་ཀྱི་གནས ་འདི་ཉིད་དང། དང་པོར་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་གང་ཡིན་ཏེ། རྡོ་རྗེ་ནོར་བུ་ཆེ་བཅིངས་ལ་ཞེས་དེར་བསྟན་པ་གང་ཡིན་པའོ། །ཡང་འདི་དག་ཉིད་ཀྱི་བཅིང་བ་བཞག་པ་ནི། གུང་མོའི་ནོར་བུའི ་ཚུལ་བྱ་བར་ཞེས་བྱ་བས་སྟོན་ཏེ། རྡོ་རྗེ་བསྡམས་པ་དེ་ཉིད་ལས་ཕྱག་རྒྱ་འདི་རྣམས་བསྟན་པར་བྱ་བ་སྟེ། དེའི་ཕྱིར་དེ་དག་ཉིད་ལས་རྣམ་པར་བརྟག་ཅེས་བྱ་བ་གསུངས་པ་ཡིན་ནོ། །སྒོ་བསྲུངས་རྣམས་ཀྱི་ཕྱག་རྒྱ་ཇི་ལྟར ་འབྱུང་ཞེས་དྲིས་པ་དང། ལྕག་ཀྱུ་གཅིག་སོགས་ཚུལ་དུ་ནི། །ལས་རྣམས་ཐམས་ཅད་རབ་གྲུབ་བྱེད་ཅེས་བྱ་བ་སྟེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ནོར་བུར་བྱས་ལ། མཛུབ་མོ་དང་མཐེ་བོ་གཉིས་ཀྱི་ཚོགས ་དག་ལས་གཅིག་ལྕགས་གྱུར་བྱ་བ་ལ་སོགས་པའི་ཚུལ་གྱིས་ལས་རྣམས་ཐམས་ཅད་རབ་འགྲུབ་བྱེད་ཅེས་བྱ་བ་སྟེ། སྒོ་སྲུངས་ཐམས་ཅད་ཀྱི་ཕྱག་རྒྱར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །དེ་ཡང་གཡས་པའི་མཛུབ་མོས་ནི ་ལྕགས་ཀྱུའོ། །མཛུབ་མོ་གཉིས་ཀའི་རྩེ་སྤྲད་པ་ནི་ཞགས་པའོ། །གཡས་པའི་མཐེ་བོས་གཡོན་པའི་མཐེ་བོས་དཀྲིས་ལ་རང་གི་མཛུབ་མོའི་རྩེ་མོ་དང་སྤྲད་པ་ནི་གང?་བུ་སྟེ། གཡོན་པ་ཡང་དེ་བཞིན་དུ་བྱས་ན་ལྕགས ་སྒྲོག་ཏུ་འགྱུར་རོ། །མཐེ་བོ་གཉིས་ནང་དུ་བཅུག་པ་ནི་དྲིལ་བུའི་ཕྱག་རྒྱར་འགྱུར་ཏེ། དེ་ལྟར་ན་ལྕགས་ཀྱུ་གཅིག་ལ་སོགས་པའི་ཚུལ་ཡིན་པར་བལྟ་བར་བྱའོ། །དེ་ནས་གཞན་ཡང་འདི་མན་ཆད་ཆོས་ཀྱི་ཕྱག་རྒྱ་སྟོན་ཏེ། ་དེ་རྣམས་ནི་གོ་སླའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ཇི་ལྟར་འབྱུང་ཞེ་ན། རིན་ཆེན་ཕྱག་རྒྱར་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱར་བྲི་བར་བྱ། ཞེས་བྱ་བས་སྟོན་ཏེ་བྲི་བར་བྱ་ཞེས་སྨོས་མོད་ཀྱི། འོན་ཀྱང་བཅིང་བར་བྱའོ་ཞེས ་བྱ་བ་ནི་འདི་ཉིད་ཀྱི་དོན་ཡིན་ནོ། །འོ་ན་དེ་ཁོ་ན་སྐད་དུ་ཅིའི་ཕྱིར་མ་སྨོས་ཤེ་ན། གཉི་ག་གཟུང་བར་བྱ་བ་ཡིན་ཏེ། བྲི་བར་ཡང་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བྲི་དགོས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་ལས་ཀྱི་དམ་ཚིག་ནི་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་འཇིག ་རྟེན་དང། འཇིག་རྟེན་ལས་འདས་པའི་དབུལ་བ་ཡང་དག་པར་རྒྱུན་བཅད་པར་བྱ་བའི་ཕྱིར་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གོ་།དེ་ལས་འཇིག་རྟེན་པའི་དབུལ་བ་ཡང་དག ་པར་རྒྱུན་གཅོད་པའི་དོན་ནི་སེམས་ཅན་རྣམས་བྱ་བ་འདི་དང། འདི་ལྟ་བུ་དག་ལ་ནན་ཏན་དུ་བསྒྲུབ་པར་བྱའོ། ཞེས་སློབ་དཔོན་དེས་འདི་དང་འདི་ལྟ་བུར་བྱོས་ཤིག་ཅེས་ལུང་དཔོག་པ་དང། འཇིག་རྟེན་ལས་འདས་པའི ་དབུལ་བ་གཅོད་པ་ཡང་འདི་དང་འདི་ལྟ་བུས་བསྒྲུབ་པར་བྱོས་ཤིག་ཅེས་མན་ངག་སྦྱིན་པ་སྟེ་དེ་ལྟ་བུའི་སློབ་དཔོན་དང། སློབ་མས་འདི་ལྟར་བྱའོ་ཞེས་པ་ལ་ནན་ཏན་དུ་བསྒྲུབ་པར་བརྟགས་པ་ཡིན་པས་ན་རྟོགས་པ་སྟེ་དེའི ་གཞུང་ཡང་ཤིན་ཏུ་རྒྱས་པ་ཡིན་པས་ན་རྟོག་པ་ཆེན་པོའོ། །རྟོག་པ་གཞན་རྣམས་ལས་ཤིན་ཏུ་ཁྱད་དུ་འཕགས?་པས་ན་རྟོག་པ་ཆེན་པོའི་རྒྱལ་པོ་སྟེ། རྟོག་པ་ཆེན་པོའི་རྒྱལ་པོ་དེ་ལས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སོ་ཞེས་བྱ་བ་སྟེ། གང་གི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ལུས་པ་མེད་པ་འདིར་གྲུབ་པ་དང། འགྲུབ་པ་དང། འགྲུབ་བར་འགྱུར་བ་ཡིན་པའི་ཕྱིར་དཀྱིལ ་འཁོར་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །དྲིས་པ་དཀྱིལ་འཁོར་འདི་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་བསྟན་པ་ཡིན་ན། ཅིའི་ཕྱིར་ལས་ཀྱི་དམ་ཚིག་གི་རྟོག་པ་ཞེས་གསུངས་ཤེ་ན། །དེ་ནི་བདེན་མོད་ཀྱི། ་འདིར་འདི་གཉི་གཅིག་པར་སྟོན་པར་འདོད་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། །ལས་ཀྱི་རིགས་ཐམས་ཅད་ཡང་དག་པར་སྡུད་པ་ལ་ཞུགས་པ་ཡིན་པའི་ཕྱིར། །རིན་པོ་ཆེའི་རིགས་འདི་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ཏེ། གཙོ་བོ་མ ་ཡིན་པའི་རྟོག་པ་ཅིག་ཤེས་གཙོ་བོར་གྱུར་པ་ཡང་ཡོད་པས་ན་ལས་ཀྱི་རིགས་སུ་ཡང་དག་པར་བསྡུས་པ་ཞེས་བྱ་སྟེ། རང་རང་གི་ལས་ལ་གཙོ་བོར་བསྟན་པའི་ཕྱིར་སོ་སོར་བསྟན་པ་ཡང་ཡོད་དོ། །ཐེག་པ་ཆེན་པོ་མངོན ་པར་རྟོགས་པ་ལ་ནི་མངོན་པར་བྱང་ཆུབ་པ་གཙོ་བོ་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པར་མངོན་པར་རྟོགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རྟོག་པའི་རྒྱལ་པོ་དེ་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས ་པ་ཞེས་བྱའོ། །མངོན་པར་བྱང་ཆུབ་པའི་ལས་ནི་སེམས་ཅན་གདུལ་བ་ཡིན་ལ་དེ་ནི་འཇིག་རྟེན་གསུམ་ལས་རྒྱལ་བ་མེད་པར་མི་འབྱུང་སྟེ། དེ་བས་ན་འདིར་དོན་དེ་གཙོ་བོ་ཡིན་པར་བསྟན་པར་བྱ་བའི་ཕྱིར་ལས་ཀྱི ་རིགས་སུ་གཏོགས་ན་ཡང་ལོགས་ཤིག་ཏུ་བསྟན་པ་མཛད་དོ། །འཇིག་རྟེན་གསུམ་ལས་རྒྱལ་དུ་ཟིན་ཀྱང་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་མེད་ན་འཇིག་རྟེན་ལས་འདས་པའི་དབུལ་པ་ཡང་དག་པར་གཅོད་པར་མི་འགྱུར་ཏེ། ་དེ་བས་ན་དོན་འདི་གཙོ་བོར་བསྟན་པར་བྱ་བའི་ཕྱིར་འགྲོ་བ་འདུལ་བའི་རྟོག་པ་ཡང་ལོགས་ཤིག་ཏུ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་དོན་ཐམས་ཅད ་གྲུབ་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་གཟུངས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། དཀྱིལ་འཁོར་ཆེན་པོའི་རྗེས་ལ་གཟུངས ་ཀྱི་དཀྱིལ་འཁོར་འབྱུང་པར་སྟོན་ཏོ། །ཡང་ཞེས་བྱ་བ་ནི་སྔར་བཤད་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བལྟོས་པའོ། །སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང ་ཡིན་ལ་དབང་བསྐུར་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའོ། །དེའི་གཟུངས་ནི་དཀྱིལ་འཁོར་དེར་གཏོགས་བའི་ཕྱག་རྒྱ་རྣམས་སོ། །དེའི་དམ་ཚིག་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་སྟེ། དེ ་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བ་དེ་བྱིན་གྱིས་རློབ་པའི་ཕྱིར་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་བར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རང་གི་ཕྱག ་རྒྱ་གསུངས་སོ་ཞེས་བྱ་བ་ནི་ཕྱག་རྒྱ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རིག་པ་ཉིད་ལ་ཕྱག་རྒྱའི་སྒྲར་གསུངས་སོ། །དེ་ནས་ཕྱག་ན་རྡོ་རྗེས་མི་བསྐྱོད་པའི་གནས་ཀྱི་རང་གི་ཕྱག་རྒྱ་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་སྙིང་པོས་ཀྱང་རིན་ཆེན ་འབྱུང་ལྡན་གྱི་གནས་ཀྱིའོ། །དེ་བཞིན་དུ་རྡོ་རྗེ་ཅན་གྱིས་ཀྱང་སྣང་བ་མཛའ་ཡས་ཀྱི་གནས་ཀྱིའོ། །དེ་བཞིན་དུ་རྡོ་རྗེ་སྣ་ཚོགས་པས་ཀྱང་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་རང་གི་རིག་པ་དམ་པ་གསུངས་ཏེ། རིག་པ ་དེ་ལྡན་དཀྱིལ་འཁོར་ལྔ་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །རང་གི་རིགས་འབྱུང་བ་ཞེས་གསུངས་མོད་ཀྱི། འོན་ཀྱང་འདི་རྣམས་ཀྱིས་དཀྱིལ་འཁོར་བྱིན་གྱིས་བརླབ་བ་ཉིད་བྱའོ། །ད་ནི་དེ་ནས་བཅོམ་ལྡན་ཞེས་བྱ་བ་ལ ་སོགས་པས་ནི་དཀྱིལ་འཁོར་གདོན་པ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་ཏེ། དཀྱིལ་འཁོར་གདོན་པའི་རྗེས་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཞེས ་བྱ་བ་དེ་སུ་ཞིག་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའ་ཨི་སྙིང་པོའོ། །དེས་ཅི་ཞིག་མཛད་ཅེ་ན། རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་གསུངས་སོ་ཞེས་པའོ། །རང་གིཡང ་ཡིན་ལ་རིགས་ཀྱང་ཡིན་པས་རང་གི་རིགས་སོ། །དེའི་དམ་ཚིག་གི་ཕྱག་རྒྱའི་དམ་ཚིག་རབ་ཏུ་གྲུབ་པར་བྱེད་པའི་ཕྱག་རྒྱ་ཡིན་པས་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་འགོད་པའི་ཁྱད་པར་རོ། །འདི ་ཞེས་བྱ་བ་ནི་ཐུགས་ལ་གནས་བའོ་གསུངས་སོ་ཞེས་བྱ་བ་ནི་དེ་བཀའ་སྩལ་པའོ། །ཇི་ལྟར་གསུངས་ཤེ་ན། དེ་ནས་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་བྱ་བའི་རྗེས་ཐོགས་ལའོ། །གང་གི ་ཕྱིར་ཕྱག་རྒྱའི་དཀྱིལ་འཁོར་མེད་པར་ནི་དེ་དང་འབྲེལ་བའི་དགོས་པ་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་ཕྱེ་སྟེ། བཤད་པར་བྱ་ཞིང་བསྟན་པར་བྱའོ། ཞེས་པའོ་གང་ཞིག ་ཅེ་ན། ཕྱག་རྒྱའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་པའོ། །ཅི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ་ཞེས་པ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་བ་ཞེ་ན། རིན་ཆེན་གསང་བ་ཞེས ་བཤད་དེ་ཞེས་བྱ་བའོ། །ཐིག་ཇི་ལྟར་གདབ་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཆུལ་དུ་ནི། དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ་ཞེས་བྱ་བ་གསུངས་སོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། །དེ་ཡི་དབུས་སུ་ཚུལ་བཞིན་དུ། །སངས་རྒྱས ་ཕྱག་རྒྱ་བྲི་བར་བྱ་ཞེས་བྱ་བ་གསུངས་ཏེ། །དེ་ཡི་ཞེས་བྱ་བ་ཐིག་བཏབ་མ་ཐག་པའི་དཀྱིལ་འཁོར་གྱིའོ། །དབུས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུའོ། །ཚུལ་བཞིན་དུ་ཞེས་བྱ་བ་ལ་ཚུལ་གང་ཞིག་ཡིན་ཞེ་ན། བདག་ཉིད་བྱིན་གྱིས ་བརླབ་པ་ལ་སོགས་པ་དང་ས་སྦྱང་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་སངས་རྒྱས་ཕྱག་རྒྱ་བྲི་བར་བྱ་ཞེས་བྱ་བ་གསུངས་ཏེ། ཡང་དག་པར་ཀུན་ཏུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཁྲི་ལ་གནས་པའི་ནོར་བུའི་གཙོ། ཞེས་བྱ་བ་ལ་གཙོ་ཞེས ་པ་ནི་དང་པོའོ། །གང་དུ་བྲི་བར་བྱ་ཞེ་ན། རྡོ་རྗེ་དབྱིངས་ཀྱི་མདུན་དུ་བྲི་ཞེས་བྱ་བ་གསུངས་ཏེ། སེམས་དཔའ་རྡོ་རྗེ་མའི་གནས་སུ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་ཞེས་སྨོས་པ་ནི་འདིར་སངས་རྒྱས་ཀྱི་ཕྱག་རྒྱ་ཉིད་ཡིན་པར་ཤེས་པར ་བྱའོ། དེ་ནས་རྡོ་རྗེ་རིན་ཆེན་མའི་གནས་སུ་ནོར་བུ་ཕྲེང་བ་བྲི་བར་བྱའོ་ཞེས་གསུངས་པ་སྟེ། ནོར་བུའི་ཕྲེང་བ་ནི་ནོར་བུ་གསུམ་པ་སྟེ། དོན་ཐམས་ཅད་གྲུབ་པའི་ཕྲེང་བ་ཞེས་གང་བཤད་པའོ། །པདྨའི་ནོར་ཞེས་བྱ་བ་ནི་རྡོ་རྗེ་ཆོས་མའི ་གནས་སུ་པདྨའི་སྟེང་དུ་ནོར་བུའི་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནོར་བུས་བསྐོར་བའི་ནོར་བུ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་ལས་མའི་གནས་སུ་ནོར་བུ་ནོར་བུས་ཡོངས་སུ་བསྐོར་བ་བྲི་བར་བྱའོ་ཞེས་སྟོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ཐམས ་ཅད་གྲུབ་པའི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་ཞེས་བྱ་བ་ནི། ཐིག་དང་རི་མོ་ལས་བརྒལ་བའི་སྔགས་དང། ཡིད་ཀྱི་ཕྱག་རྒྱ་དང་བཅས་པར་མང་དུ་བསྟན་པ་སྟེ་དེས་རི་མོ་ལ་བསྒོམ་པར ་བྱའོ། ཐམས་ཅད་འགྲུབ་པའི་དཀྱིལ་འཁོར་དུ་ཞེས་བྱ་བ་ལ་ཐམས་ཅད་འགྲུབ་པ་ནི་དོན་ཐམས་ཅད་གྲུབ་པ་སྟེ། །བཅོམ་ལྡན་འདས་ནམ་མཀའི་སྙིང་པོའོ། །དེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེར་ཅི་ཞིག་བྱ ་ཞེ་ན། རྡོ་རྗེ་རིན་ཆེན་དབུས་སུ་ནི། །རྡོ་རྗེ་ནོར་བུ་ཆེན་པོ་བྲི། ཞེས་བྱ་བ་སྟེ། རྡོ་རྗེ་རིན་ཆེན་ནི་ནོར་བུ་ཆ་བརྒྱད་པ་འམ། ཟུར་དྲུག་པ་འམ་ཆ་བཅུ་གཉིས་པ་སྟེ་དེའི་དབུས་སུའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར ་བཟུང་བ་སྟེ། དབུས་མ་ཉིད་དུ་རྡོ་རྗེ་ནོར་བུ་ཆེན་པོ་བྲི་བར་བྱ་བ་སྟེ། རྡོ་རྗེས་མཚན་པའི་ནོར་བུ་ཡིན་པས་ན་རྡོ་རྗེ་ནོར་བུ་སྟེ་དེ་བྲི་བའོ། །དབུས་ན་གནས་པའི་ནོར་བུར་དོའི?་ཕྱོགས་ཐམས་ཅད་དེ་ཕྱོགས་བཞི་ཆར་དུ་ཡང་ངོ། །ལྷག་འོག་ཅེས་བྱ་བ་ནི ་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པའི་གཟུགས་སོ། །གོ་རིམ་ཇི་བཞིན་པར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རིམས་པས་སོ། །རང་གི་ཕྱག་རྒྱ་ནོར་བུར་ལྡན་ཞེས་བྱ་བ་ལ་རང་གི་ཕྱག་རྒྱ་ནི་རང་རང་གི་ཕྱག་རྒྱའོ། །ནོར་བུར་ལྡན་ཞེས་བྱ་བ་ནི་ནོར་བུ ་དང་བཅས་ཞེས་བྱ་བའི་དོན་ཏེ། དེ་ལྟར་རིན་པོ་ཆེའི་སློབ་དཔོན་ཉིད་ཀྱིས་བྲི་བར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །རྡོ་རྗེ་ཤུགས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་གཉིས་པར། སྤྱན་གཉིས་དང་ནི་ལྡན་པ ་ཡི། ནོར་བུའི་དབུས་སུ་བྲི་ཞེས་བྱ་བ་སྟེ། ནོར་བུ་བྲིས་ལ་དེའི་དབུས་སུ་མིག་གཉིས་བྱའོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ནོར་བུ་སྤྱན་གཉིས་དང་ལྡན་པ་དེའི་ཕྱོགས་བཞི་ཆར་དུའོ། །ལྟག་འོག་ཅེས་བྱ་བ་ནི་རྡོ་རྗེ་རིན ་ཆེན་ལ་སོགས་པའི་ཕྱག་རྒྱ་ཕྱིན་ཅི་མ་ལོག་པར་བྲིས་ཤིག་ཅེས་སྟོན་ཏོ། །གོ་རིམ་ཇི་བཞིན་པར་ཞེས་བྱ་བ་ནི་རིམ་པ་མ་འཆོལ་བར་རོ། །ནོར་བུའི་མཚན་མར་ལྡན་པ་ཡི་ཞེས་བྱ་བ་ནི་ཐམས་ཅད་ཀྱངནོར་བུ་དང་ཡང་དག ་པར་ལྡན་པའོ། །རང་གི་ཕྱག་རྒྱ་རྣམས་བྲིའོ་ཞེས་བྱ་བ་ནི་དེ་ལ་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་དབུས་སུ་རིན་པོ་ཆེའི་གཙོ་བོ་བྲིས་ལ་ངོས་གཉིས་སུ་འཁོ་དུ་གྱུར་པའི་ནོར་བུ་དག་བྲི་བ་འདི་ནི་རྡོ་རྗེ་ནོར་བུའི་ཕྲེང་བའོ། །གཉིས ་པར་ཉི་མའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་ནོར་བུ་གྲི་བར་བྱའོ། །གསུམ་པར་ནི་རྒྱལ་མཚན་བྲིས་ལ་དེའི་སྟེང་ཟླ་བའི་དཀྱིལ་འཁོར་བྲིས་པའི་དབུས་སུ་ནོར་བུ་བྲི་བར་བྱའོ། །བཞི་པར་ནི་རྡོ་རྗེ་གཉིས་ཀྱི་དབུས་སུ་ཆུད་པའི་སོའི་གྲེང?་བ་བྲིས ་ལ་དེའི་སྟེང་དུ་ནོར་བུ་བྲི་བར་བྱའོ། །རྡོ་རྗེ་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུའི་པདྨ་བྲི་བར་བྱ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་གནས་སུ་པདྨའི་དབུས་སུ་ནོར་བུ་བྲི་བར་བྱའོ། །དེའི་ཕྱོགས་རྣམས་ཐམས་ཅད་དུ། ་ལྟག་འོག་གོ་རིམ་དེ་བཞིན་བྱ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེའི་འཇིག་རྟེན་དབང་ཕྱུག་གི་གནས་སུ་ནི་པདྨའི་སྟེང་དུ་ཕྱག་གཉིས་ནོར་བུ་སྦྱིན་པར་བྲི་བར་བྱའོ། །རྡོ་རྗེ་རྣོན་པོའི་གནས་སུ་ནི་རལ་གྲིའི་སྟེང་དུ་ནོར་བུ་འདུག་པར་བྲིའོ། ། ་རྡོ་རྗེ་རྒྱུའི་གནས་སུ་ནི་འཁོར་ལོའི་དབུས་སུ་ནོར་བུ་བྲིའོ། །རྡོ་རྗེ་སྨྲ་བའི་གནས་སུ་ནི་ལྕེའི་དབུས་སུ་ནོར་བུ་བྲི་བར་བྱའོ། །དཀྱིལ་འཁོར་བཞི་བ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བཞི་པ་སྟོན་པ་ཡིན་ཏེ། དེའི་དབུས་སུ་རིན་པོ ་ཆེའི་ཆར་འབེབས་དང་ལྡན་པར་བྲིས་པར་བྱའོ། །ལས་ཀྱི་ཕྱག་རྒྱ་ཇི་བཞིན་པས་ཡོངས་སུ་བསྐོར་བར་བྲི་བར་བྱ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་ཆར་གྱིས་ཡོངས་སུ་བསྐོར་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། ནོར་བུའི་མཚན་མར་ལྡན་པ ་རྣམས་ཤེས་བྱ་བའོ། །ལྟག་འོག་གོ་རིམས་ཇི་བཞིན་བྱ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་རྡོ་རྗེ་ལས་ཀྱི་གནས་སུ་ནི་ཕྱག་རྒྱའི་རྩེ་མོས་རྡོ་རྗེ་གར་བྱེད་པའི་སྟེང་དུ་ནོར་བུ་བྲི་བར་བྱའོ། །གཉིས་པར་ནི་གོ་ཆའི་སྟེང་དུའོ།། ་གསུམ་པར་ནི་མཆེ་བའི་སྟེང་དུའོ། །བཞི་པར་ནི་ནོར་བུའི་ཁུ་ཚུར་གྱི་སྟེང་དུའོ། །སྒེག་མོ་ལ་སོགས་པའི་ནི་རང་རང་གི་ཕྱག་རྒྱ་ལ་ནོར་བུས་མཚན་པ་བྲི་བར་བྱའོ། །དེ་རྣམས་ཀྱི་རིག་པ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡི ་པར་ཤེས་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུ་གསང་བའི་དཀྱིལ་འཁོར་འདིར་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་རོ། །ལས་རྣམས་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་སློབ ་དཔོན་གྱི་ལས་ཏེ། གང་སློབ་དཔོན་གྱིས་དཀྱིལ་འཁོར་བྲིས་ནས་ལས་བྱ་བ་གང་དག་ཡིན་པ་དེ་ཐམས་ཅད་འདིས་སྟོན་ཏོ། །དེ་ཡང་དང་པོར་བདག་ཉིད་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྲེང་བ་ཕུལ་ཏེ་དེ་ཉིད་ཀྱིས་བདག ་ལ་དབང་བསྐུར་བར་བསམ་པ་ལ་སོགས་པ་དང། བཤོས་དབུལ་བའི་བར་དུ་བྱ་བའོ། །དེ་ནས་སློབ་མ་བཅུག་ལ་མནའི་སྙིང་པོ་བྱིན་ཏེ་དེ་ནས་འདི་སྐད་དུ་བསྒོ?་བར་བྱའོ། །ཁྱོད་ཀྱིས་ཚུལ་འདི་སུ་ལ་ཡང་མ་སྨྲ་ཞིག་ཅེས་བྱ་བ་ལ་སོགས ་པ་ཡང་བརྗོད་པར་བྱ་སྟེ། དམ་ཚིག་མི་ཤེས་པ་ལ་སྨྲས་པའི་ཉེས་དམིགས་ནི་གང་གི་ཚེ་འདིར་དབུལ་བ་དང། དུས་མ་ཡིན་པར་འཆི་བ་དང། ཆོ་གཞན་དུ་དམྱལ་བར་ལྟུང་བའོ། །དེ་ལྟར་དམ་ཚིག་ལ་བཞག་ནས་ཇི་ཞིག ་བྱ་ཞེ་ན། རང་གི་ནོར་བུའི་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་རང་གི་ལྷ་རྡོ་རྗེ་རིན་ཆེན ་གྱི་ཕྱག་རྒྱ་དེ་དང་པོར་བཅིངས་ལ་དེའི་ཕྱག་རྒྱ་ཆེན་པོར་བསྒོམས་པར་བྱའོ། །མཁའ་ལ་རྡོ་རྗེ་རིན་ཆེན་བྱ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་ལྟ་བུ་ནོར་བུ་ཡིད་ཀྱིས་ནམ་མཁའ་ལ་བསམས་ལ་ཇི་སྲིད་ནོར་བུ་དམིག་ལམ་དུ་གསལ་བར་སྣང ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་ཞིང་གོམས་པར་བྱ་བའོ། །རང་གི་གནས་སུ་དེ་བཞག་ན་ཞེས་བྱ་བ་ལ་རང་གི་གནས་ནི་དབང་བསྐུར་བའི་གནས་སོ། །བཞག་པ་ནི་བསྒོམས་པ་ལས་བྱུང་བའི་ནོར་བུ་དེ་གནས་དེར་བཞག་བའོ། ། ་རང་གིས་བྱས་པའི་རྒྱལ་པོར་འགྱུར་ཞེས་བྱ་བ་ནི་གང་གི་དྲིན་གྱིས་ཐོབ་པ་ཡང་མ་ཡིན་གྱི། རང་ཉིད་ཀྱིས་བསྒོམས་པའི་མཐུས་ཐམས་ཅད་ཟིལ་གྱིས་མནན་ཅིང་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཉིས་པ་ལ་ཡང་དེ་བཞིན་ཏེ། ་རྡོ་རྗེ་རིན་ཆེན་བཅིངས་ནས་ནི་ཞེས་བྱ་བ་ནི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིང་བའོ། །དེ་ནས་བསྒོམ་པ་ཡོངས་སུ་རྫོགས་པ་དང། བདག་གི་གནས་སུ་བཞག་ན་ནི་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེས་ཅིར་འགྱུར་ཞེ་ན། དབང་བསྐུར ་བ་ནི་འཐོབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། འདོད་པ་བཞིན་དུ་རྒྱལ་པོར་དབང་བསྐུར་བ་ལ་སོགས་པ་འཐོབ་པར་འགྱུར་བའོ། །གསུམ་པ་ཆོས་ཀྱི་རིགས་ལ་ཡང་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཀྱི ་རིན་ཆེན་ནི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱའོ། །ཆོས་ཀྱི་བདག་པོ་བླ་མེད་འགྱུར་ཞེས་བྱ་བ་ནི་ཆོས་ཀྱི་རྒྱལ་པོ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་པར་ཤེས་པར་བྱའོ། །ཡང་ནས་དགུ་པ་ལ་ཆོས་སྨྲ་བ་ཆེན་པོ་ཉིད ་འཐོབ་པར་འགྱུར་བའོ། །བཞི་པར་ཡང་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་རིན་ཆེན་ནི་ལམ་ཀྱི་ཕྱག་རྒྱ་གང་ཡང་རུང་བ་ཡིན་པར་ཤེས་པར་བྱའོ། །ལས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་གདོན་མི ་ཟ་བར་གྲུབ་པ་སྟེ། །ལས་ཐམས་ཅད་པ་ཡིན་པར་ཤེས་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གར་རྡོ་རྗེ་རིན་ཆེན་ཡིད་ཀྱིས་བསམས་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ།། ་དེ་ལྟར་བསྒོམས་བས་ཅི་ཞིག་འཐོབ་ཅེ་ན། དབང་བསྐུར་བ་མཆོག་ཏུ་རྨད་དུ་འབྱུང་བ་འཐོབ་ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། །འགྲོ་བ་རྣམས་ཀྱིས་ཤིན་ཏུ་རྙེད་པར་དཀའ་བའི་དབང་བསྐུར་བ་ཡང་འཐོབ་པར་འགྱུར་རོ།། ་ཞེས་བྱ་བའི་དོན་ཏོ། །རབ་མཉམ་བཞག་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་དཔྲལ་བར་བསྒོམ་པའོ། །ཇི་ལྟ་ཞེ་ན། རབ་མཉམ་བཞག་པས་ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་བསྒོམ་པ་བརྟན་པར ་བྱ་བ་སྟོན་ཏོ། །རིན་ཆེན་རྡོ་རྗེ་བཅིངས་འགྱུར་ན་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱ་བཅིངས་ལ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ་དེས་ཅིར་འགྱུར་ཞེ་ན། ཐམས་ཅད་ཀྱི་ནི་རྒྱལ་པོར་འགྱུར་ཞེས་བྱ་བ་གསུངས་ཏེ། ས ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་རིགས་ལ་ལྕེ་ལ་རྡོ་རྗེ་རིན་པོ་ཆེ་ཡིས་བསམ་པར་བྱའོ། །ཇི་ལྟ་ཞེ་ན། ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྟེ། ་ཏིང་ངེ་འཛིན་ཅེས་བྱ་བ་འདིས་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཡིན་པར་སྟོན་ཏོ། །དེ་ལྟར་བསྒོམས་པས་ཅི་ཞིག་འཐོབ་ཅེ་ན། དབང་བསྐུར་བ་ཡང་འཐོབ་པར་འགྱུར་ཞེས་བྱ་བ་གསུངས་སོ། །ཇི་ལྟ་བུ་ཞེ་ན། ཆོས་ཀྱི། ་རྒྱལ་པོ་ཉིད་དུ་ནི་ཞེས་བྱ་བ་གསུངས་སོ། །རབ་མཉམ་བཞག་པས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་རང་གི་ལུས་ཀྱི་གཙུག་ཏོར་དུ་བསྒོམ་པ་གོམས་པར་བྱ་བའོ། །ཇི་ལྟར་ཞེ་ན་རབ་མཉམ་བཞག་པས་ཞེས་བྱ་བ ་གསུངས་ཏེ། རྩེ་གཅིག་པའི་ཡིད་ཀྱིས་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཕྱག་རྒྱ་བཅིངས་ན་ནི་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཡང་བཅིང་བར་བྱ་བའོ། །དེས་ཅིར་འགྱུར་ཞེ་ན། ལས་ལེགས་བྱེད་པའི་རྒྱལ་པོར་འགྱུར ་ཞེས་བྱ་བ་སྟེ། ལས་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོར་ཞེས་བྱ་བ་ལ་སོགས་པ་ལ་གསལ་སོགས་ལ་བྲིས་ན་ནི་ཞེས་བྱ་བ་ནི་རས་ལ་སོགས་པ་ལ་རྡོ་རྗེ་རིན་པོ་ཆེ་བྲི་བར་བྱའོ། །སོགས ་པ་སྨོས་པས་ནི་རྩིག་པ་དང་ཤིང་ལེབ་ལ་སོགས་པ་བསྡུའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ཕྱག་རྒྱ་ཆེན་པོར་བདག་ཉིད་ཀྱིས་བསྒོམས་ན་ཞེས་བྱ་བ་གསུངས་པ་ཡིན་ཏེ། རང་གི་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ་ཞེས ་བྱ་བའི་དོན་ཏོ། །དེ་ནས་ཅིར་འགྱུར་ཞེ་ན། རྒྱལ་པོ་ཆེན་པོར་དེ་འགྱུར་རོ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རས་ཞེས་བྱ་བ་ནི་རས་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་བྲི་བའི་དོན་ཏོ། །ཇི་ལྟ་བུ ་ཞེས་བྱ་བ་ནི་བླ་ན་མེད་ཅེས་བྱ་བ་སྟེ། ཤིན་ཏུ་མཆོག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སེམས་དཔའ་རྡོ་རྗེ་བསྒོམས་ན་ནི་ཞེས་བྱ་བ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེས་མཚན ་པའི་རྡོ་རྗེའི་ཕྱག་རྒྱ་རིན་ཆེན་མའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། དམ་ཚིག་རྣམས་ཀྱི་བདག་པོར་འགྱུར་ཞེས་བྱ་བ་གསུངས་སོ། །རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། ཆོས ་ཀྱི་རིགས་ཀྱི་བསམ་གཏན་གྱི་ཕྱག་རྒྱ་གང་ཡང་རུང་བ་ཡིན་པར་ཤེས་པར་བྱའོ། །རས་ལ་སོགས་ལ་ཞེས་བྱ་བ་ལ་སོགས་པ་འདི་དག་ཀྱང་གོ་སླའོ། །གསེར་རམ་ཞེས་བྱ་བ་ལ་སོགས་པ་ལ་སྔར་ནི་རིན་པོ་ཆེ་སྤྱིར་སྨོས་མོད ་ཀྱི། ད་ནི་རྫས་ཀྱི་ཁྱད་པར་འབའ་ཞིག་སྨོས་པར་ཟད་དོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་གསང་བའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་ནོར་བུའི ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་སྦ་བར་བྱ་བ་གང་ཡིན་པ་དེ་ནི་གསང་བའོ། །དེའི་ཡེ་ཤེས་ཡིན་པས་ན་ནོར་བུའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་གསང་བའི་ཡེ་ཤེས་ཏེ། དེ་བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི ་དོན་ཏོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་ནོར་བུ་ཡིན་པས་ན་རྡོ་རྗེ་ནོར་བུ་ཡིན་ལ། འདི་ཉིད་ནི་དོན་གྱི་མཆོག་རབ་ཏུ་སྒྲུབ་པར་བྱེད་པས་ན་རྡོ་རྗེ་ནོར་བུ་ཆེན་པོའོ། །དེ་བཅིང་བ་ནི ་ཤིང་ལ་སོགས་པའམ། གསེར་ལ་སོགས་པ་ལས་བྱས་པའོ། །ནོར་བུ་ཕྲ་མོ་དེ་བུད་མེད་བུ་གར་བཅུག་ཅེས་བྱ་བ་ལ་བུད་མེད་ནི་འདིར་དམ་ཚིག་གི་ཕྱག་རྒྱ་སྟེ། དེའི་བུ་ག་ནི་དེ་འི་ནང་སྤུབས་ཏེ་ནང་གི་ཁོང་སྟོང་ངོ། །དེར ་སྔོན་དུ་བསྙེན་པའི་ཚེ་འམ། བསྒྲུབ་པའི་ཚེ་ནོར་བུ་དེ་བཞུག་པར་བྱ་ཞེས་ཕྱག་རྒྱ་དེ་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོ་བསྒོམས་པར་བྱའོ། །དེ་ལྟར་བསྒོམས་པས་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། དེ་ལྟར་དངོས་གྲུབ་འཐོབ་པར ་འགྱུར་ཞེས་བྱ་བ་གསུངས་སོ། །དམ་ཚིག་མཆོག་གི་ནོར་བུ་ནི་ཞེས་བྱ་བ་ནི་ཤིང་ལ་སོགས་པའི་དམ་ཚིག་མཆོག་གི་ཕྱག་རྒྱ་གཞུག་པའོ། །བུད་མེད་བུ་ག་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །དམ་ཚིག་མཆོག་བཅིངས ་ཞེས་བྱ་བ་ནི་ནོར་བུ་ཕྲ་མོ་འདི་གང་དུ་གཞུག་པའོ། །དེ་ལྟར་བཅུག་པ་དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་འགྱུར་ཞེས་བྱ་བ་གསུངས་སོ། །ཡུལ་གང་དུ་ཞེ་ན། ཐམས་ཅད་ཀྱི་དབང་བསྐུར་བ་ཞེས་བྱ་བ་གསུངས་ཏེ། ་དབང་བསྐུར་བ་ཐམས་ཅད་འགྲུབ་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནོར་བུ་ཚ་བཅིངས་ལ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །ཆོས་ཀྱི་ཕྱག་རྒྱ་བསྒོམས་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་ཆར་གྱི་སྦྱོར་བ་དང་ལྡན་དུ ་ཟིན་ཀྱང་ཆོས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་སྟོན་ཏོ། །འདས་མ་ཐག་པ་ལ་ནི་དམ་ཚིག་གི་ཕྱག་རྒྱའོ། །དང་པོའི་སྦྱོར་བ་ལ་ནི་ཕྱག་རྒྱ་ཆེན་པོ་གཙོ་བོ་ཡིན་པར་བཤད་དོ། །ནོར་བུ་དེ་ནི་བུད་མེད་བུ་གར་བཅུག་ཅེས ་བྱ་བ་ནི་སྔ་མ་དང་འདྲ་སྟེ། དམ་ཚིག་གི་ཕྱག་རྒྱ་ཉིད་ཀྱི་ནང་དུ་གཞུག་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བཅུག་ནས་ཅིར་འགྱུར་ཞེ་ན། བླ་ན་མེད་པའི་དངོས་གྲུབ་འགྱུར་ཞེས་བྱ་བ་གསུངས་སོ། །ལས་ཀྱི་ཕྱག་རྒྱའི་ནོར་བུ ་བཅིངས་ཞེས་བྱ་བ་ནི་ལས་ཀྱི་རིགས་ལ་ལས་ཀྱི་རྡོ་རྗེས་མཚན་པའི་ནོར་བུ་ནི་ལས་ཀྱི་ནོར་བུའོ། །བཅིངས་ཞེས་བྱ་བ་ནི་གཞུག་པའོ། །གང་དུ་ཞེ་ན། བུད་མེད་བུ་གར་རོ། །ལས་ཀྱི་ཕྱག་རྒྱ་བཅིངས་པར་གྱུར་པ་ཞེས་བྱ ་བ་ནི་འདིར་ཡང་ལས་ཀྱི་རིགས་སུ་གཏོགས་པ་ལ་ལས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་སྟོན་ཏོ། །ནོར་བུ་གཞུག་པ་ནི་དམ་ཚིག་གི་ཕྱག་རྒྱ་ཉིད་དུ་སྟེ། དེ་ལྟ་བུ་མེད་ན་ལས་ཀྱི་ཕྱག་རྒྱར་བཅུག་ཀྱང་འགལ་བ་མེད་དོ། །དེ་ལྟར ་བཅུག་པའི་ལས་ཀྱི་ཕྱག་རྒྱས་ཅིར་འགྱུར་ཞེ་ན། ལས་ཀུན་གྱི། དངོས་གྲུབ་བླ་ན་མེད་པར་འགྱུར་ཞེས་བྱ་བ་སྟེ་ལས་ཀུན་ནི་འདིར་མཆོད་བའི་ལས་ཡིན་པར་ཤེས་བར་བྱའོ། །འདིའི་དོན་ཀྱང་རྡོ་རྗེ་དབྱིངས་ཀྱི་གསར་བའི་དཀྱིལ ་འཁོར་དུ་གསང་བའི་དངོས་གྲུབ་ཀྱི་མཚན་མའི་རྡོ་རྗེ་ཁུ་ཚུར་གྱི་ཁོབ་ལ་སྦྱིན་པར་བྱའོ། ཞེས་བསྟན་ཟིན་ཏོ། །དེ་ནས་དཀྱིལ་འཁོར་ཆེན་པོ་འདིར་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་ཆེན་པོ་བཅིང་བ་བཤད་དེ་ཞེས་བྱ་བ་ནི་རྩ ་བའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་ཉིད་འདིར་ཕྱག་རྒྱ་ཆེན་པོ་ཡིན་པར་བསྟན་ཏོ། །དེ་ལ་རིན་ཆེན་རྡོ་རྗེ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་རྡོ་རྗེ་མྱུ་གུ་བཅིང་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་དཀྱིལ ་འཁོར་ཆེན་པོར་བསྟན་པའི་ཕྱག་རྒྱ་དང་པོ་རིན་ཆེན་རྡོ་རྗེའི་མྱུ་གུ་གང་ཡིན་པ་དེ་ཉིད་འདིར་རིན་ཆེན་རྡོ་རྗེའི་མྱུ་གུ་ཞེས་གསུངས་ཏེ། དེའི་གུད་མོ་དང། སྲིན་ལག་དང། མཐེའུ་ཆུང་རྣམས་བརྐྱང་སྟེ་སྤྱི་བོར་བཞག ་པར་བྱའོ། །དེས་ཅི་ཞིག་ཏུ་འགྱུར་ཞེ་ན། གྲུབ་མཆོ་སྦྱིན་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་བཅིང་བའོ། །མཛུབ་མོ་གཉིས་མདུད་ཅེས་བྱ་བ་ལ ་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་ལ་གཅིག་ལ་གཅིག་སྦྲེལ་པར་བྱ་བ་དང། མཐེ་བོ་གཉིས་དང། སྲིན་ལག་རྡོ་རྗེ་ཞེས་བྱ་བ་ནི་མཐེ་བོ་གཉིས་དང་སྲིན་ལག་གཉིས་སོ་སོར་སྦྱར་ལ་བསྒྱུར་ནས་ནི་མཛོད་སྤུ་བཞག་པ ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བསྒྱུར་ཞེ་ན། ཕྱག་རྒྱ་བཀན་ལ་སྲིན་ལག་སྦྱར་བའི་རྩེ་མོ་མཛོད་སྤུའི་གནས་སུ་གཏུགས་ན་དེ་ལྟ་བུས་ནི་བསྐུར་ནས་མཛོད་སྤུར་བཞག་པར་འགྱུར་རོ། །འདིའི་འབྲས་བུ་གང་ཞིག་ཡིན་ཞེ་ན། ་དབང་བསྐུར་འཐོབ་ཅེས་བྱ་བ་གསུངས་ཏེ། འདི་ནི་མི་བསྐྱོད་པའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་རིན་ཆེན་གྱི་སྦྱོར་བས་སོ། །དེ་ཉིད་ཡོངས་སུ་བསྒྱུར་ནས་ནི། ཞེས་བྱ་བ་ནི ་མཛོད་སྤུ་འཇོག་པའི་ཕྱག་རྒྱ་སྔ་མའི་གཟུགས་བསྐྲོལ་ལ་རྡོ་རྗེ་རིན་ཆེན་ལྟ་བུར་བཅིངས་ན་ཡོངས་སུ་བསྒྱུར་བར་འགྱུར་རོ། །དེ་ནས་ཅི་ཞིག་བྱ་ཞེ་ན། མཛུབ་མོ་གཉིས་རྩི་གདོང་སྤྲད་བ་ཞེས་བྱ་བ་སྟེ་མཛུབ་མོ་གཉིས་ཀྱི ་རྩེ་མོ་གཉིས་སྤྲད་ལ་དབང་བསྐུར་པའི་གནས་སུ་གཏུག་པར་བྱའོ། །འདིའི་འབྲས་བུ་གང་ཡིན་ཞེ་ན། དེ་ནི་དབང་བསྐུར་འཐོབ་བྱེད་བའོ། ཞེས་བྱ་བ་སྟེ་འདི་ནི་རིན་ཆེན་འབྱུང་ལྡན་ཀྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས ་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱའོ། །མཐེབ་མཛུབ་གཉིས་ནི། ཆོས་ཀྱི་རྡོ་རྗེའི་ཚུལ་དུ་ཡང་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། མཛུབ་མོ་གཉིས་མཐེ་བོ་གཉིས་ལྷན་ཅིག་བསྒྲེད ་ལ་པདྨའི་འདབ་མའི་ཚུལ་དུ་ནོར་བུ་ཟླུམ་པོར་བྱའོ། །དེ་ལྟར་ན་ཆོས་ཀྱི་རྡོ་རྗེ་མའི་ཚུལ་དུ་བཅིངས་པ་ཡིན་ནོ། །དཔྲལ་བར་བཞག་པ་ནི་ཞེས་བྱ་བ་ནི་དཔྲལ་པའི་གནས་སུ་སྦྱར་བའོ། །དེས་ཅིར་འགྱུར་ཞེ་ན། ཆོས་ཆེན་གྱི་ནི་དབང་བསྐུར ་འགྱུར། ཞེས་བྱ་བ་སྟེ། །ཆོས་སྨྲ་བ་ཆེན་པོར་དབང་བསྐུར་བ་སྦྱིན་པར་བྱེད་དོ། ཞེས་བྱ་བའི་དོན་ཏོ། །འདི་ནི་འོད་དཔག་ཏུ་མེད་པའི་གནས་ཀྱི་ཕྱག་རྒྱའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་རྡོ་རྗེ་བཅིངས ་ནས་ཀྱང་ཞེས་བྱ་བ་ནི་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་བཅིང་བའོ། །ལས་ཀྱི་རྡོ་རྗེ་མ་ནི་འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་གང་ཡིན་པ་དེ་གཟུང་ངོ། །དེ་བསྒྱུར་ནས། ཕྲལ་བ་ཉིད་དུ་ཡང་ཞེས་བྱ་བ་ནི་བ་ཀན་ལ་མཐེ་བོ ་གཉིས་ཀྱི་རྩེ་མོ་སྦྱར་ནས་དབང་བསྐུར་བའི་གནས་སུ་བཞག་ལ་སྲིན་ལག་གཉིས་སྦྱར་ནས་ཁ་གྱེན་དུ་བསྟན་པར་བྱ་སྟེ། དེ་ལྟ་བུ་ནི་བསྒྱུར་བ་ཡིན་ནོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ནང་དུ་བཅུག་ལ། མཐེའུ ་ཆུང་དང་མཐེ་བོ་གཉིས་སོ་སོར་གཤིབས་པ་ནི་རྡོ་རྗེ་ལས་མའི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་འདིའི་མིང་ཇི་སྐད་ཅེས་བྱ་ཞེ་ན། དབང་བསྐུར་ཀུན་གྱི་ཕྲེང་བ་སྟེ་ཞེས་གསུངས་པ་ཡིན་ནོ། །དེ་ལ་འཕྲལ ་བར་བཞག་པའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། དབང་ནི་བསྐུར་བར་འགྱུར་བྱ་བ་སྟེ། །ཕྱག་རྒྱ་འདི་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་ལྔ་པོ་འདི་དག་ནི་དཀྱིལ་འཁོར་བྱིན་གྱིས་རློབ ་པར་བྱེད་པ་ཡིན་ཏེ། དང་པོའི་རིག་པ་ལྔའི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ད་ནི་རིན་ཆེན་འབྱུང་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་གནས་ནས་བརྩམས་ཏེ། དགོད་པའི་ཕྱག་རྒྱ་རྣམ ་སྟོན་ཏོ། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ནི། །རྡོ་རྗེ་དབྱིངས་སྐྱེས་དམ་ཚིག་ཀྱང་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རིན་ཆེན་འབྱུང་པའི་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར ་དམ་ཚིག་གི་ཕྱག་རྒྱར་གསུངས་པ་གང་ཡིན་པ་སྟེ་དེ་བཅིང་པའོ། །ཇི་ལྟར་ཞེ་ན། རིན་ཆེན་གནས་ཞེས་བྱ་བ་སྟེ། རྡོ་རྗེ་བསྔམས་པ་ལས་གུང་མོའི་སོར་མོ་གཉིས་རིན་པོ་ཆེར་བྱས་པའི་ཁ་གྱེན་ཏུ་བསྟན་པ་བཅིངས་ན་རིན་ཆེན ་གནས་སུ་འགྱུར་བའོ། །གང་དུ་ཞེ་ན། འཕྲལ་བར་བཞག་ན་ཞེས་བྱ་བ་གསུངས་སོ། །དེ་བཅིངས་པས་ཅིར་འགྱུར་ཞེ་ན། དབང་བསྐུར་འགྱུར་ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་འདི་ནི་རྣམ་པར་སྣང་མཛད་ཀྱི་གནས་ཀྱི ་ཡིན་པར་ཤེས་པར་བྱའོ། །འདིར་རིན་ཆེན་འབྱུང་བ་ཞེས་སྨོས་པས་ནི། རྟོག་པ་འདི་དག་གཙོ་བོར་བསྟན་པར་བྱ་པའི་ཕྱིར་ཡིན་ནོ། །མཐེ་བ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། མཐེབ་གཉིས་ཕན་ཚུན་བསྣོལ་ནས ་ནི་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་པའོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ཞེས་བྱ་བའི་མཛུབ་མོ་གཉིས་གཤིབས་པའོ། །དེ་ནས་ཅི་བྱ་བ་སྟོན་པ་ནི། མཛུབ་གཉིས་ནོར་བུའི་ཕྱག་རྒྱར་བྱ་ཞེས་བྱ་བ་གསུངས་ཏེ། མཐེ་བོ ་གཉིས་སྐྱིལ་མོ་ཀྲུང་དུ་བྱས་པ་ཞེས་པའོ། །འདི་བཅིངས་པའི་འབྲས་བུ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་ནོར་བུ་ཆེན་པོ་འཐོབ་ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་འདི་ཡང་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། ། ་རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་བྱས་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་པའོ། །ནོར་བུའི་ཁུ་ཚུར་བཅིངས་ནས་ནི་ཞེས་བྱ་བ་ནི་ནོར་བུའི་ཁུ་ཚུར་བཅིང་པའོ། །གུང་མོ་གཉིས ་ཀྱང་ནོར་བུར་བྱ་ཞེས་བྱ་བ་ནི་གུང་མོ་གཉིས་ཀྱང་ནོར་བུར་བྱའོ་ཞེས་བྱ་བའི་དོན་ཏོ། །མིང་ཇི་སྐད་ཅེས་བྱ་བའི་ཕྱག་རྒྱར་འགྱུར་ཞེ་ན། ནོར་བུའི་ཕྲེང་བ་ཞེས་བྱ་བ་གསུངས་སོ། །འདིས་ཅི་ཞིག་བྱེད་ཅེ་ན། །དབང་བསྐུར་འགྱུར་ཞེས་བྱ་བ་གསུང ་སོ། །འདི་ནི་རྡོ་རྗེ་རིན་ཆེན་མའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །གུང་མོ་ནོར་བུར་འདར་བྱས་ལ། ཞེས་བྱ་བ་ནི་གུང་མོ་གཉིས་ནོར་བུར་བྱ་བའོ། །དེས་ན ་མཛུབ་མོ་སྲིན་ལག་གཉིས་པདམོ་ཁ་བྱེ་བ་འདྲ་པར་བྱས་པས་ཞེས་བྱ་བ་ནི་མཛུབ་མོ་གཉིས་དང་སྲིན་ལག་གཉིས་གྱེན་དུ་བརྐྱང་ན་དེ་ལྟ་བུ་ནི་པདམོ་འདྲ་པར་བྱས་ཞེས་བྱ་པའོ། །དེས་ཅིར་འགྱུར་ཞེ་ན། འགྲུབ་ཅེས་བྱ་བ་གསུངས་སོ། །འདི ་སྐད་སྟོན་ཏོ། སྒྲུབ་པའི་ཚེ་ཕྱག་རྒྱ་འདི་བཅིངས་ན་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་སྟེ་འདི་ནི་རྡོ་རྗེ་ཆོས་མའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །གུང་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་གུང་མོ་གཉིས་ནི་ནོར་བུར ་བཅིང་པའོ། །སོར་མོ་ཐམས་ཅད་བསྒྲེང་པ་རྣམས་ཞེས་བྱ་བ་ནི་ཐམས་ཅད་བརྒྱད་པའོ། །ནོར་བུ་ཉིད་དུ་བསྒོམས་ན་ནི། །ཞེས་བྱ་བ་ནི་སོར་མོ་དེ་ཐམས་ཅད་ནོར་བུ་འདྲ་བར་བསྒོམ་པའོ། །དེ་ནས་ཅིར་འགྱུར་ཞེ་ན། འཁོར་རྣམས ་མཆོག་དང་ལྡན་པར་འགྱུར་ཞེས་བྱ་བ་གསུངས་ཏེ། གུང་མོའི་ནོར་བུའི་འཁོར་གྱིས་བསྐོར་པར་བསྒོམ་པས་འཁོར་ཐོབ་པར་འགྱུར་རོ། །ཞེས་བྱ་པའི་དོན་ཏོ། །འདི་ནི་ལས་ཀྱི་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། ། ་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་རིན་ཆེན་གྱི་ཚུལ་དུ་བཅིང་བའོ། །ཇི་ལྟར་ཞེ་ན། གུང་མོ་མཐེ་བོ་སྦྱར་བ་དང། །ཞེས་བྱ་བ་གསུངས་སོ། །སོར་མོ་ལྷག་མ་རྣམས་ཇི་ལྟར་བྱ་ཞེ་ན་སྲིན་ལག་མཐེའུ་བསྙམས་པྲ? ་རྣམས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་སོ་སོར་སྦྱར་བར་བྱའོ། །གང་དུ་བཞག་ཅི་ན་ཁར་བཞག་ཅེས་བྱ་བ་གསུངས་སོ། །མིང་ཇི་སྐད་ཅེས་བྱ་བའི་ཕྱག་རྒྱབ ་འགྱུར་ཞེ་ན། ལྕེ་རྩེ་ཞེས་བྱ་བ་གསུངས་སོ། །འབྲས་བུ་ཅི་ཞིང་སྟེར་བར་འགྱུར་ཞེ་ན། ནོར་རབ་སྟེང་ཞེས་བྱ་བ་གསུངས་སོ། །འདི་ནི་མི་བསྐྱོད་པའི་གནས་ཀྱི་ཕྱག་རྒྱ་གཉིས་པ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱ་འདི་ནི་དགོད་པའི་སྔགས ་གཉིས་པའི་ཕྱག་རྒྱ་ཡིན་ནོ། །དེ་ལས་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་གཉིས་རྡོ་རྗེར་བྱ་ཞེས་བྱ་བ་སྟེ། མཛུབ་མོ་གཉིས་གཤིགས་ན་རྡོ་རྗེ་སེམས་དཔའ་ཨི་གནས་ཀྱི་ཕྱག་རྒྱར ་འགྱུར་པའོ། །དེ་གཉིས་དེ་བཞིན་ལྕགས་གྱུར་བྱ་ཞེས་བྱ་བ་ནི་མཛུབ་མོ་དེ་དག་ཉིད་ལྕགས་ཀྱུར་བྱས་ན་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །མཛུབ་མོས་མཛུབ་མོ་དྲང་བ་དང་ཞེས་བྱ་བ་ལ་ཡང་དེ་ཉིད་ཅེས་བྱ་བར་སྦྱར་ཏེ། ་ཕྱག་རྒྱ་གཡོན་ལོགས་སུ་བསྐོར་ལ་མཛུབ་མོ་གཡས་པས་གཡོན་པ་གཟུང་སྟེ་མདའའདྲེན་པའི་ཚུལ་དུ་དྲངས་ན། རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་གཉིས་དགའ་བར་བ་སྦྱིན་པའོ། ཞེས་བྱ་བ་ལ་ཡང་དེ་ཉིད་ཅེས ་བྱ་བར་སྦྱར་སྟེ། མཛུབ་མོ་དེ་གཉིས་མཐེ་བོ་དང་སྦྱར་ལ་སེ་གོལ་གཏོག་པའི་ཚུལ་དུ་བྱས་ན་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱར་འགྱུར་རོ། །གུང་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྔམས་པ་ལས་གུང་མོ་གཉིས་ནོར ་བུར་བཅིང་བའོ། །མཛུབ་གཉིས་ངོས་ལ་བཀུག་པའོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཚུལ་དུ་མཛུབ་མོ་གཉིས་བཀུག་པ་གུང་མོ་གཉིས་ཀྱི་ཚིགས་གསུམ་པའི་དྲུང་དུ་བཞག་པར་བྱ་སྟེ། འདི་ནི་རིན་ཆེན་འབྱུང ་ལྡན་གྱི་གནས་ཀྱི་ཕྱག་རྒྱ་གཉིས་པའོ། །སྲིན་ལག་པོས་གཉིས་མདུད་པ་ལ་ཞེས་བྱ་བ་ནི་ཕྱག་རྒྱུ་དེ་ཉིད་ལས་སོར་མོ་གཡས་པའི་སྲིན་ལག་གི་ཚིགས་གསུམ་པར་སོར་མོ་གཡོན་པའི་སྲིན་ལག་གི་ཚིགས་གསུམ་པ་གཟུང་ལ་མཐེ ་པོ་གཉིས་ཀྱིས་བཅིངས་པའི་བཀབ་པ་འདི་ནི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་རྡོ་རྗེ་ཉི་མར་བསྐོར་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་སྙིང་གང་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་གཡས་ལོགས ་ནས་བསྐོར་བ་ནི་རྡོ་རྗེ་ཉི་མའི་གནས་ཀྱི་ཕྱག་རྒྱ་ཡིན་ནོ། །དཔུང་པ་སྤྱི་བོར་?་པར་བྱ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་སྤྱི་བོ་ནས་གྱེན་དུ་དཔུང་པ་བརྐྱང་ནས་བཞག་ན་རྡོ་རྗེ་དཔལ་གྱི་གནས་ཀྱི་ནོར་བུའི་རྒྱལ་མཆན་ཀྱི་རྩེ་མོའི་དཔུང་རྒྱན་གྱི ་ཕྱག་རྒྱར་འགྱུར་རོ། །བཞད་མོའི་ཚུལ་དུ་བྱས་པའོ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་ཁར་གཡས་ལོགས་ནས་རྒོད་པ་སྟོན་པའི་ཚུལ་དུ་བསྐོར་བ་རྡོ་རྗེ་བཞད་པའི་གནས་ཀྱི་ཕྱག་རྒྱ་འགྱུར་རོ། །རྡོ་རྗེ་བསྡམ་པ་ཞེས་བྱ ་བ་ལ་སོགས་པ་ལ་རྡོ་རྗེ་བསམས་པ་བྱས་ནས་ཀྱང་ཞེས་བྱ་བ་ནི་བཅིང་བའོ། །མཛུབ་མོ་སིན་ལག་གྱེན་དུ་བསྒྲེང་ཞེས་བྱ་བ་ནི་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ཟུར་བཞི་པར་བརྐྱང་པར་བྱའོ། །དེ ་ནས་ཅི་ཞིག་བྱ་ཞེ་ན། །དེ་དག་པདྨ་འདྲ་བར་བྱ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སོང་མོ་བརྒྱད་བ་བཞི་པོ་གང་ཡིན་པ་དེ་ཉིད་པདྨའི་ཡིན་ནོ། །དེ་ནས་གུང་མོ་གཉིས་ནོར་བུར་བྱས་ན་སྣང་བ་མཛའ་ཡས་ཀྱི་གནས་ཀྱི ་ཕྱག་རྒྱར་འགྱུར་རོ། །དེ་ལས་ཐ་མ་རབ་སྦྱིན་བྱ་ཞེས་བྱ་བ་ནི་བཤད་མ་ཟག་པའི་ཕྱག་རྒྱ་དེ་ཉིད་ཀྱི་མཐེའུ་ཆུང་གཉིས་བཀུག་པ་བརྐྱང་ལ། རབ་ཏུ་སྦྱིན་པ་བྱེད་པའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཆོས་ཀྱི་གནས་ཀྱི་ཕྱག་རྐྱང ་འགྱུར་རོ། །རྡོ་རྗེ་རལ་གྲིར་སྦྱར་པ་དང་ཞེས་བྱ་བ་ནི་སྣང་བ་མཛའ་ཡས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་ལག་པ་གཉིས་ཀ་རལ་གྲི་འདེབས་པའི་ཚུལ་དུ་བྱས་ལ་ནུ་མ་གཡས་པའི་ཐད་ཀར་བཞག་པ་འདི་ནི་རྡོ་རྗེ་ནོར་པོའི ་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་འཁོར་ལོའི་ཚུལ་དུ་བྱ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ?་དང་མཐེའུ་ཆུང་གཉིས་རྡོ་རྗེ་ཐལ་མོའི་ཚུལ་དུ་གཉིས་ཀ་བསྟན་པ་འདི་ནི་འཁོར་ལོའི་ཚུལ་ཡིན་ཏེ། རྡོ་རྗེ་འཁོར་ལོའི་གནས་ཀྱི་ཕྱག ་རྒྱའོ། །དེ་ཉིད་ཁ་ནས་དབྱུང་བར་བྱ། ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་དེ་ཉིད་ཁའི་ཕྱོགས་ནས་གྱེན་དུ་ཚིག་འབྱུང་པའི་ཚུལ་དུ་དྲངས་ན་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་རིན་ཆེན་མྱུ་གུར་བཅིང་ཞེས་བྱ་བ་ལ ་སོགས?་པ་ལ་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ནི་བཤད་ཟིན་ཏེ། མཐེ་བོ་རྡོ་རྗེ་དང་མཛུབ་མོ་རིན་པོ་ཆེ་སྟེ་བཅིང་པའོ། །སོར་མོ་ཐམས་ཅད་བརྐྱང་བ་དང་ཞེས་པ་ནི་སོར་མོ་ལྷག་མ་རྣམས་བརྐྱང་བ་སྟེ། འདི་ནི་གོང་ན་མི་ཟ་བར་གྲུབ་པའི་གནས ་ཀྱི་ཕྱག་རྒྱའོ། །དེ་དག་སྤྱི་བོར་བཞག་པ་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་མགོ་པོའི་གཙུག་ཏོར་གྱི་གནས་སུ་བཞག་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རིན་ཆེན་ཆད་གྱིS་ཚར་འབེབས་སོ་ཞེས་བྱ་བ་གསུངས་ཏེ། ་སོར་མོ་བརྐྱང་བ་གང་ཡིན་པ་དེ་ཉིད་རིན་པོ་ཆེའི་ཆར་འབེབས་པའི་ཚུལ་དུ་བསྟན་པར་བྱ་པའོ། །ཕྱག་རྒྱ་འདི་ཉིད་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་ཡང་བསྟན་མོད་ཀྱི། འོན་ཀྱང་རིན་པོ་ཆེའི་ཆར་འབེབས་པར་སྟོན་པའི་ཚུལ་གྱིས ་ཐ་དད་པར་ཟད་དེ་ཕྱག་རྒྱ་འདི་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་དོ། །འཁོར་ལོའི་ཚུལ་དུ་ནི་ཞེས་བྱ་བ་ནི་གུང་མོ་དང། ་སྲིན་ལག་དང་།མཐེའུ་ཆུང་རྣམས་ཕན་ཚུན་བསྣོལ་ལ་འཁོར་ལོ་ལྟ་བུར་བྱའོ། །གང་དུ་ཞེ་ན། སྙིང་གར་ཞེས་བྱ་བའོ། །ཇི་ལྟ་བྱ་ཞེ་ན། རིན་ཆེན་གཉིས་བྱས་པ་ཞེས་གསུངས་པ་སྟེ། རིན་པོ་ཆེ་ཡང་གཉིས་སུ་བྱས་ལ་སྙིང་ག་ཉིད་དུ་བཞག ་ན་རིན་ཆེན་གོ་ཆའི་ཕྱག་རྒྱར་འགྱུར་རོ། །ནོར་བུ་འཛིན་རྩེ་མཆེ་བ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་དང་མཛུབ་མོ་གཉིས་ཀ་ནོར་བུར་བྱ་བ་འདི་ནི་ནོར་བུ་འཛིན་པར་འགྱུར་རོ། །དེ་ནས་རྩེ་མོ་མཆེ་བ་ཞེས་བྱ་བ་ནི་ཕྱག ་རྒྱ་ཁར་བཞག་ལ་བཞི་ཆར་གྱི་ཡང་རྩེ་མོ་བརྐྱང་ལ་བཞག་པ་ནི་མཆ་བ་བཞིའི་ཚུལ་དུ་བྱས་པ་ཡིན་པས་ན་འདི་ནི་ནོར་བུ་འཛིན་རྩེ་མཆེ་བ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་ཕྱག་རྒྱའོ། །དབུས་སུ་བསྙམས་པ་ཁུ་ཚུར་རོ་ཞེས་བྱ ་པ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་བཀྲོལ་ཏེ་དགུག་ལ་བཞག་མཐེ་པོ་གཉིས་དབུས་སུ་གཤིབ་པར་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་བསྙམས་པའོ། །འདི་སྐད་སྟོན་ཏེ། སྔར་བཤད་པའི་རྟོག་པ་གསུམ་ཆར་ལ ་ཡང་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་མཐེ་བོ་གཉིས་དབུས་སུ་གཤིབ་པར་བསྟན་གྱི། འདིར་ནི་དབུས་སུ་བསྙམས་ལ་བསྒྲེང་སྟེ་བཞག་ཅིང་མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་པ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །དེ་ནས ་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་དེའི་འོག་ཏུ་ཇི་སྐད་བཤད་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན་ཕྱག་རྒྱ་ཆེན་པོ་དེ་དག་ཉིད། སྙིམ་སྦྱར་བྱས ་ཏེ་བཅིངས་ན་ནི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དེར་ནི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་བསྔམས་པ་ལས་འབྱུང་གི་།ད་ནི་ཕྱག་རྒྱ་དེ་རྣམས་ཉིད་སྙི་མ་པ་སྦྱར་བ་ལས་འབྱུང་བ་ཡིན་པར་ཤེས་པར་བྱ་སྟེ། ལག་པ་གཉིས་ཐལ ་མོ་ཁོང་སྟོང་གི་ཚུལ་དུ་བཞག་པ་ནི་སྙིམ་སྦྱར་ཞེས་བཤད་དེ་གང་གཞན་དག་ལས་ཐལ་མོ་ཁོང་སྟོང་དུ་བྱའོ་ཞེས་གསུངས་པའོ། །དེ་པས་ན་མདོར་ན་གསང་བའི་གསང་བ་ཞེས་བྱ་བ་སྟེ་མདོར་བསྡུ་ན་གསང་པའི ་དཀྱིལ་འཁོར་དུ་གསང་བ་སྟེ། དམ་ཚིག་གི་ཕྱག་རྒྱ་རྣམས་ལ་བྱའོ། །དངོས་གྲུབ་བཞིར་གྱུར་སྦྱིན་པར་བྱེད་ཅེས་བྱ་བ་ནི་ཕྱག་རྒྱ་རྣམ་པ་བཞིའི་འབྲས་བུ་སྩོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། གསང ་བའི་དཀྱིལ་འཁོར་འདིར་ནི་ཕྱག་རྒྱ་ཆེན་པོ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་དེའི་ཡང་སྐུའི་ཕྱག་རྒྱ་སྟེ། དེ་དག་དངོས་གྲུབ་གང་ཡིན་པ་དང། དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་གང་ཡིན་པའོ། །གསང་པའ་དཀྱིལ་འཁོར ་འདིའི་ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་གང་ཡིན་པ་དང། འདིར་ཡང་གསང་བའི་ཁུ་ཚུར་གཉིས་སུ་བྱས་པ་ལས། ལས་ཀྱི་ཕྱག་རྒྱར་འགྱུར་བས་འོག་ནས་བཤད་པ་གང་ཡིན་པ་སྟེ་དེ་རྣམས་ཀྱི་ཡང་དངོས་གྲུབ་གང་ཡིན ་པའོ། །དེ་ལྟར་ཡང་དག་པར་བསྡུས་པ་ལ་དངོས་གྲུབ་བཞིར་གྱུར་སྦྱིན་པར་བྱེད་ཅེས་གསུངས་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་གཞན་དུ་ནི་གསང་བའི་ཕྱག་རྒྱ་ཐམས་ཅད་དུ་མི་འཆིང་བར་དགབ་བར་གསུངས་པ་ཡིན་ནོ ་འདིར་ཇི་ལྟར་ཤེས་པར་བྱ་ཞེ་ན། ཇི་ལྟར་རྡོ་རྗེ་གསང་བ་བཞིན། །དུས་རྣམས་ཀུན་ཏུ་བཅིང་མི་བྱ་ཞེས་བྱ་བ་གསུངས་ཏེ། གསང་བ་འམ་དོན་ཆེན་པོ་ལ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་ཕྱག་རྒྱ་རྣམས་ནི ་གོ་སླའོ། །ལས་ཀྱི་ཕྱག་རྒྱར་ཇི་ལྟར་འགྱུར་ཞེ་ན། གསང་བ་གསང་པའི་ཁུ་ཚུར་མཆོག། གཉིས་སུ་བྱས་ན་ལས་ཀུན་བྱེད་ཅེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། གསང་བའི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱ་གར་ཡིན ་པ་དེ་ཁུ་ཚུར་གྱི་མཆོག་ཡིན་པ་དང། རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཁུ་ཚུར་གང་ཡིན་པ་དེ་གཉིས་སུ་བྱས་ན་ལས་ཞེས་བྱ་བ་སྟེ། །ལས་ཀྱི་ཕྱག་རྒྱར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ ་ཚིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཀྱང་ཡིན་ལ། རྟོག་པའི་རྒྱལ་པོ་ཆེན་པོ་ཡང་ཡིན་པས་ན ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོའོ། །དེའི་རིན་པོ་ཆེ་གསང་པའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པའི་ལས་རྣམས་དང་དོན་འབྱུང་བ ་དང་བདག་པོ་ཐོབ་པའི་ལས་རྣམས་ཀྱི་ཆོ་ག་རྒྱས་པ་སྟེ། རིན་པོ་ཆེའི་རིགས་ཀྱང་སྦྱིར་ན་ལས་ཀི་དམ་ཚིག་གི་རྟོག་པ་ཆེན་པོའི་ཁོངས་སུ་འདུས་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན ་ལས་རིན་པོ་ཆེའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་ཏེ། ཕྱག་རྒྱའི་དཀྱིལ་འཁོར་གྱི་རྗེས་ལའོ། །ཡང་ཞེས་བྱ་བ ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ལས་བལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་འདི་ལ་སྐལ་བ་ཕུན་སུམ་ཚོགས་པ་མངའ་པས་ན་བཅོམ་ལྡན་འདས་ཏེ་བྷ་གའི་སྒྲ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡིན ་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་དབང་བསྐུར ་བ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྟེ། དབང་བསྐུར་བ་ཞེས་སྨོས་པས་ནི་རིན་པོ་ཆེའི་རིགས་ཡིན་པར་སྟོན་ཏོ། །དེའི་ཡེ་ཤེས་ཡིན་པས་ན་དབང་བསྐུར་བའི་ཡེ་ཤེས་ཏེ་ཡེ ་ཤེས་སྨོས་པས་ནི་ཆོས་ཀྱི་དཀྱིལ་འཁོར་ཡིན་པར་སྟོན་ཏོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང ་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་བདེའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པོར། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་རིག་པའི་མཆོག་འདི་གསུངས་སོ། །བཅོམ་ལྡན ་འདས་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་ལོས་སྒྱུར་པ་བཞིས་ཀྱང་དཀྱིལའཁོར་བྱིན་གྱིས་བརླབ་པའི་ཕྱིར་རང་རང་གི་རིག་པ། དམ་པ་གསུངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ཨི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བའི་དེའི་རྗེས་ཐོགས་ལ་སྟེ། རིག་པ་དམ་པ་ལྔ་བསྟན་པའི་རྗེས་ལའོ། །བྱང་ཆུབ་ལ་སེམས་པས་ན་བྱང་ཆུབ་སེམས་དཔའ་ཨོ།། ་ནམ་མཁའ་ཉིད་ཀྱི་སྐྱེ་གནས་མདའ་བས་ན་ནམ་མཁའ་ཨི་སྙིང་པོ་སྟེ། ནམ་མཁའ་ཨི་ཕྱོགས་ལས་བརྫས་ཏེ། སྐྱེས་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་གང་ཡིན་ཞེ་ན། རང་གི་རིགས་ཀྱི་ཡེ་ཤེས་ཀྱི ་དཀྱིལ་འཁོར་གསུངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱིས་དཀྱིལ་འཁོར་མ་བསྟན་ན་དེ་དང་འབྲེལ་བའི་དགོས་པ་མི་འབྱུང་བས་ཡང་དག་པར་རབ་ཏུ་ཕྱེ་སྟེ། བཤད་པར་བྱའོ་ཞེས་པའོ། །ཅི་ཞིག་བཤད ་ཅེ་ན། ཡེ་ཤེས་དཀྱིལ་འཁོར་དམ་པ་སྟེ་ཞེས་གསུངས་པའོ། །ཅི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ་ཞེས་བྱ་པ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པ་ཞེས་བྱ་བའི་དོན་ཏོ། །མིང་ཇི་སྐད་དུ་བྱ་བ་ཞེ་ན། རིན་ཆེན་ཡེ་ཤེས ་ཞེས་བཤད་དོ་ཞེས་གསུངས་པ་སྟེ། རིན་པོ་ཆེའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་པས་ན་རིན་ཆེན་ཡེ་ཤེས་སོ། །བཤད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་པའོ། །དཀྱིལ་འཁོར་དེ་ཐིག་ཇི་ལྟར་གདབ་པར ་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི་དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ་ཞེས་བྱ་བ་གསུངས་སོ། །དེར་སེམས་དཔའ་རྣམས་ཇི་ལྟར་བྲི་པར་བྱ་ཞེས་ན། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། སྙིང་གིའི་མཚན་མར་བྲི་བར་བྱ་ཞེས་བྱ་བ ་གསུངས་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང། རང་གི་ཕྱག་རྒྱ་ཐུགས་ཀར་ལག་པ་གཉིས་རྡོ་རྗེ་བསྡམས་པར་བྱ་བ་དེ་བཞིན་དུ་འདིར་ཡང་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་འདིའི ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་བྲི་བ་དགོད་པའི་སྙིང་པོ་སྟོན་ཏེ། རྣམ་པར་སྣང་མཛད་ཀྱི་གནས་སུ་ནི་སྔར་བཤད་པའི་རིག་པ་དམ་པ་ཉིད་ཕྱག་རྒྱ་དགོད་པ་དང། དཀྱིལ་འཁོར་བྱིན་གྱིས་བརློབ་པའི་ལས་གཉི་ག་བྱེད་པ་ཡིན་ནོ། ་ཕྱག་ན་རྡོ་རྗེ་ལ་སོགས་པ་བཞི་པོ་རྣམས་ཀྱི་དགོད་པའི་སྙིང་པོ་ནི་འདི་དག་ཡིན་པར་རིག་པར་?་སྟེ་ནོར་བུའི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སེམས་དཔའ་རྣམས་སྤྱན་དྲང་བའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ཞེས་བྱ ་པ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་བྲིས་པའི་རྗེས་ལའོ། །དཀྱིལ་འཁོར་འདིར་ཞེས་བྱ་བ་ནི་དཀྱིལ་འཁོར་དུའོ། །ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་པ་ནི་སློབ་དཔོན་གྱིས་ལས་ཐམས་ཅད ་བྱའོ་ཞེས་སྟོན་ཏོ། །སློབ་མ་ལ་འདི་སྐད་དུ་བསྒོ་པར་བྱ་སྟེ་ཞེས་བྱ་བ་ནི་སློབ་མ་གཞུག་པའི་ཆོ་ག་རྣམས་སྟོན་ཏོ། །ཆོས་མ་མཐོང་བ་ཞེས་བྱ་བ་ནི་དམ་ཚིག་མ་ཐོབ་པའོ། །དམ་ཚིག་མ་བསྲུངས་པའི་ཉེས་དམིགས ་སྟོན་པ་ནི་ཁྱོད་དངོས་གྲུབ་མ་ཐོབ་པར་མྱུར་དུ་?་བར་གྱུར་ཧ་རེ་ཞེས་བྱ་བ་ནི་བསྒོ་བའོ། །དེ་སྐད་བརྗོད་ནས་ནོར་བུའི་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་བསྐྱེད་པར་བྱའོ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་དོན ་བསྐྱེད་པའི་ཐབས་ཀྱི་མན་ངག་དེ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྟོན་ཏེ། རྡོ་རྗེ་སྙིང་པོ་བྲིས་ནས་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་བྲི་བའོ། །གང་དུ་ཞེ་ན། ་རས་ལ་སོགས་ལ་ཞེས་བྱ་བ་གསུངས་ཏེ། སོགས་པ་སྨོས་པས་ནི་ཤིང་ལེ་བ་དང་རྩིག་པ་དང་ནམ་མཁའ་ལ་སོགས་པ་བསྡུའོ། །ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་སེམས་རྩེ་གཅིག་པས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་མངོན་སུམ་དུ ་བྱ་བའོ། །ཅི་ཞིག་བྱ་ཞེ་ན། དོན་ནི་བསླབ་བྱ་ཞིང་ཞེས་བྱ་བ་སྟེ། ཅི་འདོད་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་བསླང་བར་བྱ་ཞེ་ན། རིན་ཆེན་བྱིན་ཅིག་ཅེས་བྱ་བའོ། །འདི་སྐད་སྟོན་ཏེ། འབད་པ་ཆེན་པོས་འདུ་འཇི་ཐམས ་ཅད་སྤངས་ལ་བཅོམ་ལྡན་འདས་མངོན་སུམ་དུ་གྱུར་པ་ལྟ་བུར་བསམས་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་རིན་པོ་ཆེ་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །སྦྱོར་བ་གཉིས་པ་ལ་ཡང་རིན་པོ ་ཆེའི་རིགས་སུ་རྟོགས་པས་རིན་པོ་ཆེ་བསླབ་པ་གསུངས་པ་ཡིན་ནོ། །སྦྱོར་པ་གསུམ་པ་ལ་ཡང་ཁྱད་པར་དུ་བསྒོམ་དགོས་པས་ན་རྣམས་པར་བསྒོམས་ཏེ་ཞེས་གསུངས་པ་ཡིན་ནོ། །མཉམ་པར་བཞག་ཅེས་བྱ་བ་ནི་སྙོམས་པར ་ཞུགས་པ་སྟེ། རང་གི་ལྟར་མཉམ་པར་བཞག་པའོ། །ཆོས་ཀྱི་རིགས་ལ་ནི་ཡེ་ཤེས་གྲུབ་པ་གཙོ་བོ་ཡིན་པས་ན་དམ་པའི་ཆོས་བཀླག་པར་ཡང་བྱའོ། །སྦྱོར་བ་བཞི་པ་ལ་ཡང་དམ་པའི་ལས་ཏེ་ལས་བཟང་པོ་མཆོད་པ་ལ་སོགས ་པའི་ལས་རྣམས་སོ། །ལས་བྱིན་ཞེས་བྱ་བ་ནི་ལས་ཀྱི་སེམས་དཔའ་ལ་བོད་པའོ། །སྙིང་པོ་ཐམས་ཅད་ལ་རྡོ་རྗེ་སྙིང་པོ་སྨོས་པ་ནི་དཀྱིལ་འཁོར་རྣམས་དེའི་སྤྲུལ་པ་ཡིན་པའི་ཕྱིར་རོ། །བཞི་ཚོམས་གཉིས་པའི་སྦྱོར་བ་ལ་ཡང་ནམ་མཁའ་ ་ལ་སོགས་པ་ལ་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་ཡིད་ཀྱི་དམིགས་པར་བྱ་བ་འབའ་ཞིག་ཐ་དད་པར་བྱ་བ་ཙམ་དུ་ཟད་དོ། །ལེགས་སེམས་པ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་སྟེ་དེར་བྲི་བ་ཙམ་ཞིག་ཁྱད་པར་ཡོད་ཀྱི་དངོས་གྲུབ ་རྣམས་ནི་སྔ་མ་ཁོ་ནར་ཟད་དོ། །ཕུན་སུམ་ཞེས་བྱ་བ་ནི་འབྱོར་པའོ། །ལས་བསགས་ཞེས་བྱ་བ་ནི་ལས་མང་པོ་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དོན་ཏོ། །བཞི་ཚོམས་གསུམ་པ་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སྙིང་གར་ཡིད་ཀྱིས ་བྲིས་ལ། ཤིན་ཏུ་མཉམ་བཞག་བསྒོམས་བྱས་ལ་ཞེས་བྱ་བ་ལ་སྙིང་གར་དེའི་གཟུགས་མི་གཡེང་པའི་ཡིད་ཀྱིས་གོམས་པར་བྱ་པའོ། །གང་གི་ཚེ་ན་སྙིང་འཕར་བཞེས་བྱ་བ་འདིས་ནི་དངོས་གྲུབ་ཀྱི་མཚན་མ་སྟོན་ཏེ། དེ་ཚེ་གྲུབ་པས་ནོར་སྟེར་རོ་ཞེས ་བྱ་བ་ནི་འདི་སྐད་སྟོན་ཏེ། བསྒོམ་པའི་མཚན་མ་བསྟན་པར་གྱུར་ན་སྙིང་འདར་བར་འགྱུར་ལ་དེ་ནས་དོན་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཉིས་པ་ལ་ནི་བསྒོམ་པ་ཡིན་རྣམ་པར་བསྒོམ་པ་ཡིན་པར་ཤེས་པར་བྱ་སྟེ། ་ཁྱད་པར་དུ་བསྒོམ་པས་ན་རྣམ་པར་བསྒོམ་པའོ། །མགོ་བོ་འདར་པའི་མཚན་མས་ནི་འབྲས་བུ་དབང་བསྐུར་བའི་ཅོད་པན་བཅིང་པ་ཡིན་པར་ཤེས་པར་བྱའོ། །སྦྱོར་བ་གསུམ་པ་ལ་ཡང་ཁར་བཅུག་ལ་ཞེས་བྱ་བ་ལ་ཡིད་ཀྱིས་ལྕེ་ལ ་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་བཞག་ཅིང་བསྒོམ་པའོ། །གང་ཚེ་དེ་ནི་བྱེ་གྱུར་པ་ཞེས་བྱ་བ་ནི་གང་གི་ཚེ་བསྒོམ་པ་འདི་བརྟན་པར་གྱུར་པ་དང་བྱེ་གྱུར་པ་སྟེ་ཁར་ཁམ་ཆེན་པོ་བཅུག་པ་བཞིན་དུ་གདངས་པར་གྱུར ་པའོ། །དེ་ལྟ་བུའི་མཚན་མ་དེས་ན་རྣལ་འབྱོར་པ་དེ་དག་འགྲུབ་པ་འཐོབ་པར་འགྱུར་རོ། །སྦྱོར་བ་བཞི་པ་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སྤྱི་བོར་བཞག་ལ་ཁྱད་པར་དུ་བསྒོམ་པ་དང། གང་ཚེ་དེ་ཉིད་འབར་གྱུར་པ། ་དེ་ཆེ་འཕང་དུ་ལྡིང་བར་འགྱུར་ཞེས་བྱ་བ་འདིས་ནི་ནམ་མཁའ་ལ་འགྲོ་བ་ཉིད་འགྲུབ་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །སྙིང་པོ་རྣམས་ལ་ཧྲི་ད་ཡ་གརྦྷེ?་ཞས་སྨོས་པ་ནི་སྙིང་པོའི་སྐྱེ་གནས་ཏེ། གནས་བསྟན་པ་ཡིན་ནོ།། ་ད་ནི་ཕྱག་རྒྱ་རྣམ་པ་བཞིའི་སྒོ་ནས་སྦྱོར་བ་རྣམ་པ་བཞི་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོ་བཞི་པོ་གནོད་སྦྱིན་གྱི་སྐུད་དང་ལྡན་པས་ཇི་ལྟ་བ་བཞིན་དུ་བསྐུལ་ན་གདོན་མི་ཟ་བར་སྩོལ ་པར་མཛད་དེ། དེ་བས་ན་འཐོབ་ཅེས་གསུངས་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །སེམས་དཔའ་ཐམས་ཅད་ཟློས་པ་དག་གིས་ཀྱང་ནོར་ལ་སོགས་པའི་སྦྱོར་བ་བཞི་བྱེད་ཅིང་སྒྲུབ་པའི་ཚེ་ན་དེ་ཁོ་ན་ཉིད ་བསྐུལ་བ་འདི་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ནོར་བུ་ཞེས་སྨོས་པ་ནི་ནོར་བུའི་རིགས་ཡིན་པར་སྟོན་ཏོ། །ཡེ་ཤེས་སྨོས་པ་ནི་ཆོས་ཀྱི་འཁོར་ལོ་སྟོན་ཏོ།། ་དེའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་སློབ་པོ་ཞེས་བྱ་བ་ལ་གསང་བ་ནི་སྤ་པ་ལ་བྱ་སྟེ་། དེའི་ཕྱག་རྒྱའི་ཡེ་ཤེས་གང་ཡིན་པ་དེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དབང་པོ་གཉིས་ནི་མཉམ་སྤྲད་ན་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་ཕྱེད ་པའི་ཚེ། རང་གི་དབང་པོ་ལ་ལྷའི་དབང་པོ་དགུག་པ་དང། གཞུག་པ་དང། །ཅིང་བ་དང། དབང་དུ་བྱས་ལ་ལྷ་དང་མཉམ་པ་ཉིད་དུ་བྱས་པའི་དབང་པོ་ལ་ནི་?་པོ་གཉིས་མཉམ་པར་སྦྱོར་བ་ཞེས་?་ཡང་མང་དུ་བཤད་པ་ཡིན་ཏེ། དབང ་པོ་གཉིས་མཉམ་པར་སྦྱོར་བ་དེས་ཐམས་ཅད་དུ་ལས་ཐམས་ཅད་འགྲུབ་པར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །ཞེས་ཤེས་པར་བྱའོ། །དངོས་གྲུབ་མཆོག་ནི་འཐོབ་པར་འགྱུར་ཞེས་བྱ་བ་ལ་མཆོག་ནི་དམ་པ་ལ་བྱའོ། །སྦྱོར་བ་གཉིས ་པ་ལ་ཡང་བཞི་ལ་རི་མོ་བྲིས་པ་བཞིན་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། མདུན་དུ་རི་མོ་བྲིས་པ་བཞིན་དུ་ཡིད་ཀྱིས་བྲིས་ལ་དགུག་པ་དང། བཞུག་པ་དང། བཅིང་བ་དང། དབང་དུ་བྱ་བའོ། །སྦྱོར་བ་གསུམ་པར་ཡང་སྡུག་བ་དེ་དག ་གར་རྩེས་པ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། རས་ལ་སོགས་པ་གང་ཡང་རུང་བར་རང་གི་ལྷའི་གཟུགས་བྲིས་པ་གང་ཡིན་པ་དེ་ལ་རྣལ་འབྱོར་པ་གང་གིས་སྡུག་ཅིང་ཡིད་དུ་འོང་བར་ཡིད་ཀྱིས་རྩེ་ཞིང་དགའ་བ་བསྐྱེད་ན་རྣལ་འབྱོར་པ་དེ་ལ་འཇིག ་རྟེན་པ་ཐམས་ཅད་ཀྱིས་དགའ་བར་བྱེད་དོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བསྒོམ་པ་བརྟན་པར་གྱུར་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དགོས་པ་ཐམས་ཅད་གྲུབ་པས་ཆོ་འཕྲུལ་ཐམས་ཅད་བསྟན་ན་སེམས་ཅན་ཐམས ་ཅད་དབང་དུ་བྱེད་པར་འགྱུར་རོ། །སྦྱོར་བ་བཞི་པ་ལ་ཡང་ནམ་མཁའ་ཀུན་གྱི་རྡུལ་དབྱིབས་ཀྱི་ཞེས་བྱ་བ་ནི་བསྒོམ་པའི་རབ་ཀྱི་མཐར་ཕྱིན་པར་སྟོན་ཏོ། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དབང་པོ་གཉིས་ནི་མཉམ་སྦྱར་ན། ཞེས་བྱ་བ ་ནི་དབང་པོ་གཉིས་ནི་མཉམ་པར་སྦྱོར་བརྒྱུར་གྱུར་པས་ནམ་མཁའ་ཐམས་ཅད་ཀྱི་རྡུལ་གྱི་གཟུགས་རྡོ་རྗེ་སྙིང་པོར་བསྒོམས་ན་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་རོ་ཞེས་སྦྱོར་རོ། །འདི་སྐད་སྟོན་ཏེ། ནམ་མཁའ་ཨི་ཁམས་ཐམས་ཅད་ཀྱི་རྡུལ་བླ? ་རབ་ཐམས་ཅད་རྡོ་རྗེ་སྙིང་པོར་བསམས་ལ། དེ་རྣམས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་བྱས་ནས་དེ་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བས། རྡོ་རྗེ་སྙིང ་པོ་བསྒོམས་ན་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་རྣམས་བཞིའི་ཡེ་ཤེས་སྟོན་ཏོ། །དེ་ལས་ཀྱང་རེ་ཞིག་ཕྱག་རྒྱ་ཆེན་པོ་ཇེ་སྟོན་ཏེ་། ཇི་ལྟ་བ་བཞིན་དུ་བཅིང་བར ་བྱའོ། ཞེས་བྱ་བ་འདི་ནི་འདི་སྐད་སྟོན་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་དེ་བཞིན་ཐུགས་ཀར་ཉིད་ཕྱག་རྒྱ་ཏིང་ངེ་འཛིན་?་གཞུག་པ་དང། ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས་ཞེས་ཇི་སྐད་བསྟན་པ་བཞིན ་དུ་འདིར་ཡང་སྦྱར་བར་ཤེས་པར་བྱའོ། །འདིའི་དངོས་གྲུབ་ཇི་ལྟ་བུར་འགྱུར་ཞེ་ན། དངོས་གྲུབ་ཀྱང་དེ་དང་འདྲའོ། །ཞེས་གསུངས་པ་ཡིན་ཏེ། ཆོས་ཀྱི་དཀྱིལ་འཁོར་དེར་ཇི་སྐད་བསྟན་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ།། ་དེ་ནས་དམ་ཚིག་གི་ཕྱག་རྒྱར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ནོར་བུ་ནི་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་བཞག་པར་བྱའོ་ཞེས་བྱ་པའི་དོན་ཏོ། །འདི་སྐད་སྟོན་ཏོ། ཆོས་ཀྱི་དཀྱིལ་འཁོར་དེར་རྡོ་རྗེ་བསྡམས་པ་ལས་རྡོ་རྗེ ་རིན་པོ་ཆེའི་མྱུ་གུ་བཅིངས་ཤིང་རྡོ་རྗེ་བསྔམས་པ་དམ་ཚིག་གི་ཕྱག་རྒྱར་བསྟན་པར་འཇོག་པ་དེ་བཞིན་དུ། སྐྱིལ་མོ་ཀྲུང་འདུག་གན་རྐྱལ་དུ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ནོར་བུར་བཞག་པར་བྱའོ། །དེ་ནས་ཞེས ་བྱ་བ་ལ་སོགས་པས་ཆོས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་དག་ནི་གོ་སླའོ། །རྟོག་པ་ཐམས་ཅད་དུ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་སྔགས་ཀྱི་བདག་པོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་མ་བསྟན་པ་གང་ཡིན་པ་དེར་ནི་བདག་པོ་དེ ་རྣམས་ཀྱི་ཡི་གེའི་གཙོ་བོ་རྣམས་དེར་སྦྱར་བར་བྱ་སྟེ། རིན་པོ་ཆེའི་རིགས་འདིར་ནི་ཏྲཾ་ཞེས་བྱ་བའོ། །འགྲོ་བ་འདུལ་བར་ནི་ཧྲི་ཞེས་བྱ་བའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་ནི། །ཧཱུཾ་ནི་སངས་རྒྱས་རྡོ་རྗེ་ཡི་ཞེས་ཇི་སྐད་གསུངས ་པའོ། དེ་བཞིན་གཤེགས་པའི་རིགས་སུ་ནི་དེ་བཞིན་གཤེགས་པ་ལྔའི་བཛྲ་ཛྙཱ་ན་སངས་རྒྱས་རྣམས་ཞེས་འགྲེལ་གཅིག་གིས་ཆོས་ཀྱི་ཕྱག་རྒྱ་སྟོན་ཏོ། །མདོར་ན་ལས་ཀྱི་ཕྱག་རྒྱ་ནི་གནས་ཇི་བཞིན་པར་བཞག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར ་གྱི་གནས་སུ་རིན་ཆེན་མྱུ་གུ་བཞག་ལ་དེ་གཉིས་སུ་བྱས་ཏེ། བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་རྣམས་བསྟན་པར་བྱའོ། །རྒྱུད་ཐམས་ཅད་ཀྱི་བདག་པོའི་གནས་རྣམས ་སུ་ཡང་གང་དུ་ལས་ཀྱི་ཕྱག་རྒྱའི་ཁྱད་པར་མ་གསུངས་པ་དེར་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པ་དང་སྦྱར་བར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ཀྱི་རིགས་ཀྱི་དམ་ཚིག་བསྟན ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཀྱང་ཡིན་ལ་རྟོག་པའི་རྒྱལ་པོ་ཆེན་པོ་ཡང་ཡིན་ཏེ། དེ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས ་པ་སྟེ་དེ་རྫོགས་སོ།། །།དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ ་ནི་རྗེས་ཐོགས་ལ་སྟེ། ཆོས་ཀྱི་དཀྱིལ་འཁོར་གྱི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་གྱི་གནས་སྐབས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་སྔ་མ་ལས་བལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དབང་བསྐུར་བ་ཞེས་སྨོས་པས་ནི་རིན་པོ་ཆེའི་རིགས་ཡིན་པའི་ཕྱིར་རོ། །ལས་སྨོས་པས་ནི་ལས་ཀྱི་དཀྱིལ་འཁོར་ཡིན ་པར་སྦྱར་རོ། །དམ་ཚིག་སྨོས་པས་ན་དེའི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་གཟུང་སྟེ། དེ་ལས་ཀྱི་ངོ་བོ་ཉིད་ཀྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང ་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རང་གི་རིག་པ་དམ་པ་གསུངས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་བཞིན་དུ ་ཕྱག་ན་རྡོ་རྗེ་ལ་སོགས་པ་བཞིས་ཀྱང་རང་རང་གི་རིགས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རང་རང་གི་རིག་པ་དམ་པ་གསུངས་སོ། །འདིར་བྱིན་གྱིས་རློབ་པ་ལ་སོགས་པ་མ་སྨོས་མོད་ཀྱི། འོན་ཀྱང་དཀྱིལ་འཁོར ་གཞན་གྱི་ཚུལ་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིན་ཆེན་དགོས་པ་ཞེས་བཤད་དོ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཆེན་པོའི་ཚུལ ་དུ་ནི། ?་དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ་ཞེས་བྱ་བ་ལ་དཀྱིལ་འཁོར་ཆེན་པོ་ནི་འདིར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ། །དེ་ཡི་དབུས་སུ་ཚུལ་བཞིན་དུ། །སངས་རྒྱས་སྐུ་གཟུགས་བཞག་པར ་བྱ་ཞེས་བྱ་བ་ནི་དཀྱིལ་འཁོར་དེའི་དབུས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུ་ཚུལ་བཞིན་དུ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་སྐུ་གཟུགས་སེང་གེའི་གདན་ལ་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞལ་བཞི་པ་ཕྱག་གཉིས ་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པ་འོག་ནས་བཤད་པའི་སྔགས་ཀྱིས་སངས་རྒྱས་སྐུ་གཟུགས་བཞག་པ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་བཞག་པར་བྱའོ། །དཀྱིལ་འཁོར་ལྷག་མ་རྣམས་སུ་ཅི་ཞིག་བཞག ་པར་བྱ་ཞེ་ན། བདག་པོ་བཞིའི་གནས་སུ་ནི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་འཁོར་ལོས་སྒྱུར་བ་རྣམས་བྲི་བར་བྱའོ། །ལྷག་མ་བཅུ་དྲུག་པོ་རྣམས་སུ་ནི། སེམས་དཔའ་ཆེན་པོའི་ཚུལ་གྱིས་ནི། རིན་ཆེན་སེམས་མ་རྣམས་བྲིའོ་ཞེས ་བྱ་བ་སྟེ། སེམས་དཔའ་ཆེན་པོའི་སྦྱོར་བས་སེམས་དཔའ་གང་གི་ཚུལ་གང་ཡིན་པ་དང། ཕྱག་རྒྱ་གང་ཡིན་པ་དེས་རིན་ཆེན་སེམས་མ་རྣམས་བྲི་བར་བྱའོ་ཞེས་པ་སྟེ། ཐམས་ཅད་དུ་བུད་མེད་ཀྱི་གཟུགས་སུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ་རཏན་པཱུ་ཛྙཱ་གྷཡ?་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་དགོད་པའི་སྔགས་ཡིན་ནོ། །སརྦ་ཨརྠ?་སིདྡྷི་ལ་སོགས་པ་ཨོཾ་ཞེས་བྱ་བ་དང་ལྡན་པ་ནི་མི་བསྐྱོད་པའི་གནས་སུ་དོན་ཐམས་ཅད་གྲུབ་པ་དགོད་པའི་སྔགས་ཡིན་ནོ། །ལྡག ་མ་རྣམས་ནི་གནས་ལྷག་མ་རྣམས་སུ་ཤེས་པར་བྱའོ། །སྒེག་མོ་ལ་སོགས་པའི་གནས་སུ་ཡང་དགོད་པའི་སྔགས་ལྷག་མ་རྣམས་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། རིགས ་རྣམས་བསྟན་པའི་རྗེས་ལའོ། །འདིར་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་འདིར་རོ། །ཆོ་ག་ཇི་ལྟ་བ་བཞིན་དུ་རྒྱས་པར་བྱས་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲི་བ་དང། སློབ་དཔོན་གྱི་ལས་མཆོད་པ་བྱ་བ་དང། བཤོས་དབུལ་བ་ལ་སོགས་པ ་སྔར་བཤད་པ་རྣམས་གཟུང་ངོ་བཅུག་སྟེ་འདི་སྐད་དུ་བསྒོ་བར་བྱའོ། །ཞེས་བྱ་བ་ནི་མ་ནའི་སྙིང་པོ་སྔོན་ཏོ། །གསང?་བའི་དམ་ཚིག་མ་སྲུངས་པའི་ཉེས་དམིགས་ནི་ལས་ཀྱི་སྒྲིབ་པས་ནོན་ནས་ཤི་བར་གྱུར་ཏ་རེ་ཞེས་བྱ་བ་སྟེ། ལས་ཀྱི་སྒྲིབ ་པ་ནི་མཚམས་མེད་པ་ལ་སོགས་པ་ངེས་པར་མྱོང་བར་བྱ་བ་དངོས་གྲུབ་ཀྱི་གེགས་སུ་གྱུར་པའོ། །དེ་ནས་ལས་ཀྱི་ཡེ་ཤེས་བསླབ་པར་བྱའོ། ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་སྒྲུབ་པའི་ཡེ་ཤེས་ནི ་ལས་ཀྱི་ཡེ་ཤེས་ཏེ་དེ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྙིང་པོ་ནི་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའོ། །དེའི་ཕྱག་རྒྱ་ཆེན་པོར་བསྒོམ་པ་སྟེ། ་ཕྱག་རྒྱ་ཆེན་པོ་ནི་དེའི་སྐུའི་ཕྱག་རྒྱའོ། །དེ་བསྒོམས་ནས་རབ་མཉམ་བཞག་ཅེས་བྱ་བ་ནི་ཤིན་ཏུ་མཉམ་པར་བཞག་པས་ན་རབ་མཉམ་བཞག་པ་སྟེ། ?་པ་ཆེན་པོས་སེམས་རྩེ་གཅིག་ཏུ་བྱས་ལ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མཉམ ་པར་བཞག་པས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ། །ཞེས་བྱ་བར་སྦྱོར་རོ། །མཆོད་པ་ཀུན་གྱིས་མཆོད་ན་ནི་ཞེས་བྱ་བ་ནི་མཆོད་པའི་རྣམ་པ་ཐམས་ཅད་དེ། བདུག་པ་ལ་སོགས་པའི་མཆོད་པ་བཞི་དང། ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་མཆོད་པ་དང། གཟུགས་དང། རྒྱལ་མཚན་དང། བ་དན་ལ་སོགས་བའི་མཆོད་པ་དང་རྒྱལ་པོའི་མཆོད་པ་རྣམ་པ་སྣ་ཚོགས་པའོ། །གང་གི་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ། །དེ་ལྟར ་མཆོད་པས་དེ་ཅི་ཞིག་ཏུ་འགྱུར་ཞེ་ན། དབང་དུ་འགྱུར་ཞེས་བྱ་བ་སྟེ། །མཉེས་པར་འགྱུར་གྱི་མི་གཉེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་གང་ཡང་རུང་བ་བཅིངས་ལ་ཞེས ་བྱ་བ་ནི་གང་གི་སེམས་དཔའ་གང་ཟློས་པ་དེས་དེའི་ཕྱག་རྒྱ་བཅིང་བར་བྱའོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་མཆོག་ཅེས་བྱ་བ་སྟེ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེ་ན། ཏིང་ངེ་འཛིན་གྱིས་སོ། །འདི་སྐད་སྟན་ཏོ།། ་དང་པོ་སེམས་དཔའ་དེའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེས་ཡིད་རྩེ་གཅིག་ཏུ་གྱུར་པས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་ཐམས་ཅད་མཆོད་ན་ནི ་ཞེས་བྱ་བ་གསུངས་སོ། །དེ་ནས་ཅིང་འགྱུར་ཞེ་ན། དབང་བསྐུར་དམ་པ་དེས་འཐོབ་པོ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྒྱལ་པོ་ལ་སོགས་པའི་དབང་བསྐུར་བ་ནས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར ་པའི་བར་དུ་ཇི་ལྟར་འདོད་པ་འཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་དེའི་ཏིང་ངེ་འཛིན་བསྒོམ་པ་གོམས་པར་བྱའོ། །ཇི་ལྟར་ཞེ་ན། རབ་མཉམ་བཞག་པས་ཞེས་བྱ་བ ་སྟེ་རྩེ་གཅིག་པའི་ཡིད་ཀྱིས་སོ། །ཅི་ཞིག་བྱེད་ཅེ་ན། སངས་རྒྱས་ཐམས་ཅད་རབ་མཆོད་ན་ཞེས་བྱ་བ་གསུངས་སོ། །དེ་ནས་ཅིར་འགྱུར་ཞེ་ན། འགྲོ་བའི་དམ་པ་འཇིག་པར་འགྱུར་ཞེས་བྱ་བ་གསུངས་ཏེ། འགྲོ་བའི་དམ་པ་ནི་སངས ་རྒྱས་བཅོམ་ལྡན་འདས་ཏེ་དེ་ཡང་འཇིག་པར་འགྱུར་པའོ། །འདི་སྐད་སྟོན་ཏེ། དོན་དམ་པར་བསྒོམ་པ་བྱས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱང་འཇིག་མོད་ཀྱི། དེ་ལ་ཡང་མངོན་པར་ཞེན་པར་ནི་མི་བྱའོ། །དེ་ལྟ ་གྲུབ་ཀྱིས་ཀྱང་ལྷག་མ་རྣམས་འཇིག་པར་བྱེད་པ་ལ་ནི་བཞག་པར་བྱས་ལ་རང་གི་དབང་དུ་གྱུར་ནས་སླར་ཡང་སྲོག་སྦྱིན་པར་བྱའོ། །སེམས་ཅན་གྱི་ཚོགས་ལྷག་མ་རྣམས་ཤི་བ་ལས་སླར་གསོ་བ་ཡང་?་བ་གསོ ་པའི་སྔགས་དང་ཕྱག་རྒྱ་དེ་ཉིད་ཀྱིས་སེམས་ཅན་དེའི་ཆ་བྱད་དང་འདྲ་བར་དེའི་རེའི་སྙིང་གང་འཚོ་བའི་ཐམས་གཞུག་ཅིང་བྱེ་མའི་ནང་དུ་ཆུ་སོང་བ་ལང?་ལུས་དེའི་ཡན་ལག་ཐམས་ཅད་དུ་མངོན་པར་ཁྱབ་པར་བྱས?་སྟེ། སྨྲ་བ་འམ། ་ལངས་པར་བསམ་མོ། །བསམ་གཏན་མཐོབ་ཅིང་མཚན་མ་ཡིད་ལ་འཛིན་པ་ཙམ་གྱི་རྣལ་འབྱོར་པ་ཞིག་ཡིན་ན་ཡང་ཇི་ལྟར་བསམས་པ་དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་བས་འདིར་ཐེ་ཚོམ་མི་བྱའོ།། ་གལ་ཏེ་ཐེ་ཚོམ་བྱས་པར་གྱུར་ན་ནི་སྦྱོར་བ་ཡང་འགྲུབ་པར་མི་འགྱུར་རོ། །དེ་ལྟར་འཚོ་བའི་ཁམས་སླར་སྦྱོར་བ་འདི་ལྟ་བུས་འཚོ་བ་སླར་ཡང་སྦྱིན་པར་བྱའོ། །མངོན་སྤྱོད་ཀྱི་རྒྱུད་ལས་གསུངས་པ་ཐམས་ཅད་ལ་ཡང ་སླར་གསོ་བའི་སྦྱོར་བ་འདི་བཞིན་དུ་ཤེས་པར་བྱའོ། །གང་ལ་འདུལ་པའི་ཕྱིར་གནོད་པའི་རྣམ་པ་ཇི་ལྟ་བུ་བྱས་པས་དེ་དུལ་བར་གྱུར་པ་དང། གནོད་པ་དེ་དང་སེམས་ཅན་དེ་དང་དེའི་ལུས་ལ་རབ་ཏུ་ཞི་བར་བསམ་ཞིང ་ཆོས་ཀྱི་དབྱིངས་ལ་དམིགས་པ་དངོས་པོ་འདི་དག་རྣམ་པར་རྟོགས་པས་བརྟགས་པར་ཟད་པར་བསམ་ཞིང་གནོད་པ་སླར་གསོ་བའི་གཉེན་པོས་དེ་དང་དེ་ལ་ཕན་པར་བྱས་ན་དེ་ངེས་པར་དེ་བཞིན་དུ་འགྱུར་རོ། །རྡོ་རྗེ ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི་ཞེས་བྱ་བ་ཇི་ལྟར་བཅིང་ཞེ་ན། རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལས ་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་གང་ཡང་རུང་པས་གནས་ལ་ལས་ཀྱི་ཕྱག་རྒྱ་གང་ཡང་རུང་བ་བཅིངས་ནས། སངས་རྒྱས་ཐམས་ཅད་ལ་མཆོད་ན་སྐད་ཅིག་གིས་ནི་དོན་ཀུན་འཐོབ་ཅེས་བྱ ་བ་སྟེ། བསམ་པ་དང་སྦྱོར་བ་དག་པས་སངས་རྒྱས་ལ་མཆོད་པ་བྱས་ན་ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་བྱ་པའི་དོན་ཏོ། །དེ་ནས་གསང་བའི་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས ་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། དངོས་གྲུབ་བསྟན་པའི་རྗེས་ལའོ། །གསང་བ་ལས་བྱུང་བའི་ཕྱི། གསང་བ་སྟེ་སྦས་པ་གང་ཡིན་པའོ། །དེའི་ཕྱག་རྒྱ་ཡིན་པས་ན་གསང་བའི་ཕྱག་རྒྱ་སྟེ་ལས་ཀྱི་དཀྱིལ་འཁོར་གྱི་གསང་པའི་ཡེ་ཤེས་གང ་ཡིན་པ་དེ་འདིར་སྟོན་ཏོ། ཞེས་བྱ་བའི་དོན་ཏོ། །གསང་བ་དེ་གང་ཞིག་ཡིན་ཞེ་ན། དབང་པོ་གཉིས་ནི་མཉམ་སྦྱར་ནས་ཞེས་བྱ་བ་སྟེ། །རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་ནས་རང་གི་ལྷ་དགུག་པ་དང། གཞུག ་པ་དང། གཅིང་བ་དང་། དབང་དུ་བྱ་བ་བྱས་ནས་དེ་དང་ལྷན་ཅིག་ཐ་མི་དད་པ་སྟེ། བདག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ། བདག་གི་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ནོ། །ཞེས་དབང་པོ་གཉིས་ཐ་མི་དད་པར་བྱེད་པ་ནི ་དབང་པོ་གཉིས་སྦྱོར་བ་སྟེ་། འདི་མེད་པར་དགོས?་པ་གང་ཡང་འགྲུབ་པར་མི་འགྱུར་བས་ན་འདི་ནི་གསང་བ་སྟེ་སྦ་པའོ། །འཇིག་རྟེན་ན་གྲགས་པའི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་མཉམ་པར་སྦྱོར་བའི་ཚུལ་གྱིས་གསུངས་སོ། །ཅིའི ་ཕྱིར་དེ་ལྟར་ལྡོམ་པོར་དག་ཏུ་གསུངས་ཤེ་ན། གླེགས་བམ་མཐོང་བ་ཙམ་གྱིས་ཐུབ་ཆོ་བུ་སྔགས་ལེན་པ་དགག་པའི་ཕྱིར་ཏེ། སློབ་དཔོན་གྱི་མན་ངག་མེད་པར་ནི་དངོས་གྲུབ་ཐོབ་པར་འགྱུར་བ་མ་ཡིན་ནོ། །དེ་བས་ན་རྡོ་རྗེ ་སྙིང་པོའི་ཏིང་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། དབང་པོ་གཉིས་མཉམ་པར་སྦྱོར་བས་ནི་ཏིང་ངེ་འཛིན་འབྱུང་བ་མི་སྲིད་དེ་འཕྱིའི?་ཡུལ་ལ་ཞེན་པས་ཤིན་ཏུ་ཉོན་མོངས་ཤིང་བཅིངས་པས་སྨད་ཅིང་སེམས་གཡེང་བ་ཡིན་པའི་ཕྱིར ་རོ། དེ་ལྟ་བུའི་དབང་པོ་གཉིས་མཉམ་པར་སྦྱོར་བའི་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་གྱིས་ཅི་ཞིག་བྱང?་ཅེ་ན། སངས་རྒྱས་ཐམས་ཅད་མཆོད་ན་ནི། ཞེས་བྱ་བ་གསུངས་ཏེ། མེ་ཏོག་ལ་སོགས་པ་ཡིད་ལ་བྱུང་བས་སོ། །འདིས་ཅི ་ཞིག་ཏུ་འགྱུར་ཞེ་ན། འཇིག་རྟེན་ཐམས་ཅད་དེ་མགུར་འགྱུར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་ན་སྐྱེ་བོ་ཐམས་ཅད་ལ་སྡུག་པར་འགྱུར་རོ། །དེ་ལྟར་དབང་དུ ་བྱ་བ་ལ་སོགས་པའི་གསང་བ་བཞི་བཤད་ཟིན་ཏོ། །དེ་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་དམ་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་ནི་འདིར་ལྷའི་གཟུགས་ཀྱི་ཕྱག་རྒྱ་ཆེན་པོའི་རི་མོར་བྲི་བའི་ཚེ་ཇི་སྐད ་བསྟན་པ་དང། རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་རང་གི་ཕྱག་རྒྱ་ལག་གཉིས་ཀྱིས། ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གསུངས་པ་བཞིན་དུ་བསྒོམས་ན་དངོས་གྲུབ་ཀྱི་དམ་པ་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། ། ་དེ་ནས་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་ཆེན་པོའི་རྗེས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་དགོས་པས་ན།། དེ་ནས་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་གསུངས་སོ། །རྡོ་རྗེ་རིན་ཆེན ་བཅིངས་ནས་ནི་ཞེས་བྱ་བ་ལ། རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་རིན་ཆེན་མྱུ་གུ་ཞེས་སྔར་བཤད་ཟིན་ཏེ་ངེ་བཅིང་བའོ། །གནས་རྣམས་ཀུན་ཏུ་བཞག་པར་བྱ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་གནས་རྣམས་སུ་རྡོ་རྗེ་རིན་ཆེན་གྱི་མྱུ་གུ་བཞག་ན ་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །དེས་ཇི་ལྟར་བཞག་པར་བྱ་ཞེ་ན། རྡོ་རྗེ་དགོས་པའི་ཚུལ་དུ་ནི་ཞེས་བྱ་བ་གསུངས་ཏེ། །རྡོ་རྗེ་སྨོས་པས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྟོན་ཏོ། །དགོས་པ་སྨོས་པས་ནི་དེར་གཏོགས ་པའི་ལས་ཀྱི་དཀྱིལ་འཁོར་རོ། །དེའི་ཚུལ་དུ་ནི་རྡོ་རྗེ་བསྡམས་པ་སྙིང་ཁ་རྩིབས་ལོགས་རྒྱབ་སྦྱར་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའོ། །ལྟག་འོག་ཏེས?་བྱ་བ་ནི་སྦྱོར་བ་ཕྱིན་ཅི་མ་ལོག་པར་བྱ་བ་སྟོན་ཏེ་མ་གུས་པར ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གོ་རིམ་?་བཞིན་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དགོད་པར་བྱའི་འཆོལ་བར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཀྱི་ཕྱག་རྒྱ་དེ་དག་ཀྱང ་རང་གི་ལྷའི་རྣལ་འབྱོར་བྱེད་པའི་ཚེ་རང་གི་སྙིང་གའི་བླ་བའི་དཀྱིལ་འཁོར་ལ་དགོད་པར་བྱ་བ་དང། །དཀྱིལ་འཁོར་བྲི?་བའི་ཚེ་ཕྱག་རྒྱ་ཆེན་པོ་ལ་མང་དགོད་པར་བྱའོ། །དཀྱིལ་འཁོར་བྲིས་ནས་དབུག་པ་དང་གཞུག་པ་ལ་སོགས་པའི་ལས་ཀྱང ་བྱས་ལ་ལས་ཀྱི་ཕྱག་རྒྱ་ཡང་བཅིངས་ནས། དམ་ཚིག་གི་ཕྱག་རྒྱ་ཡང་བསྟན་པའི་འོག་ཏུ་ཆོས་ཀྱི་ཕྱག་རྒྱ་ཡང་བརྗོད་པར་བྱའོ། །ཕྱག་རྒྱ་ཆེན་པོ་གང་དང་གང་དུ་བསམ་པར་བྱ་བའི་དགོས་པ་དེ་དང་དེར་ཡང་འདི་རྣམས ་བསམ་པར་བྱ་སྟེ། རྒྱུད་ཐམས་ཅད་ལ་ཡང་དེ་ལྟར་ཤེས་པར་བྱའོ། །ད་ནི་ལས་ཀྱི་ཕྱག་རྒྱ་སྟོན་ཏོ། །རྡོ་རྗེ་རིན་ཆེན་གཉིས་བྱས་ལ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་གཉིས་སུ་བྱ་བའོ། །ལས་ཀྱི་ཕྱག་རྒྱ ་བསྒྲུབ་པོ་ཞེས་བྱ་བ་ནི། བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་བཅིང་བའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག ་བརྟག་པའི་རྒྱལ་པོ་ཆེན་པོའི་ལས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་འགྲེལ་པའོ།། །།དཀྱིལ་འཁོར་ཆེན་པོ་བསྟན་ཟིན་ནས། ད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་པོའི་དམ་ཚིག་གི་དངོས ་གྲུབ་ལ་དབང་དུ་གྱུར་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར། ཕྱག་རྒྱ་བཞིའི་དཀྱིལ་འཁོར་མཐོང་བའི་སློབ་མས་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱ་ཐོགས་ལ་དེས་དཀྱིལ་འཁོར་ཆེན་པོ་བྲི་བ་ལ་སོགས་པའི་ལས་རྣམས ་བྱའོ། །ནུས་པ་ཞན་པ་དང། །རི་མོའི་ལས་ལ་མི་མཁས་པ་དང། འབྱོད་པ་ཆུང་བ་རྣམས་ཀྱིས་ནི་ཕྱག་རྒྱ་དེ་བསྒྲུབ་དགོས་པའི་ཕྱིའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྱའོ་ཞེས་གསུངས་སོ། ། ་དེ་བསྒྲུབ་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། གང་འདོད་པའི་ཕྱག་རྒྱ་རྣམས་བསྒྲུབ་པར་བྱ་བའི་ཕྱིར་ཡང་བྱའོ། །ནུས་པ་ཡོད་པས་ནི་དཀྱིལ་འཁོར་ཆེན་པོ་ཉིད་དམ་གསང་བའི་དཀྱིལ་འཁོར་བྲིས་ལ་ཕྱག་རྒྱ་ཆེན་པོ ་བསྒྲུབ་པར་བྱ་སྟེ། ཚུལ་འདིས་ནི་རྒྱུད་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་བཤད་ཟིན་ཏོ། །རིན་པོ་ཆེའི་ཕྱག་རྒྱ་ཞེས་བྱ་བ་ནི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་རིན་པོ་ཆེ་ལ་དམིགས་པས་ཐུགས་རྩེ་གཅིག་པར་མཛད་པས་ན་དེ་སྐད་ཅེས་བྱ་སྟེ། རིན་པོ་ཆེའི་འབྱུང་གནས་ལ་ནི་རིན་པོ་ཆེའི་ཕྱག་རྒྱ་ཞེས་གསུངས་ཏེ། ཕྱག ་རྒྱའི་ཏིང་ངེ་འཛིན་གང་ལ་དམིགས་པར་གྱུར་པ་དེ་ནི་རིན་པོ་ཆེའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བཅོམ་ལྡན་འདས་ཀྱི་རང ་གི་རིག་པ་དམ་པ་འདི་གསུངས་པ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་ལོས་སྒྱུར་བ་བཞིས་ཀྱང་རང་རང་གི་ཕྱག་རྒྱ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་རྒྱ་བཞི་པའི་ཚུལ་དུ ་ནི། །དཀྱིལ་འཁོར་ཡོངས་སུ་བརྟག་པར་བྱ་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས་ཀྱི་ཕྱག་རྒྱ་བཞི་པོ་གང་ཡིན་པའི་སྦྱོར་བ་སྟེ། གཅིག་ཏུ་ནི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །གཉིས་པར་ནི་རིན་པོ་ཆེས ་མཚན་པའི་རིན་པོ་ཆེའོ། །གསུམ་པར་ནི་པདྨས་མཚན་པའི་རིན་པོ་ཆེའོ། །བཞི་པར་ནི་རྡོ་རྗེ་ཁ་བཞི་པའི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །དབུས་སུ་ནི་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའི་མཆོད་རྟེན་བཞག་པའི་དཀྱིལ་འཁོར་ཡོངས་སུ་བརྟག ་པ་འདི་ནི་ཕྱག་རྒྱ་བཞིའི་ཚུལ་ལོ། །དཀྱིལ་འཁོར་ལས་ལྷག་མ་རྣམས་ནི་སྔར་བཤད་པ་ཉིད་དོ། །དེ་ནས་ཇི་ལྟ་བ་བཞིན་ཞུགས་སམ་བཅུག་སྟེ། མ་ནའི་སྙིང་པོ་སྦྱིན་པར་བྱའོ། །ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཞིག་ཅེས་བྱ་བ་ནི་སྔ་མ ་དང་འདྲའོ། །དེ་ནས་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ནི། སྒྲུབ་པའི་ཐབས་ཀྱི་མན་ངག་སྦྱིན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རིན་ཆེན་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་ནམ་མཁའ་ཨི་སྙིང་པོའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན ་གྱིས་སོ། །རྡོ་རྗེ་རིན་ཆེན་བཅིངས་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིང་བའོ། །དཔྲལ་བར་རབ་ཏུ་བཞག་ན་ནི་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེས་སོ། །དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་ ་འདོད་པའི་དངོས་གྲུབ་རྣམས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བརླབ་པར་བྱ་སྟེ་ཞེས་བྱ་བ་ལ་གསང་བའི་ཞེས་བྱ་བ་ནི་བཤད་ཟིན་ཏེ། དེའི་ཕྱག་རྒྱ་བསྟན་པར་བྱའོ་ཞེས་པའོ། །ཁྱོད?་མ ་ཡང་ན་སྡུག་པ་འམ་ཞེས་བྱ་བ་ལ་ཁྱོད་ནི་བྱང་ཆུབ་སེམས་དཔའ་སྟེ་གང་ལ་བརྟེན་པར་བྱ་བ་ལ་ཞུགས་པའོ། །སྡུག་བ་ནི་ཕྱག་རྒྱ་གང་བསྒྲུབ་པ་ལ་ཞུགས་པའོ། །བསྒྲུབ་པ་ལ་ཞུགས་པ་དེ་གང་ཡིན་ཞེ་ན། བུད་མེད་དམ་ནི ་སྐྱེས་པའང་རུང་ཞེས་བྱ་བ་གསུངས་པའོ། །དཔྲལ་བར་གཉིས་སྦྱར་ཞེས་བྱ་བ་ལ་དཔྲལ་བ་ནི་སྐྱེས་པའམ་བུད་མེད་ཀྱི་དཔྲལ་བ་གཉིས་གཟུང་ངོ། དེ་སྦྱར་ན་ནི་དཔྲལ་བ་སྟེ་དབང་བསྐུར་བའི་གནས་སུ་ཕྱག་རྒྱ་བཞག་པའོ། །ཕྱག་རྒྱ་དང ་དཔྲལ་བ་གཏུགས་པ་གང་ཡིན་པ་དེ་ཉིད་ནི་སྦྲད་པ་ཞེས་གསུངས་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་བུད་མེད་ལ་ནི་ཁྱོ་སྟེ། རྡོ་རྗེ་རིན་ཆེན་སྤྲད་པ་སྟེ་དཔྲལ་བར་འཛེག་པའོ། །སྐྱེས་པ་ཞིག་ན་སྡུག་པ་སྟེ་ཕྱག ་རྒྱ་ཡིན་ལ་དེ་ཡང་སྐྱེས་པའི་དཔྲལ་བར་བཞག་པ་ནི་སྤྲད་བ་ཞེས་བྱའོ། །དེ་ལྟར་བྱས་ན་གཉི་ག་ཡང་འགྲུབ་པར་འགྱུར་རོ། །སྐྱེས་པ་དང་བུད་མེད་ཅེས་སྨོས་པ་དང་དཔྲལ་བ་གཉིས་སྦྱོར་པའི་ཚིག་གིས་ནི་ཇི་སྐད་གསུངས་པའི། ་དོན་སྦས་པ་ཡིན་པས་ན་གསང་བ་ཞེས་བྱའོ། །ཡང་ན་བུད་མེད་གཅིག་ན་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་ཞུགས་ནས་མཆོད་པའི་ཆོ་ག་ཇི་སྐད་གསུངས་པ་བཞིན་དུ་བྱས་ཤིང་དམ་ཚིག་གི་ཆོ་ག་རྫོགས་པར་བྱས ་ནས་བསྒྲུབ་པའི་ཚེ་རང་གི་ལྷའི་རྣལ་འབྱོར་བྱས་ཏེ་། དཀྱིལ་འཁོར་ལ་སོགས་པ་བྲིས་ནས་ཆོ་ག་ཐམས་ཅད་རྫོགས་པར་བྱས་ལ། བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་དགུག་པ་དང་གཞུག་པ་དང། བཅིང་བ་དང། དབང་དུ ་བྱ་བ་བྱས་ནས་དཔྲལ་པ་གཉིས་སྦྱོར་བ་དང། །བ་གཉིས་པར་མཚམས་མེད་པར་སྤྲད་པ་སྟེ། དེའི་ངོ་བོར་བསྒོམ་ཞིང་རྡོ་རྗེ་རིན་ཆེན་དཔྲལ་བར་བཞག་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྐྱེས་པ་ཞིག་ན་འང་སྡུག་པ་སྟེ། ་ཕྱག་རྒྱ་བསྒྲུབ་པར་འདོད་ན་དེ་བུད་མེད་ཀྱི་གཟུགས་སུ་བསམས་ལ་ཇི་སྐད་གསུངས་པའི་ཚུལ་གྱིས་དགུག་པ་ལ་སོགས་པ་བྱས་ནས་ཕྱག་རྒྱ་དཔྲལ་བར་བཞག་ཅིང་དེའི་ངོ་བོ་ཉིད་དུ་གྱུར་པར་བསྒོམས་ཏེ་སྤྲོད་པར་འགྲུབ་པར་འགྱུར་ཏེ ་དེ་ལྟར་གཉིས་ཀ་ཡང་འགྲུབ་པར་འགྱུར་རོ། །བུད་མེད་ཀྱི་སྒྲུབ་པ་འདི་ནི་རྒྱུད་གང་ནས་ཀྱང་མ་གསུངས་མོད་ཀྱི་རྫོགས་ཀ་འདིར་གསུངས་པ་འདི་ཐམས་ཅད་དུ་ཡང་ཤེས་པར་བྱའོ། །བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི ་བསྒྲུབ་པ་འདི་ཇི་ལྟར་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བུད་མེད་ཀྱི་ཕྱག་རྒྱ་ལ་སྐྱེས་པས་ལྷག་པར་མོས་པར་བྱ་བ་དང། སྐྱེས་པའི་ཕྱག་རྒྱ་བུད་མེད་ཀྱིས་མོས་པར་བྱ་བ་དཱི་ནི་རིག་འཛིན་གྱིས་དངོས་གྲུབ་ཀྱི་མན ་ངག་ཡིན་ཏེ། འདི་ཉིད་ལ་ཐམས་ཅད་ཀྱི་ཆགས་པ་ཤིན་ཏུ་དམ་པོར་གྱུར་པ་ཡིན་པས་ན་དེ་སྐད་དུ་སྨོས་པ་ཡིན་ཏེ། མངོན་པར་ཞེན་པ་མེད་པས་འགྲུབ་པར་འགྱུར་བ་མེད་དོ་ཞེས་པར་བྱའོ། །རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་རིག ་འཛིན་གྱི་དངོས་གྲུབ་འཕྲོ་བར་འདོད་ན། སྔར་བསྙེན་པ་འདིས་ཡང་བྱ་ཞིང་སྙིང་པོ་ཡང་འདི་ཉིད་བཟླ་བར་བྱའོ། །དེ་ནས་ཕྱག་རྒྱ་བཞི་ཇི་ལྟ་བ་བཞིན་དུ་བཅིང་བ་དང་ཞེས་བྱ་བ་ལ་ཕྱག་རྒྱ་རྣམ་པ་བཞི་བཅིང་པ་ཡིན་པས་ན་ཕྱག་རྒྱ ་བཞི་བཅིང་བའོ། །རྣམ་པ་བཞི་དེ་བཞིན་དུ་བསླབ་པར་བྱའོ་ཞེས་བྱ་བ་ནི་རེ་རེ་ཞིང་ཡང་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་རྣམས་སོ། ་དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་དེར་ཕྱག་རྒྱ་བཞིའི་དངོས་གྲུབ་རྣམ་པ་བཞི་གསུངས་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར ་བཤད་པ་ཀོ་ས་ལའི་རྒྱན་ལས་རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་མདོར་བསྡུས་པ་ཕྱག་རྒྱ་གཅིག་པའི་དཀྱིལ ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་ཏེ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་རྗེས་ལའོ། །བྱང་ཆུབ་ལ་སེམས་པས་ན་བྱང་ཆུབ་སེམས་དཔའ་ཨོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་མཛད་པ་ལ་ཞུགས་པས་ན ་སེམས་དཔའ་ཆེན་པོའོ་ནམ་མཁའ་ཨི་ཉིད་ཀྱི་སྐྱེ་གནས་མངའ་བས་ན་ནམ་མཁའ་ཨི་སྙིང་པོ་སྟེ་དེ་ལས་བརྫུས་ཏེ་སྐྱེས་པ་ཡིན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །འདི་ཞེས་བྱ་བ་དེ་གང་ཡིན་ཞེ་ན། ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་གསུངས་སོ། །ཞེས་བྱ་བ་སྟེ། འདིར་ཞུག་ན་དོན་ཐམས་ཅད་གྲུབ་པས་ན་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་རོ། །དེ་ཡང་དཀྱིལ་ནི་སྙིང་པོ་ལ་བྱ་སྟེ་མར་གྱི་སྙིང་པོ་ལྟ་བུའོ།། ་དེ་ལེན་པས་ན་དཀྱིལ་ཏེ་དེ་གསུངས་པའོ། །དཀྱིལ་འཁོར་ཞེས་བྱ་བའི་སྒྲས་ནི་སྙིང་པོ་ཉིད་ལ་བྱ་བར་བཤད་དེ་དཀྱིལ་འཁོར་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་གྱི་སྙིང་པོ་འདི་ཉིད་ནི་དངོས་གྲུབ་དོན་དུ་གཉེར་བ་རྣམས་ཀྱི ་དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང། ལྷ་བཀོད་པ་དང། བཟླས་པ་བྱ་བ་རྣམས་ཡིན་ནོ། །?་ནས་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་སྟོན་ཏེ། དཀྱིལ་འཁོར་ཆེན་པོ་ལྟ་བུར་བྲིས་ལ་ལྷ་གཞན་མི་དགོད་པ་ལ་བཅོམ ་ལྡན་འདས་དོན་ཐམས་ཅད་གྲུབ་པ་གཅིག་པུ་ཇི་སྐད་གསུངས་པའི་སྙིང་པོ་འདིས?་དབུས་སུ་བཞག་པར་བྱའོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱས་བཅུག་ལ་མནའི་སྙིང་པོ་སྦྱིན་ཏེ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས ་པ་སྟེ། གསང་བའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་འདོད་པའི་རྣམས་ལ་ཞེས་བྱ་བའི་སོགས་པ་ནི་སྒྲ་དང། དྲི་དང་རོ་དང་རེག་བྱ་རྣམས ་བསྡུའོ། །ཡིད་དང་རྗེས་སུ་མཐུན་ཞིང་འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། ལྷ་དང་མི་རྣམས་ཀྱི་མངོན་པར་འདོད་པ་ཡིན་པའོ། །ཆགས་བྲལ་བར་མ་གྱུར་ཅེས་བྱ་བ་ལ་འདོད་པ་རྣཾས་ལ་མ་ཆགས་པས་ན་ཆགས་བྲལ་ཏེ། ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པའོ། །ཆགས་པ་དང་མ་བྲལ་བས་ན་ཆགས་བྲལ་མ་གྱུར་པ་སྟེ། བྱང་ཆུབ་ཀྱི་སེམས་བསྟན་པའོ། །འདི་སྐད་སྟོན་ཏེ། སྒྲུབ་པའི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་བྱང་ཆུབ ་ཀྱི་སེམས་བརྟན་པར་བྱ་བའོ། །ཇི་ལྟར་ཞེ་ན། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་བྱས་ལ་དེ་རྣམས་ཀྱི་སྤྱན་སྔར་ཐལ་མི་སྦྱར་ཏེ། བཅོམ་ལྡན་འདས་བདག་གིས་དངོས་གྲུབ་འདི་དང། ་བྱང་ཆུབ་རྟོགས་པར་བགྱིས་ལ་སེམས་ཅན་ཐམས་ཅད་འཁོར་པའི་བཙོན་ར་ནས་གདོན་པར་བགྱིའོ་ཞེས་དེ་ལྟར་བྱང་ཆུབ་དོན་དུ་གཉེར་བ་དང། སེམས་ཅན་གདོན་པའི་མཚན་ཉིད་ཅན་གྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས ་པ་ཡིན་ནོ། །དེ་ལྟ་བུའི་ཆགས་པ་དང་བྲལ་བ་མ་ཡིན་པའི་སེམས་ཀྱིས་དེ་བཞིན་དུ་དུས་གཞན་དག་ཏུ་ཡང་ཡིད་དུ་འོང་བའི་གཟུགས་མཐོང་བ་འམ། སྒྲ་ཐོས་པའམ། དྲི་སྣོམ་པ་འམ། རོ་མྱང་བ་འམ། རླུང་ཡང་ལ་སོགས་པའི་རེག ་བྱ་ཉམས་སུ་མྱོང་བ་ན་དེ་རྣམས་ལས་བདེ་བ་དང། །ཡིད་བདེ་བ་གང་དག་མྱོང་བའི་བདེ་བ་དང་ཡིད་བདེ་བ་མཆོག་ཏུ་དགའ་བས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་ལ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ ་ཐམས་ཅད་འདི་ལྟ་བུའོ་ཉོན་མོངས་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་།བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་ཀྱང་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱི་དགའ་བའི་བདེ་བ་དང། ་ཡང་དག་པར་ལྡན་པར་གྱུར་ཅིག་ཅེས་བྱ་བ་སྟེ། དེ་ལྟར་བདེ་བ་དང་ཡིད་བདེ་བ་དེ་སངས་རྒྱས་རྣམས་ལ་ཕུལ་བར་གྱུར་ཅིང་འབྲས་བུ་སེམས་ཅན་ཐམས་ཅད་ལ་བསྔོས་པས་རྟོག་པའི་དངོས་གྲུབ་རྣམས་འཐོབ་པར་འགྱུར་རོ། ། ་དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་རྩ་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་རྣམ་པ་བཞི་གསུངས་པ་དང། དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་ལ ་སོགས་པའི་ཕྱག་རྒྱ་བཞི་གསུངས་པ་སྟེ། དེའི་ཡེ་ཤེས་ཡིན་པས་ན་ཕྱག་རྒྱ་བཞིའི་ཡེ་ཤེས་སོ། །དེ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས ་དཔའ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་ཞེས་བྱ་བ་ནི་རིན་པོ་ཆེའི་ལ་སོགས་པའོ། །དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་ལ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་རྒྱུད་རྣམས་རྫོགས་པ་དང། དེ་བཞིན་གཤེགས ་པ་ཐམས་ཅད་མཉེས་པར་གྱུར་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་རྟོག་པ་བཞི་པོའི་དོན་དང་འབྲེལ་པའི་ལེགས་སོ་ཞེས་བྱ་བས་གཟེངས་བསྟོད་པར་མཛད་པའི་ཕྱིར་། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་རྒྱུད་རྫོགས་པའི་རྗེས་ལའོ། །ཡང་ཞེས་བྱ་བ་ནི། གསོལ་བ་གཏབ་པའི་དུས་ལས་བལྟོས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་དེ་བཞིན ་གཤེགས་པ་ཐམས་ཅད་དོ། །གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ་འདུས་པ་ནི་ཚོགས་པར་མཛད་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའ་ཨི་སྙིང་པོ་ཞེས་བྱ་བ་ནི་སྤྲུལ་པ་དང་ཉེ་བ་ལས་བལྟོས་པའོ། །འདིས་ཞེས་བྱ ་བ་ནི་འོད་ནས་བཤད་པས་སོ། །གང་གིས་ཤེས་ན། ལེགས་སོ་ཞེས་བྱ་བ་བྱིན་པས་སོ། །བསྟོད་དོ་ཞེས་བྱ་ཨ་ནི་མཆོད་པར་མཛད་པའོ། །ཇི་ལྟ་ཞེ་ན། ལེགས་སོ་ཞེས་རྡོ་རྗེ་སེམས་དཔའ་ཁྱོད་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས ་དཔའ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྟོག་པ་ལས་བལྟོས་པས་སོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་རྟོག་པ་ལས་བལྟོས་པས་སོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་ཆོས་ཀྱི་རིགས་རྟོག་པ་ལས་བལྟོས་པས་སོ། །རྡོ་རྗེ་ལས་ཞེས ་བྱ་བ་ནི་ལས་ཀྱི་རིགས་ཀྱི་རྟོག་པ་ལས་བལྟོས་པས་སོ། །རྡོ་རྗེ་ཐེག་པ་བླ་ན་མེད་ཅེས་བྱ་བ་ལ་རྡོ་རྗེ་ནི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེ་ཐོག་པའོ། །འདིས་འགྲོ་བས་ན་ཐེག་པ་སྟེ། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱེད་པའི་ཐབས་ཡིན་པའི་ཕྱིར་རོ། །བླ་ན་མེད་ཅེས་བྱ་བ་ནི་མདོ་སྡེའི་སྤྱོད་པའི་ཚུལ་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱི ་གསང། ཞེས་བྱ་བ་ལ་འདི་ནི་དེ་བཞིན་གཤེགས་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །གཞན་རྣམས་ཀྱིས་མི་ཤེས་པས་ན་གསང་པའོ། །ཐེག་པ་ཆེན་པོ་མངོན་འདུས་པའི་ཞེས་བྱ་བ་ལ་འདིས་འགྲོ་བས་ན་ཐེག ་པའོ། ?་ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། མོས་པས་སྤྱོད་པ་དང་བཅས་པའི་ས་བཅུ་གཅིག་ཡིན་ལ་དེས་བགྲོད་པ་ནི་ས་བཅུ་གཉིས་པ་ཀུན་ཏུ་བཟང་པོའི་ས་སྟེ། འདི་གཉིས་ཀ་ལ་ཡང་ཐེག ་པ་ཆེན་པོ་ཞེས་བྱ་ལ་དེ་སྟོན་པར་བྱེད་པའི་གཞུང་ལས་ཡང་ཐེག་པ་ཆེན་པོ་ཞེ་བྱའོ། །ཐེག་པ་ཆེན་པོ་དེའི་གཙོ་བོ་བསྡུས་ཏེ་མངོན་པར་བྱང་ཆུབ་པའི་རིམ་པ་སྟོན་པས་ན་དེའི་ཕྱིར་ཐེག་པ་ཆེན་པོ་མངོན་འདུས་པ་ཞེས་བྱ་བའོ། །མདོ ་ཙམ་དུ་སྟོན་པས་ན་མོད་སྡེ་སྟེ་གཞུང་འབུམ་མདོར་བསྡུས་པ་ཡིན་པར་ཤེས་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་གོང་དུ་བཤད་མ་ཐག་པའོ། །ལེགས་པར་བཤད་ཅེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་པའི་ཕྱིར་རོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱང་འདི་ཙམ་དུ་ཟད་དེ། འདི་ལྟ་སྟེ། ས་བཅུ་གཉིས་སོ། །ད་རྣམས་ཀྱང་འདིར ་འདུས་པར་གྱུར་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པ་ཞེས་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལས་ཀྱི་དམ ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་འགྲེལ་པ་རྫོགས་སོ།། །།ད་ནི་འདི་མན་ཆད་ནི་དཀྱིལ་འཁོར་རྣམ་པ་བཞིའི་རིགས་རྣམ་པ་བཞིར་གཏོགས་པའི་ཕྱག་རྒྱ་རྣམ་པ་བཞིའི་དངོས་གྲུབ་སྒྲུབ་པའི་རྐྱེན་དུ་གྱུར ་པ་གང་ཅུང་ཟད་ཡན་ཆད་ཅི་ཡོད་པ་དེ་དག་ཐམས་ཅད་ནི་ཕྱི་མ་ཞེས་བྱའོ། །དེ་ལ་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པ་དང་པོས་ནི་ཐོག་མ་ཁོ་ནར་རེ་ཞིག་བརྟག་པ་རྣམ་པ ་བཞིར་བརྟན་པའི་དཀྱིལ་འཁོར་དང་པོ་བཞིའི་ཕྱག་རྒྱ་རྣམ་པ་བཞིའི་དངོས་གྲུབ་དམ་པའི་བརྒྱུད་དེ་སྟོན་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་རེའི་རྗེས་ཐོགས་ལ་སྟེ། རྩ་བའི་རྒྱུད་ཀྱི་རྗེས་ཐོགས་ལའོ། །བྱང་ཆུབ་ཆེན་པོར་སེམས་དཔའ་ ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །འདིའི་ཕྱག་ན་རྡོ་རྗེ་མངའ་བ་ཡིན་པས་ན་ཕྱག་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་དེ ་བཞིན་གཤེགས་པ་ཐམས་ཅད་དེ་དཀྱིལ་འཁོར་བའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་དང་འབྲེལ་བའི་དེ་ཁོ་ན་ཉིད་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན། དེ་ཁོ་ན་ཉིད་ཆེན་པོ་སྟེ། ཐམས་ཅད ་དུ་ཁྱབ་པའི་ཕྱིར་རོ། །དེ་ཡང་ཆོ་ག་རེ་རེ་ཐམས་ཅད་བདག་ཡིན་པར་ཞེས་བྱ་བ་ལ་སོགས་པ་འོག་ནས་ཇི་སྐད་དུ་བཤད་པ་ལྟ་བུའོ། །དེའི་ཆོ་ག་རྒྱས་པ་ནི་འདི་དག་བྱའོ་ཞེས་བྱ་བའི་རྣམ་པ་རྒྱས་པ་སྟེ་དེ་སྟོན་པར་བྱེད་པའི་གཞུང་ནི་ཆོ་ག་རྒྱས་པའི ་རྒྱུད་དོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །གསུངས་སོ་ཞེས་བྱ་བ་ནི་དེ་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རེ་ཞིག་དང་པོར་ནི་ཕྱག་རྒྱ་ཆེན་པོ་དམ་པའི་དངོས་གྲུབ་རྒྱུད་བཤད་དེ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི ་ངེས་པར་གཟུང་བ་སྟེ། ཕྱག་རྒྱ་ཆེན་པོ་བཞིའི་ནང་ནས་ཕྱག་རྒྱ་ཆེན་པོ་ངེས་པར་གཟུང་བ་ཡིན་ནོ། །རེ་ཞིག་དང་པོར་ཞེས་བྱ་བའི་སྒྲ་ནི་གོ་རིམ་དུ་བཞག་པའོ། །ཕྱག་རྒྱ་ཆེན་པོ་ནི་སྐུའི་ཕྱག་རྒྱའོ། །དེའི་དམ་པའི་དངོས་གྲུབ་ནི་སངས ་རྒྱས་དང། བྱང་ཆུབ་སེམས་དཔའ་ཉིད་དུ་གྲུབ་པ་སྟེ། སྟོན་པར་བྱེད་པའི་གཞུང་གི་རྒྱུད་བཤད་དེ། དེ་ཡང་གང་ཡིན་ཞེ་ན། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས ་པའི་ཕྱག་རྒྱ་ཆེ་བཅིངས་ནས་ཞེས་བྱ་བ་ནི་སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །མཁའ་དཔྱིངས་ཐམས་ཅད་དུ། སངས་རྒྱས་སྐུ་གཟུགས་བྱིན་བརླབས་ལ ་ཞེས་བྱ་བ་ནི་ནམ་མཁའ་ཨི་དབྱིས?་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་ནམ་མཁའ་ཨི་དབྱིངས་ཐམས་ཅད་དེ། ནམ་མཁའ་ཨི་གཏོས་དེ་ན་གཡོ་བ་དང། གནས་པའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་ཐམས་ཅད་དུ། །དེ་ལ་གཡོ་བ ་ནི་ནམ་མཁའ་ཨི་ལམ་ལ་རྒྱུ་བའོ། །གནས་པ་ནི་གཅིག་པ་ལ་སོགས་པར་གཏོགས་པ་སྟེ། །དེ་དག་ཐམས་ཅད་ཀྱང་ནམ་མཁའ་ཨི་དབྱིངས་ཡིན་པར་མངོན་པར་འདོད་ལ། ནམ་མཁའ་ཨི་དབྱིངས་དེ་དག་ཏུ་སངས་རྒྱས་སྐུ་གཟུགས་བྱིན་རླབས ་ལ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་སྐུ་གཟུགས་སུ་ལྷག་པར་མོས་པར་བྱ་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རང་གི་སྙིང་དུ་བཅུག་ན་ནི་ཞེས་བྱ་བ་སྨོས་སོ། །དེ་ཡང་ཇི་ལྟ་ཞེ་ན། ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ལེགས་པའི་ཆོ་གས་ཡིད་ཀྱིས་ནི། །ལུས་སུ་སངས་རྒྱས་ཀུན་གཞུག་གོ་ཞེས་སྔར་ཇི་སྐད་བཤད་པ་ལྟ་བུའོ། །འདིའི་འབྲས་བུ་གང་ཞིག་ཡིན་ཞེ་ན། ཅི་སྟེ་འདོད་ན་ཚོ་འདི་ལ། །ཞི་བ་དམ་པའི་མཆོག་གྱུར་པོའི། །སངས་རྒྱས་ཉིད ་འཐོབ་དེས་འདི་བསྒྲུབ་ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་པས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་སྐུ་གཟུགས་སྙིང་ཁར་བཅུག་པའི་བསྒོམ་པ་འདི་བརྟན་པར་བྱས་པས་དེ་འདོད་ན། དངོས་པོ་ཐམས་ཅད ་རྡུལ་ཕྲ་རབ་གཅིག་གི་ནང་དུ་ཡང་ཆུད་པར་བྱེད་ཅིང་དངོས་པོ་གཅིག་ལས་ཀྱང་དངོས་པོ་ཐམས་ཅད་འབྱིན་པར་སྟོན་པ་ལ་སོགས་པ་འདི་ལྟ་བུ་བྱེད་པའོ། །འོན་ཏེ་དེ་ལྟ་བུ་མི་འདོད་ན་ཅིང་འགྱུར་བར་སྟོན་པ་ནི་ཅི་སྟེ་མི་འདོད ་གོང་གྲུབ་བཞིན་ཞེས་བྱ་བ་སྟེ། ཡེ་ཤེས་ཚེ་སྟོབས་ན་ཚོད་དང། ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཇི་སྐད་བསྟོན་པའོ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྗེས་ལ་ཕྱག་རྒྱ་ཆེན་པོ་བཅིངས ་ནས་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་སྟན་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི་ཞེས་བྱ་བ་ནི་སྐུའི་ཕྱག་རྒྱ་བཅིང་བའོ། །དེ་ཉིད་ཆེན་པོ་བརྗོད་བྱ་སྟེ་ཞེས་བྱ་བ་ལ་དེ་ཉིད ་ཆེན་པོ་ནི་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་དོ། །བརྗོད་པ་ནི་དེ་སྟོན་པའོ། །ཇི་ལྟར་ཞེ་ན་ཚིག་རེར་ཐམས་ཅད་བདག་ཡིན་པར་ཞེས་བྱ་བ་སྟེ། ཚིག་རེ་རེར་ཞེས་པ་ནི་དངོས་པོ་རེ་རེའི་མིང་ནས་སྨོས་ཤིང་དངོས་པོ་ཐམས ་ཅད་བདག་ཉིད་ཡིན་པར་རྣམ་པར་ཤེས་པ་ཙམ་དུ་ཡིད་ལ་བྱ་སྟེ་ཐམས་ཅད་ང་ཡིན་ནོ། །ཞེས་ང་རྒྱལ་བསྒོམ་པར་བྱའོ། །དེ་ཡང་གཞན་དག་ལས་རྒྱུ་བ་དང། མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་གསུངས་པ་ལྟ་བུ་དང། ལྷ ་ཡུལ་ས་དང་རླུང་དང་མཁའ་། །རྒྱ་མཚོ་ཆུ་པོ་ཕྱོགས་རྣམས་ཀྱི། །ནང་གི་བྱེད་པའི་དེ་ཉིད་ཀྱི། དངོས་པོ་ཕྱི་རོལ་གནས་པ་ཡིན། ཞེས་རྣམ་པར་ཤེས་པའི་སྨྲ་བ་རྣམས་ཀྱིས་བཤད་པ་ལྟ་བུ་ཡང་ཡིན་ནོ། །རྣལ་འབྱོར་གང་ལ ་གནས་ཏེ་འདི་ལྟར་བསྒོམ་པར་བྱ་ཞེ་ན། སེམས་དཔའ་ཨི་རྣལ་འབྱོར་གང་དག་གིས་བསྒོམ་ཞེས་བྱ་བ་གསུངས་སོ། །འདིའི་འབྲས་བུ་གང་ཡིན་ཞེ་ན། ཅི་སྟེ་འདོད་ན་བདག་ཉིད་ངེས། །དེ་བྱ་གཟི་ཅན་དགེ་བ་ཡི། །གོ་འཕང་ཚེ་འདི ་ཉིད་ལ་འཐོབ་ཅེས། བྱ་བ་གསུངས་ཏེ། གཟི་ཅན་ཞེས་བྱ་བ་ནི་གཟི་མདངས་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་ལ་བྱ་བར་བཤད་དོ། །དེའི་གོ་འཕང་ནི་གཟི་ཅན་དགེ་བའི་གོ་འཕང་སྟེ། བྱང་ཆུབ་སེམས་དཔའ་ཉིད་དོ་ཞེས་བྱ་བའི ་དོན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔར་མི་འདོད་ན་དེ་ཅིར་འགྱུར་ཞེ་ན། མི་འདོད་དངོས་གྲུབ་གོང་མ་བཞིན་ཞེས་བྱ་བ་གསུངས་ཏེ། འདིས་ནི་ཀུན་ཏུ་འགྲོ་བ་དང། །འདོད་པ་ཀུན་བདག་བདེ་ཅན་དང། །རྫུ་འཕྲུལ་ཚེ་སྟོབས་གཟུགས ་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་རྣམས་སོ། །ཐམས་ཅད་ཀྱི་བདག་ཉིད་དུ་བསྒོམས་པ་འདིས་རྣལ་འབྱོར་པ་རྣམས། རྫུ་འཕྲུལ་གྱི་མཐུ་སྟོན་པར་ཡང་འགྱུར་ཏེ། ས་ཡང་གཡོ་བར་བྱེད་པ་དང། རི་རབ་ཀྱང ་འདེགས་པར་བྱེད་པ་དང། རྒྱ་མཚོ་ཡང་བཟློག་པར་བྱེད་དེ། དེ་ལ་སོགས་པ་དངོས་པོ་ཐམས་ཅད་རང་གི་སེམས་ལ་རག་ལས་པས་། དེའི་ངོ་བོ་ཉིད་ཀྱི་ལུས་བསྐྱོད་པས། ཇི་ལྟར་འདོད་པ་བཞིན་དུ་བྱེད་དོ། །དེ་ནས་ཞེས ་བྱ་བ་ལ་སོགས་པས་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་ངེས་དབང་བསྐུར་བ་ཡིན་པས་ན་དེར་དམ་ཚིག་གི་ཕྱག་རྒྱ་གཙོ་བོ་ཡིན་པའི་ཕྱིར། དམ་ཚིག་གི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་ཞེས་བྱ་བ་དམ་ཚིག ་གི་ཕྱག་རྒྱའི་དངོས་གྲུབ་ཀྱི་དམ་པའི་གཞུང་བཤད་པའོ། །ཇི་ལྟ་ཞེ་ན། ཇི་ལྟར་རྡོ་རྗེ་འཛིན་གྲུབ་པ། དེ་ལྟར་བདག་ཅེས་བསྒོམས་ན་ནི། ཞེས་བྱ་པས་སྟོན་ཏོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་དུ་བྱས་ནས་དམ ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བདག་ཀྱང་རྡོ་རྗེ་འཛིན་པ་བཞིན་དུ་གྲུབ་པ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། སངས་རྒྱས་དང་ནི་གཟི་ཅན་འཐོབ་ཅེས་བྱ་བ་གསུངས་སོ། །གལ་ཏེ་དངོས་གྲུབ་དམ་པ ་མི་འདོད་ན་ཅིར་འགྱུར་བ་སྟོན་པ་ནི་མི་འདོད་དངོས་གྲུབ་གོང་མ་བཞིན། ཞེས་བྱ་བ་སྟེ། མཉེས་པར་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་ཞེས ་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་དམ་པའི་གཞུང་གསུངས་པའོ། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །བདག་ཅེས་བརྗོད་ན་ངེས་པར་ཡང་ཞེས་བྱ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི། དོན་དམ་པར་དངོས ་པོ་མེད་པའི་ཕྱིར་རོ། །བརྗོད་ན་ཞེས་བྱ་བ་ནི་རང་གི་དམ་ཚིག་གི་སྨྲ་བ་སྟེ། སྔོན་དུ་བྱ་བ་ཐམས་ཅད་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་ཞིང་ཆོས་ཀྱི་ཕྱག་རྒྱ་བརྗོད་ནའོ། །ཅི་ཞིག་འཐོབ་པར་འགྱུར་རོ་ཞེ་ན། སངས་རྒྱས ་དང་ནི་གཟི་ཅན་འགྱུར། །ཞེས་བྱ་བ་གསུངས་སོ། །གལ་ཏེ་དངོས་གྲུབ་དམ་པ་མི་འདོད་ན་མི་འདོད་དངོས་གྲུབ་གོང་མ་བཞིན། ཞེས་བྱ་བ་སྟེ་དམ་པའི་ཆོས་ཤེས་པར་འགྱུར་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ ་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་དམ་པའི་གསུངས་པའོ། །ཐམས་ཅད་ཀྱི་ནི་ཀུན་དག་པར། །ལས་རྣམས་ཐམས་ཅད་སྦྱངས་ནས་ནི་ཞེས་བྱ་བ་ལ་འདིར་ཡང་བསྒྲུབ་པའི ་ཚེ་ཉིད་ན་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་གྱི་དབུས་སུ་འདུག་པ་ན་དངོས་པོ་ཐམས་ཅད་ཀྱི། རྣམ་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་བྱ་བའི་ཚིགས་ཐམས་ཅད་ཡོངས་སུ་དག་པ་ཡིན་ལ། དེ་ལྟར་ལས་ཐམས ་ཅད་ཡོངས་སུ་དག་ན་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ལས་ཐམས་ཅད་བསམ་པས་ཡོངས་སུ་སྦྱངས་ན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སངས་རྒྱས་གཟི་ཅན་འཐོབ་ཅེས་བྱ་བ་གསུངས་སོ། །གལ་ཏེ་མི་འདོད་ན་ཅི་སྟེ། མི་འདོད་དངོས་གྲུབ ་གོང་མ་བཞིན་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཆོད་པའི་ལས་ལ་སོགས་པ་གྲུབ་པོའོ། །དེ་བཞིན་གཤེགས་པའི་རིགས་དམ་པའི་དངོས་གྲུབ་རྣམས་སོ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ ་འཁོར་ཆེན་པོར་གསུངས་པའི་དངོས་གྲུབ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རང་གི་རིགས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདི་དག་ནི་གོ་སླའོ། །དངོས་གྲུབ་ཀུན་སྦྱོར་སངས་རྒྱས་ཀྱི་ཞེས ་བྱ་བ་ལ་སོགས་པ་ལ་འདིར་ཡང་སྔོན་དུ་བསྙེན་པ་ལ་སོགས་པ་བྱས་ནས། བསྒྲུབ་བའི་ཚད་དཀྱིལ་འཁོར་བྲིས་ལ། སྔོན་དུ་བྱ་བ་ཐམས་ཅད་བྱས་ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་འམ། སེམས་དཔའ་གང་ཡང་རུང་པའི་ཕྱག ་རྒྱ་ཆེན་པོ་བཅིངས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་རུངས་པ་འདུལ་བར་སངས་རྒྱས་བཅོམས་ལྡན་འདས་ཀྱིས་བཀའ་སྩལ་པའི་བཀའ་དེ་བདག་གིས་བསྒྲུབ་པར་བྱའོ་ཞེས་ཆོས་འདི་མངོན་སུཾ་དུ་བྱ་ཞིང་བསམ་པ་འདིས་བསྒྲུབ ་པར་བྱ་ལ། དངོས་གྲུབ་ཀུན་སྦྱོར་ཞེས་བྱ་བ་ནི་སྦྱོར་བ་གང་རྩ་བའི་དཀྱིལ་འཁོར་དུ་གསུངས་པ་དང། འོག་ནས་བཤད་པ་གང་ཡིན་པ་དེ་ཐམས་ཅད་ནི་དངོས་གྲུབ་ཀུན་སྦྱོར་ཞེས་སྨོས་པར་བསྡུ་བར ་བྱའོ། །བསམ་པ་འདི་དང། སྦྱོར་བ་འདིས་ཅི་ཞིག་བྱ་ཞེ་ན། བསྒྲུབ་ཅེས་བྱ་བ་གསུངས་སོ། །ཅི་ཞིག་ཅེ་ན། ཕྱག་རྒྱ་ཆེན་པོའོ། །ཅི་ཞིག་འཐོབ་ཅེ་ན། ཚེ་འདི་ཉིད་ལ་ཡང་སངས་རྒྱས་འགྲུབ་ཅེས་བྱ་བ་གསུངས ་ཏེ། དངོས་གྲུབ་དམ་པའི་ཉེ་བར་མཚོན་པས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་ཡང། ཞེས་བྱ་བ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག ་རྒྱ་ཆེན་པོའི་ཚུལ་དུ་ནི་ཞེས་བྱ་པ་ལ་སོགས་པ་ལ་ཕྱག་རྒྱ་ཆེན་པོར་སྦྱོར་བས་བདག་རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབ་པ་ཡིན་ནོ་ཞེས་བྱ་བ་དང། དངོས་གྲུབ་ཀུན་སྦྱར་བ་ཞེས་སྔར་སྨྲས་པས་སྒྲུབ་པའི་ཚེ་ཉིད་ལ། བསྒྲུབ ་པའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བདག་ཉིད་གྲུབ་པའི་གཟུགས་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟར་རྡོ་རྗེ་འཛིན་པ་དང་འདྲ་བར་ཐེ་ཚོམ་མེད་པའི་ཡིད་ཀྱིས་བསྒོམས་ན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྐད ་ཅིག་ཏུ་ན་གཟི་ཅན་འཐོབ་ཅེས་གསུངས་ཏེ། གཟི་ཅན་ནི་བྱང་ཆུབ་སེམས་དཔའ་ཨོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཡི་གེ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་བྱེ་བྲག་གིས་ཐམས ་ཅད་ཕྱག་རྒྱ་བཞི་དང་ལྡན་མོད་ཀྱི། འོན་ཀྱང་རིགས་གང་དུ་གཙོ་པོ་ཡིན་པ་དེར་དེའི་དངོས་གྲུབ་བཤད་དོ། །དེ་བས་ན་འདིར་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་པོ་ཡིན་པས་ན། དེ་བསྒྲུབ་པའི་ཐབས་ཡི་གེ་མེད་པ་ཞེས་བྱ་བ་ལ་སོགས་པ ་འདིས་སྟོན་ཏེ། ཆོས་འདི་དག་ཐམས་ཅད་ལ་ཡི་གེ་ཡོད་པ་མ་ཡིན་པས་ན་ཡི་གེ་མེད་པ་སྟེ། མིང་ཇི་ལྟར་དཀའ་པར་འདོགས་པའི་ཕྱིར་ཆོས་རྣམས་ཀྱི་རང་བཞིན་དང་མིང་གི་ཡི་གེར་འབྲེལ་པ་ཡོད་པ་མ་ཡིན་ནོ། །མིང་གི་ཡི་གེས ་ཀྱང་དོན་ལ་སྤྲོས་པར་བྱེད་ལ། སྤྲོས་པ་ནི་ཐ་སྙད་ཀྱི་བྱེ་བྲག་ཡིན་ཏེ། སྐྱེས་བུ་རྣམས་ཀྱི་བསམ་པའི་བྱེ་བྲག་དང། དོན་གྱི་བྱ་བའི་བྱེ་བྲག་གིས་དོན་གཅིག་ལ་ཡང་ཐ་སྙད་དུ་མ་འདོགས་པ་དང། ཐ་སྙད་དུ་མ་ལ་ཡང་དོན་གཅིག ་ཏུ་བྱེད་པའི་ཕྱིར་རོ། །དེ་ལྟ་བུ་ལ་སོགས་པ་སྤྲོས་པའི་མིང་དང་མིང་ཅན་གྱི་རང་བཞིན་གྱི་ངོ་བོ་ཉིད་དང་འབྲེལ་པ་མེད་པས་ན་དོན་དམ་པར་རབ་ཏུ་སྤྲོས་པ་ཡོད་མིན་ཏེ་ཞེས་གསུངས་པ་ཡིན་ནོ། །ཆོས་མཆོག་འདི་ནི་བརྗོད་བྱེད་ཅིང་ཞེས་བྱ ་བན་ཆོས་ཐམས་ཅད་ཡི་གེ་མེད་?་སྤྲོས?་པ་མེད་པའི་ཆོས་ཀྱི་ཕྱག་རྒྱ་འདི་བརྗོད་ཅིང་བསྒྲུབ་པའི་ཚེ་སྔར་བཤད་པའི་ཚུལ་གྱིས་དངོས་གྲུབ་ཀུན་གྱི་སྦྱོར་བ་བྱས་ནའོ། །ཆོས་ཀྱི་མེད་ན་བྱ་བ་གང?། །འབྱུང་གང་བྱ་བའང་དེ་ཉིད་དེ། །བྱེད ་ཅན་ཉིད་དུ་མྱུར་ཅེས་བྱ་བའོ། །དགེ་འམ་ཡང་ན་མི་དགེ་བའོ། ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཚེ་ན་ཡང་དེའི་ཚེ་ན་ཡང་དེའི་ཚེ་དགེ་པ་འམ་མི་དགེ་བའི་ལས་གང་བྱས་པའམ་བྱེད་པ་བཅག་པ་སྟེ་། ་རྒྱལ་བ་རྣམས་ལ་ཕུལ་གྱུར་ན་ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་དབུལ་བའོ། །དེས་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འགྱུར་ཞེས་བྱ་བ་གསུངས་མེད་ན་བྱ་བ་གང?། །འབྱུང་གང་བྱ་བའང་དེ་ཉིད་དེ། །བྱེད ་པར་བསྒོམ་པ་སྟེ། །འདུ་བྱེད་ཐམས་ཅད་སྐད་ཅིག་མ། །གནས་པ་མེད་ན་བྱ་བ་གང?། །འབྱུང་གང་བྱ་བའང་དེ་ཉིད་དེ། །བྱེད་པ་ཞེས་ཀྱང་དེ་ལ་བཤད་ཅེས་བྱེ་བ་ལ་སོགས་པས་ལས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་སོ་སོར་རྟོག་པ ་དང། སྒྲུབ་པའི་དུས་ན་དངོས་གྲུབ་ཐམས་ཅད་ཀྱི་སྦྱོར་པས་ལས་ཀྱི་ཕྱག་རྒྱ་བཅིངས་ནས། འགྲུབ་པར་འགྱུར་བར་ཤེས་པར་བྱའོ། །འདི་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་སྒོ་ནས་སྟོན ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་པདྨའི་རིགས་ཀྱི་དངོས་གྲུབ་དམ་པའི་རྣམ་པར་འབྲེལ་པ་སྟོན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །པདྨའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་སྒྲུབ་པའི་དཀྱིལ་འཁོར་དུ་ཞུགས ་ཏེ། བྱ་བ་ཐམས་ཅད་ཟིན་པར་བྱས་ནས། དངོས་གྲུབ་འདོད་པས་དང་པོ་ཁོ་ནང་ཆོས་འདི་དག་ཡིད་ལ་བྱ་ཏེ། འདོད་ཆགས་ངོ་བོ་ཉིད་ཀྱིས་དག་ཅེས་བྱ་བ་ནི། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་རྒྱུ་མེད ་པར་བྱམས་པ་སྟེ། སེམས་ཅན་རྣམས་ཀྱིས་གསོལ་བ་མ་བཏབ་ཀྱང་སེམས་ཅན་འདི་དག་བདག་གིས་འཁོར་བའི་བཙོན་ར་ལས་གདོན་པར་བྱའོ་ཞེས་ཕ་རོལ་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བའི་མཚན་ཉིད་ཅན་འདི་ནི། འདོད་ཆགས ་ངོ་བོ་ཉིད་ཀྱིས་དག་པའོ། །མུ་སྟེགས་ཅན་གྱིས་དམར་གྱུར་ལ་ཞེས་བྱ་བ་ལ་མུ་སྟེགས་ནི་མྱ་ངན་ལས་འདས་པའི་མཚོད་འཇུག་པ་ཐབས་དང་ལྡན་པ་གང་ཡིན་པ་དེ་ལ་མུ་སྟེགས་ཞེས་བྱ་བ་ལ། དེར་སངས་རྒྱས་ཀྱི་གསུང ་སྤངས་ནས། གང་ཐབས་གཞན་ཚོལ་བ་དེ་ནི་མུ་སྟེགས་གཞན་ཏེ། མུ་སྟེགས་གཞན་ལ་དེ་དག་གི་ངོ་བོ་ཉིད་ཡིན་པས་ན་མུ་སྟེགས་ཅན་ནོ། །དེས་དམད་པ་ནི་གྲོལ་བ་རྣམས་ལ་ལྟ་ཞིག་སེམས་ཅན་རྣམས་ལ་བྱས་པ་དགོས ་པ་ཅི་ཞིག་ཡོད་ཅེས་པའོ། །དེའི་ཆགས་པའི་གསང་བ་དེ་ལྟ་བུ་ཡིན་ཞིང་མ་ཆགས་པ་མ་ཡིན་པ་གང་ཡིན་པ་དེ་ཆོས་འདིར་ཐེག་པ་ཆེན་པོའོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་སྟེ། ཆོས་འདི་ཉིད་ནི་ཐེག་པ་ཆེན་པོའི་རྩ་བ་ཡིན ་ཏེ། འདི་ལྟ་སྟེ། །སྙིང་རྗེ་ཆེན་པོ་སྟོན་ཏོ་།དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཐེག་པ་ཆེན་པོའི་ཆོས་ཀྱི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་འཐོབ་པར་འགྱུར ་ཞེས་པའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དམ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཏིང་འཛིན་བརྟན་པའི་ཚུལ་གྱིས་ནི། །བྱམས་པ་ཆེན་པོ་བསྒོམས་ནས་ཀྱང། །ཞེས་བྱ་བ་ལ་སོགས་པ་ལ་བསྒོམ་པ་ནི་ཡང་དང་ཡང་དུ་གོམས་ཤིང ་འདྲིས་པར་བྱེད་པའོ། །ཅི་ཞིག་གོམས་པར་བྱ་ཞེ་ན། །བྱམས་པ་ཆེན་པོ་ཞེས་བྱ་བ་དེ་མཛའ་བའི་ངོ་བོ་ཉིད་ཡིན་པས་ན་བྱམས་པའོ། །བྱམས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བྱམས་པ་ཆེན་པོ་སྟེ། འདོད་པ་ན་སྤྱོད་པའི ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་ཡུལ་ལ་བདེ་པའི་རྣམས་པས་ཕན་གདགས་པར་སེམས་པ་ནི་བྱམས་པའོ། །ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམ་ལ་བདེ་བའི་རྣམ་པས་ཕན་འདོགས་པར་སེམས་དཔའ་ནི་བྱམས་པ ་ཆེན་པོ་སྟེ། དེ་བསྒོམས་པར་བྱ་བའོ། །ཇི་ལྟ་ཞེ་ན། ཏིང་ངེ་འཛིན་བརྟན་པའི་ཚུལ་གྱིས་ནི་ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །བརྟན་པ་ནི་དེ་ལས་མི་འགྱུར་བའོ། །ཚུལ་གྱིས ་ནི་ཞེས་བྱ་བ་ནི། རང་གི་ལྔའི་རྣལ་འབྱོར་གྱིས་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་རྫོ་རྗེ་ཕྲ་མོ་བསྟན་པར་བྱས་ནས་བྱམས་པ་ཆེན་པོ་བསྒོམས་ལ་དེ་ཁྱབ་ཅིང་སྤྲོ་བར་བྱའོ། །ཆོ་ག་བཞིན ་ཞེས་བྱ་བ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། རྣལ་འབྱོར་པ་གང་དུ་གནས་པ་དེ་ལས་ཤར་ཕྱོགས་ནས་བརྩམས་ཏེ། སེམས་ཅན་གཅིག་བདེ་བ་དང་ལྡན་པར་བསམ་མོ། །དེ་བཞིན་དུ་གཉིས་དང། གསུམ་དང། ་ཁྱིམ་དང། གྲོང་དང། ལྗོངས་དང། ཡུལ་དང། ཕྱོགས་དང། དེ་བཞིན་དུ་ལྷོ་དང། ནུབ་དང། བྱང་གི་ཕྱོགས་རྣམས་དང། ཤར་ལྷོ་མཚམས་ནས་བརྩམས་ཏེ། །མཚམས ་རྣམས་དང། སྟེང་དང་། འོག་སྟེ་འདི་དག་ཐམས་ཅད་དུ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་སེམས་པ་འདི་ནི་འདིའི་ཆོ་ག་ཡིན་ནོ། །དེ་ལྟ་བུའི་ཆོ་ག་དང་ལྡན་པས་ཁྱབ་པར་བྱ་ལ་མངོན་པར་བརྩོན་པ་དང ་ལྡན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཚེ་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དམ་པ་གྲུབ་པའི་དཀྱིལ་འཁོར་དུ་ཞུགས་པ་ནའོ། །དེ་ནས་ཅིང་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འཐོབ ་ཅེས་གསུངས་སོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། འདོད་ཆགས་ངོ་བོ་ཉིད་དག་ཅེས་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་དག་པས་ན། ངོ་བོ་ཉིད་ཀྱིས་དག་པ་སྟེ། འཁོར ་བ་ལ་བརྟེན་ནས་བདག་དང་གཞན་གྱི་རྣམ་པར་གྲོལ་བ་བསྐྱེད་པར་བྱེད་པ་སྟེ། ཇི་ལྟར་ན་ངས་སེམས་ཅན་རྣམས་འཁོར་བའི་བཙོ་ནར་ལས་གདོན་པར་བྱ་ཞེས། སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ ་དེ་ཡང་སངས་རྒྱས་སུ་མ་གྲུབ་པར་ནུས་པ་མ་ཡིན་ནོ་ཞེས་བསམས་ནས་རེ་ཞིག་དང་པོར་བདག་ཉིད་ཀྱིས་བྱང་ཆུབ་རྟོགས་པར་བྱེད་དེ། དེ་ལྟར་ན་བདག་གྲོལ་ནས་གདོད་ཕ་རོལ་གྲོལ་བར་བྱེད་པ་ཡིན་ནོ། །དེ་ལྟར་ན། འདོད ་ཆགས་ངོ་བོ་ཉིད་དག་ཅེས། །སྨྲ་བར་གྱུར་པའི་ཚུལ་འདི་ནི་ཞེས་གསུངས་པ་ཡིན་ནོ། །སྨྲ་བར་གྱུར་པ་ཞེས་གསུངས་མོད་ཀྱི།། འོན་ཀྱང་འདིར་བསྒོམ་པ་ཉིད་ཡིན་པར་སྟོན་ཏོ། །འདོད་ཆགས་ཕ་རོལ་ཕྱིན་རྙེད?་དེ་ཞེས་བྱ ་བ་ནི། གང་གི་ཚེ་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་འདོར་བར། སེམས་ཅན་གྱི་ཁམས་མ་ལུས་པ། བདེ་བ་ལ་ཉེ་བར་སྦྱར་བར་ལྷག་པའི་བསམ་པས། ཁྱབ་པར་བྱས་པའི་ཚེ། འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྙེད་པ་ཡིན་ནོ།། ་དེས་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འཐོབ་ཅེས་བྱ་བ་གསུངས་སོ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། པདྨའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་དམ་པ་སྒྲུབ་པ་དེའི་ཚེ་ན། བསྒྲུབ་པའི་དཀྱིལ་འཁོར ་བྲིས་ཏེ། སྔོན་དུ་བྱ་བ་ཐམས་ཅད་བྱས་ནས། དེས་དངོས་གྲུབ་འདི་བསྒྲུབས་ནས། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་མཐར་འབྱིན་པར་བྱེད་པ། སྤྱན་རས་གཟིགས་ཀྱི་དབང་པོ་དང་འདྲ་བར་གྲུབ་ཅིག་ཅེས་ཆོས་འདི ་མངོན་སུམ་དུ་བྱའོ། །ཇི་ལྟ་ཞེ་ན། བདག་གི་ལྟ་བ་དང་རེག་པ་དང་ཞེས་བྱ་བ་ལ་སོགས་པས་སོ། །སྡུག་བསྔལ་ཀུན་གྱིས་མཐར་བྱེད་འགྱུར་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་མཐར་འབྱིན་པར་མཛད་པ་ནི་བཅོམ་ལྡན་འདས་སྤྱན ་རས་གཟིགས་དབང་ཕྱུག་ཡིན་ཏེ། ལ་ལ་ནི་བཅོམ་ལྡན་འདས་བལྟས་པའི་དོན་མཛད་དེ་མིག་ལམ་དུ་བབ་པས་སོ། །བཅིག་ནི་རེག་པས་ཏེ་ཞབས་ལ་སོགས་པས་རེག་པར་བྱས་པ་ཙམ་གྱིས་ནང་ལ་སོགས་པའི་སྡུག་བསྔལ ་དང་བྲལ་བའོ། །ཁ་ཅིག་ནི་མཉན་པ་ཙམ་ཏེ་ཇི་ལྟར་གྲུ་ལ་སོགས་པ་ཞིག་པ་ན་འཕགས?་པ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ཕྱག་འཚལ་ལོ། །ཞེས་གཅིག་གིས་བོས་པའི་མཚན་དེ་གཞན་རྣམས་ཀྱིས་ཐོས་པ་དང་ཐམས་ཅད ་ཀྱི་སྐྱབས་སུ་གྱུར་ཅིང་ཉེ་བར་འཚོ་བ་དང་བྲལ་བ་ལྟ་བུའོ། ?་ལ་ནི་མཚན་ནམ་སྐུདྲན་པ་ཙམ་གྱིས་འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་དང་བྲལ་བར་འགྱུར་རོ། །དེ་བས་ན་དེའི་ཆོས་ཉིད་འདི་ལྟ་བུ་ཡིན་པ་དེ་བཞིན་དུ་བདག ་གིས་ཆོས་ཉིད་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་བྱ་བ་སྟེ། འདི་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་སྒོ་ནས་སྟོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་ཀྱི་དམ་པའི་རྒྱུད་སྟོན་ཏེ། དེར ་ཡང་དང་པོ་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པའི་གཞུང་སྟོན་ཏོ། །རྡོ་རྗེ་སྙིང་པོའི་ཇི་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོས་སངས་རྒྱས་ཐམས་ཅད་དབང་བསྐུར་བ་གྲུབ་པར ་འགྱུར་བ་དེ་བཞིན་དུ་བདག་ཀྱང་དེ་དང་འདྲ་བར་གྱུར་ཅིག་པའོ། །དེ་ལྟར་བསྒོམ་པ་སྒྲུབ་པའི་ཚེ་ན་ཁྱད་པར་དུ་ཡང་བསྒོམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འགྱུར་། ཞེས་བྱ་བ་གསུངས་སོ། །དེ ་ནས་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་དམ་པའི་དངོས་གྲུབ་ཀྱི་ཚེ་ཡང། ནམ་མཁའ་ཨི་སྙིང་པོ་འདྲ་བར་ནི། །སེམས་ཅན་ཀུན་གྱི་རེ་བ་ཀུན། །ཡོངས་སུ ་རྫོགས་པར་བྱེད་གྱུར་ཅིང་ཞེས་བྱ་བ་འདི་བསྒོམས་པར་བྱ་བའོ། །དེས་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འཐོབ་ཅེས་བྱ་བ་གསུངས་སོ། །ད་ནི་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ་བདག་ཉིད ་ཀྱང་ནི་སྤངས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་སྟོན་ཏེ། བདག་ཉིད་ལ་གནོད་པ་དང་ཡང་བསྔོས་ཤིང་ནོར་བྱིན་པས་ཤིན་ཏུ་དགའ་བ་བསྐྱེད་པའོ། །དེ་ཡང་ཆོས་བྱུང་ཕྱག་རྒྱ་སྨྲ་ན་ནི་ཞེས་བྱ་བ་ལ་སྨྲ་བ་ཞེས་བྱ ་བ་ནི་བསྒོམས་པ་ལ་བྱ་སྟེ། འདི་ལྟ་བུར་བསྒོམ་པ་ལ་སྨྲ་བ་ཞེས་བྱའོ། །དེ་ལྟར་ན་གང་འདི་ལྟར་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའི་ཚེ་ན་ནོར་བྱིན་པས་ཤིན་ཏུ་དགའ་བ་བསྐྱེད་པར་བྱེད་ན། གཟི་ཅན་ཚེ་འདི་ཉིད་ལ་འཐོབ་ཅེས ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་ཕྱག་རྒྱ་དམ་པ་སྒྲུབ་པའི་དུས་སུ་ཡང་དབུལ་པོ་རྣམས་ལ་ཕན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །འདི་སྐད་སྟོན་ཏེ། དངོས་གྲུབ་བསྒྲུབ ་པའི་བྱ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྡུག་བསྔལ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་ཞེས་དེ་ལྟར་བརྩོན་པར་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། གཟི་ཅན་འགྱུར་རོ་ཞེས་བྱ་བ ་གསུངས་སོ། །འོན་ཏེ་དངོས་གྲུབ་དམ་པ་མི་འདོད་ན་ཅི་སྟེ་ཡང་མི་འདོད་འབྲས་བུ་གོང་མ་བཞིན་ཞེས་བྱ་བ་སྟེ། འདི་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་སྒོ་ནས་སྟོན་པ་ཡིན་པར་ཤེས་པར་བྱའོ། །རིགས་ཐམས་ཅད་ཀྱི་ཕྱག་རྒྱ ་རྣམས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གཞུང ་སྟོན་ཏེ། དམ་ཚིག་འདིར་རིགས་གང་གི་ཡོན་ཏན་གང་ངེས་པར་འབྱུང་བ་དེ་?་དེར་དམ་ཚིག་ཅེས་བྱ་སྟེ་དེ་དེར་བསྲུངས་ན་འགྲུབ་པར་འགྱུར་རོ། །དེ་སྟོན་པའི་གཞུང་ནི་རྒྱུད་དོ། །གསུངས་པ་ནི་དེ་བཀའ་སྩལ་ཏེ་ཞེས་བྱ་བའི ་དོན་ཏོ། །དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་ནི། གང་གིས་འདོད་ལ་སྙོམས་ཞུགས་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྣལ་འབྱོར་པ་གང་འདོད་ལ་སྙོམས་ཞུགས ་ཞེས་པ་སྟེ། ཆགས་པ་དང་རབ་ཏུ་ལྡན་པར་སྙོམས་པར་འཇུག་པས་ན་འདོད་ལ་སྙོམས་ཞུགས་པ་སྟེ། སྲེད་པ་དང་ཡང་དག་པར་ལྡན་པའི་བསམ་གཏན་ཞེས་བྱ་བའི་དོན་ཏོ། །དེ་ལ་འདོད་པས་སྤྱོད་བར་བྱེད་ཅེས་པར ་བྱ་བ་ནི་འོག་མའི་མཉམ་པར་འཇོག་པ་ལ་ཆགས་པའི་སྲེད་པ་གོང་མའི་སྙོམས་པར་འཇུག་པས་སྦྱོངས་ཤིག་པ་སྟེ། འདི་ལ་སྲེད་པ་སྤོངས་ལ་འོག་མའི་མཉམ་པར་འཇོག་པ་བསྐྱེད་ཅིག་པ་སྟེ། སངས་རྒྱས ་ཀྱི་ཕྱག་རྒྱ་བསྒོམ་ཞིང་ཡེ་ཤེས་ཀྱང་འཐོབ་པ་འདི་ལ་ཆགས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གང་གི་འདོད་ཆགས་ལ་སྙོམས་པར་ཞུགས་པ་དེ་ལ་ཆེས་ཁྱད་པར་དུ་པགས་པའི་འདོད་ཆགས་ལ་ཞུགས་པའི་ཆགས ་པས་སྦྱངས་ན་དེ་ལྟ་བུ་ནི་སངས་རྒྱས་ཀྱིས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དམ་ཚིག་བསྲུངས་པར་གྱུར་པ་ཡིན་ཏེ། འདི་དག་ཀྱང་སངས་རྒྱས་ཕྱག་རྒྱ་ཆེན་པོ་ཡི། །ཡེ་ཤེས་དམ་ཚིག་ཡིན་པར་བཤད་ཅེས་བྱ་བས་སྟོན་ཏོ།། ་དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདོད་པ་རྣམས་ལ་ཆགས་བྲལ་མིན་ཞེས་བྱ་བ་ལ་སོགས་པ་ལ་འདོད་པའི་ཡིད་དུ་འོང་བའི་གཟུགས་དང། སྒྲ་དང། དྲི་དང། རོ་དང། ་རེག་བྱ་རྣམས་སོ། །དེ་རྣམས་ལ་ཆགས་བྲལ་མིན་པ་ནི་དེ་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱེད་པ་སྟེ། འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཡིན་པར་གསུངས་སོ། །ཤིན་ཏུ་ཚུལ་ཆེན་ཞེས་བྱ་བ་ལ་གང་འདོད ་པ་རྣམས་ལ་འདོད་ཆགས་དང་མ་བྲལ་བ་འདི་ནི་བཞིན་གཤེགས་པའི་རིགས་ལ་དམ་ཚིག་ཤིན་ཏུ་མཆོག་གི་དམ་ཚིག་གི་དམ་པ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པའི ་ཕྱིར་རོ། །དག་པ་ཡང་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐེག་པ་ཡོངས་སུ་གཏོང་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱལ་བས་ཀྱང་ནི་འདལ་མི་མཛད་ཅེས་བྱ་བ་གསུངས་པ་ཡིན་ཏེ། སེམས་ཅན ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡིད་དུ་འོང་བའི་གཟུགས་ལ་སོགས་པ་སྟོན་ཅིང་གཞལ་ཡས་ཁང་བསྒོམས་པ་ལ་སོགས་པའོ། །དམ་ཚིག་འདི་ནི་དེ་བཞིན་གཤེགས ་པའི་རིགས་ཀྱི་བསྲུངས་པར་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེ་རིགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེམས་ཅན་དོན་དུ་ཁྲོ་མིན་ཡང་ཞེས་བྱ་བ་ལ་སོགས་པ་ལ་འདི་ལ་ཁྲོ་བ་ཡོད་པ་མ་ཡིན་པས་ན་ཁྲོ་མིན་ཏེ་ཞི་སྡང་མེད་པ་ལ ་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་གི་ཞེ་ན། ཁྲོ་བོའི་སྟེ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་སེམས་དཔའ་ཟློས་པ་རྣམས་ཀྱི་ནི་ཁྲོ་བོ་ཆེན་པོར་རབ་ཏུ་སྟོན་པ་དམ་ཚིག་ཡིན་ནོ། །ཅིའི་ཕྱིར་ཁྲོ་བ་མེད་པས་ཁྲོ་བོར་སྟོན་ཅེ་ན། དེའི་ཕྱིར ་སེམས་ཅན་དོན་དུ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། གང་གི་ཕྱིར། འདི་ནི་རྡོ་རྗེ་རིགས་ཡིན་པས། རྡོ་རྗེ་རིགས་ཆེན་པོའི་དམ་ཚིག་འདི་ནི་འདའ་བར་དཀའ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས ་པདྨའི་རིགས་ཀྱི་དམ་ཚིག་སྟོན་ཏེ། རང་བཞིན་དག་པར་ཤེས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར། རང་བཞིན་དག་པ་སྟེ་གཙང་བ་དང་མི་གཙང་བའི་དངོས་པོ་གང་ཡང་རུང་སྟེ། དོན་དམ ་པར་སྒྱུ་མ་དང་འདྲ་བར་ཡོངས་སུ་མ་གྲུབ་པའི་རང་བཞིན་དག་པ་འདི་ཤེས་པར་བྱས་ནས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཡིན་པས་དེའི་དགོས་པ་གང་དང་གང་བྱེད་པ་ཞེས་བྱ་བ་སྟེ། རྣལ་འབྱོར་གྱི་རྒྱུད་ལ་གནས ་པའི་རྣལ་འབྱོར་པ་དེ་སྒྲུབ་པའི་ཚེ་འམ། དུས་གཞན་དུ་རང་བཞིན་གྱིས་དག་པའི་ཆོས་རྣམས་ཞེས་བྱ་བ་བྱས་ལ་དགོས་པ་བྱེད་དོ་ཞེས་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། འདི་ནི་པདྨའི་རིགས་ཆེན་གྱི། །དམ་ཚིག་འདའ་བར ་དཀའ་བའོ། ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཇི་ལྟར་རྒྱུད་གཞན་དག་ལས་མཆིལ་མ་དང། སྣབས་དང་བཤད་པ་དང། གཅི་བ་ལ་སོགས་པ་བྱུང་བ་ན་ཁྲུས་ལ་སོགས་པའི་ཆོ་ག་བཤད་དེ་དེ་བཞིན་དུ ་འདིར་ངན་པར་བརྟག་པར་མི་བྱ་སྟེ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དམ་ཚིག་བསྲུངས་པ་ཡིན་པ་ཡིན་གྱི་གཞན་དུ་ན་བསྒོམ་པ་བཏང་ན་ཁྲུས་བྱེད་པ་ལ་འཇུག་པ་ནི་གཡེང་བ་མང་པོར་འགྱུར ་བས་འགྲུབ་པར་ག་ལ་འགྱུར། དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ནོར་བུའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །ཉུང་དམ་ཡང་ན་མང་ཡང་རུང་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་འབྱོར་བ་ཅི་ཡོད་པ་ལས་ཞེས་བྱ་བར་ཤེས ་པར་བྱའོ། །ཅི་ཙམ་ནུས་པ་ཉིད་དུ་ནི་ཞེས་བྱ་བ་ལ་ཉུང་དུ་ལས་ནི་ཉུང་དུ། མང་པོ་ལས་ནི་མང་པོ་ཞེས་བྱ་བའི་དོན་ཏོ། །ཉི་མ་མ་སྟོངས་པར་བྱ་བ་ཞེས་བྱ་བ་ནི་ཉིན་རེ་ཞིང་རྟག་པར་བྱའོ་ཞེས་སྟོན་ཏོ། །གང་གིས་ཤེ་ན་སྦྱིན་པས ་སོ། །ཅིའི་ཕྱིར་ཞེ་ན། འདི་ནི་དམ་ཚིག་ཡིན་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་ནི་ནོར་བུའི་རིགས་ཟློས་པའི་དམ་ཚིག་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། དེ་ནི་ནོར་འདོད་པ་ཡིན་ལ་དེ་ནོར་མེད་ན་སྦྱིན་པའི་བསོད་རྣམས་མེད་པའི ་ཕྱིར་སྦྱིན་པས་ཉི་མ་མ་སྟོངས་པར་གྱིས་ཤིག་པའོ། །དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རིགས་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དེ་ལ་ཞེས་བྱ་བ་ལ་སོགས་པས་དང་པོར ་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཆོས་ཞེས་གྲགས་སོ། །ཞེས་བྱ་བ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་མི་སློབ་པའི་ཆོས་ཀྱི་ངོ་བོ་ཉིད་ལ་བྱའི། སྐྱེས་བུ ་ཆེན་པོའི་མཚན་སུམ་ཅུ་རྩེ་གཉིས་ཀྱི་རང་བཞིན་ལ་ནི་མི་བྱ་སྟེ། སངས་རྒྱས་སུ་བྱེད་པའི་མི་སློབ་པའི་ཆོས་ནི་སངས་རྒྱས་སོ་ཞེས་ཆོས་མདོན་པ་ལས་ཇི་སྐད་བཤད་པ་ལྟ་བུ་དང། གལ་ཏེ་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར ་བལྟ་བར་གྱུར་ན་འཁོར་ལོ་སྒྱུར་པའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །བརྗོད་ནས་ཆོས་ཉིད་ཡི་གེ་ནི་ཞེས་བྱ་བ་ལ། སངས་རྒྱས་ནི་ཆོས་ཀྱི་རང ་བཞིན་ནོ་ཞེས་བྱ་བར་དག་པར་ཤེས་པར་བྱས་ལ་སྒྲུབ་པའི་ཚེ་འམ། བཟླས་བརྗོད་ཀྱི་ཚེ་དེ་སྐད་བརྗོད་ན། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དམ་ཚིག་བསྒྲུབས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས ་པའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །དེ་ལ་འདོད་ཆགས་ནི་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏེ་དེ་ལས་ལྷག་པར་དག་པའི་ཆོས་གཞན་མེད་དོ། །ཅིའི་ཕྱིར་འདི་ཤིན་ཏུ་དག་པ་ཡིན་ཞེ་ན། ་གང་གི་ཕྱིར་བདེ་བ་ཐམས་ཅད་རབ་སྦྱིན་བྱེད་ཅེས་བྱ་བ་གསུངས་ཏེ། བདེ་བ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡིན་ལ། དེ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཉིད་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་དེ ་སུ་ཞིག་གི་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རིགས་ཀྱི་ནི་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཆོས་པའི་ཆོས་འདི་ཡིན་པས་ན་དེའི་རིགས་ཟློས་པ་རྣམས་ཀྱིས་ཀྱང་བསྒྲུབ་པའི་ཚེ་དང་སྔོན་དུ་བསྙེན་པའི་ཚེ་དུས་ཐམས་ཅད་དུ་འདི ་དྲན་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་བྱེད་པའི་ཆོས་མཆོག་འདིའོ་ཞེས་བྱ་བ་གསུངས་སོ། །ད་ནི་སངས་རྒྱས་བཀའ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་སྟོན་ཏེ། །སངས་རྒྱས ་བཀའ་ནི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བྱ་བ་སྟེ། དཔེར་ན་ལྷ་ཆེན་པོ་ལ་སོགས་པ་ལྟ་བུའོ། །སྦྱངས་པ་དང་ཞེས་བྱ་བ་ལ་སྦྱང་པ་ནི་མ་རུངས་པ་རྣམས་སྐྲག་པར་བྱས་ནས ་སྡིག་པ་ལ་འཇུག་པ་ལས་བཟློག་པའི་ཕྱིར་རོ། །སེམས་ཅན་དྲང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གང་མ་རུངས་པ་རྣམས་ཀྱིས་ཉེ་བར་གཅོས་པའི་སེམས་ཅན་དེ་རྣམས་འཇིགས་པ་ལས་གདོན་པ་ནི་དྲང་བར་བྱ་བའོ། །དེ་ལྟར་ཁྲོས ་པར་མ་གྱུར་ཀྱང། །མ་རུངས་བདུད་བྱས་ཞེས་བྱ་བ་ལ་བདུད་བྱས་པ་ནི་ང་རྒྱལ་གཞོམ་པའི་ཕྱིར་བསྐྱེལ་ཞིང་བརྒྱལ་དུ་བཅུག་ནས་སེམས་མེད་པར་བྱས་པ་སྟེ། ལྷ་ཆེན་པོ་དང་འདྲ་བར་དུས་ཅུང་ཟད་ཞིག་གི་བར་དུ་སེམས་མེད་པར ་བྱས་པ་ལ་བདུད་བྱས་པ་སྟེ་བསད་པ་ཞེས་གསུངས་སོ། །དངོས་གྲུབ་འཐོབ་ཅེས་བྱ་བ་ནི་དེ་ལྟ་བུའི་ཆོས་འདི་ལ་གནས་ན་དངོས་གྲུབ་འཐོབ་པོ་ཞེས་གསུངས་སོ། །ད་ནི་པདྨ་ཆུ་ཡིས་མི་ཆགས་པར་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས ་ཀྱི་ཆོས་སྟོན་ཏོ། མི་ཆགས་པ་ནི་མ་གོས་པའོ། །གང་གིས་ཞེ་ན། །ཆུ་ཡིས་ཏེ་ཆུའི་ཉེས་པས་སོ། །མ་ཆགས་པ་དེ་གང་ཡིན་ཞེ་ན། །པདྨ་ཞེས་བྱ་བ་གསུངས་ཏེ། དཔེར་ན་པདྨ་ནི་རང་བཞིན་གྱིས་དམར་བ་ཡིན་དུ ་ཟིན་ཀྱང་གོས་པ་མེད་པ་དེ་བཞིན་དུ་། འདོད་པས་ཆགས་པར་མི་འགྱུར་རོ། །འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀྱི་རྒྱུད་དུ་གཏོགས་པའི་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ ་སེམས་ཅན་རྣམས་ལ་ཆགས་པའི་རང་བཞིན་ཅན་ཡིན་དུ་ཟིན་ཀྱང། དེའི་ཉེས་པས་གོས་པར་མི་འགྱུར་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ཀུན་ནས་བསླང་བ་མ་ཡིན་པ་དང། །བདག་དང་གཞན་གྱི་གྲོལ་པ་བསྐྱེད ་པར་བྱེད་པ་ཡིན་ནོ་ཞེས་སྨྲ་ཞེས་བྱ་བ་ནི་སེང་གེའི་སྒྲ་སྒྲོགས་པའོ། །དགོས་མིན་བྱེད་ཀྱང་ནི་ཞེས་བྱ་བ་ལ་དགོས་པ་ནི་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་མཚན་ཉིད་དུ་མཛད་པ་གང ་ཡིན་པའོ། །དེ་རྣམས་ཀྱིས་མ་མཛད་པ་སེམས་ཅན་གདུལ་དཀའ་བའི་ཡུལ་རྣམས་ནི་དགོས་མིན་པ་སྟེ། །དེ་ལྟར་གདུལ་བར་མི་སྤྱོད་པ་དེ་དག་ལ་ཡང་སེམས་ཅན་སྨིན་པ་དང། གྲོལ་བའི་ཆགས་པ་ཆེན་པོས་ཡོངས་སུ་སྨིན་པར ་བྱེད་ཀྱང་སྡིག་པས་གོས་པར་མི་འགྱུར་བ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཉེས་པར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ད་ནི་སྦྱིན་དང་མཉམ་པའི་ཆོས་མེད་དེ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཆོས་སྟོན་ཏེ། སྦྱིན ་དང་མཉམ་པའི་ཆོས་མེད་དེ་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་དོན་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་དོན་འབྱུང་བ་དེ་ཡང་སྦྱིན་པའི་བསོད་ནམས་མེད་པར་འབྱུང་བར་མི་འགྱུར་བས་ན་དེ་བས་ན་རིགས་འདིར་ཆོས་འདི་ཉིད་མཆོག ་ཡིན་ཏེ། གཞན་དག་ཏུ་ནི་ཚུལ་ཁྲིམས་ལ་སོགས་པ་མཆོག་ཏུ་གྱུར་པ་དག་ཀྱང་ཡོད་དོ། །སྒྲུབ་པར་བྱེད་ཅིང་སྨྲ་བ་ནི། ཞེས་བྱ་བ་ནི་འདི་སྐད་སྟོན་ཏོ། །ཚིག་ཏུ་བརྗོད་པ་འབའ་ཞིག་གིས་སྦྱིན་པའི་མཆོག་ཏུ་བསྡགས ་པ་མ་ཡིན་གྱི་རིན་པོ་ཆེའི་རིགས་འདིར་དོན་འབྱུང་བར་བྱ་བའི་ཕྱིར་འབྱོར་པ་ཅི་ཡོད་པ་ལས་སྦྱིན་པར་བྱ་བ་འདི་ནི་ནོར་བུའི་རིགས་ཆེན་པོའི་ཆོས་ཡིན་ནོ། །མི་འདོད་དངོས་གྲུབ་གོང་མ་བཞིན་ཞེས་བྱ་བ་ནི་གལ་ཏེ་དོན་གྱི ་དངོས་གྲུབ་མི་འདོད་ན་དེ་བདག་པོ་དང་བཅས་པའི་དངོས་གྲུབ་ལ་སོགས་པ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་གསུངས་པ་རྣམས་ཡིན་པར་ཤེས་པར་བྱའོ། །སྒྲུབ་པའི་ན་སྦྱིན་དང་མཉམ་པའི་ཆོས་མེད་དེ་ཞེས་བྱ་བ་འདི ་ཆོས་སྒོམ་པ་ཉིད་ཡིན་པར་ཤེས་པར་བྱའོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ལས་རྣམས་ཀྱི་སྟོན་ཏེ། །དེ་ལས་ཀྱང་དང་པོར་སངས་རྒྱས་ཀྱི་ཕྱག ་རྒྱ་སྒྲུབ་པའི་ལས་དེ་སྟོན་ཏོ། །དེ་ཡང་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ཉིད་རྣམས་སུ། །ཇི་བཞིན་བར་ནི་བཏུང་ནས་ནི། །ལས་ཀྱི་ཕྱག་རྒྱའི་མཆོག་འགྲུབ་སྦྱིན་ཞེས་བྱ་བའོ། །འདི ་ཡང་སྟོན་ཏེ། གང་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱེད་པར་འདོད་པ་དེས། སྒྲུབ་པའི་དུས་སམ་སྔོན་དུ་བསྙེན་པ་བྱེད་པའི་དུས་སུ་སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྐྱེད་ལ། ་སེམས་ཅན་ཐམས་ཅད་མངོན་སུམ་དུ་བྱས་ནས། གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ཤིང་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱའོ། །དེ་ནས་ཚོགས་ཡོངས་སུ་རྫོགས་པ་རྣམས་ནི་སངས་རྒྱས་ཉིད་ལ་དགོད་པར་བྱ། གང་དག་ཚོགས ་པ་དེའི་གནས་བཅུ་འམ་མོས་པས་སྤྱོད་པའི་ས་དང་བཅས་པའི་བཅུ་གཅིག་ལ་ཅི་རིགས་སུ་བཞག་པར་བྱའོ། །གང་ཉན་ཐོས་ཀྱི་ཐེག་པའི་སྣོད་དུ་གྱུར་པ་དེ་རྣམས་ནི་འབྲས་བུ་བཞི་དང་ལམ་ལ་ཞུགས་པ་བཞི་ལ་ཅི་རིགས་པར ་དགོད་པར་བྱའོ། །གང་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་གྱུར་པ་དེ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་བཞག་པར་བྱའོ། །གང་ཐེག་པ་གསུམ་ཆར་གྱི་སྣོད་མ་ཡིན་པ་དེ་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པར ་བྱའོ། ད་དེ་ལྟར་སེམས་ཅན་གྱི་ཁམས་ཡིད་ཀྱིས་བཀོད་ནས་བྱ་བ་བྱས་པ་ལྟ་བུར་དགའ་བ་རྗེས་སུ་མྱོང་བའི་སངས་རྒྱས་ཀྱི་ཕྱག་རྒྱ་སྒྲུབ་པར་བྱེད་པས་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་སྦྱིན་པར་འགྱུར་ཏེ། གང་གི་ཕྱིར་མངོན ་པར་སངས་རྒྱས་པ་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་ནི་འདི་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཕྱག་རྒྱ་བསྒྲུབ་པར་བྱེད་པས་ཀྱང་ལས་འདི་ལ་གོམས་པར་བྱས་ན་ཕྱག་རྒྱ་དེ་མྱུར་བ་ཉིད་དུ་བསྒྲུབ་པར་འགྱུར་རོ། །ང་ནི་དུས་བཞི ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་སྟོན་ཏེ། མཆོད་པ་རྣམ་པ་བཞི་ནི་བྱང་ཆུབ་སེམས་ཀྱི་མཆོད་པ་དང། ཚོགས་ཀྱི་མཆོད་པ་དང། ཆོས་ཀྱི་མཆོད་པ་དང། །ཏིང་ངེ་འཛིན་གྱི ་མཆོད་པ་རྣམས་ཏེ། དེ་ལྟར་མཆོད་པ་རྣམ་པ་བཞིར་བསྟན་པ་དེ་ཡང་རྟག་ཏུ་ལྡན་པ་རྣམས་བའི་ཡང་ཞེས་བྱ་བ་ནི་མཆོད་པ་རེ་རེ་ཞིང་ཡང་སྦྱོར་བ་རྣམ་པ་བཞི་བཞིར་ཕྱེ་ན་མཆོད་པ་རྣམ་པ་བཅུ་དྲུག་ཏུ་འགྱུར་ཏེ། རྡོ ་རྗེ་དབྱིངས་ཀྱི་རྟོག་པའི་ལས་ཀྱི་དཀྱིལ་འཁོར་དུ་བཤད་པ་དང་སྦྱར་བར་ཤེས་པར་བྱའོ། །མཆོད་པ་དེ་རྣམས་ཀྱི་རྟག་ཏུ་ཞེས་བྱ་བ་སྟེ། དུས་ཐམས་ཅད་དུའོ། །ཇི་ལྟ་ཞེ་ན། དུས་བཞི་ཡི་ནི་ཚུལ་དག་ཏུ་ཞེས་བྱ་བ་སྟེ། ་དུས་བཞིའི་ཚུལ་ནི་ཐུན་ཚིགས་གསུམ་དང་ནམ་ཕྱེད་ནའོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱིས་མཆོད་པ་རྣམ་པ་བཅུ་དྲུག་དུས་བཞིའི་ཚུལ་གྱིས་ལས་གང་བྱས་ན། དེ་བཞིན་གཤེགས ་པའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ལ་སོགས་པ་གང་གསུངས་པ་དེ་ཐམས་ཅད་བསྒྲུབ་པར་བྱའོ། །ད་ནི་མ་རུངས་སེམས་ཅན་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ ་རིགས་ཀྱི་བཟླས་བརྗོད་བྱེད་པས་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་གང་ཅི་ཡང་རུང་བ་ཅི་བྱེད་པ་ཐམས་ཅད་མ་རུངས་པའི་སེམས་ཅན་ལ་གནོད་པར་བྱ་བ་ཉིད་ཡིན་ཏེ། འདི་ནི་རྡོ་རྗེ་རིགས་ཀྱི་ལས་ཀྱི་དངོས ་གྲུབ་བསྒྲུབ་པར་བྱེད་བའོ། །ད་ནི་འཇིགས་པས་གཟིར་ལ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། པདྨའི་རིགས་ཀྱི་བཟླས་བརྗོད་བྱེད་པའི་ལས་ནི་འདི་ཡིན་ཏེ། འདི་ལྟ་སྟེ་། འཇིགས ་པས་གཟིར་བ་རྣམས་ལ་མི་འཇིགས་པ་སྦྱིན་པའོ། །ཇི་བཞིན་པར་ནི་འདུལ་དེ་བཞིན་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སེམས་ཅན་གང་རྣམ་པ་གང་གིས་འདུལ་བར་འགྱུར་བ་དེའི་བསམ་པ་དང་བག་ལ་ཉལ་ཤེས་པར་བྱས་ལ་ཅི་ནུས་པ ་དང་ཇི་ལྟར་དེ་འདུལ་བར་འགྱུར་བ་དེ་བཞིན་དུ་ཆོས་བསྟན་པར་བྱའོ། །དེ་ལྟར་པདྨའི་རིགས་ཀྱི་ལས་བྱས་ན་སངས་རྒྱས་ཉིད་ཀྱང་རབ་ཏུ་འགྲུབ་པར་འགྱུར་ན། དངོས་གྲུབ་གཞན་སྟ་སྨོས་ཀྱང་ཅི་དགོས། ད་ནི་སངས་རྒྱས་དབང་བསྐུར་ཞེས ་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ནོར་བུའི་རིགས་ཀྱི་བཟླས་བརྗོད་བྱེད་པས་ཀྱང་དོན་གྲུབ་པར་འདོད་ན་ལས་རྣམ་པ་གསུམ་བྱ་སྟེ། གང་ཞེ་ན། འདི་ལྟ་སྟེ་དབང་བསྐུར་བ་སྦྱིན་པ་དང། ་ནོར་སྦྱིན་པ་དང་། རེ་བ་ཐམས་ཅད་རྫོགས་པར་བྱེད་པའོ། །དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་དབང་བསྐུར་དེ་བཞིན་དུ་། ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། སངས་རྒྱས་རྣམས་ལ་དབང་བསྐུར་བ་བཏབ་པ་དང། ནོར་དོན ་གཉེར་བའི་སེམས་ཅན་རྣམས་ལ་ཅི་ནུས་པར་ནོར་སྦྱིན་པ་དང། རིག་པ་དང་། ལས་དང། གཟོ་དོན་དུ་གཉེར་བ་རྣམས་ལ་ཅི་ནུས་པར་ཉོན་མོངས་པ་མེད་པར་བྱས་ཏེ། སེར་སྣ་མེད་པའི་སེམས་ཀྱིས་གུས་པར་བྱ ་སྟེ། ཕྱིན་ཅི་མ་ལོག་པའི་ལུང་སྤྱིན་པས་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་ལྟར་རིན་པོ་ཆེའི་རིགས་ལ་ལས་རྣམ་པ་གསུམ་བྱས་པས་ཅིར་འགྱུར་ཞེ་ན། ལས་ནི་དོན་ཀུན་གྲུབ་བྱེད་པའོ། ཞེས་བྱ་བ་གསུངས་སོ།། ་ད་ནི་རིགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། གང་དངོས་པོ་རྣམས་ཀྱི་བྱ་བ་དང། བྱེད་པར་རང་བཞིན་གྱིས་འབྲེལ་པ་དེ་ནི་འདིར་ཆོས་ཉིད་ཅེས་བཤད་དེ་དེའི་ཡིན་པས་ན་ཆོས་ཉིད་ཀྱི་ཡེ་ཤེས་སོ། ། ་དེ་འགྲུབ་པར་བྱ་བའི་དོན་གྱིས་གཞུང་ལ་ནི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ཅེས་བྱའོ། །དེ་ལས་ཀྱང་དང་པོ་ཁོ་ནར་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱི་ཡེ་ཤེས ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ནི། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་དགོངས་བྱ་བ་ནི་འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བསྒོམས་པའི་རྗེས་ཐོགས་ཉིད་ལ་སངས་རྒྱས་ཀྱི་ཕྱག ་རྒྱ་བསྐྱེད་པར་བྱའོ། །གཞན་དག་གི་བསྒོམ་པའི་རྗེས་ཐོགས་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེས་རྟོག་ན། ཆོས་ཉིད་ཀྱིས་དེ་ལྟར་ཡིན་པར་ཟད་ཀྱི། འདིར་དེའི་རྒྱུ་བཤད་དུ་མེད་དེ་དཔེར་ན་བུ་རམ་གྱི་མངར་བ་ཉིད་དང ་ལན་ཚྭའི་ཚ་བྲོ་བ་ཉིད་ལ་རྒྱུ་བཤད་དུ་མེད་པ་དང་འདྲའོ། །འདི་ཉིད་བསྟན་པ་ནི། འདི་ནི་སངས་རྒྱས་སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་བ་མེད་ཅེས་བྱ་བ་གསུངས་ཏེ། འདི་ཉིད་ནི་སངས་རྒྱས་ཀྱི་རྒྱུ་ཡིན་ནོ་ཞེས ་བྱ་བའི་དོན་ཏེ། །དེ་ཇི་ལྟར་ཤེས་ཞེ་ན། གཞན་ལས་སངས་རྒྱས་འགྱུར་བ་མེད་ཅེས་བྱ་བ་གསུངས་སོ། །ད་ནི་ཕྱག་རྒྱ་ཆེན་པོར་བསྒོམས་ནས་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཉིད ་མཁྱེན་པའི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ལ་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་དངོས་གྲུབ་དམ་པ་ཡང་འཐོབ་ན། དངོས་གྲུབ་གཞན་ལྷ་སྨོས ་ཀྱང་ཅི་དགོས། འདིར་ཡང་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཉིད་ཀྱིས་འགྲུབ་པར་འགྱུར་བ་དེ་ཅིའི་ཕྱིར་ཞེས་གལ་ཏེ་རྟོག་པར་བྱེད་ན། །འདི་ནི་ཆོས་ཉིད་ཀྱི་རིགས་པས་དེ་ལྟ་བུ་ཡིན་པར་ཟད་དེ་ཞེས་བརྗོད་པར་བྱའོ། །ད ་ནི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཉིད་མཁྱེན་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལས་ཐམས་ཅད་འགྲུབ་པར་བརྗོད་པར་བྱའོ། །རྒྱུ་གང་གི ་ཕྱིར་དེ་ལྟ་བུའི་ཡིན་ཞེས་ཟེར་ན། འདིར་ཡང་ཆོས་ཉིད་ཀྱི་རིགས་པས་དེ་ལྟ་བུ་ཡིན་པར་ཟད་དོ། ཞེས་བརྗོད་པར་བྱའོ། །ཅི་དམ་ཚིག་གི་ཕྱག་རྒྱ་འབའ་ཞིག་གི་འགྲུབ་བམ་ཞེ་ན། དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས ་ནི་ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། རྡོ་རྗེ་རིགས་ཟློས?་པ་རྣམས་ཀྱིས་སྔོན་དུ་བསྙེན་པ་བྱེད་པའི་དུས་དང། སྒྲུབ་པའི་དུས་སུ་རང་གི་ལྷའི་རྣལ་འབྱོར་དུ་བྱས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བསྒོམ་པའི ་བཟླས་པ་བྱའོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་དངོས་གྲུབ་འཐོབ་པར་འགྱུར་ཞེས་གསུངས་ཏེ། །རྡོ་རྗེ་དངོས་གྲུབ་ཅེས་སྨོས་པ་འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་འཐོབ་པར་འགྱུར ་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཆོས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ཆོས་གྱི་རིགས་གྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཆོས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཆོས་ཀྱི་ཕྱག་རྒྱ་བརྗོད ་བྱེད་ཅིང་ཅེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་ཚུལ་ནི་ལྕེ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམ་པ་འདི་ནི་ཆོས་ཀྱི་ཕྱག་རྒྱའི་ཚུལ་ཡིན་པར་ངེས་པར་གསུངས་པ་སྟེ། ཆོས་ཀྱི་ཕྱག་རྒྱའི་སྦྱོར་བ་འདིས། །ཆོས་ཉིད་ཅེས་བྱ་བ་ཡེ ་ཤེས་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་བསྒྲུབ་པར་བྱའོ། །འདི་སུ་ཞིག་གི་ཡིན་ཞེ་ན། རྡོ་རྗེ་ཆོས་ཀྱི་ཆོས་རྣམས་ནི་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དབང་ཕྱུག་གི་ཞེས་བྱ་བའི་དོན་ཏོ། །ད་ནི་ལས་ཀྱི་ཕྱག་རྒྱའི་ཚུལ ་གྱིས་ནི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་སྟོན་ཏེ། ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། ལས་ཀྱི་རྡོ་རྗེ་སྙིང་གར་བཞག་ཅེས་བྱ་བ་ནི་གང་གི་།ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེའི་སྦྱོར་བ ་བཅིང་བ་སྟེ། སྦྱོར་བ་དེས་ལས་ཀྱི་རྡོ་རྗེ་སྙིང་གར་བཞག་ཅེས་བྱ་བ་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལས་ཀྱི་རྡོ་རྗེ་ཁ་བཞི་པའི་ཡིད་ཀྱིས་བསམས་ལ་དེ་དང་ལྡན་པའི་ང་རྒྱལ་གྱིས་ལས་ཐམས་ཅད་བཙམ་པར་བྱའོ། །དེ ་ལྟར་བྱས་བས་ཅིར་འགྱུར་ཞེ་ན། ཆོས་ཉིད་འདི་དགེ་བསྒོམས་ན་ནི། ལས་ཀྱི་ཆོས་ཉིད་འཐོབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་འདི་ཉིད་སྙིང་གར་བསྒོམས་ན་ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་དབང ་བསྐུར་བའི་མཆོད་པ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ལ་སོགས་པའི་ལས་ཉིད་འཐོབ་པར་འགྱུར་རོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རིགས་ཀྱི་ཡེ་ཤེས་གྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཡེ་ཤེས་ནི་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བ་སེམས་དཔའ་ལ་སོགས་པའི་ཡུལ་ལོ།། ་དེའི་ཕྱག་རྒྱ་ནི་ཕྱག་རྒྱ་གང་ཞིག་བསྒོམས་ན་ཡེ་ཤེས་དེ་སྐྱེ་བར་འགྱུར་བ་དེ་ལ་ནི་འདིར་ཕྱག་རྒྱར་གཟུང་ངོ། །དེའི་དངོས་གྲུབ་ནི་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་བསྐྱེད་པ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་འདི་གསུངས ་སོ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་ནི་རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་གནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད ་སྟོན་ཏོ། །འདི་སྐད་སྟོན་ཏེ། སངས་རྒྱས་ཀྱི་ཕྱག་རྒྱ་སྒྲུབ་པའི་རྣལ་འབྱོར་པས་གལ་ཏེ་དགོས་པ་འགའ་ཞིག་གི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ཤེས་པར་འདོད་ན་དེས་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྐྱེད་ལ་དེར་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ལས་ཀྱི་ཕྱག་རྒྱ་དང་ལྡན་པར་བསམས་ནས་ཟླ་བའི་དཀྱིལ་འཁོར་དེར་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང ་དུ་བྱ་བ་རྣམས་བྱའོ། །དེ་ལྟར་ན་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ལ་གནས་པ་ཡིན་ཏེ་སེམས་ཀྱི་རྡོ་རྗེ་སེམས་དཔའ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཟླ་བའི་རྡོ་རྗེ་ཚུལ་གྱིས་ནི་ཞེས་བྱ་བ་ནི་གང་སྙིང་གའི་ཟླ་བའི་དཀྱིལ་འཁོར ་དང། རྡོ་རྗེ་སེམས་དཔའ་ནི་ཟླ་བ་རྡོ་རྗེ་སྟེ། དེ་ལྟ་བུའི་ཟླ་བ་དང་རྡོ་རྗེའི་སྦྱོར་བ་བྱས་ནས་བདེན་པའི་བྱིན་གྱིས་བརླབས་ཀྱང་བྱས་ལ། ཤེས་པར་འདོད་པའི་དངོས་པོ་གང་ཡང་རུང་བ་དེ་ཇི་ལྟར་གནས་པ་དེ་བཞིན་དུ ་སོ་སོར་སྣང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ་རྡོ་རྗེ་སེམས་དཔའ་ལ་དམིགས་པའི་ཏིང་ངེ་འཛིན་གང་ལ་གནས་པར་བྱས་ན་དེ་རྣལ་འབྱོར་གྱི་སྟོབས་དེས་དེ་བཞིན་དུ་འགྱུར་རོ། །ཇི་ལྟར་དེ་གཉིས་ཁ་དོག་ཤེས ་ཞེས་བྱ་བ་ལ་ཇི་ལྟར་ཁ་དོག་ཅེས་བྱ་བ་ནི་འོག་ནས་བཤད་པའི་དག་པ་ལ་སོགས་ཁ་དོག་གཟུང་ངོ། །དེ་གཉིས་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་སེམས་དཔའ་གཉིས་སོ། །ཤེས་ཞེས་བྱ་བ་ནི་རྟོགས་པར་བྱའོ་ཞེས་པའོ། ་དེ་ལྟར་འཇིག་རྟེན་དེས་ཤེས་ཏེ་ཞེས་བྱ་བ་ནི་ཁ་དོག་རྗེས་སུ་མཐུན་པར་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་བའོ། །དེ་དག་ཀྱང་དག་ལ་དག་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དག་ལ་ཞེས་བྱ་བ་ནི་ཤེལ ་ལྟར་དྲི་མ་མེད་པ་ལ་བྱའོ། །དག་དང་ཞེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་དེ་གཉིས་དག་ན་འདིའི་སེམས་དག་གོ་ཞེས་ཤེས་པར་བྱའོ། །དཀར་འོད་གསལ་ཞེས་བྱ་བ་ལ་དཀར་བ་ནི་དུང་དང། མེ་ཏོག་ཀུནད་དང། ཟླ་བ་ལྟར ་དཀར་བ་ནི་འོད་གསལ་ཏེ། དགེ་བའི་ཆོས་ཀྱི་སྣང་བར་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམར་ལ་ཆགས་དང་ཞེ་བྱ་བ་ནི་ཟླ་བ་དང་རྡོ་རྗེ་གཉིས་མེ་ཏོག་དང་ལེག་རྒན་གྱིས་གཙོས་པའི་གོས་ལྟར་དམར་ན་སྐྱེ་བོ་རྣམས ་ཀྱི་སེམས་ཆགས་པ་ཡིན་པར་ཤེས་པར་བྱའོ། །རབ་དམར་ཁྲོ་ཞེས་བྱ་བ་ནི་ཤིན་ཏུ་དམར་བའི་འབར་བའི་ཕྲེང་བ་ཀུན་ཏུ་དཀྲིས་ན་ཁྲོས་པར་ཤེས་པར་བྱའོ། །ཁ་དོག་ཇི་བཞིན་པ། དེ་ཡི་བདག་ཉིད་ཉིད་དུ་འགྱུར་ཞེས་བྱ་བ་ནི་སྙིང ་གའི་ཟླ་བའི་དཀྱིལ་འཁོར་དང། རྡོ་རྗེ་སེམས་དཔའ་ཨི་གཟུགས་ཅི་དང་ཇི་ལྟར་སྣང་བ་དེ་དང་དེ་བཞིན་དུ་ཕ་རོལ་གྱི་སེམས་ཤེས་པར་བྱའོ། །ད་ནི་ཟླ་བའི་དཀྱིལ་འཁོར་འོད་བཅས་པའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན ་གཤེགས་པའི་རིགས་ཀྱི་ཡེ་ཤེས་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི་ཞེས་བྱ་བ་ནི་སྤྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་བཅིང་བའོ། །ཟླ་བའི་དཀྱིལ་འཁོར ་འོད་དང་བཅས་པ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་འོད་དང་མཚུངས་པས་ན་ཟླ་བའི་དཀྱིལ་འཁོར་འོད་དང་བཅས་པའི་འོ། །རང་གི་ལུས་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པའི་རྣལ་འབྱོར་པའི་འོ། །ཇི ་ལྟར་ཤེས་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་ཏིང་ངེ་འཛིན་ལ་གནས་ནའོ། །དེ་ལྟར་འགྲོ་བའི་ཡིད་ཤེས་སོ་ཞེས་བྱ་བ་ནི་བདག་གི་ལུས་ལ་ཁ་དོག་དང་བྱ་བ་ལ་སོགས་པ་ཇི་ལྟར་ཤེས་པ་དེ་བཞིན་དུ ་འགྲོ་བའི་རྣམས་ཀྱི་སེམས་ལ་སོགས་པ་ཡང་ཤེས་པར་གྱིས་ཤིག་པའོ། །དེ་ལྟར་འདི་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་འབྲེལ་པ་བསྟན་པ་ཡིན་པར་ཤེས་པར་བྱའོ། །ད་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ ་འཁོར་གྱི་སྒོ་ནས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། ནམ་མཁའ་འམ་ནི་ཕྱོགས་གཞན་དུ་ཞེས་བྱ་བ་ནི་རས་དང་རྩིག་པ་ལ་སོགས་པའོ། །ཁྲོས་པར་གྱུར་ནས་དཀྱིལ་འཁོར་ནི་ཞེས་བྱ་བ་ལ་ཁྲོས་པར་གྱུར་བ་ནི་ཁྲོ་བོ ་གང་ཡང་རུང་བའི་རང་གི་ལྷའི་རྣལ་འབྱོར་དང་ཡིད་ཀྱིས་ཁྲོ་བ་མངོན་སུམ་དུ་བྱ་བ་བཟུང་ངོ། །དེ་ལྟར་ཁྲོས་པར་གྱུར་ནས་དཀྱིལ་འཁོར་ནི་ཞེས་བྱ་བ་སྟེ། ཟླ་བའི་དཀྱིལ་འཁོར་དང་ནམ་མཁའ་ལ་སོགས་པ་ཇི་ལྟ་བུར་མཐོང ་བ་དེ་ལྟ་བུར་ཕ་རོལ་ཀྱི་ཡིད་ཤེས་པར་བྱའོ། །ད་ནི་ནམ་མཁའ་འམ་ས་ཕྱོགས་ཞེས་བྱ་བ་ལ་སོགས་པས་འགྲོ་བ་འདུལ་བའི་སྒོ་ནས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ནམ་མཁའ་འམ་ས་ཕྱོགས་ཕྲ་མོ་འམ་ཞེས ་བྱ་བ་ལ་ཕྲ་མོ་ཞེས་བྱ་བ་འདིས་ནི་ལྕེ་ནི་རྐན་ལ་བཅར་ནས་སུ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའི་རྡོ་རྗེ་ཕྲ་མོ་གཟུང་བར་བྱ་བའོ། །ཡང་ན་ཡི་གེའི་ཕྲེང་བ་ནམ་མཁའ་ལ་སོགས་པ་ལ་དགོང་པ་འམ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཆོས་ཀྱི་དབྱིངས་སྟོན་པའི་ཚིགས་སུ་བཅད་པ་འབྱུང་བའི་ཡི་གེ་འམ། བཟླས་པའི་ཡི་གེ་འམ་ནམ་མཁའ་ལ་བསྒོམས་པ་ལས་མདོར་ནས་ཏེ། མདོར་བསྡུ་ན་རྣལ ་འབྱོར་པས་ཁ་དོག་ཅི་འདྲ་བར་ཞེས་བྱ་བ་རྡོ་རྗེ་ཕྲ་མོ་དང་ཡི་གེའི་འཕྲེང་བ་ཅི་འདྲ་པར་མཐོང་བ་དང། འདྲ་བར་དེས་འཇིག་རྟེན་པ་རྣམས་ཀྱི་སེམས་ཤེས་པར་བྱའོ། །ད་ནི་འཇིག་རྟེན་ཀུན་ལ་བལྟས་ནས་ཀྱང་ཞེས་བྱ་བ་ལ་སོགས ་པས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་སྒོ་ནས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་ལས་ཀྱི་ཕྱག་རྒྱ་བཅིངས་ནས། ལས་ཀྱི་རྡོ་རྗེ་སྙིང་གར་ཟླ་བའི་དཀྱིལ ་འཁོར་ལ་བཀོད་དེ། སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་དང། རང་གིས་ཡོངས་སུ་གསུངས་པའི་ཆོས་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། གང་གི་སེམས་ལ་སོགས ་པ་གང་ཤེས་པར་འདོད་པ་དེ་བདག་ལ་སེམས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་སྣང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། དེ་ལྟར་སེམས་དཔའ་དེ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ་བལྟས་ན་ཚུལ་འདིས ་འཇིག་རྟེན་ཐམས་ཅད་ལ་བལྟས་པར་གྱུར་པ་ཡིན་ནོ། །དེ་བས་ན་དེས་དེ་ལྟར་བལྟས་པ་ན་ཇི་ལྟ་བུར་སྣང་བར་གྱུར་པ་དེ་དང་འདྲ་བར་འགྲོ་བའི་སེམས་ཤེས་པར་བྱའོ། །གལ་ཏེ་སྣང་བ་སྐྱེས་སུ་ཟིན་ཀྱང་འདིའི ་ཡིད་ཀྱིས་མ་མཐོང་བར་གྱུར་ན་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མཐོང་བར་གྱུར་པ་དེ་དང་འདྲ་བར་ཞེས་བྱ་བ་གསུངས་ཏེ། ནམ་མཐོང་བ་དེ་ན་དེ་དང་འདྲ་བའི་སེམས་སུ་ཤེས་པར་བྱའོ། །དེ་ཉིད་ལ་ནི་ཞེས་བྱ་བ་ལ་སོགས་པ ་ནི་རབ་ཏུ་བྱེད་པ་འདི་ཉིད་ཀྱི་ལྷག་མ་སྟོན་ཏེ། དེ་ཉིད་ལ་ནི་སྙོམས་ཞུགས་ནས་ཞེས་བྱ་བ་ནི་བརྟག་པ་བཞིར་གཏོགས་པ་ལས་བསྟན་པ་གང་ཡིན་པ་རྣམས་སོ། །འགྲོ་བ་དང་ནི་འོད་པ་དང་ཞེས་བྱ་བ་ནི་ཏིང་ངེ་འཛིན ་གྱི་བསྒོམ་པ་ལ་དམིགས་པ་བཞིན་དུ་ཕན་ཚུན་འགྲོ་ཞིང་འཆག་པར་བྱེད་པའོ། །དེ་ལ་འཆག་པ་ནི་གང་དུ་དགའ་བར་འགྲོ་བའོ། །འགྲོ་བ་དང་འོད་པ་ནི་ཕྱོགས་དེས་པ་གཅིག་ཏུ་འགྲོ་བ་དང་འོད་བ་ཡིན ་པར་ཤེས་པར་བྱའོ། །ཇི་ལྟར་མཐོང་བ་དེ་ལྟར་རྟོགས་ཞེས་བྱ་བ་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་པའི་བྱེ་བྲག་ཇི་ལྟར་མཐོང་བ་དེ་བཞིན་དུ་གང་གི་དོན་དུ་ཡེ་ཤེས་བསྐྱེད་པ་དེ་དག་ཀྱི་བདེ་བཞིན་དུ ་སྤྱོད་པར་རྟོགས་ཤིང་རིག་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ལ་སོགས་པས་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པར་སྤྱིར་བསྒྲེ་བར་བྱེད་དེ། བཤད་མ་ཐག་པ་ནི་སྤྱོད་པས་ཤེས ་པར་བྱ་བ་བསྟན་པ་ཡིན་པར་ཟད་ཀྱི་དངོས་པོ་ཐམས་ཅད་ཤེས་པའི་མན་ངག་ཏུ་བྱས་པ་ནི་མ་ཡིན་ནོ། །སྙོམས་པར་ཞུགས་པ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་ཟིན་པའོ།། ་དེ་བསམ་པ་ནི་ཏིང་ངེ་འཛིན་ལ་དམིགས་པའི་སེམས་རྩེ་གཅིག་ཏུ་བཞག་པ་དེས་རྣམ་པར་རྟོགས་ཤིག་ཅེས་བྱ་བའི་དོན་ཏེ། །དེ་ལྟར་བསམས་པས་ཅིར་འགྱུར་ཞེ་ན། སེམས་ཅན་གང་དང་གང་ཡིན་པ། །དེ་དང་དེ་ནི་དེ ་བཞིན་དུ། །སེམས་རྣམས་ཐམས་ཅད་རྟོགས་པར་འགྱུར་ཞེས་བྱ་བ་སྟེ། སེམས་ཅན་ཞེས་བྱ་བ་སྲོག་ཆགས་གང་དང་གང་གི་དགོས་པ་གང་དང་གང་ཡིན་པ་རྣལ་འབྱོར་པ་སྙོམས་པར་ཞུགས་ཏེ། བསམས་ན་དེ་དང་དེ་ནི ་ཞེས་བྱ་བ་སྲོག་ཆགས་རྣམས་ཀྱི་དེ་བཞིན་དུ་སེམས་རྣམས་ཐམས་ཅད་རྟོགས་པར་འགྱུར་ཞེས་བྱ་བ་སྟེ། སེམས་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། འདིར་དེས་པའི་དོན་ནི་དགོས་པ་ཐམས་ཅད་ཤེས ་པར་འགྱུར་རོ། །ཞེས་བྱ་བ་ཡིན་ནོ། །སུ་ཞིག་གིས་དེ་སྐད་ཅེས་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་མཚན་མའི་ཡེ་ཤེས་སྟོན་ཏེ། དངོས་གྲུབ ་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་དངོས་གྲུབ་ནི་དམ་པ་གྲུབ་པ་ལ་སོགས་པའོ། །དེའི་མཚན་མ་ནི་ཆོས་གང་སྐྱེས་པ་ལས་བདག་གི་དངོས་གྲུབ་ཉེ་བར་སྟོན་ཏོ་ཞེས་ཤེས་པ་སྐྱེ་བ་སྟེ། དེའི་ཡེ་ཤེས་ནི་དངོས་གྲུབ་ཀྱི་མཚན་མའི་ཡེ་ཤེས་ཞེས ་བྱ་བ་སྟེ། འདི་ཉིད་བར་གྱི་ཚིག་མི་མངོན་པར་བྱས་ནས་དངོས་གྲུབ་ཀྱི་ཡེ་ཤེས་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱག་རྒྱ་ཡིན་པས་ན་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། གང་གི་ཕྱག་རྒྱ་ལས་ཇི་སྐད་གསུངས་པ་ཤེས་པའོ།། ་དེ་སྟོན་པར་བྱེད་པའི་གཞུང་ཡིན་པས་ན་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུད་དོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །དེ་ལ་དང་པོར་ནི་སེམས་དཔའ་བྱིན་གྱིས་བརླབས་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པས ་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། སེམས་དཔའ་བྱིན་གྱིས་བརླབས་ཚུལ་གྱིས་ཞེས་བྱ་བ་ལ་སོ་སོར་སྣང་བ་གསལ་བར་འབྱུང་ངོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། སེམས་དཔའ་ནི་འདིར ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཡིན་པར་ཤེས་པར་བྱའོ། །དེ་བྱིན་གྱིས་བརླབ་པ་ནི་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་རང་གི་ལྷའི་རྣལ་འབྱོར་དུ་བསྐྱེད་པ་སྟེ། སྦྱོར་བ་དེས་བདག་ནི་སངས་རྒྱས་ཀྱི་དངོས་གྲུབ་དང ་ཉེ་བར་སྣང་བ་གསལ་བ་འབྱུང་བ་ཡིན་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདས་མ་ཐག་པའི་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་བསྒོམས་པས་ནའོ། །དེ་ཉིད་ཀྱིས་ན་ཡེ་ཤེས་ཀྱི་ཚུལ་དེ་ཡིས་སངས་རྒྱས ་དངོས་གྲུབ་འཐོབ་པར་འགྱུར་ཞེས་གསུངས་སོ། །ད་ནི་ནམ་མཁའ་འམ་ནི་ཕྱོགས་གཞན་དུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས ་ཀྱི་གཞུང་སྟོན་ཏེ། ནམ་མཁའ་འམ་ཞེས་བྱ་བ་འདིས་ནི་གནས་མེད་པར་སྟོན་ཏོ། །ཕྱོགས་གཞན་དུ་ཞེས་བྱ་བ་འདིས་ནི་རས་དང་རྩིག་པ་ལ་སོགས་པར་རོ། །ཅི་ནམ་མཁའ་འམ་ཕྱོགས་གཞན་འབའ་ཞིག་ཏུ་ཟད་དམ་ཞེ་ན། ་སེར་སྐྱེའི་འོད་ཀྱིས་དཀྱིལ་འཁོར་མཐོང་ཞེས་བྱ་བ་སྟེ། མཐོང་བར་གྱུར་ན་ཞེས་བྱ་བ་དང་སྦྱར་རོ། །ཅི་དེ་བཞིན་གཤེགས་པའི་རིགས་ཟློས་པས་མཐོང་བ་དེ་འབའ་ཞིག་ཏུ་ཟད་དམ་ཞེ་ན། སྨྲས་པ་མ་ཡིན་ཏེ། སེམས ་དཔའ་ཉིད་ཀྱི་ཕྱག་རྒྱ་ཉིད། །མངོན་སུམ་ཉིད་དུ་མཐོང་གྱུར་ནའོ་ཞེས་བྱ་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པའི་དངོས་གྲུབ་ཀྱི་མཚན་མ་ཞེས་པའོ། །ད་ནི་དེ་ལྟ་བུའི་དབྱིབས་གྱུར་པའི་ཞེས་བྱ་བ་ལ ་སོགས་པས་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་གཞུང་སྟོན་ཏེ། དེ་ལྟ་བུ་ཡིས་ཞེས་བྱ་བ་ནི་འོད་སེར་སྐྱའི་དཀྱིལ་འཁོར་ཇི་ལྟར་བསྒོམས་པའི་འོ། །དབུས་ནི་སྔོ་བསངས་ཞེས་བྱ་བ་ནི་ཨུཏཔ་ལ་སྔོན་པོ་ལྟ་བུའོ། །སྣང་ན ་ནི་ཞེས་བྱ་བ་ནི་བསྒོམ་པའི་སྟོབས་ཀྱིས་ཕྱག་རྒྱ་ལྟ་བུ་འམ། ཕྱག་རྒྱ་ཆེན་པོ་ལྟ་བུ་མིག་ལམ་དུ་གྱུར་ནའོ། །རྡོ་རྗེ་རིགས་མཆོག་དངོས་གྲུབ་ནི་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཟློས་པས་ནམ་དེ་ལྟ་བུ་མཐོང་བ་དེ་ནི་རྡོ་རྗེ ་རིགས་ཀྱི་དངོས་གྲུབ་ཀྱི་མཆོག་མྱུར་དུ་འགྲུབ་པའི་ལྟས་ཡིན་ནོ། །ཅི་སྟེ་འདོད་ན་ཞེས་བྱ་བ་ནི་དངོས་གྲུབ་ཇི་ལྟ་བུ་འདོད་པ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ཉིད་ལ་ནི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ ་ཤེས་ཀྱི་གཞུང་སྟོན་ཏེ། དེ་ཉིད་ཅེས་བྱ་བ་ནི་བོང་སེར་སྐྱའི་དཀྱིལ་འཁོར་གང་ཡིན་པའོ། །མཁའ་འདྲ་བའི། པདྨ་སྔོན་པོ་ལྟ་བུར་མཐོང་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་སྟོན་ཀའི་ནམ་མཁའ་ལ་ལྟར་སྔོ་བའི་པདྨའོ།། ་པདྨའི་རིགས་ཟློས་པའི་རྣལ་འབྱོར་པ་ས་ནམ་མཐོང་བ་དེའི་ཚེ་པདྨའི་རིགས་དངོས་གྲུབ་ཏུ་འགྱུར་བར་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ། ཇི་ལྟར་རྡོ་རྗེ་རིགས་ལ་འོད་སེར་སྐྱེའི་དཀྱིལ་འཁོར་གྱི་དབུས་ན་འོད་སྔོན་པོ་མཐོང་བ་དེ ་བཞིན་དུ་པདྨའི་རིགས་ཀྱི་ཡང་དཀྱིལ་འཁོར་དེའི་དབུས་པདྨ་ནམ་མཐོང་བ་དེའི་ཚེ་པདྨའི་རིགས་འགྲུབ་པར་འགྱུར་བའོ། །ད་ནི་ནམ་མཁའ་འམ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་གཞུང་སྟོན་ཏེ། ་ནམ་མཁའ་འམ་ནི་ཕྱོགས་གཞན་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་མཁའ་བཞིན་དྲི་མེད་ལས་ཞེས་བྱ་བ་ལ། །དེ་ཉིད་ཅེས་བྱ་བ་ནི་འོད་སེར་སྐྱའི་དཀྱིལ་འཁོར་གོང་དུ་བཤད་པ་ཉིད་དོ། །མཁའ་བཞིན་དྲི་མེད་ལས་ཞེས་བྱ ་བ་ནི་ནམ་མཁའ་དང། ཤེལ་བཞིན་དུ་དྲི་མ་མེད་པའོ། །འོད་ཟེར་དཀྱིལ་འཁོར་འཕྲོ་བར་ནི་ཞེས་བྱ་བ་ནི་འོད་ཟེར་གྱི་གཟུགས་རྣམ་པར་འཕྲོ་བའོ། །དེ་ལྟ་བུར་ནོར་བུའི་རིགས་ཟློས་པའི་རྣལ་འབྱོར་པ་དེས་མཐོང་ཞིང་བརྟགས ་པར་གྱུར་ན། དངོས་གྲུབ་ཀྱི་མཚན་མ་དེས་ན་མྱུར་དུ་འགྲུབ་པར་འགྱུར་བར་ཤེས་པར་བྱའོ། །ད་ནི་རྡོ་རྗེ་སེམས་སོགས་ཞེས་བྱ་བ་ལ་སོགས་པ་འདི་དག་གིས་རབ་ཏུ་བྱེད་པ་འདི་ཉིད་ཀྱི་ལྷག་མ་སྟོན་ཏེ། རྡོ་རྗེ་སེམས ་སོགས་སེམས་དཔའ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཐོག་མར་བྱས་པའི་སེམས་དཔའ་གང་ཡིན་པ་དེ་དག་ནི་རྡོ་རྗེ་སེམས་སོགས་སེམས་དཔའ་སྟེ། བཅུ་དྲུག་པོ་རྣམས་སོ། །ཇི་ལྟ་བུ་ཞེ་ན། ཟླ་བའི་དཀྱིལ་འཁོར ་འོད་བཅས་པས་ཞེས་བྱ་བ་སྟེ། འོད་ཟླ་བའི་དཀྱིལ་འཁོར་དང་མཚུངས་པ་གང་ཡིན་པ་དེ་ནི་ཟླ་བའི་དཀྱིལ་འཁོར་འོད་བཅས་པར་ཞེས་བྱ་བའོ། །བདག་ཉིད་ཀྱིས་ཀྱང་མདུན་མཐོང་ན་འོ་ཞེས་བྱ་བ་ལ་མདུན་ཞེས་བྱ་བ་ནི ་མདུན་དུ་བདག་ཉིད་ཀྱིས་མཐོང་བའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་སེར་སྐྱའི་དཀྱིལ་འཁོར་ལ་སོགས་པ་དངོས་གྲུབ་ཀྱི་མཚན་མ་སྔ་མ་རྣམས་སོ། །དུས་ནམ་གྱི་ཚེ་མཐོང་ཞེ་ན། དངོས་གྲུབ་དུས་སུའོ། །ཅི་གཟུགས་བརྙན་མཐོང་དམ་ཞེ་ན། སྨས ་པ་མ་ཡིན་ནོ། །འོན་ཇི་ལྟ་བུ་ཞེ་ན། རང་བཞིན་དུ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཀྱི་སྦྱོར་བས་བཟླས་བརྗོད་ལ་ཞུགས་པ ་རྣམས་གྲུབ་ནས་ཀྱང། བསྒོམ་པ་གྲུབ་པའི་འབྲས་བུ་གང་ཡིན་པ་སྟོན་ཏོ། །དེ་ལ་དང་པོ་ནི་དེ་བཞིན་གཤེགས་པའི་རིགས་བཤད་ལ། དེ་བས་ཀྱང་ཐོག་མ་ཁོ་ནར་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་ཤེས་པའི ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་གནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལུས་ཀུན་དེ་བཞིན་གཤེགས་པ་རྣམས་དང་ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་དང་ཉིད་ལག་ཐམས་ཅད་ལ་དེ་བཞིན་གཤེགས་པ་རྣམས ་ཀྱི་གཟུགས་བསྒོམ་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་བསྒོམ་པའོ། །དེ་བཞིན་ལུས་ལ་འབྱུང་མཐོང་ནའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་འཇུག་པ་དང་འབྱུང་བ་དང། ་ཁྱབ་པར་གནས་ནས་བཞུགས་པར་ཡང་སྦྱར་ཏེ། འདི་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཡིན་པར་བལྟའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མངོན་པར་ཤེས ་པ་རྣམས་གྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེ་བཅིངས་ན་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་དུ་བྱས་ནས་ཞེས་བྱ་བའི་དོན་ཏེ། །ཅིདེ་ཙམ་ཁོ་ནས་འབྲས་བུ་འཐོབ་བམ་ཞེས་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞིག་གིས ་ཞེ་ན། རབ་མཉམ་བཞག་པས་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ན་རབ་མཉམ་གཞག་པའོ། །འབྲས་བུ་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། མངོན་ཤེས་ལྔ་ནི་འཐོབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། མངོན་པར་ཤེས ་པ་ལྔ་ནི་ལྷའི་མིག་དང། ལྷའི་རྣ་བ་དང། ཕ་རོལ་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམས་སོ། །ཇི་ལྟར་འཐོབ་ཅེ་ན། ཆོ་ག་འདི་ཡིས་ནི་ཞེས་བྱ་བ་གསུངས་ཏེ། འོག་ནས ་བཤད་པས་སོ། །སུ་ཞིག་གིས་འཐོབ་པར་འགྱུར་ཞེ་ན། སྒྲུབ་པ་ཞེས་བྱ་བ་གསུངས་སོ། །ཆོ་ག་དེ་གང་ཞིག་ཡིན་ཞེ་ན། ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་ཆོ་ག་སྟོན་ཏེ། དེ་ལས་ཀྱང་ལྷའི་མིག་གི་མངོན་པར་ཤེས་པ་དང་པོར་སྟོན་པས ་རྫུ་འཕྲུལ་གྱི་སྤྱན་གྱི་ཡེ་ཤེས་བཤད་དེ་ཞེས་བྱ་བ་གསུངས་སོ། །ཡེ་ཤེས་དེ་ཇི་ལྟར་འབྱུང་ཞེ་ན། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། མིག་གི་རྣམ་ཤེས་བསྐྱེད་ནས་ཀྱང་ཞེས་བྱ་བ་སྟོན་ཏོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས ་པའི་རིགས་ཟློས་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོར་མཉམ་པར་གཞག་སྟེ་ཞེས་བྱ་བའི་ཕྱག་རྒྱ་ཆེན་པོ་བསྐྱེད་ནས། ཇི་སྐད་གསུངས་པའི་རིམ་གྱིས་དང་པོར་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པས་བརྟན་པར་བྱས་ལ། དེ་ནས ་བདེན་པའི་བྱིན་གྱིས་བརླབས་བྱས་ཏེ་སྔར་བཤད་པའི་ཚུལ་གྱིས་ཡིད་རྩ་གཅིག་པར་བྱས་ལ་གང་གི་ལུས་བསམ་ཕྱོགས་སུ་འདས་པ་དང། མ་འོངས་པ་འམ། དགེ་བ་འམ། མི་དགེ་བ་གང་གི་གཟུགས་ཤེས་པར་འདོད་པ་དེའི་ལུས་སེམས ་ཕྱོགས་སུ་དབང་པོ་མ་ཉམས་པ་དང། དེའི་ཕྱོགས་སྣང་བ་དང་བཅས་པ་དང། གཟུགས་འཛིན་པའི་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ཏེ། དེ་ལྟར་ན་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུའི་ཚོགས་རྣམས ་སྒོམ་ཞིང་མིག་གི་རྣམ་པར་ཤེས་པ་བསྐྱེད་ལ་སྣང་བ་དང་བཅས་ཤིང་གཟུགས་ཤིན་ཏུ་གསལ་བར་མངོན་སུམ་དུ་ངེས་པར་མཐོང་བ་ཁོ་ནར་བསམ་པར་བྱའོ། །འོ་ན་ཏང་ན་ཆོས་ཉིད་ཀྱིས་གང་གི་རྒྱུའི་ཚོགས་མངོན་སུམ་དུ་བསྒོམས ་ན་རྣལ་འབྱོར་པ་གྲུབ་པར་མ་གྱུར་ན་ཡང་བསྒོམ་པའི་སྟོབས་ཀྱིས་རྣམ་པར་ཤེས་པའི་འབྲས་བུ་དེ་འབྱུང་བར་འགྱུར་ཏེ། ཐ་ན་རྣལ་འབྱོར་པའི་རྨི་ལམ་དུ་ཡང་རྨི་ལམ་བདེན་པ་མཐོང་བ་སྟོན་པར་འགྱུར་རོ། །དེ་བས ་ན་གང་ཡང་རུང་བ་དེས་བསམས་ན་ཤིན་ཏུ་རིང་བ་འང་མཐོང་བར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བུའི་མིག་གི་རྣམ་པར་ཤེས་པ་དེས་གང་ཡང་རུང་པ་བསམས་ན་ཞེས་བྱ་བ་ཡིད་ཀྱིས་ལུས་སམ་ཕྱོགས་གང་ཡང་རུང ་བར། འདས་པ་འམ། མ་འོངས་པ་འམ། ད་ལྟར་གྱི་གཟུགས་བསམས་ནའོ། །ཤིན་ཏུ་རིང་བ་འང་མཐོང་བར་འགྱུར་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བར་སྦྱོར་རོ། འང་ཞེས་བྱ་བའི་སྒྲས་ནི་གམ་ན ་གནས་ཀྱང་སྒྲིབ་གཡོགས་ཀྱིས་ཆོད་པ་དང། རྩིག་པ་དང། མུན་པས་བསྒྲིབས་པ་འམ། རང་བཞིན་གྱིས་བསྐལ་པ་ཡང་དྲུང་ན་གནས་པ་བཞིན་དུ་མཐོང་བར་འགྱུར་རོ། །དེ་ལྟར་མཐོང་ཞེས་སུ་ཞིག་གིས་གསུངས ་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས་ཞེས་བྱ་བ་ལ་སོགས་པས་ལྷའི་རྣ་བའི་མངོན་པར་ཤེས་པ་སྟོན་ཏེ། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ་ཞེས་བྱ་བ་ནི་སྔ ་མ་དང་འདྲའོ། །འདིར་ཡང་རྫུ་འཕྲུལ་གྱི་སྤྱན་གྱི་སྐབས་སུ་ག་རིམ་ཇི་ལྟར་སྨོས་པ་དེ་དང་འདྲ་སྟེ། འདིར་རྣ་བའི་རྣམ་པར་ཤེས་པ་མངོན་སུམ་དུ་བྱ་བ་དང། སྒྲ་ཙམ་ཞིག་ཁྱད་པར་ཡོད་དུ་ཟད་དོ། །དེས་ནི་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས ་དགོས་པ་གང་བསམས་ཀྱང་དེ་ཤིན་ཏུ་རིང་པོ་ན་གནས་པ་ཡང་ཐོས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ ་སྟོན་ཏེ། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། ཡིད་ཀྱི་རྣམ་ཤེས་བསྐྱེད་ནས་ཀྱང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྩེ་གཅིག་ཏུ་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གང་ལ་དེས་བརྟགས་ན་ཞེས་བྱ་བ་ནི་རྩེ་གཅིག་པར་བྱ་བའི་ཡིད ་ཀྱི་རྣམ་པར་ཤེས་པ་དེས་སེམས་ཅན་གང་གི་སེམས་ཤེས་པར་བྱ་བར་འདོད་པ་དེ་ལ་དེས་བརྟགས་ན་ཞེས་བྱ་བ་དེས་མངོན་སུམ་དུ་བྱས་ལ་ངེས་པར་བརྟགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་སེམས་ནི་དེས་ཤེས་འགྱུར་ཞེས ་བྱ་བ་ནི་ཡེ་ཤེས་སུ་ཉེ་བར་མཚོན་པ་སྟེ། དེས་དེའི་སེམས་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བདག་གི་ལུས་དང་སེམས་ཀྱི་གནས་སྐབས་ཀྱི་ཉམས་ཇི་ལྟར་མཐོང་ཞིང་ཤེས་པ་ལས་དའི་ལུས་དང་སེམས་འདི་སྙམ་དུ་སེམས ་ཤིང་ཤེས་པ་ལས་ན་འདིའི་ལུས་ཀྱང་རྣམ་པ་འདི་ལྟ་བུ་ཡིན་ཞིང་འདིའི་སེམས་ཀྱང་རྣམ་པ་འདི་ལྟ་བུ་ཡིན་པར་ཤེས་པར་བྱའོ། །ཞེས་པ་སྟེ། འདི་ནི་རེ་ཞིག་ལས་དང་པོ་པའི་ཕ་རོལ་གྱི་སེམས་ཤེས་པའི་ཐབས་ཡིན་གྱི་རྣལ ་འབྱོར་པ་བསྒོམ་པའི་ཁྱད་པར་ཤིན་ཏུ་གོམས་པ་རྣམས་ཀྱི་ནི་ཕ་རོལ་གྱི་སེམས་ཀྱི་དབང་ལས་རང་གི་སེམས་དེ་དང་འདྲ་བ་ཁོ་ནར་སྐྱེའོ། །དེ་བས་ན་རྣལ་འབྱོར་འགྲུབ་པ་རྣམས་རང་གི་སེམས་ཀྱི་ཉམས་ཀྱི་ཚུལ་ལས་ཕ་རོལ་གྱི ་སེམས་ཀྱི་ལུང་བསྟན་ན། དེ་དེ་བཞིན་དུ་འགྱུར་ཏེ་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟ་བས་ན་དགོས་པ་དེ་བརྗོད་པའི་ཕྱིར་ཕ་རོལ་གྱི་སེམས ་ཤེས་པ་ཚད་མེད་པར་བཤད་དེ། འདི་ནི་འདི་ལྟར་ངེས་པར་ཤེས་པར་བྱ་དགོས་སོ། །ད་ནི་ཕྱག་རྒྱ་ཆེན་པོར་ཞེས་བྱ་བ་ལ་སོགས་པས་སྔོན་དུ་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྟོན་ཏེ། ཕྱག་རྒྱ་ཆེན་པོར་མཉམ ་བཞག་སྟེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བཅིང་ལ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་ལ། བདག་གམ་གཞན་གྱི་ཚེ་སྔ་མའི་རྣམ་པར་ཤེས་པར་འདོད་ན་གནས་དབེན་པར་འདུག་སྟེ། སེམས ་རྩེ་གཅིག་ཏུ་བཞག་ལ་བདེན་པའི་བྱིན་གྱིས་བརླབས་བྱས་ཏེ། བདག་རང་ཉིད་ཀྱི་བསོད་ནམས་ཀྱི་རང་བཞིན་གྱི་ཆོས་བསོད་ནམས་ཀྱི་མཚན་ཉིད་ཅན་དྲན་ཚུན་ཆུད་ནས་ཇི་སྙེད་བྱས་པ་དེ་དག་ཐམས་ཅད་ཀྱི་བདེན་པ་དང། སངས ་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་བདེན་པ་དང། དགེ་འཛུན་གྱི་བདེན་པ་དང། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པས་བདག་གམ་སེམས་ཅན་འདིའི་ཚེ་རབས་འདས་པ་ན་སྐྱེ་བ་ཇི་ལྟར་མྱོང་བ་དེ་བཞིན་དུ་ཕྱིན་ཅི་མ ་ལོག་པར་བའི་སེམས་རྩེ་གཅིག་ཏུ་བྱས་པ་འདི་ལ་སྣང་བར་གྱུར་ཅིག་ཅེས་དེ་ལྟར་བདེན་པའི་བྱིན་གྱིས་རླབས་བྱས་ལ། བདག་གམ་ཕ་རོལ་གྱི་གཟུགས་ལ་རྣལ་འབྱོར་པའི་ཡིད་ཀྱིས་བརྟག་པར་བྱའོ། །དེ་ལྟར་བརྟགས་ན ་དེའི་སྔོན་གྱི་སྐྱེ་བ་དེ་ད་ལྟ་འདིར་དེས་ཤེས་པར་འགྱུར་རོ་ཞེས་པ་ནི་འདས་པའི་གཟུགས་ཏེ། དེ་ལྟར་གྱི་དུས་འདིར་ཤེས་པར་འགྱུར་རོ་ཞེས་པའི་དོན་ཏོ། གང་གི་ཕྱིར་སྔོན་གྱི་ལུས་ཀྱིས་མྱོང་བའི་ས་བོན་དང་ད་ལྟར་གྱི་རྣམ ་པར་ཤེས་པའི་རྒྱུད་ལ་ཡོད་པ་དེ་རྣལ་འབྱོར་པ་དེའི་བསྒོམས་པའི་སྟོབས་ཀྱིས་དྲན་པའི་ས་བོན་སྨིན་པར་བྱས་པ་དང། རྣལ་འབྱོར་པ་དེ་ཉིད་དམ་སེམས་ཅན་གཞན་དག་གི་ལུས་ལ་སྔོན་གྱི་གཟུགས་སྣང་བར་གྱུར་ཏེ། བདེན་པར་རྨིས་པ་དང་འདྲ ་བའི་ཕྱིར་རོ། །འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཡིན་ཏེ། རྣལ་འབྱོར་མ་གྲུབ་པ་དང་བསམ་གཏན་མ་ཐོག་པ་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །སུ་ཞིག་གིས་དེ་སྐད་གསུངས་ཞེ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས ་གསུངས་སོ་ཞེས་པའོ། །ད་ནི་རྫུ་འཕྲུལ་གྱི་ཆོག་ཤེས་པའི་མངོན་པར་ཤེས་པ་སྟོན་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ཀྱང་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །འརྫུ་འཕྲུལ་གང་དང་གང་འདོད་པ་ཞེས་བྱ་བ་ལ་རྫུ་འཕྲུལ་ནི་འཕེལ་བ་སྟེ། སེམས་ཀྱི ་འབྱོར་པའི་བདག་ཉིད་ཆེ་བའི་མཐུ་སྟོན་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་འགྲོ་བ་དང། མི་སྣང་བར་གྱུར་པ་དང། གཟུགས་སྣ་ཚོགས་སུ་སྟོན་པ་དང། བར་དུ་ཆོད་པ་དང། ནམ་མཁའ་དང་ཐག་རིང་བ་རྣམས་སུ་ཡང་མྱུར་དུ་འགྲོ་བ ་དང། ཕྱི་རོལ་གྱི་དངོས་པོ་སྒྲུལ་ཅིང་བསྒྱུར་བ་སྟྟེ། འཇིམ་པ་ལ་སོགས་པ་ལས་གསེར་ལ་སོགས་པར་བྱེད་པ་དང། དངོས་པོ་མི་གནས་པའི་རྣམས་ཡུན་རིང་མོ་ཞིག་གི་བར་དུ་གནས་པར་བྱིན་གྱིས་རླབ་པ་ལ་སོགས་པ་སྟེ། དེ་ལ ་སོགས་པའི་བདག་ཉིད་ཆེ་བ་ཉིད་སྟོན་པ་ནི་རྫུ་འཕྲུལ་ལོ། །དེ་བས་ན་རྫུ་འཕྲུལ་གང་དང་གང་འདོད་པ་ཞེས་གསུངས་སོ། །གང་དུ་འདོད་ཅེས་རྟོག་པ་ལ་དེས་ནི་གང་ན་འང་རུང་བར་ནི་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་དེ་གང་དུ་འདོད ་པ་དེར་དངོས་པོ་དེ་སྟོན་ཏོ་ཞེས་བྱ་བའི་དོན་ཏེ། །ཅི་ཞིག་གིས་སྟོན་ཅེ་ན། ཏིང་ངེ་འཛིན་གྱིས་ནི་མཐོང་བར་འགྱུར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སེམས་མཉམ་པར་བཞག་ན་ཅི་དང་ཅི་བསམས་པ་དེ་དང་དེའི་དངོས་པོ་དེ་དེ་བཞིན་དུ་ཏིང ་ངེ་འཛིན་གྱི་སྟོབས་ཀྱིས་དེ་བཞིན་དུ་སྣང་བར་འགྱུར་ཞིང། གཞན་དག་གིས་ཀྱང་དེ་བཞིན་དུ་མཐོང་བར་འགྱུར་ཏེ། ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གྱུར་པའི་ཡིད་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཕྱིར་རོ། །རྩེ་གཅིག ་པའི་ཡིད་དང་ལྡན་པའི་རྣལ་འབྱོར་པ་ནི་གང་མི་འདོད་པ་དེ་མི་བྱེད་ཅིང་གང་འདོད་པ་དེ་ཐམས་ཅད་བསམ་པ་ཙམ་གྱིས་འབྱུང་བར་འགྱུར་རོ། །འདི་སྐད་དུ་སུ་ཞིག་གིས་གསུངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས ་ཆེན་པོས་གསུངས་སོ་ཞེས་བྱ་བའོ། །ད་ནི་རྡོ་རྗེའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ལ་ཕྱག་རྒྱ་བཞིར་ཚར་གྱི་སྦྱོར་བ་ཡོད་མོད་ཀྱི་འོན་ཀྱང། ཕྱག་རྒྱ་ཆེན་པོས་མངོན་པར་ཤེས ་པ་ལྔའི་འབྲས་བུ་སྟོན་ལ་འདིར་ནི་ཁམས་གསུམ་རྣམ་རྒྱལ་མཆོག་ཏུ་ནི། རབ་ཉམས་བཞག་པས་བཅིངས་ནས་ཀྱང་ཞེས་བྱ་བ་གསུངས་ཏེ། རྟོག་པ་འདི་ལ་དམ་ཚིག་གི་ཕྱག་རྒྱ་གཙོ་བོ་ཡིན་པར་བཤད་པའི་ཕྱིར་རོ། །དེ་ཡང ་ཁམས་གསུམ་རྣམ་རྒྱལ་མཆོག་ཏུ་ནི། །ཧཱུཾ་ཞེས་བྱ་བ་བཞིའི་ཕྱག་རྒྱ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པ་སྟེ། དེ་བཅིང་བར་བྱའོ། །ཅི་ཕྱག་རྒྱ་བཅིངས་པ་ཙམ་གྱིས་མངོན་པར་ཤེས ་པ་འཐོབ་པ་མ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རབ་མཉམ་བཞག་པས། མངོན་པར་ཤེས་པ་ལྔ་འཐོབ་བོ་ཞེས་བྱ་བར་སྦྱར་ཏེ། ཤིན་ཏུ་མཉམ་པར་བཞག་པས་ན་རབ་མཉམ་བཞག་པའོ། །གང་གིས་ཤེ་ན། དེའི་ཕྱིར་ཚེ ་ག་འདིས་ནི་ཞེས་བྱ་བ་སྟོན་ཏེ། འོག་ནས་བཤད་པས་ཞེས་བྱ་བའི་དོན་ཏོ། །སུ་ཞིག་གིས་འཐོབ་པར་འགྱུར་ཞེ་ན། སྒྲུབ་པ་པོ་ཞེས་བྱ་བ་གསུངས་སོ། །ཆོ་ག་དེ་ཇི་ལྟ་བུ་ཞིག་ཅེ་ན། ཁྲོས་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཁྲོས་ནས ་དགོས་པ་ཐམས་ཅད་ནི་ཞེས་བྱ་བ་ལ་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཁྲོས་ནས་ཞེས་སྨོས་པས་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་ཞུགས་པར་འཇུག་པ་དང། ཡིད་ཀྱིས་ཁྲོ་བ་མངོན་སུམ་དུ་བྱའོ་ཞེས་སྟོན་ཏེ། གང་གི་ཕྱིར་རིགས ་འདིར་ཁྲོ་བོ་ཉིད་དམ་ཚིག་ཡིན་ཏེ། དེ་བས་ན་ཆོ་ག་འདི་ལས་གཞན་གྱིས་དགོས་པ་འགྲུབ་པར་མི་འགྱུར་རོ་ཞེས་སྟོན་ཏོ། །ལྟག་འོག་གོ་རིམ་ཇི་བཞིན་བྱ་ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པ་དང། དབང ་བསྐུར་བ་ལ་སོགས་པ་དང། རྡོ་རྗེ་ཕྲ་མོ་གོམས་པར་བྱ་བ་རྣམས་རིམ་བཞིན་དུ་བྱ་བའོ། །འཕྲུལ་གྱི་མིག་ལོགས་ཚུལ་གྱིས་ཞེས་བྱ་བ་ལ་འཕྲུལ་གྱི་མིག་ལ་སོགས་པའི་སྦྱོར་བ་ནི་སྔར་བཤད་པ་ཡིན་ཏེ། རྣལ ་འབྱོར་དེའི་ཚུལ་གྱིས་མངོན་ཤེས་ཀུན་ཏུ་སྐད་ཅིག་འགྱུར་ཞེས་བྱ་བའོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཞེས་པའོ། །ད་ནི་འགྲོ་བ་འདུལ་བ་ཞེས་བྱ་བ་ལ་སོགས་པས་པདམོའི ་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འགྲོ་བ་འདུལ་པའི་ཕྱག་རྒྱ་མཆོག་།རབ་མཉམ་བཞག་པས་བཅིངས་ནས་ནི་ཞེས་བྱ་བ་ལ་འགྲོ་བ་འདུལ་བའི་ཕྱག་རྒྱ་མཆོག་ནི་བཅོམ་ལྡན་འདས་འཇིག་རྟེན་དབང ་ཕྱུག་གི་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ཏོ། །རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་འབའ་ཞིག་ཏུ་མ་ཟད་ཀྱི། རབ་མཉམ་བཞག་ཅེས་བྱ་བ་སྟེ། ཤིན་ཏུ་མཉམ་པར་བཞག་པར་བྱ་བའོ། །བཅིངས་ནས་ནི ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་གྱིས་སོ། །ཇི་ལྟ་ཞེ་ན། ཆོ་ག་འདིས་ནི་སྒྲུབ་པ་པོས་ཞེས་བྱ་བའོ། །ཅི་ཞིག་འཐོབ་ཅེ་ན། མངོན་པར་ཤེས་པ་ལྔ་འཐོབ་བོ་ཞེས་བྱ་བ་གསུངས་སོ། །ལྷག་འོག་གོ་རིམ ་ཇི་བཞིན་དུ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པ་ལས། བྱུང་བའི་རིམ་གྱིས་སོ། །འདིར་ཕྱག་རྒྱ་ཆེན་པོ་བསྟན་མོད་ཀྱི་འོན་ཀྱང་དེ་གཙོ་བོ་མ་ཡིན་པར་ཤེས་པར་བྱ་སྟེ། གཞན་དུ་ན་ཆོས་ཀྱི་ཕྱག་རྒྱ་ཉིད་གཙོ ་བོ་ཡིན་ལ་དེ་བས་ན་དེ་ནི་ཆོ་ག་བཞིན་དུ་འདོད་པས་ཆགས་ཞེས་བྱ་བ་སྟོན་ཏེ། ཆོ་ག་བཞིན་དུ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་ལ་སོགས་པའི་རིམ་གྱིས་སོ། །འདོད་པ་ནི་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད ་ཆགས་ཏེ། དེས་ཆགས་པས་ན་འདོད་པས་ཆགས་པའོ། །འཕྲུལ་གྱི་མིག་ལ་སོགས་ཚུལ་གྱིས་ཞེས་བྱ་བ་ནི་དེ་ལྟར་སྔར་བཤད་པའི་ཚུལ་གྱིས་སོ། །མངོན་ཤེས་ཐམས་ཅད་འཐོང་པར་འགྲུབ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་ཞེས་བྱ་བའི་དོན ་ཏེ་དེ་ལྟར་མངོན་པར་ཤེས་པ་?་ཐོབ་པར་འགྱུར་ཞེས་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་འཇིག་རྟེན་དབང་པོས་གསུངས་སོ་ཞེས་པའོ། །འདིར་ཆོས་ཀྱི་ཕྱག་རྒྱའི་འབྲས་བུ་ནི་མ་བསྟན་ཏེ་གང་གི་ཕྱིར་འདིར་འདོད་ཆགས་ཆོས་སུ་བསྟན་པའི ་ཕྱིར་རོ། །ད་ནི་དོན་ཀུན་གྲུབ་པའི་ཕྱག་རྒྱ་ནི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དོན་ཀུན་གྲུབ་པའི་ཕྱག་རྒྱ་ནི་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་པའོ།། ་ཕྱག་རྒྱ་བཅིངས་པ་འབའ་ཞིག་གི་འགྲུབ་བར་འགྱུར་བ་མ་ཡིན་གྱིས། ཏིང་ངེ་འཛིན་ཡང་དགོས་སོ་ཞེས་བསྟན་པའི་ཕྱིར་རབ་མཉམ་བཞག་པས་ཞེས་གསུངས་སོ། །ཇི་ལྟར་འཐོབ་ཅེ་ན། ཆོ་ག་འདིས་ནི་ཞེས་བྱ་བ་གསུངས་ཏེ་འོག ་ནས་འབྱུང་བའི་ཆོ་ག་འདིས་སོ། །སུ་ཞིག་གིས་འཐོབ་པར་འགྱུར་བ་མ་ཡིན་གྱིས། ཏིང་ངེ་འཛིན་ཡང་དགོས་སོ་ཞེས་བསྟན་པའི་ཕྱིར་རབ་མཉམ་བཞག་པས་ཞེས་གསུངས་སོ། །ཇི་ལྟར་འཐོབ་ཅེ་ན། ཆོ་ག་འདིས་ནི་ཞེས་བྱ་བ་གསུངས་ཏེ་འོག ་སྙིང་པོའི་ཕྱག་རྒྱ་ཆེན་པོ་ཞེས་བསྟན་མོད་ཀྱི་འོན་ཀྱང་འདི་གཙོ་བོ་མ་ཡིན་ཏེ། སངས་རྒྱས་རྣམས་ལ་མཆོད་པ་བྱས་ན་ཞེས་བྱ་བ་འདིས་ན་ལས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་སྟོན་ཏེ། གང་གི་ཕྱིར་སངས་རྒྱས་མཆོད་པ་ལ་ནི་གཙོ་བོར་ལས་ཀྱི ་ཕྱག་རྒྱའི་བྱ་བ་ཡིན་པའི་ཕྱིར་རོ། །ལྟག་འོག་གི་རིམ་དེ་བཞིན་དུ་ཞེས་བྱ་བ་ལ། གོ་རིམ་ནི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལ་སོགས་པ་སྟེ། བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་དེ་བཞིན་དུ་ཞེས་བྱ་བ་སྔར་བཤད་པའི ་འཕྲུལ་གྱི་མིག་ལ་སོགས་པའི་རྣལ་འབྱོར་གྱི་ཚུལ་གྱིས་སོ། །དེས་ཅིར་འགྱུར་ཞེ་ན། མངོན་ཤེས་ལྔ་ནི་དེས་འཐོབ་བོ་ཞེས་བྱ་བ་གསུངས་ཏེ། ཆོས་འདིས་མངོན་པར་ཤེས་པ་ལྔ་འཐོབ་པར་འགྱུར་རོ་ཞེས་པའོ། །སུ་ཞིག་གིས་དེ་སྐད་གསུངས ་ཤེ་ན། བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོས་གསུངས་སོ། །ཞེས་བྱ་བས་སྟོན་ཏོ། །དེ་ནི་རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རབ་ཏུ་བྱེད་པའི་དོན་གྱི་མཇུག་སྡུད་པ་སྟོན་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་མངོན་པར་ཤེས་པ་ཡིན་པས་ན་རིགས ་ཐམས་ཅད་ཀྱི་མངོན་པར་ཤེས་པའོ། །དེ་ཉིད་ཡེ་ཤེས་ཡིན་པས་ན་རིགས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་སོ། །དེ་ཕྱག་རྒྱ་གང་དག་གིས་འཐོབ་པར་འགྱུར་བ་དེ་ནི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ཤེས ་པར་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཆོག་རྒྱས་པའི་རྒྱུད་ནི་དེ་ཐོབ་པར་བྱ་བའི་ཐབས་ཀྱི་གཞུང་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བདེན་པ་བསྲུངས་པས་མངོན་པར་འདོད་པའི་དོན་གྲུབ་པར ་འགྱུར་བ་གང་ཡིན་པ་དེ་བསྟན་པར་བྱ་བའི་དོན་ཏོ། །དེ་ལས་ཀྱང་དང་པོར་བདེན་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་བདེན་པ་གྲུབ་པའི་གཞུང་སྟོན་ཏེ། བདེན་པ་ནི་གཞན་དུ་མི་འགྱུར་བ་ཉིད་དེ། བདེན་པ་འདི ་ལ་རྗེས་སུ་འཇུག་པའི་ཚིག་གང་ཡིན་པ་དེ་ནི་བདེན་པའི་རྗེས་སུ་འཇུག་པའི་ཚིག་གོ། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་དེ་ཉིད་ཀྱིས་མནའ་བྱ་བ་བྱའི་གཞན་དུ་མ་ཡིན་ནོ། །མནའ་དེ་ཡང་དགོས་པ་ཆེན ་བོའི་ཕྱིར་མནའའདོར་བ་ཡིན་ཏེ། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ལ་རེག་པས་གལ་ཏེ་བདག་འདི་ལས་འདས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་གིས་བསླུས་པར་གྱུར་ཅིག་ཅེས་པ་ལ་སོགས ་པ་དེ་བཞིན་གཤེགས་པ་རྣམས་ལ་དམོད་བཙུགས་པའི་མནའ་བོར་ནས་བདེན་པ་ཆེན་པོ་བསྲུངས་ནའོ། །ཅིར་འགྱུར་ཞེ་ན། མྱུར་དུ་སངས་རྒྱས་ཉིད་འཐོབ་བོ་ཞེས་བྱ་བ་གསུངས་ཏེ། མྱུར་དུ་ཞེས་བྱ་བ་ནི་མགྱིགས་པར་ཞེས་བྱ་བའི ་དོན་ཏོ། །དེ་ལྟར་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བར་སྟོན་ཏོ། །ད་ནི་དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བདེན་པའི ་དངོས་གྲུབ་གྱི་གཞུང་སྟོན་ཏེ། དམ་ཚིག་ཅེས་བྱ་བ་ནི་འདའ་བར་མི་བྱ་བའི་དོན་ལ་བྱའོ། །དམ་ཚིག་དེ་ལ་མནའའབོར་བ་ནི་འདོད་པའི་ལྷ་ལ་དམོད་བཙུགས་པ་དང་འབྲེལ་བའི་དོན་ལ་འདའ་བར་མི་བྱ་བའི་ཚིག་ལ་ནི་མནའ་ཞེས ་བྱ་སྟེ། བྱ་བ་འགའ་ཞིག་ལ་བླ་མ་ཉེ་བར་གནས་པའི་ཐད་དུ་དེ་བཞིན་གཤེགས་པའི་རིག་དང་འབྲེལ་བའི་མནའི་བྱ་བ་བྱེད་པ་སྟེ། གལ་ཏེ་ངས་འདི་ལྟ་བུ་མ་བྱས་སམ་འདི་ལས་འགལ་བ་ཞིག་བྱས་པར་གྱུར་ན། བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་བདག་གི་སྙིང་ག་འདི་ནས་འཕང་བར་གྱུར་ཅིག་ཅེས་དེ་བཞིན་གཤེགས་པའི་རིགས་ལ་དམོད་བཙུགས་ལ་མནའ་བོར་ནས་ཀྱང་སྲོག་ལ་བབ་ཀྱང་རྡོ་རྗེའི་བདེན་པ་བསྲུངས་པར་བྱའོ། །དེས ་ཅིང་འགྱུར་ཞེ་ན། དངོས་གྲུབ་མཆོ་ནི་འཐོབ་བར་འགྱུར་ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་ཅི་སྟེ་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་སྒོ་ནས ་བདེན་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་འཛིན་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ལས་སྟོན་པ་སྟེ། ལག་པ་གཉིས་བླ་འོག་ཏུ་གཅིག་ལ་གཅིག་རྒྱབ་སྤྱད་དེ། མཐེ་བོ་དང་མཐེའུ་ཆུང་གཉིས་གཅིག་གིས་གཅིག་བཟུང་བའི་རྡོ་རྗེ་འཛིན་པ་འདིས་མནའ ་འདོར་ཞིང་རྡོ་རྗེ་རིགས་ལ་དམོད་བཙུགས་བ་བྱས་ལ། དགོས་པ་ཆེན་པོ་ཉེ་བར་གནས་པ་ཞིག་བྱུང་བ་ལ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ནས་གལ་ཏེ་ངེས་འདི་ལས་འགལ་བར་བྱས་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསླུས་པར་གྱུར་ཅིག་ཅེས ་བྱ་བ་ལ་སོགས་པའོ། །སྔགས་པས་དེ་ལྟ་བུའི་འདའ་བར་དཀའ་བའི་མནའ་སྔགས་པས་བོར་ནས་བདེན་པ་འདིནི་བསྲུང་བར་བྱ་ཞེས་བྱ་བ་སྟེ་འདའ་བར་མི་བྱའོ། །ཞེས་བྱ་བའི་དོན་ཏོ། །ད་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་སྒོནས་བདེན ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དམ་པའི་ཆོས་ལ་མནའའདོར་ཞེས་བྱ་བ་ལ་དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་དེ་ཡིན་དམ་པ་ནི་སངས་རྒྱས་བཅོམ་ལྡན་འདས་དང། བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་དང ་ཉན་ཐོས་རྣམས་ཏེ། དམ་པ་དེ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་སོ། །དེ་དང་ལྡན་པའི་མནའ་ཡིན་བས་ན་དམ་པའི་ཆོས་ལ་མནའའདོར་བ་སྟེ། དགོས་པ་ཆེན་པོའི་དུས་འགའ་ཞིག་ཏུ་དེ་བྱ་སྟེ། གལ་ཏེ་ངས་འདི་ལལས་འདས་པ ་ཞིག་བྱས་ན་བདག་དམ་བའི་ཆོས་དད་མི་ལྡན་པ་འམ། དམ་པའི་ཆོས་སྤངས་པ་འམ། དམ་པའི་ཆོས་རྣམ་པར་འཇིག་པ་ལ་སོགས་པ་བྱེད་པར་ཤོག་ཅིག་པའོ། །དེ་ལྟར་པདྨའི་རིགས་ཆེན་པོ་ལ་མནའི་མཆོག་འདི་ལྟ་བུ་བྱས་ནས་པདྨའི ་རིགS་ཟློས་པ་རྣམས་ཀྱིས་བདེན་པའི་མཚན་ཉིད་དམ་ཚིག་ལ་སོགས་པ་བསྲུང་བར་བྱའོ། །ང་ནི་འདི་ལ་ཞེས་བྱ་བ་ལ་སོགས་བས་ནོར་བུའི་རིགས་ཀྱི་སྒོ་ནས་བདེན་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་མཆོད ་པ་ནི་ཡིད་ཀྱིས་མཆོད་པ་དང། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང་ལྡན་པའོ། །དེ་དང་འབྲེལ་པའི་མནའའདོར་བར་བྱ་བ་ནི་དགོས་པ་ཆེན་པོ་ཞིག་གི་དུས་སུ་གལ་ཏེ་བདག་གིས་འདི་ལྟར་མ་བྱས་སམ། འདས་པར་གྱུར་ན་སངས་རྒྱས ་ཀྱི་མཆོད་པ་རྣམ་པར་འཇིག་པ་འམ་ཡོངས་སུ་སྤོང་བར་ཤོག་ཅིག། གལ་ཏེ་དེ་ལས་འདས་ན་བདག་ཚེ་རབས་ཐམས་ཅད་དུ་དབུལ་པོར་གྱུར་ཅིག་བྱ་བ་ལ་སོགས་པ་ནོར་བུའི་རིགས་སུ་གཏོགས་པའི་མནའའདའ་བར་དཀའ་བ་འདི་ལྟ ་བུ་དོར་བར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། བདེན་པའི་མཆོག་འདི་བསྲུངས་ན་ནི་ཞེས་གསུངས་སོ། །དེ་ནས་ཅིར་འགྱུར་ཞེ་ན། དབང་བསྐུར་བ་ནི་འཐོབ་པར་འགྱུར་ཞེས་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས ་སངས་རྒྱས་མཆོད་པས་གསུངས་སོ་ཞེས་བྱ་བ་སྟེ། རྡོ་རྗེ་ལས་ཀྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་པའི་དོན་གྱི་མཇུག་སྡུད་པ་ཡིན་ཏེ། རབ་ཏུ་བྱེད་པ་འདི་ཡང་སྒྲུབ་པ ་པོ་འགའ་ཞིག་ལ་གལ་ཏེ་དགོས་པ་ཆེན་པོ་འགའ་ཞིག་ཡོད་ན། མནའ་གང་ལས་བོར་བ་དེས་དེའི་དམ་ཚིག་བསྲུངས་ན་འགྲུབ་པར་འགྱུར་རོ་ཞེས་སྦྱིན་པར་བྱ་བ་དང། བཟླས་བརྗོད་བྱེད་པ་ཐམས་ཅད་ལ་སྤྱིར་ནམ་དཀྱིལ་འཁོར་དུ་འཇུག ་པའི་དུས་དང་གསང་ཞིང་སྦ་བའི་མན་ངག་སྦྱིན་པའི་དུས་སུ་མནའ་བསྒགས་པ་དེ་ཡང་དེ་དག་གི་བསྲུང་བ་བྱ་བ་ཡིན་ནོ། །ད་ནི་ས་མོ་ཡ་སྟཝཾ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །?་པ་དང ་པོར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ས་མ་ཡ་སྟཝཾ་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་སྙིང་པོ་ལ་ནི་ས་མ་ཡ་སྟཝཾ་ཞེས་བྱ་བའི་སྒྲར་གསུངས་པ་ཡིན་ཏེ། ་གང་གི་ཕྱིར་འདིའི་དོན་གང་ཡིན་པ་དེ་ནི་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། ཟླ་བ་དང་རྡོ་རྗེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པའི་རང་བཞིན་དེ་ལས་རྒྱུད་ཐམས་ཅད་ཀྱི་དོན་རིམ་གྱིས་རྫོགས་པར་འགྱུར་རོ། །དེ་བས་ན་དེ ་བསྐུལ་བར་བྱེད་པའི་སྙིང་པོ་ལ་དམ་ཚིག་གེ་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་གང་དུ་བརྗོད་པར་བྱ་ཞེ་ན། ཕྱག་རྒྱ་ཀུན་དང་རིགས་རྣམས་ལའང་ཞེས་བྱ་བ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་བརྗོད་ལ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ ་བཅིངས་ན་བདག་ཉིད་ཀྱིས་བཅིངས་པ་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་ཐམས་ཅད་མ་བསྒྲུབས་ཀྱང་འགྲུབ་པར་འགྱུར་ཏེ། ཉིད་ཀྱིས་ཞེས་བྱ་བ་ནི་སྔགས་པས་སོ། །བཅིངས་ནས་བརྟན་པར་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་འགྲུབ་ཅིང ་རང་གི་བྱ་བ་བྱེད་པ་སྟེ། རིགས་བཞིར་གཏོགས་པའི་ཕྱག་རྒྱ་ཐམས་ཅད་དོ། །མ་བསྒྲུབས་པར་ཞེས་བྱ་བ་ནི་དམ་ཚིག་གི་སྙིང་པོ་བརྗོད་པ་མེད་ཀྱང་ངོ། །ནམ་འགྲུབ་ཅེ་ན་དེའི་འོག་ཏུ་ཞེས་བྱ་བ་གསུངས་སོ། །གང་གི་འོག་ཏུ་ཞེ་ན་དམ ་ཚིག་གི་ཕྱག་རྒྱ་བཅིངས་པའི་འོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱིས་གསུངས་སོ་ཞེས་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བའི་དོན་ཏོ། །ད་ནི་སུ?་ཞེས་བྱ ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །སུ་ར་ཏ་སྟཝཾ་ཞེས་བརྗོད་ན་ཅིང་འགྱུར་ཞེ་ན། མ་བསྒྲུབས་པར་ཡང་ཕྱག་རྒྱ་ཀུན། །ཉིད་ཀྱིས་བཅིངས་ནས་འགྲུབ། ་པར་འགྱུར་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་འགྲུབ་པར་འགྱུར་ཞེ་ན། གང་གི་ཕྱིར་སུ་ར་ཏ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དེ་ཁོ་ན་ཉིད་བསྐུལ་བ་ཡིན་ཏེ། སུ་ར་ཏ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་སྟེ། ཤིན་ཏུ་དག་པ་ཡིན ་པས་རབ་ཏུ་དགའ་བའོ། །དེ་ཡང་སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་མཛའ་ཇི་སྲིད་ཀྱི་བར་དུ་བདག་གིར་གཟུང་ནས་སྤྱོད་པར་མཛད་པའི་དོན་ཏེ། དེས་རབ་ཏུ་དགའ་བ་ནི་གཟུགས་ལ་སོགས་པའི་ཡུལ་ཡོངས་སུ་མི་གཏོང་བར་སྤྱོད་པའི་ཕྱིར་རོ། །དེ་ཡང ་གཟུགས་སོགས་འདོད་པའི་བདེ་བས་དགྱེས་པའི་ཐུགས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་བ་ལྟ་བུའོ། །དེ་ལྟ་བས་ན་འདི་ནི་འདེའི་དེ་ཁོ་ན་ཉིད་ཡིན་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིངས་པའི་དུས་ན་དེ་ལ་བསྐུལ་ན་མ་བསྒྲུབས ་པར་ཡང་ཕྱག་རྒྱ་ཐམས་ཅད་སློབ་དཔོན་བདག་ཉིད་དམ་སློབ་མས་བཅིངས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱིས་གསུངས་སོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ ་ཞེས་བྱ་བའི་དོན་ཏོ། །ད་ནི་ཧཱུཾ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་གཞུང་སྟོན་ཏེ། མདོར་བསྡུ་ན་ནི་ཧཱུཾ་ཞེས་བྱ་བ་གཅིག་ཙམ་གྱིས་ཕྱག་རྒྱ་ཐམས་ཅད་བསྒྲུབ་བོ། །རྒྱས་པར་ནི་ཧཱུཾ་ཞེས་བྱ་བ་བཞི་སྔགས་ཀྱི་ཕྱག་རྒྱ ་ཐམས་ཅད་བསྒྲུབ་བོ། །ཙམ་གྱིས་ཞེས་བྱ་བ་སྨོས་པས་ནི་ཧཱུཾ་ཞེས་བྱ་བ་གསུམ་དཀར་བའོ། །དེ་བས་ན་ཧཱུཾ་ཞེས་བྱ་བ་གཅིག་པོ་དེ་ཉིད་བརྗོད་ལ་བདག་ཉིད་ཀྱིས་དམ་ཚིག་གི་ཕྱག་རྒྱ་བཅིང་ཞིང་གཞན་ཡང་འཆིར་དུ་གཞུག་གོ། འདིར་ནི་རྡོ་རྗེ་རིགས་ཀྱི ་དམ་ཚིག་གི་ཁྲོ་བོ་ཡིན་པས་ན་དེའི་དེ་ཁོ་ན་ཉིད་ཧཱུཾ་ཞེས་བྱ་བ་བརྗོད་པར་བྱ་བ་སྟེ། དེ་ལས་དེའི་ནང་ན་གནས་པའི་ཁྲོ་བོ་རྣམས་ཤེས་པར་འགྱུར་ཏེ་།དེ་ལྟ་བས་ན་འདི་ལ་དེའི་དེ་ཁོ་ན་ཉིད་ཅེས་བྱའོ། །ད་ནི་སརྦ་ཤུདྡྷ་ཞེས་བྱ་བ་ལ་སོགས་པས ་པདྨའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། པདྨའི་རིགས་ལ་ཡང་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་ཆེ་ན། བདག་གམ་ཡང་ན་གཞན་ཡང་རུང་དཔའ་མེའི་རིགས་ཟློས་པས་སརྦ་ཤུདྡྷ་ཞེས་བྱ་བའི་དེ་ཁོ་ན་ཉིད་འདི ་བརྗོད་ལ། དེ་ནས་གདོང་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་སྙིང་པོ་བརྗོད་ཅིང། དམ་ཚིག་གི་ཕྱག་རྒྱ་བཅིང་བ་དང་འཆིང་དུ་གཞུག་པར་བྱའོ། །དེ་ནས་ཕྱག་རྒྱ་ལྷག་མ་རྣམས་གདོང་བཅིང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། བུད་མེད་ཆགས་ལ་སོགས་ལྡན་ལ། ཐམས་ཅད་དུ ་ནི་གྲོལ་མི་འགྱུར་ཞེས་བྱ་བ་གསུངས་ཏེ། འདིར་བུད་མེད་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་ལ་བྱ་བར་དགོས་ཏེ་དེ་དང་སྦྱོར་བ་འདི་ནི་བཅིང་བའོ། །དེ་ཐོག་མར་བྱས་པའི་སྦྱོར་བ་གང་ཡིན་པ་དེ་ནི་བུད་མེད་སྦྱོར་ལ་སོགས་ལྡན་ལ་ཞེས་བྱ་སྟེ། སྦྱོར་བ་དེས ་ཕྱག་རྒྱ་ལྷག་མ་རྣམས་ཆིངས་ཤིག་ཅེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། ཐམས་ཅད་དུ་ནི་གྲོལ་མི་འགྱུར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དེ་ཁོ་ན་ཉིད་བསྐུལ་བ་སྔོན་དུ་འགྲོ་བས་བཅིངས་ན་ཕྱག་རྒྱ་ཐམས་ཅད་དགོས་པ་མ་ཟིན་གྱི་བར་དུ་ལྷོད་པར་མི ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཨོཾ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། དེ་ཡང་ཨོཾ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བཅིང་པའི་སྙིང་པོ་ལས་འབྱུང་པ་ཉིད་ཡིན་ནོ། །དེ་བས་ན་དམ ་ཚིག་གི་དེ་ཁོ་ན་ཉིད་ཡིན་པས་ཨོཾ་ཞེས་བྱ་བས་མདོར་བསྡུ་ན། ཕྱག་རྒྱ་ཐམས་ཅད་གྲུབ་འགྱུར་ཏེ་ཞེས་བྱ་བ་སྟེ། །མདོར་བསྡུ་བ་ཞེས་བྱ་བ་ནི་མདོར་བྱའོ། །དེ་ཁོ་ན་ཉིད་བསྐུལ་བས་དམ་ཚིག་གི་ཕྱག་རྒྱ་འགྲུབ་པ་འབའ་ཞིག་ཏུ་མ་ཟད་?་འཇིག་རྟེན ་ཐམས་ཅད་ཀྱི་མཆོག་པའི་མཆོག་ཏུ་ཡང་སྔགས་པ་དེས་འགྲུབ་པར་འགྱུར་བའོ། །སྔགས?་པ་དེས་མཆོད་པ་འགྲུབ་པ་ཉིད་ཆོར་ཡང་མ་ཟད་ཀྱི་རང་འབྱུང་ཉིད་ལ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་མཆོད་པ་ཡང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ་མཆོད་པ་ཞེས་སྨོས་པས་ནི་འདི་གཉིས་ཀ་ལ་སྦྱར་བར་བྱའོ། །རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རིགས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའོ། །དེ་རྣམས་ཀྱི་དམ་ཚིག་ཡིན་པས་ན། ་རིགས་ཐམས་ཅད་ཀྱི་དམ་ཚིག་སྟེ། དམ་ཚིག་ཅེས་སྨོས་པས་ནི?་ཐ་ཚིག་ལ་བཞག་པའི་གཞུང་ལུགས་གཟུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཕྱག་རྒྱ་བཅིང་བར་འདོད་ན། དང་པོ་ཁོ་ནར་སྙིང་པོ་འདི་བརྗོད་ལ་ཕྱག་རྒྱ་འདི་དག ་བཅིང་བར་བྱའོ་ཞེས་གསུངས་པ་གང་ཡིན་པ་འདི་ནི་དམ་ཚིག་གོ་།འདི་ཉིད་ནི་དཀྱིལ་འཁོར་བ་དེ་དང་དེ་དག་གི་དམ་ཚིག་གི་དེ་ཁོ་ན་ཉིད་ཅེས་གསུངས་པ་ཡིན་ནོ། །དམ་ཚིག་གི་དེ་ཁོ་ན་ཉིད་འདིས་ཀྱང་ཕྱག་རྒྱ་ཐམས་ཅད་འགྲུབ་པར་བྱེད་པ ་ཡིན་ལ་དེ་ཡང་རྣམ་པ་དུ་མ་ཡོད་པས་ན་ཆོ་ག་རྒྱས་པྲཱ?་སྒྲར་གསུངས་ཏེ། དངོས་གྲུབ་ཀྱི་དོན་གྱི་ཕྱག་རྒྱ་ཡིན་པས་ན་དངོས་གྲུབ་ཀྱི་ཕྱག་རྒྱའོ། །དེའི་ཆོ་ག་རྒྱས་པ་ནི་དེའི་རྣམ་པ་རྒྱས་པ་སྟེ་དེ་སྟོན་པའི་གཞུང་རྒྱས་པ་ཡིན་པས་ན་ཆོ་ག ་རྒྱས་པའི་རྒྱུད་དོ། །འདས་མ་ཐག་པའི་དམ་ཚིག་གི་ཕྱག་རྒྱ་དང་དེའི་སྙིང་པོ་ནི་དེ་ཁོ་ན་ཉིད་ཅེས་གསུངས་ཤིང། དེ་ཁོ་ན་ཉིད་ངེས་ཀྱང་རང་རང་གི་རིགས་སུ་རང་རང་གི་ཕྱག་རྒྱའི་དེ་ཁོ་ན་ཉིད་འགྲུབ་པར་གསུངས་པ་ཡིན་ནོ། །ད་ནི་དེ་ནས་བྱང་ཆུབ་སེམས ་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་རྣམས་ཀྱིས་གང་འདོད་པ་འགྲུབ་པའི་ཕྱག་རྒྱ་དེ་སྟོན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་འདིར་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་གཟུང་ངོ། །དེ་རྣམས་འགྲུབ་པར་བྱ་བའི་ཕྱིར་དང། སྦྱོར་བ་དེ་ལ་གནས་པའི་རྣལ་འབྱོར་པ་རྣམས་འགྲུབ་པའི་ཕྱིར་ཕྱག་རྒྱ་རྣམས་ཀྱི་གཞུང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱུད་དོ། །དེ་ལས ་ཀྱང་དང་པོ་ཁོ་ན་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་ཕྱག་རྒྱ་བསྒོམ་པར་བྱེད་པ་ལས་དངོས་གྲུབ་འབྱུང་བ་ནི་མཐོང་བ་དང་མ་མཐོང་བའོ། །དེ་ལ་མཐོང་བ་ནི་ཚེ་དང་ཡེ་ཤེས་སྐྱེ་བ་ལ་སོགས་པའོ། །མ་མཐོང་བ་ནི་དབང་པོ་ཡོངས་སུ ་སྨིན་པའི་ཁྱད་པར་གྱིས་འཚང་རྒྱ་བ་ལ་ཐུག་གི་བར་གྱི་ཡོན་ཏན་ཇི་སྙིང་ཡོད་པ་རྣམས་བསྡུའོ། །དེ་བཞིན་གཤེགས་པ་དྲན?་བྱེད་ཅིང་ཅེས་བྱ་བ་ནི་བདག་ཉིད་ཀྱི་ལུས་ལ་སངས་རྒྱས་རྗེས་སུ་དྲན་པ་བྱ་བའོ། །སངས་རྒྱས་ཕྱག་རྒྱ་བཅིངས་ནས་ནི་ཞེས་བྱ་བ་ནི་སེམས ་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཚེ་དང་ཡེ་ཤེས་ལ་སོགས་པ་གང་ཅུང་ཟད་བསྒྲུབས་པ་དེ་དག་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་བའོ།། ་འདི་དག་སྒྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱིས། སངས་རྒྱས་བྱང་ཆུབ་བརྟན་པ་ཡང་ཞེས་བྱ་བ་སྟེ། བརྟན་པ་ཞེས་སྨོས་པ་ནི་ཕྱིར་མི་ལྡོག་པ་ལ་བྱ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་གྲུབ་ནས་ཐམས་ཅད ་མཁྱེན་པར་མ་རེད་དུ་ཟིན་ཀྱང། སངས་རྒྱས་ཀྱི་མཛད་པ་ཅུང་ཟད་བྱས་ནས་སླར་ཡང་དངོས་གྲུབ་ཟད་པ་དང། བྱང་ཆུབ་སེམས་དཔའ་ཉིད་དུ་གནས་པ་དག་ཀྱང་སྲིད་པས་ན་དེ་ལས་ལྟོས་ཏེ་བརྟན་པ་ཞེས་གསུངས་པ་ཡིན་ནོ། །ད་ནི་རྡོ་རྗེ་སེམས ་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེ། །བཅིངས་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་གྱིས་སོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་བ ་སྟེ། བཅིངས་པར་བྱ་བ་ཉིད་ཡིན་གྱི་བཅིང་བ་མི་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མདུན་དུ་ཡང་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མདུན་ཏེ་མིག་སྔར་ཡང་རྡོ་རྗེ་སེམས་དཔའ་གཉིས་པ་བསྒོམ་པའོ། །བསྒོམས་ན་ཞེས་བྱ་བ་ནི་ཕྱག་རྒྱ ་ཆེན་པོ་ཡོངས་སུ་རྫོགས་པར་བསྒོམ་ཞིང་ཡང་དང་ཡང་དུ་གོམས་པ་མངོན་དུ་བྱེད་པའོ། །ཤིན་ཏུ་མྱུར་བར་དངོས་གྲུབ་འགྱུར་ཞེས་བྱ་བ་ནི་སྔགས་པ་དེ་རབ་ཏུ་མྱུར་བ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། ཏིང་ངེ་འཛིན་ལ་ཤིན་ཏུ་གོམས་པར ་བྱས་པའི་ཕྱིར་རོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དམ་ཚིག་གི་ནི་མཆོག་བཅིངས་ལ་ཞེས་བྱ་བ་ལ། དམ་ཚིག་གི་མཆོག་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི ་ཕྱག་རྒྱ་ཧཱུཾ་ཞེས་བྱ་བ་བཞི་གཟུང་སྟེ། འདིར་ཁྲོ་བོ་ཏི་རིན་ཏིའི་དམ་ཚིག་གི་ཕྱག་རྒྱ་ཡིན་དུ་ཟིན་ཀྱང། ད་ནི་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་དུས་སུ་དགོས་པ་ཡིན་ཏེ། འདི་ནི་སྒྲུབ་དུས་ན་ཤིན་ཏུ་ཡང་དགོས་པ་ཡིན་ཏེ་ཕྱག་རྒྱ་ཐམས ་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ་དེ་ལྟ་བས་ན་དེ་བཅིང་བར་བྱའོ། །གང་གིས་ཤིན་ཕྱག་རྒྱ་ཆེན་པོས་སོ། །དེ་བས?་ན་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། འདིར་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཧཱུཾ་མཛད་ཉིད་ཡིན་པར ་བལྟ་བར་བྱ་སྟེ། དེ་དང་ཐ་མི་དད་པའི་ཕྱིར་རོ་དེ་ཡང་ལྷ་རྣམས་ཅད་ཁྲོ་བོའི་གཟུགས་སུ་བསྟན་པ་ཡིན་ཡང་མི་བསྐྱོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་བསྒོམས་ན་ནི་ཞེས་བྱ་བ་ནི་མཐུན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་གཉིས་བསྒོམ་པ་ཡིན་པར་མངོན་ནོ། །དེ་ཉིད་ཀྱིས་ནི་ཉི་རིམ་དུ་ནི་དངོས་གྲུབ་འཐོབ་ཅེས་གསུངས་པ་ཡིན་ཏེ། སྒོམ་པ་ཤིན་ཏུ་རྫོགས་པའི་ཕྱིར་རོ། །ཉེ་རིམ་ཞེས་བྱ་བ་ནི་ཁ་ཅིག་གིས་རྣལ ་འབྱོར་གཉིས་བསྒོམས་ཏེ། གང་ཡང་རུང་བ་བཞིག་བསྒྲུབས་པ་དང། རྣལ་འབྱོར་གཉིས་བསྒོམ་པ་དེས་འབྲས་བུ་ཉི་རིམ་འཐོབ་པར་འགྱུར་ཏེ། གལ་ཏེ་ཉིས་རིམ་མ་ཡིན་པ་བསྒོམ་པས་ཚོལ་ལོ་སྟོང་གི་དངོས་གྲུབ་ཀྱི་འབྲས་བུར་འགྱུར ་བཞིག་ན་ཉིས་རིམ་བསྒོམ་པ་དེ་ལ་ལོ་ཉིས་སྟོང་དུ་འགྱུར་བ་ལ་སོགས་པ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱད་སྟོན་ཏེ། ཆོས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང་ཞེས་བྱ་བ་ལ ་ཆོས་ཀྱི་ཕྱག་རྒྱ་ནི་ཡི་གེའི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་དགོང་པ་སྟེ། དེ་བཅིངས་ཞེས་བྱ་བ་ནི་དེ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བསམ་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་མེད་པར་མི་འབྱུང་བས་འཇིག་རྟེན་དབང་པོའི་ཏིང་ངེ་འཛིན་གྱིས་ཞེས ་བྱ་བ་གསུངས་ཏེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆིངས་ཤིག་ཅེས་བྱ་བའི་དོན་ཏོ། །འཇིག་རྟེན་མགོན་པོ་བསྒོམས་ན་ནི། །ཉི་རིམ་དུནི་དངོས་གྲུབ་འགྱུར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ད་ནི་དེ་ལ་ཞེས་?་སོགས་པ་ནོར ་བུའི་རིགས་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱུད་སྟོན་ཏེ། ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །ཏིང་ངེ་འཛིན་གང་གིས་བྱ་བ་མི་ཤེས་པས་དེའི་ཕྱིར་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ ་གསུངས་ཏེ། དེ་ལ་འདིར་རྡོ་རྗེ་སྙིང་པོའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་འབྲལ་བར་བཞག་པ་ཉིད་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོ་བསྒོམས་ན་ནི་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །རིགས་ཐམས་ཅད་ཀྱི་དངོས་གྲུབ ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །ཞེས་བྱ་བ་ནི་རིགས་རེ་རེ་ཞིང་ཡང་ཕྱག་རྒྱ་རྣམ་པ་བཞི་བཞིར་སྨོས་པ་ལས། རིགས་རེ་རེ་ལ་ཕྱག་རྒྱ་རེ་རེ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་ཇི་སྐད་གསུངས་པའི་དངོས་གྲུབ་རྣམས་སྟོན་པས་ན་རིགས ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་རྒྱུད་གསུངས་པ་ཡིན་ནོ། །དེས་རྗེས་ལ་ཉེས་རིམ་ཞེས་བྱ་བ་སྨོས་པས་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་རེ་རེ་བསྒོམས་པས་རིགས་རེ་རེར་འགྲུབ་པར་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ ་ལ་སོགས་པས་ཕྱག་རྒྱ་རྣམ་པ་བཞི་ཚར་ཡང་རིགས་རེ་རེ་ཞིང་ཕྱག་རྒྱའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒོམས་པས་འགྲུབ་པར་འགྱུར་བ་སྟོན་ཏེ། དེ་བཟིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དངོས་གྲུབ་ཐམས ་ཅད་དང། ཕྱག་རྒྱ་བཞིའི་དངོས་གྲུབ་གང་ཡིན་པ་དེ་སྟོན་པའི་གཞུང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པའི་རྒྱུད་དོ། །འདི་གསུངས་སོ་ཞེས་བྱ་བ་ནི་རྒྱུད་དེ་སྟོན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར ་ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ཐཾས་ཅད་ཀྱི་དགོངས་པ་ཐམས་ཅད་གྲུབ་པར་འགྱུར་བ་དེ་སྟོན་ཏེ། ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི་ཞེས་བྱ་བ་ལ་ཕྱག ་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམ་པ་བཞིའོ། །བདག་ཉིད་རང་གི་མདུན་དུ་ཡང། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ཞེས་བྱ་བ་ལ་སངས་རྒྱས་རྗེས་སུ་དྲན་པ་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས ་སངས་རྒྱས་ཀྱི་ཕྱག་རྒྱར་བསྐྱེད་ལ་རང་ལུས་སངས་རྒྱས་ཀྱི་སྐུར་བསྒོམ་པ་ནི་བདག་ཉིད་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་བྱེད་པ་ཡིན་ནོ། །དེ་བརྟན་པར་བྱས་ལ་མདུན་དུ་ཡང་རྣམ་པ་དེ་ལྟ་བུའི་གཟུགས་དམིགས་ཤིང ་བསྒོམས་ན་སངས་རྒྱས་རྗེས་སུ་དྲན་པ་མདུན་དུ་བསྒོམ་པ་ཡིན་ནོ། །དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པར་གྱུར་ན་ཕྱག་རྒྱ་ཆེན་པོ་དང་ལྡན་པའི་ཕྱག་རྒྱ་བཞི་ཆར་ཡང་བཅིངས་པ་ཙམ་གྱིས་འགྲུབ་པར་སྟོན་ཏེ། རྣམ ་པ་བཞི་རེ་རེ་ཞིང་ཡང་འགྲུབ་པར་འགྱུར་བ་ཡིན་ལ་དེ་ལ་ཡང་དེ་མ་ཐག་ཏུ་འགྲུབ་པ་ནི་ཕྱག་རྒྱ་བཞིའི་རྣལ་འབྱོར་རྩེ་གཅིག་ཏུ་བྱས་པའི་མཐུ་ཡིན་པའི་ཕྱིར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བའོ། །ད་ནི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་རྒྱུད་སྟོན་ཏོ། །སྙིང་པོ་བཟླས་པ་ནི་ཇི་ལྟར་བྱ་ཞེ་ན། རྡོ་རྗེ་བཟླས་པའི་ཆུ ་གྱིས་ན་ཞེས་བྱ་བ་གསུངས་སོ། །འདོད་པ་བདག་ཅེས་བསྒོམས་ནས་ཀྱང། །ཕྱག་རྒྱ་ཐམས་ཅད་བསྒྲུབས་ནས་ནི་ཞེས་བྱ་བ་ལ་བསྒྲུབས་ནས་ནི་ཞེས་བྱ་བའི་བསྒྲུབ་པར་བྱ་བ་དེ་གང་ཡིན་ཞེ་ན། ཕྱག་རྒྱ་ཐམས་ཅད་ཅེས་བྱ་བའོ། །ཕྱག་རྒྱ ་ཐམས་ཅད་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། འདོད་པ་བདག་ཅེས་བསྒོམས་ནས་ཀྱང་ཞེས་གསུངས་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ལ་ཕྱག་རྒྱ་ཐམས་ཅད་ངག་ལས་པས་ནཱ་འདི་སྐད་ཅེས་བྱ་སྟེ། དེ་བས་ན་དེའི ་གཟུགས་སུ་བསྒོམ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབས་པར་འགྱུར་རོ། །དེ་ལྟར་བཤད་མ་ཐག་པའི་བཟླས་བརྗོད་དང། རྡོ་རྗེ་སེམས་པར་བསྒོམ་པ་དེ་གཉིས་ཀྱིས་དངོས་གྲུབ་ཀུན་གྱི་མཆོག ་སྒྲུབ་པོ་ཞེས་བྱ་བ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ཀྱི་མཆོག་སྟེ། དངོས་གྲུབ་ཀྱི་རྒྱུ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བ་སྟོན་ཏོ།། ་ད་ནི་བདག་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྒྱུད་སྟོན་ཏེ། བདག་ཉིད་ཀྱིས་ནི་རྡོ་རྗེ་དབྱིབས་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའི་དུས་ཉིད་ན་བདག་ཉིད་རྡོ་རྗེའི་གཟུགས་སུ་བསྒོམ ་པའོ། །ཇི་སྟར་ཞེ་ན་རབ་མཉམ་བཞག་པས་བསྒོམ་བྱེད་ཅིང་ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ན་རབ་མཉམ་བཞག་པ་ཡིད་གཞན་དུ་མ་གྱུར་པས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་པར? ་བྱའོ། ངེས་ཅིར་འགྱུར་ཞེ་ན། དེ་མ་ཐག་དུ་འགྲུབ་པར་འགྱུར་ཞེས་གསུངས་སོ་།དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་གསུང་སོ་ཞེས་བྱ་བ་སྟེ། ཕྱག་ན་རྡོ་རྗེས་ཞེས ་བྱ་བའི་དོན་ཏོ། །ད་ནི་བདག་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བདག་ཉིད་ཀྱིས་ནི་བདག་ཉིད་ཉིད། །པདྨའི་དབྱིབས་སུ་བསྒོམས་ན་ནི་ཞེས་བྱ་བ་ནི་པདྨའི་རིགས་སུ་གཏོགས་པའི་ཕྱག་རྒྱ་འཆིང་བའི་དུས ་སུ་ཐོག་མ་ཉིད་དུ་རང་གི་ལྷའི་རྣལ་འབྱོར་ལས་བདག་ཉིད་པདྨའི་དབྱིབས་སུ་དང་པོར་བསྒོམས་ལ་དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཐམས་ཅད་ཤེས་པའི་ངོ་བོ་ཡི། །པདྨའི་རིགས་ཆེན་གྲུབ་པར ་བཤད་ཅེས་བྱ་བ་གསུངས་ཏེ། ཐམས་ཅད་ཤེས་པའི་ངོ་བོ་ནི་ཀུན་ཤེས་པའི་རང་བཞིན་ནོ། །འདི་སྐད་སྟོན་ཏེ། མངོན་པར་ཤེས་པའམ་སྨོན་ནས་ཤེས་པའམ། ས་ལ་སོགས་པ་གང་ཡང་རུང་བ་དེ་དག་ཐམས་ཅད་འགྲུབ་པར ་འགྱུར་རོ་ཞེས་པའོ། །དེ་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུང་སོ་ཞེས་པའོ། །ད་ནི་ནོར་བུའི་རིན་ཆེན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དངོས་གྲུབ་ཐམས ་ཅད་ཀྱི་སྒྲུབ་པའི་གཞུང་སྟོན་ཏེ། ནོར་བུ་རིན་ཆེན་འོད་བཟང་འབར། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི་ཞེས་བྱ་བ་ཇི་ལྟ་བུར་བསྒོམ་ཞེ་ན། ནོར་བུ་རིན་ཆེན་འོད་བཟང་འབར་ཞེས་བྱ་བ་སྟེ་འོད་ཟེར་གྱི་འཕྲེང་བ་ཅན་ཞེས་བྱ་བའི་དོན ་ཏོ། །སུ?་ཞིག་ཅེ་ན། བདག་ཉིད་ཆེན་པོ་ཆེར་བསྒོམ་པའོ། །བསྒོམས་ན་ནི་ཞེས་བྱ་བ་ནི་ལྷག་པར་མོས་པར་བྱ་བ་སྟེ། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། མཆོད་པ་ཀུན་གྱི་རང་བཞིན་གྲུབ་ཅེས ་བྱ་བ་གསུངས་ཏེ། མཆོད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་གྲུབ་པོ་ཞེས་བྱ་པའི་དོན་ཏོ། །དངོས་གྲུབ་འདི་གང་དུ་བསྒྲུབ་ཅེ་ན། ནོར་བུ་ཆེན་པོའི་རིགས་བཤད་པའི་ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། དེའི་ཕྱིར་བཅོམ་ལྡན ་འདས་ནམ་མཁའ་ཨི་སྙིང་པོས་གསུངས་སོ་ཞེས་བྱ་བས་སྟོན་ཏོ། །དེ་ཡང་གང་གིས་ཕྱིར་བདག་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོའི་འོད་ཟེར་གྱི་ཕྲེང་བ་ཅན་དུ་ནམ་མཁའ་ཨི་ངོས་ལ་གནས་པར་བསམས་ལ་སངས ་རྒྱས་མཆོད་པའི་རྣམ་པ་ཐམས་ཅད་ཀྱིས་ནམ་མཁའ་ཨི་ཁམས་ཐམས་ཅད་འགེངས་ཤིང། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡང་སྐོར་བར་བསམས་ཏེ། དེ་བས་ན་དེ་ལྟ་བུའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པས་ཕྱག་རྒྱ ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ། །རྟོགས་པ་བཞི་ཆར་དུ་ཡང་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་བཞི་པོ་འདི་དག་རིགས་དང་སྦྱར་ཞིང། ཕྱག་རྒྱ་ཆེན་པོ་ཐོག་མར་བསྒོམས་ན་དངོས་གྲུབ་ཐམས་ཅད་དུ་འགྱུར་བ་ཡིན་ནོ ་ཞེས་ཤེས་པར་བྱའོ། །རིགས་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱི ་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ་ཞེས་བྱ་བ་ལ་སྔར་དམ་བཅས་ཟིན་ན། འདིར་ཡང་སྨོས་པ་ཅི་དགོས་ཤེ་ན། དེ་ནི་བདེན་མོད་ཀྱི། དང་པོ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྤྱིར་བསྟན་པ་ཡིན་ལ། འདིར་ནི་མཇུག་སྡུད་པའི་ཚེ་ན་ནི་གཙོ ་བོར་གྱུར་པ་བསྟན་པ་ཡིན་པས་ན་ཉེས་པ་མེད་དོ། །ད་ནི་བདག་ལ་བྱིན་གྱིས་བརླབ་པའི་རྒྱུད་སྟོན་ཏེ། དེ་ལས་ཀྱང་ཐོག་མར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབ་པའི་རྒྱུད་སྟོན་ཏེ། སེམས་སོ་སོར་རྟོགས་པ་ལ ་སོགས་པ་སྔར་བཤད་པའི་རིམ་གྱིས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བསྐྱེད་ལ་རྡོ་རྗེ་གཟི་བརྗིད་ཀྱི་འོད་ཀྱི་དཀྱིལ་འཁོར་སེམས་ཤེས་པ་ནས་བརྩམས་ནས་ནི། རྡོ་རྗེ་ཉི་མ་བསྒོམ་པར་བྱ་ཞེས་ཇི་སྐད་གསུངས་པའི་ཚུལ་གྱིས ་རྣམ་པར་བསམས་ལ་དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིང་བར་བྱའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བྱའི་གཞན་ཏུ་ནི་མཡིན ་ནོ་ཞེས་པའོ། །རབ་མཉམ་བཞག་པས་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། ཕྱག་རྒྱ་གང་བྱིན་གྱིས་རློབ་པར་བྱེད་པའི་ཚེ་ན་དེ་ཉིད་ལ་སེམས་བཞག་པར་བྱའི་སེམས་ཀྱི་འཇུག་པ་གཞན་དུ། སྐབས་དབྱེ་བར་མི་བྱ་སྟེ། དེ་ལྟར་ན་རབ་ཏུ་མཉམ་པར་བཞག་པ ་ཡིན་ནོ། །ཕྱག་རྒྱ་དེ་གནས་གང་དང་གང་དུ་བཞག་ན་བྱིན་གྱིས་རློབ་པར་འགྱུར་ཞེས་ན། སྙིང་ག་མཛོད་སྦུ་མགྲིན་སྤྱི་བོར་བཞག་ན་ཞེས་བྱ་བ་གསུངས་སོ། །སུ་ཞིག་གིས་བྱིན་གྱིས་རློབ་ཅེ་ན་སངས་རྒྱས་བྱིན་གྱིས་རློབ་པོ་ཞེས་གསུངས་སོ། །གནས་དེ་དག་ཏུ་ཕྱག ་རྒྱ་དེ་དག་བཞག་ན་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བྱིན་གྱིས་བརླབ་པའི་ཕྱག ་རྒྱ་སྟོན་ཏེ་འདིར་ཡང་དང་པོ་ཉིད་དུ། །བཛྲ་བནདྷ?་ཏྲ་ཊ་ཞེས་བརྗོད་ལ་རྡོ་རྗེ་བསྡམས་པ་སྙིང་གར་དབྱེ་བར་བྱའོ། །དེ་ནས་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་ཡེ་ཤེས་དབབ་པ་བསྐྱེད་ལ་ཇི་སྐད་གསུངས་པའི་ཚུལ་གྱིས་རང་གི་ལུས་རྣམ་པར་བཤིག་ནས། དེ་ནས་བསོད་ནཾས ་ཀྱི་ཚོགས་ཟླ་བའི་དཀྱིལ་འཁོར་བསམ་མོ?། །དེ་ནས་དེའི་སྟེང་དུ་རང་གི་རིགས་ཀྱི་ཕྱག་རྒྱའི་མཚན་མ་བསམས་ལ། དེ་ནས་རང་གི་ལྷའི་རྣལ་འབྱོར་བསམས་ཏེ། ཕྱག་རྒྱ་དེ་ཉིད་ལས་རང་གི་ལྷའི་ཕྱག་རྒྱ་ཆེན་པོར་བསམ་མོ། །དེ་ནས་སེམས་དཔའ་ ་རྡོ་རྗེ་མས་བརྟེན་པར་བྱའོ། །ཇི་ལྟར་ཞེས་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། བདག་ནི་རྡོ་རྗེ་སེམས་དཔའ་ཨོ་ཞེས་ང་རྒྱལ་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྒྱལ་པོ་ལ་སོགས་པ་ཡང་ཡོད་མོད་ཀྱི་དེ་རྣམས་ནི་རྡོ་རྗེ་སེམས་དཔའ་ཨི་རྣམ་པ་ཡིན་པར ་ཟད་པས་ན་ཉེས་པ་མེད་དོ། །དེ་བས་ན་རྒྱུད་ལས་མ་ཧཱ་ས་མ་ཡས་ཏྭ་ཧཾ་ཞེས་བྱ་བའི་དམ་ཚིག་ཆེན་པོའི་སེམས་དཔའ་ནི་བདག་གོ་ཞེས་གསུངས་པ་ཡིན་ཏེ་ཐམས་ཅད་དུ་ང་རྒྱལ་བྱ་བ་ཡིན་ནོ། །དེ་ནས་སྔར་བཤད་པའི་གནས་བཞིར་ཕྱག་རྒྱ་བཞག་ན། བྱིན ་གྱིས་རློབ་ཅེས་བྱ་བ་དེ་ནས་རང་གི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བའོ། །ད་ནི་རྡོ་རྗེ་རིགས་ཀྱི་བྱིན་གྱིས་བརླབ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བཛྲ་པནདྷ?་ཏ་?་ཞེས་བྱ་བ་ལ་སོགས་པས་སྔོན་གྱི་དུས་སུ་བྱ་པའི་རྣམས་དེ་བཞིན་དུ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ? ་?། །རབ་མཉམ་བཞག་པས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་འཇིག་རྟེན་དབང་པོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་བྱིན་གྱིས་བརླབ་པའི་རྒྱུད་སྟོན་ཏེ། རྡོ་རྗེ་པདྨ་སྨོས་པ་ནི། ་?་རྡོ་རྗེ་ཆོས་མ་ལ་བྱ་སྟེ། རྡོ་རྗེ་དབྱིངས་ལས་སེམས་དཔའ་རྡོ་རྗེ་མར་བསྟན་པ་གང་ཡིན་པའོ། །རབ་ཏུ་བྱིན་གྱིས་བརླབ་ཕྱིར་བརྟག་ཅེས་བྱ་བ་ནི་ལེགས་པར་བྱིན་གྱིས་རློབ་པས་ན་རབ་ཏུ་བྱིན་གྱིས་བརླབ་པ་སྟེ། དེའི་ཕྱིར་བརྟག་པ་ནི་དེའི་ཕྱིར་?་ཅེས ་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་བྱིན་གྱིས་བརླབ་པའི་རྒྱུད་སྟོན་ཏེ། རྡོ་རྗེ་ནོར་བུ་རིན་པོ་ཆེ་ནི་སེམས་དཔའ་རྡོ་རྗེ་མའི་གནས་སུ་བརྟན་པའི་རྡོ་རྗེ་རིན་ཆེན་གྱི་མྱུ་གུ ་ལ་བྱ་སྟེ་དེ་བཅིང་པའོ། །ལྷག་མ་རྣམས་ནི་གོ་སླ་སྟེ། རིགས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ཆོ་ག་རྒྱས་པའི་རྒྱུད་དོ། །ད་ནི་དབང་བསྐུར་བའི་ཕྱག་རྒྱའི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དང་པོར་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས ་པའི་དབང་བསྐུར་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཞེས་སྨོས་མོད་ཀྱི་འོན་ཀྱང་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཉིད་ཡིན་པར་ཤེས་པར་བྱའོ། །གང་དུ་དབང་བསྐུར་བར་བྱ་ཞེ་ན། དེའི་ཕྱིར་དཔལ་བར་རབ་ཏུ་བཞག?་བྱས་ན་ཞེས་བྱ་བས ་སྟོན་ཏོ། །སྙིང་པོ་གང་གིས་བྱ་ཞེ་ན། ད་ནི་དེའི་སྙིང་པོ་བསྟན་པ་ནི་རྡོ་རྗེ་རིན་ཆེན་ཞེས་བྱ་བ་སྟེ་བཛྲ་རཏནའོ། ། བྷི?་ཥིཉྩ་མཾ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་བས་ན་སྙིང་པོ་དེ་ཉིད་ཀྱིས་ན་དང་པོ་ཡང་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཡིན་པར་མངོན་ནོ། །དེ ་བས་ན་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དཔྲལ་བར་བཞག་ན་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བར་དེ་འགྱུར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་སྟོན་ཏོ། །དེ་ནི་རྡོ་རྗེ་དབྱིངས་བར ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་བསྐུར་བའི་རྒྱུད་སྟོན་ཏེ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ལ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཙུག་ཏོར་གྱི་གནས་སུ་བཞག ་པར་རང་གི་སྙིང་པོས་དང་པོར་བསམ་པར་བྱའོ། །དེ་ནས་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་དབྲལ་བའི་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་རང་གི་སྙིང་པོས་བཞག་ཅིང་བསམ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་མ་བཅིངས ་ལ་རྣ་བ་གཡས་པའི་སྟེང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དེ་བཞིན་དུ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ཆོས་མ་བཅིངས་ལ་མགོ་པོའི་རྒྱབ་ཏུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པས་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ལས་མ་བཅིངས་ལ་དེས ་རྣ་བ་གཡོན་བའི་སྟེང་དུ་གཏུགས་ཏེ་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པ་བསམ་པར་བྱའོ། །དེ་ལྟར་ན་རྡོ་རྗེ་དབྱིངས་དབང་ལ་སོགས་པ་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཐོག་མར་བྱས་པ་གང་ཡིན་པ་དེ་དག་ནི་རྡོ་རྗེ་དབྱིངས་དབང་ལ་སོཌ ་པའོ། །དེ་ལྟ་བས་ན་དེ་རྣམས་ཀྱི་སངས་རྒྱས་ཕྱག་རྒྱས་མདུན་ནས་ནི་ཞེས་བྱ་བ་མདུན་ནས་བརྩམས་ཏེ། གཡས་ནས་བསྐོར་ནས་ངོས་བཞི་ཆར་དུ་ཡང་ཕྲེང་བ་ཉིད་ཀྱིས་དབང་བསྐུར་འགྱུར་ཞེས་བྱ་བ་སྟེ། ནི་རྒྱུད་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས ་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བའོ། །དེ་ཡང་དོན་གྱི་དབང་གིས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་སྤྱི་གཙུག་ཏུ་བཞག་སྟེ་སངས་རྒྱས་བཞི་མ་གྲོ་ལ་ཕྲེང་བར་བྱ་བ་དང། འོག་ནས་འབྱུང་བའི་ཆོ་ག་བྱ་བའོ། །ད་ནི་རྡོ་རྗེ་དབང་གི་ཕྲེང ་བ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དབང་བསྐུར་བའི་དངོས་གྲུབ་ཀི་རྒྱུད་སྟོན་ཏོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས་སུ་ཕྱག་རྒྱ་ལྔ་བསྟན་པ་གང་ཡིན་པ ་དེ་ནི་འདིར་རྡོ་རྗེ་དབང་གི་ཕྲེང་བ་ཞེས་གསུངས་ཏེ། དེ་བཅིངས་ནས་དཔྲལ་བར་བཞག་ན་དེ་རྡོ་རྗེ་ཕྲེང་བས་དབང་བསྐུར་བར་འགྱུར་རོ། །ད་ནི་ཆོས་ཀྱི་རྡོ་རྗེ་བཅིངས་ནས་ཀྱང་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དབང་བསྐུར་བ་སྟོན་པོ། །དེ་ལ་ཆོས་རྡོ ་རྗེ་མ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་གནས་པའི་སེམས་དཔའ་རྡོ་རྗེ་མ་ཉིད་ཡིན་པར་ཤེས་པར་བྱའོ། །མགོ་བོར་བཞག་སྟེ་དེས་དབང་བསྐུར་ཞེས་བྱ་བ་ནི་དཔྲལ་བའི་གནས་སུ་སྡང་བ་མཛའ་ལས་ཀྱི་དབང་བསྐུར་ན་འཇིག་རྟེན་དབང་ཕྱུག་གིས ་དབང་བསྐུར་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་རྡོ་རྗེ་རིན་ཆེན་མྱུ་གུ་བཅིངས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དབང་བསྐུར་བའི་རྒྱུད་སྟོན་ཏོ། །དེ་ལ་རྡོ་རྗེ་རིན་ཆེན་མྱུ་གུ ་ནི་སྔར་བཤད་པ་སྟེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་སེམས་དཔའ་རྡོ་རྗེ་མའི་གནས་སུ་བཅིངས་པའི་ཕྱག་རྒྱ་གང་ཡིན་པ་དེ་དཔྲལ་པའི་གནས་སུ་བཞག་སྟེ། ངེས་དབང་བསྐུར་ན་སངས་རྒྱས་ཐམས་ཅད་ཀྱིས་དེ་མཆོད་པའི་དབང ་ཕྱུག་ཏུ་དབང་བསྐུར་བར་འགྱུར་རོ། །དེ་ལས་ཀྱང་རིན་པོ་ཆེའི་རིགས་སུ་སངས་རྒྱས་མཆོད་པ་ལ་སོགས་པའི་ལས་རྣམས་ལ་དེ་དབང་བསྐུར་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བའི་རྒྱུད་ནི་བཤད་ཟིན་ཏོ། །ད་ནི་ཏིང་ངེ ་འཛིན་འགྲུབ་པའི་རྒྱུད་སྟོན་ཏེ། དེ་ལས་ཀྐཡང་དང་པོར་རྒྱལ་བ་ཀུན་གྱི་རྣམ་པར་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་གྱི་རྒྱུད་སྟོན་ཏེ། དེ་ཡང་སྔར་བཤད་པའི་ཚུལ་གྱིས་སེམས་སོ་སོར་རྟོགས ་པ་ལ་སོགས་པའི་རིམ་གྱིས་བསོད་ནམས་དང་ཡེ་ཤེས་གྱི་ཚོགས་པར་སུ་རྫོགས་པར་བསམས་ལ་སངས་རྒྱས་ཀྱིས་ཕྱག་རྒྱ་བསྒྲུབས་ཏེ། རྡོ་རྗེ་ཉི་མ་ལ་ཐུག་གི་བར་དུ་བསམས་ལ་བྱིན་གྱིས་བརླབས་ཅིང་དབང་བསྐུར་པ་བྱའོ། དེ་ནས ་རྒྱལ་བ་ཀུན་གྱི་རྣམ་པར་ནི་ཞེས་བྱ་བ་མཚན་དང་དཔེ་བྱང་གྱི་རྣམ་པར་བྱ་ཞིང་རྒྱལ་བ་ཐམས་ཅད་ཀྱི་ཕྱུག་རྒྱ་མཉམ་པར་བཞག་པ་སྟེ་སེམས་རྩེ་གཅིག་པས་བཅིང་བར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན་སྔགས་ཀྱི་རིག་པ ་བཟླས་ནི་ན་ཞེས་བྱ་བ་གསུངས་སོ། །དེ་ལྟར་བཟླས་པས་ཅིར་འགྱུར་ཞེ་ན། མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར་ཞེས་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་སོ་ཞེས་སྟོན་ཏོ། །ད ་ནི་སེམས་དཔའ་ཨི་བྱིན་རླབས་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་དཔའ་ཨི་བྱིན་རླབས་ཚུལ་གྱིས་ནི་ཏིང་ངེ་འཛིན་རྡོ་རྗེ་ཆོས་ཀྱིས་ཀྱང་ཞེས ་བྱ་བ་ལ་རྡོ་རྗེ་ནི་འདིར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཟུང་ངོ། །དེ་ཉིད་ཆོས་ཡིན་པས་ན་རྡོ་རྗེ་ཆོས་ཏེ་ངེས་སེམས་དཔའ་ཨི་བྱིན་རླབས་ཚུལ་གྱིས་ཞེས་བྱ་བ་སྟེ། སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའི་ཐུགས་ཀའ་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ཆོས ་ངེས་ཟླ་བའི་དཀྱིལ་འཁོར་གྱི་སེམས་དཔའ་དེ་བྱིན་གྱིས་བརླབ་པ་ནི་ཡོངས་སུ་གཞུང་བའོ། །འདི་ཉིད་རྣལ་འབྱོར་ཡིན་པས་ན་སེམས་དཔའ་ཨི་བྱིན་རླབས་ཚུལ་གྱི་ནི་ཞེས་བྱ་པའོ། །རྣལ་འབྱོར་དེ་ལས་དེ་བཞིན་གཤེགས་པའི་རིགས་སུ་ཏིང་ངེ་འཛིན་ལ་འཇོག ་སྟེ་འདི་བསམ་པ་གཙོ་པོ་ཡིན་པས་ན་ཕྱག་རྒྱ་ཆེན་པོ་ཡང་འདི་ལ་ཡོད་དོ། །རྡོ་རྗེ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི་ལྕགས་ཀྱུ་ལ་སོགས་པ་ཡང་ཡོད་ངོས་ཡང་ན་རྡོ་རྗེ་ཆོས་ཀྱིས་ཞེས་བྱ་བ་ནི་མི་ཕྱེད་པའི་ཆོས་ཀྱིས་སོ། །སེམས་དཔའ་ཨི་བྱིན ་རླབས་ཚུལ་གྱིས་ནི་ཞེས་བྱ་བ་ནི་སེམས་བྱིན་གྱིས་རློབ་པའི་སྦྱོར་བ་སྟེ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་གྱིས་ཞེས་བྱ་བའི་དོན་ཏེ། དེ་ལྟར་ན་ཏིང་འཛིན་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་དེ་ལྟ་བུ་ལ་གནས་པས་ཅིང་འགྱུར་ཞེ ་ན། སྙིང་པོ་ཕྱག་རྒྱ་སྔགས་རིགས་རྣམས། །ཟློས་པས་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། འདི་ནི་གོ་སླའོ། །ད་ནི་འདོད་ཆགས་ལས་ནི་ཁྱོད་བྱུང་སྟེ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དོ་སྟོན་ཏེ ་དེ་ལ་འདོད་ཆགས་ལས་ན་ཁྱོད་བྱུང་སྟེ་ཞེས་བྱ་བ་ལ་འདོད་ཆགས་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དེ་ལས་བྱུང་བ་ནི་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་དེ་དེ་བདག་ཡིན་ནོ། །ཞེས་བསྒོམས་པ་འདི་ནི་ཏིང་ངེ་འཛིན་ཡིན་ནོ། །སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་འཇིག་རྟེན་དབང་པོའི་རིགས་ཟློས་པས་ཞེས་བྱ་བ་ལ་སོགས་པ་འདི་ནི་པདྨའི་རིགས་ཀྱི་ཏིང་ངེ་འཛིན་གྱི་རྒྱུད་དོ། །བྱམས་པས་འགེངས་པའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་སྔར་བཤད་པ་ཕྱོགས་གཅིག ་ནས་བརྩམས་ཏེ། ཞེས་བྱ་པ་ལ་སོགས་པས་བཤད་ཟིན་པའོ། །རྣལ་འབྱོར་འདི་སྙིང་པོ་ལ་སོགས་པས་བསྒྲུབ་པར་བྱ་བ་སྟེ་ལྷག་མ་རྣམས་ནི་གོ་སླའོ། །ནམ་མཁའ་ཀུན་གྱི་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི ་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། ནམ་མཁར་ཀུན་གྱི་ཏིང་འཛིན་ནི། རབ་མཉམ་བཞག་པས་བསྒོམ་ན་ཡང་ཞེས་བྱ་བ་ནི་དངོས་པོ་གཅིག་ལ་དེ་ནི་གཅིག་མིན་དུ་མ་མིན་ཞེས་བྱ་བ་ལ་སོགས་པས་རྣམ་པར་བསྒོམས་ལ། དངོས ་པོ་གཅིག་གི་རང་བཞིན་དུ་དོན་དམ་པར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་དང་འདྲའོ་ཞེས་པ་སྟེ། དེ་ལྟར་ན། ནམ་མཁའ་ཀུན་གྱི་ཏིང་འཛིན་ནི། །རབ་མཉམ་བཞག་པས་བསྒོམས་ན་ཡང། །སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །བསྒྲུབས་ན་ཀུན་ཏུ་འགྲོ ་བར་འགྱུར་ཞེས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོས་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དོ། །ད་ནི་མཆོད་པའི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །དེ་ལས་ཀྱང་དང་པོར་རབ་མཉམ་བཞག་པས་ཞེས་བྱ་བ་ལ་སོགས་པས ་དེ་བཞིན་གཤེགས་པའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དང་པོར་ནི་འདུག་པ་ལ་སོགས་པ་མཆོད་པ་བྱས་ལ་ཞེས་བྱ་བ་ལ་གང་ལས་དང་པོ་ཞེ་ན། སྒྲུབ་པའི་དུས་ལས་སོ། །དེ་ནས་དངོས་གྲུབ་བསྒྲུབ་པར་བྱ་སྟེ། སྒྲུབ་པ་ཡང ་འདིར་ཕྱག་རྒྱ་བསྒྲུབ་པ་ཡིན་ཏེ་དགུག་པ་དང་གཞུག་པ་ལ་སོགས་པས་སོ། །དངོས་གྲུབ་ཀྱི་མཆོག་བསྒྲུབ་པ་ཡང་གཟུང་བར་བྱ་སྟེ། འདིར་གཉིས་ཀ་ཡང་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་ཡིན་ནོ། །ད་ནི་གསང་བའི ་མཆོད་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གསང་བའི་མཆོད་པ་རྣམ་བཞི་ཡིས་ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམ་བཞི་སྟེ།། ་བཞི་པོ་དེས་གསང་བའི་མཆོད་པ་བརྗོད་བྱེད་ཅིང་ཅེས་བྱ་བ་གསང་བའི་མཆོད་པ་རྡོ་རྗེ་སེམས་དཔའ་བསྡུས་པས་ན་ཞེས་བྱ་བ་ལ་སོགས་པ་གླུའི་ཚིག་ཏུ་བསྟན་པ་དེ་བརྗོད་པར་བྱེད་བཅིང་དང་པོར་གསང་བའི་མཆོད་པ་རྣམ་པ་བཞི་བྱའོ།། ་ཡང་ན་མཆོད་པ་དེ་དེ་?་རྡོ་རྗེ་གླུ་དེ་དེ་?་རང་རང་གི་སྙིང་པོས་མཆོད་པ་བྱའོ། །བདག་དབུལ་བ་ལ་སོགས་པ་ཡི་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པས་ཡང་དག་པར་བསྡུས་པའི་ལས་ཀྱི་དཀྱིལ་འཁོར་དུ་བསྟན་པའི་མཆོད་པ་རྣམ་པ་བཅུ་དྲུག་བསྟན ་པ་ཡིན་པར་བལྟ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་རྣམ་པ་བཞི་དང། ཕྱག་བྱ་བའི་མཆོད་པ་བཞི་བདག་དབུལ་བ་ཞེས་སྨོས་པར་བསྟན་པ་དང། ཆོས་ཀྱི་མཆོད་པ་རྣམ་པ་བཞི་དང། ཏིང་ངེ་འཛིན་གྱི་མཆོད་པ་རྣམས་པ་བཞི་རྣམས་ཏེ། སོགས་པ་ཞེས་བྱ་བ་སྨས་པས་ནི ་མཆོད་པ་རྣམ་པ་བཅུ་དྲུག་པོ་འདི་དག་བསྡུ་བར་བལྟ་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ལ་མཆོད་པ་དེ་རྣམས་ཀྱི་མཆོད་པ་བྱས་ན་འགྲུབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨོ། །ད་ནི་ཁྲོ་བོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་མཆེའི་པའི་དངོས ་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁྲོ་བོ་རྡོ་རྗེའི་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་དོ། །དེའི་མཆོད་པ་ཆེན་པོ་ཡིན་པས་ན་ཁྲོ་བོ་རྡོ་རྗེའི་མཆོད་པ་ཆེན་པོ་སྟེ། ཆེ་བའི་མཆོད་པ་ཉིད་དེ་གསང་བའི་དཀྱིལ་འཁོར་དེ་ཉིད་དུ་གཏོགས་པའི་གསང་བའི་མཆོད་པ་བཅུ ་དྲུག་པོ་རྣམས་ལ་བྱའོ། །དེ་ཇི་ལྟར་བྱ་ཞེ་ན་ཁྲོ་བོའི་གསང་བ་བརྗོད་བྱེད་ཅིང་ཞེས་བྱ་བ་སྟེ། དེ་ལ་དེ་དག་གི་སྙིང་པོ་དེ་ཉིད་ལ་ཁྲོ་བོའི་གསང་བའི་སྐྲར་བཤད། དེའི་ཚིག་ཏུ་བརྗོད་ཅིང་བྱེད་པའོ། །ཕྱག་རྒྱ་ཇི་ལྟ་བུར་བཅིང་ཞེ་ན་ཁྲོ་བོའི་ཁུ་ཚུར་རབ་བྱས་ན་ཞེས་བྱ་བ་སྟེ། ཁྲོ་བོའི་?་ཚུལ་?་པོ ་ཐམས་ཅད་བཅིང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། དེ་ལྟར་མཆོད་པས་ཅིང་འགྱུར་ཞེ་ན། མྱུར་དུ་བདག་གི་རིགས་འགྲུབ་བོ་ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེན?་།བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་?་སྡེ་ན?་ཡོས་ཞུས་བྱ་བ ་ལ་སོགས་པས་པདྨའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི། །ཚུལ་རྣམས་ཞེས་བྱ་བ་ལ་གཞུང་རྒྱས་པ་མདོ་ཙམ་དུ་སྟོན་པས་ན་མདོ་སྡེ་དེས་རྣམ་པར་བསམས་པར་དོན་ངེས་པར་སྟོན་པར་བྱེད་པས་ན་མདོ་སྡེའོ། །ཆོས་ཉིད་ཀྱི་དོན་གྱི་དེ་ཁོ་ན་ཉིད ་སྟོན་པས་ན་ཟབ་བའོ། །རྣམ་པར་དག་ཅིང་རྒྱ་ཆེ་བ་སྣ་ཚོགས་པའི་གོས་དང། རིན་པོ་ཆེ་ལ་སོགས་པའི་ཚོགས་བསགས་པ་དང་ལྡན་པས་ན་རྒྱ་ཆེ་བའོ། །མདོ་སྡེ་ཡང་ཡིན་ལ་ཟབ་ཅིང་རྒྱ་ཆེ་བ་ཡང་ཡིན་པས་ན་མོད་སྡེ་ཟབ?་ཅིང་རྒྱ་ཆེ་བ་སྟེ། འཕགས་པ་སྡོང་པོས ་བཀོད་པ་ལ་སོགས་པའོ། །དེ་དག་གི་ཚུལ་ནི་དེའི་སྦྱོར་བ་གང་ཡིན་པའི་མཆོད་པའོ། །བརྗོད་པ་ནི་རྣམ་པ་སྣ་ཚོགས་དུ་མ་རོ། །ཕུལ་ནས་ནི་ཞེས་བྱ་བ་ནི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལའོ། །གང་གི་ཤེ་ན། ཡིད་དང་དག་གིས་སོ། །དེས་ཅིར་འགྱུར་ཞེ་ན། དངོས ་གྲུབ་མྱུར་དུ་འཐོབ་པར་འགྱུར་ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ་ཞེས་པས་སྟོན་ཏོ། །ད་ནི་གདུགས་དང་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མཆོད་པའི་དངོས ་གྲུབ་ཀྱི་རྒྱུད་སྟོན་ཏེ། གདུགས་ནི་རིན་པོ་ཆེའི་གདུགས་ལ་སོགས་པའོ། །རྒྱལ་མཚན་ནི་རྣམ་པར་རྒྱལ་བ་ལ་སོགས་པའོ། །འཕན་ནི་ཚལ་བུའི་དང་ལན་?་སོགས་པའོ། །རྒྱལ་པོའི་མཆོད་པ་ཞེས་བྱ་བ་ནི་རྒྱལ་པོའི་མཆོད་པ་ཡིན་པས་ན་རྒྱལ་པོའི་མཆོད ་པ་སྟེ། ཅོད་པན་ལ་སོགས་པ་རྒྱན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་པ་དང། བསིལ་ཡབ་ལ་སོགས་པར་ལོངས་སྤྱོད་དུ་བྱ་བའི་རྣམས་སོ། །དེ་ལྟར་གདུགས་དང། རྒྱལ་མཚན་དང། འཕན་རྣམས་དང། རྒྱལ་པོའི་མཆོད་པ་དེ་རྣམས་ཀྱིས་ཅི་ཞིག་བྱེད་ཅེ་ན། མཆོད ་བྱེད་ཅིང་ཅེས་བྱ་བ་གསུངས་སོ། །ཅི་དེ་དག་འབའ་ཞིག་གིས་དངོས་གྲུབ་ཏུ་འགྱུར་རམ། ཞེས་ན། སྨྲས་པ། མ་ཡིན་ཏེ། སྦྱིན་པ་ཐམས་ཅད་སྦྱིན་ན་ནི་ཞེས་བྱ་བ་གསུངས་སོ། །དེས་ཅིར་འགྱུར་ཞེ་ན། ནོར་བུའི་རིགས་ནི་ཐམས་ཅད་འགྲུབ་ཅེས་བྱ་བ་གསུངས་སོ ་དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ་ཞེས་བྱ་བས་སྟོན་ཏོ། །བྱིན་གྱིས་བརླབ་པ་ལ་སོགས་པའི་རབ་ཏུ་བྱེད་པ་རྣམས་འབྲས་བུའི་ཚུལ་གྱིས་འཇུག་བསྡུ་བར་བསྟན་པ་ནི། རང་ལ་བྱིན་གྱིས་བརླབས་སོགས ་ལྡན། རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར་ཞེས་བྱ་བ་སྟེ། བྱིན་གྱིས་བརླབ་པ་ལ་སོགས་པ་ནི་བཤད་ཟིན་ཏེ། དེ་དང་རབ་ཏུ་ལྡན་པའི་སྔགས་པ་ནི་རྡོ་རྗེ་སེམས་དཔའ་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱིན་གྱིས་བརླབ་པ་ལ་སོགས་པའི ་ཆོ་གའི་ཚོགས་རྣམས་ཀྱི་རང་གི་ལྷའི་རྣལ་འབྱོར་བྱས་ནས་ཅི་ཞིག་བྱེད་ཅེ་ན། ཡེ་ཤེས་ཀྱི་དངོས་གྲུབ་ལ་སོགས་པ་རབ་ཏུ་བྱེད་པ་རྣམས་ཀྱི་འབྲས་བུ་སྟོན་པ་ནི་ཆོ་འཕྲུལ་རྣམ་པ་བཞི་ཡིས་ནི། རྡོ་རྗེ་སྣ་ཚོགས་འགྲུབ་བྱེད་ཅིང་ཅེས་བྱ་བ་ཡིན་ཏེ། ཆོ་འཕྲུལ་རྣམ ་པ་བཞི་ནི་རྫུ་འཕྲུལ་གྱི་ཚེ་འཕྲུལ་དང། ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །ཀུན་བརྗོད་པའི་ཆོ་འཕྲུལ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། གཅིག་ནི་དེའི་མོད་ཁོ་ན་ལའོ། །གཉིས་པ་ནི་དུས་འགྱུར་བ་སྟེ། དཔེར་ན་བྲམ་ཟེའི་ཁྲེའུ ་ཁྱོད་མ་འོངས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་འབྲས་བུ་མངོན་སུམ་དུ་གྱུར་བས་ན་གདོད་ཡིད་ཆེས་པ་སྐྱེ་བར་འགྱུར་གྱི་དེའི་མོད་ཁོ་ན་མ་ལ་ནི་མ་ཡིན་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ལོག་ཀུན་བརྗོད་པའི་ཆོ ་འཕྲུལ་ནི་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའོ། །རྗེས་སུ་སྟོན་པའི་ཆོ་འཕྲུལ་ནི་ཚེ་འཕྲུལ་རྣམ་པ་གཉིས་ཀྱིས་མགུ་བར་བྱ་སྟེ། སེམས་ཅན་རྣམས་ལ་ཕྱིན་ཅི་ན། ལོག་པར་ཆོས་སྟོན་པའོ། །དེ་ལྟ་རུའི་ཆོ་འཕྲུལ་རྣམ་པ་བཞི་ས་གདུལ་བྱ་རྣམས་ཀྱི་ཡིད་སོ་སོར་འཕྲོགས་པས ་ནི་ཚེ་འཕྲུལ་ལོ། །དེས་ཅི་བྱེད་ན། རྡོ་རྗེ་སྣ་ཚོགས་འགྲུབ་བྱེད་ཅིང་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སྣ་ཚོགས་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་སོ། །རྡོ་རྗེ་སྣ་ཚོགས་ཉི་ཚེར་མ་ཟད་ཀྱི་དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ཀྱིས་ནི་བྱིན་གྱིས་རློབ་པ་ལ་སོགས་པའི་རབ་ཏུ་བྱེད་པ་རྣམས་ཀྱི་མཇུག?་སྡུད་པར་སྟོན་པ་ཡིན་ནོ། །ད་ནི་མངོན་པར་ཤེས་པ་བསྒྲུབ་པའི་རྒྱུད་སྟོན་ཏེ། དེ་སྐད་དུ་གསུངས་པའི་རབ་ཏུ་སྦྱོར་བས་མངོན་པར་ཤེས་པའི་དངོས་གྲུབ་ཐོབ ་ནས་དགོས་པ་གྲུབ་པ་དེ་ནི་མངོན་པར་ཤེས་པའི་དངོས་གྲུབ་ཅེས་བྱ་སྟེ། དེ་སྟོན་པའི་གཞུང་ཡིན་པས་ན་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་དོ། །སྔ་མ་ནི་མངོན་པར་ཤེས་པ་ཉིད་འགྲུབ་པར་བྱེད་པའི་དོན་གྱི་རྒྱུད་ཡིན་པས་ན་མངོན་པར་ཤེས་པའི ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ཐོབ་པར་བྱ་བའི་ཐབས་སོ། །ཞེས་བྱ་བའི་དོན་ཏེ། འདིར་བྱེ་བྲག་ནི་འདིཡིན་ནོ། །ད་ནི་དེ་ལ་ལུས་ལ་ཞེས་བྱ་བ་ལ་སོགས་?་དེ་བཞིན་གཤེགས་པའི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ལུས་ལ་སངས་རྒྱས་ཏིང་འཛིན་ནི་ཞེས་བྱ་བ་ནི་གང་གི་ཚེ་རྣལ ་འབྱོར་པས་ནམ་བདག་གི་ལུས་སངས་རྒྱས་ཀྱི་སྐུར་བསྒོམས་པའི་སྟོབས་ཀྱིས་མཐོང་དམ་སྟོན་ནའོ། །འདི་ནི་བདེ་བར་གཤེགས་པ་ཉིད་ཀྱི་མངོན་པར་ཤེས་པ་བཟང་པོ་ཡིན་ཏེ། བདེ་བར་གཤེགས་པའི་སྐུར་སྟོན་པའི་ཕྱིར་རོ། །འདི་མིང་ཇི་སྐད་ཅེས་བྱ་ཞེ་ན། མངོན ་ཤེས་ཞེས་བྱའོ། །འདི་ནི་ཤིན་ཏུ་རྟོགས་པ་ཡིན་པས་ན་རབ་ཏུ་རྟོགས་པ་སྟེ། རབ་ཏུ་རྟོགས་པའི་རང་ཉིད་ཀྱིས་གོམས་པས་ངེས་པར་རྟོགས་པ་ཞེས་བྱ་བའི་དོན་ཏོ། །ངེས་ཅིར་འགྱུར་ཞེ་ན། སངས་རྒྱས་པའི་དངོས་གྲུབ་འཐོབ་ཅེས་གསུངས་སོ། །དེ་ནི་འཕྲུལ་གྱི ་མིག་ཅེས་བྱ་བ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་མངོན་པར་ཤེས་པའི་རིགས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། ཕྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་གྱིས་ཇི་སྐད་གསུངས་པ་བཞིན་དུ་བསྒོམ་པ་བྱས་ནས་རྡོ་རྗེ་སེམས ་དཔའ་བསྒྲུབ་པར་བྱ་སྟེ། ཟླ་རྒྱས་དཀྱིལ་འཁོར་ལ་གནས་པ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་གོ་སླའོ། །ད་ནི་ཁྲོ་བོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ་ཁྲོ་བོའི་མངོན་ཤེས་བསྐྱེད་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་རིགས་ལ་ཁྲོ་བོའི་གཟུགས་ཀྱི་རང་གི་ལྷའི་རྣལ་འབྱོར་ཡོངས་སུ་ཤེས་པ་ནི་ཁྲོ་བོའི་མངོན་ཤེས་ཏེ། དེ་བསྐྱེད་ནས་རབ་ཏུ་མཉམ་པར་བཞག་པས་བསྒྲུབ་པར་བྱའོ། །ཅི་ཞིག་བསྒྲུབ་ཅན། མངོན ་ཤེས་ལྔའོ། །དེ་ནས་མངོན་ཤེས་ལྔར་བདག་ཉིད་གྱུར་ནས་དངོས་གྲུབ་མཆོག་སྟེ་དམ་པ་འཐོབ་པར་འགྱུར་བ་སྟེ། སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་འདོད་ཆགས་མངོན་ཤེས་ཞེས་བྱ་བ་ལ་སོགས་པས་པདྨའི ་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་མངོན་ཤེས་བསྐྱེད་ནས་ཀྱང་ཞེས་བྱ་བ་ལ་འདོད་ཆགས་ནི་བཅོམ་ལྡན་འདས་པདྨ་ལ་ཆགས་པ་སྟེ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ། །དེའི་རང་གི་ལྷའི་རྣལ་འབྱོར་དུ་བསྐྱེད་པ་ཡོངས་སུ་ཤེས་པ་ནི་འདོད་ཆགས ་མངོན་ཤེས་སོ། །དེ་བསྐྱེད་ནས་རབ་ཏུ་མཉམ་པར་བཞག་པས་བསྒོམས་ལ་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱའོ། །དེ་ལྟར་མངོན་པར་ཤེས་པ་ལྔའི་ངོ་བོ་བདག་ཉིད་གྱུར་ནས་དངོས་གྲུབ་ཀྱི་དམ་པ་འདོད་པར་བྱས་ནས་དག་པའི་དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ ་ལྡན་འདས་རྡོ་རྗེ་སྤྱན་གྱི་གསུངས་སོ་ཞེས་བྱ་བ་ལ་དག་པའི་དངོས་གྲུབ་ནི་སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་དོ། །ད་ནི་མཆོད་པའི་མངོན་ཤེས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཆོད་པ་ནི་སངས ་རྒྱས་ལ་མཆོད་པ་སྟེ། ཕྱིའི་ཡོ་བྱད་ལ་བརྟེན་པ་དང། ཡིད་ཀྱིས་རྣམ་པ་སྣ་ཚོགས་པ་དུ་མའོ། །དེའི་མངོན་ཤེས་ནི་རྡོ་རྗེ་ལས་ཀྱི་ལྷར་བྱ་བ་ཡོངས་སུ་ཤེས་པའི་མཆོད་པའི་མངོན་ཤེས་སོ། །དེ་བསྐྱེད་པ་ནི་ཡང་དག་པར་བསྐྱེད་ནས་རབ་ཏུ་མཉམ་པར་བཞག་སྟེ་བསྒོམས་ལ ་མངོན་ཤེས་ལྔ་བསྐྱེད་པར་བྱའོ། །དེ་ལྟར་མངོན་ཤེས་ལྔར་བདག་ཉིད་གྱུར་ནས་དངོས་གྲུབ་དམ་པ་འདོད་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར་ཞེས་བྱ་བ་གསུངས་ཏེ། དངོས་གྲུབ་ཀྱི་མཆོག་ནི་སངས་རྒྱས་ཉིད་དམ་རྡོ་རྗེ་སེམས ་དཔའ་ཉིད?་དོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ཀྱིས་ནི་འཇུག་སྡུད་པ་སྟོན་ཏོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་གཏོགས་པའི་བྱང་ཆུབ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་པོ། །དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་ཏེ། སངས་རྒྱས་ཉིད་འཐོབ་པའི་ཡེ་ཤེས་དང། རྟོག་པ་བཞིའི་འཁོར་ལོ ་སྒྱུར་བ་ཉིད་འཐོབ་པའི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་སྤྲུལ་པའི་གཙོ་བོ་ཡིན་པས་ན་དེ་འཐོབ་པར་བྱེད་པའི་ཡེ་ཤེས་ལ་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཞེས་གསུངས་ལ། དེ་འགྲུབ་པར་བྱ་བའི་གཞུང་ཡིན་པས་ན་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། ། ་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་གནས། །ཞེས་བྱ་བ་ནི་སེམས་སོ་སོར ་རྟོགས་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་དུ་བསྐྱེད་པའོ། །བདག་ནི་སངས་རྒྱས་དྲན་བྱེད་ཅིང། །ཅེས་བྱ་བ་ནི་འདི་ལྟར་བདག་ཉིད་སངས་རྒྱས་ཉིད་དུ་བསྒོམས་ན་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ། །དེ་བས་ན་སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི ་ཞེས་བཅོམ་ལྡན་འདས་ཀྱི་གསུངས་ཏེ། གང་ཡང་ཆོས་ཉིད་ཡིན་པར་གསུངས་པ་འདི་ནི་སངས་རྒྱས་སངས་རྒྱས་ཉིད་གཞན་ལས་སངས་རྒྱས་འགྱུར་བ་མེད་ཅེས་བྱ་བ་སྟེ་དེར་ནི་ཏིང་ངེ་འཛིན་གྱི་རྒྱུ་འབའ་ཞིག་ཡིན་པར་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ཅེས་བྱ་བ ་འདིར་ནི་རྒྱུ་ཡང་ཡོད་མོད་ཀྱི་ཇི་སྐད་གསུངས་པ་བཞིན་བསྒོམས་ན་བྱང་ཆུབ་འཐོབ་པར་འགྱུར་པས་ན་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྱད་པར་ནི་དེ་ཡང་ངོ། །ང་ནི་རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་གནས། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བསྐྱེད་ལ་ཕྱག་རྒྱ་ཆེན་པོ་དེ་ཉིད་བསྒོམས་ན་དངོས་གྲུབ་འཐོབ་པར་འགྱུར་བ་སྟེ། རྡོ་སེམས་དཔའ་ཨི་ཉིད་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན་བཅོ ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་གསུངས་སོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །འདི་ཡང་རྡོ་རྗེ་སེམས་དཔའ་ཉིད་འཐོབ་པའི་ཡེ་ཤེས་ལ་བྱང་ཆུབ་ཆེན་པོ་ཞེས་གསུངས་པ་ཡིན་ནོ། །ད་ནི་ཁྲོ་བོའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་བྱང་ཆུབ ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུར་སྟོན་ཏེ། ཁྲོ་བོའི་རྒྱལ་པོའི་ཏིང་འཛིན་གནས། ཞེས་བྱ་བ་ལ་ཁྲོ་བོའི་རྒྱལ་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དེ་དེའི་ཏིང་ངེ་འཛིན་ལ་གནས་པ་ནི་དེའི་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །ལག་པས་དམ་ཚིག་མཆོག་བཅིངས་ལ། ཞེས་བྱ་བ་ནི ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པ་ཞེས་བྱ་བའི་དོན་ཏེ། དེ་ལྟར་བསྒོམས་ན་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའོ་དོན་ཏེ། དེ་ནི་བྱང་ཆུབ་ཆེན་པོའི་ཡེ་ཤེས་སོ། །ད་ནི་འཇིག་རྟེན་དབང ་ཕྱུག་ཅེས་བྱ་བ་ལ་སོགས་པས་ཆོས་ཀྱི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འཇིག་རྟེན་དབང་ཕྱུག་ཏིང་འཛིན་གནས། ཞེས་བྱ་བ་ལ་འཇིག་རྟེན་དབང་ཕྱུག་གི་རྒྱ་རྒྱ་ཆེན་པོ་བཅིངས་ལ་ཆོས་ཀྱི་ཕྱག་རྒྱ་བཟླས་ཤིང་དེ་བཞིན་དུ ་བསྒོམས་ན་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀུན་ཏུ་སྤྱན་རས་གཟིགྒས་ཀྱི་དབང་པོས་གསུངས་སོ་ཞེས་པའོ། །འདི་ཡང་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཉིད་ཡིན་ནོ། །ད་ནི་ནོར་བུའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སྙིང་པའི་ཏིང་འཛིན་གནས། ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །ལས་ཀྱི་ཕྱག་རྒྱ་ལས་ལེགས་བྱེད། ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱས་ལེགས་པར་གོམས་པར་བྱས་པའི་མཆོད་པའི་ལས་བྱེད ་པར་བདག་ཉིད་བསྒོམས་ན་རྡོ་རྗེ་ལས་ཉིད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། ཞེས་བྱ་བ་ནི་བཞི་ཆར་ཡང་འཚང་རྒྱ་བ་ཉིད་དམ། ས་ལ་སོགས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ལ་ཐམས་ཅད་དུ་བྱང ་ཆུབ་ཆེན་པོའི་ཡེ་ཤེས་འདི། ཞེས་གསུངས་པ་ཡིན་ནོ། །ལྷག་མ་རྣམས་ནི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དང་པོར་ཉིད་ཀྱིས་སངས་རྒྱས་ཞེས་བྱ་བ་ལ་སོགས་པས ་དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལ་དེ་བཞིན་གཤེགས་པའི་བཟླས་བརྗོད་བྱེད་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱའོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་དོན་དུ ་གཉེར་བ་དང། སེམས་ཅན་རྣམས་ཀྱི་དོན་བྱེད་པ་དང། བདག་ཉིད་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པར་གྱུར་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆགས་པས་གསུངས་སོ་ཞེས་པ་སྟེ་རྡོ་རྗེ་ཆགས་པས་ཞེས་བྱ་བ་ནི་འདིར་མཉེས་པར་བྱ་བའི ་དབང་དུ་བྱས་བ་ཡིན་པ་?་བཅོམ་ལྡན་འདས?་ཕྱག་ན་རྡོ་རྗེ་དེ་ཉིད་རྡོ་རྗེ་ཆགས་པའི་སྒྲར་གསུངས་པ་ཡིན་པར་ཤེས་པར་བྱའོ། །ད་ནི་ཇི་ལྟར་ཡུལ་དང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཇི་ལྟར་ཡུལ་དང་ལྡན ་གྱུར་ན། ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་ཟློས་པ་པོ་ཁྱིམ་པ་གཞན་ཞིག་ཡིན་ན་ཁྲུས་བྱས་ལ་ལུས་དྲི་ཞིམ་པོས་བྱུགས་ཤིག་སྐྲ་དྲི་ཞིམ་པོས་བྱུགས་པ་དང། གོས་བཟང་པོ་བགོམ་དང། རྒྱན་བཟང་པོ་གདགས་པ་དང། དྲི་དང་བྱུག་པ་ལ་སོགས་པས་བརྒྱན་པ་དང། ཡུལ ་གྱི་འབྱོར་བ་ཅི་ཡོད་པའི་ཡུལ་དང་ལྡན་པར་བྱས་ལ་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །གལ་ཏེ་རབ་ཏུ་བྱུང་བ་ཞིག་ཡིན་ན་ཡང་གང་ཆོ་ག་དང་མི་འགལ་བའི་ཡུལ་གྱི་ཡུལ་དང་ལྡན་པར་གྱུར་པ་དང། ཁྲུས་བྱ་བདག་གོས་དང། བཟའ་བ་དང། བཅུང?་བ་ལ་སོགས ་རང?་ཡུལ་ཇི་ལྟ་བ་རང་ལྡན་པར་གྱུར་པས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ། །ཡུལ་དང་ལྡན་པར་གྱུར་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་དེ་ཉིད་བསྐུལ་ན་ཞེས་བྱ་བ་སྟེ། སུ་ར་ཏསྟཝཾ?་ཞེས་བྱ་བ་འདི་ནི་ཁོ་ན་ཉིད་ནི་དེ་བསྐུལ་བ་སྟེ། འདིས་མྱུར་བར་མཉེས་པར ་བྱས་པར་འགྱུར་བས་དེ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་སངས་རྒྱས་བཀའ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་མཉེས་བར་བྱེད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །བྲོས་པས་མངོན་སྤྱོད་བྱས་ན་ནི་འདིས་རྡོ་རྗེ་རྣམས་མཉེས་པར་འགྱུར་རོ་ཞེས ་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་གསུངས་སོ། །ཞེས་བྱ་བར་སྦྱར་རོ། །གང་ཞིག་ལ་མངོན་སྤྱོད་བྱ་ཞེ་ན། མ་རུངས་པ་རྣམས་ལའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྦྱུང?་བའི་ཕྱིར་དང། སངས་རྒྱས་ཀྱི་བཀའ་བསྒྲུབ་པའི་ཕྱིར་ཇི་སྐད་དུ་གསུངས་པའི་ལས་བྱས་ན ་རྡོ་རྗེ་རྣམས་མཉེས་པར་བྱེད་པ་ཡིན་ནོ། །དེ་ཡང་སེམས་ཅན་སྦྱང་བ་ནི་ལྷ་ཆེན་པོ་ལ་སོགས་པ་ལྟ་བུའོ། །སངས་རྒྱས་བཀའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པའི་ཆོག་ཇི་སྐད་དུ་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ད་ནི་ཆགས་པས་ཞེས་བྱ་བ་ལ་སོགས་པས ་པདྨའི་རིགས་ཀྱི་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། པདྨའི་རིགས་ཟློས་པའི་རྣལ་འབྱོར་པས་ཆགས་པས་ཀུན་ཏུ་བལྟ་བར་བྱ་སྟེ། སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་ཉེས་པ་མེད་པ་དང། མ་ཆགས་པ་ཁོང་ཁྲོ་བ་མེད་པའི་རྒྱུས་བལྟ་བར་བྱ་བ་དང། ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱ་བ་དང། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་སྙིང་རྗེ་བྱ་བ་དང། སེམས་ཅན་རྣམས་ལ་མི་འཇིགས་པའི ་སྦྱིན་པ་ཡང་སྦྱིན་པར་བྱ་སྟེ་དེ་ལྟར་ན་པདྨའི་རིགས་མཉེས་པར་བྱས་པ་ཡིན་ནོ། །ད་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དབང་བསྐུར་བ་ནི་རབ་སྦྱིན་དང་ཞེས་བྱ་བ་ནི་སངས་རྒྱས་རྣམས་ལ་དབང་བསྐུར་བ ་བསྟན་པ་ནི་རབ་སྦྱིན་པ་ཞེས་བྱའོ། །ནོར་བསགས་རབ་ཏུ་སྦྱིན་ཅིང་ཞེས་བྱ་བ་ནི་མཆོད་པ་དང་ནོར་བསགས་པ་སྦྱིན་པར་བྱེད་ན་ནོར་བུའི་རིགས་སུ་སངས་རྒྱས་རྣམས་མཉེས་པར་བྱེད་པ་ཡིན་ནོ། །དེ་ཡང་སངས་རྒྱས་དོན་དུ་སྦྱོར་བ་ཞེས་བྱ་བ་ནི་བཞི་པོ་འདི་དག་ལ་གནས་པ་ནི ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལས་ཀྱང་དང་པོར་དེ་ལྟར་རྣམ་དག་ཅེས་བྱ་བ་ལ་སོགས་པས་དེ་དེ་བཞིན་གཤེགས་པ་དབང་དུ ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལྟར་རྣམ་དག་བདེ་སྦྱིན་པ། །འདོད་ཆགས་ལ་ནི་བརྙས་མི་བྱ་ཞེས་བྱ་བ་ལ་འདིར་འདོད་ཆགས་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ལ་བྱ་བར་ཤེས་པར་བྱའོ། །དེ་ཉིད་ཀྱིས་ན་དེ་ལྟར་རྣམ་པར་དག་པ་དང་བདེ་བ་སྦྱིན་པ་ཡིན་ཏེ། འཁོར་བ་པ་ཐམས ་ཅད་ལ་བླ་ན་མེད་བའི་ཆོས་ཀྱི་རྒྱལ་པོའི་བདེ་བའི་བར་གྱི་བདེ་བ་དེ་ཐམས་ཅད་སྦྱིན་པར་བྱེད་པས་ན་བདེ་བ་སྦྱིན་པ་སྟེ། དེ་བས་ན་དེ་ལྟར་བུའི་འདོད་ཆགས་ལ་བརྙས?་པར་མི་བྱ་ཞིང་ཁྱད་དུ་བསད་པར་མི་བྱ་བ་ལ་དོར་ཞིང་སྤང་བར་མི་བྱའོ། །ཞེས་བྱ་བ་འི་དོན་ཏེ། རྣམ་པར་ངག་བའི ་ཕྱིར་དང་བདེ་བ་སྦྱིན་པ་ཡིན་པའི་ཕྱིར་སེམས་ཅན་ཀུན་གྱི་དོན་གྱི་རྒྱུར་སྦྱོར་བ་ལ་ནན་ཏན་དུ་བྱ་བ་ལ་བརྩོན་པར་བྱའི། བདག་གྲོལ་བ་འབའ་ཞི་གི་དོན་དུ་ནི་མ་ཡིན་ནོ། །སྦྱོར་བ་ཞེས་བྱ་བའི་སྒྲ་ནི་ཏིང་ངེ་འཛིན་ཡིན་པར་བཤད་དོ། །དབང་དུ་བྱེད་པ་དང་མཉེས ་པར་བྱེད་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། མཉེས་པར་བྱེད་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ལ། དབང་དུ་བྱེད་པ་ནི་བདག་ཉིད་ཅི་དགར་བྱེད་པ་སྟེ་ཁྱད་པར་ནི་དེ་ཡིན་ནོ། །ད་ནི་འདོད་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་དབང་དུ་བྱ་བའི ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་པ་བསྟེན་ཞེས་བྱ་བ་ལ་འདོད་པ་ནི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱའོ། །དེ་བསྟེན་པ་ནི་ཡོངས་སུ་ལོངས་སྤྱོད་པ་སྟེ་ཁྲུས་དང། བཏུང་བ་དང། བཞོན་པ་ལ་སོགས་བ་བྱ་བའི་ཁྱད་པར་རྣམས་ཀྱིས་ཁྱིམ་པ་དང་རབ་ཏུ་བྱུང ་བ་ལ་ཇི་ལྟར་འཚམ་པ་ལ་སྤྱད་པར་བྱ་ཞིང་བསྟེན་པར་བྱའོ། །དེ་བས་ན་བདེན་པའི་བདག་ཉིད་དུ་གྱུར་བར་བྱ་སྟེ། བདེ་བས་ནི་སེམས་རྩེ་གཅིག་པར་འགྱུར་བའི་ཕྱིར་ཏེ། སྡུག་བསྔལ་བས་ནི་སེམས་གཡེངས་ལ། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། ཞེས ་གཞན་དག་ལས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་ན་དགའ་བར་བྱ་བའི་ཚུལ་གྱིས་འདོད་པ་ལ་བརྟེན་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །གཞན་དུ་ཡང་སུ་ར་ཏ་སྟཝཾ་ཞེས་བྱ་བ་དང་དེ་ཁོན་ཉིད་བསྐུལ་བར་ཡང་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔའ་དབང་དུ་བྱས་ནས་རྡོ་རྗེ་སེམས་དཔའ་བསྒྲུབ ་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་སངས་རྒྱས་བཀའ་ཡིས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མ་རུངས་པ་རྣམས་བསད་པས་རྡོ་རྗེ་ཧཱུཾ་མཛད་དབང་དུ་བྱེད་པ་ཡིན་ཏེ། དཔེར་ན་ལྷ་ཆེན་པོ་བཞིན་དུ་ཚར་བཅད་པར་བྱ་བའི་ཕྱིར་གསོད ་པ་ནི་བརྒྱལ་པར་བྱེད་པ་ཡིན་པར་ཤེས་པར་བྱའོ། །ལྷག་མ་རྣམས་ནི་འདིའི་རྒྱུ་ཡིན་བར་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་བཀའ་དང། སེམས་ཅན་རྣམས་དག་པར་བྱ་བ་དང། ལུས་ཅན་རྣམས་ལ་སྐྱབས་བྱ་བ་དང། བསྟན་པ་བསྲུང་བ་ནི་མ་རུངས་པ་རྣམས་ཚར་བཅད་པ་ལས ་འདི་དག་ཐམས་ཅད་འབྱུང་བ་ཡིན་ནོ། །ད་ནི་པདྨའི་འདམ་པ་ཞེས་བྱ་བ་ལ་སོགས་པའི་པདྨའི་རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་དག་པ་ཀུན་རྟོག་ལ་ཞེས་བྱ་བ་ནི་སེམས་ཅན་སྨིན་པ་དང། གྲོལ་བའི་འདོད་ཆགས་ནི་དག་པ་ཡིན་ཏེ། མི་དགེ ་བ་བཅུའི་ལས་ཀྱི་ལམ་ཀུན་ཏུ་སླང་བར་མི་བྱེད་ཅིང། དགེ་བ་བཅུའི་ལས་ཀྱི་ལམ་ལ་སེམས་ཅན་རྣམས་འཇུག་པར་བྱེད་པའི་ཆགས་པ་ནི་འདོད་ཆགས་དག་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཀུན་ཏུ་རྟོག་པ་ནི་བཅིང་པའོ། །ཇི་ལྟར་རྟོག་ཅེ་ན། པདྨའི་འདབ་མ་ཁ་འབྱེད་ཅིང་ཞེས ་བྱ་བ་གསུངས་སོ། །དེ་ལྟར་བརྟགས་ནས་ཅི་ཞིག་བྱེད་ཅེ་ན། ཆགས་བྱང་ཅིང་སྟེ་སེམས་ཅན་རྣམས་སྨིན་པ་དང། གྲོལ་བའི་ཕྱིར་རང་དགའ་བར་བྱེད་པའོ། །འདོད་པར་བྱེད་པ་ནི་གཞན་རྣམས་ལ་ནི་ཤིན་ཏུ་སྡུག་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། ག?་ཕྱིར་ཞེས་བྱ་བ་སྟེ། གདུལ ་བའི་དོན་དུའོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་གསུངས་སོ་ཞེས་བའོ། །ད་ནི་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཐམས་ཅད་དབང ་བསྐུར་ཕྱིར། རྡོ་རྗེ་རིན་ཆེན་ཉིད་རེ་རེར། །སྤྱི་བོར་བཞག་སྟེ་དབང་བསྐུར་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་རྣམས་ཉིད་དབུལ་བཞག་སྟེ། རྡོ་རྗེ་རིན་ཆེན་དེས་དབང་བསྐུར་ན་སངས་རྒྱས་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོས ་གསུངས་སོ་ཞེས་བའོ། །ལྷག་མ་རྣམས་ནི་དབང་དུ་བྱ་བའི་མཇུག་བསྡུ་བ་སྟེ། དབང་དུ་བྱ་བ་ནི་ཅི་འདོད་པར་བསྒྲུབ་པའི་ཕྱིར་རོ། །ཕྱག་རྒྱ་བསྐྱེད་པའི་ཕྱིར་རམ། དངོས་གྲུབ་ཀྱི་ཆོག?་བསྐྱེད་པར་བྱ་བའི་ཕྱིར་ནི་བྱང་ཆུབ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུད་ཡིན་ལ། བསམས་པའི་དོན ་བསྒྲུབ་པར་བྱ་བའི་ཕྱིར་ནི་མཉེས་པར་བྱ་བ་དབང་དུ་བྱ་བའི་རྒྱུད་ཡིན་ཏེ། ལྷ་མཉེས་པར་བྱས་ཤིང་དབང་དུ་བྱས་ན་ཅི་འདོད་པ་བཞིན་དུ་བསྒྲུབ་པར་མཛད་པའི་ཕྱིར་རོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་བསད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བྱ ་བའི་རྒྱུད་དག་ལས་དྲག་ཤུལ་གྱི་སྦྱོར་བ་ཉིད་ཀྱིས་བསྒྲུབ་བར་གསུངས་པ་གང་ཡིན་པ་དེ་ཉིད་?་བསད་བའི་རྒྱུད་ཅེས་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་གི་ཁ་བསྐད་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཅེས་བྱ་བ་ནི་སངས་རྒྱས ་ཀྱི་དངོས་གྲུབ་ཀྱི་གྱུར་གསོར་བ་གང་ཡིན་བའི་རྒྱུད་དེའི་དངོས་གྲུབ་ཀྱི་མན་ངག་བསྟན་པ་སྟོན་ཏེ། སྔགས་པས་གང་ཞིག་དེ་བཞིན་གཤེགས་པའི་དངོས་གྲུབ་གྲུབ་པར་འདོད་ལ་དེས་ཀྱང་སྔགས་གཟུང་བ་ལ་སོགས་བའི་དམ་ཚིག་དང། སྔགས་བསྙེན་པ་བྱས་པའི ་དམ་ཚིག་དང། བསྒྲུབ་པའི་དམ་ཚིག་གིས་ཕྱིན་ཅི་མ་ལོག་པ་ཉིད་དུ་ཡང་དག་པར་ཞུགས་ཏེ། ནོར་པ་མེད་པ་དང་ལྡན་པས་ལན་མང་དུ་བསྒྲུབས་ཤིང་ཉམས་སུ་བླངས་སུ་ཟིན་ཀྱང་གང་གི་ཚེ་གྲུབ་པར་མ་གྱུར་ན། དེའི་ཆུ་གདོད་འདིའི་སྤྱད་པར་བྱའོ། །སེམས་ཅན ་ཀུན་དོན་མ་མཐོང་ཞིང་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་འདི་སེམས་ཅན་གྱི་དོན་དུ་བརྩམས་པ་ཡིན་ཏེ། དེ་ཡང་མ་མཐོང་བ་ནི་དངོས་གྲུབ་མེད་པའོ། །སངས་རྒྱས་དེ་ཉིད་མ་སྦྱངས་ལ་ཞེས་བྱ་བ་ནི་སངས་རྒྱས་ཉིད་འཐོབ་པའི་རྒྱུའི་དོན་ལ་སངས་རྒྱས ་དེ་ཉིད་ཅེས་བྱ་སྟེ། དེ་མ་བསྐྱེད་པའོ་དེ་ཡང་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱའི་རྗེས་ལ་སངས་རྒྱས་ཀྱི་ཕྱག་རྒྱ་བསྒོམ་དགོས་ཏེ། །འདི་ནི་སངས་རྒྱས་སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་བ་མེད་ཅེས་ཆོས་ཉིད་དུ་ཇི་སྐད་གསུངས་པ་འདི་ནི ་དེ་ཁོ་ན་ཉིད་ཡིན་ནོ། །དེ་ལྟར་གྱུར་པའི་དེ་ཁོ་ན་ཉིད་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མངོན་སུམ་དང། བརྒྱུད་པའི་རྒྱུ་དེ་མ་སྦྱངས་ཤིང་མ་བསྐྱེད་པས་སངས་རྒྱས་ཀྱི་དངོས་གྲུབ་མི་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །ཡིད་དང་ལུས་དང་ངག་གིས་སོ། །བསང་རྣ?་དངོས་གྲུབ་འཐོབ་པར་འགྱུར ་ཞེས་བྱ་བ་ནི་བདག་གམ་བསྒྲུབ་པར་བྱ་བའི་ལྷ་བསད་ན་དངོས་གྲུབ་འཐོབ་པར་འགྱུར་རོ། །བསད་པའི་སྦྱོར་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་བསྟན་པའི་ཁྱིམ་དང་གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་ཞེས་བྱ་བ་ལ་སོགས ་པ་གང་ཡིན་པ་དེ་འདིར་སྦྱར་བར་བྱའོ། །ད་ནི་དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བསད་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དངོས་གྲུབ་ཐམས་ཅད་མ་ཐོབ་ལ། ཞེས་བྱ་བ་ནི་དངོས་གྲུབ་གང་དག་གང་བཙམས་ཤིང་ཡང ་དག་པར་སྦྱོར་བ་དང་ལྡན་དུ་ཟིན་ཀྱང། དངོས་གྲུབ་རབ་དང་འབྲིང་དང་ཐ་མ་གང་ཡང་མ་ཐོབ་པ་ནི་དངོས་གྲུབ་ཐམས་ཅད་མ་ཐོབ་པ་ཡིན་ནོ། །རིགས་རྣམས་ཀྱང་ནི་མི་བརྩོན་ཞིང་ཞེས་བྱ་བ་ལ་རིགས་ནི་དེ་བཞིན་གཤེགས་བའི་རིགས་སོ། །དེ་ལས་ལྷ་ཅིག་ཀྱང ་མི་འགོ་ཞིད?་མི་སྟོན་ཏེ། རིགས་ཀྱི་བུ་ཁྱོད་ལ་བསྒྲིབ་པ་འདི་ལྟ་བུ་ཡོད་ཀྱིས་དེའི་གཉེན་པོ་འདི་ལྟ་བུ་གྱིས་ཤིག། དེས་ན་གདོད་འགྲུབ་བར་འགྱུར་རོ་ཞེས་ཐན་རྨི་ལམ་དུ་ཡང་མི་སྟོན་ན་དེ་རིགས་རྣམས་ཀྱང་མི་བརྩོན་པ་ཡིན་ནོ། །རྡོ་རྗེས་ཀུན་ཏུ་རྫོགས་ན་ནི་ཞེས ་བྱ་བ་ནི་ཡིད་ཁྲོ་བ་དང་བཅས་པས་རྡོ་རྗེས་བསྣུན་པ་འམ། སྣའི་ཧཱུཾ་ཞེས་བྱ་བས་རྡོ་རྗེ་འཕངས་ཏེ་བདག་གམ་ལྷ་བསད་ན་དངོས་གྲུབ་འཐོབ་པར་འགྱུར་ཏེ་དེ་ལྟར་བསྣུན་པས་རྡོ་རྗེ་མྱུང་དུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས ་གསུངས་སོ། །ད་ནི་མ་རུངས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་རིགས་ཀྱི་བསད་པའི་དངོས་གྲུབ་ཀྱི་རྒྱད་སྟོན་ཏེ། མ་རུངས་མི་འདིལ་ཁྲོ་?་ཅིང་ཞེས་བྱ་བ་ལ་རུངས་པ་ནི་སེམས་ཅན་རྣམས་ལ་རྣམ་པར་འཆོ་ཞིང་ཉེ་བར་གནོད་པར་བྱེད་པའོ། །དེ་རྣམས ་འདུལ་བ་ནི་སྙེམས་པ་མེད་པར་བྱེད་པའོ། །མ་རུངས་པ་འདུལ་བ་དེ་ཡང་ཁྲོ་བ་ལས་འབྱུང་བས་ནམ་རུ?་འདུལ་བའི་ཁྲོ་བོ་ཞེས་བྱ་བ་སྟེ་འདིས་གདུག་པ་རྣམས་འདུལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཤིན་ཏུ་ཁྲོས་པའི་སེམས་གང་གིས་མ་རུངས་པ ་རྣམས་ཚར་བཅད་པར་བསམས་མཚར་བཅད་པར་བྱ་བའི་མ་རུངས་པ་རྣམས་ལ་དེ་བཞིན་དུ་འགྱུར་པའི་ཕྱིར་ན་འདི་ལ་མ་རུངས་འདུལ་པའི་ཁྲོ་བོ་ཞེས་བྱའོ། །མ་རུངས་པ་རྣམས་མི་འདུལ་པའི་ཁྲོ་བོ་ཡིན་པས་ནམ་?་མི་འདུལ་ཁྲོ་མེད་ཅིང་ཅེས ་བྱའོ། དེ་བཞིན་སེམས་ཅན་མི་འདུལ་ལ་ཞེས་བྱ་བ་ནི་གང་གི་ཕྱིར་གང་ལ་དེ་ལྟ་བུའི་ཁྲོ་བོ་མེད་ལ་སེམས་ཅན་གདུལ་བར་མི་ནུས་ན་རྡོ་རྗེ་རིགས་ཟློས་པས་ཡང་དག་པར་ཞུགས་སུ་ཟིན་ཀྱང། རིགས་རྣམས་བརྩོན་པར་མི་བྱེད་ཅིང་དངོས་གྲུབ་མ་ཐོབ་ན་དེའི?་ཕྱིར ་དེས་བྱ་བ་ནི་བདག་ཉིད་སྡུག་བསྔལ་འཐོབ་བྱེད་ན། ཧཱུཾ་ཞེས་བྱ་བས་བསད་པར་བྱ་ཞེས་བྱ་བ་སྟེ། སྡུག་བསྔལ་དང་ལྡན་པས་ཞེ་སྔར་བར་གྱུར་ཅིང། སྨྱང་བར་གནས་པས་ཉི་མ་གུང་ལ་ལས་བྱའོ། །དེ་ལྟར་ན་བདག་ཉིད་སྡུག་བསྔལ་འཐོབ་པར་བྱེད་ན། ཧཱུཾ་?་བྱ་? ་སྦྱར་བར་བྱ་སྟེ། དེ་ལྟར་སྦྱོར་བ་བྱེད་པ་ན་དངོས་གྲུབ་སྩོལ་བར་མཛད་པའི་ཕྱིར་རོ། །ད་ནི་སྙིང་རྗེ་མེད་ཅིང་ཅེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་བསད་པའི་དངོས་གྲུབ་སྟོན་ཏེ། སྙིང་རྗེ་མེད་ཅིང་བྱམས?་མེད་?་ནི་སྙིང་རྗེའི་ངོ་བོ་ཉིད་ཡིན་པས་ན་སྙིང་རྗེར? ་བྱམས་པའི་ངོ་བོ་ཉིད་ཡིན་པས་ན་བྱམས་པའོ། །སྙིང་རྗེ་དང་?་ལྡན་པ་ནི་སྙིང་རྗེ་མེད་པའོ། །བྱམས་པ་དང་མི་ལྡན་པ་ནི་བྱམས་མེད་ལ་ཞེས་བྱའོ། །སེམས་ཅན་མ་རུངས་མི་སྤྱོད་ཞིང་ཞེས་བྱ་བ་ནི་གང་འཇིག་ཚོགས་ལ་སོགས་པའི་དྲི་མ་དང་ལྡན་པའོ། །དེ་རྣམས་མི་སྤྱད ་བ་ནི་ཆོས་བསྟན་པས་བལྟ་བའི་ཉེས་པའི་དྲི་མ་ནི་སེལ་བའོ། །བདག་ཉིད་ལ་ནི་བསླུས་ན་ནི་ཞེས་བྱ་བ་ལ་བདག་ཉིད་བསླུས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་རྣམས་ཀྱིས་ཆོས་ཉིད་ལ་ཡིད་མི་ཆེས་པའོ། །གང་གི་ཆོ་པདམོའི་རིགས་ཟློས་པའི་རྣལ ་འབྱོར་པ་ཡང་དག་པར་ཞུགས་སུ་ཟིན་ཀྱང། ཇི་སྐད་དུ་བཤད་པའི་ཆོས་འདི་རྣམས་མི་འབྱུང་ན། དེའི་ཚེ་བདག་ཉིད། དམ་པས་ཇི་སྐད་དུ་བཤད་པའི་ཉེས་པའི་ཕྱོགས་སྟེར་བར་བྱེད་པའི་བསྒྲུབ་པར་བྱ་བའི་ལྷ་བསར་ན་དངོས་གྲུབ་འཐོབ་པར་འགྱུར་རོ། །ཞེས་བཅོམ ་ལྡན་འདས་འཕགས་པ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་པའོ། །མི་གཏོང་བདག་ལ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟན་ཏེ། མི་གཏོང་བ་ནི་གཏོང་བ་མེད་པའོ། །བདག་ལ་ནོར་མེད་ཅིང་ཅེས ་བྱ་བ་ནི་ནོར་གྱི་བདོག་པ་མེད་པ་ཞིས་བྱ་བའི་དོན་ཏོ། །ནོར་སྟོར་བ་དང་ཞེས་བྱ་བ་ནི་གལ་ཏེ་ནོར་ཡོད་ན་དེ་ཡང་རྐུན་པོ་ལ་སོགས་པས་ཁྱེར་བ་ནི་ནོར་སྟོར་བའོ། །གནོད་བྱེད་ལ་ཞེས་བྱ་བ་ནི་དེ་ནོར་གྲོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ལུས་ལ་ནད་ལ་སོགས་པ ་གནོད་པ་རྣམས་ཀྱང་འབྱུང་བར་འགྱུར་པའོ། །སེམས་ཅན་རྣམས་ནི་དབུལ་གྱུར་ན་ཞེས་བྱ་བ་ནི་གལ་ཏེ་ནོར་བུའི་རིགས་ཟློས་པའི་སྔགས་པ་ཡང་དག་པར་ཞུགས་ཤིང་རྩེ་གཅིག་པར་གྱུར་ཀྱང་ཉེས་པ་འདི་དག་འབྱུང་ཞིང། ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱང་ཐོབ ་བར་མ་གྱུར་ཅིང། སེམས་ཅན་རྣམས་ཀྱི་དབུལ་བའི་སྡུག་བསྔལ་ལ་བལྟ་བར་མི་ནུས་ན་དེའི་ཚེ་བདག་གམ་བསྒྲུབ་པར་བྱ་བའི་ལྷ་བསད་ན་དངོས་གྲུབ་འཐོབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རེ་བ་ཐམས་ཅད་ཡོངས་སུ་སྐོང་བས་གསུངས་སོ། །ཅིའི་ཕྱིར་འདི་ལྟ ་བུའི་ལས་བྱེད་ཅིང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་ཤེ་ན། ཁ་ཅིག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་གིས་ནི་སངས་རྒྱས་ཀྱི། །རྣལ་འབྱོར་མ་ཐོབ་ཅེས་བྱ་བ་ལ་མངོན་པར་འདོད་པའི་དོན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ ་ལྷག་མ་རྣམས་ནི་གོ་སླའོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བསྲུང་པའི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་གསུངས་ཏེ་འདི་ནི་དགེ་པའི་ཆོས་བསྲུང་པའི་རང་བཞིན་ནོ། །དེ་ལས་ཀྱང་སེམས་ཅན་ཐམས་ཅད་མི་གཏོང་ཞིང་ཞེས་བྱ་བ་ལ་སོགས་པས ་དེ་བཞིན་གཤེགས་པའི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་ཅན་ཐམས་ཅད་མི་གཏོང་ཞིང་ཞེས་བྱ་བ་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའི། །ཉན་ཐོས་ལྟར་བདག་ཉིད་གྲོལ་བ་འབའ་ཞིག་ཙམ་ནི་མི་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་བཟླས་བརྗོད ་བྱེད་པའི་བསྲུང་བ་གཅིག་ཡིན་ནོ། །གཞན་ཡང་ཅི་ཞིག་ལ་འཇུག་ཅེ་ན། རྟག་ཏུ་སངས་རྒྱས་མཆོད་བདག་ཉིད་ཅེས་བྱ་བ་སྟེ། སངས་རྒྱས་མཆོད་པ་བྱེད་པས་རྟག་ཏུ་བདག་ཉིད་ཀྱིས་སངས་རྒྱས་མཆོད་པར་བྱེད་པ་སྟེ། འདི་ནི་བསྲུང་པ་གཉིས་པའོ། །རྟག་པར ་སངས་རྒྱས་ཡིད་ལ་བྱེད་ཅེས་བྱ་བ་ནི་རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་སྟེ། འདི་ནི་བསྲུང་བ་གསུམ་པའོ། །འདི་ནི་བསྲུང་བ་རྨད་ཀྱི་མཆོག་ཅེས་བྱ་བ་ནི་བསྲུང་པ་འདི་གསུམ་ཆད་ཡང་ཤིན་ཏུ་རྨད་དུ་བྱུང་ཞིང་མཆོག་ཏུ་ངོ་མཚར་དུ་གྱུར་པ་ཡིན ་པར་ཤེས་པར་བྱའོ། །སུ་ཞིག་གིས་དེ་སྐད་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རྡོ་རྗེ་སེམས་དཔའ་ཨི་མཚན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱིས་བསྲུང་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས ་དཔའ་ཨི་མཚན་ཙམ་ཞིག་ལན་གཅིག་ཙམ་ཡང་བརྗོད་གྱུར་ན། ཞེས་བྱ་བ་ནི་བསམ་པ་བརྟན་པོས་རྡོ་རྗེ་སེམས་དཔའ་ཨི་མཚན་བརྗོད་དེ། ཆུ་ཡང་བླངས་ནས་ལྷ་ཆེན་པོ་འཇིགས་བྱེད་ཀྱི་གཟུགས་ཅན་དུ་གནས་པ་ལ་བརྒྱབ་ན་དེ་ཡང་ཉེ་བར་འཚེ་བར་མི་བྱེད་དོ།། ་འདི་ནི་བསྲུང་བ་རྟག་ཆེན་པོ་ཞེས་བྱ་བ་ལ་རྟག་ཏུ་དངོས་གྲུབ་སྦྱིན་པར་བྱེད་པ་དང། བསྲུང་བ་ཆེན་པོར་གྱུར་པ་ཡིན་ནོ་ཞེས་པའོ། །ད་ནི་རིགས་དང་རྒྱུད་ཀྱིས་ཆོ་ག་མི་ཤེས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད ་སྟོན་ཏེ། རིགས་དང་རྒྱུད་ཀྱིས་ཆོག་ག་མི་ཤེས་ཞེས་བྱ་བ་ལ་རིག་པ་ནི་རིགས་ཀྱི་རིག་པ་ལ་སོགས་པ་སྟེ། རིགས་པ་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། སྔགས་དང་སྙིང་པོ་རྣམས་ཀྱང་བསྡུ་སྟེ། རིག་པ་དང་སྔགས་ཞེས་སྨོས་པར་བྱ་བ་ཡིན་ནོ། །དེ་ཡང་རིག་པ ་དང་སྙིང་པོས་ཆོ་ག་ནི་ཤེས་པ་སྟེ། གང་གི་ཕྱིར་སྔགས་མང་པོ་མཐོང་བ་ལས་འགའ་ཞིག་ལ་པར་དགོས་པ་ཤེས་པར་འགྱུར་ཞིང་ཤེས་ནས་ཀྱང་བསྲུང་པའི་ཆོ་ག་ལ་ལར་སྤྱོད་པར་བྱེད་དོ། །རྒྱུད་ནི་གཞུང་ལ་བྱ་སྟེ་ཐམས་ཅད་ཀྱང་ཅི་ནུས་པ་བསྡུ་བར་བྱའོ།། ་གང་གི་ཕྱིར་དེར་ཡང་སྦྱོར་བ་ལ་སོགས་པ་མཐོང་ནས་བསྲུང་པའི་ཆོ་གར་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ། །འཇིག་རྟེན་གསུམ་རྒྱལ་བདག་ཉིད་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རང་གི་ངོ་བོ་ཉིད་དུ་བསྒོམ་པ་ནི་འཇིག་རྟེན་གསུམ ་རྒྱལ་བདག་ཉིད་དོ། །རྡོ་རྗེ་ཧཱུཾ་ལ་མོས་བྱེད་ལ་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་ལ་སོགས་པ་ལའོ། །འདི་ནི་བདག་དང་གཞན་ལ་བསྲུང་ཞེས་བྱ་བ་ནི་བཞི་ཆར་གྱིས་སོ། །ད་ནི་འདོད་ཆགས་དག་ཅིང་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་བསྲུང་བའི་དངོས ་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་དག་པ་ཡིན་པ་ན་འདོད་ཆགས་དག་པ་སྟེ་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པའི་ཆོས་འདི་ནི་རང་བཞིན་གྱིས་དག་པའོ། ཞེས་སྨོས་པའོ། །བྱམས་པ་ཆེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ ་ཆེན་པོ་བསྐྱེད་པའོ། །ཐམས་ཅད་ལ་ནི་མི་འཇིགས་སྦྱིན་ཞེས་བྱ་བ་ནི་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པའོ། །འཇིག་རྟེན་དབང་གི་མཚན་ཟློས་པ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་མཚན་ཟློས་པར་བྱེད་པ་སྟེ། བསྲུང་བ་འདི ་བཞི་ཆར་ངོ་མཚར་ཆེ་བ་སྟེ། ཤིན་ཏུ་རྨད་དུ་བྱུང་བ་དང། ལྡན་པ་ཡིན་ནོ། །ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཉི་མ་སྟོངས་པར་མི་བྱ་བར་ཞེས་བྱ་བ་ནི་ཉིན་རེ་ཞིང་རྒྱན་མི་བཅས ་པར་བྱའོ། །ཅི་ཞིག་རྒྱུན་མི་བཅད་ཅེ་ན། ཅི་ནུས་པར་ནི་སྦྱོར་བྱེད་ཅིང་ཅེས་བྱ་བ་གསུངས་སོ། །སུ་ཞིག་ལ་ཞེ་ན། སངས་རྒྱས་སེམས་ཅན་གཏོར་བྱེད་པར་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་དང་སེམས་ཅན་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཐ་? ་རྡོག་མ་གཅིག་ཙམ་སྦྱིན་པ་འམ། མེ་ཏོག་གཅིག་ཙམ་དབུལ་བ་?་ཚུ་ཁྱོར་གང་ཙམ་ཞིག་སྦྱིན་པར་བྱེད་པ་སྟེ། བསྲུང་བ་འདི་ནི་ངོ་མཚར་མཆོག་ཏུ་ཆེ་བ་ཡིན་ནོ། ཞེས་བཅོམ་ལྡན་འདས་རྡོ་རྗེ་བསྲུང་བས་གསུངས་སོ། །རྡོ་རྗེ་བསྲུངས་པ་ཞེས་སྨོས་པ་ནི་བསྐུར?་བའི་ཆོ་ག ་རྫོགས་པའི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྟོག་པ་བཞིར་གཏོགས་པའི་དཀྱིལ་འཁོར་ཆེན་པོའི་རྒྱུད་ཕྱི་མའི་མཇུག་སྡུད་པ་སྟོན་ཏེ་འདི་ནི་ཕྱག་ན་རྡོ་རྗེས་བསྟན་པ་ཡིན་ལ། དེ་ཡང་ད་ནི ་སངས་རྒྱས་རྣམས་ལ་དབུལ་བ་ཡིན་པས་ན་རྒྱུད་འདི?་ཞེས་པར་གསོལ་ཞེས་སྨོས་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་ཚིག་གཅིག་པར་སྨོས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་ཁོངས་སུ་ཆུད་པ་ལས་བལྟོས་པ་ཡིན་མོད ་ཀྱི་དབེན་ཀྱང་དེ་བཞིན་གཤེགས་པ་ལྔ་རུ་ཤེས་པར་བྱའོ། །རྒྱུད་གང་གིས་ཞེས་བྱ་བ་ནི་རྒྱུད་འདིའི་ཕན་ཡོན་སྟོན་ཏོ། །སེམས་དཔའ་ཐམས་ཅད་རྟོགས་པ་ཐམས་ཅད་ཀྱི་དབང་ཕྱུག་དུ་གྱུར་ནས་ཞེས་བྱ་བ་ལ་རྟོག་པ་ཐམས་ཅད་ནི་ཐེག་པ་ཆེན་པོ་མངོན་པར ་རྟོགས་པ་ལ་སོགས་པ་བཞིའོ། །དེའི་དབང་ཕྱུག་ནི་མངོན་པར་ཤེས་པ་ལ་སོགས་པ་བསྟན་ཟིན་པ་སྟེ། རྣལ་འབྱོར་པ་རྣམས་ཀྱི་དབང་དེའི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་དབང་ཕྱུག་ཅེས ་བྱ་སྟེ་འདི་ནི་དབང་ཕྱུག་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་ཉིད་ཡིན་པས་ན་དབང་ཕྱུག་ཉིད་དུ་གྱུར་པའོ། རྟོགས་པར་བགྱི་སྟེ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ཁོང་དུ་ཆུད་པར་བྱས་པའོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སླད་དུའོ་ཞེས་བྱ་བ་འདིས་ནི་རྒྱུད་འདི་དོན་ཚེ་བ་ཉིད་དུ་སྟོན་ཏོ། །འདི་ནི་རྒྱུད་འདི་སངས་རྒྱས་རྣམས་ཀྱིས་གཟུང་ཞིང་སངས་རྒྱས་ཀྱི་གསུང་ཡིན་པར་གྱུར་ན་དེའི་འོག་ཏུ་གདོད་འཇིག་རྟེན་རྣམས་ལེན་པར་འགྱུར་ལ་བླངས་པར་གྱུར ་ནས་མཉན་པ་དང། བསམས་པ་དང། བསྒོམས་པ་ལ་སོགས་པའི་རིམ་གྱིས་ཇི་སྐད་དུ་གསུངས་པའི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་སྟོན་གྱི། གཞན་དུ་ན་འདི་ནི་ཕྱག་ན་རྡོ་རྗེས་སྨྲས་པར་ཟད་ཀྱི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་ལེན་པར་མི་འགྱུར་བས་ན་དེ་བཞིན ་གཤེགས་པ་རྣམས་ལ་ཕུལ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཞུང་གི་དོན་ལེགས་པས་མཉེས་པར་གྱུར་ནས་ལེགས་སོ་ལེགས་སོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པས་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ནོ། །ལེགས་པར་བཤད་པས ་ཞེས་བྱ་བ་ནི་བྱིན་ཅི་མ་ལོག་པར་བཤད་དོ་ཞེས་བྱ་བའི་དོན་ཏེ། །དེ་ལྟ་བས་ན་ངེས་ཀྱིས་བླངས་ཤིང་ཞེས་གསུངས་པ་ཡིན་ཏེ་བླངས་ནས་སངས་རྒྱས་ཀྱི་བཀར་བྱས་ཏེ་བཞག་གོ་ཞེས་པ་དང་བྱིན་གྱིས་བརླབས་སོ་ཞེས་པ་སྟེ། ཅི་ནས་ཀྱང་མྱུར་དུ་ནུབ་པར་མི་འགྱུར་བར ་དུས་ཀྱི་མཐར་ཡུན་དུ་གནས་པར་མཛད་པའོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་པས་བྱིན་གྱིས་བརླབས་ཤིང་བླངས་པར་མཛད་པས་ཅི་ནས་ཀྱང་འདི་ལྟར་ནུབ་པར་མི་འགྱུར་བར་མཛད་པ་ཡིན་ནོ། །ད་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ནི་རྟོག་པ་བཞིའི་རང་བཞིན་དུ་གྱུར་པ་དང། འཁོར་ལོ་སྒྱུར་བ་བཞིའི་རང་བཞིན་ཉིད་དུ་གྱུར་པའི་ཕྱིར་རོ། །རྟོག་པ་ཐམས་ཅད་ཀྱི ་ཐབས་ཞེས་བྱ་བ་ལ་སོགས་པ་ལ་རྟོག་པ་ཐམས་ཅད་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་བསྡུས་པ་ལ་སོགས་པ་བཞིའོ། །ཐབས་ནི་དེར་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལ་སོགས་པའོ། །ཐབས་ཀྱི་ཆོ་ག་ནི་སྦྱོར་བའོ། །དེའི་རྒྱས་པ་ནི་རྣམ་པར་དབྱེ་པ ་མང་པོའི་བྲེ་བྲག་གིས་ཏེ། འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྡོ་རྗེའི་ཐེག་པ་བླ་ན་མེད་པ་ཡིན་པ་འདི་ཉིད་ནི་གཞན་གྱིས་མི་ཤེས་པའི་ཕྱིར་གསར་པའོ། །བསྡུས་ཏེ་བསྟན་པའི་ཕྱིར་མདོ་སྡེའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས ་ལའི་རྒྱན་ལས་རྟོག་པ་བཞི་ཆར་གྱི་དཀྱིལ་འཁོར་ཆེན་པོའི་རྒྱུད་ཕྱི་མའི་འགྲེལ་པའོ།། །།ད་ནི་རྟོག་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རྒྱུད་དུ་གཏོགས་པ་སྟོན་ཏོ། །དེ་ལས་ཀྱང་ཐོག་མར་སངས ་རྒྱས་བྱང་ཆུབ་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། སངས་རྒྱས་བྱང་ཆུབ་ཏིང་ངེ་འཛིན་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཐུགས་སུ་ཆུད་པའི་ཏིང་ངེ ་འཛིན་ཡིན་པས་ན་སངས་རྒྱས་བྱང་ཆུབ་ཏིང་ངེ་འཛིན་ཏོ། །རབ་མཉམ་བཞག་པས་བསྒོམས་ན་ནི་ཞེས་བྱ་བ་ལ་ཤིན་ཏུ་མཉམ་པར་བཞག་པས་ན་རབ་མཉམ་བཞག་པའོ། །བསྒོམ་པ་ནི་དེ་གོམས་པར་བྱ་བ་སྟེ་སེམས་སོ་སོར་རྟོགས་པ་ལ་སོགས ་པའི་རིམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཏིང་ངེ་འཛིན་བསྒོམས་ན་བྱང་ཆུབ་བདེ་བས་འཐོབ་འགྱུར་ཞེས་ཞེས་བྱ་བ་སྟེ། འདི་ལྟ་བུར་རྣམ་པར་བསམས་ནས་བརྩོན་པར་བྱས་ན་ངེས་པར་རྟོགས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་གསུངས་སོ། །དོན་འདི་གསུངས་ཟིན་མོད་ཀྱི། འོན་ཀྱང་ལྷག་པར་བསྣན་པའི་ཕྱིར་ཡང་གསུངས་པ་ཡིན་ནོ། །ད་ནི་སེམས་དཔའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་དམ་པའི་གསང་པའི ་རྒྱུད་སྟོན་ཏེ། སེམས་དཔའ་ཨི་རྡོ་རྗེ་སྙིང་གར་བཅིངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱིས་བསྒྲུབ་པའི་དུས་སམ། དགོས་པ་ཆེན་པོ་གཞན་དག་ཏུ་རྡོ་རྗེ་དབྱིངས་ཀྱི་གསང་བའི་དཀྱིལ་འཁོར་དུ་གཏོགས་པའི་སེམས་དཔའ་ཨི་རྡོ་རྗེ་མའི ་ཕྱག་ན་སྙིང་གར་བཅིངས་ལ་ཇི་ལྟར་བྲིས་པའི་སྐུལ་བས་བསྐུལ་བར་བྱ་ཞིང་དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ། །ཆུང་མ་ཞེས་བྱ་བ་ནི་ཡིད་རྫོགས་པར་བྱ་ཞིང་སྙིང་གར་བརྟན་པར་ཡང་བྱའོ། །ཤིན་ཏུ་སྡུག་པར་ཡང་བྱ་སྟེ། དངོས་གྲུབ་ཐམས་ཅད་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །དེ ་ཉིད་ཀྱིས་ནི་བརྟན་པར་གྱུར་ཅིག་ཅེས་སྨྲས་ནས་ཞེས་གསུངས་པ་ཡིན་ཏེ། བརྟན་པར་གྱུར་པ་ནི་བསྒོམ་པའི་དུས་དང། དགོས་པའི་དུས་སུ་སེམས་ལས་མ་ཉམས་པར་བྱ་བའོ། །གསང་བའི་རྒྱུད་འདི་ཐམས་ཅད་དུ་གསང་བ་བསྐུལ་པའི་ཕྱག་རྒྱ་གང་ཡིན་པ་དེ་དག་ཐམས་ཅད་ལ་གསང ་བ་བསྐུལ་པའི་ཕྱག་རྒྱ་གང་ཡིན་པ་དང། ཕྱག་རྒྱ་དང་ལྡན་པ་རྣམས་ལ་སྐྱེས་པ་དང་བུད་མེད་ཀྱི་ཐ་སྙད་དུ་བྱ་བས་སྟོན་པར་མཛད་པ་ནི་གང་གི་ཕྱིར་འདི་དག་ཀུན་རྫོབ་ཡིན་ལ། ཀུན་རྫོབ་ཀྱང་འཁོར་བ་དང་མཐུན་པའི་ཐ་སྙད་དུ་སྨོས་དགོས་དེ་དེ་ཁོ་ན་ཉིད་ཐ་སྙད་ཀྱིས་བསྟན་པ ་ཡིན་པར་ཤེས་པར་བྱའོ། །དེ་མ་ཡིན་པ་བསྒོམ་པའི་དུས་སུ་འདིར་སྐྱེས་པ་དང་བུད་མེད་ཀྱི་ཆོས་སུ་བྱ་བའི་ཐ་སྙད་ནི་མི་སྲིད་དེ། གང་གི་ཕྱིར་འདིར་ཏིང་ངེ་འཛིན་ལས་དངོས་གྲུབ་འབྱུང་བར་གསུངས་ལ། དེའི་ཚེ་དེ་ལྟ་བུའི་ཆོས་སུ་བྱེད་པ་ལས་ཏིང་ངེ་འཛིན་དུ་འགྱུར་བ་མི་སྲིད ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བས་ན་ཇི་སྐད་དུ་གསུངས་པའི་སྐུལ་པས་བསྐུལ་ལ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དེ་སྙིང་གར་བཅིངས་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབས་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ནི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་ལྷག་མ་རྣམས་སོ། །དེ ་དག་བསྒྲུབ་པ་ནི་བསམས་པའི་དོན་གྲུབ་པར་བྱ་བའི་ཕྱིར་རང་རང་གི་ལས་ལ་སྦྱར་བའོ། །གང་གི་ཕྱིར་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དེ་བརྟན་པར་གྱུར་ན་ཕྱག་རྒྱ་ཐམས་ཅད་བརྟན་པར་འགྱུར་ཏེ། རང་རང་གི་ལས་ལ་ཐོགས་པ་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ ་པའི་དོན་ཏོ། །དེའི་ཕྱིར་ཆོ་ག་འདིས་ཚུལ་གྱིས་ནི་ཞེས་བྱ་བ་གསུངས་ཏེ་འདི་ཞེས་བྱ་བ་ནི་སྨྲས་?་བའོ། །ཆོ་གའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་སྦྱོར་བས་སོ། །ཆོ་གའི་ཚུལ་དེས་རང་གི་ལས་རྣམས་མ་གྲུབ་ཀྱང་ཞེས་བྱ་བ་གསང་བའི་བསྐུལ་བ་མེད་པའི་ཇི་སྐད་གསུངས ་པའི་སྙིང་པོས་ཕྱག་རྒྱ་རྣམས་རང་རང་གི་ལས་ལ་ངེས་པར་སྦྱར་ན་ཡང་མ་གྲུབ་ན། ཇི་ལྟར་གསང་བའི་ཆུང་མ་ཞེས་སྨྲས་ན་འགྲུབ་པར་འགྱུར་བ་དེ་བཞིན་དུ་དངོས་གྲུབ་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་ན་ཕྱག་རྒྱ་ཁ་ཅིག་གསང་པའི་བསྐུལ་བ་མེད་དུ ་ཟིན་ན་ཡང་སྦྱོར་བ་འགྲུབ་པ་སྲིད་ན་ངེས་ཅི་ཞིག་བྱ་ཞེ་ན། དེ་ཡང་བདེན་མོད་ཀྱི་འོན་ཀྱང་ཤིན་ཏུ་དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེས་གསུངས་སོ། །ད་ནི་ཇི་ལྟར་དེ་ལྟར་ཁྲོས་པ་དང་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི ་དངོས་གྲུབ་དམ་པའི་གསང་པའི་རྒྱུད་སྟོན་ཏེ། རྡོ་རྗེའི་རིགས་ཟློས་པའི་རྣལ་འབྱོར་པས་བསྒྲུབ་པ་ལེགས་པར་ཞུགས་ཞིང་མང་དུ་ཉམས་སུ་བླངས་སུ་ཟིན་ཀྱང་དངོས་གྲུབ་མ་ཐོབ་ན་དྲག་པོའི་སྦྱོར་བ་འདི་བྱའོ་ཞེས་གསུངས་པ་ཡིན་ནོ་།ཇི་ལྟ་དེ་ལྟར་ཞེས་བྱ ་པ་ནི་དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཁྲོས་པར་མཛད་པ་དེ་ལྟར་ཁྲོས་པ་ལས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། བསད་ན་ནི་ཞེས་བྱ་བ་བསད་པའི་སེམས་ངེས་པར་བསྐྱེད་ལ་ཞེས་བྱ་བའི་དོན་ཏོ། །སྐྲག་སྟེ་དངོས་གྲུབ་སྦྱིན་པར་གྱུར་ཞེས་བཅོཾ ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཧཱུཾ་ཞེས་བྱ་བས་གསུངས་སོ་ཞེས་བྱ་བ་ལ། སྐྲག་པ་ནི་སེམས་ཅན་རྣམ་པར་ལྟུང་བར་འགྱུར་བས་འཇིགས་པར་ཟད་པ་སྟེ། སེམས་ཅན་འདི་ངན་སོང་དུ་ལྟུང་བར་མི་བའོ་ཞེས་དགོངས་ནས་དངོས་གྲུབ ་སྩོལ་བར་མཛད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། ཏིང་ངེ་འཛིན་ཕྱག་རྒྱ་བཅིངས་ནས་ནི་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་གསང་བའི་དཀྱིལ་འཁོར་དུ་དམ་ཚིག་གི ་ཕྱག་རྒྱར་གསུངས་པ་གང་ཡིན་པ་དེ་བཅིང་པའོ། །རྡོ་རྗེ་ལྟ་བས་བལྟོས་ནས་ཀྱང་ཞེས་བྱ་བ་ལ་རྡོ་རྗེ་ལྟ་བ་ནི་རྡོ་རྗེ་ལྟ་བ་ཆགས་པ་ཡིས། དགའ་པས་མིག་ནི་རབ་ཏུ་དགྲད་ཅེས་བྱ་བར་བཤད་ཟིན་པའོ། །དེས་བལྟས་པ་ནི་རྣམ་པར་བརྟག་པའོ། །གང་ལ་ཞེ་ན། ་བདག་གི་ཆུང་མ་སྟེ་རང་གི་ཕྱག་རྒྱའོ། །གཞན་གྱི་ཆུང་མ་ནི་ཕྱག་རྒྱ་གཞན་པ་སྟེ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་སྤྲུལ་པའི་ཚེ་ཕྱག་རྒྱ་བཞི་དང་དབུས་ན་གནས་པའོ། །དེས་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྡུག་པའི་དངོས་གྲུབ་འཐོབ་པར་འགྱུར་ཞེས་གསུངས་སོ། །ད་ནི་དབང ་པོ་གཉིས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། དབང་པོ་གཉིས་ནི་མཉམ་སྦྱར་ལ་ཞེས་བྱ་བ་ནི་རླུང?་གི་ལྷའི་རྣལ་འབྱོར་བྱེད་པའི་དུས་སུ་རང་གི་དབང་པོ་དང་ལྷའི་དབང་པོ་རོ་གཅིག་ཏུ་བྱེད་པའི་ཆེ་བཅོཾ་ལྡན་འདས་རྡོ་རྗེ་རིན ་ཆེན་དང་ལྷན་ཅིག་ཐ་མི་དད་པར་མོས་པར་བདག་ཉིད་ལྷར་གྱུར་པར་སེམས་དཔའ་ན་རྣལ་འབྱོར་པ་དེ་བདེ་བའི་མཆོག་ཅེས་སྨྲ་བར་ཕྱེད་ན་མིའི་ལུས་ལྷའི་ལུས་གྱ་ནོམ་པ་དེའི་བདག་ཉིད་དུ་གྱུར་པ་ནི་མཆོག་ཏུ་བདེ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སངས ་རྒྱས་ཀུན་ལ་རང་ཉིད་ཀྱི་ལུས་ཀྱི་དབང་པོ་རྡོ་རྗེ་རིན་ཆེན་དུ་གྱུར་པའི་བདག་གི་ལུས་གྱི་དབང་པོ་དེ་དབང་བསྐུར་པའི་ཕྱིར་པུལ་ན་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ནོར་བུའི་འདོད་པས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི ་གསང་བའི་རྒྱད་སྟོན་ཏེ། དམ་ཚིག་ནི་འདའ་བར་མི་བྱ་བའི་ཆོས་སོ། །དེའི་དངོས་གྲུབ་ཇི་ལྟ་བ་བཞིན་དུ་འབྱུང་པ་འདི་ནི་དམ་ཚིག་གི་དངོས་གྲུབ་པོ་དེ་ཉིད་ནི་གསང་བ་སྟེ་གསང་བའི་དཀྱིལ་འཁོར་དུ་གཏོགས་པའི་ཕྱིར། རྒྱུད་ནི་དེ་སྟོན་པའི་གཞུང་དོ། །གསུངས་སོ ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །དེ་ལས་ཀྱང་དང་པོར་ས་མ་ཡ་སྡཝཾ?་ཞེས་བརྗོད་ཅིང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་པའི་རྒྱུད་སྟོན་ཏེ། ས་མ་ཡ་སྟཝཾ་ཞེས་བརྗོད་ཅིང་ཞེས་བྱ་བ་ནི་བདག་གི་ཆེ་ཞེ་ན། དམ་ཚིག་གི་ཕྱག ་རྒྱབ་ཅིང་བའི་དུས་ནའོ། །བུད་མེད་ཀུན་ལ་ཆགས་བྱས་ལ་ཞེས་བྱ་བ་ལ་ནི་ཕྱག་རྒྱ་ཐམས་ཅད་མཉེས་པར་བྱའོ་ཞེས་བྱ་བའི་དོན་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྔར་བརྗོད་ན་གདོང་ཕྱག་ནརྒྱ་ཐམས་ཅད་དགྱེས་པར་འགྱུར་གྱི་དེ་ལས་གཞན་དུ་ཕྱག ་རྒྱ་བཅིང་ན་འདིས་དམ་ཚིག་མ་ཤེས་པ་ཡིན་ནོ་ཞེས་ཕྱག་རྒྱ་རྣམས་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །གཞན་ཡང་སེམས་ཅན་དོན་གྱིས་སྐྱོ་མ་མཛད། །བརྗོད་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་པས་ཕྱག་རྒྱ་རྣམས་ལ་བཅོམ་ལྡན་འདས ་ཡུམ་བདག་ལ་སེམས་ཅན་གྱི་དོན་མཛོད་ཅིག་ཅེས་བརྗོད་ཅིང་ཕྱག་རྒྱ་རྣམས་ལ་བསྐུལ་པ་དེ་ལྟར་བྱས་ན་སངས་རྒྱས་རྣམས་ཀྱང་ངེས་མཉེས་པར་བྱེད་དོ་ཞེས་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད ་གྱིས་གསུངས་སོ་ཞེས་པའོ། །ད་ནི་འདོད་ཆགས་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། འདོད་ཆགས་ལ་ནི་བརྙས་མི་བྱ་ཞེས་བྱ་བ་ལ་འདོད་ཆགས་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེཾས་ཅན ་ཏེ། དེ་ལ་བརྙས་པར་མི་བྱ་ཞིང་སྤང་བར་མི་བྱ་སྟེ། གསང་བའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་འདོད་ན་བསྒྲུབ་པའི་དུས་དང། བསྙེན་པའི་དུས་སུ་བྱང་ཆུབ་ཀྱི་སེམས་དང་ལྡན་པ?་པོ་ནས་ཐམས་ཅད་དུ་ཕྱག་རྒྱ་འགྲུབ་པར་འགྱུར་རོ་ཞེས་སྟོན་པ་ཡིན་ན། །བུད ་མེད་ཀུན་དྲང་རྩེ་བྱེད་པ་ཞེས་བྱ་བ་ལ་བུད་མེད་ནི་ཕྱག་རྒྱ་སྟེ་རྩེ་བར་བྱེད་པ་ནི་མཉེས་པར་བྱེད་པའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་ན་ཕྱག་རྒྱ་རྣམས་མཉེས་པར་འགྱུར་བས་དངོས་གྲུབ་རྣམས་སྟེར་བར་མཛད་དེ། །འདི་ནི་ཕྱག་ན་རྡོ་རྗེའི་དམ ་ཚིག་གསང་བ་སྟེ། བྱང་ཆུབ་ཀྱི་སེམས་རབ་ཏུ་བསྲུངས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །ད་ནི་གསོད་པས་འཇིག་རྟེན་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད ་སྟོན་ཏེ། གསོད་པས་ཞེས་བྱ་བ་ནི་རྣལ་འབྱོར་བ་གང་མངོན་སྤྱོད་ཀྱི་ལས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་གཏོགས་པར་གསུངས་པའི་གསོད་པ་ལ་གོམས་པར་བྱེད་པར་བྱེད་པར་བྱེད་པ་གང་ཡིན་ལ་དེ་ནི་གསོད་པ་ཞེས་བྱའོ། །འདི་ལྟ་བུ་ཉིད་ཀྱིས་འཇིག་རྟེན་བསང ་ཀྱིས་གཞན་གྱིས་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཇི་ལྟ་ཞེ་ན། ལུས་ངག་ལས་བཟང་དགྱེས་པ་དང་ཞེས་བྱ་པ་གསུངས་ཏེ། ལུས་ཀྱི་ལས་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་གཡོན་བརྐྱང་བ་དང། ཞལ་བསྙེར་ཞིང་མཆེ་བ་གཅིགས་པ་ལ་སོགས་པའི ་གཟུགས་དང་རྗེས་སུ་མཐུན་པར་བྱེད་པའོ། །དག་གི་ལས་ནི་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་དག་ནི་ལུས་དག་ལས་སོ། །བཟང་ཞེས་བྱ་བ་ནི་དམ་པར་འགྱུར་པའོ། །དགྱེས་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་ཤིང་བཞེད་པ་དང། ཧཱུཾ ་ཞེས་བྱ་བ་དང་བཅས་འཇིག་རྟེན་རྣམས་བསང་པར་བྱའོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྣམ་དག་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ་སེམས་ཅན་རྣམ་པར་སྤྱད་པར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་འདི་ལྟར་བྱེད་ཅེ་ན། གང་གི་ཕྱིར་འདི་ནི་གདུལ་དཀའ་བ་རྣམས་ཀྱི ་འདུལ་བའི་དམ་ཚིག་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་ལྷ་ཆེན་པོ་བསད་པ་དང་འདྲ་བར་བྱ་བ་འདི་ནི་དམ་ཚིག་ཡིན་པས་ན་དམ་ཚིག་ཅེས་བྱའོ། །དེས་ཅི་ཞིག་བྱེད་ཅན། དོན་གྱི་གྲུབ་པ་སྦྱིན་པའོ་ཞེས་གསུངས་ཏེ། གདུལ་དཀའ་བ་རྣམས་འདུལ་བའི ་མཚན་ཉིད་ཀྱི་དོན་ནི་འདི་ལྟ་བུས་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་དག་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དག་པའི་བདག་ཉིད་འདོད ་ཆགས་དག་ཅེས་བྱ་བ་ལ་འདོད་ཆགས་ནི་སེམས་ཅན་སྨིན་པ་དང་འགྲོལ་བ་ལ་ཆགས་པའོ། །རྒྱུ་དེའི་ཕྱིར་སེམས་ཅན་རྣམས་ལ་ཆགས་པ་གང་ཡིན་པ་དེ་ནི་དག་པའི་བདག་ཉིད་དེ་སངས་རྒྱས་དར་བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་ཟད་པ ་ཡིན་ལ་དེ་དག་གི་དག་པའི་བདག་ཉིད་ཡིན་པས་ན་དག་པའི་བདག་ཉིད་དེ། བདག་ཉིད་ཅེས་བྱ་བ་ནི་བསམ་པ་ལ་བྱ་སྟེ། བསམ་པ་དག་པ་རྣམས་ཀྱི་ཞེས་བྱ་བ་ནི་དོན་ཏོ། །དེ་ལྟར་ན་འདོད་ཆགས་འདི་ནི་དག་པ་ཡིན་ཏེ་དགེ་པ་བཅུའི་ལས་ཀྱི་ལམ་སྐྱེད་པའི ་རྒྱུ་ཡིན་པའི་ཕྱིར་དང། སེམས་ཅན་རྣམས་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །མུ་སྟེགས་རྣལ་འབྱོར་ཅན་མ་དག་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་མཚོ་ལ་འཇུག་པར་བྱ་བའི་ཕྱིར་སངས་རྒྱས ་ཀྱི་བཀའ་སྤངས་ནས། གང་སྟོན་པ་གཞན་གྱིས་བསྟན་པའི་ཐབས་གང་ཡིན་པ་དེ་ལ་མུ་སྟེགས་པ་ཞེས་བྱ་བ་སྟེ། འཇུག་དོགས་བཞིན་དུ་མུ་སྟེགས་འཆི་བར་བྱེད་པའི་ཕྱིར་རོ། །དེད?་གར་དེའི་ངོ་བོ་ཉིད་ཡིན་པ་དེ་ནི་མུ་སྟེགས་པའོ། །དེ་རྣམས་ཀྱི་རྣལ་འབྱོར་ན་མུ ་སྟེགས་ཀྱི་རྣལ་འབྱོར་ཞེས་བྱ་བ་སྟེ། ཐབ་པའི་དོན་དུ་སེམས་མཉམ་པར་འཇོག་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ལ་ཡོད་པ་དེ་ནི་མུ་སྟེགས་རྣལ་འབྱོར་ཅན་ནོ། །རྣམས་ཀྱི་འདོད་ཆགས་ནི་མ་དག་པ་ཡིན་ཏེ། གང་གི་ཕྱིར་?་ལ་བདག་གིས་སེམས་ཅན་ཐམས་ཅད ་འཁོར་བ་ལས་གདོན་པར་བྱའོ། །ཞེས་བྱ་བའི་སྨོན་ལམ་འདི་ལྟ་བུ་མེད་ཀྱི། གཞན་དུ་ན་བདག་ཅག་རྣམས་ཉིད་བཅིངས་པ་ལས་གྲོལ་བར་བྱའོ་སྙམ་དུ་སེམས་པར་ཟད་དེའི་ཕྱིར་སེམས་ཅན་རྣམས་ལ་བྱམས་ཤི་སྨིན་པ་དང་གྲོལ་བའི་བསམ་པ ་ཅུང་ཟད་ཅིག་ཡོད་དུ་ཟིན་ཀྱང་དེ་ཉིད་བཅིངས་པ་ཡིན་པའི་ཕྱིར་མུ་སྟེགས་རྣལ་འབྱོར་ཅན་མ་དག་ཅེས་བྱ་བ་གསུངས་ཅེ་དེ་བས་ན་དེ་སྤངས་ལ་དག་པའི་བདག་ཉིད་དམ་ཚིག་གི་བསྲུངས་ན་ཞེས་བྱ་བ་སེམས་ཅན་སྨིན་པ་དང་གྲོལ་བའི ་ཆགས་པ་བསྐྱེད་ན་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་རྡོ་རྗེ་ནོར་བུ་ཞེས་བྱ་པ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ?་ཀྱི་གསང་བའི་རྒྱུད ་སྟོན་ཏེ། རྡོ་རྗེ་ནོར་བུ་སྔར་བཅིངས་ལ་ཞེས་བྱ་བ་ལ་རྡོ་རྗེ་ནོར་བུ་ནི་རྡོ་རྗེ་རིན་ཆེན་གྱི་མྱུ་གུའི་དམ་ཚིག་གི་ཕྱག་རྒྱ་སྟེ་དེ་སྔར་བཅིང་པའོ། །ཇི་ལྟར་ཞེ་ན་དེའི་ཕྱིར། རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་གྱིས་ཞེས་གསུངས་ཏེ་།བཅོམ་ལྡན་འདས་རྡོ་རྗེ་སྙིང ་པོའི་རང་གི་ལྷའི་རྣལ་འབྱོར་ལའོ། །མ་རུངས་རྣམས་ཀྱི་ནོར་གྲོགས་ནས་ཞེས་བྱ་བ་ནི་གང་དག་ནོར་རྙེད་པ་དང་སེམས་ཅན་རྣམས་ལ་འཚེ་ཟིང་བསྟན་པ་ལ་གནོད་པ་བྱེད་པ། མ་རུངས་པ་དེ་ལྟ་བུ་དེའི་ནོར་ཕྲོགས་པ་ནི་གདུལ་པའི་ཕྱིར་རྫུ་འཕྲུལ་གྱིས་ནོར་རྣམས་དུས་དུས་ཅུང་ཟད ་ཅིག་མི་སྣང་བར་བྱའོ། །དམ་ཚིག་དངོས་གྲུབ་སྦྱིན་པར་འགྱུར་ཞེས་བྱ་བ་ལ། འདི་ནི་ནོར་བུའི་རིགས་ཀྱི་གསང་པའི་དམ་ཚིག་ཡིན་པས་ན་འདི་བསྲུངས་ན་དངོས་གྲུབ་སྦྱིན་པར་འགྱུར་རོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཆོས་ཀྱི་རིགས་དང ་རྗེས་སུ་མཐུན་པའི་ཆོས་རིག་པ་དང། འདུལ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་བསྲུངས་པས་འགྲུབ་པ་ནི་ཆོས་ཀྱི་དངོས་གྲུབ་སྟེ་དེ་ཉིད་གཞན་གྱིས་མི་ཤེས་པས་ན་གསང་བའོ། །དེ་སྟོན་པའི་གཞུང་ཡིན་པས་ན་ཆོས་ཀྱི་དངོས་གྲུབ་ཀྱི་གསང་པའི་རྒྱུད་རོ། དེ་ལས་ཀྱང་དང་པོར་ཆོས་རྣམས་ཞེས་བྱ་བ ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཆོས་རྣམས་རང་བཞིན་དག་པར་ནི། །རབ་མཉམ་བཞག་པས་བསྒོམས་ན་ཡང་ཞེས་བྱ་བ་ནི་དོན་འདི་ཉིད་དཀྱིལ་འཁོར་ཆེན་པོའི་དབང་དུ་བྱ་སྟེ། དངོས་གྲུབ་དམ་པའི་རབ་ཏུ་བྱེད་པར་ཚིག་ཏུ ་བརྗོད་ན་དངོས་གྲུབ་འཐོབ་པོ་ཞེས་སྨྲས་ཟིན་ལ། ད་འདིར་ཡང་ཆོས་རྣམས་རང་བཞིན་དག་པར་ནི། །རབ་མཉམ་བཞག་པས་བསྒོམས་ན་ཡང་ཞེས་བྱ་བ་ལ་བྱ་བྲེག་འདི་ཡོད་དེ། སྔར་ནི་བརྗོད་པ་ཙམ་དུ་ཟེད་ཀྱི་འདིར་ནི་བསྒོམ་པ་ཡིན་ནོ། །དེ་ལ་ཆོས་རྣམས་རང་བཞིན་དག་པར་ནི་ཞེས ་བྱ་བ་ནི་དོན་དམ་པར་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་རབ་མཉམ་བཞག་པས་བསྒོམ་པ་སྟེ། སེམས་རྩེ་གཅིག་པས་བསྒོམ་པའོ། །དགོས་པ་ཐམས་ཅད་བྱས་ན་ནི་ཞེས་བྱ་བ་ནི་སྔགས་གཟུང་བ་དང། སྔོན་དུ་བསྙེན་པ་དང། བསྒྲུབ་པའི་དམ་ཚིག་ཏུ་གསུངས་པའི་ལས ་ཐམས་ཅད་བྱེད་པའོ། །དེ་ལ་ཡང་མཆིལ་མ་དང། སྣབས་དང། བཤད་བ་དང། གཅི་བ་ལ་སོགས་པ་འབོར་བ་ན་ཁྲུས་ལ་སོགས་པའི་ཆོ་ག་མེད་དུ་ཟིན་ཀྱང། ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་བསྒོམས་ན་སངས་རྒྱས་པའི་དངོས་གྲུབ་འཐོབ་ཅེས་གསུངས་པ་ཡིན ་ཏེ། ཆོས་འདི་ནིདེ་བཞིན་གཤེགས་པའི་རིགས་?་པའི་བསྙེན་པ་ལ་སོགས་པའི་ཚེ་དུས་ཐམས་ཅད་དུ་དགོས་པ་ཡིན་པའི་ཕྱིར་རོ། །ད་ནི་སེམས་ཅན་ཀུན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ལ ་ཆགས་བྱེད་ཅིང་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་མཉེས་གཤིན་པའོ། །ཡུལ་ལ་སྐྱོ་བར་མ་གྱུར་ལ་ཞེས་བྱ་བ་ལ་ཡུལ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་ལ་ཡང་སྐྱོ་བར་མི་བྱེད་པ་ནི་ཅི་རིགས་པ་དང་ཅོ་འབྱོར་པར་ལོངས་སྤྱོད་པའོ། །བུད་མེད་དགའ་བའི་དང། པ་ནི་ཞེས་བྱ་བ་ལ་བུད་མེད་ནི་ཕྱག་རྒྱར ་གསུངས་ཏེ། དེ་ལ་དགའ་བ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པའོ། །དེའི་དག་བ་ནི་བསྒོམ་པ་རྣམ་པར་དག་པའོ། །གསང་ཆོས་དངོས་གྲུབ་མཆོག་སྦྱིན་ཞེས་བྱ་བ་འདི་གསུམ་ཆར་ཡང་གསང་བའི་ཆོས་ཡིན་པས་གསང་བའི་དཀྱིལ་འཁོར་ཟློས་བ་རྣམས་ཀྱིས་བསྲུང་?་བྱ་སྟེ་ཆོས་དེ་གསུམ་བསྲུངས ་ན་དེ་ལ་དངོས་གྲུབ་མཆོག་སྦྱིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངས?་སོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའི་དོན་ཏོ། །ད་ནི་རྡོ་རྗེ་ཕྲ་མོའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཀི་དངོས་གྲུབ་ཀི་གསང་བའི་རྒྱུད་སྟོད་ཏེ། རྡོ་རྗེ་རིགས་ཀྱི་གསང་བའི་དཀྱིལ་འཁོར་ཟློས ་པའི་རྣལ་འབྱོར་པས་རང་གི་ལྷའི་རྣལ་འབྱོར་བྱས་ལ་།རྡོ་རྗེ་ཕྲ་མོའི་ཏིང་འཛིན་གནས་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་ཏིང་འཛིན་གོམས་པར་བྱས་ལ་།སྣ་ཡི་ཧཱུཾ་གི་སྦྱོར་བ་ཡིས། །མ་རུངས?་ཐམས་ཅད་གསང་བར་ནི་ཞེས་བྱ་བ་ལ་སྣའི?་རྩེ་མོར་རྡོ་རྗེ་བསྒོམ་པལ་ཧཱུཾ་ཞེས་བྱ་བ་དང་སྦྱར་ཏེ། ་གང་ལ་ཆད་པས་གཅོད་པར་འདོད་པ་དེ་ལ་ཧཱུཾ་ཞེས་བྱ་བ་དང་བཅས་པར་འབབ་པར་བསམ་ཞིང་སྦྱོར་བ་འདིས་བསང་པ་ནི་ཆད་པས་གཅོད་པའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་དེ་འབབ་པ་ན་རབ་ཏུ་འབར་ཞིང་མཆེ་བ་གཅིག་ལས་བརྒྱ་སྟོང་དུ་མར་གྱུར་པར་ཅི་ནུས་པར ་བསམ་པར་བྱའོ། །དེ་ལྟར་བྱས་ན་དངོས་གྲུབ་མཆོག་ནི་འཐོབ་པར་འགྱུར་ཞེས་གསུངས་ཏེ་མཆོག་ནིབམ་པའོ། །ད་ནི་རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི་ཞེས་བྱ་བ ་ན་རྡོ་རྗེ་ཕྲ་མོ་བསྒོམ་པའི་སྦྱོར་པའོ། །འདི་སྐད་སྟོན་ཏེ། ལྕེ་ནི་རྐན་ལ་བཅང་ནས་སུ་ཞེས་བྱ་བ་ལ་སོགས་པས་སྣ་ཡི་རྩེ་མོར་རྡོ་རྗེ་ཕྲ་མོ་བསྒོམས་པ། །རྡོ་རྗེ་ཕྲ་མོའི་སྤྱོད་པ་དེས་བུད་མེད་ཀུན་དང་རྩེ་བྱེད་ན་སྟེ་བསྒོམས་པས་མཉེས་པར་བྱའོ། །འདི་སྐད་དུ་སྟོན་ཏེ། རྡོ་རྗེ་ཕྲ་མོའི་བསྒོམ་པ་ཇི་ལྟ་བ་བཞིན་དུ ་གོམས་པར་བྱ་ལྔ་སྣའི་རྩེ་མོར་བཞག་སྟེ། སྤྲོ་བ་དང་བསྡུ་བའི་ཚུལ་བྱ་བ་ཇི་ལྟར་དེ་བཞིན་དུ་ཕྱག་རྒྱ་ཐམས་ཅད་སྣའི་རྩེ་མོར་བཞག་ལ་སྤྲོ་བ་དང་བསྡུ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ལྟར་ན་དེ་རྩེ་བར་བྱེད་ཅིང་ཆགས་པ་དང་མཉེས་པར་བྱེད་པར་འགྱུར་རོ། །མཉེས་ནས་ཅིར་འགྱུར ་ཞེ་ན། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་སྟེ། ཆོས་ཀྱི་རིགས་ཀྱི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་ནི་ཆོས་ཀྱི་དངོས་གྲུབ་སྟེ་དེ་འཐོབ་པར་འགྱུར་པའོ། །ཕྱག་རྒྱ་དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གྱིས་ཞེས་བྱ་བའི་དོན་ཏོ། །ད་ནི་དབང ་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དབང་པོ་གཉིས་ནི་མཉམ་སྦྱར་ལ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སུ་ཞིག་དང་ལྡན་པའི་དབང་པོ་གཉིས་མཉམ་པར་སྦྱོར་ཞེ་ན། བུད་མེད་དམ་ནི་སྡུག་པ་དང་ཞེས་བྱ་བ ་གསུངས་ཏེ། བུད་མེད་ནི་ཕྱག་རྒྱ་སྟེ་དེ་དང་དབང་པོ་གཉིས་མཉམ་པར་སྦྱོར་པའོ། །སྡུག་པ་དང་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་སྟེ་རྡོ་རྗེ་རིན་ཆེན་ལ་སོགས་པའོ། །དེ་བས་ན་དེ་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་པའོ། །དེས་ཅི་ཞིག་བྱེད་ཅེ་ན་རེ་བ་ཐམས་ཅད་ཡོངས? ་བསྐད་ན་ཞེས་བྱ་པ་སྟེ། རིན་པོ་ཆེ་ལ་སོགས་པའི་ཆར་གྱིས་སློང་བ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་དེས་སྐོར་བར་བྱེད་པའོ། །དེས་ཅི་ཞིག་འཐོབ་ཅེ་ན། དངོས་གྲུབ་བླ་མེད་འཐོབ་པར་འགྱུར་ཞེས་གསུངས་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི ་གསང་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ནི་འབེབས་པའི་ལས་སོ། །དེའི་དངོས་གྲུབ་ནི་རྫོགས་པར་འགྱུར་བའོ། །དེ་ཉིད་ནི་གསང་བ་སྟེ་གསང་བའི་དཀྱིལ་འཁོར་དུ་གཏོགས་པའི་ཕྱིར་ཏེ་དེ་སྟོན་པའི་རྒྱུད་གསུངས་པའོ། །དབབ་པའི་མཚན་ཉིད་ནི་ཏིང ་ངེ་འཛིན་ལྔས་རིགས་ཐམས་ཅད་ཀྱི་སྤྱིའི་ལས་སྟོན་ཏོ། །བུད་མེད་ལ་དབང་པོའི་སྒོམས་སྐྱེས་པ་ལ་ཡང་དེ་བཞིན་དུ་བྱ་བ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་ཐོག་མར་རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པར་ལས་ཀྱི་?་དུ་?་ཀི་རྒྱུད ་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་འདིའི་ལས་མི་འདྲ་བས་ན་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ལ་གནས་པར་བྱའོ་སངས་རྒྱས་ཀྱི་རྣལ་འབྱོར་གྱིས་ནི་མ་ཡིན་ན། །དེ་ལྟ་ན་དེ་བཞིན་གཤེགས་པའི་ལས་སུ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་རྗེས་སུ་དྲན་བསྒོམས་ལ་ཞེས ་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་མདུན་དུ་བསྒོམ་པའི་ཕྱིར་དེ་བཞིན་གཤེགས་པའི་ལས་སུ་བཤད་པ་ཡིན་ནོ། །བུད་མེད་གང་ལ་བབས་པར་འདོད་པ་དེའི་ལུས་ལ་ཡིད་ཀྱིས་ཇི་སྐད་གསུངས་པའི་སྒོ་ནས་འཇུག་པར་བྱའོ། །དེ་ནས་དེ་དབང་དུ་འགྱུར་ཞེས་པ ་གཞན་གྱི་དབང་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་འདིས་གཞན་གྱི་དབང་དུ་བྱ་བ་པ་ཡིན་ནོ། །ད་ནི་རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་དངོས་གྲུབ་ཀྱི་གསད་པའི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན ་གནས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱིས་སོ། །བུ་གནས་ནི་དེ་བཞིན་ཞུགས། །བུད་མེད་ལུས་སུ་ལགས་ཁྱབ་བྱས་ཞེས་བྱ་བ་ནི་རྒྱས་པར་བྱ་བའི་དོན་ཏོ། །ལེགས་པར་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་དུ་ཡན་ལག་ཐམས་ཅད་ཀྱིས་འཇུག་པར ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅིར་འགྱུར་ཞེ་ན། སེམས་མེད་པ་ཡང་མགུ་བར་འགྱུར་ཞེས་གསུངས་ཏེ། མགུ་བ་ནི་དགྱེས་པར་བྱ་བ་སྟེ་ལྷ་རང་དབང་དུ་བྱ་བའོ། །འདི་ནི་ཏིང་ངེ་འཛིན་གཉིས་པའི་ལས་སོ། །ད་ནི་ཏིང་ངེ་འཛིན་གསུམ་པའི་ལས་སྟོན་ཏེ། རྡོ་རྗེ་ཧཱུཾ་མཛད ་ཀྱི་ཕྱག་རྒྱའི་སྦྱོར་བ་བྱས་ལ་རབ་ཏུ་མཉམ་པར་བཞག་པའི་ཡིད་ཀྱིས་ཁྲོས་ནས་བུ་གང་ཞུགས་ན་ནི་ཞེས་བྱ་བ་ཁྲོད་མངོན་དུ་བྱས་ནས་སོ། །ཇི་ལྟར་འཇུག་ཅེ་ན། ཡིད་ཀྱིས་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཞུགས་ནས་ཅི་ཞིག་བྱ་ཞེ་ན། དེ་ནས་དབང་དུ་བྱ་བ ་གསུངས་ཏེ། འོད?་ནི་ཏིང་ངེ་འཛིན་གསུམ་པའི་ལས་ཡིན་ནོ། །དེ་ན་པདྨའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཆོས་ཀྱི་ལས་ཀྱི་ཕྱག་རྒྱ་ནི། །བཅིངས་ནས་པདྨའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་ཆོས་ཀྱི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་གང་ཡིན་པའི་ལས་ཀྱི་ཕྱག་རྒྱ་དེ་བཅིང་པའོ། །པཎདའི?་ཏིང་ངེ་འཛིན ་གྱིས་ཞེས་བྱ་བ་ལ་པདྨ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་མ་འཇིགས་པ་སྦྱིན་པ་སྟེ། དེས་བུ་ག་དེ་ནས་ཡིད་ཀྱིས་ཞུགས་ན་བུད་མེད་ཐམས་ཅད་སྲུང་པར་བྱེད་པ་འདིས་གསུངས་པར་འགྱུར་རོ། །ད་ནི་ནོར་བུ་རིན་ཆེན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དངོས་གྲུབ ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་ལྷའི་རྣལ་འབྱོར་དུ་བྱས་པའོ། །ལས་ཀྱི་རྡོ་རྗེ་ནོར་བུ་བཅིངས་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་གཏོགས་པའི་གསང་པའི་དཀྱིལ་འཁོར་དུ ་ལས་ཀྱི་རྡོ་རྗེ་ནོར་བུའི་ཕྱག་རྒྱ་གུང་མོ་གཉིས་རིན་པོ་ཆེར་བྱས་ལ་སྨོས?་མོ་ལྷག་མ་རྣམས་བརྐྱང་དེ་ཞེས་པར་གསུངས་པ་གང་ཡིན་པའི་ལས་ཀྱི་རྡོ་རྗེ་ནོར་བུའི་ཕྱག་རྒྱ་དེ་བཅིང་པའོ།།བུ་གང་ཞུགས་ན་བུད་མེད་རྣམ་པ་ཞེས་བྱ་པ་ལ་ལུས་ཞེས་བྱ་ནི་ཚིག་གི ་ལྷ་?་མའོ། །སྐད་ཅིག་གིས་?་གང་བྱེད་འགྱུར་ཞེས་བྱ་བ་ནི་སྦྱོར་བ་འདས་གང་བྱེད་པ་འབར་ཞིག་ཏུ་ཟད་དོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པའི་སྦྱོར་བས་ནི་སྣོད་གཞན་གྱི་དབང་དུ་བྱེད་དོ། །རྡོ་རྗེ་སེམས་དཔའ་སྦྱོར་བས་ནི་གནས་སུའབེབས་སོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ནི ་དབང་དུ་བྱེད་དོ། །རྡོ་རྗེ་ཆོས་ཀྱི་སྦྱོར་བས་ནི་སྲུང་བར་བྱེད་དོ། །དེ་ལྟར་རིམས་ཀིས་ཕབ་པ་དང། སྐད་ཅིག་མ་དེ་ཉིད་ལ་སྦྱོར་བ་འདིས་གར་བྱེད་དོ། །རྡོ་རྗེ་སོར་མོ་གང་དང་གང་དག་ཡིན་པ་ཨེརྣམས་སྣོད་དེའི་པ་ན་ལག་ཡིན་པར་བསམས་ལ་སོར་མོ་གང་དང་གང་བསྐྱོད་པད ་དད་དེའི་ཡན་ལག་འགུལ་བར་འགྱུར་ཏེ། བསྐུམས་ན་ནི་འབུམ་པར་འགྱུར་རོ། །བརྐྱང་ན་ནི་རྐྱོང་པར་འགྱུར་རོ། །ཕྱག་རྒྱ་རྫོགས་པར་བསྐྱོད་ན་ལུས་ཐམས་ཅད་འགུལ་པར་འགྱུར་རོ། །ཕྱག་རྒྱ་སྨད་ན་ནི་དམའ་བར་འགྱུར་རོ། བསོད་ན་ནི་?་དབང་འགྱུར་བ་སྟེ་དེ ་ལྟ་བུ་ལ་སོགས་པ་ནི་གང་བྱེད་པར་འགྱུར་བའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དག་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་དཀྱིལ་འཁོར་གང་ཡིན་པ་དེའི་དག་པ་གང་ཡིན་པ་དང ་དེའི་དངོས་གྲུབ་གང་ཡིན་པའོ། །དེ་ཉིད་ནི་གསང་བ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དང་པོར་དེ་བཞིན་གཤེགས་པའི་འཁོར་ལོ་དག་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་འཁོར་ལོ་དབུས་ཀྱི་དཀྱིལ་འཁོར་ལ་སེམས་དཔའ་རྡོ་རྗེ་མ་ལ ་སོགས་པ་བཞིས་འཁོར་དུ་བསྐོར་བ་ནི་ཕ་རོལ་ཏུ་ཕྱིན་པ་བཞིའི་རང་བཞིན་ཏེ། དེ་ལ་སེམས་དཔའ་རྡོ་རྗེ་མ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིན་ཆེན་སེམས་མ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་རྡོ་རྗེ་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལས་ཀྱི་རྡོ་རྗེས ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ན་ཆོས་ཀྱི་འཁོར་ལོ་འདྲ་བར་ནི། །ཕྱི་ཡི་དཀྱིལ་འཁོར་བྲཾ་བྱ་ཞིང་ཞེས་བྱ་བ་ཡིན་ཏེ། དབུས་ཀྱི་དཀྱིལ་འཁོར་དུ་ནི་སངས་རྒྱས་བཅོམ་ལྡན་འདས་བཀོད་ལ་ཕྱོགས་བཞིའི་དཀྱིལ་འཁོར་དུ་ནི་སེམས་དཔའ་རྡོ་རྗེ་མ་ལ ་སོགས་པའི་ཕྱག་རྒྱ་བཞི་བགོད་དོ། །དེ་ནས་དེའི་རྒྱབ་ཏུ་ཆོས་ཀྱི་འཁོར་ལོའི་ཚུལ་ཏེ་དཀྱིལ་འཁོར་ཀུན་ནས་ཟླུམ་པོར་བྱའོ། །དེ་ལྟར་བྱས་ན། ཕྱག་རྒྱ་བཙུན་མོ་རྣམས་ཀྱིས་བསྐོར། །དེར་ནི་སངས་རྒྱས་བཞག་པར་བྱ་ཞེས་བྱ་བ་ཡིན་ཏེ། ཕྱག་རྒྱ་དེ་ཉིད་ནི་? ་ཡོངས་སུ་རྫོགས་པར་བྱ་བ་དང། གསོ་བར་བྱ་བ་དང། བསྐང་བར་བྱ་བ་ཡིན་པས་ན་བཙུན་མོ་ཞེས་བྱའོ། །དེ་ལྟར་ནམ་བྱ་ཞེ་ན། གང་གི་ཚེ་དེ་བཞིན་གཤེགས་པ་རྣམ་པ་གཞན་གྱིས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་པ་དེའི་ཚེ། གསང་བའི་དཀྱིལ་འཁོར་འདི་བྲི ་ལ། གསང་བ་དེར་ནི་ཞུགས་ནས་?། །སངས་རྒྱས་ལ་སྨྲ་དེ་མ་བག་ཅེས་བྱ་བའོ། །ཅི་ཞིག་སྨྲ་ཞེ་ན། འདི་ནི་ཁྱབ་པའི་བཙུན་མོ་སྟེ། ཀུན་གཏོང་བ་ནི་བདག་སྩོལ་ཅིག་ཅེས་བྱ་བའོ། །འདི་སྐད་སྟོན་ཏེ། ཁྱེད་ཀྱི་ལོང་སྤྱོད་འདི་ནི་བསྐལ་པ་བརྒྱ་སྟོང་ཚད་མེད ་པ་ནས་ཡོངས་སུ་བསགས་པའི་བསོད་ནམས་གྲངས་མེད་པ་ལས་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཕྱག་རྒྱའི་གཟུགས་སུ་ཞུགས་པ་འདི་དག་།བཅོམ་ལྡན་འདས་ཁྱོད་ནི་ཐམས་ཅད་སྩོལ་བ་ཡིན་ལ། བདག་ཀྱང་སྡུག་བསྔལ་དང་ལྡན་པ་ཡིན་པས་བཅོམ་ལྡན་འདས་བདག་ལ་སྩལ་དུ ་གསོལ། །བདག་ནི་ཁྱོད་ལ་སྐྱབས་སུ་མཆི་བ་ལགས་ལ་བཅོམ་ལྡན་འདས་ཁྱོད་ཀྱི་མཐུས་འབྱོར་པ་དང་ལྡན་པར་མ་གྱུར་པ་ལྟ་སུ་ཞིག་མཆིས་ཅེས་ནི་རིགས་རྣམས་ཀུན་ཕྱག་རྒྱའི་ཚུལ་ལ་ཡང་ནི་དེ་སྐད་བརྗོད་ཅེས་བྱ་བ་འདིས་ཀྱང་འདི་སྐད་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ ་གཏོགས་པའི་སངས་རྒྱས་ཀྱི་དངོས་གྲུབ་ལ་གསང་བའི་དངོས་གྲུབ་ཀྱི་འདི་ལྟར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཀུན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པ་ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་དངོས་གྲུབ་དེ་ལ་འདི་ལྟར་བྱ་བ་ཡིན་ནོ། །དེ་ལྟར་བྱས་པས་ཅིང་འགྱུར་ཞེ་ན། ་སངས་རྒྱས་མཉམ་མེད་འོད་མངའ་བའི། །གསང་བའི་དངོས་གྲུབ་འཐོབ་?་འགྱུར་ཞེས་བྱ་བ་གསུངས་ཏེ། གསང་བའི་དངོས་གྲུབ་ནི་ཡེ་ཤེས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་གྲུབ་པ་དང། །དེའི་འབྲས་བུ་རྣམས་གྲུབ་པའོ། །སུ་ཞིག་གིས་ཤེ་ན། སངས་རྒྱས་མཉམ ་མེད་འོད་མངའ་བའི་ཞེས་བྱ་བ་སྟེ། མཚུངས་པ་མེད་པའི་ཡོད་མངའ་?་བས་ན་མཉམ་མེད་འོད་མངའ་བ་སྟེ། ཟླ་མེད?་པའི་མདངས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི ་དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་སྟོན་ཏེ། འདིར་ཡང་གོང་མ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱིས་གལ་ཏེ་རྣམ་པ་གཞན་གྱིས་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་མ་གྱུར་ན། དེའི་ཚེ་རྡོ་རྗེ་དབྱིངས་དང་ཞེས་བྱ་བ་ལ་སོགས ་པའི་སྦྱོར་བ་འདི་ཉམས་སུ་བླང་བར་བྱའོ། །རྡོ་རྗེ་དབྱིངས་དང་དྲ་བར་ནི་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་དང་མཚུངས་པར་རོ། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་རོ། །སུ་ཞིག་གི་ཞེ་ན། དེ་བཞིན་གཤེགས་པའི་རིགས་རྣམས་ནི།། ་ཐམས་ཅད་ཀྱི་ཞེས་བྱ་བ་སྟེ། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པར་རིན་པོ་ཆེའི་རིགས་ཀྱི་ཁོངས་སུ་གཏོགས་པའི་དེ་བཞིན་གཤེགས་པའི་རིགས་ལ་སོགས་གཏོགས་པ་གང་ཡིན་པ་དེ་དག་ལ་བྱ་པས་ན་མང་པོ་པའི་ཚིག་ཏུ་སྨོས་པ་ཡིན་ནོ། །སྒྲུབ ་པའི་དུས་ན་དེ་དག་ཐམས་ཅད་དུ་གཞན་གྱིས་དངོས་གྲུབ་རྙེད་པར་མ་གྱུར་ན་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ནི་མཆོག་ཚུལ་ཏེ་ཞེས་བྱ་བ་གསུངས་ཏེ། འདི་ནི་དངོས་གྲུབ་ཀྱི་ཐབས་དམ་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་དཀྱིལ་འཁོར་དུ་ནི་ཞུགས་ནས་ཀྱང། །དངོས ་གྲུབ་འདོད་པས་མྱུར་དུ་ནི་ཞེས་བྱ་བ་གསུངས་ཏེ། བསྐུལ་པའི་སྙིང་པོ་འདི་བརྗོད་པ་ཡིན་པས་ན། ཞེས་བརྗོད་སྙིང་པོ་འདི་བཟླས་ཏེ། བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བའོ། །ཅིའི་ཕྱིར་འདི་ལྟར་བྱ་ཞེ་ན། དེ་ཉིད་བསྐུལ་བའི་ཚུལ་གྱིས་ནི། །མགུ་ནས་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བ་སྟོན ་ཏོ། ད་ནི་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ངག་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཁམས་གསུམ་རྣམ་རྒྱལ་འདྲ་བར་ནི་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་ལོ། །རྡོ་རྗེ་ཀུན་གྱི་རིགས་རྣམས་ཀྱི་ཞེས་བྱ ་བ་ནི་རྡོ་རྗེ་རིགས་མ་ལུས་པ་རྣམས་ཀྱིའོ། །དཀྱིལ་འཁོར་ཐམས་ཅད་ཚུལ་དུ་ཡང་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་ལྔ་པ་ལྔ་དང་ལྡན་པ་ཞེས་བྱ་པའི་དོན་ཏོ། །མཁས་པས་ལེགས་པར་བྲི་བར་བྱ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པས་ཕྱིན་ཅི་མ་ལོག་པར་ལེགས ་པར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེར་ཞུགས་ནས་མྱུར་དུ་ཡང་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་དཀྱིལ་འཁོར་དུ་ཞུགས་ལ་མྱུར་དུ་སྨོས་ཤིག་པ་སྟེ་དང་པོར་ཉིད་དུ་གསང་བབ་བསྐུལ་བ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཅེ་ན། དངོས་གྲུབ་གསོལ་བ་འདེབས ་བྱེད་ཅིང་ཞེས་བྱ་བ་སྟེ། དངོས་གྲུབ་འདོད་པས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་སྨྲ་ཞེ་ན། འདོད་ཆགས་ལས་ནི་ཁྱོད་བྱུང་ཞེས་སྨྲ་པ་སྟེ། འདི་ནི་དེ་ཁོ་ན་ཉིད་བསྐུལ་པའོ། །དེ་ཡང་གང་གི་ཕྱིར་ཁོང་ཁྲོ་བ་ནི་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བ་ཡིན་ན་འདིས་རྗེས་སུ་ཆགས་པ ་སྤངས་པས་ན་ཞེ་སྡང་ཡང་འབྱུང་བར་མི་འབྱུང་བའི་ཕྱིར་རོ། །སྨྲས་ན་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་དེ་ཁོ་ན་ཉིད་བསྐུལ་པ་སྟེ། དེ་ཁོ་ན་ཉིད་བསྐུལ་བས་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་ཀུན་ཏུ་འགྲུབ་པར་འགྱུར་ཞེས་གསུངས་སོ། །དེ་ལྟར་དེ་ཁོ་ན་ཉིད་བསྐུལ་བ་ཉིད་ནས་གསང་བའི་དཀྱིལ ་འཁོར་དུ་ཡང་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ལ་དངོས་གྲུབ་གཞན་དང་གཞན་དག་བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །ད་ནི་པདྨའི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། པདྨའི་རིགས་ནི་ཐམས་ཅད་ཀྱི་ཞེས་བྱ་བ ་ནི་རིན་པོ་ཆེའི་རིགས་ལ་སོགས་པ་འགྲོ་བ་འདུལ་བའི་ཁོངས་སུ་གཏོགས་པ་གང་ཡིན་པ་དེ་རྣམས་ལ་པདྨའི་རིགས་ཐམས་ཅད་ཅེས་བྱ་བའི་སྒྲར་གསུངས་སོ། །འགྲོ་བ་འདུས་པའི་ཚུལ་དུ་ནི་ཞེས་བྱ་བ་ནི་འགྲོ་བ་འདུལ་བ་ལྟ་བུར་རོ། །མཁས་པས་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་ལ ་མཁས་པ་ནི་བློ་དང་ལྡན་པའོ། །དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་བཅས་པ་ལྔའོ། །དེར་ཞུགས་ནས་ནི་བརྗོད་བྱ་བ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་རིགས་བཞིའི་བསྡུས་པའི་གསང་བའི་དཀྱིལ་འཁོར་གང་ཡིན་པ་སྟེ། དེར་ཞུགས་ནS་ནི་བརྗོད་བྱ་བ ་ཞེས་བྱ་བ་ཚིག་ཏུ་འདི་སྐད་ཅེས་བརྗོད་པར་བྱ་བའོ། །ཚིག་དེ་གང་ཞིག་ཡིན་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་སྨིན་པ་དང་གྲོལ་བ་ལ་ཆགས་པ་གང་ཡིན་པ་དེ་ནི་འདོད་ཆགས་ཆོས་སོ། །པདྨ་ཆེ་ཡང་དེ་ཉིད་ཡིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ཉིད་དོ།། ་ནམ་བསྐུལ་བའི་ཚིག་དེ་དེ་སྐད་སྨྲས་ནས་དཀྱིལ་འཁོར་ནི། ཀུན་གྱིས་དེས་ནི་དངོས་གྲུབ་པོ་ཞེས་བྱ་བ་སྟེ། དུས་དེ་ཉིད་ཀྱི་ཚེ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་སྤྱིའི་དངོས་གྲུབ་དང། ཕྱིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ན་དེར་གཏོགས་པའི་དངོས་གྲུབ ་རྣམས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་ནོར་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ནོར་བུ་ཆེན་པོའི་རིགས་རྣམས་ནི་ཞེས ་བྱ་བ་ནི་ནོར་བུའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྡུས་པར་གྱུར་པའོ། །དོན་ཀུན་གྲུབ་པའི་ཚུལ་དུ་ཡང། །དཀྱིལ་འཁོར་ལེགས་པར་བྲིས་ནས་ནི་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་དེའི་ཁོངས་སུ་གཏོགས་པའི ་དཀྱིལ་འཁོར་རྣམས་བྲི་བར་བྱའོ། །ཞུག?་ནས་འདི་སྐད་སྨྲ་བར་བྱ་ཞེས་བྱ་བ་ནི་ཞུགས་ནས་བསམས་པ་ཀུན་གྱི་དངོས་གྲུབ་ལས་ཞེས་བྱ་བ་ལ་སོགས་པས་བསྐུལ་བའི་དམ་ཚིག་རྣམས་འདི་སྐད་དུ་སྨྲ་བར་བྱའོ། །བསམ་པ་ཀུན་གྱི་དངོས་གྲུབ་ལས། །འདོད ་ཆགས་བསམ་པ་དངོས་གྲུབ་མཆོག་ཅེས་བྱ་བ་ནི་བསམ་པའི་དངོས་གྲུབ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱི་ནང་ན་བསམས་པའི་དོན་གྲུབ་པ་དེ་ནི་འདོད་ཆགས་ཀྱི་བསམ་པ་དངོས་གྲུབ་ཀྱི་མཆོག་ཡིན་ཏེ། འདོད་ཆགས་ནི་ཡིད་བཞིན་གྱི་རྒྱལ་པོའི་ནོར་བུ ་རིན་པོ་ཆེའི་ཆགས་པ་སྟེ། དེ་གྲུབ་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་ནང་ན་ཕུལ་དུ་བྱུང་བ་ཡིན་པས་མཆོག་ཡིན་ནོ། །དེ་བས་ན་གྲུབ་ཅིག་གྲུབ་ཅིག་སེམས་དཔའ་ཆེ། །བཅོམ་ལྡན་ཐམས་ཅད་གྲུབ་པ་པོ། །ཞེས་གསུངས་པ་ཡིན་ཏེ། གང་གི་ཕྱིར་ཡིད ་བཞིན་གྱི་ནོར་བུ་རིན་པོ་ཆེ་གྲུབ་ན་དེས་དོན་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་སྐད་སྨྲས་ནས་དཀྱིལ་འཁོར་ནི་ཐམས་ཅད་དུ་ནི་ཞུགས་གྱུར་ན་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་ཐམས་ཅད་ཀྱི་དོན་གྱི་མཇུག་སྡུད་པ་ཡིན་ཏེ། རིན་པོ་ཆེའི་དངོས་གྲུབ་ཀྱང་དོན ་གྱིས་ཞར་ལ་བསྡུས་པ་ཡིན་ནོ། །མཆོད་པ་གསང་བ་བླ་མེད་པའི། །དངོས་གྲུབ་ཆེན་པོ་འཐོབ་པར་འགྱུར་ཞེས་བྱ་བ་ནི་གང་གི་ཕྱིར་མཆོད་པ་བླ་ན་མེད་པ་ཡིན་པ་དེའི་ཕྱིར་དངོས་གྲུབ་ཀྱི་དམ་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཕྱིན་ཅད་ནི་གྲུབ་བདག་ཉིད་? ་བསྒྲུབས་ན་རྟག་ཏུ་འགྲུབ་པར་འགྱུར་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་ཐམས་ཅད་དུ་གསང་བའི་བསྐུལ་བས་མཆོད་པ་བྱས་ལའོ། །མཆོད་པ་འདི་གང་གི་ཚེ་བྱ་བ་ཞེ་ན། གང་ཚེ་མྱུར་དུ་མི་འགྲུབ་ན། །དེའི་ཚེ་དེ་ཉིད་བསྐུལ་ན་འགྲུབ་པར་འགྱུར་ཞེས་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཕྱག་རྒྱ་ཐམས་ཅད་ནི་རྣམ་པ་བཞིའོ། །དེ་དག་གི་གསང་བའི་དངོས་གྲུབ་ནི་སྙན་པའི་ཚིག་བརྗོད ་པའོ། དངོས་གྲུབ་ཀྱང་ཚོགས་དང་རྗེས་སུ་མཐུན་པ་སྟེ། བསྐུལ་བའི་ཐ་སྙད་འདིས་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་སྭ་བའི་ཚུལ་དུ་གནས་པའི་བསྐུལ་པ་གང་ཡིན་པ་དེས་བསྐུལ་ན་དགོས་ཏེ་གསང་ཞིང་སྦ་བའི་མཐུ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི ་ཕྱིར་རོ། །འདས་མ་ཐག་པའི་དཀྱིལ་འཁོར་དུ་ནི་ངག་པའི་དངོས་གྲུབ་གསང་བའི་རབ་ཏུ་བྱེད་པས་གསང་བའི་དཀྱིལ་འཁོར་དུ་ཞུགས་ལ། གསང་བའི་དེ་ཁོ་ན་ཉིད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་འཁོར ་ལོ་བསྒྱུར་བ་རྣམས་བསྐུལ་པ་ཡིན་ལ། ད་ལྟར་ནི་དཀྱིལ་འཁོར་དེ་དག་ཉིད་དུ་འཁོར་བའི་ཐ་སྙད་དང་རྗེས་སུ་མཐུན་པའི་གསང་བའི་སྤ་བའི་ཚུལ་གྱིས་བསྐུལ་བས་ཕྱག་རྒྱ་རྣམ་པ་བཞི་བསྐུལ་བར་བྱེད་པ་ཡིན་ཏེ་བྱེ་བྲག་ནི་དེ་ཡོད་དོ། །དེ་ལས་ཀྱང་དང་པོར་དེ་བཞིན ་གཤེགས་པའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་ལྷ་མོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། བཅོམ་ལྡན་འདས་དེ་ཉིད་ནི་ལྷ་ཐམས་ཅད་ལས་ཁྱད་པར་དུ་འཕགས ་པའི་ཕྱིར་ན་ལྷ་ཆེན་པོ་ཡིན་ལ་དེའི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱ་བཞི་པོ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་བཞིན་ཡིན་ཞིང་དེ་ལ་ནི་ལྷ་མོ་ཆེན་མོ་ཞེས་བྱ་སྟེ། དེ་རྣམས་ནི་ལྷ་ཆེན་པོ་དེའི་ཕྱག་རྒྱ་ཡིན་པས་ན་ལྷ་མོ་ཆེ་ཞེས་བྱའོ། །ལྷ ་མོ་ཆེན་མོ་དེ་ཇི་ལྟ་བུ་ཞེ་ན། སྡུག་ཅིང་ཞེས་བྱ་བ་སྟེ་སྡུག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་གྱི་མཚན་ཉིད་ཀྱི་དོན་ཡུན་རིང་པོ་ནས་བསམས་བསམ་པ་དེ་སྦྱིན་པར་བྱེད་པས་ན་སྡུག་པ་པའོ། །དེ་ཉིད་ཀྱིས་ནི་བདེ་བ་ཀུན་སྦྱིན་པ་ཡང་ཡིན་ཏེ། ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་རྣམས་རབ་ཏུ་སྟེར་བར་བྱེད་པའི་ཕྱིར་རོ། །འདི་དག་ཐམས་ཅད་ཀྱང་བདེན་པ་ཡིན་ཏེ་ཡང་དག་པ་དང་ཕྱིན་ཅི་མ་ལོག་པ་ཡིན་ལ་དེའི་དོན་བསྐུལ་བར་བྱེད་པའི་ཚིག་གང་ཡིན་པ་དེ་བདེན་པ་ལས་བྱུང་བའི་ཚིག ་ཡིན་ནོ། །དེ་ལྟ་བུའི་བདེན་པ་དེས་བསྒྲུབ་པ་ནི་བསྐུལ་པའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ནི་མ་གྲུབ་ནའོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཟློས་པའི་རྣལ་འབྱོར་པས་དཀྱིལ་འཁོར་དུ་ཞུགས་ཏེ་བསྒྲུབས་ཀྱང་དངོས་གྲུབ་སྙེད་པར་མ་གྱུར་ན། བསྒྲུབ་པའི ་དཀྱིལ་འཁོར་ཡང་བྲིས་ཏེ། །དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་བསྐུལ་བས་།བདག་པོ་ལ་བསྐུལ་ཞིང་ཕྱག་རྒྱ་ལ་ཡང་འདི་བཞིན་དུ་བསྐུལ་བ་བྱས་ན་དེའི་འོག་ཏུ་གདོད་འགྲུབ་པར་འགྱུར་རོ་ཞེས་པའོ། །ད་ནི་ལྟག?་འོག་ཅེས་བྱ་བ་ལ་སོགས ་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཟློས་པའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་པས་སོ། །སྔར་དངོས་གྲུབ་མ་ཐོབ་ན་གསང་བའི་དཀྱིལ ་འཁོར་གྱི་བསྒྲུབ་པའི་དཀྱིལ་འཁོར་ཡང་བྲིས་ལ། དེར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དག་པའི་དངོས་གྲུབ་ཀྱི་བསྐུལ་བས་ཡང་དག་པར་བསྐུལ་བར་བྱའོ། །ཇི་ལྟར་ཞེ་ན། ལྟག་འོག་གོ་རིམ་ཇི་བཞིན་དུ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི་ཞེས་བྱ་བ ་སྟེ། ཟླ་རྒྱས་དཀྱིལ་འཁོར་ལ་གནས་པ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་འཛིན་ཅེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་ཡོངས་སུ་བསྒོམས་ལ། དེ་ཁོ་ན་ཉིད་ཀྱི་གསང་པ་འདི་ཡང་རྡོ་རྗེ་ཚིག་གི་བརྗོད་པར་བྱའོ། །བདག་ནི་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་དའི ་ཆུང་མ་སྙིང་ལ་གནས་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ལ་གནས་པ་ཡིན་ལ། དེས་ན་འདི་བདག་ཉིད་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་དེ་ཡང་འདིའི་ཆུང་མ་ཡིན་ཏེ། གང་གི་ཕྱིར་འདི་དེས་གང་བར་བྱ ་ཞིང་རྫོགས་པར་བྱ་བ་དང་ཡན་ལག་ཐམས་ཅད་བརྟན་པར་བྱ་བ་ཡིན་པའི་ཕྱིར་རོ། །སྙིང་ལ་གནས་ཞེས་བྱ་བ་ནི་བསྒོམས་པ་འགྱུར་པ་ན་དོན་སྣང་བར་བྱས་པའི་ཕྱིར་སེམས་ལ་རྣམ་པར་གནས་པའོ། །ལུས་ཀུན་ལ་ནི་འཁྱུད་ནས་ཀྱང་ཞེས་བྱ་བ་ནི་ལྷ་ཡོངས་སུ་གཟུང་བའི་གཟུགས ་ཡོངས་སུ་འཁྱུད་པ་སྟེ། གང་གི་ཕྱིར་མིའི་ལུས་ཁུ་བ་དང་ཁྲག་ལས་བྱུང་བ་གང་ཡིན་པ་དེ་བོར་ནས། དངོས་གྲུབ་ཀྱི་དུས་སུ་ལྷའི་གཟུགས་སུ་འགྱུར་དགོས་པས་ན་དེའི་ཕྱིར་ལུས་ཐམས་ཅད་ལ་འཁྱུད་པ་སྟེ་ལྷའི་ལུས་སུ་ཡོངས་སུ་གྱུར་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ ་ཆེན་པོ་མངོན་སུམ་ཁོ་ནར་རང་གི་ལྷའི་རྣལ་འབྱོར་དུ་བྱེད་པའི་ཚེ། དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་བྱས་ནས་བདག་གི་ལུས་འདི་མ་ལུས་པར་ཡོངས་སུ་བཞེས་པ་ལ་ལྷའི་སྐུར་ཡོངས་སུ་གྱུར་པར་མཛད་དུ་གསོལ་ཞེས་དེ་ལ་བསྐུལ་ཞིང་།སྐྱེ་རྡོ་རྗེ ་སྙིང་པོ་ནམ་མཁའ་ལ་བཏེག་སྟེ་རྡོ་རྗེ་སེམས་དཔའ་ཉིད་དུ་མཛད་པ་ལ་སྩོལ་ཅིག་བརྗོད་དེ། བདག་ཉིད་སྤང་བར་བསམ་ཞིང་བདག་ལ་ད་ནི་རྡོ་རྗེ་སེམས་དཔའ་ཨོ་ཞེས་ང་རྒྱལ་ཡང་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་སྐུར་གྲུབ་པར་འགྱུར་ཏེ། དེ་ཡེ་ཤེས་ཚེ་སྟོབས་གཟུགས ་མཆོག་རྣམས། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར་ཞེས་བྱ་བར་འགྱུར་རོ། །དེ་བས་ན་རྡོ་རྗེ་འགྱིང་པ་ལྷ་མོ་ཆེ་ཞེས་བྱ་བ་ལ་སོགས་པས་འདིའི་འབྲས་བུ་སྟོན་ཏོ། །ད་ནི་གྲུབ་ཅིག་གྲུབ་ཅིག་ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་སྒོ་ནས་དམ་ཚིག་གི་གསང་བའི་དངོས ་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྙིང་གར་བཅིངས་བསྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ཏེ་བསྒྲུབ་པའི་ཚེ་ན། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་ཀྱིས་བསྐུལ་བས་བཅོམ་ལྡན་འདས ་དེ་ལ་ཡང་དག་པར་བསྐུལ་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་སྙིང་གར་གནས་པ་ལ་གྲུབ་ཅིག་གྲུབ་ཅིག་བྱ་བ་ལ་སོགས་པའི་དམ་ཚིག་གིས་བསྐུལ་བར་བྱའོ། །དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དོ་ཞེས་བྱ་བའི་དོན ་ཏོ། ཁྱོད་ངའི་སྡུག་ཅེས་བྱ་བ་ནི་འདོད་པའི་དོན་སྒྲུབ་པར་བྱེད་པས་ན་སྡུག་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་སྡུག་པར་མཛད་ན་གྲུབ་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ད་ཡང་ཁྱོད་ལ་སྡུག་པར་བྱེད་ཀྱིས་ང་ཡང་གྲུབ་པར་གྱིས་ཤིག་པའོ་ཞེས ་བསྐུལ་རྒྱུད?་དུ་ཆགས་གྱུར་ནས། །རབ་ཏུ་ཡང་ནི་འགྲུབ་པར་འགྲུབ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔར་ངེས་པ་དང་བདག་ཏུ་ངེས་པ་འདི་ལྟ་བུས་འགྲུབ་པར་འགྱུར་བའོ། །ད་ནི་རྟོགས་ཤིག་ཅེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་གསང་བའི་དངོས་གྲུབ ་སྟོན་ཏེ། པདྨའི་རིགས་ཟློས་པའི་རྣལ་འབྱོར་པས་བསྒྲུབ་པའི་དཀྱིལ་འཁོར་འགྲོ་བ་འདུལ་བའི་ཚུལ་དུ་བྲིས་ཏེ། དེར་ཞུགས་ལ་སྒྲུབ་པའི་དུས་སུ་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་དག་པའི་དངོས་གྲུབ་ཀྱི་གསང་བའི་བསྐུལ་བས་བྱའོ། །དེ ་ནས་ཆོས་ཀྱི་ཕྱག་རྒྱ་རྟོག་ཤིག་རྟོག་ཤིག་ཅེས་བྱ་བ་ལ་སོགས་བསྐུལ་བར་བྱ་སྟེ། གང་གི་ཕྱིར་ཆོས་ཀྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་ན་དེ་ལ་རྟོགས་ཤིག་རྟོགས་ཤིག་ཅེས་བྱ་བ་འདིས་བསྐུལ་ལོ། །ང་ཡི་ཆུང་མ ་ཁྱོད་རབ་ཏུ་སྡུག་ཅེས་བྱ་བ་ནི་གང་གི་ཕྱིར་རྫོགས་པར་བྱ་ཞིང་གང་བར་བྱ་བ་ཡིན་པ་དེ་སྒོམས་པར་བྱ་བ་ཡིན་པས་དེ་ལ་ཤིན་ཏུ་སྡུག་ཅིང་ཡིད་དུ་འོང་བར་བསྒྲུབ་དགོས་པ་ཡིན་པའི་ཕྱིར་རབ་ཏུ་སྡུག་པའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་ལས་ཀུན་ཞེས་བྱ ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་བསྒྲུབ་པའི་དུས་ནི་བསྒྲུབས་པའི་དཀྱིལ་འཁོར་བྲིས་ཏེ་ཞུགས་ལ་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དཀྱིལ་འཁོར་དུ ་དག་བའི་དངོས་གྲུབ་ཀྱི་གསང་བས་བསྐུལ་ཏེ། སྒྲུབ་པའི་ཚེ་ན་ལས་ཀྱི་ཕྱག་རྒྱ་ལ་ལས་ཀུན་བྱེད་པའི་ཞེས་བྱ་བ་ལ་སོགས་པས་ཡང་དག་པར་བསྐུལ་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡིན་ཏེ། འདིར་ནི་ལས་ཀྱི་ཕྱག་རྒྱ་ལ་བསྐུལ་བ་ཡིན་ལ། གོང་དུ་ནི་བཅོམ ་ལྡན་འདས་རྡོ་རྗེ་ལས་ཀྱི་ལས་ཕལ་མོ་ཆེར་བཤད་ཟིན་པ་ཉིད་ཡིན་ནོ། །ཕྱག་རྒྱའི་གསང་པའི་དངོས་གྲུབ་ཀྱི་རྒྱུད་དོ། །ད་ནི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལས་ཐོག་མར་དེ་བཞིན་གཤེགས་པའི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་བཞིན་གཤེགས་པ་མི་བསྐྱོད ་པ་ལ་སོགས་པ་བཞིའི་ཕྱག་རྒྱ་བཞི་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡིན་པས་དམ་ཚིག་གི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་གོ། དེ་དག་ཉིད་གསང་བ་སྟེ་གང་གི་ཚེ་བཅོམ་ལྡན་འདས་རྣམ་པར ་སྣང་མཛད་ཀྱིས་འདོད་པའི་དབང་ཕྱུག་ལས་རྣམ་པར་རྒྱལ་བར་མཛད་པ་ན་ལྷ་ཆེན་པོ་དབང་ཕྱུག་གི་གཟུགས་སུ་སྤྲུལ་ཅིང་ཞུགས་པ་དེའི་ཚེ་ན། བཅོམ་ལྡན་འདས་ཀྱིས་བཙུན་མོའི་འཁོར་གྱི་ངོ་བོ་བུད་མེད་རིན་པོ་ཆེའི་གཟུགས་ལྟ་བུར་སྤྲུལ་ཅིང་ཡང་དག་བར་བཞུགས་སོ། །འདོད ་པའི་ཁམས་ཀྱི་བདག་པོ་དེའི་ང་རྒྱལ་དུ་འདོད་པའི་ཁམས་ན་དའི་འདོད་པ་རྣམས་ལས་ཁྱད་པར་དུ་འཕགས་པ་གཞན་གང་ཡང་མེད་དོ་སྙམ་པའི་ང་རྒྱལ་དེ་ལྟ་བུས་སུ་?་ཡང་འདུད་པར་མི་བྱེད་ཅིང་སུ་ཡི་ཡང་བསྒོ་བར་ཉན་པར་མི་བྱེད་དོ། །དེ་བས་ན་དེ་འདུལ་བའི་ཕྱིར་བཅོམ ་ལྡན་འདས་ལྷ་ཆེན་པོ་དབང་ཕྱུག་གི་གཟུགས་སུ་སྤྲུལ་པར་མཛད་པ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་གདུལ་བར་བྱ་བའི་ཕྱིར་ནང་གི་བཙུན་མོའི་འཁོར་བསྟན་པ་དང། འདིར་ཡང་ཀ་པི་ནས་གདུལ་ཕྱིར་འཁོར་ལོས་སྒྱུར་བ་ཆེན་པོར་སྤྲུལ་པར་མཛད་ཅིང། ཕ་རོལ ་ཏུ་ཕྱིན་པ་དེ་རྣམས་ནང་གི་བཙུན་མོའི་འཁོར་དུ་སྤྲུལ་པར་མཛད་པ་ཡིན་ནོ། །དེ་ནས་དབང་ཕྱུག་ཆེན་པོ་དང། ལྷའི་བུ་དེ་དག་གི་ནང་གི་བཙུན་མོའི་ཚོགས་མཐོང་ཞིང། ཀ་པི་ནས་ཀྱང་ནང་གི་བཙུན་མོའི་ཚོགས་མཐོང་བ་དང་རང་གི་འདོད་པ་ནི་ཤིན་ཏུ་གཞན་པ་ཞིག་གོ་སྙམ་པའི་བློ་སྐྱེས་སོ།། ་དེ་ནས་ང་རྒྱལ་དང་བྲལ་བར་གྱུར་པ་དང་བཅོམ་ལྡན་འདས་ལ་གུས་པའི་བློ་སྐྱེས་པ་ཡིན་ནོ། །དེ་ལྟར་ང་རྒྱལ་དང་བྲལ་བའི་སེམས་ཀྱིས་བཅོམ་ལྡན་འདས་ལ་བསླེན་བཀུར་བྱས་པ་དང། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་སྟོན་པ་མཛད། ཆོས་ངེས་ལྷའི་བུ་རྣམས་ཀྱིས་ནི་ས་བརྒྱད་པའི་? ་ཕྱུག་ཐོབ་པ་ལ། ཀ་པི་ནས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར། དེ་ལྟ་བུས་ན་སངས་རྒྱས་ཀྱི་བཙུན་མོ་དེ་དག་ལ་མུ་སྟེགས་པ་རྣམས་ཀྱིས་ངན་སེམས་མི་སྐྱེ་བར་དེ་དག་ལ་ཕན་གདགས་པའི་ཕྱིར་རི་མོའི་ཕྱག་རྒྱའི་ཚུལ་དུ་བཀོད་པ་ཡིན་ནོ། །དེ་བཞིན་གཤེགས་བཟློས་པས ་ཀྱང་སྒྲུབ་པའི་ཚེ་ན་བསྒྲུབ་པའི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་ལྟ་བུར་བྲིས་ལ། དཀྱིལ་འཁོར་དེར་ནི་ཁྱབ་པའི་བཙུན་མོ་སྟེ། ཀུན་གཏོང་བ་ནི་བདག་སྩོལ་ཅིག་ཅེས་དག་པའི་དངོས་གྲུབ་ཀྱིས་བསྐུལ་བས་བཅོམ་ལྡན་འདས་ལ་བསྐུལ་བ་དང། དེ་བཞིན་གཤེགས་པའི་ལྷ་མོ་ཆེ། སྡུག ་ཅིང་བདེ་བ་ཀུན་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་ཕྱག་རྒྱ་གསང་བའི་དངོས་གྲུབ་ཀྱི་རྒྱུད་ཀྱི་ཕྱག་རྒྱ་རྣམ་ལ་ཡང་དག་པར་བསྐུལ་བར་བྱ་བའི་གསང་ཞིང་སྦ་བ་འདི་ཤེས་པར་བྱ་ལ། མུ་སྟེགས་རྣམས་ལ་ཞེས་བྱ་བ་ལ་སོགས་པས་བདག་ཉིད་ལ་ངེས་པའི་ཤེས་པ་བསྐྱེད་ན་འགྲུབ་པར ་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་གསུངས་སོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་གསང་པའི་དངོས ་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་སྒྲུབ་པའི་དུས་སུ་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་དེར་ཞུགས་ཏེ། དཀྱིལ་འཁོར་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དག་པའི་དངོས་གྲུབ་ཀྱིས་གསང་བའི་བསྐུལ་བ་དང། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྱག་རྒྱ་གསང་བའི་དངོས ་གྲུབ་ཀྱིས་བསྐུལ་ཞིང། དེ་ཁོ་ན་ཉིད་འདི་ཤེས་པར་བྱས་ན་ཤེས་ཅན་ཀུན་གྱི་ཡིད་ལ་ཁྱབ་ཅེས་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཡིད་ལ་ཁྱབ་པ་ཡིན་ཏེ། ཡིད་ཅེས་བྱ་བའི་སྒྲ་ནི་སེམས་ལ་སེམས་ཅན་ཐམས ་ཅད་ཀྱི་སེམས་དེ་ལ་དེའི་ངོ་བོ་ཉིད་ཀྱིས་ཁྱབ་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་ཅེས་བྱའོ། །སེམས་ཅན་ཀུན་ལ་བདེ་སྦྱིན་ཞིང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་དེ་བ་དང། ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་ཏིང་ངེ་འཛིན་གྱི་བདེ་བའི་བར་དུ ་སྦྱིན་པས་ན་སེམས་ཅན་ཀུན་ལ་བདེ་སྦྱིན་པའོ། །སེཾ་ཅན་ཀུན་གྱི་ཡབ?་ཉིད་ནི་ཞེས་བྱ་བ་ནི་བདག་གི་རང་བཞིན་འགྲོ་བ་དྲུག་ཏུ་སྐྱེ་བར་མཛད་པ་ཡིན་པའི་ཕྱིར་དང། དངོས་གྲུབ་ཀི་དུས་ན་བསྒོམས་པ་ལ་བྱང་བ་བརྫུས་ཏེ་སྐྱེ་བའི་ཚུལ་དུ་སྐྱེད་པར་མཛད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་པའི་ཚེ་ན། གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་སངས་རྒྱས་ཀྱི་སྐུར་བསྐྱེད་པར་མཛད་པས་ན་སེམས་ཅན་ཀུན་གྱི་ཡབ་ཉིད་དོ། །དེས་སུ་ཞིག་ཡིན་ཅེས་ན། འདོད་པ་སྟེ་སེམས་ཡིན་པའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། མཆོག་ཅེས་བྱ་བའོ། །འདི་སྐད་སྟོན་དེ་དངོས་གྲུབ་ཐམས་ཅད་སྦྱིན་པ་ནི ་སེམས་འདི་ཉིད་ཡིན་ཏེ། འདི་དག་ཐམས་ཅད་ནི་འདི་ཉིད་ཀྱིས་བྱས་པ་ཡིན་ན། ཅིའི་ཕྱིར་སྨོངས་པ་བཞིན་དུ་གཞན་དག་བདག་ལ་དངོས་གྲུབ་སྩོལ་ཏེ་གང་གི་ཕྱིར་སེམས་འདི་ཉིད་མཆོག་ཡིན་ནོ་ཞེས་པའོ། །སུ་ཞིག་གི་ནང་ན་མཆོག་ཡིན་ཞེ་ན། དམ་ཚིག་མཆོག་གི་ཞེས་བྱ་བ་གསུངས་ཏེ། དམ ་ཚིག་མཆོག་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ། །དེ་དག་གི་མཆོག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ་འདི་ནི་རང་གི་སེམས་ཉིད་ཡིན་ནོ། །དེ་སྐད་དུས་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ་ཞེས་བྱ་བར་སྟོན་ཏོ། །ཅིའི་ཕྱིར་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཤེ་ན། གང་གི་ཕྱིར་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཆོག་སྟེ་རྨད་ཆེ་བར་ཞེས་བྱ་བ་གསུངས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ལས་བྱུང་བ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡིན ་ནོ། །ཇི་ལྟ་བུ་ཞེན། མཆོག་སྟེ་རྨད་ཆེ་བར་ཞེས་བྱ་བ་སྟེ་ཤིན་ཏུ་དམ་པར་གྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྲུབ་པ་པོ་དད་པ་དང་ལྡན་པས་ཤེས་པར་བྱ་བ་ཡིན་པས་ན་དད་ལྡན་ཤེས་ནས་དང་བྱས་ན་ཞེས་བྱའོ། །དེ་ཇི་ལྟ་བུ་ཞེ་ན། བསྒྲུབ་དཀའ་ཞེས་བྱ་བ་སྟེ། དཀའ་ ་པས་བསྒྲུབ་དགོས་པའི་ཕྱིར་ན་བསྒྲུབ་དཀའ་ཨོ། །དེ་བས་ན་བསྒྲུབ་པ་པོས་རྣམ་པ་འདི་ལྟ་བུ་ཡིན་པར་ཤེས་ན་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་འདོད་ཆགས་དག་ཕྱིར་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ་ཚིག ་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་དག་ཕྱིར་ཆགས་བྲལ་དང་ཞེས་བྱ་བ་ལ་འདོད་ཆགས་ཀྱིས་དག་པ་ཡིན་པས་ན་འདོད་ཆགས་དག་པ་སྟེ། སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་སྙིང་པོ་ཐོབ་པར་བྱེད་པའོ། །ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དག་པ ་དེའི་ཕྱིར་རོ། །སུ་ཞིག་གིས་ན། ཆགས་བྲལ་དང་ཞེས་བྱ་བ་སྟེ་ཆགས་པ་དང་བྲལ་བ་ནི་གང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ལོགས་པར་སྤྱོད་པའི་སེམས་ཅན་རྣམས་ཀྱིས་སྐྱོ་སྟེ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ནས་བདག་ཉིད་གྲོལ་བར་བྱའི་གཞན་དག་གིས་བདག་ལ་ཅི་ཞིག་བྱ ་ཞེས་དེ་ལྟར་བུ་དེ་བརྩོན་བས་གནས་པ་དེ་རྣམས་དང། མུ་སྟེགས་ལྟ་བར་བྱས་བདག་ལ་ཞེས་བྱ་བ་སྟེ། མུ་སྟེགས་ཀྱིས་ལྟ་བར་བྱས་པ་ནི་གང་བྱང་ཆུབ་པའི་སྐལ་པ་ཡོད་དུ་ཟིན་ཀྱང་མི་དགེ་བའི་གཤེས?་གཉེན་དང་ཕྲད་པས་ལོག་པར་ལྟ་བ་ལ་སོགས་པའི་ལྟ་བའི་ཚད་ཚིང་དུ་ལྷུང་བ་སྟེ། སེམས ་ཅན་འདི་ལྟ་བུ་ལོག་པར་ལྟ་བ་ལ་སོགས་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལ་གནས་པ་རྣམས་དེ་ལས་བཟློག་སྟེ་ཐེག་པ་ཆེན་པོ་ཡང་དག་པའི་ལྟ་བ་ལ་བཞག་པའི་ཕྱིར་གསོད་པའི་དམ་ཚིག་མཆོག་ཡིན་ཏེ། འདི་ལྟར་ཤེས་ནས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་སྟེ། གསོད ་པ་ནི་ལྷ་ཆེན་པོ་བཞིན་དུ་རྒྱལ་བར་བྱ་བ་སྟེ། ཐབས་འདིས་བཟློག་པར་མ་ནུས་པ་རྣམས་ལ་འདི་ཉིད་ཀྱིས་བསད་པ་ཉིད་མཆོག་གོ། དེ་ཁོ་ན་ཉིད་ཀྱི་གསང་བ་འདི་ཤེས་པར་བྱས་ན་རྡོ་རྗེ་རིགས་སུ་བསྒྲུབ་པའི་ཚེ་སྔར་བཤད་པའི་ཚུལ་གྱིས་འགྲུབ་པར་འགྱུར་རོ་ཞེས་བཅོམ ་ལྡན་འདས་རྡོ་རྗེ་འཛིན་གྱིས་གསུངས་སོ། །ད་ནི་མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འབྱུང་བ་ཆེ་ལས་ཐམས་ཅད་འབྱུང་ཞེས་བྱ་བ་ལ་སོགས་པ་ལ་པདྨའི་རིགས་ཟློས་པ་རྣམས་ཀྱིས་ཀྱང་བསྒྲུབས ་པའི་དུས་སུ་སྔར་བཤད་པའི་ཚུལ་གྱིས་ཐམས་ཅད་རྫོགས་པར་བྱས་ལ་དེ་ཁོ་ན་ཉིད་ཀྱི་གསང་བ་འདི་རྣམ་པར་བརྟག་སྟེ། དངོས་གྲུབ་མངོན་དུ་ཕྱོགས་པའི་དུས་སུ་སྤྲིད་པ་ལ་སོགས་པ་དང། མཆིལ་མ་དང། སྣབས་དང། བཤད་པ་དང། གཅི་བ་ལ་སོགས་པ་བྱུང ་ན་འདིའི་ཚེ་ག་ཙད་སྦྲ་ལ་ཞུགས་པ་ནི་བདུད་ཀྱིས་ལས་ཡིན་པར་དངོས་གྲུབ་འདོད་པས་ཤེས་པར་བྱ་ཞིང་འབྱུང་བ་ཆེན་པོ་ལས་ཐིད་འབྱུང་བ་ཡིན་ནོ་ཞེས་བརྟག་པར་བྱའོ། འདི་སྐད་སྟོན་ཏེ། ལུས་འདི་ཉིད་ནི་འབྱུང་བ་ཆེན་པའི་ངོ་བོ་ཉིད་དེ། ཁྲག་དང་ཁུ་བའི་རྒྱུ་མཐུན་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ནི ་ཅིའི་ཕྱིར་མཆིལ་སྣབས་ལ་སོགས་པ་འདི་ཉིད་ལ་མི་གཙང་བ་ཞེས་ཁྱད་པར་དུ་གདགས་སུ་ཅི་ཞིག་ཡོད་དེ། འདི་དག་ཐམས་ཅད་མི་གཙང་ཉིད། །མི་གཙང་མིན་པ་ཡོད་མ་ཡིན། །ལུས་ཅན་རྩོད་པའི་གནས་གྱུར་པ། །དེ་ཉིད་ཀྱིས་ན་སུན་འབྱིན་མོད་ཅེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་དོན ་དམ་པར་དེ་ལྟར་རྣམ་པར་བརྟགས་ན་རང་བཞིན་དག་པའི་ཕྱིར། རྣལ་འབྱོར་པས་ཁྲུས་ལ་སོགས་པའི་གཡེང་བས་དངོས་གྲུབ་མངོན་སུམ་དུ་གྱུར་པ་གཏང་བར་མི་བྱ་ཞིང། མཆིལ་མ་དང། སྣབས་དང། བཤད་པ་དང། གཅི་བ་ལ་སོགས་པ་འབྱུང་བར་གྱུར་ན་ཡང་བསྒོམ ་པ་དང་བཟླས་པ་གཏད་བར་མི་བྱའོ། །དེ་ནས་ཅི་འགྱུར་ཞེ་ན། ངེས་པར་དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་སྤྱན་གྱིས་གསུངས་སོ། །དེ་ལྟར་ན་གཙང་སྦྲའི་ཆོས་ཀྱི་ཐ་སྙད་དུ་བྱ་བ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་མུ་སྟེགས་ཅན་རྣམས་གཞོམ་པའི་ཕྱིར་རོ་ཞེས་བྱ ་བ་གསུངས་ཏེ། ངེས་པར་འདོདཔ་དག་གིས་ཕྱིར་དགོས་ཏེ། གང་གི་ཕྱིར་མུ་སྟེགས་ཅན་དག་པ་ལ་སོགས་པས་དེ་ཁོ་ན་ཉིད་མ་མཐོང་བས་གཙང་སྦྲར་བྱ་བ་དེ་ཙམ་གྱིས་གྲུབ་ཅིང་གྲོལ་བར་འདོད་པའི་ཕྱིར་རོ། །དེ་ལྟ་བས་ན་ཡང་དག་པའི་ལྟ་བ་ལས་ཉམས་པ་དེ་དག་རྣམ ་པར་གཞོམ་པའི་ཕྱིར་རོ། །ད་ནི་བུད་མེད་ཅེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདི་ཡང་སྔ་མ་བཞིན་དུ་བསྒྲུབ་པའི་དུས་སུ་དཀྱིལ་འཁོར་བྲིས་ལ་ཞུགས་ཏེ་བསྒྲུབ་པའམ། མ་ཞུགས་པར་བསྒྲུབ་པ་འམ། ཞུགས ་ནས་བསྒྲུབས་ན་ཡང་དངོས་གྲུབ་ཐོབ་པ་འམ། དངོས་གྲུབ་དམ་པ་འདོད་ན་ཇི་སྐད་དུ་གསུངས་པའི་དམ་ཚིག་བསྲུང་བ་དང་ཆོས་སྐྱོད་པ་དང། ལས་ཉམས་སུ་བླང་བ་རྣམས་ཇི་སྐད་གསུངས་པ་བཞིན་དུ་བྱས་ལ། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་གསང་བའི་བསྐུལ་བས་བཅོམ ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་ཡང་དག་པར་བསྐུལ་ཞིང་།ཕྱག་རྒྱའི་དངོས་གྲུབ་ཀྱི་གསང་བའི་བསྐུལ་བས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་ཡང་དག་པར་བསྐུལ་ཏེ། དེ་ཁོ་ན་ཉིད་ཀྱི་བསང་བ་འདི་ཡང་རྣམ་པར་བརྟག་པར་བྱའོ། །ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་པས ་བུད་མེད་ཆགས་ཕྱིར་རིན་ཆེན་རྣམས་རྟག་ཏུ་ལེགས་པར་བསག་པར་བྱ་ཞེས་བྱ་བ་སྟེ་གང་ཆགས་པ་དང་མ་བྲལ་བ་དག་གིས་རིན་པོ་ཆེ་སོག་པར་བྱེད་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བུད་མེད་ལ་ཆགས་པའི་ཕྱིར་ཏེ། དེ་བས་ན་བུད་མེད་ནི་བླ་ན་མེད་པའི་རིན་པོ་ཆེ ་ཡིན་ལ་ཕྱག་རྒྱ་ཡང་བུད་མེད་ཡིན་ཏེ། དེས་བླ་ན་མེད་པའི་རིན་པོ་ཆེའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ངས་མཚུངས་པ་མེད་པའི་འབད་པ་བྱའོ་ཞེས་རྣམ་པར་བསམས་ཏེ། མཆོག་ཏུ་སྡུག་པར་བྱེད་པའི་བསམས་པས་བསྒོམས་ནས་འགྲུབ་པར་འགྱུར་རོ་ཞེས་བཅོམ ་ལྡན་འདས་ཀྱིས་བཀའ་བཞིན་དུ། མཛད་པས་གསུངས་ཏེ། བཀའ་བཞིན་མཛད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། །དེ་ལས་ཀྱང་དང་པོར་བུད་མེད་རྣམས་ཀྱིས་ཞེས་བྱ་བ་ལ་སོག ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱིས་བསྒྲུབ་པའི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་ལྟ་བུར་བྲིས་ལ། དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བཞག་ཅིང་ཕྱག་རྒྱ་བཞི་རྣཾས། ་ཀྱང་བྲིས་ལ། སྨྲས་མ་ཐག་པའི་གོ་རིམ་ཐམས་ཅད་ཀྱང་བྱས་ཟིན་པ་དང། དེ་ནས་སངས་རྒྱས་ཀྱི་སྐུ་གཟུགས་བུང?་དུ་ཕྱུང་སྟེ་དབུས་དེར་འདུག་ལ་སྐྱིལ་པོ་ཀྲུང་བཅས་ཏེ་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ལ་གནས་ནས་སྒེག་མོ་ལ་སོགས་པ་མཆོད་པ་བཞི་རྣམས་ཀྱང་ངོས ་རྣམས་སུ་དགོད་པར་བྱའོ། །དེ་ལྟར་བྱས་པ་ནི་བུད་མེད་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། ཇི་སྐད་གསུངས་པའི་ཕྱག་རྒྱ་རྣམས་ནི་བུད་མེད་ཀྱི་གཟུགས་ཅན་ཡིན་པའི་ཕྱིར། བུད་མེད་རྣམས་ཀྱིས་ཡོངས་སུ་བསྐོར་པ་ཞེས་བྱའོ། །ཀུན་ནས་རྩེས་པའི་བདེ་བ་ནི་སྒེག་མོ་ལ་སོགས་པའི ་མཆོད་པ་རྣམས་ཀྱིས་ཀུན་ཏུ་རྩེ་བའི་བདེ་བ་དེ་ལས་བྱུང་བའི་ཀུན་ནས་རྩེས་པའི་བདེ་བ་སྟེ། དེ་སངས་རྒྱས་མཆོད་ཕྱིར་ཕུལ་ན་ཡང་ཞེས་བྱ་བ་སངས་རྒྱས་རྣམས་ལ་མཆོད་པའི་རྒྱུར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཨི་མཆོད་པ་ནི་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱི ་སངས་རྒྱས་གྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བའི་ཕྱིར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ལྟར་མཚེད་པས་ཅིར་འགྱུར་ཞེས་ན་མཆོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་སྟེ། མཆོད་པས་འགྲུབ་པ་ཡིན་པས་ན་མཆོད་པའི་དངོས་གྲུབ་སྟེ། དེ ་འཐོབ་པར་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རབ་དགའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རབ་དགས་ངལ?་ཏེ་སྐྱོ་བ་ན་ཞེས་བྱ་བ་ལ་རབ་དགའ་ནི་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་སྟེ་དེ་བསྒོམས་པས་དུབ་པ་ནི་རབ་དགས་ངལ་བའི། །དེས་སྐྱོ་བ་ནི་རབ་དགས་ངལ་ཏེ་སྐྱོ་བའོ། །རབ་དགའ་ལས་བྱུང་བདེ་བ་དེ་ཞེས་བྱ་བ་ནི་མི་སྐྱོ་བའི་གནས་སྐབས་སུ་རབ་དུ་དགའ་བ་བསྒོམས་པ་ལས་བདེ་བ་ཐོབ་པ་གང་ཡིན་པ་དེ་རབ་དགའ་ལས་བྱུང་ཞེས་བྱའོ།། ་དེ་བསྒྲུབ་པའི་དུས་ན་ཕྱག་བཞིས་པོས་ནི་མཆོད་པའི་ཕྱིར་ཕུལ་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་དུས་ན་བྱ་བའི་ཚོགས་ཐམས་ཅད་ཇི་ལྟ་བ་བཞིན་? ་ཉམས་སུ་བླང་ཞིང་བསྒྲུབ་པའི་ཚེན་ཡང་བཟླས་བརྗོད་དང་སྒོམ་པ་དང་རབ་ཏུ་ལྡན་པའི་རབ་ཏུ་དགའ་བ་ལ་སྐྱོ་བར་མ་གྱུར་པའི་ཚེ་བདེ་བ་གང་ཞིག་སྐྱེས་པ་རྣམས་སྐྱོ་བའི་གནས་སྐབས་སུ་ཡིད་ཀྱིས་ཕྱག་བཞིའི་མཆོད་པ་དབུལ་བར་བྱ་སྟེ་སྔ་མ་བཞིན་དུ་བདེ་བ་མངོན་སུམ་དུ་བྱས་ལ ་རབ་ཏུ་དགའ་བའི་ཡིད་ཀྱིས་ཕྱག་བཞིའི་མཆོད་པ་བྱས་ལ་དབུལ་ལོ། །སྟན་ལ་འདུག་པས་སྐྱོ་བ་དེ་ལྟར་བསམ་ནས་སླར་བསྒོམ་པ་དང་བཟླས་བརྗོད་བྱའོ། །དེ་ལྟར་ན་འདིས་ནི་རབ་ཏུ་དགའ་བ་ལས་བྱུང་བའི་བདེ་བ་དེ་ཕྱག་བཞིའི་ཚུལ་གྱིས་ཕུལ་བ་ཡིན་ནོ། །དེ་ལྟར ་རྒྱུན་མི་འཆད་བར་བསྒོམ་པ་དང་བཟླས་པ་དང་རབ་ཏུ་ལྡན་པར་གྱུར་པ་དེ་གདོན་མི་ཟ་བར་གྲུབ་པར་འགྱུར་རོ་ཞེས་བྱ་བར་འདིར་དགོངས་པ་ཡིན་ནོ། །ད་ནི་ཧཱུཾ་གི་དམ་ཚིག་ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་ཇིགས?་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་རྒྱུད་སྟོན་ཏེ། ཧཱུཾ་གི་དམ ་ཚིག་བཅིངས་ནས་ཀྱང་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུམ་མཛད་ཀྱི་དམ་ཚིག་ནི་ཧཱུཾ་བཞིའི་དམ་ཚིག་གི་ཕྱག་རྒྱའོ། །དེ་བསྒྲུབ་པའི་དུས་སུ་བསྒྲུབ་པའི་དཀྱིལ་འཁོར་དུ་སྙིང་གར་བཅིངས་ལ་བྱ་བའི་ཚོགས་ཇི་ལྟར་གསུངས་པ་ཐམས་ཅད་རྗེས་སུ་སྤྱད་ནས་སྐྱེ་བོ་བུད་མེད་འཁྱུད ་ནས་ཀྱང་ཞེས་བྱ་བ་སྟེ། ཕྱག་རྒྱ་སྙིང་གར་བཅིངས་པ་གང་ཡིན་པ་དེ་དམ་དུ་བཅིང་བ་དེ་ཉིད་ལ་འཁྱུད་པ་ཞེས་གསུངས་ཏེ་དེ་ཉིད་ནི་ཡིད་དུ་འོང་བའི་དོན་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་སྐྱེ་པོ་བུད་མེད་ཅེས་བསྟན་པ་ཡིན་ནོ། །འཁྱུད་པར་གྱུར་པའི་བདེ་བ་དེ་ཞེས་བྱ་བ་ནི་དགོས་པ་ཐམས ་ཅད་བྱས་ཤིང་མཚན་མ་ཐོབ་པས་དངོས་གྲུབ་མངོན་སུམ་དུ་གྱུར་པ་མཐོང་བ་དང། ལུས་དང་ངག་དང་ཡིད་ཡང་ཞིང་ཟོ་མདོག་བདེ་བར་གྱུར་པ་དང། ཕྱག་རྒྱ་བཅིང་བ་བརྟན་པར་གྱུར་པ་ཡང་དག་པར་རིགས་པ་ལས་བདེ་བ་སྐྱེས་པ་གང་ཡིན་པ་དེ་ནི་འཁྱུད་པར་གྱུར་པའི་བདེ ་བ་ཞེས་གསུངས་ཏེ། བདེ་བ་དེ་ཕུལ་ན་དེ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ཞེས་བྱ་བས་གསུངས་སོ། །འདིར་སུ་ལ་དབུལ་བ་མི་ཤེས་པས་ན་འོག་ནས་གསུངས་པའི་ནོར་བུའི་རིགས་ཀྱིས་ཚུལ་གྱིས་སངས་རྒྱས་ལ་མཆོད་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུའི ་བདེ་བ་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། སེམས་ཅན་ཐམས་ཅད་ཀྱང་ཏིང་ངེ་འཛིན་དང་ལྡན་པའི་སེམས་དང་ལྡན་པར་གྱུར་ཅིང། ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ཅིག་པའོ། །ད་ནི་འཇིག་རྟེན་དབང་པོར་ཞེས ་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏོ། །འཇིག་རྟེན་དབང་པོར་བདག་བསྒོམས་ལ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དགོས་པ་ཐམས་ཅད་བྱས་ལ། སྒྲུབ་པའི་དུས་སུ་འཇིག་རྟེན་དབང་ཕྱུག་གི་ལྷའི་རྣལ་འབྱོར་དུ་བྱས་ནས་བདག་ནི ་འཇིག་རྟེན་དབང་ཕྱུག་ཞེས་བྱ་བའི་ང་རྒྱལ་གྱིས་བསྒོམས་ལ། ལས་ཀྱི་ཕྱག་རྒྱ་ལ་ཡང་པདྨའི་འདབ་མ་འབྱེད་པའི་ཚུལ་གྱིས་བལྟས་ཏེ། ཕྱག་རྒྱ་དེ་ཉིད་ནི་ཡིད་དུ་འོང་བའི་དངོས་གྲུབ་སྦྱིན་པར་བྱེད་པས་ན་སྡུག་པ་ཞེས་གསུངས་སོ། །དེའི་གདོང་ནི་ལག་པ་གཉིས་ཀྱི་གྲུབ་མ་ཡན? ་ཆད་པདྨ་ཁ་འབྱེད་པའི་ལས་ལ་གཏོགས་པ་ལས་ཕྱག་རྒྱ་འབའ་ཞིག་ལ་པདྨ་ཞེས་བྱ་བ་སྟེ་དེའི་གདོང་ངོ། །དེ་གྲུབ་པ་ནི་གདོང་དུ་བལྟས་པ་ལས་བདེ་བ་གང་སྐྱེས་པ་དེ་ལ་བལྟ་ཞིང་བདེ་བ་དེ་སྔར་བཤད་པའི་ཚུལ་དུ་སངས་རྒྱས་ལ་མཆོད་པའི་ཕྱིར་ཕུལ་ན་དེ་འགྲུབ་པར་འགྱུར་རོ ་ཞེས་བཅོམ་ལྡན་འདས་པདྨའི་སྤྱན་གྱིས་གསུངས་སོ། །ད་ནི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། འདིར་ཡང་སྔ་མ་བཞིན་དུ་བསྒྲུབ་པའི་དུས་སུ་རྡོ་རྗེའི་སྙིང་པོའི་ཏིང་ངེ་འཛིན་ལ་གནས་ཏེ། ལས་ཀྱི ་ཕྱག་རྒྱ་བཅིངས་གྱུར་ལ། རྒྱན་རྣམས་ཀུན་གྱི་བརྒྱན་ནས་ཀྱང་ཞེས་བྱ་བ་བདག་ཉིད་ཀྱི་ཅི་རྙེད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱས་ལ། བུད་མེད་འཁྱུད་པའི་ཞེས་བྱ་བ་སྙིང་གར་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་བཞག་པ་དེ་འཁྱུད་པ་ཞེས་བྱ་ཞིང་དེ་ཉིད་ལ་བུད་མེད་ཅེས་བྱའོ།། ་ལོངས་སྤྱོད་ནི་མཆོད་ཕྱིར་ཕུལ་ན་ཞེས་བྱ་བ་ནི་གདུགས་དང། རྒྱལ་མཚན་དང། འཕན་ལ་སོགས་པ་དང། རྒྱལ་པོའི་མཆོད་པ་རྣམ་པ་སྣ་ཚོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་ཅིང་ལོངས་སྤྱོད་ཀྱི་རྒྱུ་དེ་ལྟ་བུས་ན་འགྲུབ་པར ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་རིན་པོ་ཆེས་གསུངས་སོ། །འདས་མ་ཐག་པའི་གསང་བའི་མཆོད་པ་ནི་མཆོད་པའི་དངོས་གྲུབ་གསང་བ་བསྒྲུབ་པའི་དུས་སུ་དགོས་པ་ཡིན་ལ་གང་གཞན་གྱིས་མི་ཤེས་པས་མཆོད་པ་དེ་ནི་གསང་བ་ཞེས་བཤད་དོ། །ད་ལྟར་གསང་བའི ་མཆོད་པ་ཞེས་བརྟན་པ་ནི་མཆོད་པ་གང་དང་གི་ཚིག་གིས་རྒྱུ་ལས་དངོས་སུ་མ་བརྟན་པས་ན་དེ་དང་འདི་ལ་ཁྱད་པར་ནི་དེ་ཡོད་དོ། །དེ་ལས་ཀྱང་དང་པོར་སངས་རྒྱས་སུ་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི ་རྒྱུད་སྟོན་ཏེ་།དེ་བཞིན་གཤེགས་པ་ཟློས་པ་རྣམས་ཀྱིས་སྒྲུབ་པའི་དུས་སུ་ཆོས་ཀྱི་འཁོར་ལོ་ལྟ་བུའི་དཀྱིལ་འཁོར་བྲིས་པར་ཞུགས་ལ་ཇི་སྐད་དུ་གསུངས་པའི་རིམ་པ་ཐམས་ཅད་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་རྡོ་རྗེ ་སེམས་དཔའ་ཨི་ཏིང་ངེ་འཛིན་དུ་གནས་ཏེ། སེམས་དཔའ་རྡོ་རྗེ་མ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་སོགས་པ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བར་བྱའོ། །སངས་རྒྱས་སུ་ནི་བདག་བསྒོམས་ལ་ཞེས་བྱ་བ་ནི་རྡོ་རྗེ ་སེམས་དཔའ་ཨི་ཏིང་ངེ་འཛིན་ལ་དེ་ལྟར་གནས་པ་དེའི་རྗེས་ལ་སངས་རྒྱས་སུ་བདག་ཉིད་བསྒོམ་པ་ཞེས་བྱ་བ་ཕྱག་རྒྱ་བསྒོམ་པའི་ཡིད་ཀྱིས་སོ། །ཅི་ནས་སུས་ཀྱང་མི་ཚོར་བར་ཞེས་བྱ་བ་ནི་སྒྲའི་ཆེར་མ་ལ་སོགས་པ་དང་བྲལ་བ་དབེན་ཞིང་འདུ་འཛི་མེད་པའི ་གནས་སུ་བསྒོམས་ཤིག་པ་སྟེ། ཏིང་ངེ་འཛིན་ལ་རྣམ་པར་གཡེང་བ་ཡོངས་སུ་སྤང་པའི་ཕྱིར་ཅི་ནས་ཀྱང་གཡེང་བར་བྱེད་པ་སུས་ཀྱང་མ་ཤེས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱི་བུད་མེད་རྩེ་བྱེད་ན་ཞེས་བྱ་བ་ལ་གཞན་ནི་པར་ཞེས་བྱ་བ་མཆོག ་ལ་ཡང་བྱ་སྟེ་འཚང་རྒྱ་འཐོབ་པར་བྱེད་པས་ན་མཆོག་གོ། དེ་ལ་རྩེ་བྱེད་པ་ནི་དྲི་མ་མེད་པའི་སེམས་པར་བསྒོམས་པས་བསྟན་པར་བྱ་བའོ། །མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུ་ཡིད་ཀྱིས་མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར་རོ ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རྡོ་རྗེ་འཛམ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་པའི་དགའ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བ་སྟེ། དེ་ཡང་ལྷ ་མོ་རྡོ་རྗེ་སྒེག་མོ་འདུད་པའི་རང་བཞིན་ཏེ་འདུད་པ་ངེས་བདག་ལ་མཆོད་པར་བྱ་པའོ། །དེ་ཡང་འདོད་པ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས་པའི་ཕྱིར་རོ། །དབང་བསྐུར་བ་ནི་ཕྲེད་བ་མའོ། །གླུ་དང་གར་གྱི་ཕྱག་རྒྱ་འདི་རྣམས་ཀྱིས ་བསྒྲུབ་པའི་ཚེ་མཆོད་པ་བྱས་ན། རྣལ་འབྱོར་པ་ལ་བདེ་བ་གང་སྐྱེས་པའི་བདེ་བ་དེ་ལས་ཕུལ་དུ་བྱུང་པའི་བདེ་པ་གཞན་ཡོད་པ་མ་ཡིན་ཏེ། དེ་བས་ན་འདི་གསང་བའི་མཆོད་པ་བླ་ན་མེད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་འཇིག་རྟེན་གསུམ་ལས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས ་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཆོ་ག་ཇི་བཞིན་ཚུལ་དུ་ཡང། །གསང་བའི་མཆོད་པས་མཆོད་ན་ནི་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གསང་བའི་དཀྱིལ་འཁོར་དུ་གསང་བའི་མཆོད་པ་རྣམ་པ་བཅུ་དྲུག་ཇི་སྐད་དུ་བསྟན་པ་དེ་ལས་ནི་ཆོ་ག་ཇི་བཞིན་ཚུལ ་དུ་ཡང་ཞེས་བྱ་སྟེ། ཕྱག་རྒྱ་ཆེན་པོའི་སྙིང་གར་སྦྱོར་པའི་རྣལ་འབྱོར་གྱི་ཆོ་གའི་མཆོད་པ་རྣམ་པ་བཅུ་དྲུག་གིས་གསང་པའི་མཆོད་པས་མཆོད་ཅིང་བསྒྲུབ་པའི་དུས་ན་རྣལ་འབྱོར་བ་བསྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ལ། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་ལ་སོགས་པ་དེ ་ཁོ་ན་ཉིད་བསྐུལ་བ་ལ་སོགས་པའི་ཆོ་ག་བྱས་ནས་བདག་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་བསྒོམས་ན་བདག་ཉིད་མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངས་སོ་ཞེས་པ་སྟེ་མཆོད་པས་འགྲུབ་པ་ཡིན་པས་ན ་མཆོད་པའི་དངོས་གྲུབ་སྟེ་དེ་ཐོབ་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་འགྲོ་བ་འདུལ་བའི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གསང་བའི་ཚུལ་ནི་ཇི་བཞིན་པར། །ལས་ཀྱི་ཕྱག་རྒྱས་རབ་མཆོད་ན ་ཞེས་བྱ་བ་ནི་འདིར་ཡང་དེ་བཞིན་དུ་བསྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ལ། གསང་བའི་ཚུལ་ནི་ཇི་བཞིན་པར་ཞེས་བྱ་བ་འགྲོ་བ་འདུལ་བར་གཏོགས་པའི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་སྦྱོར་བས་ལས་ཀྱི་ཕྱག་རྒྱ་རབ་མཆོད་ན་ཞེས་བྱ་བ་སྒེག་མོ་ལ་སོགས་པ ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ལས་ཀྱི་ཕྱག་རྒྱས་མཆོད་པའོ། །ཇི་ལྟར་ཞེ་ན། འགྲོ་བ་འདུལ་པའི་ཕྱག་རྒྱད་གནས་ཞེས་བྱ་བ་སྟེ་འགྲོ་བ་འདུལ་བའི་ཏིང་ངེ་འཛིན་ལ་གནས་པ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ། །མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས ་བཅོམ་ལྡན་འདས་འཕགས་པ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ་ཞེས་པ་ནི་མཆོད་པས་འགྲུབ་པ་དེ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དོན་ཀུན་གྲུབ་པ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་གསང་བའི་མཆོད་པའི་དངོས ་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་མེད་སྒྲུབ་པའི་དུས་སུ་བྱ་བ་ཐམས་ཅད་བྱས་ནས་གསང་པའི་ཚུལ་ནི་ཇི་བཞིན་པར་ཞེས་བྱ་བ་གསང་བའི་དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པའི་སྙིང་པོ་དང། ཕྱག་རྒྱ་ཇི་ལྟ་བའི་གསང་བའི་སྦྱོར་བ་རེས་ལས་ཀྱི་ཕྱག་རྒྱས་རབ་མཆོད་ན་ཞེས་བྱ་བ་དེ་དག ་ཉིད་ལ་སྒེག་མོ་ལ་སོགས་པའི་ཕྱག་རྒྱས་མཆོད་པའོ། །ཇི་ལྟ་ཞེ་ན། དོན་ཀུན་གྲུབ་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་སྟེ། དོན་ཐམས་ཅད་གྲུབ་པའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅིར་འགྱུར་ཞེ་ན། མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར ་ཞེས་པ་སྟེ་མཆོད་པས་འགྲུབ་པས་ན་མཆོད་པའི་དངོས་གྲུབ་སྟེ། དེ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ། །ད་ནི་རིགས་ཐམས་ཅད་བརྗོད་པའི་གསང་བའི་དངོས་གྲུབ་སྟོན་ཏེ། འདི་ཡང་སྒྲུབ་པའི་དུས་དང་ལས་ཀྱི་དུས་དང། དཀྱིལ ་འཁོར་བྲི་བའི་དུས་ན་དགོས་པ་ཡིན་ཏེ། གང་གི་ཕྱིར་གསང་བའི་དེ་ཁོ་ན་ཉིད་འདི་ཤེས་ན་ཐམས་ཅད་དུ་ངེས་པའི་བློས་འཇུག་པར་འགྱུར་པའི་ཕྱིར་རོ། །དེ་ལས་ཀྱང་མདོར་ན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་བརྗོད་པའི་དངོས་གྲུབ་ཀྱི་གསར ་པའི་རྒྱུད་སྟོན་ཏེ། མདོར་ན་ཏིང་འཛིན་ཡེ་ཤེས་ལས། སེམས་ཅན་རྣམས་ལ་ཆགས་ཚུལ་གྱིས། སངས་རྒྱས་ཉིད་དུ་འགྲུབ་འབྱུང་ན་ཞེས་བྱ་བ་ལ་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །དེའི་ཡེ་ཤེས་ནི་འདི་དག་སེམས་ཙམ་མོ་ཞེས་ཕྱིན་ཅི་མ་ལོག་པར་ཤེས་པ་དེའི་ཚོ་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྒོ་ནས་བསྒོམ་པ་ཡོངས་སུ་སྦྱངས་པའི་དབང་གིས་སངས་རྒྱས་ཀྱི་སྐུ་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་སྐྱེད་པར་བྱེད་པ་དང། ཡུལ་ཐམས་ཅད་ཡེ་ཤེས་ཀྱི་གཞིར་ཡང་དེ་ལས་འགྱུར་རོ། །རྣམ་པ་དེ་ལྟར་ངེས ་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་དེ་ལས་མདོར་ན་སངས་རྒྱས་ཉིད་དུ་འགྲུབ་པར་འབྱུང་ངོ། །དེ་ཡང་སེམས་ཅན་རྣམས་ལ་ཆགས་ཚུལ་གྱིས་ཞེས་བྱ་བ་སྟེ། སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་སྦྱོར་པས་འཐོབ་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས ་སོ་ཞེས་པ་སྟེ་སྒྲུབ་པ་ལ་ཡང་དེ་བཞིན་དུ་ཞུགས་ན། ཇི་སྐད་དུ་གསུངས་པའི་འབྲས་བུ་འཐོབ་པར་འགྱུར་རོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པའི་དངོས་གྲུབ་ཀྱི་གསང་པའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་ཞེས་བྱ ་པ་ལ་དེ་ཁོ་ན་ཉིད་ཀྱང་ཡིན་ལ་ཆེན་པོ་ཡིན་པས་དེ་ཁོ་ན་ཉིད་ཆེན་པོའི། །རིགས་ནི་སྐྱེ་བའི་རིམ་པའོ། །དེ་བརྗོད་པ་ནི་གང་ལས་གང་འབྱུང་བ་ཇི་ལྟ་བ་བཞིན་དུ་སྟོན་པ་ནི་བརྗོད་པའོ། །དེའི་དངོས་གྲུབ་ཡིན་པས་ན་བརྗོད་པའི་དངོས་གྲུབ་སྟེ་དེ་སྟོན་པའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ ་ཉིད་གཞན་གྱིས་མི་ཤེས་པས་ན་གསར་བའོ། །དེ་སྟོན་པའི་གཞུང་ལ་ནི་རྒྱུད་ཅེས་བྱ་བ་སྟེ་དེ་སྟོན་པར་མཛད་པའོ། །དེ་ཁོ་ན་ཉིད་བརྗོད་པ་དེ་ཇི་ལྟ་བུ་ཡིན་པར་སེམས་ཅན་ཐོག་མ་ཐ་མ་མེད་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། ཐོག་མ་ནི་སྔོན་བྱུང་བའོ། །ཐ་མ་ནི་རྒྱུད་ཆད་པའོ།། ་ཐོག་མ་དང་ཐ་མ་ཡིན་པས་ན་ཐོག་མ་ཐ་མ་སྟེ། གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོག་མ་ཐ་མ་མེད་པའོ། །དེ་སུ་ཞིག་ཡིན་ཞེ་ན། སེམས་ཅན་དེ་བསམ་པ་དང་སེམས་ཞེས་བྱ་བའི་དོན་ཏོ། །དེ་ཡང་འཁོར་བའི་སེམས་ལ་ནི་ཐོག་མ་མེད་པ་ནི་ཐོག་མ་མེད་པ་ཡིན་ལ་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པའི་རང་བཞིན་མི་གནས་པའི་མྱ་ངན་ལས་འདས་པའི་སྒོ་ནས་འཁོར་བར་རྒྱུན་མི་འཆད་བསན་ཐ་མ་མེད་པའོ། །གལ་ཏེ་འདི་དེ་ལྟར་ཐོག་མ་དང་ཐ་མ་མེད་པ་ཡིན་ན་དེ་སྐྱེ་བ་དང་འཇིག་པའི་གནས་སྐབས་སུ་ཇི་ལྟར་བཞག་ཅེ ་ན་ནམ་མཁའ་འབྱུང་བའི་མཚན་ཉིད་དེ་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ནི་ངོ་བོ་ཉིད་མེད་ཅིང་དངོས་པོ་མེད་པ་ཡིན་དུ་ཟིན་ཀྱང། འཇིག་རྟེན་པའི་ཐ་སྙད་ཀྱིས་དེའི་སྐྱེ་བ་དང་འཇིག་པ་རྣམ་པར་འཇོག་སྟེ། ཇི་སྐད་དུ་ཤིང་ནམ་མཁའ་ལས་ཕོབ། ཁང་པ་ནམ་མཁའ་ལ་བྱོས་ཤོག ་ཅེས་ཟེར་བ་ལྟ་བུ་དང། གཞན་ཡང་ནམ་མཁའ་སོལ་ལ་གནས་འདིར་རབ་གྱིས་ཤིག་།གནས་འདིར་ཁྱིམ་?་གཅིག་ཅེས་ཟེར་བ་ལྟ་བུའོ། །དེ་ལྟར་ནམ་མཁའ་ཨི་སྐྱེ་བའི་མཚན་ཉིད་ནི་གློ་བུར་པའི་གཟུགས་སྣང་བ་ལ་སོགས་པའི་དབང་གིས་སྐྱེས་སོ་ཞེས ་ཟེར་བ་དང། དེ་འགགས་པ་ལས་ཐ་མར་མེད་དོ་ཞེས་ཟེར་བ་ཡིན་ཏེ། དེ་ལྟར་ནམ་མཁའ་འབྱུང་པའི་མཚན་ཉིད་ཅན་སེམས་ཅན་དེ་ཉིད་ནི་ཀུན་ཏུ་བཟང་པོ་སྟེ། དེ་ཉིད་ཀུན་ཏུ་བཟང་པོར་སྣང་པའི་ཕྱིར་རོ། །ཀུན་ཏུ་བཟང་པོ་འབའ་ཞིག་ཏུ་སྣང་བར་ཡང་མ་ཟད་ཀྱི། ཀུན་ཏུ་བཟང ་པོ་དེ་ནི་ཀུན་བདག་ཉིད་ཅེས་ཀྱང་བྱ་སྟེ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་ཡང་སྣང་བའི་ཕྱིར་རོ། །འདོད་པ་ཡང་ཀུན་ཏུ་བཟང་པོ་འདི་ཉིད་ཡིན་ཏེ་བྱང་ཆུབ་ཀྱི་སེམས་སུ་སྣང་པའི་ཕྱིར་རོ། །འདོད་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འགྲོ་བ་ཀུན་གྱི་བདག ་པོ་ཡང་དེ་ཉིད་ཡིན་ཏེ་འཇིག་རྟེན་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་གྱུར་པ་དེ་སུ་ཞིག་གི་ཡིན་ཞེ་ན། སེམས་གང་ནི་ཞེས་བྱ་བ་གསུངས་སོ། །དེ་ལྟ་བུའི་སེམས་དེ་སུ་ཞིག་ཡིན་ཞེ་ན། དེ་ནི་འགའ་ཞིག་གི་མ་ཡིན་གྱི་གཞན་དུ་ན་སེམས་ཅན་ཀུན ་གྱི་ཞེས་བྱ་བ་གསུངས་སོ། །ཅིའི་སེམས་དཔའ་ཞེས་བྱ་ཞེ་ན། བརྟན་ཕྱིར་སེམས་དཔའ་ཞེས་བྱའོ་ཞེས་བྱ་བས་སྟོན་ཏོ། །ཅི་གཞན་དུ་གྱུར་ཀྱང་འགྱུར་རམ་ཞེ་ན་མ་ཡིན་ནོ། འོ་ན་ཅི་ཞེ་ན། རྡོ་རྗེ་མཉམ་པས་མཉམ་གཞག་ན་ཞེས་གསུངས་ཏེ། རྡོ་རྗེ་དང་འདྲ ་བའོ། །དེ་ཉིད་ཡང་དང་ཡང་དུ་བསྒོམས་ན་ངེས་པར་རྡོ་རྗེ་ཉིད་འགྱུར་ཏེ་ཞེས་བྱ་པ་སྟེ་རྡོ་རྗེ་ལྟ་བུར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སེམས་རྡོ་རྗེ་ལྟ་བུར་གྱུར་པ་དེ་ཉིད། སེམས་དཔའ་ཨི་བྱིན་བརླབས་ཚུལ་གྱིས་ནི། རྡོ་རྗེ་སེམས་དཔའ་ཉིད་དུ ་འགྱུར་ཞེས་བྱ་བ་སྟེ། ཇི་སྐད་དུ་གསུངས་པའི་རྡོ་རྗེ་དེ་ཉིད་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཇི་སྐད་བཤད་པར་ལྷག་པར་མོས་ཤིང་སེམས་དཔར་བྱིན་གྱིས་རློབ་པའི་རྣལ་འབྱོར་གྱིས་བསྒོམས་ན་སེམས་དཔར་བྱིན་གྱིས་རློབ་པའི་རྣལ་འབྱོར་དེར་སླར་ཡང་རྡོ་རྗེ ་སེམས་དཔར་འགྱུར་རོ། །ཡང་བསྒོམས་པར་གྱུར་པ་ལས་བཅོམ་ལྡན་འདས་སེམས་དཔའ་དེ་ཉིད་དེ། རྡོ་རྗེའི་འདོད་པ་དེ་བཞིན་གཤེགས་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་སངས་རྒྱས་ཀྱི་གཟུགས་སུ་ལྷག་པར་མོས་པས་བསྒོམས་ན་བཅོམ་ལྡན་འདས་དེ ་བཞིན་གཤེགས་པར་འགྱུར་པའོ། །རྡོ་རྗེ་འདོད་པ་དེ་བཞིན་གཤེགས་ཞེས་བྱ་བ་ལ་འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ་དེ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མངོན་པར་བྱང་ཆུབ་པའི་ཚེ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་པའི་ཚེ་བསྒོམས་ན། ་གཟུགས་དེ་ཉིད་འཁོར་བ་ཇི་སྲིད་པའི་བར་དུ་གནས་པར་འགྱུར་པས་ན་རྡོ་རྗེའི་འདོད་པ་སྟེ། འདི་གང་ལ་ཡོད་པ་དེ་ལ་རྡོ་རྗེའི་འདོད་པ་དེ་བཞིན་གཤེགས་ཞེས་བྱའོ། །ཇི་ལྟར་ན་འདི་རྡོ་རྗེའི་འདོད་པ་དེ་བཞིན་གཤེགས་པར་འགྱུར་བ་ཡིན་ཞེ་ན། རང་སེམས་རབ་ཏུ ་རྟོགས་ལ་སོགས།། སངས་རྒྱས་བྱང་ཆུབ་ཆོ་ག་བཞིན་ཞེས་བྱ་བ་འདིའི་རིམ་གྱིས་སོ། །དེ་རྡོ་རྗེ་འདོད་པའི་དེ་བཞིན་གཤེགས་པ་འབའ་ཞིག་ཏུ་འགྱུར་པར་མ་ཟད་ཀྱི། དེ་ཉིད་བཅོམ་ལྡན་དེ་བཞིན་གཤེགས། །ཐམས་ཅད་ཀྱི་ནི་རིགས་སུ་འཁྱུད?་ཞེས་བཅོམ་ལྡན་འདས ་ཐོག་མ་དང་ཐ་མ་མེད་པའི་སེམས་དཔས་གསུངས་སོ། །དེ་བཞིན་གཤེགས་རིགས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ཚུལ་དུ་བསྒོམས་ན་དེ་ཉིད་དེ་བཞིན་གཤེགས་པའི་རིགས་སུ་འགྱུར་ལ། ཡང་དགོས་པའི་དབང་གིས་རྡོ་རྗེ་རིགས་ཀྱི ་ཚུལ་དུ་བསྒོམས་ན་དེ་ཉིད་རྡོ་རྗེའི་རིགས་སུ་བཤད་ཙམ་བྱ་བ་ཡིན་ནོ། །པདྨའི་རིགས་ཀྱིས་འདུལ་པའི་སེམས་ཅན་རྣམས་ལ་དེའི་ཚུལ་དུ་བསྒོམས་པ་ནི་དེ་ཉིད་པམདཱི་རིགས་དག་པ་ཞེས་བྱ་བ་ཡིན་ནོ། །རིན་པོ་ཆེའི་རིགས་ཀྱིས་འདུལ་པའི་སེམས་ཅན་རྣམས་ལ ་དེའི་ཚུལ་གྱིས་བསྒོམས་པར་གྱུར་ན། དེ་ཉིད་ནོར་བུའི་རིགས་མཆོག་གོ་ཞེས་བྱ་བ་སྟེ་དེ་ཉིད་ནོར་བུའི་རིགས་ཡིན་ནོ་ཞེས་བྱ་པའི་དོན་ཏོ། །སུ་ཞིག་གིས་དེ་སྐད་གསུངས་ཤེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་གསུངས་སོ་ཞེས་བྱ་བ ་སྟེར་དཀྱིལ་འཁོར་བསྒོམ་པའི་དབང་གིས་འཁོར་ལོ་ཞེས་གསུངས་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས ་པའི་ཕྱག་རྒྱ་གང་ཡིན་པ་དེ་དག་ནི་མཚན་མ་མངོན་པར་བརྗོད་པ་སྟེ་ཕྱག་རྒྱ་སྟོན་པའི་རྒྱུའོ། །དེའི་དངོས་གྲུབ་དང་དེ་ཉིད་ཀྱི་གསང་པ་སྟེ་དེ་སྟོན་པའི་གཞུང་ཡིན་པས་ན་རྒྱུད་དོ། །དེ་ལས་ཀྱང་དང་པོར་བཅོམ་ལྡན་སེམས་དཔའ་དེ་ཉིད་ནི་ཞེས་བྱ་བ་ལ་སོགས་པས ་དེ་བཞིན་གཤེགས་པའི་མཚན་མ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། བཅོམ་ལྡན་འདས་སེམས་དཔའ་དེ་ཉིད་ནི། །རྡོ་རྗེ་སེམས་དཔའ་ཐུགས་ལ་གནས་ཞེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་སྡེར?་དེ་བཞིན་གཤེགས་པའི་རིགས་ལ ་སོགས་པར་ཡོངས་སུ་གྱུར་པར་བསྟན་པ་དེ་ཉིད་དོ། །རྡོ་རྗེ་སེམས་དཔའ་ཐུགས་ལ་གནས་ཞེས་བྱ་བ་ནི་ཐུགས་གར་ཟླ་བའི་དཀྱིལ་འཁོར་ལ་སོགས་པར་ཡོངས་སུ་གྱུར་པའི་ཚུལ་གྱིས་ཐ་མི་དད་པའི་གཟུགས་ཀྱིས་བཞུགས་པའོ། །སུ་ཞིག་གི་ཐུགས ་ལ་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་ཏེ། གང་གི་ཕྱིར་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ནས་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསམས་ལ་རྡོ ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱས་བྱིན་གྱིས་བརླབ་ཅིང་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་ཏེ་འདུག་པ་ལ་སོགས་པའི་མཆོད་པ་ཡང་བྱས་ནས་ལག་པ་གཉིས་ཀའི་མཛུབ་མོ་གཉིས་མངོན་དུ་ཕྱོགས་པར་བྱས་ཏེ། དེ་བཞིན་གཤེཌ ་པའི་གོ་བསྒོས་ལ་དེ་ནས་གདོང་བསྒྲུབ་པ་བྱ་སྟེ། རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་རྡོ་རྗེ་སེམས་དཔའ་མདུན་དུ་བསྒོམ་ཞིང། དྲི་ཤྱ་ཧོ་བྷ་ག་བཱ་ན་ཞེས་བརྗོད་ལ་དེ་ནས་བཅོམ་ལྡན་འདས་དེ་དགུག་པ་དང། གཞུག་པ་དང། བཅིང་བ་དང། ་དབང་དུ་བྱ་བ་བྱས་ནས་རྡོ་རྗེ་སེམས་དཔའ་སྙིང་གང་བཞག་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་ཐུགས་ལ་གནས་པར་འགྱུར་རོ། །མཉམ་པར་བཞག་ལས་ཏིང་ངེ་འཛིན་ཏེ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་གཟུགས་སུ་བྱས་ནས་གང་གི་ཆེ་དེ་ལ་དམིགས་པའི་སེམས་ཀྱིས་ཡིད་ལ་བྱ་བ ་བྱེད་པ་དེའི་ཚེ་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ལ་གནས་པ་ཡིན་ནོ། །དེ་བས་ན་འདི་སྐད་དུ། རབ་མཉམ་བཞག་ལས་ཏིང་འཛིན་ཏེ་ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་བྱང་ཆུབ་རབ་ཏུ་བསྒྲུབ་ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་བསྒོམས་ན་མྱུར་བ་ཉིད་དུ ་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྒྲུབ་པོ་ཞེས་གསུངས་པ་ཡིན་ནོ། །འདིས་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་མངོན་པར་བརྗོད་པ་བསྟན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ལ་གནས་པ་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཡིན་ནོ་ཞེས་དེ་མངོན་པར་བརྗོད་པའི་མཚན་མ་བསྟན་པ་ཡིན་ནོ།། ་ད་ནི་རབ་ཏུ་རྟོགས་ཕྱིར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་ཞེས་བྱ་བ་ནི་མཚན་མ་སྟེ་རྡོ་རྗེ་སེམས་དཔའ་ཨི་ཕྱག་མཚན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་རབ་ཏུ་རྟོགས་ཕྱིར་ཞེས་བྱ་བ་གསུངས ་སོ། །འདི་སྐད་སྟོན་ཏེ། ཐམས་ཅད་ཀྱི་དོན་རབ་ཏུ་རྟོགས་པའི་ཕྱིར་རོ། །ལྕགས་ཀྱུ་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། གཟུང་བའི་ཚུལ་གྱིས་ཞེས་བྱ་བ་སྟེ། གང་གི་ཡན་ལག་ནས་གཟུང་བ་དེ་འདྲེན་པར་བྱེད་པའི་ཕྱིར་རོ། ཕྲ་མོ་རྟོགས་ཕྱིར་མངའ་ཡིན་ལ་ཞེས་བྱ་བ་ལ་མདའ་ཞེས་བྱ ་བ་ནི་མཚན་མ་སྟེ། ཅིའི་ཕྱིར་ཞེ་ན། ཕྲ་མོ་རྟོགས་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཕྲ་མོ་ནི་སེམས་ཏེ། དེ་ཉིད་རྟོགས་ཤིང་དེ་མགུ་བར་ཡང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཤིན་ཏུ་ཕྲ་མོ་འབིགས་ཤིང་རྟོགས་པའི་ཕྱིར་ན་ཕྲ་མོ་རྟོགས་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས ་ན་ཕྲ་མོ་རྟོགས་པ་ཉིད་དེ་དེའི་ཕྱིར་མདའ་ཞེས་བྱའོ། །དོན་དུ་ན་འདི་སྐད་སྟོན་ཏེ། རྨ་འབྱིན་པར་བྱེད་པས་ན་མདའ་ཞེས་བྱའོ། །མགུ་བར་བྱེད་ཕྱིར་ལེགས་ཞེས་བྱ་ཞེས་བྱ་བ་ལ་ལེགས་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ལེགས་ཞེས་བྱ་བར་འགྱུར་ཞེ་ན། དེའི་ཕྱིར་མགུ་བར་གྱུར་ཕྱིར་ཞེས ་བྱ་བ་གསུངས་ཏེ། ཡོངས་སུ་མགུ་བ་ལས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྤྲས་པའི་ཕྱིར་ནི་རིན་ཆེན་གསུངས་ཞེས་བྱ་བ་ནི་རིན་པོ་ཆེ་ནི་ཕྱག་རྒྱའོ། །ཅིའི་ཕྱིར་རིན་པོ་ཆེ་ཞེས་བྱ་ཞེ་ན་དེའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏོ། །བདག་པོར ་འཇོག་པའི་དོན་གྱིས་ནི་རིན་པོ་ཆེ་ཞེས་བཤད་དོ། །གང་གི་ཕྱིར། དེ་བཞིན་གཤེགས་པ་ཡང་ངེས་དབང་བསྐུར་ན་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་མཛད་པར་འགྱུར་པ་ལ་ཡང་འཇོག་པའི་ཕྱིར་རོ། །གཟི་བརྗིད་ཚུལ་གྱིས་ཉི་མ་ཞེས་བྱ་བ་ལ་ཉི་མ་ཞེས་བྱ་བ་ནི་བཅོམ་ལྡན་འདས ་འོད་ཀྱི་ཕྱག་རྒྱའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གཟི་བརྗིད་ཚུལ་གྱིས་ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཉི་མའི་དཀྱིལ་འཁོར་ཤར་ཅིང་མངོན་པར་འཕགས་ནས་འོད་ཟེར་པ་ཀྱེ་བས་མུན་པ་བསལ་ཏེ། དངོས་པོ་ཐམས་ཅད་སྣང་བར་བྱེད་པ་བཞིན་དུ་བཅོམ་ལྡན ་འདས་ཀྱི་ཡེ་ཤེས་ཀྱི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་འོད་ཟེར་བཀྱེ་བས་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་ཐམས་ཅད་གསལ་ནས་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་རྣམས་སྟོན་པར་མཛད་པ་ཡིན་ནོ། །རྒྱལ་མཚན་ལེགས་པར་བསྒྲེང་བར ་གསུངས་ཞེས་བྱ་བ་ལ་རྒྱལ་མཚན་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ལེགས་པར་བསྒྲེང་བ་ཞེས་གསུངས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན ་གྱི་གཟུངས་སུ་བསྒྲེང་བ་ཡིན་པས་ན་དེ་ལ་རྒྱལ་མཚན་ཞེས་མངོན་པར་བརྗོད་པ་ཡིན་ནོ། །འཛུམ་པ་བཞད་པར་གྲགས་པ་ཡིན་ཞེས་བྱ་བ་ལ་འཛུམ་པ་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བཞད་པར་གྲགས་པ་ཡིན་ཞེས་བྱ་བ་གསུངས ་ཏེ། གང་གི་ཕྱིར་ཅུང་ཟད་རྒོད་པ་ནི་འཛུམ་པའོ་ཞེས་སྐད་ཀྱི་དབྱིངས་ཀྱི་དོན་ཡིན་པའི་ཕྱིར་རོ། །འདོད་ཆགས་དག་ཕྱིར་པདྨ་ཡིན་ཞེས་བྱ་བ་ལ་པདྨའི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདོད་ཆགས་ཕྱིར་ཞེས་བྱ་བ་གསུངས་ཏེ་ཞེས་པས་ན་ཆགས ་པ་སྟེ་དེའི་དག་པ་ནི་ཉོན་མོངས་པ་མ་ཡིན་པ་སྟེ། སེམས་ཅན་སྨིན་པ་དང་འགྲོལ་བའི་འདོད་ཆགས་སོ། །འདོད་ཆགས་ཀྱི་ངོ་བོ་ཉིད་ཡིན་པས་ན་འདོད་ཆགས་ཉིད་དེ། འདོད་ཆགས་དག་པ་དེའི་ཕྱིར་པདྨ་ཞེས་གསུངས་པ་ཡིན་ནོ། །རལ་གྲི་ཉོན་མོངས་དགྲ་གཅོད་ཕྱིར་ཞེས་བྱ་བ་ལ་རལ ་གྲི་ནི་མཚན་མའོ། །སེམས་ཀྱི་རྒྱུད་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་ཉོན་མོངས་ཤིང་དྲི་མ་ཅན་དུ་བྱེད་པས་ན་ཉོན་མོངས་པ་སྟེ། འདོད་ཆགས་ལ་སོགས་པའོ། །དེ་ཉིད་ནི་གནོད་པར་བྱེད་པས་ན་དགྲའོ། །དེ་གཅོད་པ་ནི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སྐྱེས་པས་སླར་ཡང ་ཤིན་ཏུ་མི་སྐྱེ་བར་བྱེད་པ་སྟེ་དེ་ལྟར་ཉོན་མོངས་པའི་དགྲ་རྣམས་གཅོད་པའི་ཕྱིར་རལ་གྲིའོ། །དཀྱིལ་འཁོར་ཚུལ་གྱིས་འཁོར་ལོ་ཞེས་བྱ་བ་ལ་འཁོར་ལོ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཁོར་ལོའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏོ། །དཀྱིལ་འཁོར ་སྤྲུལ་པའི་རྒྱུ་ཡིན་པའི་ཕྱིར་མཚན་མ་དེ་ལོ་འཁོར་ལོ་ཞེས་བྱའི། །ཚིག་གིས་བརྗོད་པས་སྨྲ་ཞེས་བྱ་བ་ལ་སྒྲ་ཞེས་བྱ་བ་ནི་མཚན་མ་སྟེ་ལྕེའི་མཚན་ཉིད་དོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཚིག་ཏུ་བརྗོད་པས་ཞེས་བྱ་བ་གསུངས་ཏེ། ཚིག་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས ་ཕྱིར་ནི་ཀུན་རྡོ་རྗེ་ཞེས་བྱ་བ་ལ་ཀུན་རྡོ་རྗེ་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྣ་ཚོགས་ཕྱིར་ནི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཐམས་ཅད་དུ་ཁྱབ་པའི་ཕྱིར་སྣ་ཚོགས་པའོ་ཞེས་སྔོན་པ་ཡིན་ནོ། །མི་མཚུངས་ཚུལ་གྱིས་གོ་ཆ་ཡིན་ཞེས་བྱ་བ་ལ་གོ་ཆ ་ནི་མཆན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་མི་མཚུངས་ཆུལ་གྱིས་ཞེས་བྱ་བ་གསུངས་ཏེ། གང་གི་སྐབས་ཀྱང་གཞིག་པར་མི་ནུས་པའི་ཕྱིར་འདིའི་ཡོན་ཏན་མི་ཚུགས་པ་ཞེས་བྱ་སྟེ་དེ་དང་ལྡན་པས་ན་གོ་ཆའོ། །འཇིགས་བྱེད་ཚུལ་གྱིས་མཆེ་བ་སྟེ་ཞེས་བྱ་བ་ལ་མཆེ་བ་ནི ་མཚན་མ་མངོན་པར་བརྗོད་པའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཇིགས་བྱེད་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། འཇིགས་པ་ཡང་དག་པར་སྐྱེད་པའི་དོན་གྱིས་ན་མཆེ་བའོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །ཕྱག་རྒྱའི་ཚུལ་གྱིས་བསྡམས་པའོ་ཞེས་བྱ་བ་ལ་བསྡམས ་པ་ནི་མཚན་མ་མངོན་པར་བརྗོད་པའོ། །ཅིའི་ཕྱིར་ཞེ་ན། ཕྱག་རྒྱའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །འདི་ན། བསྟན་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་སྦྲོས?་པའི་དུས་སུ་རྒྱུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱས་པས་སྦྱར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དོན་ཡིན་པའི ་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་རྣམས་སྦྱར་ན་མངོན་པར་འདོད་པའི་དོན་གྲུབ་པ་སྟེར་བར་འགྱུར་རོ། །ད་ནི་རྡོ་རྗེ་ཕྱག་རྒྱའི་ཐམས་ཅད་དུ་འགྲོ་བའི་དཔེའི་སྒོ་ནས་སྟོན་ཏེ། ཇི་ལྟར་བཅོམ་ལྡན་འདས་རྟག་པ། རྡོ་རྗེ་སེམས་དཔའ་ཀུན་འགྲོ་བ་ཞེས་བྱ་བ་ནི། འདི་སྐད་སྟོན་? ་ལྟར་རྡོ་རྗེ་སེམས་དཔའ་ཉིད་སེམས་དཔའ་ལྷག་མ་རྣམས་ཀྱི་གཟུགས་སུ་ཡོངས་སུ་གྱུར་པ་དེ་བཞིན་དུ་རྡོ་རྗེ་ཡང་མཚན་མ་ལ་སོགས་པར་འགྱུར་པ་ཡིན་ནོ། །འདིས་ནི་འདི་སྐད་སྟོན་ཏེ། རྡོ་རྗེ་ཡང་ལྕགས་ཀྱུ་ལ་སོགས་པ་མཚན་མ་ལྷག་མ་རྣམས་ཀྱི་གཟུགས་སུ ་ཡོངས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་ཤེས་ནས་བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་མས་གསུངས་སོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ ་བཅིང་བསྐྱེ་པའི་དངོས་གྲུབ་ཀྱི་གསུང?་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་པ་བསྐྱེད་པའི་དངོས་གྲུབ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བའི་དངོས་གྲུབ་པོ། །དེ་ཉིད་གཞན་གྱིས་མི་ཤེས ་པས་ན་གསང་པའོ། །དེ་སྟོན་པའི་གཞུང་ནི་རྒྱུད་དེ་?་གསུངས་སོ། །དེ་ལས་ཀྱང་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། འདི་ཡང་སྒྲུབ་པའི་དུས་ན ་དགོས་པ་ཡིན་ལ་དེ་ཡང་དེ་བཞིན་གཤེགས་པ་ཟློས་པའི་སྒྲུབ་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་བྱས་པ་དབུས་སུ་འདུག་པར་བྱ་སྟེ། ཇི་ལྟར་ཞེ་ན། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ་ཞེས་པ་སྟེ། རྡོ་རྗེ་སྐྱིལ་མོ་ཀྲུང་ནི་རྐང་པ་གཡོན་པ ་བཀུག་ལ་རྐང་པ་གཡས་པ་བརླའི་སྟེང་དུ་དང་པོ་བཞག་པར་བྱ། དེ་ནས་གཡས་པ་བཀུག་ལ་གཡོན་པའི་བརླའི་སྟེང་དུ་བཀན་ཏེ་བཞག་པ་འདི་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ། །ཅི་བྱ་བ་དེ་ཙམ་འབའ་ཞིག་ཏུ་ཟད་དམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞེས་ཅེ་ན་ལག་གཉིས་རྡོ་རྗེ ་བསྡམས་པ་ལས་ཞེས་བྱ་བ་སྟེ། སྐྱིལ་མོ་ཀྲུང་གི་སྟེང་དུ་བསྩོལ་ལ་བཀན་ཏེ་བཞག་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་ནི་གནས་ཞེས་བྱ་བ་ནི་སེམས་རྟོགས་པ་ལ་སོགས་པའི་རིམ་གྱིས་མངོན་དུ་བྱ་བ་ཐམས་ཅད་བྱས་ནས་གནས་ན་མྱུར་དུ་སངས་རྒྱས་ཉིད་འཐོབ་པར ་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་ཇི་ལྟར་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་གྱུར་པའི་དངོས་གྲུབ་གསང་བའི་རྒྱུད་སྟོན་ཏེ། འདས་མ་ཐག་པའི་ཕྱག་རྒྱ་བཅིང་བ་བསྐྱེད ་པས་ནི་དངོས་གྲུབ་ཉིད་སྟོན་པ་ཡིན་ལ། ད་ནི་ཕྱག་རྒྱ་བཅིང་བ་བསྐྱེད་པ་ཁོ་ནས་སེམས་དཔའ་ཆེན་པོས་ཡོངས་སུ་གཟུང་བའི་དངོས་གྲུབ་སྟོན་ཏེ། ཇི་ལྟར་རྒྱལ་པོ་ཉིད་ཕྱག་རྒྱས། །རྒྱལ་པོའི་ཁྲིམས་ལ་འདེབས་པ་ལྟར་ཞེས་བྱ་བ་ནི་རྒྱལ་པོའི་ཁྲིམས་ཀྱི་གཞུང་ལུཌ་ཀྱི ་དཔེས་བསྟན་པ་ཡིན་ཏེ། རྒྱལ་པོ་ནི་བསོད་ནམས་ཆེ་ཞིང་བདག་ཉིད་ཆེ་བ་ཡིན་པས་དེ་རྣམས་ཀྱི་རང་གི་ཕྱག་རྒྱ་ནི་རང་གི་རིགས་རྒྱུད་ཀྱི་རིམ་པ་ལས་བྱུང་བ་གལྔ་པོ་ཆེ་རང་ཁྱུ་མཆོག་ལ་སོགས་པའི་གཟུགས་བརྙན་བྲིས་པའོ། །དེ་རྣམས་ཀྱིས་རྒྱས་འདེབས ་ཤིང་མཚན་མར་བྱེད་ལ་གཟུགས་བརྙན་དུ་བྱེད་པའོ། །དེ་གང་ཡིན་ཞེ་ན། རྒྱལ་བོའི་ཁྲིམས་ལ་ཞེས་བྱ་བ་སྟེ་རྒྱལ་པོའི་ཁྲིམས་ཡིན་པས་ན་རྒྱལ་པོའི་ཁྲིམས་ཏེ། རྒྱལ་པོའི་བཀའ་ཞེས་བྱ་བའི་དོན་ཏོ་།དེ་ཡང་དེ་དར་ལ་སོགས་པ་ལ་བྲིས་ནས་རྒྱལ་པོ་ལ་སོགས་པའི ་རྒྱས་བཏབ་ན་རང་གི་རྒྱལ་ཁམས་སུ་གཏོགས་པའི་འབངས་ཐམས་ཅད་ཀྱིས་འདའ་བར་མི་བྱེད་ཅིང་སྤྱི་བོས་ལེན་པར་འགྱུར་རོ། །བདག་ཉིད་ཆེན་པོས་སྐྱེ་བོ་རྣམས། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །གཟུགས་བརྙན་གྱི་ནི་ཚུལ་དུ་ཡང། །ཉིད་ཀྱི་ཕྱག་རྒྱས་བཏབ་པ་ནི ་ཞེས་བྱ་བ་འདི་ནི་དཔེས་བསྟན་པའི་དོན་ཏེ། བདག་ཉིད་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །དེ་རྣམས་ཀྱི་ཉིད་ཀྱི་ཕྱག་རྒྱ་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡིན་ལ་ཕྱག་རྒྱ་ངེས་སྐྱེ་པོ་རྣམས་ལ་དེ་བཞིན་དུ་རྒྱས་འདེབས་པ ་ཡིན་ཏེ། གང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་སེམ་མ་ཅན་རྣམས་ཇི་སྐད་གསུངས་པའི་ཆོ་ག་བཞིན་དུ་བསྒྲུབས་པ་ལ་སོགས་པ་ལ་བདག་ཉིད་ཆེན་པོ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྦྱོར་པ་བཞིན་དུ་བྱེད་པ་རྣམས་ལ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གཟུགས ་སྙན་གྱི་ཚུལ་དུ་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ། །བདག་ཉིད་ཆེ་བའི་ཕྱག་རྒྱ་ཆེར་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བདག་གིས་ཤེས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོས་གསུངས་སོ་ཞེས་པ་སྟེ ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཇི་ལྟར་དམ་ཚིག་དམ་པོ?་ནི་ཞེས་བྱ་བ་ལ་དམ་ཚིག་ནི་མནའ་ལ་བྱའོ། །དམ་པོ་ནི་འདོད་པའི་ལྷ་དང ་སློབ་དཔོན་ལ་དམོད་བཙུགས་པའོ། །སྐྱེ་བོ་འགང་ནི་བཅིངས་གྱུར་ན། །ཤིན་ཏུ་འདའ་བར་མི་བྱ་བ་ཞེས་བྱ་བ་ནི་དམ་ཚིག་པ་དེས་མ་བསྡམས་ཀྱང་བཅིངས་པར་གྱུར་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་དེ་བཞིན་གཤེགས་ཀུན ་གྱིས། །དམ་ཚིག་ཕྱག་རྒྱ་བཅིངས་པ་ཡིས། །རྡོ་རྗེ་བཅིང་པའི་མཆོག་བཅིངས་ན་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། ཇི་ལྟར་སྐྱེ་པོ་དམ་ཚིག་དམ་པོར་བཅིངས་ན་ཐ་ཚིག་དམ་པོ་གང་གི་དོན་དུ་བཅས་པའི་དོན་དེ་གདོན་མི་ཐ་བར་བྱེད་དོ?། །དེ་བཞིན་དུ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱང་སྔགས་ལ་སོགས་པ་འགྲུབ་པར་བྱ་བའི་ཕྱིར་སྔགས་ཀྱིས་བཅིངས་ན་དེ་ལས་འདའ་བར་མི་མཛད་ཅིང་མཛད་པ་གྲུབ་པར་མཛད་དོ། །ཅི་ཞིག་གིས་བཅིངས་ཤེ་ན་དམ་ཚིག་ཕྱག་རྒྱ་བཅིང་བ་ཡི།། ? ་རྗེ་བཅིང་བའི་མཆོག་བཅིངས་ན་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་ཨི་མཆོག་གི་ཕྱག་རྒྱ་ཡིན་པས་ན་རྡོ་རྗེ་སེམས་དཔའ་མཆོག་གི་ཕྱག་རྒྱ་སྟེ་སེམས་དཔའ་རྡོ་རྗེ་མ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དམ་ཚིག་ཡིན་པས་ན་རྡོ་རྗེ་སེམས་དཔའ་མཆོག་གི་དམ་ཚིག་གི་ཕྱག་རྒྱའོ། །རྡོ ་རྗེ་སེམས་དཔའ་མཆོག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་དེ་ནས་གདོང་ཕྱག་རྒྱ་ཐམས་ཅད་བཅིང་པར་བྱ་སྟེ། དེས་རང་གི་དམ་ཚིག་ལ་བཞག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། མ་ཤི་བར་དུ་མི་འདའ་?་བར་ཞེས་བྱ་བ་སྟེ། གང་གི་ཕྱིར་བཅིངས་པ ་དེའི་གདོན་མི་ཟ་བར་མཛད་ཅིང་མ་མཛད་པར་མི་གཏོང་ལ་གཤེགས་སུ་མ་གསོལ་བར་མི་བཞུད་པ་ལ་སོགས་པའོ། །ཤེས་ནས་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་སྔགས་པ་དེ་ལྟར་ཤེས་ནས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས ་གསུངས་སོ་ཞེས་པའོ། །ད་ནི་མདོར་ན་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཕྱག་རྒྱ་བཅིངས་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། མདོར་ན་རྒྱལ་བས་རྡོ་རྗེའི་རབ?་ཀའང?་བར་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་ལ་འདའ་བར་བྱ་བ་མ་ཡིན་པ་ནི་རྒལ་བར་མི ་བྱེད་པའོ། །གང་ལས་ཤེ་ན་རྡོ་རྗེའི་དག་ཅེས་བྱ་བ་སྟེ་བཅིང་ཞིང་སྙིང་པོ་བརྗོད་པའི་རང་བཞིན་ནི་རྡོ་རྗེའི་བག?་གོ། བཅིང་བ་ནི་བདག་གིས་བཅིངས་སོ་ཞེས་བསམས་ཞིང་ལྷག་པར་མོས་པའོ། །རྣམ་པ་གང་གིས་ཤེ་ན། ཡོང་ཡེ་ཞེས་བྱ་པ་སྟེ་རྣམ་པ་ཐམས་ཅད་དུའོ།། ་སུ་ཞིག་འདའ་བར་མི་མཛད་ཅེ་ན། རྒྱལ་བས་ཞེས་བྱ་བ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །འདིར?་ནི་བཅིངས་པར་ཞེས་ནས་ཀྱང་ཞེས་བྱ་བ་ནི་བཅིངས་སོ་པར་ཤེས་པ་འདི་བཅིང་བ་ཡིན་གྱི་ལྕགས་སྒྲོག་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཤེས་ན་ངེས་ནི། ་དངོས་གྲུབ་འགྲུབ་འགྱུར་ཞེས་བྱ་བ་སྟེ། འདིས་ཆོས་ཀྱི་རིགས་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་རྡོ་རྗེ་བཀའ་དང་ཞེས་བྱ་བ་ལ་སོགས་པས་རྡོ?་རྗེ་ལས་ཀྱི་རིགས་ཀྱི་ཕྱག་རྒྱ་བཅིངས་པ་སྐྱེ་བར་འགྱུར་པའི ་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན། ཏེ་ལས་ཀྱི་རིགས་སྨོས་པ་ནི་ནོར་བུའི་རིགས་དང་ཐ་མི་དད་པར་རྒྱུད་ཕྱི་མ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བཅིང་བསྐྱེ་བར་འགྱུར་བ་ནི་ཕྱག་རྒྱ་བཅིང་བསྐྱེད་པར་འགྱུར་བ་སྟེ་ཕྱག་རྒྱ་བཅིང་བ་སྐྱེ་བར ་འགྱུར་བ་དེས་འགྲུབ་པས་ན་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་བོ། །དེའི་ཆོག་རྒྱས་པ་ནི་རྣམ་པ་རྒྱས་པའོ། །དེ་ཉིད་ནི་གཞན་གྱིས་མི་ཤེས་པས་ན་གསང་བའོ། །དེ་སྟོན་པའི་གཞུང་ནི་རྒྱུད་དོ། །འདའ་བར་བྱ་བ་མ་ཡིན་ཞིང་ཞེས་བྱ་བ་ནི་མི་འདའ་བ་ཉིད་དུ ་ངེས་པར་བྱ་ཞིང་ཉམས་སུ་བླང་བར་བྱའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་བཀའ་དང་ཞེས་བྱ་བ་སྟེ། རྡོ་རྗེ་ནི་སངས་རྒྱས་བཅོམ་ལྡན་འདས་དང་དེ་བཞིན་དུ་སེམས་དཔའ་བཅུ་དྲུག་པོ་རྣམས་སོ། །དེ་དག་གི་བཀའ་ཡིན་བས་ན་རྡོ་རྗེ་བཀའ་སྟེ་སྙིང་པོའི་རང ་བཞིན་འདི་མཛོད་ཅིག་ཅེས་བསྐུལ་བའོ། །ལས་མང་རྣམས་ཞེས་བྱ་བ་ནི་གང་བསྒྲུབ་པར་བྱ་བ་སྟེ་ཕྱག་རྒྱའི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བ་དང། འགུགས་པ་དང། མཉེས་པར་བྱེད་པ་དང། མགུ་བར་བྱེད་པ་ལ་སོགས་པའོ། །བཀའ་དང་ལྡན ་པའི་ལས་དེ་ནི་ཞེས་བྱ་བ་ནི་གང་ལ་ཐོགས་པ་མེད་པའི་བཀའ་ཡོད་པ་དེ་བཀའ་དང་ལྡན་པ་སྟེ་ང་རྒྱལ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ང་རྒྱལ་དང་ལྡན་ན་དེ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན ་ནོ། །དེ་ལྟར་ཤེས་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་བཞིན་གཤེགས་པའི་རབ་ཏུ་བྱེད་པས་ནི་ཇི་ལྟར་ཕྱག་རྒྱ་འགྲུབ་པར་འགྱུར་བ་དེ་ལྟར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་ཀྱང ་ཇི་ལྟར་ཕྱག་རྒྱས་རྒྱས་འདེབས་པར་འགྱུར་བ་དེ་ལྟར་བསྟན་པ་ཡིན་ནོ། །རྡོ་རྗེ་རིགས་ཀྱང་བདག་ཉིད་ཆེན་པོའི་ཕྱག་རྒྱ་ཡོངས་སུ་བཟུང་སྟེ་ཇི་ལྟ་བ་བཞིན་དུ་རྒྱས་བཏབ་ན་སྐྱེ་བོ་རྣམས་མི་འདའ་བར་བྱེད་པ་དང་འདྲ་བར་དེ་ལྟར་བསྟན་པ་ཡིན་ནོ། །ཇི་སྐད ་གསུངས་པའི་པདྨའི་རིགས་ལ་ཡང་རྒྱས་འདེབས་པའི་སྙིང་པོ་ལས་འདའ་བར་མི་བྱ་བར་དེ་ལྟར་བསྟན་པ་ཡིན་ནོ། །ལས་ཀྱི་རིགས་ལ་ཡང་བདག་ཉིད་ཆེན་པོའི་ཕྱག་རྒྱའི་རྒྱས་བཏབ་པ་གང་ཡིན་པ་དེ་ང་རྒྱལ་ལྡན་པའི་ཕྱིར་དེའི་བཀའ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདའ་ ་བར་མི་བྱེད་པ་དང། དེའི་ལས་ཀྱང་མ་ལུས་བར་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། རབ་ཏུ་བྱེད་པ་འདི་དག་གི་དོན་ནི་འདིར་ཟད་དོ། །ལྷག་མ་རྣམས་ནི་རབ་ཏུ་བྱེད་པའི་མཇུག་སྡུད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བའི་དབང་དུ་མཛད་ནས ་གསུངས་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་ནི་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བདག་གིས་སྨྲས་པ་འདི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པར་མཛད་ཅིག་ཅེས་གསོལ་བ་བཏབ་པ་ཡིན་ལ། ད་ནི་བཅོམ་ལྡན་འདས་ ་ཕྱག་ན་རྡོ་རྗེས་ཚིག་བསྒྱུར་ཏེ་གསང་བའི་དབང་དུ་བྱས་ནས་ཅུང་ཟད་ཅིག་གསུངས་པའི་དོན་ལ་འགལ་བ་མེད་དུ་ཟིན་ཀྱང། དོན་མི་ཤེས་པའི་སེམས་ཅན་རྣམས་མ་དད་པར་འགྱུར་རོ་ཞེས་དགོངས་ཏེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བདག་ཉིད་ཀྱིས་བྱིན་གྱིས་བརླབས་སོ ་སྙམ་ནས་གསོལ་པ་མ་བཏབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་ལ་འགལ་བ་མེད་པ་དང་ཕྱག་ན་རྡོ་རྗེའི་བསམ་པ་ཡང་མཁྱེན་ནས་ཐེག་པ་ཆེན་པོའི་དོན་རྟོགས་པའི་སེམས་ཅན་རྣམས་ཀྱི་དོན་ཆེན་པོར་ཡང་འགྱུར་བར་དགོངས་ནས་བྱང་ཆུབ་སེམས ་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་ཏེ། གསང་བའི་རྒྱུད་འདི་ཡང་ངས་ཡོངས་སུ་བཟུང་ཞིང་སངས་རྒྱས་ཀྱི་བཀའ་བཞག་ཅིང་བྱིན་གྱིས་བརླབ་སོ་ཞེས་གསུངས་ཏེ། བྱིན་གྱིས་བརླབས་པ་ནི་ཡུན་རིང་དུ་གནས་པར་བྱ་བའོ། །ལྷག་མ་རྣམས་ནི་གོ་སླའོ།། ་དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོས་ལའི་རྒྱན་ལས་རྒྱུད་ཕྱི་མའི་གསང་བའི་དཀྱིལ་འཁོར་གྱིས་དབང་དུ་བྱས་པའི་འགྲེལ་པའོ།། །།ད་ནི་བརྟགས་པ་བཞི་ཆར་དུ་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་དམ་པའི་རྒྱུད་སྟོན་ཏོ། དེ ་ལས་ཀྱང་དང་པོར་སངས་རྒྱས་རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཆོས་ཀྱི་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སངས་རྒྱས་ཆོས་ནི་སྟོབས་བཅུ་དང། མི་འཇིགས་པ་དང ་སྙིང་རྗེ་ཆེན་པོ་ལ་སོགས་པའོ། །དེ་ལ་དམིགས་པ་ནི་ཏིང་ངེ་འཛིན་ཏེ་བསྒོམས་ཞིང་གོམས་པར་བྱ་བའོ། །ཇི་ལྟར་ཞེ་ན། རབ་མཉམ་བཞག་པས་ཞེས་བྱ་བ་སྟེ་ཤིན་ཏུ་མཉམ་པར་བཞག་བས་རབ་མཉམ་བཞག་པའོ། །གང་གི་སྦྱོར་བས་ཤེ་ན། སངས་རྒྱས་རྗེས་སུ་དྲན ་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྐྱེད་ལ་དེ་རྗེས་སུ་དྲན་པ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་སྦྱོར་བ་དེ་ལ་གནས་ནས་ཐུགས་རྗེ་ཆེན་པོ་ལ་སོགས་པ་ཇི་སྐད་དུ་གཤད་པའི་སངས ་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་བསྒོམས་ན་བླ་མེད་དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་སོ་ཞེས་བྱ་བ་སྟེ། བླ་མེད་དངོས་གྲུབ་ནི་སངས་རྒྱས་ཉིད་དོ། །ད་ནི་ཆགས་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་བའི་རིགས་ཀྱི་ཆོས་དམ་པའི ་དམ་པ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་དཔའ་ཀུན་གྱི་ཏིང་འཛིན་གནས་ཞེས་བྱ་བ་ལ་སེམས་དཔའ་ཀུན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བཅུ་དྲུག་གོ། དེ་རྣམས་ཀྱི་ཏིང་ངེ་འཛིན་ཡིན་པས་ན་སེམས་དཔའ་ཀུན་གྱི་ཏིང་ངེ་འཛིན་ཏེ། དེ་ལ་གནས་པས་ན་སེམས་དཔའ་ཀུན ་གྱི་ཏིང་འཛིན་གནས་ཞེས་བྱ་བའོ། །རབ་མཉམ་བཞག་པས་བསྒོམས་ན་ནི་ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་བཞག་པས་གོམས་པར་བྱེད་པའོ། །དེའི་འོག་ཏུ་ཆགས་པ་རྗེས་སུ་དྲན་ཚུལ་གྱིས། དངོས་གྲུབ་དམ་པ་འཐོབ་པར་འགྱུར་ཞེས་བྱ་བ་སྟེ་ཆགས་པ་ནི ་བཅོམ་ལྡན་འདས་པདྨའི་འདོད་ཆགས་ཏེ་འཇིག་རྟེན་དབང་ཕྱུག་གོ། དེའི་རྗེས་སུ་དྲན་པ་དེ་ཉིད་རྣལ་འབྱོར་ཡིན་པས་ན་ཆགས་པ་རྗེས་སུ་དྲན་ཚུལ་གྱིས་ཞེས་བྱ་སྟེ་སྦྱོར་བ་དེས་བསྒྲུབ་པའི་དུས་སུ་གནས་ན་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ། །འདི་སྐད་སྟོན་ཏེ། དེ་བཞིན ་གཤེགས་པའི་རིགས་ལ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་དང་པོ་གོམས་པར་བྱས་ནས་དེའི་འོག་ཏུ་སྒྲུབ་པའི་དུས་སུ་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ན་དངོས་གྲུབ་དམ་པ་ཅི་འདོད་པ་བཞིན་དུ་འཐོབ་པར་འགྱུར་རོ། །དེ་སྐད་དུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་གསུངས་སོ་ཞེས་བྱ་བ་སྟེ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ།། ད་ནི་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་གྱི་རྒྱུད་སྟོན་ཏེ། ཁམས་གསུམ་རྣམ་རྒྱལ་ཆ་ལུགས་སུ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལྟ་བུར་རོ། །བསྒོམས ་ནས་མདུན་དུ་འང་དེ་བཞིན་ཏེ་ཞེས་བྱ་བ་ལ་བསྒོམས་ནས་ཞེས་བྱ་བ་ནི་གོམས་པར་བྱས་ནས་སོ། །མདུན་དུ་ཞེས་བྱ་བ་ནི་སྔོན་དུའོ། །དེ་བཞིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་པར་ལྟ་བུར་ཏེ། འདིར་ནི་སྦྱོར་བ་གཉིས་པར་སྟོན་ཏོ། །དེ་ལྟ་བུའི་རྣལ་འབྱོར་གཉིས་པ་གནས་ན་ཕྱག ་ན་རྡོ་རྗེ་མཐུར་གྱུར་ནས་ཞེས་བྱ་བ་སྟེ། ཕྱག་ན་རྡོ་རྗེ་ནི་ངའོ་ཞེས་ང་རྒྱལ་བསྐྱེད་ལ་དངོས་པོ་དེ་དག་ཐམས་ཅད་ནི་རྣམ་པར་རྟོགས་པས་སྤྲུལ་པ་ཡིན་ནོ་ཞེས་ངེས་པར་བྱས་ནས་སེམས་ཀྱི་དབང་གིས་བཞག་ན་ནི་འདུག། བཏང་ན་ནི་འགྲོ། ཡོངས་སུ་བསྒྱུར་ན་ནི་ཡོངས་སུ་འགྱུར། བཤིག་ན་ནི་འཇིག། བསྐྱེད་དེ་ན་ནི་སྐྱེ ་བོ་ཞེས་དེ་ལྟར་ཤེས་པར་བྱས་ན་རི་རབ་ཀྱང་སོར་མོ་གཅིག་གིས་བསྐྱེལ་བ་དང། སློང་བ་དག་ཡུལ་གཞན་དུ་འཕང་བ་དང། ས་ཡང་གཡོ་བར་བྱེད་པ་དང། རྒྱ་མཚོ་ཡང་སྐེམས་པ་ལ་སོགས་པ་དེ་ལྟ་བུའི་ཕྱག་ན་རྡོ་རྗེའི་མཐུར་གྱུར་ནས་ཁམས་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུངས་སོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །ད་ནི་འགྲོ་བ་འདུལ་བའི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འགྲོ་བ་འདུལ་བའི་ཆོས་སུ་ནི་ཞེས ་བྱ་བ་ལ་འགྲོ་བ་འདུལ་བ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གོ། དེའི་ཆོས་ནི་གཟུགས་ཐམས་ཅད་དུ་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ཡིན་པས་ན་འགྲོ་བ་འདུལ་བའི་ཆོས་སུ་ནིའོ། །དེ་བསྒོམ་པ་ནི་དེ་གོམས་པར་བྱ་བའོ། །མདུན་དུ་ཞེས་བྱ་བ་ནི་སྔོན་དུའོ། །དེ་བཞིན་ཏེ་ཞེས་བྱ་བ་ནི་བདག་ཏིང་ངེ ་འཛིན་ལ་ཇི་ལྟར་གནས་པ་དེ་བཞིན་དུ་ཡང་དེ་དང་འདྲ་བར་བསྒོམ་པའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །དེ་གང་ཡིན་ཞེ་ན། འདུལ་བར་ཞེས་བྱ་བ་སྟེ་སེམས་ཅན་ཡོངས་སུ་སྨིན་པའོ། །ད་ནི་རབ་བྱེད་དོ་ཞེས་བྱ་བ་ནི་ཏིང་ངེ་འཛིན ་གཉིས་ལ་གནས་པའི་རྣལ་འབྱོར་པ་དེ་མཆོག་ཏུ་བྱེད་པར་འགྱུར་བའོ། །དེ་སྐད་དུ་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །འདི་སྐད་སྟོན་ཏེ་འགྲོ་བ་འདུལ་བའི་འཇིག་རྟེན་དབང་ཕྱུག་གི་གཟུགས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཀུན་འགྲུབ ་པའི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དོན་ཀུན་གྲུབ་པའི་སྐུར་ཡང་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོའི་ཕྱག་རྒྱ་ཆེན་པོའོ། །ཅི་ཞིག་བྱེད་ཅེ་ན། བསྒོམས་ནས་ཞེས་བྱ་བ་སྟེ་གོམས་པར་བྱེད་བའོ། །མདུན་དུ་དེ་བཞིན་ཏེ ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་ནས་ཅིར་འགྱུར་ཞེ་ན། རྣམ་པ་ཀུན་གྱི་མཆོག་ལྡན་པའོ། །ཕུན་སུམ་ཚོགས་དོན་དེས་འཐོབ་བོ་ཞེས་བྱའོ། །འདི་སྐད་སྟོན་ཏེ། དོན་ཐམས་ཅད་འགྲུབ་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་ངེས་འཐོབ་པར་འགྱུར་རོ་ཞེས་པའོ། །ད་ནི་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་སྟེ། དེའི་དངོས་གྲུབ་དེ་སྟོན་པའི་གཞུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཀྱང་དང་པོར་སངས་རྒྱས་ཞེས་བྱ་བ་ལ ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་དམ་ཚིག་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་རྗེས་སུ་དྲན་འགྱུར་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་གི་ལྷའི་རྣལ་འབྱོར་དུ་བྱས་པའོ། །བཛྲ་བཛྲ་ཞེས་བརྗོད་ན་ཞེས་བྱ་བ་ནི་བཛྲ་ཞེས་བྱ་བའི་སྒྲ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན ་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་འདིས་ནི་སྒྲར་གཏོགས་པའི་བྱེ་བྲག་དང། བསྒོམས་པར་གཏོགས་པའི་བྱེ་བྲག་གཉི་གར་སྟོན་ཏེ། སྒྲར་གཏོགས་པའི་བྱེ་བྲག་ནི་རྡོ་རྗེ་ཕྲ་མོ་སྔོན་དུ་འགྲོ་བས་བཛྲ་ཞེས་བྱ་བའི་སྒྲ་བརྗོད་པའོ། །བསྒོམ་པར་གཏོགས་པའི་བྱེ་བྲག་ནི་ལྕེ་ནི་སྐན ་ལ་བཅད་ནས་སུ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་ཅིར་འགྱུར་ཞེ་ན། དེའི་ཕྱིར་སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱས་པས་མཚན་མ་ཐོབ་ནས་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་དེར་ཞུགས་ཏེ། དཀྱིལ་འཁོར་དུ་དག ་པའི་དངོས་གྲུབ་ཀྱི་གསར་བའི་བསྐུལ་བས་བཅོམ་ལྡན་འདས་ལ་ཡང་དག་པར་བསྐུལ་ལ། དེ་ལ་སོགས་པ་བྱ་བའི་ཚོགས་ཐམས་ཅད་རྫོགས་པར་བྱས་ནས་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམས་པས་སངས་རྒྱས་ཀྱི་དངོས་གྲུབ་འཐོབ་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས ་ཀྱིས་གསུང་སོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་དུ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་དུ་བྱས་ལ་ཞེས་བྱ་བྱ་བའི་དོན་ཏོ། །རྡོ་རྗེ་ཕྲ་མོ་སྒོམ་བྱེད ་ཅིང་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བྱ་ཞེ་ན། བཛྲ་སཏྭ་ཞེས་བརྗོད་ན་ཞེས་བྱ་བ་གསུངས་སོ། །དེ་སྐད་དུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའོ། །ད་ནི་ཁམས་གསུམ ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁམས་གསུམ་རྣམ་རྒྱལ་ཆ་ལུགས་སུ། །དྲན་བྱེད་མདུན་དུ་དེ་བཞིན་ཏེ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆ་ལུགས་སུ ་གནས་ལ་གཉིས་པ་མདུན་དུ་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་སྣའི་རྩེ་མོར་དྲང་བར་བྱ་ཞིང་ཧཱུཾ་ཞེས་བྱ་བ་བཟླས་ན་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་གསུངས་སོ། །ད་ནི་འགྲོ་བ་འདུལ་བའི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས ་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འགྲོ་བ་འདུལ་བའི་གཟུགས་ཀྱི་ནི། །རྡོ་རྗེ་ཕྲ་མོ་སྒོམ་བྱེད་ཅིང་ཞེས་བྱ་བ་ནི་འདིར་ཡང་སཱ་མ་བཞིན་དུ་འགྲོ་བ་འདུལ་བའི་ཏིང་ངེ་འཛིན་ལ་གནས་ཏེ་འགྲོ་བ་འདུལ་བའི་གཟུགས་ཉིད་དུ་བསྒོམ་པར་བྱའོ། །རྡོ་རྗེ་ཕྲ་མོ་སྒོམ་བྱེད་ཅིང ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་གོམས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཤུདྡྷ་ཤུདྡྷཱ་ཞེས་བརྗོད་ན་ཞེས་བྱ་བ་ནི་སྙིང་པོ་འདི་ཡང་བརྗོད་ན་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །ད་ནི་དོན་ཀུན་གྲུབ་པའི་ཞེས་བྱ་བ་ལ་སོགས་པས ་ནོར་བུའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དོན་ཀུན་གྲུབ་པའི་གཟུགས་ཀྱི་ནི་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་སྦྱོར་བ་བྱས་ལའོ། །རྡོ་རྗེ་ཕྲ་མོ་བསྒོམས་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་སྦྱོར་བ་གོམས་པར་བྱས་ནས་སྔ་མ་བཞིན་དུ་སིདྡྷཡ་སིདྡྷཡ་ཞེས་བརྗོད ་ན?་དོན་གྱི་དངོས་གྲུབ་མཆོག་འཐོབ་འགྱུར་ཞེས་བཅོམ་ལྡན་འདས་ནོར་བུའི་ཆོས་ཀྱི་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱིས་བསྡུས་པའི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་པའི་སྐབས་ཡིན་པ་ལས། འདི་ཉིད ་གསུངས་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་གཉི་ག་ཆོས་ཤེས་གཅིག་ཏུ་སྨོན་ན། གསལ་བར་མི་འགྱུར་བས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཅེས་གསུངས་པ་ཡིན་ཏེ་དོན་ནི་དེ་ཉིད་དུ་ཟད་དོ། །དེ་ལས་ཀྱང་དང་པོར་དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དམ་པ་རྣམས ་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་ཏེ། དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་སོ། །དེ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་སོ། །དེའི་ཡེ་ཤེས་ཡིན་པས་ན་དམ་པའི་ཆོས་ཀྱི་ཡེ་ཤེས་སོ། །དེའི་དངོས་གྲུབ་ཡིན ་པས་ན་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་བོ། །དེ་སྟོན་པར་བྱེད་པའི་གཞུང་ཡིན་པས་ན་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དམ་པའི་ཆོས་ནི་ཡི་གེ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཡི་གེ ་ཡོད་པ་མ་ཡིན་པས་ན་ཡི་གེ་མེད་པ་སྟེ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་གང་ལས་བྱུང་བ་ཡིན་ཞེ་ན། ཏིང་འཛིན་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་གསུངས་ཏེ་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ་དེའི་ཡེ་ཤེས་ཡིན་པས་ན་ཏིང་འཛིན ་གྱི་ཡེ་ཤེས་སོ། །དེ་ལས་སྐྱེས་པ་ཡིན་པས་ན་ཏིང་འཛིན་ཡེ་ཤེས་ལས་བྱུང་བཞེས་བྱ་སྟེ། དེས་རྟོགས་པ་ཞེས་བྱ་བས་དོན་ཏོ། །འདི་ནི་དོན་དམ་པའི་ཆོས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ཨ་ཞེས་བྱ་བས་ཆོས་རྣམས་ནི། སྐྱེ་བ་མེད་པར་བཤད་པ་ཡིན་ཞེས་བྱ་བ་སྟེ་ཨ་ཞེས་བྱ་བ་ནི་ཡི ་གེ་ཨ་གཟུང་བར་བྱའོ། །དེས་ཤེས་བྱ་བ་ནི་དོན་དམ་པའི་ཆོས་རབ་ཏུ་རྟོགས་པས་སོ། །ཆོས་རྣམས་ནི་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་བཤད་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་ཡི་གེ་ཨས་སྟོན་པར་བྱེད་པ་ཡིན་ནོ། །ཕྱག་རྒྱ་འདིའི་ཚུལ་གྱིས་ནི་ཞེས་བྱ་བ ་ནི་ཨ་ཞེS་བྱ་བའི་ཆོས་ཀྱི་ཕྱག་རྒྱ་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པ་འདིས་དོན་དམ་པར་བདག་མེད་པའི་ཤེས་རབ་ཀྱིས་བསྒོམས་ཞེས་གོམས་པར་བྱས་ན་དེ་ནས་ཡི་གེ་ཀུན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་འགྲུབ་པར་འགྱུར་བ་སྟེ། སོ་སོར་ཡང་དག་པར་རིག་པ་བཞི་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར ་དུ་གསུངས་པ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་དོན་སོ་སོ་ཡང་དག་པར་རིག་པ་བཞི་ནི་ཡི་གེ་གཅིག་ལས་ཀྱང་ཐམས་ཅད་ཀྱི་དོན་སོ་སོར་རིག་པའོ། །སྤོབས་པ་སོ་སོར་ཡང་དག་པར་རིག་པ་ནི་དོན་གཅིག་ལ་ཡང་གཞུང་སྣ་ཚོགས་པས་ལྷའི་ལོ་སྟོང་གི་བར་དུ་ཡང་སྟོན ་པར་ནུས་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་འདས་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐལ་པ་འམ་བསྐལ་པ་ལས་ལྷག་པའི་བར་དུ་ཅི་འདོད་པར་སྟོན་པའོ། །དེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཚིག་གི་དོན་གྱི་མིང ་ཐམས་ཅད་དོན་དང་མཐུན་པར་ཅི་གར་གང་ལ་ཡང་སྟོན་པར་ནུས་པ་སྟེ། དེ་ལྟ་བུའི་ཡི་གེ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་འཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། བདེ་གཤེགས་སྐད་ཅིག་གཅིག་གིས་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་ན་དེ་བཞིན་གཤེགས་པ ་ཀུན་ནོ། །དེ་གང་ཞིག་ཅེ་ན། དེ་ཉིད་དོ། །དེ་ཅི་ཞིག་ཅེ་ན། མདོ་སྡེ་འདི་ནི་ཞེས་གསུངས་པ་ཡིན་ནོ། །ཅི་ཞིས་བྱེད་ཅེ་ན། དད་པ་ཡིས་ཞེས་བྱ་བ་སྟེ་སྔགས་སྤྱོད་པའི་ཚུལ་ལ་དད་པ་སྐྱེས་པའོ། །དང་བ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་དད་ནས་བཅངས་སམ་ཞེས་བྱ་བ་སྟེ་སེམས་ལའོ། །བཀླགས་གྱུར་ན་ཞེས་བྱ་བ་ནི་གླེགས ་བམ་ཀླག་པའི་ཚུལ་གྱིས་བཀླགས་པའོ། །དེ་ལྟར་ན་དངོས་གྲུབ་བླ་མེད་འཐོབ་པར་འགྱུར་ཞེས་བྱ་བའོ། །འདས་མ་ཐག་པ་ནི་དོན་དམ་པའི་ཆོས་བསྟན་པ་ཡིན་ལ་འདིས་ནི་སྔགས་ཀྱི་སྤྱོད་པའི་ཚུལ་ལ་ཆོས་ཀྱི་སྒྲར་བསྟན་པ་ཡིན་ནོ། །ད་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་ཅན་སྡིག་ཅན་ཕན?་དོན་དམ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་སྡིག་ཅན་སྡིག་པ་ལ་སྤྱོད་ལས་བཟློག་པར་བྱ་བའི་ཕྱིར་དང། སངས་རྒྱས་ཀྱི་བཀའ་བསྒྲུབ་པར་བྱ་བའི་ཕྱིར་དང། མ་རུངས་པ་རྣམས་གཞན་ལ་གནོད་བར་བྱེད་ལས་བཟློག ་ཅིང་དེ་དག་གདུལ་བའི་ཕྱིར་བསད་པས་ཡིས་ནི་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་རིགས་ཀྱིས་གསུངས་སོ་ཞེས་བྱ་བ་སྟེ། བསད་བ་ནི་འདིར་དྲེགས་པ་དང་དགྲལ་བའི་ཕྱིར་ལྷ་ཆེན་པོ་བཞིན་དུ་བྱ་བ་ནི་སྔགས་སྤྱད་པས་ཉམས་སུ་བླང་བར་བྱ་བའི་ཆོས་དེ་ལྟ་བུ་ཡིན་པར་དགོངས། །ད་ནི ་རང་བཞིན་གྱིས་ནི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རང་བཞིན་དག་པར་ཤེས་པ་ནི་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཡིན་པས་རྟོགས་ཤིང་ཤེས་པའོ། །ཅིའི་ཕྱིར་དེ་སྐད་ཅེས་བཤད་ཅེ་ན། དམ ་པའི་ཆོས་ནི་ཡིན་པར་བཤད་ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དོན་དམ་པར་འདི་ལྟར་འདོད་ཀྱི་ཀུན་རྫོབ་ཏུ་ནི་མ་ཡིན་ནོ། །ཐོག་མ་ཐ་མར་འདི་བསྒོམས་ན་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་ཆོས་རྣམས་འདི་ལྟ་བུའི་ཡིན་ནོ་ཞེས་བསྒོམ་པ་གོམས་པར་བྱས་ན་ཆོས་ཀྱི་དངོས་གྲུབ་མྱུར་དུ ་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །འདིར་ཡང་དོན་དམ་པའི་ཆོས་ཉིད་ཡིན་པར་སྟོན་ཏོ། །ད་ནི་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་པའི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །སེམས་ཅན་ཀུན་ལ ་དོན་སྦྱིན་བྱེད་ཅེས་བྱ་བ་ནི་ཞིང་གི་ཁྱད་པར་ལ་མི་སྤྱོད་ཅིང་ལན་ལ་རེ་བ་ལ་སོགས་པའི་རྒྱུ་སྤངས་ནས་ནོར་འདོད་པ་རྣམས་ལ་ནོར་སྦྱིན་པའོ། །ཅིའི་ཕྱིར་ཞེ་ན། བསམ་པ་ཐམས་ཅད་རྫོགས་བྱེད་ཅིང་ཞེས་བྱ་བ་གསུངས་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་རྣམ་པ་ཐམས་ཅད་དུ་སེམས་ཅན ་ཐམས་ཅད་ཀྱི་རེ་བ་རྣམས་ཡོངས་སུ་སྐོང་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་སྟེ། གང་འདི་ལྟར་དོན་སྦྱིན་པ་འདི་ནི་ནོར་བུའི་རིགས་ཀྱི་ཆོས་ཡིན་ཏེ། ཆོས་འདི་བསྒོམ་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཆོས་ཀྱི་རིན་ཆེན་གྱིས་གསུངས་སོ། །འདིར་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ ་ཉིད་ལས་ཆོས་ཀྱི་སྒྲར་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ག་ཡི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཏིང་ངེ་འཛིན་གྱི་སྒྲས་ནི་ཆོས་ཀྱི་དཀྱིལ་འཁོར་ཡིན་པར་བཤད་དོ། །དེའི་ལས་ཀྱི་སྒྲ་གང་ཡིན་པས་ནི ་བསྒོམ་པ་ཡིན་པར་བཤད་དེ་དེའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལ་དང་པོར་རྡོ་རྗེ་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཀྱི་ནི་ཏིང་འཛིན་ལས་ཞེས་བྱ་བ་ལ་ཏིང་ངེ་འཛིན་གྱི་ལས་ཡིན་པས ་ན་ཏིང་ངེ་འཛིན་ལས་སོ། །ལས་དེ་གང་ཡིན་ཞེ་ན། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་རྣལ་འབྱོར་ནས་དམ་ཚིག་ལ་གནས་ཏེ། དམ་ཚིག་སྟོན?་དུ་འགྲོ་བས་རྡོ་རྗེ་ཕྲ་མོ་བསྒོམས་ལ་དེའི་འོག་ནས་དམ་པའི་ཆོས་ནི་ཡི་གེ་མེད་ཅེས་བྱ་བས་དམ་པའི ་ཆོས་བསྒོམས་ཏེ། དེ་ནས་འདིར་ཏིང་ངེ་འཛིན་གྱི་ལས་སངས་རྒྱས་ཀྱི་གཟུགས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བསྒོམ་པར་བྱའོ། །དེ་ལྟར་རིམ་གྱིས་བསྒོམས་ན་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ། །དེ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས ་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཏིང་འཛིན་གིས། །བླ་མེད་ལས་ནི་མང་པོ་རྣམས་ཞེས་བྱ་བ་བླ་མེད་ལས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་གྲུབ་པའོ། །མང་པོ་རྣམས་ནི་ཕལ་ཆེ་བའོ། །ཇི་ལྟ་ཞེ་ན། སེམས་དཔའ་ཀུན་འགྱུར་ཐམས་ཅད ་ཀྱང་ཞེས་བྱ་བ་སྟེ་སེམས་དཔའ་ཀུན་ནི་སེམས་དཔའ་བཅུ་དྲུག་སྟེ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ལས་གྱུར་པའོ། །ཐམས་ཅད་ཀྱང་ཞེས་བྱ་བ་ནི་མ་ལུས་པ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ལས་ཡིན་ནོ། །ཤེས་ན་ཡང་ནི་འགྲུབ་པར་འགྱུར ་ཞེས་བྱ་བ་ནི་དེ་ལྟར་ཤེས་ཤིང་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་།ད་ནི་སྡིག་པ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱ་ཨུད་སྟོན་ཏེ། སྡིག་པ་དག་པ་བྱུའི་ཕྱིར་ཞེས་བྱར་ནི་ལ་ལ་ཞི་མཚམས་མེད་པ་ལ་སོགས ་པའི་ལས་ཁྱེད་པ་ལ་ཞུགས་ལ་དེ་ལས་བཟློག་པར་ཐབས་གཞན་གང་གིས་ཀྱང་མི་ནུས་པ་དེ་ནི་དེ་ལྟར་སྡིག་པ་ལ་མངོན་དུ་ཕྱོགས་པ་ཡིན་པས་ན་སྡིག་པ་ཞེས་བྱའོ། །དེ་བས་ན་སྡིག་པ་དེ་སྦྱང?་བའི་ཕྱིར་ཏེ་རབ་ཏུ་འདུལ་བར་བྱེད་པ་ནི་གསོད་པའི་ལས་ཡིན་ནོ། །དེ་ལྟར་ན་སྡིག་པའི་ཆོས་ལ ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱང་ལྷ་ཆེན་པོ་བཞིན་དུ་བྱའོ། །གསོད་པའི་ལས་ལ་དང་ན་དེས་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་གསུངས་སོ་ཞེས་པ་སྟེ་རྡོ་རྗེ་རིགས་འདིར་ནི་གསོད་ཅིང་ཚར་གཅོད་པའི་ལས་ལ་དད་པར་བྱ་བ་ཡིན་པར་ཤེས་པར་བྱའོ། ་ད་ནི་སྡིག་ཀུན་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྡིག་པ་ཀུན་རྣམ་པར་དག་པའི་བདག་ཅེས་བྱ་བ་ནི་སྡིག་པ་དག་པའི་ཐབས་པདྨའི་རིགས་ལས་གསུངས་པ་གང་ཡིན་པ་དེའི་བཤགས་པའི་རྣམ་པར་དེས་སྡིག་པ་ཐམས ་ཅད་རྣམ་པར་དག་པའི་བདག་ཉིད་ཀུན་དག་པར་དེས་བྱེད་དོ། །དགོས་པ་ཀུན་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་ནས་རྣལ་འབྱོར་པ་དེ་དགོས་པ་ཐམས་ཅད་བྱེད་དེ། ཁྲུས་ལ་སོགས་པ་ལ་མི་བལྟོས་པར་བསྒྲུབ་པ་དང། སྔར་བསྙན་པའི་རང་བཞིན་བྱེད་དེ་ལས་འདི ་ནི་པདྨའི་རིགས་ཀྱི་ཡིན་པར་ཤེས་ཤིང་དོན་དམ་པ་བསྒོམས་པས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་པདམོས་གསུངས་སོ། །ད་ནི་སྲེད་ལྡན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྲེད་ལྡན་དབུལ་བ་ཐམས་ཅད་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་རེ ་བའི་སྲེད་པ་གང་ལ་ཡོད་པ་ནི་སྲེད་ལྡན་ཐམས་ཅད་དོ། །དེས་སུ་ཞིག་ཡིན་ཞེ་ན། དབུལ་བའོ། །དེ་དག་ཅི་ཞིག་བྱེད་ཅེ་ན། བསམ་པ་ཀུན་བཟང་?་ཞེས་བྱ་བ་གསུངས་སོ། ཇི་སྲིད་ཅིག་གི་བར་དུ་ཞེན་རྟག་ཏུའོ། །?་རྡ་ཀུན་གྲུབ་པའི་བདག་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་གཟུགས་སུ་བདག་ཉིད་བསྒོམ ་ཞིང་དོན་ཐམས་ཅད་གྲུབ་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་བསམས་ན་ཀུན་གྱི་བདག་ཉིད་དེ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོར་འགྲུབ་པར་འགྱུར་པ་འདི་ལ་ཐེ་ཚོམ་མདོ་ཞེས་བཅོམ་ལྡན་འདས་རིན་པོ་ཆེན?་རྒྱལ་མཚན་གྱིས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཏིང་ངེ ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་ལས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་ཏིང་ངེ་འཛིན་ཉིད་ལ་ཏིང་ངེ་འཛིན་དངོས་གྲུབ་ཅེས་གསུངས་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད ་སྟོན་ཏེ། རྡོ་རྗེ་ཕྲ་མོ་བསྒོམས་ལ་ལས་གྲུབ་པ་ཡིན་པའི་ཕྱིར་ཕྲ་མོའི་དངོས་གྲུབ་སྟེ་དེ་སྟོན་པའི་རྒྱུད་དོ། དེ་ལ་དང་པོར་རྟག་ཏུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྟག་ཏུ་རྡོ་རྗེ་ཕྲ་མོའི་ཚུལ། །འབད་པ་ཀུན་གྱིས་སྦྱར་ན་ནི་ཞེས ་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་འབར་པ་ཐམས་ཅད་ཀྱི་རྟག་ཏུ་གོམས་པར་བྱེད་ནའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའོ། །གང་ཞེ་ན་མངོན་ཤེས་ལྔ་ནི་འཐོབ་པར་འགྱུར་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་སྟེ་འདིས ་ནི་རྡོ་རྗེ་ཕྲ་མའི་སྒོམ་པའི་འབྲས་བུ་བསྟན་པ་ཡིན་ནོ། ད་ནི་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཇི་སྐད་གསུངས་བའི་ཆོགས་རྡོ་རྗེ་ཁྲ་མོ་བསྒོམ་པ་གོམས་པར་བྱས་པའི་འོད་ཏུ་ཕྱག་རྒྱས་མངོན་པར་ཞེས་པ་ལ་སོགས་པའི་ལས་བྱེད་པར་འདོད་ན ་ཕྱག་རྒྱ་གསང་བ་རྣམས་ཤིན་ཏུ་སྤ་བར་བྱ་དགོས་ཏེ་དེ་བསྟན་པར་བྱ་བའི་ཕྱིར། སློབ་དཔོན་མ་ཡིན་གཞན་དང་ནི་ཞེས་བྱ་བ་གསུངས་སོ། །འདི་སྐད་གསུངས་ཏེ་ཕྱག་རྒྱ་ནི་སློབ་དཔོན་འབའ་ཞིག་ལ་བསྟན་པར་བྱའི་གཞན་ལ་མ་ཡིན་ནོ་ཞེས་བའོ། །སློབ་དཔོན་གང་གིས་དབང་བསྐུར་བ་དང། གང་ལས ་རྒྱུད་ཐོས་པ་དང། གང་གི་ཐད་ནས་ལས་ཀྱི་མན་དག་མནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདི་དག་ཀྱན་ཕྲ་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ནོ། །སློབ་དཔོན་གྱིས་ཀྱང་སློབ་མའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའོ་ཞེས་གནང་བར་བྱ་བའི་དོན་གྱིས་ན་སློབ་མིན་ལ་མིན་ཞེས་དགག་པའི་དགག་པ ་མཛད་པ་ཡིན་ནོ། །དེ་ལྟ་བས་ན་སློབ་དཔོན་གྱི་སློབ་མ་ལ་ཕྱག་རྒྱ་བསྟན་པར་བྱའི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སློབ་མ་ཡང་བདག་ཉིད་ཀྱིས་དབང་བསྐུར་བ་འམ་གཞན་དག་གིས་དབང་བསྐུར་བ་ཞིག་ཡིན་ན་ཡང་ཇི་སྐད་གསུངས་པའི་ཚུལ་གྱིས་དད་པ་དང་ལྡན་པ་ཐེག་པ་ཆེན་པོའི ་ཆོས་ལ་མངོན་པར་བརྩོན་པ་སྔགས་སྤྱོད་པའི་ཚུལ་ལ་ཐེ་ཚོམ་པ། གླགས་ཀྱི་སྐབས་མི་ཚོལ་བ། སློབ་མར་ཁས་ལེན་པ། ཅང་ཤེས་པའི་ཚུལ་གྱིས་ང་རྒྱལ་སྤངས་པ། བསམ་པ་ལ་གཡོ་རྒྱུ་མེད་བ། གུས་པ་དང་ལྡན་པ་སྟེ། སློབ་མ་དེ་ཡང་རྣམ་པ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ ་ཞིག་ན་དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའི་གཞན་དག་ལ་ནི་མ་ཡིན་ཞེས་རྣམ་པར་གནས་སོ། །བུ་ཡང་བདག་གིས་དབང་བསྐུར་བ་འམ། གཞན་གྱིས་དབང་བསྐུར་བ་ནི་སྐད་སྤོས་པའི་ཡོན་ཏན་རྣམས་དང་ལྡན་པ་ལ་བསྟན་པར་བྱའི་དེ་མ་ཡིན་པ་ལ་ཕྱག་རྒྱ་བསྟན་པར་མི་བྱའོ་ཞེས་བྱ་བ་ཡིན་ཏེ་དེའི ་ཕྱིར་སླར་གནང་བ་གསུངས་པ་ནི་བུ་མིན་པའི་ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། བུ་ནི་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཞི་ཡིན་ན་ཕྱག་རྒྱ་བསྟན་པར་བྱའི། གཞན་དག་ལ་དྲི་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་ཕས་ནི་བུ་ལ་ཕན་གདགས་པའི་ཚུལ་ལ་ཞུགས་པ་ཡིན་པས ་སྣོད་མ་ཡིན་པ་ཞིག་ཡིན་ན་ཡང་ཕན་པ་མ་ཡིན་པ་ལས་བཟློག་ཅིང་ཇི་སྐད་གསུངས་པའི་ཡོན་ཏན་དང་ཕྱིས་ལྡན་པར་བྱ་བར་སེམས་ཕན་སྲིད་པ་དང། གཞན་ཡང་ལ་ལ་ཉེ་དུ་དང་ཡིད་གཅུགས་པ་ཞིག་ལ་གནོད་པ་ལས་ནི་བཟློག་ཅིང་ཕན་པ་ལ་ནི་སྦྱོར་བ་ཞིག་ཡིན་ན་ཇི ་སྐད་དུ་སྨྲས་པའི་ཆིག་ཉམས་སུ་ལེན་པར་བྱེད་ཀྱི། ངན་དུ་མི་སྨྲ་བཞིག་ཡིན་ན་དེའི་མདུན་དུ་ཡང་གལ་ཏེ་བསྟན་ན་བསྟན་པར་ཟད་དེ?་ཞེས་སྨོས་པ་ནི་ཉེ་བར་མཆེན་པ་ཅི་མ་དུ་?། །དེ་ཡང་གལ་ཏེ་ངན་དུ་སྨྲ་ཞིང་ཇི་སྐད་བཤད་པའི་ཡོན་ཏན་བསྐྱེད་པར་མི་ནུས་པ་ཞིག་ཡིན་ན་ཡིད་གཅུགས་པ་བྱ་བ་གང་ཡང་རུངས་པ་དེའི་མདུན་དུ་ཕྱག་རྒྱ ་བརྗོད་པར་མི་བྱའོ། །ཅིའི་ཕྱིར་དེ་དག་གི་མདུན་དུ་བསྟན་པར་མི་བྱ་ཞེ་ན། གང་གི་ཕྱིར་དེ་དག་ཕྱག་རྒྱ་གསང་བས་འགྲུབ་ཅེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པ་སྟེ། གསང་བས་ཞེས་བྱ་བས་ཤིན་ཏུ་སྦྲས་ཤིང་གསངས་ན་འགྲུབ་བར་འགྱུར་གྱི་ཐམས་ཅད་དུ་སྣས་པ་ནི་མ་ཡིན། ཞེས་བྱ་བའི་དོན་ཏོ། །དེ་ནི ་རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་ལྕེ་ནི་སྐན་ལ་བཅད་ནས་སུ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་སོ། །སྣ་ནས་ཧཱུཾ་བྱུང་ལྡན་གྱུར་ལ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་ཚུལ ་གྱིས་སྣའི་རྩེ་མོར་རྡོ་རྗེ་བསམས་ལ་ཧཱུཾ་ཞེས་བྱ་བ་བརྗོད་དེ། །ཧཱུཾ་ཞེས་བྱ་བ་དེ་དང་རླུང་དང་བཅས་པས་གཅིག་གམ་གཉིས་སམ་མང་པོར་བྱ་བ་དགོས་པ་དང་རྗེས་སུ་མཐུན་པའི་རྡོ་རྗེ་འདབ་པར་བསམ་མོ། །ཇི་ལྟ་ཞེ་ན། རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གནས་ཞེས་བྱ་བ་གསུངས་སོ། །དེ་ནས་ཅི་ཞིག་བྱེད་ཅེ་ན། དགོས ་པ་ཐམས་ཅད་སྒྲུབ་པར་བྱེད་ཅེས་བཅོམ་ལྡན་འདས་རྡོ་རྗེས་གསུངས་སོ་ཞེས་པ་སྟེ་འདིས་ནི་རྡོ་རྗེ་ཕྲ་མོ་བསྒོམ་པའི་ལས་བསྟན་ཏོ། །ད་ནི་པདྨ་ཆེན་པོ་ཡི་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྟ་བས་བལྟས་ན་ནི་ཞེས་བྱ་བ་ནི། རྡོ་རྗེ་ལྟ་བ་ཆགས་པ་ཡིས། །དགའ་བས་མིག་ནི་རབ་ཏུ་དགྲར་ཅེས་སྔར་བཤད་པ་སྟེ་དེ་དང་ལྡན་པས་བལྟའོ། །གང་དུ་གནས་ནས་བྱ་ཞེས་ན། པདྨའི་ཆེན་པོའི་ཏིང་འཛིན་གནས་ཞེས་བྱ ་བ་སྟེ། པདྨ་ཆེན་པོ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ་དེའི་ཏིང་ངེ་འཛིན་ལ་གནས་སོ། །དེས་ཅིར་འགྱུར་ཞེ་ན། འདོད་ཆགས་དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་པདྨའི་འདོད་ཆགས་ཀྱིས་གསུངས་སོ་ཞེས་པའོ། །འདི་སྐད་སྟོན་ཏེ། འཇིག་རྟེན་ཐམས ་ཅད་དེས་དགའ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་ལ་གནས་ཏེའོ། །རྡོ་རྗེ་ཕྲ་མོའི་ཆུས ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱ་བའི་དོན་ཏོ། །ཤིན་ཏུ་ཕྲ་བའི་ལྟ་བའི་ལྟ་འབར་བས་ཞེས་བྱ་བ་ལ་འབར་བའི་ལྟ་བ་ནི་རབ་ཏུ་མྱུར་བར་མིག་བསྐུལ་ཞིང་མིག་གི་རྫི་མ་འདྲེན་པ་ནི་ཞེས་བྱ་བ་སྔར་བཤད་པ་སྟེ་ཤིན་ཏུ་ཕྲ་བ་ནི་རབ་ཏུ་ཕྲ་བར་སྦྱར་བའོ། །དེས་ཅིར ་འགྱུར་ཞེ་ན། དོན་ནི་ཐམས་ཅད་འདྲེན་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་ནོར་བུས་གསུངས་སོ་ཞེས་པ་སྟེ། གང་གི་ཕྱིར་བདག་ཉིད་ཏིང་ངེ་འཛིན་དེ་ལ་གནས་ནས་འབར་བའི་ལྟ་བས་སྦྱར་ན་ནོར་གང་ན་འདུག་པ་དེ་དང་དེ་ནས་རྫི་མས་དཀྲིས་ནས་དྲངས་ཏེ་བཀུག་ཅིང་གནས་གང་ན་འདུག ་པར་འདོད་བའི་གནས་དེར་འདུག་པར་འདོད་པའི་གནས་དེར་འདུག་པར་སྒོ་ཞིང་ལྷག་པར་མོས་པ་ཡང་དེ་ལྟར་བྱས་ན་དོན་ནི་ཐམས་ཅད་འདྲེན་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མིག་གི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་མི་གི་ཡེ་ཤེས་ནི་མི་གི་རྣམ་པར་ཤེས་པ་སྟེ། ཟློས་པ་བོས་སྔར་བསྙེན་པའི་ཚེ་ན་དངོས་གྲུབ་ཀྱི་མཚན་མ་རྙེད་པའི་མཚན་ཉིད་དོ། །དེའི་དངོས་གྲུབ་ཡིན་བས་ན་མིག་གི་ཡེ་ཤེས་ཀྱི་དངོས་གྲུབ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་སྟོན་པའོ། །སྔར་གྱི ་ནི་དཀྱིལ་འཁོར་ཆེན་པོའི་དབང་དུ་བྱས་ཏེ་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་ཅེས་བསྟན་པ་ཡིན་ལ། དེ་ལྟར་ནི་ཡེ་ཤེས་དེ་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་པ་ཡིན་ནོ། །དེ་ལས་ཀྱང་དང་བོར་གང་ཆེ་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་སྤྱན་གྱི་ཡེ་ཤེས་ཀྱི ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །གང་ཚེ་ཕྱག་རྒྱ་འམ་ཏིང་ངེ་འཛིན། །སྒྲུབ་ཕྱིར་རྩོལ་བར་གྱུར་བ་ན་ཞེས་བྱ་བ་ནི་གང་གི་ཚེ་གང་གི་དུས་ན་ཕྱག་རྒྱའམ་ཏིང་འཛིན་བསྒྲུབས་ན་རྩོལ་བར་གྱུར་པ་ཞེས་བྱ་བ་སྒྲུབ་ནུས་པ་ཞེས་བྱ་བའི་དོན་ཏེ། དེའི་ཚེ་དེའི་དུས་ན་ནམ་མཁའ་ཨི་ཁམས་དཀར་པོ་སྣང་བ་སྟེ ་ནམ་མཁའ་ནི་གོ་འབྱེད་པའོ། །ཁམས་ནི་ནམ་མཁའ་ཨི་ཁམས་ན་རྒྱུད་པའི་རྡུལ་ཕྲ་རབ་སྟེ་དཀར་བ་ནི་འོད་གསལ་བའོ། །ཚུལ་ཅི་འདྲ་བ་ཞིག་ཅེ་ན་སྐར་མ་འདྲ་ཞེས་བྱ་བ་གསུངས་སོ། །དེས་མཐོང་ན་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །དེ་ཚེ་བློ་ལྡན་སངས་རྒྱས་ཀྱི་སྤྱན་ནི་བདག་གིས་འཐོབ་པར་ཤེས་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་མུན ་ནག་ན་འདུ་སྟེ་མིག་ཕྱེན་ཡང་རྡུལ་ཕྲན་སྲིན་བུ་མི་ཁྱེར་ལྟ་བུ་ནམ་མཁའ་ཨི་ཁམས་ལ་རྒྱུན་མི་འཆད་པར་སྣང་ཞིང་གཟུགས་ཐམས་ཅད་ཀུན་ཏུ་གསལ་བར་སྣང་བ་ལས་ན་དེས་འདི་ནི་དངོས་གྲུབ་གྱི་མཚན་མ་ཡིན་པར་ཤེས་པར་སྐྱེ་བར་འགྱུར་རོ། །དེ་ཕྱིན་ཅད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་གནས་དང་ཞེས ་བྱར?་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་གནས་དང་འགྲོ་བ་དེ་བཞིན་ཏེ། ཇི་སྙེད་དངོས་པོ་ཡོང?་གྱུར་པ་ཞེས་བྱ་བ་ལ་གནས་པའི་དངོས་པོ་ནི་རི་དང་ཤིང་ལ་སོགས་པའོ། །འགྲོ་བ་ནི་མི་ལ་སོགས་པའོ། །དེ་སྙེད་ཀྱི་ནི་གཟུགས་བརྙན་རྣམས་ཞེས ་བྱ་བ་ནི་དེ་བཞིན་དུ་དངོས་པོ་རྣམས་ཀྱི་གཟུགས་བརྙན་དེ་རྣམས་དང་འདྲ་བའི་རྣམ་པར། །གང་དུ་ཅི་ཞིག་བྱེད་ཅེ་ན་མཁའ་ལ་རྒྱུག་པར་མཐོང་ན་ནི་ཞེས་པའོ། །ཇི་ལྟར་ཞེ་ན། འགྲོ་བ་དང་ནི་འོང་བའང་རུང་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་སྤྱན་ནི་རྣམ་དག་པར་ཞེས་པས་མཆོད་ན་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པའི་རིགས་སུ་བསྒྲུབ་པར་བརྩོན་པའི་རྣལ་འབྱོར་པས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་ཀྱི་མཚན་མ་མཐོང་བ་དང། བདག་ནི་རྡོ་རྗེ་སེམས་དཔའ་ཨི་སྤྱན་རྣམ་པར་དག་གོ་ཞེས་རྡོ་རྗེ་མིག་རྣམ་པར་དག་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ཤེས་ནས་དེས་མཆོད་པ་ནི་གནས་པ་དང ་འགྲོ་བའི་དངོས་པོ་ཇི་སྙེད་ཡོད་པ་དེ་རྣམས་མེ་ཏོག་ལ་སོགས་པས་མཆོད་པའི་ཡོ་བྱད་ཀྱི་གཟུགས་སུ་བསྒྱུར་བ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་མཆོད་པར་བྱ་སྟེ། དེ་ལྟར་མཆོད་ན་དངོས་གྲུབ་བླ་ན་མེད་པ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ། །ད་ནི་གཡས་པ་འམ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གཡས་པ་འམ་ནི་གཡོན་ཕྱོགས་ཀྱི་ཞེས་བྱ་བ་ནི་གཡས་པ་དང་གཡོན་པའི་ཕྱོགས་པའི་ཕྱོགས་གཉིས་ན་འཁོར་བའི་རང་ཚུལ་གང་ལ་ཡོད་པ་དེ་ནི་གཡས་པ ་བམ་གཡོན་ཕྱོགས་ཀྱི་ཞེས་བྱའོ། །གང་དུ་ཞེ་ན། མཁའ་ལ་ནམ་མཁའ་ཨི་དབྱིངས་ཉིད་ཀྱི་ཞེས་བྱ་བ་གསུངས་སོ། །ཇི་ལྟ་བུ་ཞེ་ན། སྦྲིན་འདྲ་མྱུར་དུ་འཁོར་བ་ནི་ཞེས་བྱ་བ་གསུངས་སོ། །སྤྲིན་འད?་ཞེས་པ་ནི་སྟོན་ཀའི་སྤྲིན་གྱི་ཚོགས་ལྟ་བུའོ། མྱུར་དུ་འཁོར་བ་ནི་ཕན་ཚུན་དུ་ལྡིང་ཞིང་རྒྱུ་བའོ། །མཐོང་ནས་འཇིགས་པར ་མ་གྱུར་ལ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེས་འཇིགས་པ་བསྐྱེད་པར་མི་བྱའོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལས་བྱུང་ཕྱག་རྒྱ་དེ་ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་དེ་ཡང་གཟུང་ན་ནི་ཞེས་བྱ་བ་ནི་གང་གི་ཕྱིར་དེ་གཟུང་བར་གྱུར་ན་རྡོ་རྗེ་ལ་སོགས་པའི་གཟུགས་སུ་འགྱུར་པའི་ཕྱིར་རོ། །ཕྱག་རྒྱའི་མིག་ནི་འགྲུབ ་པར་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་འགྲུབ་པའི་མཚན་མ་མཐོང་བའི་མིག་ཅེས་བྱ་བའི་དོན་ཏོ། ད་ནི་གང་ཚེ་སྐྱའམ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །གང་ཚེ་སྐྱའམ་དམར་རམ་དཀར་ཞེས་བྱ་བ་ལ་སོགས་པ་ལ་པདྨའི་རིགས་ཟློས་པའི་རྣལ ་འབྱོར་པས་གང་གི་ཚེ་འདི་ལྟ་བུའི་དཀྱིལ་འཁོར་ནམ་མཁའ་ལ་མཐོང་ན་ཞེས་བྱ་བར་འདིར་ཡང་སྦྱར་ཏེ་དེའི་ཚེ་ཕྱག་རྒྱ་དགོངས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འཁོར་ལོའི་སྤྱན་ནི་འགྲུབ་བར་འགྱུར་ཞེས་བྱ་བ་ནི་དགོངས་པར་གྱུར་ནས་ཕྱིས་འགྲུབ་པར་འགྱུར་བའོ། །སུའི་ཞེ་ན། འཁོར་ལོའི་སྤྱན་ཞེས ་བྱ་བ་གསུངས་ཏེ་འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་རྒྱུའི་ཆོས་ཀྱི་འཁོར་ལོས་སྡུད་པའི་དངོས་གྲུབ་ཀྱི་མཚན་མ་རྣམས་མིག་གི་མཐོང་ངོ་ཞེས་སྟོན་ཏོ། །ད་ནི་མཁའ་ལ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཁའ་ལ་རིན་ཆེན་འདྲ ་བ་དང་ཞེས་བྱ་བ་ནི་པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་འདྲ་བའོ། དབྱིག་ལ་སོགས་པ་འདྲ་བར་ནི་ཞེས་བྱ་བ་ལ་དབྱིག་ནི་དོང་རྩེ་ལ་སོགས་པ་ཟོང་དུ་བྱས་པ་སྟེ། དེ་ལྟ་བུ་གང་གི་ཚེ་ནམ་མཁའ་ལ་མིག་གིས་མཐོང་བ་དེའི་ཚེ་དེ་ནམ་མཁའ་མིག་འགྲུབ་པར་འགྱུར་ཞེས་བཅོམ་ལྡན ་འདས་རྡོ་རྗེ་སྙིང་པོས་གསུངས་སོ་ཞེས་བྱ་བ་ལ་ནམ་མཁའ་ལ་དབྱིག་ལ་སོགས་པ་མཐོང་བའི་ཕྱིར་ནམ་མཁའ་ཨི་མིག་ཅེས་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་བཀོ་ས་ལའི་རྒྱན་ལས་རྒྱུད་ཕྱི་མའི་རྟོགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་དབང་དུ་བྱས་པའི ་འགྲེལ་པའོ། ད་ནི་རྟོག་པ་ཐམས་ཅད་ཀྱི་བསྡུས་པའི་ལས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་དམ་པའི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུན་སྟོན་ཏེ། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །འདོད་ཆགས་བདེ་བ་རྣམ ་སྨིན་ཕྱིར། །གཙོ་བོ་ཐམ་མ་ཅད་མཆེད་བྱས་ན་ཞེས་བྱ་བ་ལ་ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་མི་ཆོས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཕྲ་མོ་ཇི་ལྟར་བསྒོམ་པའི་ཚུལ་བསྟན་པ་དེ་ལས་ཀྱི་དཀྱིལ་འཁོར་བསྒོམས་ལ་སྤྲོ་བ་དང་བསྡུ་བ་བྱས་ཏེ། དེའི་དག་ཏུ་ལས་ཀྱི་དཀྱིལ་འཁོར་གྱི་དབྱེ་བས་ལྟ་བུ་ལས་ཡོ་བྱད ་ཐམས་ཅད་དང་ལྡན་པའི་མཆོད་པའི་སྤྲིན་རྣམས་སྒྲུལ་ལ་དེས་གཙོ་བོ་ཐམས་ཅད་མཆོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་བདེ་བ་རྣམ་སྨིན་ཕྱིར་ཞེས་བྱ་བ་སྟེ། འདོད་ཆགས་ནི་བཅོམ་ལྡན་འདས་?་པོའི། །དེའི་?་ནི་དངོས་པོ་ཐམས་ཅད་སྤྲུལ་ཅིང་ལོངས་སྤྱོད་པ་ལ་མངའ་བསྙེས? ་པའི་བདེ་བ་གང་ཡིན་པ་སྟེ། དེའི་གང་གང་ཡིན་པ་དེ་ནི་འདོད་ཆགས་བདེ་བའོ། །དེ་ཉིད་ཤིན་ཏུ་གོམས་པར་བྱས་པས་ན་ནམ་སྨིན་ཞེས་བྱ་བ་སྟེར་?་རིག་པའི་རོ་བསྐྱེད་པའོ། །དེའི་ཕྱིར་བྱ་བ་ཡིན་པས་ན་འདོད་ཆགས་པ་ཏུ་རྣམ་སྨིན་ཕྱིར་རོ། །དེ་ལྟར་དངོས་པོ་ཐམས་ཅད་ལ་དབང་དུ་བྱེད་པའི་ཀུན་ཏུ ་བཟང་པོ་དེས་ཅིར་འགྱུར་ཞེ་ན། སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་པའོ། །ད་ནི་འདོད་ཆགས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་བདག་ཅེས་བསྒོམ་བྱེད་ཅིང། །གསང ་པའི་མཆོད་པ་རབ་བྱས་ན་ཞེས་བྱ་བ་ལ་འདོད་ཆགས་ནི་བདག་གོ་ཞེས་ང་རྒྱལ་བྱེད་ཅིང་བདག་ཉིད་དེ་ལྟར་བསྒོམས་ལ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞི་རྣལ་འབྱོར་པས་བྱས་ནའོ། །དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་དམ་པ་འཐོབ་པར་འགྱུར་ཞེས་བྱ་བའོ། །ཇི་ལྟ་བུ་ཞེས་ན། རྡོ་རྗེ ་འདོད་པ་གཟི་ཅན་མཉམ་ཞེས་བྱ་སྟེ། རྡོ་རྗེ་ཆགས་པ་ལྟ་བུའི་གཟི་ཕུན་སུམ་ཚོགས་པ་ངེས་འཐོབ་པའོ། བཅོམ་ལྡན་འདས་རྡོ་རྗེ་འདོད་པས་གསུངས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་སོ། །ད་ནི་ཁྲོ་བ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ་ཁྲོ་བོ་བདག་ཅེས་སྒོམ་བྱེད་ཅིང། །གསང་བའི་མཆོད་པ་རབ་ཏུ་བྱས་ན་ཞེས་བྱ་བ་ནི་རྣལ་འབྱོར་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཁྲོ་བོ་ནི་བདག་ཉིད་ཡིན་ནོ་ཞེས་ང་རྒྱལ་གྱིས་སྒོམ་པར་བྱེད་ཅིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པའི་གསང ་བའི་མཆོད་པ་བཅུ་དྲུག་པོ་རྣམས་བྱེད་པའོ། །དེས་ཅི་འཐོབ་ཅེ་ན། ཁམས་གསུམ་རྣམ་པར་རྒྱལ་འདྲ་ཡི། །དངོས་གྲུབ་དམ་པ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་འཕགས་པ་ཕྱག་ན་རྡོ་རྗེ་གསུངས་སོ་ཞེས་པའོ། །ད་ནི་ནང་དུ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ལས་ཀྱི་དམ་པའི་དངོས ་གྲུབ་ཀྱི་རྒྱུད་སྟོན་ཏེ། ནང་དུ་སོང་བའི་ཡིད་ཀྱིས་ནི་ཞེས་བྱ་བ་ནི་མིག་ཡེང་བའི་ཡིད་ཀྱིས་སོ། །འདོད་པ་དག་པར་སྒོམ་བྱེད་ཅིང་ཞེས་བྱ་བ་ནི་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པའི་རང་བཞིན་གྱིས་དག་པར་བསྒོམ་ཞིང་གོམས་པར་བྱེད་པའོ། །དབྱངས་ལྡན་ཐིག་ལེས་སངས་རྒྱས་རྣམས་ཞེས་བྱ་བ ་ལ་དབྱངས་ནི་ཤ་རྫ་ལ་སོགས་པ་མདུན་ནོ། །དབྱངས་དང་བཅས་པར་འབྱུང་བས་ན་དབྱངས་ལྡན་ཏེ་དབྱངས་དང་བཅས་པར་བརྗོད་པར་ཞེས་བྱ་བའི་དོན་ཏོ། །ཐིག་ལེ་ནི་ཡི་གེ་སྟེ་གང་གི་ཕྱིར་གང་ལ་ལར་ཡི་གེ་སྦེད་པ་དེར་ཐིག་ལེར་བྱེད་དོ། །འདིར་ཡང་ཡི་གེ་ཞེས་བྱ་བ་ཡིན་པ་ལས་ཐིག་ལེ་ཞེས་བྱ ་པས་དེ་སྦས་པ་ཡིན་ནོ། །དེ་ལྟ་བས་ན་དབྱངས་དང་ཡང་དག་པར་ལྡན་པར་ཡི་གེ་རྣམས་ཀྱིས་ཆོས་ཀྱི་རིགས་སུ་གཏོགས་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི་ཚིགས་སུ་བཅད་པ་རྣམས་ཆོས་ཀྱི་གླུར་བླང་ནས་བརྗོད་པས་སངས་རྒྱས་རྣམས་མཆོད་ནས་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན ་འདས་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་རྡོ་རྗེ་སྙིང་པོར་མཉམ་བཞག་ལ་ཞེས་བྱ་བ་ལ་རྡོ་རྗེ་སྙིང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་ལས་ཀྱིས ་ཕྱག་རྒྱ་ཡིན་ཏེ་དེ་ཡང་བསྟན་ཟིན་ཏོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་ལྟ?་ཟུར་དུ་ལག་པ་འཇོག་པའི་ཚུལ་དུ་དཀུར་བཞག་ཅིང་རྡོ་རྗེ་ཁ་ཚུར་གཡས་པ་ལྟེ་པའི་ཐད་ཀར་བཀན་སྟེ་བཞག་ལ་རྡོ་རྗེ་བསྒྲེངས་ནས ་འཛིན་པའི་ཚུལ་དུ་བྱས་ཏེ། རྡོ་རྗེ་སྙེམས་པ་དེ་དེང་མཉམ་པར་བཞག་ཅིང་བཅིང་བར་བྱའོ། །ཁམས་པ་གཡོས་པས་བཏུད་ནས་ནི་ཞེས་བྱ་བ་ལ་བཏུད་པ་ནི་ཕྱག་བྱེད་པ་སྟེ། སུ་ལ་ཞེས་ན་སངས་རྒྱས་ལའོ། །ཇི་ལྟ་ཞེ་ན། བསམ་པ་གཡོས་པས་ཞེས་བྱ་བ་སྟེ། བསམ་པ་གཡོ་བ་ནི་ལུས་གཡོ་བའི་ཁྱད་པར ་སྟེ་རབ་ཏུ་དགའ་བས་འདར་བ་གང་ཡིན་པ་ལ་བསམ་པ་གཡོས་པ་ཞེས་བྱའོ། །དེ་ལྟར་ན་བསམ་པ་གཡོས་པ་དེ་དང་བཅས་པར་མགོ་གཡོན་ཕྱོགས་སུ་འདུད་པ་ལ་བསམ་པ་གཡོས་པས་བཏུད་ན་ནི་ཞེས་བྱའོ། །དེ་ལྟར་ཕྱག་འཚལ་བ་ལ་རྟག་ཏུ་བརྩོན་པར་བྱས་ན་ཅིའི་འགྱུར་ཞེ་ན། དབང་བསྐུར་བ་ནི ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེའི་དབང་བསྐུར་བ་རིན་པོ་ཆེས་གསུངས་སོ་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་ཉིད་རིན་པོ་ཆེ་དབང་བསྐུར་བའོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་ནི་འདའ་བར་མི་བྱེད་པའི་ཆོས་སོ། །དེ་ཉིད་ནི་གསང་བ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་གསུངས་པའོ། །དེ་ལས་ཀྱང་དང་པོར་འདོད་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ལས་ཀྱི་དམ་ཚིག་གི་གསང་བའི ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ལ་སོགས་པ་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས་ཞེས་བྱ་བ་ནི་འདོད་པ་ནི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་ལ་སོགས་པའོ། །དེ་དང་པོར་བྱས་ནས་ཡིད་ཀྱིས་བརྟགས་པ་ཐམས་ཅད་ཀྱང་དེའི་ཡུལ་ཡིན་པའི་ཕྱིར་འདོད་ལ་སོགས་པ ་ཞེས་བྱའོ། །དེ་ནི་བདེ་བའི་རྒྱུ་ཡིན་པས་ན་བདེ་བའོ། །རྟག་ཏུ་ཞེས་བྱ་བ་ནི་གཏན་ཏུའོ། །སྙིང་ལ་གནས་ཞེས་བྱ་བ་ནི་དེའི་དབང་གིས་འཇུག་པ་དང་ལྡོག་པར་སེམས་ལ་སྣང་སྟེ་འཇུག་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྟོན་པ་དང། བག་ཡོད་པར་སྤྱོད་པའི་སེམས་ཅན་རྣམས་ཀྱི་དོན ་བྱ་བའི་ཕྱིར་འཇུག་པའོ། །ལྡོག་པ་ནི་སེམས་ཅན་བག་མེད་པར་སྤྱེད་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་སྲེག་པའི་བསྐལ་པ་ལ་སོགས་པ་སྟོན་པའི་དུས་ལྟ་བུའོ། །དེ་ལྟར་ན་འདོད་ལ་སོགས་པའི་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི ་གནས་སྐབས་སུ་འདི་སྐད་གསུངས་པ་ཡིན་ནོ། །གདུལ་བྱ་ཁ་ཅིག་གི་ཕྱིར་ནི་འདོད་ཆགས་དང་བྲལ་བར་ཡང་སྟོན་ཏོ་ཞེས་བཤད་པ་ནི་ཨེ་མའོ་སེམས་ཅན་དོན་རྣམས་ལ། སྐྱེ་བར་གྱུར་པར་གང་བཤད་རྨད་ཅེས་བྱ་བ་ཡིན་ཏེ། དེ་ལྟ་བུ་འདི་ནི་སངས་རྒྱས་ཀྱི་ལས་ཀྱི་དམ་ཚིག་ཡིན།། ་དེ་ཡང་གདུལ་བྱ་ཁ་ཅིག་ལ་ནི་འདོད་པ་ཡོངས་སུ་དག་པར་སྟོན་པར་མཛད་ལ། ཁ་ཅིག་ལ་ནི་ཞུམ་པར་སྟོན་པར་མཛད། །ཁ་ཅིག་ལ་ནི་འདོད་ཆགས་དང་བྲལ་བར་སྟོན་པར་མཛད་དེ་ལས་འདི་དག་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་བསྒོམ་ཞིང། ལས་འདི་དག་ཉིད་ཀྱི་སངས་རྒྱས་རྣམས་ལ ་མཆོད་ན་རྣལ་འབྱོར་བ་དེ་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །དེ་ནི་རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ལ་བདེ ་སྦྱིན་པའི་ཞེས་བྱ་བ་འདིའི་དམ་ཚིག་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་དེ་པ་ལ་འགོད་པར་བྱེད་པ་ཡིན་པས་ན་དེའི་ཕྱིར་སེམས་ཅན་ཀུན་ལ་བདེ་སྦྱིན་པ་ཞེས་བྱ་བ་འདིས་ནི་དམ་ཚིག་སྟོན་པ་ཡིན་ནོ། །ཀུན་བཟང་འདོད་པ་བདག་ཡིན་ཏེ་ཞེས་བྱ་བ་ལ་ཐམས ་ཅད་དུ་བཟང་བས་ན་ཀུན་ཏུ་བཟང་པོའོ། །འདོད་པ་བདག་ཡིན་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏེ། །རྣལ་འབྱོར་པས་དོ་འདི་བསྒོམ་པར་བྱའོ། །ཅི་ལ་གནས་ཏེ་ཞེ་ན། རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་གནས་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ལ་གནས་ནས་འདི་ལྟར་བསྒོམ་པར་བྱའོ། །ཏིང་ངེ ་འཛིན་དེ་ལ་གནས་ནས་དེ་ལྟར་བསྒོམས་ཏེ་སངས་རྒྱས་ལ་མཆོད་ན་རྣལ་འབྱོར་པ་དེ་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་འདོད་པས་གསུངས་སོ་ཞེས་བྱ་བ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ནི་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས ་པས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ལ་ཕན་བྱེད་པའི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མི་དགེ་བ་ལས་ཟློག་ཅིང་དགེ་བ་ལས་འཇོག་པ་ནི་ཕན་པར་བྱེད་པའོ། །ཀུན་བཟང་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཏེ་འདི་ཉིད་ཁྲོ་བོའི་ཏིང་ངེ་འཛིན ་ལ་གནས་པས་ཁྲོ་བོ་བདག་ཡིན་ཏེ་ཞེས་གསུངས་སོ། །ཇི་ལྟར་འདི་སེམས་ཅན་མ་རུངས་པ་རྣམས་ལ་ཚར་གཅོད་པར་བྱེད་པ་ཡིན་ཞེ་ན། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱི་ཞེས་བྱ་བ་གསུངས་ཏེ་དེའི་ཚིག་ནི་མ་རུངས་པ་རྣམས་ཚར་གཅོད་པར་བྱེད་པ་ཡིན་པས་མ་རུངས་པ་ལ་ཆད་པས་གཅོད་པ་ཉིད་སངས་རྒྱས་ཀྱི་མཆོད ་པ་ཡིན་ནོ། །དེ་ལྟ་བས་ན་མཆོད་ན་དངོས་གྲུབ་འཐོབ་པར་འགྱུར་ཞེས་གསུངས་སོ། །སུ་ཞིག་གིས་ནི་དེ་སྐད་གསུངས་ཞེ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ་ཞེས་པའོ། །བ་ནི་བདེ་བཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟེ། ་ཏེ། བདེ་བ་ཐམས་ཅད་རབ་སྦྱིན་པའི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་ལ་བདེ་བ་ཐམས་ཅད་སྦྱིན་པ་དེ་ཉིད་འདིའི་དམ་ཚིག་ཡིན་ནོ། །ཀུན་བཟང་འདོད་པ་བདག་ཡིན་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཉིད་སེམས་ཅན་རྣམས་གདུལ་བའི་ཕྱིར་པདྨའི་འདོད་ཆགས་ཀྱི་འཇིག་རྟེན་དབང ་ཕྱུག་གི་གཟུགས་སུ་བཞུད་པས་ན་འདོད་པ་བདག་ཡིན་ཏེ་ཞེས་གསུངས་སོ། །གང་ལ་གནས་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པར་མཛད་ཅེ་ན། བདག་ཉིད་འགྲོ་འདུལ་སྐུར་གནས་ལ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་འདུལ་བའི་ཏིང་ངེ་འཛིན་ལ་གནས་ནས་ཞེས་བྱ་བའི་?་དུ་གསུངས་པ་ཡིན་ནོ། །དེ་ལྟར་ན་མཆོད་ན ་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པ་འདི་ཉིད་ཀྱིས་སངས་རྒྱས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆགས་པས་པས་གསུངས་སོ་ཞེས་པའོ། །ད་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དམ་ཚིག ་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་སེམས་ཅན་ཀུན་ལ་དོན་ཆེན་སྦྱིན་ཞེས་བྱ་བ་ནི་འདི་ཉིད་ཀྱི་དམ་ཚིག་གོ། ཀུན་བཟང་རྒྱལ་པོ་བདག་ཡིན་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཉིད་སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་ནམ་མཁའ་ཨི་སྙིང་པོའི་རྒྱལ་པོ་ཆེན་པོའི་སྐུར་བཞུགས་པས ་ན་རྒྱལ་པོ་བདག་ཡིན་ཏེ་ཞེས་གསུངས་པ་ཡིན་ནོ། །སུའི་གཟུགས་གྱིས་གནས་ཏེ་ཞེ་ན་དོན་ཀུན་གྲུབ་པའི་གཟུགས་ཀྱིས་ནི་ཞེས་བྱ་བ་གསུངས་ཏེ། དོན་ཐམས་ཅད་གྲུབ་པའི་གཟུགས་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་ནི་ཆེན་པོ་བྱིན་པས་མཆོད་ན་དངོས་གྲུབ་པར་འཐོབ་པར་འགྱུར ་ཞེས་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པས་གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ནི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ཀྱི་དཀྱིལ ་འཁོར་དུ་ཆོས་ཉིད་རང་བཞིན་གྱིས་དག་པར་རིག་པ་ལ་མི་བལྟོས་པ་གང་ཡིན་པ་དེ་ལ་ནི་ཆོས་ཉིད་ཅེས་བྱ་སྟེ་དེའི་དངོས་གྲུབ་དམ་པའི་ལས་ལ་ནི་ཆོས་ཀྱི་དམ་པའི་དངོས་གྲུབ་ཅེས་བྱ་བ་དེ་སྟོན་པའི་གཞུང་ཡིན་པས་ན་ལས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོར་རང ་གི་ཞེས་བྱ་བ་ལ་སོཌ་པས་དེ་བཞིན་གཤེགས་པའི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རང་གི་ཏིང་ངེ་འཛིན་པ་ཡིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་གནས་ཏེའོ། །གཡས་པའི་མཛུབ་མོ་བཏུད་ནས་ནི་ཞེས་བྱ་བ་ནི་ལག་པ་གཡས་པའི་མཛུབ་མོ་མདུན་གྱི་ཐད་ཀར་བསྒྲེང་པའོ། །གོ་ཆར ་བཅིངས་ཏེ་སྦྱི་བོར་བཞག་ཅེས་བྱ་བ་ནི་མཛུབ་མོ་ངེས་ལུས་ཐམས་ཅད་ལ་གོ་ཆ་བཅིངས་པའི་ཚུལ་དུ་གོ་བསྐོན་ཏེ། དེའི་འོག་ཏུ་མཛུབ་མོ་དེ་སྤྱི་བོའི་གནས་སུ་བཞག་ཅིང་བཅིངས་ནས་བདག་གམ་ཕ་རོལ་ཡང་རུང་ཡིད་ཀྱིས་གོ་བསྐོན་པར་བསམས་ན་ཤིན་ཏུ་ཡང་བསྲུངས་པར ་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་རྩིག་པ་ལ་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྩིག་པ་ལ་ནི་ལྡན་འདྲ་བ་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་མི་འམ་གནོད ་སྦྱིན་མོ་ཆུང་མར་བསྒྲུབ་ན་དེའི་སྦྱོར་བ་ནི་འདི་ཡིན་ཏེ། འདི་ནི་རབ་ཏུ་བྱུང་བ་སྙོམས་པར་འཇུག་པ་ལ་གནས་པའི་མན་ངག་ནི་མ་ཡིན་གྱི། གང་སྡོམ་པའི་བྱ་བ་གཞན་དག་གིས་བཀག་པ་མེད་པ་དེ་དག་གི་དབང་དུ་བྱ་བའི་མན་ངག་ཡིན་ནོ། །དེ་ལ་སེམས་དཔའ་གང་ཡང་རུང་བའི ་རྣལ་འབྱོར་ལ་གནས་ཏེ་རྩིག་པའམ། ཤིང་ལེབ?་གང་ཡང་རུང་བ་ལ་དེའི་ཆ་བྱད་གཅེར་བུ་འདུག་པའི་གཟུགས་ཀྱི་མཚན་མ་ཐིས་པ་འམ་བྱས་པ་བུར་མེད་དམ། གནོད་སྦྱིན་མོ་དེའི་མིང་བྲི་ཞིང་གང་དབང་དུ་བྱ་བར་འདོད་པ་དེ་རྩིག་པ་ལ་སོགས་པ་དེར་དགུག་པ་དང ་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ནས་མཚན་བཏག་པས་དེ་སྤྲད་ཅིང་དབང་དུ་བྱ་བར་བསམས་ལ་སྙིང་པོ་ཡང་བརྗོད་ན་དེ་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཏེ། ཆོས་ཀྱི་རིགས་པ་དེ་ཡིན་པས་ན་གདོན་མི་ཟ?་བར་འགྱུར་རོ། །ད་ནི་ས་ལ་ཞེས་བྱ་བ་ལ་སོགས་པས་རྡོ ་རྗེའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གང་ཞིག་འགུགས་པའི་སྦྱོར་བ་བྱེད་པར་འདོད་པ་དེའི་མན་ངག་?་འདི་ཡིན་ཏེ། ས་ལ་གནོད་སྦྱིན་གདོད་བྲིས་ལ་ཞེས་བྱ་བ་ནི་འཇིགས་སུ་རུང་བའི་ཆ་ཆེ་པ་གཙིགས་པ་ཁྲོ་གཉེར་བསྡུས་པའི་གནོད་སྦྱིན་གྱི་གདོང་བྲིའོ། །དེའི་མིག་གི་ཕྱོགས་སུ ་ནི་མཛུབ་མོའི་སེན་མོ་བཙུགས་ན་ཡང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་འཛིན་ཏར?། ཁྲོ་བོ་གཞན་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་མཛུབ་མོ་གཡོན་པ་ལྕགས་ཀྱུའི་ཡུ་བའི་ཚུལ་དུ་བསྒྲེངས་ཏེ ་བཞག་ལ། གཡས་པ་དེའི་སྟེང་དུ་ལྕགས་ཀྱུའི་ཚུལ་དུ་བཀུག་པའི་མཛུབ་མོ་གཡས་པའི་རྩེ་མོས་གནོད་སྦྱིན་དེའི་མིག་གི་ཕྱོགས་སུ་གཟུགས་པར་བྱའོ། །དེ་ཡང་མིག་གཡས་པའམ་གཡོན་པ་གང་གི་གནས་སུ་ཞེས་གསལ་བར་མ་སྨོས་པས་ན་མིག་གི་འབྲས་བུ་འམ་གཞན་གང་ཡང་རུང་བར ་བཙུགས་ལ་ཀྱེ་ཆེ་གེ་མོ་ཞིག་མྱུར་དུ་ཁུག་ཅིག་ཅེས་སྙིང་པོ་དང་ལྷན་ཅིག་བསྐུལ་པའི་ཚིག་བརྗོད་པར་བྱའོ། །དེ་ནས་སྦྱོར་བ་འདིས་བུད་མེད་མཆོག་འདྲེན་པར་འགྱུར་རོ། །དེ་ཡང་ཟླ་བ་ཅིག་གམ་ཟླ་བ་བཞིར་གནས་གཅིག་ཏུ་འདུག་པ་ལ་སྔོན་དུ་བསྙེན་པ་བྱ་ཞིང་བདུག་པ་ལ་སོགས་པས ་མཆོད་པ་བྱས་པ་བསྒྲུབ་པའི་ཚེ་སྒྲུབ་པའི་དཀྱིལ་འཁོར་བྲིས་ལ་མཆོདཔ་ཅི་ནུས་སུ་བྱས་ཏེ་གསང་བའི་མཆོད་པ་བཅུ་དྲུག་གིས་ཀྱང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཆོད་ལ་གནོད་སྦྱིན་ལ་ཡང་གཏོར་མ་བྱིན་ནས་དཀྱིལ་འཁོར་དེའི་ཕྱག་རྒྱ་མེད་པའི་ས་སྟོང་གང་ན་ཡོད་པར་གནོད ་སྦྱིན་གྱི་གདོང་བྲིས་ལ་སྦྱོར་འདི་དག་བྱའོ། །ད་ནི་ལག་པ་གཉིས་སུ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ལག་པ་གཉིས་སུ་པདྨ་བླངས་ཞེས་བྱ་བ་ནི་བསམ་པའམ་ཐོགས་ལ་ལག་པ་གཡོན་པས་པདྨའི་སྡོང་བུ་གཟུང་བར ་བསམ་ཞིང་གཡས་པས་འདབ་མ་འབྱེད་པའི་ཚུལ་དུ་བྱའོ། །དེ་ལྟར་ལག་པ་གཉིས་ཀྱིས་པདྨ་ཐོགས་ལ་འདོད་ཆགས་དག་པར་བྱེད་ཅིང?་ཞེས་བྱ་བ་ནི། ཇི་ལྟར་པདྨ་དམར་པོ་འདི་མཚོན་གྱི་ཉེས་པས་མི་གོས་སོ་ཞེས་བྱ་བ་ལ་སོགས་པས་སོ། །ཇི་ལྟར་བལྟས་པས་ཤེ་ན་རྡོ་རྗེ་ལྟ་བས ་བུད་མེད་དེ། བལྟས་ན་ཡང་ནི་དགའ་བར་འགྱུར་ཞེས་བྱ་བ་སྟེ་བུད་མེད་ནི་ཕྱག་རྒྱ་རྣམས་ཏེ། བསྒྲུབ་པའི་དུས་ན་མཉེས་པར་བྱས་པས་གང་དོན་དུ་འགྱུར་པའོ། །དེ་ཞེས་བྱ་བ་ནི་པདམོའི་རིགས་ཟློས་པའི་རྣལ་འབྱོར་པའོ། །དགའ་བར་འགྱུར་ཞེས་བྱ་བ་ནི་མདུན་དུ་འདུག་ཅེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་ཞེས་བྱ་བ ་ལ་སོགས་པས་ནོར་བུའི་རིགས་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་ངེ་འཛིན་གནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་པ་ལ་གནས་པའོ། །ལག་པ་གཉིས་ཀྱིས་ནོར་བུ་བཟུང་ཞེས་བྱ་བ་ནི་རྡོ་རྗེ་མྱུ་གུའི་ཕྱག་རྒྱ་བཅིངས་པའོ།། ་རིན་ཆེན་ཧཱུཾ་གི་ཚུལ་གྱིས་ནི་ཞེས་བྱ་བ་རྡོ་རྗེ་རིན་ཆེན་གྱི་ཏིང་ངེ་འཛིན་ལ་གནས་ཏེ་ཧཱུཾ་ཞེས་བྱ་བར་སྦྱོར་བས་ན་རིན་ཆེན་ཧཱུཾ་ཞེས་གསུངས་ཏེ། དེའི་ཚུལ་ནི་དེའི་རྣལ་འབྱོར་རོ། །རྣལ་འབྱོར་ངེས་ཅི་ཞིག་བྱ་ཞེ་ན། བུད་མེད་ཀུན་ལ་བདུད་བྱེད་དོ་ཞེས་གསུངས་ཏེ་ཕྱག་རྒྱ་ཐམས་ཅད་རང་གི་དབང ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དམ་ཚིག་གི་ཕྱག་རྒྱ་བཅིངས་པའི་དབང་གིས་བུད་མེད་ཅིག་ཤོས་ཀྱང་བདག་གི་དབང་དུ་འགྱུར་བ་ལ་བྱའོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིར་གཏོགས་པའི་རིགས་དང་རྗེས་སུ་མཐུན་པའི་མཆོད་པའི་ལས་དེའི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོར་མཆོད་པའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེག ་བའི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཆོད་པའི་ལས་ཀྱི་ཆོ་ག་སྦྱར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཟློས་པའི་རྣལ་འབྱོར་པས་འདུག་པ་ལ་སོགས་པའི་ལས་ཀྱི་ཆོག་བྱས་ནས་སོ། །གང་དང་གང་གིས་དོགས་བསམ་ལ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ་སོགས་པའམ། ་དགུག་པ་དང་དབང་དུ་བྱ་བ་ལ་སོགས་པ་བྱེད་པར་འདོད་ན་དགོས་པ་དེ་དང་དེ་མཁས་པས་བསྒྲུབ་པར་བྱའོ། །ཇི་ལྟར་ན་ཕྱག་རྒྱལ་གསོལ་བ་བཏབ་སྟེ་བྱ་བའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ་ངེས་པར་གསོལ་བ་གདབ་དགོས་ཀྱི་གསོལ་བ་མི་གདབ་བར་མི་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ། རྒྱུད་འདི་ཐམས་ཅད་དུ་རྣལ ་འབྱོར་པ་དགོས་པ་གང་ཅུང་ཟད་ཡན་ཆད་ཅི་བྱེད་པར་འདོད་ཀྱང་དེས་དང་པོར་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་རྒྱ་བཞི་རྣལ་འབྱོར་ལ་གནས་པར་བྱའོ། །དེར་གནས་ནས་ཀྱང་གང་དེར་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་གང་ཡིན་པ ་དེ་དག་གི་ཕྱག་རྒྱ་དེ་རྣམས་ལ་རིགས་དང་རྗེས་སུ་མཐུན་པའི་མཆོད་པ་བྱས་ནས་ཕྱག་རྒྱ་དེ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་ཡུམ་བསྟན་པ་བསྲུངས་བ་དང་།མ་དད་པ་རྣམས་དད་པར་བགྱི་བ་དང། དད་པ་རྣམས་བརྟན་པར་བགྱི་པའི་སླད་དུ་ཁྱོད་ཀྱིས་བདག་ལ་ཐུགས་དཔགས? ་མཛད་དུ་གསོལ། །སངས་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་བདེན་པ་དང། དགེ་འདུན་གྱི་བདེན་པ་དང། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པ་དང། བདག་གིས་ཇི་སྲིད་འཚེའི་བར་དུ་ཡོན་ཏན་གང་ལེགས་པར་སྲུངས་ཤིང་ཉམས་སུ་བླངས་པ་དང། ཆོས་ཡོངས་སུ་བསྐྱང་བའི་བདེན་པ་གང་ཡིན་པ་དེས་བདག་གིས ་དགོས་པ་འདི་གྲུབ་པར་མཛོད་ཅིག་ཅེས་ཕྱག་རྒྱ་རྣམས་ལ་གསོལ་བ་བཏབ་ནས་གདོད་དགོས་པ་དེ་བརྩམས་པར་བྱའོ། །ད་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ལ་རྡོ་རྗེ་སེམས ་དཔའ་ཨི་ཏིང་ངེ་འཛིན་གྱིས་གསང་བའི་མཆོད་པ་རྣམ་པ་བཞི་པོ་དེ་དག་གི་སྦྱོར་བ་བྱས་ནས་དགོས་པ་དེ་དག་ཕྱག་རྒྱ་རྣམས་ལ་སྔ་མ་བཞིན་དུ་གསོལ་པ་བཏབ་ན་མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་ཁྲོ་བོའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི ་ལས་ཀྱི་དགོངས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། །ཁྲོ་བོའི་ཏིང་ངེ་འཛིན་ཞུགས་ནས་ཀྱང་ཞེས་བྱ་བ་ནི་ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་སོ། །རིགས་ཀྱི་གསང་བའི་མཆོད་ཆེན་བྱས་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུ་རྟོགས་པའི་མཆོད་པ་བཅུ་དྲུག་བྱས་ནས་སོ། །མཁས་པས་ཅུང་ཟད ་གང་བསམ་པ་ཞེས་བྱ་བ་ནི་ཅུང་ཟད་ཡན་ཆད་ཀྱི་དགོས་པ་གང་རྩོམ་ཡང་རུང་སྟེ་དེ་དག་ཐམས་ཅད་ཕྱག་རྒྱའི་རྣམས་ལ་གསོལ་བ་གདབ་པར་བྱའི་གསོལ་བ་མི་གདབ་པར་ནི་མི་བྱའོ། །ད་ནི་མྱུར་དུ་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི ་འཇིག་རྟེན་དབང་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །ཡིད་ཀྱི་མཆོད་པ་བྱས་ནས་ཀྱང་ཞེས་བྱ་བ་ནི་གོས་དང་རྒྱུན་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ཡིད་ཀྱི་མཆོད་པ་བྱས་ལ་ཕྱག་རྒྱ་རྣམ ་པ་བཞི་དེ་ལྟར་མཆོད་དེ། ཇི་སྐད་གསུངས་བའི་ཚུལ་གྱིས་གསོལ་བ་བཏབ་ན་མཁས་པས་དགོས་པ་གང་བསམས་པ་ཐམས་ཅད་ཀྱི་དངོས་གྲུབ་འཐོབ་བོ་ཞེས་བཅོམ་ལྡན་འདས་པདྨའི་འཛིན་པས་གསུངས་སོ་ཞེས་བྱ་བ་སྟེ་འཇིག་རྟེན་དབང་ཕྱུག་གིས་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་སྙིང་པོ་ཞེས ་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སྙིང་པོའི་ཏིང་འཛིན་གནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་རྣལ་འབྱོར་དུ་བྱས་ལ་ཞེས་བྱ་བའི་དོན་ཏོ། །བདུག་པ་ལ་སོགས་མཆོད་བྱས་ལ་ཞེས་བྱ་བའི་སོགས་པ་ཞེས་བྱ་བའི་སྒྲས་ནི ་མེ་ཏོག་དང། མར་མེ་དང། དྲི་དང། གདུགས་དང། རྒྱལ་མཚན་དང། འཕན་ལ་སོགས་པ་དང། རིན་པོ་ཆེའི་མཆོད་པ་རྣམ་པ་སྣ་ཚོགས་བསྡུའོ། །ཕྱག་རྒྱ་རྣམས་ལ་དེ་ལྟར་མཆོད་ཅིང་ཇི་སྐད་གསུངས་པའི་ཚུལ་གྱི་གསོལ་བ་བཏབ་ནས་མཁས་པས་དགོངས་པ་གང་བསམ་པ། དེ་ཀུན ་སྐད་ཅིག་ཉིད་ཀྱིས་འགྲུབ་ཅེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ནི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བསྒོམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཕྱག་རྒྱ ་གང་ཡིན་པ་དེའི་ཡང་དག་པར་བསྒོམ་པ་དང། དེའི་དངོས་གྲུབ་ཀྱི་རྒྱུད་གང་གིས་སྟོན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བསྒོམ་པའི་དངོས་གྲུབ་ཀྱི་སྟེ་དེ་གསུངས་པའོ། །དེ་ལས་ཀྱང་ཐོག་མར་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་བྱིན་གྱིས ་བརླབས་པའི་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཞེས་སྨོས་པ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབ་པར་སྟོན་ཏོ། །སངས་རྒྱས་རྣལ་འབྱོར་ཏིང་འཛིན་གྱིས་ཞེས་བྱ་བ་ནི་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྐྱེད་པ་གང་ཡིན་པ་དེ་ལ་དམིགས་པའི་སེམས་རྩེ་གཅིག་ཏུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་སྔར་གོམས་པས་སེམས་བརྟན་པར་བྱས་ནས་སོ། །སངས་རྒྱས་ཕྱག་རྒྱ་རབ་གྲུབ་པའི། །དངོས་གྲུབ་དམ་པ ་ཐོབ་པར་འགྱུར་ཞེས་བྱ་བ་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་གསུངས་སོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་གཟུགས་སུ་བཞུགས་པའི་དེ་བཞིན་གཤེགས་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་གསུངས་སོ། །ད་ནི་ཀུན་གྱི་ཞེས ་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་བྱིན་གྱིས་བརླབ་པའི་རྣལ་འབྱོར་ནི་སེམས་དཔའ་བཅུ་དྲུག་གི་རང་བཞིན་གྱི་རང་གི་ལྷའི་རྣལ་འབྱོར་དུ ་བྱེད་པ་སྟེ་དེ་སྟོན་པའི་རྒྱུད་གསུངས་པའོ། །སེམས་དཔའ་ཞེས་གྲག་ཀུན་བདག་ཉིད་ཅེས་བྱ་བ་ལ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་ཡང་གང་གི་ཕྱིར་སྒོམ་པ་པོ་དེས་མངོན་སུམ་མ་མཐོང་བའི་ཕྱིར་གྲག་ཅེས་བྱ་བའི་སྒྲ་སྨོས་ཏེ་གྲག་པ་ནི་མངོན་སུམ་དུ་མ་ཡིན་ནོ་ཞེས་སྟོན་ཏོ། །ཀུན ་བདག་ཉིད་ཅེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཡིན་པར་རྒྱུད་ཕྱི་མ་ལས་ཚིག་རེང་ཐམས་ཅད་བདག་ཡིན་པར་ཞེས་དང་པོ་ཉིད་དུ་བསྟན་པའོ། །བདག་གི་ལུས་ལ་གནས་དང་སྟེ་ཞེས་བྱ་བ་ནི་སྒོམ་པ་པོས་སེམས་དཔའ་འདི་དག་ཐམས་ཅད་ནི་ངའི་བདག་ཉིད་དུ ་གནས་སོ་ཞེས་ལྷག་པར་མོས་ཤིང། དེ?་ཉིད་སེམས་དཔའ་རྣམ་ཡིན་ནོ་ཞེས་ང་རྒྱལ་གྱིས་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས ་ཀྱི་རྡོ་རྗེའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཞེས་སྨོས་པ་ནི་རྡོ་རྗེའི་ཕྱག་རྒྱ་བཟུང་ངོ། །དེའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་པས་ན་རྡོ་རྗེའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཏེ། དེ་སྟོན་པར་བྱེད་པའི་རྒྱུད་ཡིན་པས་ན་རྡོ་རྗེའི་བྱིན་གྱིས་བརླབ་པའི་རྣལ་འབྱོར ་གྱི་རྒྱུད་དོ། །ཇི་ལྟ་ཞེ་ན། སེམས་དཔའ་ཇི་བཞིན་རྒྱ་དེ་བཞིན་ཞེས་བྱ་བ་གསུངས་ཏེ། སེམས་དཔའ་ལས་ཕྱག་རྒྱ་ཐ་མི་དད་དེ། ཕྱག་རྒྱ་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ་སེམས་དབང་གྱུར་པ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ཇི་བཞིན་བདག་དེ་བཞིན་ཞེས་བྱ་བ་ནི་ཕྱག་རྒྱ་ལས་ཐ་མི་དད་དེ། ཕྱག ་རྒྱ་དོའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་པས་ན་ཕྱག་རྒྱ་ཇི་བཞིན་བདག་དེ་བཞིན་ཞེས་གསུངས་པ་ཡིན་ནོ། །བསྒོམ་པ་འདི་ཡི་ཚུལ་གྱིས་ནི་ཞེས་བྱ་བ་ཨནི་སེམས་དཔའ་ཨི་ཕྱག་རྒྱ་དང་བདག་ཐ་མི་དད་པར་བསྒོམ་པའི་སྦྱོར་བས་ཕྱག་རྒྱ་དེ་དག་ཐམས་ཅད་སྦགྲུབ་པར་བྱའོ་ཞེས་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཆོས་ཀྱི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་སྟོན་ཏོ། །པདྨའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པའི་སྦྱོར་བ་དེ་སྟོན་པའི་གཞུང་སྟོན་པའོ། །ཆོས ་ཀྱི་ཕྱག་རྒྱའི་ཚུལ་གྱིས་ན། །རྡོ་རྗེ་ཕྲ་མོ་བསྒོམས་བྱས་ལ་ཞེས་བྱ་བ་ལ་ཆོས་ཀྱི་ཕྱག་རྒྱ་ནི་ཆོས་ཀྱི་ངོ་བོ་ཉིད?་ཡི་གེའི་ངོ་བོ་ཉིད་དུ་རྒྱུད་ལས་བསྟན་པའོ། །དེ་ཐམས་ཅད་ནི་རྡོ་རྗེ་ཕྲ་མོ་བསྒོམ་བྱས་ལ་ཞེས་བྱ་བ་སྟེ། དངོས ་གྲུབ་འདོད་ལས་ཆོས་ཀྱི་ཕྱག་རྒྱ་གདོན་པའི་དུས་སུ་ལྕེ་ལ་རྡོ་རྗེ་ཕྲ་མོ་དཀར་པོ་བསམས་ལ་ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལྟར་ན་ཆོས་ཀྱི་ཕྱག་རྒྱའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་བསྒོམས་པ་ཡིན་ནོ། །དག་གི་ཕྱག་རྒྱ་དེ་དག་ཀུན། །སེམས་དཔའ་ ་ཆེན་པོའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་ངག་གི་ཕྱག་རྒྱ་ནི་སྙིང་པོ་ལ་སོགས་པ་རྣམས་ཏིང་ངེ་དག་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱིས་བསྒོམས་པར་བྱའོ་ཞེས་པའོ། །ཇི་སྐད་སྟོན་ཏེ། སེམས་དཔའ་གང་དག་གང་གིས་སྙིང་པོའི་སྔགས་བརྗོད་པ་ན་དེ་ཉིད་བདག་ཡིན་ནོ་ཞེས ་བདག་ཉིད་ལ་བསྒྲོན་སྟེ་བརྗོད་པར་བྱའོ་ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་ཏུ་སྤྱན་གྱིས་གསུངས་སོ། །ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ལས་ཀྱི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་སྟོན་ཏེ། ནོར་བུའི་རིགས་གྱི་ལས་རྣམས་བྱིན་གྱིས་བརླབ་པའི་སྦྱོར་བ་ཡིན་པས་ན་ནོར་བུའི ་རིགས་ཀྱི་ལས་ཀྱི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུ་དེ་དེ་སྟོན་པར་བྱེད་པ་གསུངས་སོ། །སངས་རྒྱས་ཀུན་ལ་དབང་བསྐུར་དང། །མཆེད་པ་དམ་ཚིག་དངོས་གྲུབ་རྣམས་ཞེས་བྱ་བ་ལ་སངས་རྒྱས་ཀུན་ལ་དབང་བསྐུར་བའི་མཆོད་པ་ནི་མཆོད་པ་རྣམ་པ་མང་པོའོ། །དམ་ཚིག་ནི་སློང་བ་ཐམས་ཅད་ལ་བྱའོ། །དངོས ་གྲུབ་རྣམས་ནི་འདི་དག་གྲུབ་ཅིང་རྫོགས་པར་གྱུར་པའོ། །དེ་ལྟ་བུ་ནི་བཅོམ་ལྡན་འདས་ཞེས་བསྒོམས་ནས་ཀྱང། རྡོ་རྗེའི་ལས་རྣམ་བསྒྲུབ་པར་བྱ་ཞེས་བྱ་བ་སྟེ་གང་གི་ཕྱིར་ལས་ཐམས་ཅད་པ་འདི་ནི་ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཡིན་ནོ། །དེ་ལྟ་བས་ན་འདི་ལྟ་བུའི་ལས་ཐམས་ཅད་བསྒྲུབ་པར་བྱ་བ་སྟེང་ཡང་དེ་ལས ་ཐ་མི་དད་དོ་ཞེས་བྱ་བའི་ང་རྒྱལ་བྱས་ལ་སྔགས་པས་བསྒོམས་ནས་དེ་ནས་དེ་ཡང་ལས་ཐམས་ཅད་སྒྲུབ་བོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱིས་གསུངས་སོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྒྱུད་ཕྱི་མ་བསྟན་པས་མཉེས་པར་གྱུར་ཏེ། གཅིག་ཏུ་འདུས་པ ་ནི་འདུ་བ་མཛད་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ལ་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་ཆོས་ཀྱི ་འཁོར་ལོ་བསྐོར་བའི་ངང་ཚུལ་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་ཕྱག་ན་རྡོ་རྗེ་དེ་ལ་སྟེ་འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །ལེགས་སོ་ཞེས་བྱ་བ་འདིའི་བྱིན་ནོ་ཞེས་བྱ་བ་ནི་ལེགས་སོ་ཞེས་བྱ་བ་ནི་ལེག ་འཁོར་ལོ་བསྐོར་བའི་ངང་ཚུལ་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་ཕྱག་ན་རྡོ་རྗེ་དེ་ལ་སྟེ་འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །ལེགས་སོ་ཞེས་བྱ་བ་འདིའི་བྱིན་ནོ་ཞེས་བྱ་བ་ནི་ལེགས་སོ་ཞེས་བྱ་བ་ནི་ལེག ་སོ་ཞེས་སྩལ་བར་གྱུར་པའོ། །དེ་ཡང་ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད་ཅེས་བྱ་བ་ལ་སོགས་པས་འཁོར་ལོས་སྒྱུར་བ་བ་ནིའི་སྒོ་ནས་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ནོ། །རྡོ་རྗེ་ཐེག་པ་བླ་ན་མེད་ཅེས་བྱ་བ་ལ་རྡོ་རྗེ་རྣཾས?་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེའི་ཐེག་པ་སྟེ་སྔགས་སྤྱོད་པའི་ཚུལ་ཞེས་བྱ་བའི ་དོན་ཏོ། །བླ་ན་མེད་ཅེས་བྱ་བ་ནི་རྣལ་འབྱོར་ལ་བརྟེན་པ་ཡིན་བའི་ཕྱིར་རོ། དེ་བཞིན་གཤེགས་པ་ཀུན་གྱིས་གསང་ཞེས་བྱ་བ་ནི་དེ་བཞིན་གཤེགས་ལ་རྣམས་ཀྱི་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་བགྱིའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཀུན་རྒྱལ་ཡིན་པས་ན་དེ་བཞིན་གཤེགས ་པ་ཀུན་བགྱིའོ། །གཞན་གྱིས་མི་ཤེས་པས་ན་གསང་བའོ། །ཐེག་པ་ཆེན་པོ་མངོན་འདུས་པའི་ཞེས་བྱ་བ་ལ་ཐེག་པ་ཆེན་པོ་ནི་ལན་མང་ཞིང་བཤད་ཟིན་ཏོ། །དེ་འདིར་མངོན་པར་འདུས་པ་ཡིན་པས་ན་ཐེག་པ་ཆེན་པོ་མངོན་འདུས་པའོ། །མདོ་འདི་ཡང་ནི་ལེགས་པར་བཤད་ཅེས་བྱ་བ ་ལ་མདོ་ཙམ་དུ་སྟོན་པས་མདོའོ། །མ་ནོར་བར་བཤད་པ་ན་ལེགས་པར་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད ་ནི་བསྒོམ་པའི་སྟོབས་ཀྱིས་ཡོངས་སུ་རྫོགས་པར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ནི་བསྡུ་བ་བྱས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་སྟེ། དེ་ལས་རྟོགས་པ་ཐམས་ཅད་ཀྱི་གསང་བའི་རྒྱུད་ཕྱི་མ་ཞེས་བྱ་བ་ལ་རྟོག་པ ་ཐམས་ཅད་ནི་བཞི་སྟེ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་དང། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང། འགྲོ་བ་འདུལ་བ་དང། དོན་ཐམས་ཅད་གྲུབ་པ་རྣམས་སོ། །རྟོགས་པ་ཐམས་ཅད་ཀྱི་གསང་བ་ཡང་ཡིན་ལ་རྒྱུད་ཕྱི་མ་ཡང་ཡིན་པས་ན་རྟོག་པ་ཐམས་ཅད་ཀྱི་གསང ་བའི་རྒྱུད་ཕྱི་མའོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པ་རྒྱས་པ་སྟེ་?་རྫོགས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྒྱུད་ཕྱི་མའི་འགྲེལ་པ་རྫོགས་སོ།། །།དོན་གང་རྒྱུད་དང་རྒྱུན་ཕྱི་མ་ལས་གསུངས་པ་ལས་མ་གསུངས་པ་རྒྱུད་ཕྱི་མའི ་ཕྱི་མ་ས་མ་གསུངས་པའི་རྒྱུད་ཕྱི་མའི་ཕྱི?་མས་གདུལ་བྱའི་ཁྱད་པར་རྗེས་སུ་འཛིན་པར་འགྱུར་བ་གང་ཡིན་པ་དེ་ནི་དེ་དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས ་རྒྱུད་ཕྱི་མའི་ཕྱི་མ་ལ་འཇུག་པའི་རྒྱུའི་ཚིགས་སུ་བཅད་པ་སྟོན་པ་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ནི་ལྟ་བ་ངན་ཅིང་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ཏེ། ལྟ་བ་ངན་པ་ནི་དམ་ཚིག་ཇི་བཞིན་པར་འདོད་པ་དང། སྤྱོད་པ་རང་དགར་བྱེད་པ་ལ་འཇུག་པ་གང་ཡིན་པ་རྣམས་སོ། །ཆགས་བྲལ ་ནི་གསང་བའི་དོན་བསྒོམ་པ་དང་དངོས་གྲུབ་གསུངས་སུ་ཟིན་ཀྱང་གསང་བའི་དོན་བསྒོམ་པར་ཀུན་རྫོབ་ཏུ་ཡང་མི་འདོད་ཅིང་དེ་ལ་རྒྱབ་ཀྱི་ཕྱོགས་པའོ། །གསང་བ་འདི་ནི་མི་རིགས་ཏེ་ཞེས་བྱ་བ་ནི་གང་འདོད་པའི་འདམ་དུ་ཕྱིར་ཞིང། སེམས་རྩེ་གཅིག་པ་དང་བྲལ་བ་གང་ཡིན་པ་དེ་དག་ལ ་ཡང་བསྒོམ་པའི་འབྲས་བུ་མི་འབྱུང་བས་ན་དེ་ལྟ་བུ་དེ་དག་ལ་གསང་བའི་དོན་འདི་མི་རིགས་སོ་ཞེས་གསུངས་པ་ཡིན་ནོ། །སེམས་ཅན་ཀུན་ལ་ཕན་དོན་ཏུ། དེ་བཞིན་ཆོ་ག་བཤད་པར་བྱ་ཞེས་བྱ་བ་ལ་དེ་བཞིན་ཞེས་བྱ་བ་ལ་དེ་རྣམས་ཀྱི་དོན་དུ ་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་ནི་ཡོ་བྱད་ཀྱི་བྱེ་བྲག་སྟེ་ཕྱིའི་དོན་དང་འབྲེལ་པ་རྣམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་འདི་ཉིད་སྙིང་པོའི་ཡོ་བྱད་དང་ཚོགས་རྒྱས་པའི་རྒྱུད་ཡིན་ཏེ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ལ་ནི་ཚིག་གི ་ཁ་བསྐྲང་པའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །སྙིང་པོ་ཞེས་བྱ་བ་ནི་གང་སྙིང་ལ་ཡོད་པའི་དོན་སྟོན་པ་དེ་ཡི་གེའི་ཚོགས་གང་ཡིན་པ་རྣམས་སོ། །དེ་ཡང་དགོས་པའི་དོན་མང་པོ་ལ་དགོས་པའི་རྐྱེན་དུ་བསྟན་པ་དེའི་ཡོ་བྱད་དང་ཆོ་ག་སྟེ། ཡོ་བྱད་ཅེས་བྱ་བའི་སྒྲས་ནི ་སྙིང་པོ་དང་སྔགས་བཟུང་པའི་བྱ་བའི་བྱེ་བྲག་དང། བསྙེན་པའི་དུས་ན་བྱ་བའི་བྱེ་བྲག་དང་བསྒྲུབ་པའི་དུས་ན་བྱ་བའི་བྱེ་བྲག་གང་ཡིན་པ་དེ་དག་ལ་ཡོ་བྱད་ཀྱི་སྒྲར་གསུངས་སོ། །ཆོ་ག་ནི་དེ་དག་ཉིས་སུ་བླང་བའི་གོ་རིམ་སོ། །རྒྱས་པ་ནི་གོ་རིམ་དེའི་རྒྱ་ཆེ་བ་ཉིད་དོ། །ཡོ་བྱད་དང་ཆོ་ག་རྒྱས་པ་དེ་གང་ཡིན་ཞེ་ན། དེ་ནི་དཀྱིལ ་འཁོར་ཆེན་པོ་མཐོང་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ་དང་པོར་བསྡུས་ནས་བསྟན་པ་ཡིན་ནོ། །བཟླས་པ་བརྩམ་པར་བྱའོ་ཞེས་བྱ་བ་ནི་དེ་ལ་འདི་ནི་བཟླས་པའི་ཆོ་ག་བཤད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་སྟོན་ཏོ། །ཟླ་བ་བཞིར་ཞེས་བྱ་བ་འདིས་ནི་སྔར་བསྙེན ་པའི་དུས་ངེས་པར་སྟོན་ཏོ། །གནས་ཇི་བཞིན་པར་འདུག་སྟེ་ཞེས་བྱ་བ་ནི་གང་དུ་འདུག་པ་དེ་ནི་དེའི་གནས་ཡིན་ཞིང་དེ་ནི་བཟླས་པའི་ཁྱིམ་གྱི་ངེས་པ་སྟེ་གང་དུ་འདུག་པར་གནས་པ་ཇི་ལྟ་བ་བཞིན་དུ་འདུག་པའོ། །དུས་བདེ་པ་ཞེས་བྱ་བ་འདིར་ནི་བཟླས་བརྗོད་ཀྱིས་དུས ་སྟོན་ཏེ། ཐོ་རངས་དང། ཉི་མ་གུང་དང། སྲོད་དང། མཚན་ཕྱེད་དེ་དུས་བཞེའོ། །བདུག་པ་ལ་སོགས་པས་ཆོག་བཞིན་དུ་མཆོད་ནས་ཞེས་བྱ་བ་ནི་ཡོ་བྱད་ཀྱི་ངེས་པ་སྟོན་པ་སྟེ?་དེ་བཞིན་གཤེགས་པ་ཟློས་པ་རྣམས་ཀྱི་ནི་མཆོད་པ་བཞིའོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མཆོད་པ་རྣམ ་པ་བརྒྱད་དོ། །དེ་ལྟར་བདུག་པ་ལ་སོགས་པ་ཕྱག་རྒྱ་དང་ལྡན་པས་མཆོད་པ་བྱས་ལ་དེ་ནས་བསྟོད་པའི་མཆོད་པ་བྱ་སྟེ། བྱང་ཆུབ་སེམས་དཔའ་ཟློས་པ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཏོགས་པའི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པར་གསུངས ་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ་དེ་བཞིན་གཤེགས་བཟློས་པས་ནི་རྒྱུད་ཕྱི་མའི་རྣམ་པར་སྣང་མཛད་ཀྱི་མཚན་བརྒྱ་རྩ་བརྒྱད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་པར་བསྟོད་དོ། །དེའི་འོག་ཏུ་ཡང་ཕྱག་རྒྱ་བཞིས་ཕྱག་འཚལ་བའི་ཚུལ་གྱིས ་ཕྱག་བྱས་ལ་བདག་ཉིད་དབུལ་བའི་མཆོད་པ་སྔགས་འདི་བཞིས་བྱ་བ་སྟེ། འདི་དག་ཐམས་ཅད་ནི་གོ་སླའོ། །དེ་ནས་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་མ་བྲལ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་གཟུགས་ལ་སོགས་པ་ཐམས་ཅད་ལ་སྟེ། འདིས་ནི ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ལ་གནས་པར་སྟོན་པ་ཡིན་ནོ། །དེ་ཡང་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལས་འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ་ཞེས་བྱ་བ་ལ་སོགས ་པའི་དམ་ཚིག་གསུངས་པ་ཡིན་ནོ། །བཟླས?་ཀུན་དང་ཞེས་བྱ་བ་ནི་རིག་པའི་རྟུལ་ཞུགས་ཀྱི་ངེས་པ་མེད་པར་བསྟན་པ་ཡིན་ཏེ། ཀུན་དོང་དང། ན་ལེ་ཤམ་དཀར་པོ་དང། ལ་ཕུག་དང། བྱིལ་བ་དང། ནིམ་པ་དང། བུ་རམ་ལ་སོགས་པ་དགོག་པར་གསུངས ་པ་དེ་ལྟ་བུ་དེ་འདིར་མི་རྒྱའོ། །དེ་ལྟར་དེས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་འདོད་པ་ཀུན་ལ་ཉེ་བར་སྤྱོད་ཅིང་ཞེས་བྱ་བ་གསུངས་ཏེ། ཁྱིམ་པ་ཞིག་ན་ཁྲུས་བྱས་ཏེ་ཅི་འདོད་པའི་གོས་འགོ་བ་དང། ཙན་དན་ལ་སོགས་པས་ལུས་ལ་བྱུག་པ་དང། སྔོས་ཀྱི་དུག་པ་དང། མེ་ཏོག་གི་འཕྲེང་བ་མགོ་བ་གདགས་པ་དང། ་སྤྱན་ཐམས་ཅད་ཀྱིས་བརྒྱན་པ་དང། ཇི་སྙེད་པའི་ཟས་ཟོས་ཏེ། སྟན་རབ་ཏུ་འཛམ་པོ་ལ་འདུག་ནས་བསྒོམ་པའམ་བཟླས་པ་བྱའོ། །རབ་ཏུ་བྱུང་བ་ཞིག་ཡིན་ན་ཡང་ཆོ་གའི་སྤྱོད་པ་དང་མི་འགལ་བའི་གཟུགས་དང། སྒྲ་དང་དྲི་དང། རོ་ལ་སོགས་པས་བདག་ཉིད་ལེགས་པར་མངོན་པར་འདུས་བྱས་ལ་བསྒོམ ་པ་གང་བཟློས་པ་བྱའོ། །དེ་ལྟར་འདོད་པ་ཀུན་ལ་ཉེ་བར་སྤྱོད་པ་བྱས་ནས་བདག་ཉིད་སྙིང་པོའི་དོན་དུ་བསྒོམས་ལ་ཞེས་བྱ་བར་སྦྱར་ཏེ། བདག་ཉིད་བཟླས་པར་བྱ་བའི་སྙིང་པོའི་དོན་གང་ཡིན་པ་དེའི་འོག་ཏུ་བདག་ཉིད་ལྷག་པར་མོས་པས་བསྒོམ་པའོ། །སངས་རྒྱས་ཀྱི་གཟུགས་བརྙན་མདུན་དུ་ཚིག ་ཙམ་གྱིས་ཀྱང་བསྒོམས་ལ་ཞེས་བྱ་བ་ནི་བཞག་པར་སོམས་ཤིག་པའོ། །ཅི་དགའ་བར་བྱེད་ཅིང་ཞེས་བྱ་བ་ནི་ཁྱིམ་པ་ཞིག་ན་ཁྱིམ་གྱི་འཚོ་ཆོས་ལ་སོགས་པ་ཅི་འདོད་པའི་ལས་བྱེད་པ་བཞིན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བྱུང་བ་ཞིག་ན་དེས་ཀྱང་ཅི་འདོད་པའི་ལས་རྣམས་བྱེད་བཞིན་དུ་དུས ་བཞིར་རྒྱུན་མི་འཆད་པར་བྱེད་དོ། །རྡོ་རྗེའི་ཚིག་གིས་ལན་བརྒྱ་རྩ་བརྒྱད་བཟླས་ན་ཞེས་བྱ་བ་ལ་རྡོ་རྗེའི་ཚིག་གིས་ཞེས་བྱ་བ་ནི། རྡོ་རྗེ་ཚིག་ནི་སྒྲ་སྤངས་པའོ་ཞེས་གསུངས་ཏེ། རྡོ་རྗེ་ཚིག་དེས་བཟླས་ན་?་དུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་སྟེ་མཉེས ་པར་བྱ་བ་དང་དགུག་པ་དང། དབང་དུ་བྱ་བ་ལ་སོགས་པ་དང། དགོས་པ་ཕྲན་ཚེགས་ཀྱི་ལས་གཞན་དག་ཀྱང་འགྲུབ་པར་འགྱུར། རོ། །ཡང་ཅི་སྟེ་བླ་ན་མེད་པའི་དངོས་གྲུབ་འདོད་ན་དེའི་ཕྱིར་རས་ཀྱི་ཆོ་ག་སྨོས་ཏེ་ཅི་རྙེད་པའི་ལས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲིས་ལ ་པའི?་སེམས་དཔའ་ཆེན་པོ་བཞིའི་དཀྱིལ་འཁོར་གྱི་ཚུལ་དུ་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའིའོ། །སེམས་དཔའ་ཆེན་པོ་བཞི་ཞེས་བྱ་བ་འདིས་ནི་འཁོར་ལོས་སྒྱུར་བ་བཞི་གཟུང་ངོ། །དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་ཚུལ་དུ་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི ་ཚུལ་གྱིས་སོ། །ཁ་དོག་དང་རྒྱན་རྣམས་ཅི་དགའ་བར་བྱས་ཏེ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྐུ་མདོག་དང། རྒྱན་རྣམས་རྣལ་འབྱོར་པ་ཇི་ལྟར་མོས་པ་བཞིན་དུ་བྱ་བ་སྟེ། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་འགྱུར་བ། ཐུགས་རྗེས་ནོན་པ་དེ་དང་དེར། །བརྩེ་བའི་བདག ་ཉིད་སྟོན་པར་མཛད་ཅེས་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་བཞིར་སེམས་དཔའ་ཆེན་པོ་འཁོར་ལོས་སྒྱུར་བ་བཞི་ཟླའི་བའི་དཀྱིལ་འཁོར་གནས་པ་བྲི་བར་བྱའོ། །རིགས་ཀྱི་ལྷ་མོ་རྣམས་གྲཝ་རྣམས་སུ་བྲི་བར་བྱའོ་ཞེས་བྱ་བ་ནི་སྒེག་མོ་ལ ་སོགས་པའོ། །ཡང་ན་རྡོ་རྗེ་རྒྱལ་པོ་དང། རྡོ་རྗེ་གཟི་བརྗིད་དང། རྡོ་རྗེ་རྣོན་པོ་དང། རྡོ་རྗེ་སྲུང་བ་རྣམས་འཁོར་དུ་བྲི་བར་བྱའོ། །དེ་བཞིན་དུ་གསུམ་པ་བཞི་པ་ཡང་བཅོམ་ལྡན་འདས་རྣམ་བསྣང?་མཛད་ཀྱི་འཁོར་དུ་གྱུར་པ་ཡིན་ནོ། །ཐམས་ཅད་རིགས་ཀྱི་ལྷ་རྣམས་དེ་བཞིན་དུ་སྒྲུབ ་པ་པོའི་ལྟའི་དབང་དུ་བྱས་ནས་བྲིས་པར་བྱ་སྟེ། མི་བསྐྱོད་པ་ཟློས་པས་ནི་མི་བསྐྱོད་པ་ལ་སོགས་པ་རང་གི་འཁོར་རྣམས་ཀྱིས་བསྐོར་བ་བྲི་བར་བྱ་ཞིང་ཐམས་ཅད་དུ་ཡང་རིགས་ཀྱི་ལྷ་རྣམས་དེ་བཞིན་དུ་དེ་བཞིན་གཤེགས་པའི་འཁོར་དུ་གྱུར་པའི་སེམས་དཔའ་ཆེན་པོ་བཞི་ཡང་དཀྱིལ ་འཁོར་གྱི་ཚུལ་དུ་བྲི་བར་བྱའོ། །དེ་ལྟར་རས་ཀྱི་ཆོག?་ཟིན་པར་བྱས་ནས་དེ་ནས་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེར་བྱས་ལ་བཟླས་པ་བྱ་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་སྔར་བཤད་པའི་དུས་བཞིར་མེ་ཏོག་ལ་སོགས་པས་མཆོད་པ་བྱ་བ་དང། གནས་གཅིག་ཏུ་རྡོ་རྗེ་ཚིག ་བཟླས་པ་ཞེས་བྱ་བ་ལ་སོགས་པ་བྱའོ། །ཞེས་སྟོན་ཏོ། །ཟླ་བ་བཞིའི་བར་དུ་བཟླས་པར་བྱའོ་ཞེས་བྱ་བ་ནི་ཇི་སྲིད་ཟླ་བ་བཞི་ལོན་པ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱ་བ་སྟེ་འདི་ནི་སྔོན་དུ་བསྙེན་པའི་དུས་ཀྱི་ངེས་པའོ། །དེ་ནས་མཐར་མཆོད་པ་རྒྱ་ཆེན་པོ་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད ་བྱའོ། །དེ་ནས་ནམ་ལངས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སྨའོ། །དེ་ལྟར་གྲུབ་པ་ཆེན་པོ་བཤད་ཟིན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱའི་སྒྲུབ་པ་སྟོན་ཏེ། དེ་ནས་ཕྱག་རྒྱ་བསྒྲུབ་པར་འདོད་ན་ནི་ཞེས་བྱ་བ་ནི་ཟློས་པ་པོ་དེས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའོ། །སེམས་དཔའ་རྡོ་རྗེ་མིའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བའི་སེམས་དཔའ་རྡོ་རྗེ་མ་སྨོས་པས་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་གཟུང་ངོ། །འདི་ནི་ཉེ ་བར་མཚོན་པ་ཙམ་དུ་ཟང་ཀྱང་གང་དང་གང་བསྒྲུབ་བར་འདོད་པ་དེས་དེ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེས་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དེ་བཅིངས་ལ་སྔོན་དུ་བྱ་བ་ཐམས་ཅད་ཇི་སྐད་གསུངས་པ་བཞིན་དུ་བྱས་ནས་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་ཅི་དགེ་བར་བཞིན ་དུ་ཇི་ལྟ་བ་བཞིན་བཅིངས་ཤིང་བཀྲོལ་ཏེ་རྡོ་རྗེའི་ཚིག་གིས་འབུམ་བཟླས་པར་བྱའོ་ཞེས་བྱ་བ་ལ་ཅི་དགའ་བ་བཞིན་དུ་ཞེས་བྱ་བ་ནི་ཁྱིམ་པ་ཞིག་ན་ཁྱིམ་གྱི་བྱ་བ་བྱེད་པ་དང། རབ་ཏུ་བྱུང་བ་ཞིག་ན་རབ་ཏུ་བྱུང་བའི་བྱ་བ་བྱེད་བཞིན་དུ་བྱའོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་མེ་ཏོག་དང་བདུག་ལ ་པ་ལ་སོགས་པས་མཆོད་པ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་བཟུང་ངོ། །བཅིངས་ཞེས་བྱ་བ་ནི་བཟླས་པའི་ཆེའོ། །བཀྲོལ་ཞེས་བྱ་བ་ནི་ལྡང་བའི་ཆེའོ། །རྡོ་རྗེ་ཚིག་གིས་ཞེས་བྱ་བ་ནི་སྔར་བཤད་པའི་རྡོ་རྗེའི་ཚིག་གིས། །འབུམ་བཟླས་པར་བྱའོ་ཞེས་བྱ་བ་ནི་སྟོང་ཕྲག་བརྒྱ་ནི་འབུམ་མོ། །དེ་ལྟར ་སྟོང་ཕྲག་བརྒྱར་བརྩིས་པ་བཟླས་ནས་ལག་པ་གཉིས་ཀས་ཕྱག་རྒྱ་བཅིངས་ཏེ། སེམས་ཀྱིས་དཀྱིལ་འཁོར་བྲིས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནས་བརྩམས་ཏེ། སྒོ་བ་རྣམས་ལ་ཐུག་གི་བར་དུ་སེམས་དཔའ་ར་རེ་ནས་མངོན་སུམ་དུ་བྱ་ཞིང་སྔགས་བརྗོད་དོ། །དེ་ལྟ་བུ་ལན ་གསུམ་བསྒོར་བ་དང། བརྒྱ་རྩ་བརྒྱད་ལྷག་པ་དང་བཅས་པ་བཟླས་པར་གྱུར་ཏེ་དེ་ལྟར་བརྩི་བར་བྱའོ། །དེ་ནས་མཐར་མཆོད་པ་ཅི་ནུས་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱའོ་ཞེས་བྱ་བར་སྦྱར་རོ། །འབུམ་བཟླས་པའི་མཐར་དལ་བར་གྱུར་ན་ཅུང་ཟད་ཙམ་ཞིག་ཕྱག་རྒྱ་འགྲོ་ལ་ལ་ཇི་ལྟ་བ ་བཞིན་བཅིངས་ཏེ་ཞེས་བྱ་བ་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་བྱས་ལ་སྙིང་པོ་བརྗོད་ཅིང་ལྕེ་ལ་རྡོ་རྗེ་བསམས་ཏེ་བཟླས་པ་བྱའོ། །དེ་ནས་ཕྱག་རྒྱ་འབར་ཞིང་འབབ་ལ་འཕང་ཞིང་སྨྲ་བ་དེ་འགྱུར་རོ་ཞེས་བྱ་བ་ནི་དངོས་གྲུབ ་ཀྱི་མཚན་མ་ཡིན་ཏེ། ཕྱག་རྒྱ་བཅིངས་བ་དེ་འབར་དམ་འཕར་བའི་མཚན་མ་བྱུང་ན་དངོས་གྲུབ་དམ་པར་འགྱུར་རོ། །དགོས?་ན་ཅི་འདོད་པའི་གཟུགས་སུ་འགྱུར་བ་སྟེ་སངས་རྒྱས་ཀྱི་གཟུགས་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ཀྱི་གཟུགས་སུ་སྟོན་པའི་བར་དུ་འགྱུར ་ཏེ། ཕྱག་རྒྱ་བཅིངས་ལ་གང་གི་གཟུགས་སུ་བྱ་བར་འདོད་པ་དེའི་གཟུགས་སུ་བདག་ཉིད་ཡིན་པར་བསམས་ན། དེའི་ཚེ་བདག་ཉིད་ལྷའི་གཟུགས་ཡིན་པར་བདག་ཉིད་ཀྱིས་ཀྱང་མཐོང་ཞིང་གཞན་ལ་ཡང་སྟོན་པས་ན་ཅི་འདོད་པའི་གཟུགས་སུ་འགྱུར་བ་ཡིན་ནོ། །ཕྱག་རྒྱ་བསྒྲུབ་པའི་དུས་སུ་འཕར ་བར་གྱུར་ན་མི་སྣང་བའི་དངོས་གྲུབ་འབྱུང་བའི་ལྟས་ཡིན་ཏེ། དེ་ཡང་ཕྱག་རྒྱ་ཐོག་མར་དེ་བཅིངས་ལ་ལུས་རྡུལ་ཕྲ་རབ་ཏུ་རྣམ་པར་བཤིག་ཅིང་བསྒོམས་ནས་བདག་ནི་ནམ་མཁའ་ཨོ་ཞེས་བསྒོམས་ན་ཇི་སྲིད་ནམ་མཁར་བསྒོམས་པ་དེ་ཇི་སྲིད་ཕ་རོལ་གྱིས་མི་མཐོང་བར་འགྱུར་རོ། །ཕྱག་རྒྱ ་བསྒྲུབ་པའི་དུས་ན་སྨྲ་བར་འགྱུར་བས་ནི་འབེབས་ག་དང། བཅིངས་པ་དང། དབང་དུ་བྱ་བ་དང། གདོན་རྣམས་ཚར་གཅོད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །བཅིངས་མ་ཐག་ཏུ་ཕྱག་རྒྱ་ཐམས་ཅད་ཀྱིས་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བྱེད་པར་འགྱུར་རོ་ཞེས ་བྱ་བ་ནི་དངོས་གྲུབ་རྣམ་པ་བཞི་ཆང་གྱི་ལས་ཀྱི་སྤྱིའི་མཚན་ཉིད་ཡིན་ཏེ། གང་གི་ཕྱིར་འདི་ནི་དམ་ཚིག་གི་ཕྱག་རྒྱ་ཡིན་པའི་ཕྱིར་དེ་གྲུབ་ན་དམ་ཚིག་གི་ཕྱག་རྒྱ་འདི་བཅིངས་པ་ཙམ་གྱི་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བྱེད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཐམས་ཅད་བྱེད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ་སྟོན་ཏེ། དེ་ནས་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐེགས་ལ་སྟེ ་དམ་ཚིག་གི་ཕྱག་རྒྱའི་རྗེས་ལ་ཆོས་ཀྱི་ཕྱག་རྒྱ་སྟོན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ་དེ་ཡང་ཆོས་ཀྱི་ཕྱག་རྒྱ་ཡིན་ལ། ཏིང་ངེ་འཛིན་དེ་རྣམས་ཀྱང་རྣམ་པ་མངའ་?་བས་གལ་ཏེ་རྣལ་འབྱོར་པས་དེ་བསྒྲུབས་པར་འདོད་ན་ནི་ངེས་རྡོ་རྗེ་ཕྲ་མོ་ནས་བརྩམས་ཏེ་ཞེས་བྱ ་བ་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་པས་དང་པོར་སེམས་བརྟན་པར་བྱས་ཏེའོ། །ཏིང་ངེ་འཛིན་གང་དགའ་བ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་དང། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་སྔར་བསྟན་པ་རྣམས་སོ། །དེའི་སྙིང་པོའི་རྣལ་འབྱོར་གྱིས་ཚུལ་དུ་ཟླ་བ་བཞིའི་བར་དུ་སྒོམས ་ལ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །སྙིང་པོའི་རྣལ་འབྱོར་ཞེས་བྱ་བ་ནི་སྙིང་པོའི་དོན་ལ་ཞེས་བྱ་བའི་དོན་ཏོ། །ཟླ་བ་བཞིའི་བར་དུ་ཞེས་བྱ་བ་ནི་དུས་ཀྱི་ངེས་པ་སྟོན་པ་སྟེ་དེ་དང་པོར་སེམས་བརྟན་པར་བྱས་ཟིན་པའི་ཕྱིར་རོ། །བསྒོམས་ལ་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །དེ་ནས་མཐར་མཚན་ཐོག ་ཐག་སྐྱིལ་མོ་ཀྲུང་མི་གཞིག་པར་སྙོམས་པར་ཞུགས་ཏེ་འདུག་པར་བྱའོ་ཞེས་བྱ་བ་ལ་མཐར་ཞེས་བྱ་བ་ནི་ཟླ་བ་བཞིའི་མཐར་རོ། །སྙོམས་པར་ཞུགས་ཏེ་འདུག་པར་བྱའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་འདིས་ཟླ་བ་བཞིའི་བར་དུ་བསྒོམས་པའི་ཏིང་ངེ་འཛིན་དེ་བསྒོམས་ན་དེ་ནས་ནམ་ལངས་པ་དང་དེ་བཞིན ་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །འདི་སྐད་སྟོན་ཏེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དེ་མངོན་སུམ་དུ་གྱུར་པ་དང། སངས་རྒྱས་རྗེས་སུ་དྲན་པ་དེའི་སྟོབས་ཀྱིས་དེར་གཏོགས་པའི་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱང་མངོན་སུམ་དུ་འགྱུར་རོ། །དེ་ལྟར ་མངོན་སུམ་དུ་གྱུར་པ་དང་དེ་ནས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། དེ་བཞིན་དུ་བཟླས་ཤིང་ཟླ་བ་གཅིག་གི་བར་དུ་བསྒྲུབས་ལ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ ་མོ་བསྒོམས་པ་གོམས་པར་བྱས་ཏེ། ཕྱག་བཞི་བྱས་ནས་མེ་ཏོག་དང། དྲི་ལ་སོགས་པས་དུས་བཞིར་མཆོད་པ་དང། རྡོ་རྗེ་ཚིག་གི་བརྒྱ་རྩ་བརྒྱུད་བཟླས་པ་ལ་སོགས་པ་གཟུང་ངོ། །ཟླ་བ་གཅིག་གི་བར་དུ་དེ་ལྟར་བསྒྲུབས་པའི་མཇུག་ཏུ་དེ་ནས་མཚན་གཅིག་ཐོག་ཐག་ཏུ་བཟླས་པ་བྱའོ་ཞེས ་བྱ་བ་ཀྱི་གྲུབ་པའི་དཀྱིལ་འཁོར་བྲིས་ལ་མཆོད་པ་ཅི་ནུས་པ་བྱའོ། །དེ་ནས་ལས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་སྟོན་ཏེ། ལན་ཅིག་བརྗོད་པ་ཙམ་གྱི་བདག་བསྲུང་བ་ནི་གོ་ཆ ་བཅིང་བ་ཞེས་འོག་ནས་སྟོན་པ་དང་སྦྱར་རོ། །དེ་བཞིན་དུ་གཞན་བསྲུང་པ་གྲོང་དང་དྲོང?་ཁྱེར་བསྲུང་བ་ནི་གོ་ཆ་ཆེན་པོ་བཅིང་བ་ལ་སོགས་པས་སོ། །ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་ཕྱོགས་བཅིང་བ་དང། མཚམས་བཅིང་བ་དང། ས་བཅིང་བ་ལ་སོགས་པ་བསྡུའོ། །དབབ་པ་ཡང་ཙན ་དན་དྲི་ཞིན་པོས་ཞེས་བྱ་བ་ལ་ཙན་དན་དྲི་ཞིམ་པོས་ཞེས་བྱ་བ་ནི་དྲི་འཕེལ་ནི་བར་དན་ཞེས་བྱ་བ་ཙན་དན་ཏེ་དེ་བདར་བས་ལག་པ་ལ་བསྐུ་ཞིང་སྣོད་ཀྱི་ཁར་ཡང་བཞག་ལ་དེ་ཉིད་ཆུའི་ནང་དུ་བླུགས་པའི་ཆུ་སྣོད་ཀྱི་ཁང་བརྡེག་པ་དང། དེ་ཉིད་ཀྱིས་བདུག་པ་བྱ་སྟེ་དེ་ལྟར་ན་འབབ་པར ་འགྱུར་པ་ཡིན་ནོ། །གདོན་གྱིས་ཟིན་པ་དང་གདོན་གྱིས་མ་ཟིན་པ་ཞེས་བྱ་བ་ལ་ཟིན་པ་ནི་རིམས་ལ་སོགས་པས་ཐེབས་པའོ། །མ་ཟིན་པ་ནི་ཐ་མ་ལ་པའོ། །ད་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་དབབ་པ་སྟོན་ཏེ། བཅིངས་ན་བྱས་པ་འམ་བླུགས་པའི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་ལ ་སོགས་པ་འབབ་པར་འགྱུར་རོ། །བབས་ནས་བུམ་པ་ལ་སོགས་པ་ནོར་སྟོང་བ་ལ་སོགས་པའི་གནས་སུ་འགྲོ་བ་དང། བུམ་པ་ལ་སོགས་པ་ཕྱག་རྒྱའི་རང་གི་ལས་རྣམས་བྱེད་པའོ། །གལ་ཏེ་སྒྱུ་མའི་ལས་ཀྱང་བྱེད་པར་འདོད་ན་རྨ་བྱའི་མཇུག་མའི་ནང་དུ་རྡོ་རྗེ་བཅུག་སྟེ་བཅིངས ་ལ། དེ་ནས་རམ་བྱའི་མཇུག་མ་དེ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱས་མནན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་ཐབས་ཀྱི་བར་དུ་བཟླས་པ་བྱའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག ་རྒྱའོ། །ཕྱག་རྒྱ་བབས་པའི་མཚན་ཉིད་འདི་ནི་དངོས་གྲུབ་ཀྱི་མཚན་མ་སྟེ། གཉིས་པ་ནི་དེ་ནས་རྨ་བྱའི་མཇུག་མ་ལས་གཟུགས་སྣ་ཚོགས་པ་སྣང་བར་འགྱུར་ཏེ་ཞེས་བྱ་བ་འདིས་སྟོན་ཏོ། །དེ་ཕྱིན་ཆད་རྨ་བྱའི་མཇུག་མ་དེས་གཟུགས་ཐམས་ཅད་ཡང་དག་པར་སྟོན་ཏོ། །ཇི ་ལྟ་ཞེ་ན། མཇུག་མ་དེ་བསྐོར་བ་དེས་བདག་ཉིད་དམ་གཞན་གྱི་གཟུགས་ཐམས་ཅད་སྣང་བར་འགྱུར་རོ་ཞེས་བྱ་བ་སྟེ། བདག་གམ་ཕ་རོལ་པོ་གང་དང་གང་གི་གཟུགས་སུ་སྟོན་པར་འདོད་པ་དེ་དང་དེའི་གཟུགས་སུ་བདག་གམ་ཕ་རོལ་ཡིད་ཀྱིས་བསམས་ཤིང་མཇུག་མ ་བསྐོར་ན་དེ་ནས་འཇིག་རྟེན་པ་རྣམས་ཀྱི་དེ་བཞིན་དུ་མཐོང་སྟེ། འཇིག་རྟེན་པའི་སྒྱུ་མའི་ལས་རྣམས་ཀྱང་སྟོན་ཏོ། །མཇུག་མ་དེ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་བརྙན་ཡང་སྟོན་ཏོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་སྒྱུ་མའི་ལས་རྣམས་ཀྱང་སྟོན ་པ་ནི་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། མདོ་སྡེ་དག་ལས་སངས་རྒྱས་ཀྱི་ཞིང་གི་འཇིག་རྟེན་ཇི་སྐད་བཤད་པ་དང། ཕྱོགས་གང་དང་གང་དུ་མདོ་ལས་ཇི་སྐད་སྨོས་པ་རྣམས་ཀྱི་ཕྱོགས་དེ་དང་དེར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དགོངས་ཇི་ལྟ་བུ་ཡིན་པ་ཡིད ་ཀྱིས་བསམས་ལ་སྔགས་ལན་ཅིག་བརྗོད་དེ་ཕྱོགས་དེར་འཇུག་མ་དེས་བྱ་བས་ནས་སངས་རྒྱས་ཀྱི་ཞིང་ལ་སོགས་པའི་འཇིག་རྟེན་གྱི་ཁམས་དེ་དག་དེ་བཞིན་དུ་མཐོང་བར་འགྱུར་རོ། །དེ་ནས་དབང་དུ་བྱེད་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་ལ་དབང་དུ་བྱ་བ་བྱེད་པར་འདོད་ན་དེའི་ཚེ་སེམས ་དཔའ་གང་ཡང་རུང་བའི་ཕྱག་རྒྱ་ཅིང་ལ་ལོ་བྱད་དང། ཆོག་ཇི་ལྟར་གསུངས་པ་བཞིན་དུ་བྱ་སྟེ་ཕྱག་རྒྱ་དེ་ནས་འབབ་པར་གྱུར་གྱི་བར་བཟླས་པ་བྱའོ། །?་མ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་བསྟན་པ་ཡིན་ལ། འདི་ནི་སེམས་དཔའ་ཨི་ཕྱག་རྒྱ་བསྟན་པ་ཡིན་ཏེ། བྱེ་བྲག་ནི་དེ་ཡོད་དོ། །སྔོན་དུ་བསྙེན་པ་དང་སྒྲུབ་པའི་ཆོ་ག་ནི ་གོང་དུ་བཤད་པ་དང་འདྲ་སྟེ། ཟླ་བ་གཅིག་དང་སྔགས་བརྒྱ་སྟོངས་བཟླས་པ་ཉི་ཚེ་བྱེ་བྲག་ཡོང་དུ་ཟད་དོ། །དེ་ནས་མཇུག་ཏུ་ཡང་བསྒྲུབ་པའི་དཀྱིལ་འཁོར་དུ་དེ་བཞིན་དུ་བྲིས་ལ་མཆོད་པ་རྒྱ་ཆེན་པོ་ཅི་ནུས་པ་བྱ་སྟེ་དེར་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་བཞིན ་གཤེགས་པའི་རིགས་ཀྱི་ཡོ་བྱད་དང་ཆོག་རྒྱས་པ་རྫོགས་སོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་སྟོན་ཏེ། དེ་ལ་དང་པོ་ནི་སྔར་བསྙེན་པ་བྱ་སྟེ་ཞེས་བྱ་བ་ནི་དཀྱིལ་འཁོར་མཐོང་བ་དང་དབང་ཐོབ་པ་དང་སྔགས་མནོས་པ ་གང?་རང་གི་རྟོག་པའི་ཆོ་ག་ལ་ཤིན་ཏུ་མཁས་པས་གནས་གཅིག་ཏུ་གནས་ཏེ། ལྷའི་གནས་སོགས་པར་བརྟགས་པར་ཡོ་བྱད་རྣམས་ཚོགས་པ་དང་ལྡན་པས་ན་སྔར་བསྙེན་པར་བྱའོ། །ཇི་ལྟ་ཞེ་ན། དེ་ལྟར་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་སྟེ། །དེ་ལྟར་ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའི་མཆོད ་ཏེ། །བརྒྱད་དང་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་ཅི་ནུས་པར་དུས་བཞིར་རྒྱུན་མི་མཆད་པར་བྱས་ལ། ཇི་ལྟར་འདོད་པ་བཞིན་དུ་ཞེས་བྱ་བ་ཐམས་ཅད་ཀྱང་དེ་བཞིན་དུའོ། །ཡི་གེ་འབྲུ་འབུམ་བཟླས་པར་བྱའོ་ཞེས་བྱ་བ་ནི་བཟླས་པར་བྱ་བའི་?་ཀྱི་ཡི ་གེ་འབྲུ་དུ་ཡོད་པའི་འབུམ་ཕྲག་དེ་སྟེང་བཟླས་བརྗོད་བྱའོ། །ཞེས་སྟོན་པ་ཡིན་ནོ། །མཐར་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་མཆོད་པ་རྒྱ་ཆེན་པོ་ཅི་ནུས་པ་བྱ་སྟེ། གསངས་བའི་བསྐུལ་བས་བཅོམ་ལྡན་འདས་ལ་བསྐུལ་པ་ལ་སོགས་སྔོན་དུ་བྱ་བ་ཐམས་ཅད་བྱས་ནས་མཐར་མཚན་ཐག་ཐག ་བཟླས་པ་བྱས་ན་དེ་ཕྱིན་ཆད་དངོས་གྲུབ་ཐོབ་པར་མ་གྱུར་ཀྱང་བཟླས་པ་ཙམ་གྱི་སེམས་ཅན་ཐམས་ཅད་ལ་པན་གདགས་པ་དང་ཆད་པས་བཅད་ནུས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །འོན་ཏེ་བསྒྲུབ་པར་འདོད་ན་ཡང་ཞེས་བྱ་བ་ལ ་སོགས་པ་ལ་དེས་ཇི་ལྟ་བ་བཞིན་དུ་རི་མོའི་གཟུགས་བྲིས་ལ་ཞེས་བྱ་བ་ནི་དཔའ་ཨོ་གཅིག་པུ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་འམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང། འཇོམ་ལ་སོགས་པ་གསང་བའི་མཆོད་པ་བཞི་དང། བདག་དང་རྒྱུ་བྱ་སྟེ་བསྙེན་པ ་སྔར་དང་པོ་བྱས་ནས་དེ་ནས་གདོང་རས་ལ་རི་མོ་བྲི་བར་བྱའོ། །དེ་ནས་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་དབེན་པའི་ཕྱོགས་སུ་མཆོད་པ་གོང་མ་བཞིན་དུ་བྱའོ། །ཟླ་བ་གཅིག་འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་ཞེས་བྱ་བ་འདིས་ནི་སྔ་མ་བཞིན་རིག་པའི་བརྟུལ་ཞུགས་ཀྱི ་ངེས་པར་མེད་པར་སྟོན་ཏོ། །ཅི་དགའ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་ཁྱིམ་གྱི་བྱ་བ་ཐམས་ཅད་བྱེད་བཞིན་དུ་ཡང་ཞེས་བྱ་བའི་དོན་ཏོ། །བརྒྱད་སྟོང་དུ་བཟླས་པར་དུས་བཞིར་རྡོ་རྗེའི་ཚིག་གིས་ཟློས་ཤིང་ཞེས་བྱ་བ་ནི་དེར་ཁྲོ་བོའི་ཚིག་གིས་བཟླས་པར་བྱ་སྟེ་དུས་བཞིར ་བརྒྱད་སྟོང་རྩ་བརྒྱད་བཟླ་བར་ནུས་པ་ནི་མི་སྲིད་པས་ན་ཡུལ་གང་དུ་བརྒྱད་སྟོང་རྩི་བརྒྱད་ཅེས་སྨོས་པ་དེར་ཁྲོ་བོའི་ཚིག་ཏུ་བཟླས་པ་ཡིན་པར་ཤེས་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །སེམས་དཔའ་ལྷག་མ་རྣམས་བསྒྲུབ་པ་ཡང་ཚུལ་ཉིད་ཁོ་ན་ཉིད་གྱིས་བྱའོ།། ་དེ་ལྟར་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་བསྟན་ཟིན་ནས། ད་ནི་ཅི་སྟེ་བྱང་རྒྱ་བསྒྲུབ་པར་འདོད་ན་ཡང་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཡང་ཇི་ལྟ་བ་བཞིན་དུ་བཟླས་པ་བྱས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚོགས་སྔོན་དུ ་བསྙོན་པ་བྱས་ལ་བསྒྲུབ་བའི་དཀྱིལ་འཁོར་བྲིས་ནས་དེ་བཟླས་པ་སྔ་མ་བཞིན་དུ་ཟླ་བ་གཅིག་བྱ་སྟེ། ཟླ་བ་གཅིག་གི་བར་དུ་དཀྱིལ་འཁོར་སླར་གཤེགས་སུ་མ་གསོལ་བ་ཉིད་དུ་དགོས་པ་ཐམས་ཅད་བྱེད་བཞིན་དུ་ཡང་དུས་བཞིར་བྱའོ། །ཟླ་བ་གཅིག་གི་བར་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དམ་ཚིག་དེ་ཕྱག་རྒྱ་བཅིངས ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །འདིར་དངོས་གྲུབ་ཀྱི་མཚན་མ་མ་སྨོས་སུ་ཟིན་ཀྱང་འདིར་དངོས་གྲུབ་ཀྱི་མཚན་མ་གང་ཡང་རུང་བ་གཅིག་ངེས་པར་འབྱུང་བར་ཤེས་པར་བྱའོ། །དེ་ནས་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་ལ་འགྲོ་བ་ལ་སོགས ་པའི་དངོས་གྲུབ་ཀྱི་ལས་སྟོན་ཏེ། དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱའི་ལས་ཇི་སྙེད་པ་དེ་དག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་གཅིག་བུའི་ལས་ཡིན་པར་སྟོན་ཏོ། །དེ་ཡང་ནམ་མཁའ་ལ་འགྲོ་བ་ནས་བརྩམས་ཏེ་དབབ་པ་ལ་ཐུག་པའི་བར་དེ་དག་མིང་མཚིག? ་ཕྱག་རྒྱའི་ལས་སོ། །འདིར་རང་གི་ལས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་མོད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ལས་ཐུན་མོང་མ་ཡིན་པ་རྣམས་ཀྱང་འདིས་བྱེད་དོ། །དགུག་པ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའི་ལས་ཡིན་ཏེ་གུག་པ་ནས་བརྩམས་ནས་སྦྱར་བའི་བར་དུ་ནི། རེ་རོ་ཞིང་སེམས ་དཔའ་རེ་རེ་ཕྱག་རྒྱའི་ལས་ཡིན་པར་ཤེས་པར་བྱའོ། །བཅད་པ་དང་དབྱེ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་ལས་ཡིན་ནོ། །དེ་ནས་ཡང་ཚིག་བཞི་ནི་སེམས་དཔའ་བཞི་པོ་རེ་རེའི་ལྭ་བསྟན་པ་ཡིན་ནོ། །རྨོངས་པ་དང། གནོན་པ་དང། བསྡིགས་པ་དང། བསད་པ་པའི་ནི་རྡོ་རྗེ་གནོད་སྦྱིན ་གྱི་ལས་སོ། །སེམས་ཅན་ཐམས་ཅད་རྒྱས་གདབ་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ལས་ཡིན་ཏེ་དེ་ཡང་སྐུ་གསུང་ཐུགས་རྡོ་རྗེ་རྣམས་གཅིག་ཏུ་བྱེད་པས་ན་བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་དང་གསུང་ཐུགས་ཀྱི་འགྲོ་བ་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་རྒྱས་འདེབས་པའི་ཕྱིར་རོ། །འདོད ་པའི་དགའ་བའི་རོལ་པ་ལ་འཇུག་པ་ནི་རྡོ་རྗེ་སྒེག་མོའི་ལས་ཡིན་ཏེ་འདོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ལ་དེར་དགའ་བ་ནི་མགུ་བའོ། །དེ་བཞིན་དུ་རྡོལ་པ་ནི་སྤྲུལ་པ་མང་པོ་སྟོན་པས་དེ་ལ་འཇུག་པའི་ཕྱིར་འདོད་པའི་དགའ་བའི་རོལ་བ་ལ?་མཇུག་པའོ།། ་དབང་བསྐུར་བ་ནི་ཕྲེང་བ་མའི་ལས་ཡིན་ཏེ་གསོད་པ་དང་དབང་དུ་བྱེད་པ་ཡང་ཕྲེད་བ་མའི་ལས་ཡིན་ནོ། །དངོས་པོ་ཐམས་ཅད་གླུ་ལེན་དུ་གཞུག་པ་ནི་རྡོ་རྗེ་གླུ་མའི་ལས་སོ། །གང་བྱེད་དུ་གཞུགས་པ་ནི་རྡོ་རྗེ་གར་མའི་ལས་སོ། །དེ་བཞིན་དུ་རྡོ་རྗེ་བདུག་པ་མ་ལ་སོགས་པའི་ལས་ནི་ཚིམ་པར་བྱེད ་པ་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །དགུག་པ་ནི་རྡོ་རྗེ་ལྕགས་ཀྱུའི་ལས་སོ། །གཞུག་པ་ནི་རྡོ་རྗེ་ཞགས་པའི་ལས་སོ། །བཅིང་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ལས་སོ། །དབང་པོ་ནི་རྡོ་རྗེ་དྲིལ་བུའི་ལས་ཡིན་ཏེ་དེ་ལྟར་ན་དབབ་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བཅོམ ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པར་སྟོན་ཏེ། དེས་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཏིང་ངེ་འཛིན་ནས་བརྩམས་ནས་ཏེ་བསྒོམ་ཞིང་ཞེས་བྱ་བ་ལ་དེས་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་པ་གང་ཡིན་པའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བའི ་ཏིང་ངེ་འཛིན་ནས་བརྩམས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་དང་པོར་བྱས་པ་ནས་བྱང་ཆུབ་སེམས་དཔའ་བཅུ་དྲུག་པོ་རྣམས་ཀྱི་ཏིང་ངེ་འཛིན་རྣམས་གཟུང་བར་བྱའོ། །བསྒོམ་པ་ནི་གོམས་པར་བྱ་བའོ། །དེ་བཞིན་དུ་བཟླས་པའི་ཚུལ་གྱིས་ཞེས་བྱ་བ་ནི་གང་ཡང་རུང་བ ་སྔར་སྨས་པའི་ཚུལ་གྱིས་སོ། །ཟླ་བ་གཅིག་གི་བར་དུ་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནི་དང་པོར་སྔར་བསྙེན་པ་བྱས་ཤིང་མཚན་མ་རྙེད་པ་དེ་ཉིད་ཀྱིས་དེ་ནས་མཐར་ཏིང་ངེ་འཛིན་དེ་ཉིད་ཀྱིས་མཚན་ཐོག་ཐག་ཏུ་བཟླས་པ་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ཏིང་ངེ་འཛིན་གྱི ་ཕྱག་རྒྱ་ཉིད་འདིར་ལས་ཀྱི་ཕྱག་རྒྱར་གསུངས་སོ། །དེ་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ལས་སྒྲུབ་པ་སྟོན་ཏེ། དེ་བཞིན་དུ་བཟླས་ཤིང་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །འདིར་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྔོན་དུ་བསྙེད་པ ་དང། ཟླ་བ་གཅིག་གི་བར་དུ་བསྒྲུབ་པ་དང། མཚན་ཐོག་ཐག་བསྒྲུབ་པ་རྣམས་སྔར་བཤད་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །དེ་ནས་ལས་ཐམས་ཅད་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་ཏེ། ལས་དེ་ཡང་བསྲུང་བ་ལ་སོགས་པའི་ལས་རྣམས་བྱེད་པ་ཡིན ་ནོ། རྡོ་རྗེ་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཡོ་བྱད་སྟོན་ཏོ། དེ་ལ་དང་པོར་ཁོ་ནར་བསྙེན་པ་བཤད་དེ་འབུམ་བཟླས་པ་བྱས་ནས་སྔར་བསྙེན་པ་བྱས་པར་འགྱུར་རོ། །སྔར་བསྙེན་པའི་ཆོ་ག་བྱས་ནས་བསྒྲུབ་པ་འབྱུང ་སྟེ་དེ་ལ་ཐོག་མ་ཉིད་དུ་རེ་ཞིག་རས་ལ་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་འདུལ་བ་ལ་སོགས་པ་སྒྲུབ་པ་པོའི་དབང་ལས་རི་མོ་བྲི་བར་བྱའོ། །དེའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་བཞིའི་ཚུལ་དུ་སེམས་དཔའ་ཆེན་པོའི་བཞི་ཕྲའོ?། །དྷ་རྣམས་སུ་ལྷ་མོ་རྣམས་བྲིའོ་ཞེས་བྱ་བ་ནི་མཚམས ་བཞིར་སྒེག་མོ་ལ་སོགས་པ་བྲི་བར་བྱའོ། །དེ་ནས་བཟླས་པའི་ཆོ་ག་དེ་བཞིན་དུ་རྒྱས་པར་བྱས་ལ་ཟླ་བ་གཅིག་གི་མཚན་ཐོག་ཐག་ཏུ་བཟླས་པ་བྱའོ། །དུས་ཇི་བཞིན་པར་ཞེས་བྱ་བ་ནི་ནང་པར་རོ། །ལྷག་མ་རྣམས་ནི་གོ་སླའོ། །དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ལ་ཇི་ལྟ་བ་བཞིན་དུ ་བཅིངས་ཤིང་བཀྲོལ་ཏེ་ངལ་གསོ་བ་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟ་བ་བཞིན་དུ་འགྲོ་བ་ཐམས་ཅད་འདུལ་བར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྟོན་པར་བྱེད་དོ། །ལྷག་མ་རྣམས་ནི་གེ་སླའོ། །ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པའི་དབང་དུ་བྱ་བ་ལ ་ཡང་ཏིང་ངེ་འཛིན་གྱི་ཚུལ་ཞེས་བྱ་བ་སྨོས་པས་ཆོས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཉིད་གཟུང་ངོ། །ཇི་ལྟ་བུར་དགའ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་ལ་དམིགས་ན་མྱུར་བ་ཉིད་དུ་སེམས་རྩེ་གཅིག་པར་འགྱུར་བའི་ཏིང་ངེ་འཛིན་དེས་བཟླས་པ་འདི་བྱ་བའོ། །དེ་དུས ་ནམ་ལངས་པ་དང་ཏིང་ངེ་འཛིན་ཐམས་ཅད་མངོན་དུ་འགྱུར་རོ་ཞེས་བྱ་བ་སེམས་བརྟན་པོར་གྱུར་པའི་ཏིང་འཛིན་ལ་དམིགས་ན་དགའ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་ལ་སྣང་བར་འགྱུར་ཏེ། དེ་ལྟར་ཏིང་ངེ་འཛིན་མངོན་དུ་བྱས་པར་འགྱུར་རོ་ཞེས་པ? ་བའི་བར་དུ་གསུངས་པ་ཡིན་ནོ། །ལས་བསྒྲུབ་པ་ནི་གོ་སླའོ། །དེ་ལྟར་ན་པདྨའི་རིགས་ཀྱི་ཡོ་བྱང་དང་ཆོ་ག་རྒྱས་པ་རྫོགས་སོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཡོ་བྱད་དང་ཆོག་རྒྱས་པར་སྟོན་ཏེ། མངོན་ན་ཕྱག་རྒྱ་བཞི་དང་པོར་བྱས་ལ་སྔོན་དུ་བསྙེན་པ ་འབུམ་བཟླས་པ་བྱའོ། །དེ་ནས་རས་ལ་རི་མོ་བྲི་བར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་དཀྱིལ་འཁོར་བཞིའི་ཚུལ་དུ་དྲི་བའམ། འདྲིར་གཞུག་པར་བྱ་ཞིང་སེམས་དཔའ་བཞིས་བསྐོར་བ་དང། སྒེག་མོ་ལ་སོགས་པ་ལྷ་མོ་བཞིས་ཀྱང་བསྐོར་བ་དྲི་བར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །དམ་ཚིག ་གི་ཕྱག་རྒྱ་བསྒྲུབ་པ་ཡང་ཆོས་ཀྱི་རྡོ་རྗེ་མའི་ཚུལ་གྱིས་ཞེས་བྱ་བ་ནི་ཆོས་རྡོ་རྗེ་མའི་ཕྱག་རྒྱའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བཅིང་བ་དང། དལ་ན་དགྲོལ་བ་དང། དུས་བཞིར་སྟོང་རྩ་བརྒྱད་བཟླས་པ་དང། མཚན་ཐོག་ཐག་ཟླ་བ་ལ་སོགས་པ་སྔར་བཤད་པ་བཞིན་དུ་གཟུང་ངོ། །རྡོ་རྗེ་རིན་པོ་ཆེའི་མྱུ་གུའི ་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བསྒྲུབ་ན་བསན་པ་ཐམས་ཅད་ཀྱི་ལས་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཅི་འདོད་པའི་ལས་རྣམས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ནོར་བུའི་ཡེ་ཤེས་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། དེས་དེ་བཞིན་དུ་རྡོ་རྗེ་རིན ་པོ་ཆེ་འབྱུང་བའི་ཏིང་འཛིན་ཇི་ལྟ་བུའི་རིམ་པ་བཞིན་དུ་བསྒོམ་པར་བྱ་སྟེ་ཞེས་བྱ་བ་ལ་རིན་པོ་ཆེ་འབྱུང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ནོ། །དེ་གང་ནས་བྱུང་ཞིང་མཐོན་པའི་ཏིང་ངེ་འཛིན་དེ་ནི་རྡོ་རྗེ་རིན་པོ་ཆེ་འབྱུང་བའི་ཏིང་ངེ་འཛིན་ཏོ། །དེ་ཡང་ཇི་ལྟ་བའི་རིམ་པ་བཞིན་དུ་བསྒོམ་པར་བྱ ་བ་ཡིན་ཏེ་ཇི་ལྟ་བའི་རིམ་པ་བཞིན་ནི་གོ་རིམ་ཇི་ལྟ་བའོ། །དེ་ཉིད་ཀྱང་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རང་གི་ངོ་བོ་གང་ཕ་རོལ་རྣམས་ལ་རག་ལས་བ་མ་ཡིན་ཞིང་རང་གི་རང་བཞིན་ལས་མི་འགྱུར་བ་དེ་ནི་དོན་དམ་པར་དེའི་རང་བཞིན་ཡིན་ནོ། །ཀུན་རྫོབ་ཀྱི་རང་བཞིན་ལས་མི་འགྱུར་བ ་དེ་ནི་དོན་དམ་པར་དེའི་རང་བཞིན་ཡིན་ནོ། །ཀུན་རྫོབ་གྱི་རང་བཞིན་རྒྱུ་དང་རྐྱེན་དང་བཅས་པས་བསྐྱེད་ཅིང་དོན་གྱི་བྱ་བ་བྱེད་ནུས་པས་ས་ལ་སོགས་པའི་འབྱུང་བ་གང་ཡིན་པ་རྣམས་སོ། །གང་ལ་རྣམ་པ་འདི་གཉི་གའི་རང་བཞིན་མེད་ཅིང་ངོ་བོ་ཉིད་དང་བྲལ་བ་དེ་ནི་དངོས་པོ་མེད་པའོ། །དེ་བས་ན་གང ་གི་ཕྱིར་དེ་ལྟར་དངོས་པོ་མེད་པའི་ནམ་མཁའ་ལས་རིན་པོ་ཆེ་ཇི་ལྟར་འབྱུང། རིན་པོ་ཆེ་ཡང་དེ་ལྟ་བུའི་ཡིན་ན་དེ་ལས་བྱང་ཆུབ་སེམས་དཔའ་ཨི་སྐུར་ཇི་ལྟར་འབྱུང་ཞེས་པའོ། །དོན་གྱིས་ན་འདི་སྐད་སྟོན་ཏེ། དངོས་པོ་འདི་རྣམས་ནི་རྣམ་པར་རྟོག་པ་ཙམ་ལ་རག་ལས་པ་ཡིན་ཏེ། དེ་བས་ན་གང་བཞིན་ཅུང་ཟད་གཅིག་རྣམ་པ་བརྟགས་ལ་རྣམ་པར ་བརྟགས་ནས་ཀྱང་བསྒོམས་ལ་བསྒོམས་ནས་ཀྱང་བརྟན་པར་གྱུར་ན་བདག་དང་གཞན་རྣམས་ལ་དེ་བཞིན་དུ་སྣང་བར་འགྱུར་རོ། །ཇི་ལྟར་གོང་དུ་སྨོས་པ་བཞིན་དུ་ཞེས་བྱ་བ་ནི་ཕྱག་བཞི་བྱས་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཅི་དགའ་བ་བཞིན་དུ་དབང་བསྐུར་བར་འགྱུར་རོ་ཞེས་བྱ་བ ་ནི་རྒྱལ་པོར་དབང་བསྐུར་བའམ་རིགས་འཛིན་གྱིས་རྒྱལ་པོར་དབང་བསྐུར་བའམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ལས་སྒྲུབ་པ་བཤེད་ཞེས་བྱ་བ་སོགས་པ་ཡང་གོ་སླའོ། །དེ་ལྟར་ན་ནོར་བུའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སོ། །གོང་དུ་ནི་རྟོག་པ་དང་རིགས་ཀྱི་ཕྱག་རྒྱའི་དབྱེ་བས་ཡོ་བྱད་དང་ཆོ་ག་རྒྱས་པ ་གསུངས་པ་ཡིན་ལ། དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རིགས་ཐམས་ཅད་ཀྱི་ཐུན་མོང་གི་ཡོ་བྱད་དང་ཆོ་ག་རྒྱས་པར་སྟོན་ཏོ། །དེ་ལ་དང་པོར་སྙིང་པོ་ཐམས་ཅད་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པར་སྟོན་ཏེ། སྙིང་ལ་ཡིད་ལ་རེ་བདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པར་འགྱུར་ཅིག་ཅེས་བརྗོད་ལ་ཞེས་བྱ ་བ་ནི་སྙིང་འདི་ལའམ། ཡིད་ལ་རེ་བ་རྣམས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སྦྱར་རོ། །སུ་ཞིག་གི་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །འདི་ཡང་ཉེ་བར་མཚོན་པ་བརྡ་སྤྲོད་པ་ཙམ་དུ་ཟད་ཀྱི་དོན་དུ་ན་འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། ཉན་ཐོས་དང་རང་སངས ་རྒྱས་ཐཾས་ཅད་ཀྱི་ཐུགས་ལ་དགོངས་པ་ཐཾས་ཅད་གྲུབ་པར་གྱུར་ཅིག་ཅེས་པ་དང། སེམས་ཅན་ཐམས་ཅད་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་མ་འདྲེས་པ་དང། ཡོངས་སུ་དག་པ་དང། འཇིག་རྟེན་པ་རྣམས་ཀྱི་ཡིད་ལ་རེ་བ་རྣམས་ཀྱང་གྲུབ་པར་གྱུར་ཅིག་ཅེས་པའོ། །ཟློས་པ་པོས་དེ་སྐད་བརྗོད་ལ་སྙིང་པོ་ཅི་དགའ་བར་བཟླས་ཤིང་བསྒྲུབ ་པའི་ཆོ་ག་བྱའོ་ཞེས་བྱ་བ་ནི་སྔར་གསུངས་པའི་ཚུལ་གྱིས་སྙིང་པོ་བཟློས་པས་སེམས་ཅན་ཐམས་ཅད་ཀྱི་རེ་བ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་འདི་ཙམ་ཞིག་སྔར་སྨྲས་པའི་ཡོ་བྱད་དང་ཆོ་ག་རྒྱས་པ་ལས་ལྷག་པར་ཟད་དོ། །ད་ནི་ཕྱག་རྒྱའི་ཡོ་བྱང་དང་ཆོག་རྒྱས་པ་སྟོན་ཏེ། ཕྱག ་རྒྱ་བསྒྲུབ་བས་སྔར་བསྙེན་པའི་དུས་དང། བསྒྲུབ་པའི་དུས་སུ་ཐོག་མ་ཁོ་ནར་བཀྲིས་པའི་ཚིག་འོག་ནས་འབྱུང་བ་བརྗོད་པར་བྱ་སྟེ་འདི་ཉིད་ནི་ཡོ་བྱད་དོ། །ཆོ་གའི་ཚུལ་ཡིན་པས་ན་ཆོ་གའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་ཕྱག་རྒྱ་ཐམས་ཅད་བདག་ལ་དགའ་བར་གྱུར ་ཅིག་ཅེས་བྱའོ། །དེའི་ཚིག་ནི་འདི་ཡིན་ཉི?་དེ་ཐོག་མར་བརྗོད་ལ་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །ཅི་དགའ་བར་ཞེས་བྱ་བ་ནི་ཅི་འདོད་པར་ཞེས་བྱ་བའི་དོན་ཏོ། །ཅི་ནུས་ཀྱིས་བཟླས་པ་བྱའོ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་དམ། གྲངས་མེད་པར་བཟླས་པར་བྱའོ ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །ད་ནི་སྔགས་ཐམས་ཅད་ཀྱི་ཡོ་བྱད་དང་ཆོ་ག་སྟོན་ཏེ། སྔགས་ཐམས་ཅད་ཀྱི་སྤྱིའི་ཚིག་གྲུབ་པའི་མཚན་ཉིད་ལ་ཡོ་ཁྱད་ཅེས་བཤད་དོ། །ཇི་ལྟར་ཞེ་ན། སྤྲོས་པ་མེད་པའི་ཅིག ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྤྲོས་པ་ནི་ཡི་གེ་དང་རྣམ་པར་རྟོགས་པ་རྣམས་ཏེ་ཚིག་གང་དེ་ཐམས་ཅད་བྲལ་བར་གྱུར་པ་དེ་ནི་སྤྲོས་པ་མེད་པའི་ཚིག་གོ། དེ་སངས་རྒྱས་ཐམས་ཅད་ཀྱི་གྲུབ་པར་གྱུར་ཅིག ་པ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་སྤྲོས་པ་ཐམས་ཅད་རབ་ཏུ་ཞི་བའི་མཚན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟར་རྟོགས་པ་མི་མངའ་ཡང་སྔོན་ལེགས་པར་སྦྱངས་པའི་ཤུགས་ཀྱིས་ཉན་པ་པོ་རྣམས་ཀྱི་རྣ ་ལམ་དུ་ཆོས་ཐོས་པར་འགྱུར་ཞིང། གང་དང་གང་གི་དོན་གང་དང་གང་ཡིན་པའི་དོན་ཇི་ལྟ་ཇི་ལྟ་བ་དེ་དང་དེ་ལྟ་བུར་གྲག་པ་དང། སྒྲ་ཡང་དེ་དང་དེ་ལྟ་བུར་གྱུར་པ་དེ་ནི་སྤྲོས་པ་མེད་པའི་གསུང་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བདག་ལ་སྐྱེ ་བར་གྱུར་ཅིག་ཅེས་སྨྲས་ལ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུ་ལ་སོགས་པ་སྟེ་ཐུན་མོང་མ་ཡིན་པར་ཤེས་པར་བྱ་སྟེ་དེ་སྐད་བརྗོད་ལ་སྔགས་བཟླས་པར་བྱའོ། །ད་ནི་ཀྱེ་མ་ཞེས་བྱ་བ་ལ་སོགས་པས་རིག་པའི་ཡོ་བྱད་དང་ཆོ་ག་སྟོན ་ཏེ། ཀྱེ་མ་སེམས་ཅན་འདི་དག་ཐམས་ཅད་ནི་མ་རིག་པས་མདོངས་པར་གྱུར་ཅེས་བྱ་བ་ལ་ཀྱེ་མ་ཞེས་བྱ་བ་ནི་སྐྱེ་བའོ། །མ་རིག་པ་ནི་མི་ཤེས་པའོ། །དེས་མདོངས་པ་ནི་ཤེས་རབ་ཀྱི་མིག་བཀག་པར་གྱུར་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིག་པ་རྟོགས་ཤིང་སྡོམ་པར་གྱུར་ཏོ་ཞེས་སྨྲས ་ལ་ཞེས་བྱ་བ་ལ་རིག་པ་ནི་ཡེ་ཤེས་སོ། །དེ་ཐུགས་སུ་ཆུད་ཅིང་ཞེས་བྱ་བ་ནི་རིག་པ་མཁྱེན་པར་འགྱུར་པའོ། །དེའི་སྡོམ་པར་གྱུར་པ་ནི་གྱུར་གྱུར་ཅིང་རྩ་བར་གྱུར་ཏོ་ཞེས་བརྗོད་པའོ། །རིག་པ་ཅི་དགའ་བར་བཟླས་ཤིང་ཞེས་བྱ་བ་ནི་རིག་པ་གང་འདོད་པ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ་ལྷག་མ་རྣམས་ནི་གོ་སླའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟོན་ཏོ། །ཇི་ལྟར་དགའ་བ་ཉིད་དུ་ཞེས་བྱ་བ་ནི་ཅི་དགའ་བར་རོ། །རྡོ་རྗེ་བཟླས་པའི་ཆོ་ག་རྒྱས་པ་ནི་འདི་ཡིན་ཏེ། ཞེས་བྱ་བ་ལ་ཇི་ལྟར་ཞེན་སེམས་དཔའ་གང་གི་ཞེས་བྱ་བ་ལ་སོགས་པས ་སྟོན་ཏེ། བཟླས་པའི་དོན་དུ་བསྒྲུབ་པར་བྱ་བ་དེ་ནི་བདག་གམ་སེམས་དཔར་བསྒོམས་ན་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་སྙིང་པོ་དང། ཕྱག་རྒྱ་དང། སྔགས་དང། རིག་པ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་བདག་དེ་ལྟར་འགྱུར་བའི་དོན་དེ་བསྒྲུབས་ན་སྐལ་པ་དང་ལྡན་པ་འགྲུབ ་པར་འགྱུར་རོ། །སེམས་དཔའ་བཞེས་བྱ་བ་ནི་ཟློས་པའི་ལྷ་གང་ཡིན་པ་དེ་སྙིང་པོ་དེའི་དོན་དུ་བསྒྲུབ་ཅིང་བསྒོམས་པར་བྱ་བ་ཡིན་ཏེ་དེ་ལྟ་བུས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཕྱག་རྒྱའི་དོན་ནི་རང་གི་ལས་ཏེ་རང་གི་ལས་ཅན་གྱི་ཕྱག ་རྒྱ་གང་ཡིན་པའི་ཕྱག་རྒྱ་དེས་ལས་དེ་བདག་ཉིད་བསྒྲུབ་པར་བསྒོམས་པ་འམ་སེམས་དཔའ་བསྒོམ་པར་བྱའོ། །ད་ནི་རིགས་ཐམས་ཅད་ཐུན་མོང་དུ་བསྒྲུབ་པའི་ཆོ་ག་རྒྱས་པ་སྟོན་ཏེ། དེ་ལ་དང་པོ་ཁོ་ནང་དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས ་ཀྱི་དངོས་གྲུབ་སྟོན་ཏེ། འདི་དག་ནི་ཕལ་ཆེར་གོ་སླའོ། །གང་འདིར་ཐེ་ཚོམ་དུ་གྱུར་པ་ཅུང་ཟད་ཡོད་པ་དེ་བཤད་པར་བྱ་སྟེ་དངོས་གྲུབ་ཆེན་པོ་ཞེས་བྱ་བ་ནི་དངོས་གྲུབ་དམ་པ་ཡིན་པར་ཤེས་པར་བྱའོ། །དང་པོ་ལྷའི་རྣལ་འབྱོར་བྱས་ནས་ནོར་འགྲུབ་པ་ལ་སོགས་པ ་བྱའོ། །རང་གི་ཏིང་ངེ་འཛིན་གྱིས་གཏེར་གྱི་གནས་དེར་རྡོ་རྗེའི་ལྟ་བས་བལྟས་ན་ཞེས་བྱ་བ་ལ་རང་གི་ཏིང་འཛིན་ནི་རང་གི་ལྷའི་རྣལ་འབྱོར་སྟེ། དེ་བྱས་ནས་གཏེར་གྱི་གནས་ཀྱི་ཚུལ་ཤེས་པར་བྱས་ལ་དང་དཔོན་པའི་གནས་སུ་བསྲུངས་པའི་ཆོ་གར་བསྲུངས་པས་བསྲུང་བ་དང་ལྷ ་མཆོད་བ་དང་གཏོར་མ་སྦྱིན་པའི་ཆོ་ག་ལ་སོགས་པ་བྱས་ནས་བཟླས་པ་བྱས་ཏེ་དེའི་འོག་ཏུ་བསྒོམ་པ་མངོན་སུམ་དུ་བྱས་ལ་རྡོ་རྗེའི་ལྟ་བས་གཏེར་གྱི་གནས་དེ་བལྟ་བར་བྱའོ། །རྡོ་རྗེ་ལྕགས་སྒེག་གི་ཕྱག་རྒྱ་བཅིངས་ནས་སྙིང་པོ་ཡང་བརྗོད་ལ་གཏེར་གྱི་བུམ་པ་ལ་སོགས་པ་རྡོ ་རྗེའི་ལྕགས་སྒྲོག་གིས་བཅིངས་པར་ཡིད་ཀྱིས་བསམ་མོ། །ཇི་ལྟར་དགའ་བ་ཉིད་དུ་བླངས་ན་ཞེས་བྱ་བ་ནི་བཞི་ཆའི་སུཾ་ཆའི་ཕྱེད་ན་ལངས?་པར་བླང་བའོ། །སིདྡྷི་སིདྡྷི་ཞེས་བྱ་བ་ནི་བཀྲ་ཤིས་པའི་ཚིག་ཡིན་ཏེ། འདི་ཐོག་མར་བརྗོད་ལ་དེ་ནས་བསྒྲུབ་པ་ལ་སོགས་པའི་ལས་རྣམས་བྱའོ། ཆུའི་སྟེང་ནས་ཕར ་འགྲོ་ཞིང་ཞེས་བྱ་བ་ནི་ཚུལ་ལ་སོགས་བའི་རྣམ་པར་བསྒོམ་སྟེ། གང་སྔར་ནམ་མཁའ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ཉིད་ནི་འདིའི་འགྲེལ་པ་ལྟ་བུ་ཡིན་ནོ། དཔག་ཚད་སྟོང་འཁོར་ཡུག་གི་ཞེས་བྱ་བ་ནི་ན་ངན?་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གེ་སླའོ། །དེ་བཞིན་གཤེགས་པ ་ཐེད་ཀྱི་རྡོ་རྗེའི་དངོས་གྲུབ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་རིག་འཛིན་གྱི་དངོས་གྲུབ་སྟོན་ཏེ་བསྒྲུབ་པ་ན་བཛྲ་?་དག?་དྷར་ཞེས་བྱ་བ་ནི་བཀྲ་ཤིས་པའི་ཚིག་ཡིན་པས་སྔར་བསྙེན་པ་བྱེད་པའི་ཚེ་ཐོག་མ་ཉིད་དུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག ་འཛིན་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨོ། །ད་ནི་དངོས་གྲུབ་ཆེན་པོ་འགྲུབ་པ་སྟོན་ཏེ་བདག་ཉིད་ཕྱག་རྒྱའི་སྙིང་པོའི་དོན་བསྒྲུབ་ཅེས་བྱ་བ་ནི་སྙིང་པོས་དོན་གང་སྟོན་པས་རང་རང་གི་སེམས་དཔའ་གཟུགས་སུ་བདག་ཉིད་རྣམ་པར་གནས་པར་བྱས་ལ་བཟླས་པར་བྱ་བའི་སྙིང་པོའི་དོན་བྱེད ་བཞིན་དུ་བདག་ཉིད་ཕྱག་རྒྱའི་གཟུགས་སུ་བསྒྲུབ་པ་སྟེ་དེ་ལ་སོགས་པ་གཞན་ཐམས་ཅད་ནི་གོ་སླའོ། །ཚེའི་ཚད་མ་ལུས་ཤིང་ལུས་པ་མེད་པའི་བསྐལ་པ་ཆེན་པོའི་ཚང་དུ་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ན་ཚེའི་ཚད་ལུས་པ་མེད་པའི་བསྐལ་བ་ཆེན་པོའི་ཚད་དུ་འགྱུར་རོ ་ཞེས་པའོ། འདི་སྐད་སྟོན་ཏེ། འཇིག་རྟེན་ཁམས་གང་དང། གང་དུ་སྐྱེས་པ་དེ་དང་དེར་བསྐལ་པ་ཆེན་པོའི་ཚད་ཀྱི་ཆེར་འགྱུར་བའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གདོན་མི་ཟ་བར་སྩལ?་ཞེས་བྱ་བའི་རྡོ་རྗེ་ཏེ། ?་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན ་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པར་རྟོགས་པའི་དངོས་གྲུབ་བཞི་ཡིན་པས་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་?། །དེ་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་དངོས་གྲུབ་དང?་དབང་བསྐུར་ཐམས་ཅད་ཀྱི་པོས ་གྲུབ་དང། བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དང། དངོས་གྲུབ་དམ་པ་རྣ?་སོ། དེ་ལས་ཐོག་མར་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱད་ཅིངས་ལ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྟོན་ཏོ། དེ་ནས་ཧཱུཾ་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི ་སྐད་སྟོན་ཏེ། གང་གིས་ཐ་མལ་པར་གྱུར་པ་ལྟར་མི་འཇིགས་པར་བྱས་ལ་ཧཱུཾ?་ཞེས་བྱ་བས་གཟུགས་དེ་བསྒྲུབ་བར་བྱའོ། །བཀའ་རིང་དབང་དུ་འགྱུར་ཞེས་བྱ་བ་ནི་བཀའ་ཉན་ཅིང་དང་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། དེ་ཕྱིན་ཆད་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པར ་འགྱུར་རོ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་པོ་མ་ལུས་པའི་བདག་པོ་རྡོ་རྗེ་?་ནོ་བ་ལྟ་བུ་གཉིས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་འགྲོ་ཞིང་འཇིག་རྟེན་གསུམ་པོའི་འཁོར་ལོ་ཐམས་ཅད་ཀུན་ཏུ་བསྐོར་ཏེ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཡིན་པས་ན་འཇིག་རྟེན་གསུམ་སྟེ། སའི་འཇིག ་རྟེན་ནི་གང་ས་ལ་གནས་པའི་སེམས་ཅན་རྣམས། །ས་བླའི་འཇིག་རྟེན་ནི་བར་སྣང་ལ་སྤྱོད་པ་རྣམས་སོ། མཐོ་རིས་ཀྱི་འཇིག་རྟེན་ནི་གཞལ་ཡས་ཁང་གི་གནས་ན་འཁོད་པའི་ལྷ་གང་ཡིན་པ་རྣམས་ཏེ། འཇིག་རྟེན་གསུམ་པོ་དེ་དག་ཉིད་འཁོར་ལོ་ཡིན་པས་ན་འཇིག་རྟེན་གསུམ་པའི་འཁོར ་ལ་ཐམས་ཅད་དོ། །དེ་ཀུན་ཏུ་བསྐོར་བ་ནི་ཀུན་ཏུ་རྒྱུ་ཞིང་འགྲོ་བ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལ་བཀའ་སྩོལ་ཅིང་ཞེས་བྱ་བ་ནི་བཀའ་སྒོ་བ་ཙམ་གྱིས་བྱ་བ་ཐམས་ཅད་ལ་ངེས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། ལྷག་མ་རྣམས་ནི་གོ་སླའོ། །སྔ་མ་ནི་ཧཱུཾ་ཞེས་བྱ་བའི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཀྱི་འབྲས་བུ་ཤིན་ཏུ་ཕུལ་དུ་བྱུང་བར་གསུངས་པ་ཡིན་ལ། ད་ནི་?་གཟུགས་བརྙན་སྐོར་འབྱིན་པར་འགྱུར་ན་དངོས་གྲུབ་ཀྱི་མཚན་མ་སྟེ་དེ་ནི་ཕལ་བ་ཡིན་པའི་ཕྱིར་ཁྱད་པར་ནི་དེ་ཡོད་དོ། །ད་ནི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས ་དབང་བསྐུར་བ་ཐམས་ཅད་ཀྱི་དངོས་གྲུབ་སྟོན་ཏེ། ཕྱག་རྒྱ་བསྒྲུབ་ཅེས་བྱ་བ་ནི་འདས་མ་ཐག་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བཤད་དོ། །ད་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེའི་ཕྱག་རྒྱ་དང་པོར་བདག་ཉིད་བསྐུལ་བ་ལ་ཞེས་བྱ་བ་ནི་སྤྱིར་བཤད་པ ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་གང་ཡང་རུང་བ་རྣམས་སྒྲུབ་པའི་ཚེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་པའི་རིན་པོ་ཆེའི་ཕྱག་རྒྱས་དང་པོ་ཉིད་དུ་བདག་ཉིད་དབང་བསྐུར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་པའི་རིན་པོ་ཆེའི་ཕྱག་རྒྱ་ནི་འཇིག ་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་སྟེ་དེས་དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བར་བྱའོ། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བ་དོན་དུ་གཉེར་བ་རྣམས་ཀྱིས་ནི་བྱིན་གྱིས་རློབ་པ་དང། དབང་བསྐུར་ལ་སོགས་པ ་རྣམས་ཀྱིས་རང་གི་ལྷའི་རྣལ་འབྱོར་དུ་བྱས་ལ་དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་བདག་ཉིད་དབང་བསྐུར་བར་བྱའོ། །དང་པོར་ཞེས་བྱ་བ་ནི་བཟླས་བརྗོད་དང་སྒོམ་པའི་དུས་ལས་དང་པོར་ཡིན་གྱི། རང་གི་ལྷའི་རྣལ་འབྱོར་དུ་བྱེད་པ་ལས་དང་པོ་ན་མ་ཡིན་ཏེ་འདི་ནི་ཆོ་ག་ཐ་དད་པ་ཉིད ་ཡིན་པའི་ཕྱིར་རོ། །དོན་གྱི་དངོས་གྲུབ་དང། རྫུ་འཕྲུལ་གྱི་དངོས་གྲུབ་དང། རིགས་འཛིན་གྱི་དངོས་གྲུབ་དང་ཞེས་བྱ་བ་ལ་སོགས་པ་ནི་བཀྲ་ཤིས་པའི་ཚིག་ཡིན་པར་མཚུངས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ནས་སྦྱོར་འདིས་གྲུབ་པ་དང་དབང་བསྐུར་རྣམ་པ་བཞིན་འགྱུར་བ་ནི་? ་ལོས་སྒྱུར་བ་རྣམས་པ་བཞིའི་འབྲས་བུ་སྦྱིན་པར་བྱེད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནི་དེ་ཡང་ཞེས་བྱ་བ་ལ་སོགས་པས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་སྟོན་ཏེ། བདེ་བ་ནི་ལུས་ཀྱིས་བདེ་བ་སྟེ་དང་པོ་ལྔ་ལས་བྱུང་?་མྱོང་བའི། །ཡིད་བདེ་བ་ནི་ཡིད་ཀྱིས ་མྱོང་པ་སྟེ་དེ་གཉིས་གའི་ཡང་དངོས་གྲུབ་ཡིན་པས་བདེ་བ་དང་ཡིན་བདེ་བའི་དངོས་གྲུབ་བོ། །ཇི་ལྟ་ཞེ་ན། འདི་ལྟར་རྟག་ཏུ་གསང་བའི་མཆོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་?་མཆེད་པ་བྱས་ན་ཞེས་བྱ་བ་གསུངས་ཏེ། གསང་བའི་མཆོད་པ་ནི་སྒེག་མོ་ལ་སོགས་པ་བཞི་དང། གསང་བའི་མཆོད་པ་བཅུ་དྲུག ་གསང་བའི་དཀྱིལ་འཁོར་དུ་གསུངས་པ་གང་ཡིན་པ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་བྱས་ན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་གཟུང་གི་།དེ་བཞིན་གཤེགས་པ་རྣམས་ནི་མ་ཡིན་ཏེ། དེ་ལ་གསང་བའི་རྣམས་ཀྱིས ་མཆེད་ན་བདེ་བ་དང་ཡིད་བདེ་བ་འགྲུབ་པར་འགྱུར་རོ། །ད་ནི་དངོས་གྲུབ་དམ་པ་སྟོན་ཏེ་དེ་ཡང་འདི་ལྟར་རྡོ་རྗེ་འཛིན་པ་དང་ཞེས་བྱ་བ་གང་ཡིན་པའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་སུ་རྟོགས་པའི་དངོས་གྲུབ་སྟོན་ཏེ། དེ་ཡང་རྣམ་པ་བཞི་སྟེ། མཉེས་པར་བྱ་བ་དང། དབང་དུ་བྱ་བ་དང ་བསྲུང་བ་དང། པདྨའི་དངོས་གྲུབ་རྣམས་སོ། །དེ་ལས་ཀྱང་མཉེས་པར་བྱ་བའི་བསྒྲུབ་པ་དང་པོར་བཤད་དེ། ཇི་ལྟར་པདྨའི་འདོད་པ་བསྒོམས་ན་ཞེས་བྱ་བ་ལ་པདྨའི་འདོད་ཆགས་ཡིན་པས་ན་པདྨའི་འདོད་པ་སྟེ་བསྒྲུབ་པར་བྱ་བའི་སྙིང་ལ་པདྨ་དམར་པོ་བསམས་ལ་དེའི་ཆགས་པས་དེ ་མཉེས་པར་བྱའོ། །དེ་ལྟར་ན་པདྨའི་ཇི་ལྟ་བ་བཞིན་དུ་བསྒོམས་པ་ཡིན་ཏེ་དེ་ལྟར་ན་སྦྱོར་བ་འདིས་ཐམས་ཅད་མཉེས་པར་བྱེད་ནུས་པར་འགྱུར་རོ། །བདག་ཉིད་འཇིག་རྟེན་དབང་ཕྱུག་རྗེས་སུ་དྲན་པར་བྱས་ན་ཞེས་བྱ་བ་ནི་བདག་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་ལ་བསྒྲུབ་པར ་བྱ་བའི་སྙིང་དུ་ཞུགས་ཏེ་དེའི་ངོ་བོ་ཉིད་དུ་བྱེད་ན་སེམས་ཅན་ཐམས་ཅད་དབང་དུ་བྱེད་ནུས་པར་འགྱུར་རོ། །འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ཏེ་བྱམས་པས་འགེངས་པར་ཤར་ཕྱོགས་ནས་བརྩམས་ལ་ཕྱོགས་བཞི་དང། མཚམས་རྣམས་དང། བླ་འོག་གི ་ཕྱོགས་བཅུ་ཅར་དུ་རིམ་གྱིས་ཁྱབ་པར་བྱས་ཤིང་བསམ་པ་བརྟན་པས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བྱམས་པ་བསྒོམས་ན་དེ་ལྟ་བུས་སེམས་ཅན་ཐམས་ཅད་བསྲུང་བ་དང། སྤ་བ་དང། བསྐྱབ་ནུས་པར་འགྱུར་རོ། །དེ་ལ་བསྲུང་བ ་ནི་མི་མ་ཡིན་རྣམས་སོ། །སྦབ་ནི་མི་རྣམས་ལས་མཚོན་ལ་སོགས་པ་མི་འབབ་པར་བྱེད་པའོ། །བསྐྱབ་པ་ནི་དགྲ་པོ་རྣམས་ཀྱི་མིག་ལམ་དུ་གྱུར་པ་ལས་ཀྱང་མི་མཐོང་བར་བྱེད་པའོ། །ད་ནི་པདྨའི་དངོས་གྲུབ་སྟོན་ཏེ། བདག་ཉིད་པདྨའི་ཏིང་ངེ་འཛིན་དུ་ཞུགས་པ་ཞེས་བྱ་བ་ནི་འཇིག ་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ནས་སོ། །པདྨའི་ལག་པར་བླངས་ཏེ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་གཟུང་སྟེ། བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་ན་དེ་ནས་འཇིག་རྟེན་དབང་ཕྱུག་ཏུ་འགྲུབ་པར་འགྱུར་རོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་སྟོན་ཏེ ་འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དངོས་གྲུབ་དང། གཟི་བརྗིད་ཀྱི་མཆོག་དང། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང། རིན་པོ་ཆེའི་དངོས་གྲུབ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དངོས་གྲུབ་ནི་དེ་བཞིན་གཤེགས ་པ་ཐམས་ཅད་ལ་དབང་བསྐུར་བ་སྟེ། ཅིའི་ཕྱིར་ཞེ་ན། ཉིད་ཀྱིས་དབང་བསྐུར་དབུལ་བའི་ཕྱིར་རོ། །འདི་སྐད་སྟོན་ཏེ་བདག་ཉིད་རྡོ་རྗེ་རིན་ཆེན་དུ་བསམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་དབུལ་པའོ། །སྔར་བསྙེན་པ་བྱེད་པའི་ཚེ་དཀོན་མཆོག་གསུམ་དང་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མར་མེ་ཕུལ་བས་གཟི་བརྗིད་ཀྱི་མཆོག་འཐོབ་པར་འགྱུར་རོ། །ཅི་ནུས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ལས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འགྲུབ ་པ་འཐོབ་པར་འགྱུར་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གྲུབ་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བག་ཟན་ལ་སོགས་པ་ལས་བྱས་པའི་རིན་པོ་ཆེའི་གཟུགས་བརྙན་ཙམ་དུ་ཡང་དབུལ་བ་དང། དེ་བཞིན་གཤེགས?་པ་རྣཾས་ལ་རིན་པོ་ཆེ་དབུལ་བ་དང། རིན་པོ་ཆེ ་བསྒོམས་པས་རིན་པོ་ཆེའི་དངོས་གྲུབ་ཏུ་འགྱུར་རོ། །དངོས་གྲུབ་འདི་དག་གིས་ཞེས་བྱ་བ་ནི་ཇི་སྐད་གསུངས་པ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ན་ཞེས་བྱ་བ་ནི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ནི་ཇི་ལྟར་མངོན་པར་འདོད་པས་དངོས་གྲུབ་རྣམས་འཐོབ་པར་འགྱུར་རོ།། ་དེ་དག་གི་རིགས་དང་རྗེས་སུ་མཐུན་པའི་དངོས་གྲུབ་བསྟན་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་སྤྱིའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བསམས་པའི་དོན་ཚོགས་ཆུང་དུས་མྱུར་དུ་རྟོགས་པའི་ཕྱིར་ན་ཐབས་ཤེས་བྱ་སྟེ་ཤེས་རབ་ཀྱི་ཁྱད་པར་རོ། །དེ་ལྟ་བུའི་སེམས་ཀྱི་དངོས ་གྲུབ་གང་ཡིན་པ་དེ་ནི་ཐབས་ཀྱི་དངོས་གྲུབ་སྟེ་དེ་སྟོན་པའི་གཞུང་ཡིན་པས་ན་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །འཇིག་རྟེན་འདུལ་བ་ཇི་ལྟ་བ་ཞེས་བྱ་བ་ནི་གདུལ་བའི་རྣམ་བ་ཅི་དང་ཅི་ལྟ་བུས་འཇིག་རྟེན་རྣམས་གདུལ་བར་གྱུར་པ་གང་ཡིན་པ་དེ་ནི་འཇིག་རྟེན་འདུལ་བ་ཇི་ལྟ་བའོ། །དེ་དང་འདྲ་བར་དངོས ་གྲུབ་འདོད་ཅེས་བྱ་བ་ནི་དོན་གྱི་དངོས་གྲུབ་དང། རྫུ་འཕྲུལ་གྱི་དངོས་གྲུབ་དང། རིག་འཛིན་གྱི་དངོས་གྲུབ་ལ་སོགས་པའོ། །གང་དུ་འདོད་ཅེ་ན་རྒྱུད་འདིར་རོ། །དངོས་གྲུབ་དེ་དག་འཐོབ་པའི་ཐབས་ཀྱང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་དེའི་ཐབས་ནི་ཕྱག་རྒྱ་སྟེ་ཞེས་བྱ་བ་སྟེ་ཕྱག་རྒྱ་ནི་རྣམ་པ་བཞིའོ། །ཐབས་དེ ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་དངོས་གྲུབ་ཆེན་པོ་ཀུན་སྦྱིན་ནོ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ན་ཕྱག་རྒྱ་ཐབས་ཆེན་པོ་ཡིན་ཞེ་ན་གང་གི་ཕྱིར་མཐོང་བ་དང། མ་མཐོང་བའི་འབྲས་བུ་གང་ཅུང་ཟད་ཡན་ཆད་ཅི་སྒྲུབ་པ་དེ་དག་ཐམས་ཅད་ཕྱག་རྒྱ་བཞིའི་སྦྱོར་བས་བྱེད་པའི་ཕྱིར་རོ། །དེ་ནི་ཕྱག་རྒྱའི་ལས་ཀྱི ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཀྱི་ཐབས་ཡིན་པས་ན་ཕྱག་རྒྱའི་ཐབས་སོ། །དེས་དངོས་གྲུབ་འཐོབ་པའི་ཕྱིར་ཕྱག་རྒྱའི་ཐབས་ཀྱི་དངོས་གྲུབ་བོ། །རྒྱུད་གང་དུ་དེ་སྟོན་པ་དེ་ནི་ཕྱག་རྒྱའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ་དེ་སྟོན་པའོ། །ཐབས་དེ་ཡང་འཇིག་རྟེན་པ་རྣམས་དང་མི་མཐུན་པ་ཡིན་ཏེ། ཇི་ལྟ་ཞེ་ན། ་གང་གི་ཕྱིར་འཇིག་རྟེན་ཆགས་དང་བྲལ་བས་འདུལ་བ་ཞེས་བྱ་བ་སྟེ། ཆགས་བྲལ་ནི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་ཤིང་སྲེད་པ་དང་བྲལ་བའོ། །ཆགས་པ་དང་བྲལ་བས་ངེས་འཇིག་རྟེན་གང་འདུལ་བར་འགྱུར་བ་དེ་ནི་འཇིག་རྟེན་ཆགས་དང་བྲལ་བས་འདུལ་ཞེས་བྱ་བ་སྟེ། དེ་ཕྱག་རྒྱའི་དངོས་གྲུབ་མི ་འདོད་དོ། །གལ་ཏེ་ཆགས་པ་དང་བྲལ་པས་འདུལ་བ་ཞིག་ཡིན་ན་ཡང་ཕྱག་རྒྱའི་དངོས་གྲུབ་ཅིའི་ཕྱིར་མི་འདོད་ན། དེའི་ཕྱིར་ཕྱག་རྒྱའི་དངོས་གྲུབ་ཆགས་ལས་སྐྱེས་ཞེས་བྱ་བས་སྟོན་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་གི་ངོ་བོ་ལ་མཆོག་ཏུ་ཞེན་པ་དང། མཆོག ་ཏུ་དགའ་བ་དང། མཆོག་ཏུ་སྲད་པས་འགྲུབ་པར་འགྱུར་རོ། །དེ་ཉིད་ཆེན་པོ་བརྗོད་བྱ་སྟེ། །ཚིག་ངེས་ཐམས་ཅད་དེ་བདག་ཉིད་པར་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །འདི་ན་ཐབས་གཅིག་ཡིན་ཏེ་འདི་ལྟ་སྟེ་ཕྱག་རྒྱའི་ཕུལ་ལ་མཆོག་ཏུ་ཞེན་པའོ། །དེ་ལྟ་བས་ན་ཐམས་གཉིས་པ ་བསྟན་པ་ནི་དེའི་ཐབས་ནི་བསྒོམ་པ་སྟེ་ཞེས་བྱ་བ་སྟེ། གང་གི་ཕྱིར་གང་གི་གཟུགས་སུ་བདག་ཉིད་ཞེན་པར་བསྒོམས་ན་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་ཞེས་པ་སྟེ་ཐབས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་བསྒོམ་པའི་རབ་ཀྱི་མཐར་ཕྱིན་པ་ལས་དོན་ཐམས་ཅད་གྲུབ་པར་གྱུར་ཏེ། ་དེ་བས་ན་ཕྱག་རྒྱ་རྣམས་ལ་ཞེན་པ་དང། བདག་དེའི་ཚུལ་དུ་བསྒོམས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱའི་ཐབས་ཀྱི་དངོས་གྲུབ་བསྟན་ནས་ད་ནི་སྔགས་ཀྱི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྔགས་རྣམས་ཀྱི་ཐབས་གང་ཡིན་པ་དེ་ནི་སྔགས་ཀྱི་དངོས་གྲུབ་ཐོབ་མི་འགྱུར་ཞེས་བྱ་བ་གསུངས་ཏེ ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་རྫོགས་ལྡན་གྱི་དུས་ན་ནི་བདེན་པ་བསྲུངས་པ་ཙམ་གྱིས་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་མངོན་པར་འདོད་པའི་དོན་རྣམས་འགྲུབ་པར་འགྱུར་རོ་ཞེས་གྲག་གོ། དུས་དེང་སང་གི་སྔགས་པ་ནི་མང་དུ་སྨྲ་པ་དང་སྤྲོས་པ་མངོན ་པར་དགའ་བ་ཡིན་པས་ཤིན་ཏུ་ཉོན་མོངས་སུ་ཟིན་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་ལྟར་སྔགས་འགྲུབ་པར་བྱ་བའི་ཐབས་ཅི་ཞིག་ཡོང་ཅེ་ན། དེའི་ཕྱིར་སྤྲོས་པ་མེད་པའི་ཐབས་ཀྱིས་ནི། དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར་ཞེས་བྱ་བ་གསུངས་སོ། །སྤྲོས་པ་མེད་པ་ཐབས་ནི་མི་སྨྲ ་བ་སྟེ་ཇི་ལྟར་འཇིག་རྟེན་པ་དག་མི་སྨྲ་དོན་དུ་སྒྲུབ་བྱེད་ཡི་ཞེས་ཟེར་བ་ལྟ་བུའོ། །དེས་ན་འདིར་སྔགས་གྲུབ་པའི་ཐབས་ནི་མི་སྨྲ་བ་ཡིན་པར་བསྟན་ཏོ། །ད་ནི་རེག་པའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཀྱི་ཐབས་ཡིན་པས་ནི་རིག་པའི་ཐབས་ཏེ་ཐབས ་གང་གིས་རིག་པའི་དངོས་གྲུབ་འཐོབ་པར་འགྱུར་བ་དེ་སྟོན་པར་བྱེད་པའི་རྒྱུད་ཡིན་པས་ན་རིག་པའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །གང་གི་ཕྱིར་འཇིག་རྟེན་འདི་ན་འབད་པ་དང་ལྡན་དུ་ཟིན་ཀྱང་རིག་པ་རྣམས་འགྲུབ་པར་མི་འགྱུར་བ་ནི་རིག་མངོན་ཆགས་འདི་ལ་ནི་ཞེས་བྱ་བ་སྟེ། འཇིག་རྟེན་ཞེས ་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་བས་ན་དེ་ལ་རིག་པའི་དངོས་གྲུབ་ཡོང་མིན་ཏེ་ཞེས་བྱ་བ་ལ་རིག་པ་ནི་མི་ཤེས་པ་སྟེ་རྨོངས་པ་ཡིན་ལ་རྨོངས་པའི་ཡིད་ཀྱིས་ནི་ཐབས་མེད་པའི་ཕྱིར་དངོས་གྲུབ་ཐོབ་པར་ག་ལ་འགྱུར། དེ་ལྟར་ན་རིག་པའི་དངོས་གྲུབ་ཐོབ་པའི་ཐབས་གང་ཞིག་ཡིན ་ཞེ་ན། དེའི་ཐབས་ནི་རྒྱ་ཆེ་བས་ཞེས་བྱ་བ་གསུངས་ཏེ། རྒྱ་ཆེ་བ་ནི་རྣམ་པར་དབེན་པའི་ཤེས་རབ་སྟེ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཡིན་པས་ན་དོན་དམ་པ་ཅན་ནོ། །ཀུན་རྫོབ་དུ་རྣམ་པར་རྟོག་པ་ཙམ་ལ་རག་ལས་པ་ཡིན་ནོ། །དེ་བས་ན་ཡང་དག་པ་འམ་ཡང་དག་མིན།། ་ཤིན་ཏུ་བསྒོམས་པ་གང་གང་ཡིན། སྒོམ་པའི་སྟོབས་ཀྱི་རྫོགས་འགྱུར་མ། དེ་དང་དེ་བཞིན་སྣང་བར་འགྱུར་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ན་རྒྱ་ཆེ་བ་ནི་དངོས་གྲུབ་ཀུན་གྱི་མཆོག་འཐོབ་བོ་ཞེས་བྱ་བ་ཡིན། དེ་ལྟར་རྟོགས་པ་ཐམས་ཅད་ཐབས་ཀྱི་དངོས་གྲུབ་རྫོགས་པར་མཛད་ནས ་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྟོག་པ་ཐམས་ཅད་ཀྱི་སྦྱིར་བསོད་ནམས་ཀྱི་དངོས་གྲུབ་ཀྱི་ཐབས་ཤེས་རྒྱུད་གང་ལས་བསྟན་པ་དེ་ནི་རྟོག་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་དངོས ་གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོ་མཆོད་པ་རྣམ་པ་བཞི་ཞེས་བྱ་བ་ལ་སོགས་པས་སྙིང་པོ་ཐམས་ཅད་ཀྱི་བསོད་ནཾས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཆོད་པ་རྣམ་བཞི་བྱས་ན་ནི་། །བསོད་ནམས་ཆེན་པོ་འཐོབ་འགྱུར་ཏེ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན ་འདས་རྣམས་ལ་བདུག་པ་ལ་སོགས་པ་རྣམ་པ་བཞིས་མཆོད་པ་བྱས་ན་བསོད་ནམས་བླ་ན་མེད་པ་འཐོབ་པར་འགྱུར་རོ། །དེ་ནས་སངས་རྒྱས་དེ་དག་ལ་དེ་ལྟར་མཆོད་པས་བསོད་ནམས་མེད་ཀྱང་སངས་རྒྱས་མཆོད། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་བྱ་བ་གསུངས ་པ་ཡིན་ཏེ། སྐྱེ་བ་གཞན་ལ་བསོད་ནམས་མ་བྱས་ཟིན་ཀྱང་མཐོང་བའི་ཆ་འདི?་ཉིད་ལ་སངས་རྒྱས་ལ་མཚོན་བརྒྱས?་པས་འགྲུབ་པར་འགྱུར་པ་འདི་ལ་ཐེ་ཚོམ་མེད་ཞེས་བྱ་?་དོ། །ད་ནི་དམ་ཚིག་གསང་ག་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད ་སྟོན་ཏེ། ཕྱག་རྒྱ་རྣམས་ཀྱི་བསོད་ནམས་ཡིན་པས་ན་ཕྱག་རྒྱའི་བསོད་ནམས་སོ། །དེས་དངོས་གྲུབ་ཐོབ་པས་ན། ཕྱག་རྒྱའི་བསོད་ནམས་ཏེ་དེ་ཡིན་ཏེ། གང་དུ་སྟོན་པ་དེ་ནི་ཕྱག་རྒྱའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དམ་ཚིག་གསང་བ་བསྲུང་ན་ནི། །བསོད་ནམས་ཆེན་པོ་ཐོབ་འགྱུར་ཏེ ་ཞེས་བྱ་བ་ལ་ཕྱག་རྒྱ་རྣམས་ཀྱི་དམ་ཚིག་གི་གསང་བ་བསྲུང་བ་ལས་བསོད་ནམས་ཆེན་པོ་འཐོབ་པར་འགྱུར་བའོ། །བསོད་ནམས་མེད་ཀྱང་ཞེས་བྱ་བ་ནི་སྐྱེ་བ་གཞན་དག་ཏུ་བསོད་ནམས་མ་བྱས་སུ་ཟིན་ཀྱང། དེ་ལྟར་དམ་ཚིག་བསྲུངས་པའི་བསོད་ནམས་ཀྱི་རྒྱུས་འགྲུབ་པར་འགྱུར ་བའོ། །ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྔགས་རྣམས་ཀྱི་བསོད་ནམས་ཡིན་པས་ན་སྔགས་ཀྱི་བསོད་ནམས་སོ། །དེས་དངོས་གྲུབ་འཐོབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་སྔགས་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །སངས་རྒྱས་མཚན ་ལ་སོགས་བརྗོད་ན། །བསོད་ནམས་ཆེན་པོ་ཐོབ་འགྱུར་ཏེ་ཞེས་བྱ་བ་ནི། སྔགས་ཀྱི་བསོད་ནམས་དེ་ཡིན་ཏེ། །སངས་རྒྱས་མ་ཆེན་ལ་སོཌ་པའི་ཚིག་བརྗོད་པ་ནི་ཞལ་ནས་གསུངས་པའི་ཚིག་སྟེ་དེ་བརྗོད་པས་བསོད་ནཾས་ས་ཆེན་པོ་འཐབ་པའོ། །བསོད་ནམས་མེད་ཀྱང་མྱུར་པར་ནི། །མཆོད་སྦྱིན་པས་ནི་དངོས་གྲུབ་འཐོབ་ཅེས་བྱ་བ་ནི་སྔོན ་ཚེ་རབས་སུ་བསོད་ནམས་མ་བྱས་སུ་ཟིན་ཀྱང། དམ་པའི་ཆོས་ཀྱི་སྦྱིན་པའི་བསོད་ནམས་ཀྱིས་མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར་རོ། །ད་ནི་བསོད་ནམས་ཞེས་བྱ་བ་ལ་སོགས་པས་རིག་པའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཀྱི་བསོད་ནམས་ཡིན་པས་ན་རིག་པའི ་བསོད་ནམས་སོ། །དེས་དངོས་གྲུབ་འཐོབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་རིག་པའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དགེ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་གཟུང་ངོ། །རིག་པའི་བསོད་ནམས་དེ་གང་ཡིན་ཞེ་ན། བསོད་ནམས་ནང་ན་སྦྱིན་པ་མཆོག་ཅེས་བྱ་བ་གསུངས་ཏེ། དེ་ལྟ་བས་ན་ཟློས ་པ་པོས་ཅི་ནུས་པར་སྦྱིན་པ་བྱིན་ན་བསོད་ནམས་ཐོབ་པར་འགྱུར་རོ། །དེ་ནས་ཅིར་འགྱུར་ཞེ་ན། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ན། །མྱུར་དུ་སངས་རྒྱས་ཉིད་དུ་འགྲུབ་ཅེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ་དེ་གང་གི་?་པ་པོས་ཕ་ཡི་དང་ནང་གི་དངོས་པོ་ཐམས་ཅད་བསམ་པ་བག་པ་ནས་ཡོངས་སུ་གཏོང་དེའི?་བདག་ཉིད ་ཡིན་པར་བསམ་པ་ལྷག་པར་མོས་པས་བསྒོམས་ན་དེའི་ཚེ་འདིའི་བསམ་པ་ཡོངས་སུ་དག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་སོ་ཞེས་སྟོན་ཏོ། །དེ་ནས་དེ་རྣམས་སོ་སོར་རྟོགས་པ་སྒོམ་པའི་རིམ་གྱིས་སངས་རྒྱས་པ་མཚན་ཉིད་ཀྱི་དངོས་གྲུབ་འཐོབ་སྟེ། ཇི་སྐད་དུ་ཡེ་ཤེས་ཚེ་སྟོབས་ནད་མེད་དང ་ཞེས་བྱ་བ་ལ་སོགས་པ་སྔར་ཇི་སྐད་བཤད་པ་དང། དེ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྲུབ་བོ་ཞེས་བྱ་བ་ཇི་སྐད་གསུངས་པའོ། །དེས་ཀྱང་ཚོགས་ཡོངས་སུ་རྫོགས་ནས་མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་འདི་ནི་བསོད་ནམས་ཀྱི་དངོས་གྲུབ་ཀྱི ་རྒྱུད་དོ། །ད་ནི་རྟོག་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྟོཌ་པ་ཐཾ་ཅད་ཀྱི་སྤྱི་བཤེས་རབ་ཀྱི་དངོས་གྲུབ་འཐོབ་པའི་རྒྱུད་གང་དུ་སྟོན་པ་དེ་ནི་རྟོག་པ་ཐཾ་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོར་སྙིང་པོའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །སྙིང་པོ་རྣམས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་རྒྱུད་གང་དུ་སྟོན་པ་དེ་ནི་སྙིང ་བོའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཤེས་རབ་གང་གིས་སྙིང་པོའི་གྲུབ་པར་བྱེད་པའི་ཤེས་རབ་དེ་གང་ཡིན་ཞེ་ན། དེའི་ཕྱིར་ཡི་གེ་ཨ་ལ་འཇུག་བྱེད་ཅིང་ཞེས་བྱ་བ་གསུངས་ཏེ། ཨ་ཞེས་བྱ་བའི་ཡི་གེ་འདི་ནི་ཡི་གེ་ཐམས་ཅད་ཀྱི་གནས་ཡིན་ཏེ། གང་གི་ཕྱིར་ཀ་ལ་སོགས་པའི་ཡི་གེ་རྣམས་ཡི་གེ ་ཨ་ལས་བརྟེན་པ་དང། ཡི་གེ་ཐམས་ཅད་ལ་ཡང་འཇུག་པར་བྱེད་པ་ཡིན་ཏེ། བརྗོད་པའི་དུས་ན་ཨ་ཞེས་བྱ་བས་མངོན་སུམ་མམ་བརྒྱུད་དེ་ཡི་གེ་ཐམས་ཅད་འདོད་པ་ལ་སོགས་བྱེད་པ་དང། དོན་དམ་པར་མ་སྐྱེས་པའི་དོན་སྟོན་པའི་ཕྱིར་དང། ཡི་གེ་ཐམས་ཅད་ཀྱི་དོན་སྟོན་པའི་ཕྱིར་ཏེ། དཔེར་ན ་ནམ་མཁའ་ཞེས་བྱ་བ་ནི་ལས་དང་རྣམ་པར་སྨིན་པ་ཉིད་ཀྱིས་སོ། །ག་ཞེས་བྱ་བ་ནི་ནམ་མཁའ་དང་མཚུངས་པ་ཉིད་དོ། །ག་ཞེས་བྱ་བ་ནི་འགྲོ་བ་ཉིད་དང། གྷ་ཞེས་བྱ་བ་ནི་བུམ་པ་དང་མཚུངས་པ་ཉིད་དང། ང་ཉ་ཎ་ན་མ་རྣམས་ནི་རང་གི་སྡེ་ཚོམས་ཀྱི་དོན་གསལ་བར་བྱེད་པ་ཡིན་ཀྱི་བརྡའ་སྤྲོད་? ་ཚིག་ཅན་ནི་མ་ཡིན་ནོ། །ཙ་ནི་གཡོ་བ་ཉིད་དེ་དེ་དག་ལ་སོགས་པ་མདོ་སྡེ་དག་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ལྟར་དེ་ལ་སོགས་པ་ཀུན་རྫོབ་དང་དོན་དམ་པར་སྟོན་པ་ཡིན་པས་ན་ཡི་གེ་ཨ་ཉིད་ཀྱི་ནང་དུ་ཡི་གེ་ཐམས་ཅད་ཆུད་པར་ཨའི་དོན་རྟོགས་པར་བྱས་ལ། རང་གི་ཁ་ནས་གཞན་ཞལ ་དུ་ཞེས་བྱ་བ་སྟེ་རང་གི་ཁ་ནས་ཀྱང་སྙིང་པོ་འབྱུང་བ་དང། གཞན་གྱི་ཞལ་ཞེས་བྱ་བ་ལྷའི་ཞལ་ནས་ཀྱང་སྙིང་པོ་འདི་བྱུང་བ་དེ་ལྟར་བསྒོམས་ན་གང་གི་ཕྱིར་ལྷ་དེར་བཀུག་པ་དང་བཅུག་ནས་འཇོག་པའི་ཕྱིར་རོ། །དེ་བས་ན་ལྷའི་ཞལ་ནས་སྙིང་པོ་འབྱུང་བ་རང་བཞིན་གྱིས་གྲུབ་པ་ཉིད་ཡིན་པ་དེ་བཞིན་དུ་བདག་གི་ཁ་ནས་འབྱུང་བ་ཡང་དེ་དང་འདྲའོ་ཞེས་དེ་ལྟར་བསྒོམས་ན་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་མའི་དཔལ་གྱིས་གསུངས་སོ། །ད་ནི་ཤེས་རབ་ཅེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཤེས ་རབ་ཀྱིས་གྲུབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་ཕྱག་རྒྱའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཤེས་རབ་ངེས་འབིགས་ཞེས་བྱ་བ་ཏིང་ངེ་འཛིན་ཅེས་གྲགས་པ་སྟེ་ཞེས་བྱ་བ་ལ་རབ་ཏུ་ཤེས་པའི་ཕྱིར་ནི་ཤེས་རབ་བོ། །ངེས་པར་འབིགས་པའི་ཕྱིར་ན་ངེས་འབིགས་ཏེ་འབིགས་པ་ནི་རྟོགས་པའོ། །དེ་ཡང ་ངེས་པར་འདིགས་པར་བྱེད་པས་ངེས་འབིགས?་ནི་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ནི་ངེས་འབིགས་ཞེས་བྱའོ། །དེ་ཡང་ཏིང་ངེ་འཛིན་ཅེས་གྲགས་པ་སྟེ་ཞེས་བྱ་བ་སྟེ། གང་གི་ཕྱིར་ལྷག་མཐོང་ལྷག་པར་གྱུར་པ་དེ་ཉིད་ནི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཤེས་རབ ་ངེས་ནི་ཕྱག་རྒྱ་མྱུར་འགྲུབ་པར། བསྒོམས་ན་ཉིད་དུ་འགྲུབ་པར་འགྱུར་ཞེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་གྱུར་ན་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་བྱས་ཤིང་དེ་ལ་སེམས་རྩེ་གཅིག་པར་བཞག་ན་གྱུར་དུ་འགྲུབ་པར་འགྱུར་རོ། ་ཞེས་བཅོམ་ལྡན་འདས་ཤེས་རབ་ཀྱི་མཆོག་འཕགས་པ་འཇམ་པའི་དཔལ་གྱིས་གསུངས་སོ། །ད་ནི་སྔགས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྔགས་རྣམས་ཀྱི་ཤེས་རབ་ཀྱིས་འགྲུབ་པར་རྒྱུད་གང་དུ་སྟོན་པ་དེ་སྔགས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཤེས ་རབ་སྒྲ་ནི་རྗེས་འབྲང་ཞེས་བྱ་བ་ལ་ཤེས་རབ་ནི་བཤད་ཟིན་ཏོ། །སྒྲ་ནི་དབྱངས་ཏེ་ཤེས་རབ་གང་སྒྲའི་རྗེས་སུ་འགྲོ་ཞིང་སྒྲའི་རྗེས་སུ་རྒྱུག་ལ་སྒྲ་ལ་དམིགས་པ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ནི་ཤེས་རབ་སྒྲའི་རྗེས་སུ་འབྲང་ཞེས་བྱའོ། །དེ་ཡང་ཏིང་འཛིན་ཚིག་ནི་རབ་སྤྲོས་ན་ཞེས་བྱ་བ་སྟེ། ཏིང་འཛིན་ཚིག་ཅེས ་བྱ་བ་ནི་གང་གི་ཕྱིར་རྟོགས་པ་དང་བཅས་ཤིང་དཔྱོད་པ་བཅས་པའི་ཏིང་ངེ་འཛིན་ལ་གནས་པ་དེ་ལ་སྨྲ་བ་ལྟ་བུའི་སྣང་བ་སྐྱེས་ཏེ། དེ་བས་ན་མཉམ་པར་བཞག་པའི་སེམས་ལ་ཏིང་འཛིན་ཚིག་ནི་རབ་སྤྲོས་ན་ཞེས་བྱའོ། །དེ་ཡང་འདིས་དོན་རྣམས་རབ་ཏུ་སྤྲོ་ཞིང་དཔྱོད་པས་ནི་ཡི་གེ་ཉིད་ལ་སྤྲོས ་པ་ཞེས་བྱའོ། །དེ་ལྟ་བུའི་ཤེས་རབ་ཀྱིས་ཤིན་ཏུ་བསྒོམས་པ་ལས་མྱུར་དུ་སྔགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་བློས་གསུངས་སོ། །ད་ནི་རིག་པའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཀྱི་ཤེས་རབ་ཀྱིས་འགྲུབ་པར་རྒྱུད་གང་དུ་སྟོན་པ་དེ ་རིགས་པའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རིག་དང་སྔགས་གཉིས་ཁྱད་པར་དུ། ཁྱད་པར་ཡོད་པ་མ་ཡིན་ཏེ། ཞེས་བྱ་བ་ནི་དོན་དམ་པར་ན་དངོས་པོ་མེད་པའི་ཕྱིར། ཆོས་ཐམས་ཅད་ཆ་ཤས་སུ་ཕྱེ་ནས་རྣམ་པར་དཔྱོད་ན་མཚུངས་པར་ལྡན་པ་ཡོད་པ་ཡིན་ནོ། །དེ་བས་ན་དེ་དག་གི་དོན ་ཡང་མི་རྙེད་དོ། །གཏན་ཚིགས་དེས་ན་རིག་པ་དང་སྔགས་རྣམས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་རིག་པ་དང་སྔགས་ཁྱད་པར་མེད་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་དག་ནི་རིག་པའོ། །འདི་དག་ནི་སྔགས་སོ ་ཞེས་ཅིའི་ཕྱིར་རྣམ་པར་འཇོག་པར་མཛད་ཅེ་ན། ད་ནི་དེ་ཁོ་ན་ཉིད་ལ་དཔྱད་པ་མ་མཛད་པར་འཇིག་རྟེན་པ་རྣམས་ཇི་ལྟར་མོས་པ་བཞིན་དུ་གདུལ་བྱའི་སྐྱེ་བོའི་དབང་གིས་ཇི་ལྟར་བཞག་པར་ཟད་དོ། །དེ་ལྟར་ཤེས་ནས་ཤེས་རབ་བསྒོམས་ན་མྱུར་བར་ནི། ངེས་པར་དངོས་གྲུབ་འཐོབ་པར ་འགྱུར་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་གསུངས་སོ། །ད་ནི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གཅིག་ནི་བསོད་ནམས་ཀྱི་དབང་དུ་མཛད་ནས་སྟོན་ཏོ། །གཉིས་པ་ནི་ཤེས་རབ་ཀྱི་དབང་དུ་མཛད་ནས་སྟོན་ཏོ། །ད་ནི་སྤྱིའི ་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལ་དང་པོ་ཁོ་ནར་མཆོད་པ་ཞེས་བྱ་བ་ལ་སོགས་པས་སྙིང་པོ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཆོད་པ་ཐམས་ཅད་རབ་བྱས་ན་ཞེས་བྱ་བ་ལ་མཆོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་མཆོད་པ་ཐམས་ཅད་དོ། ་ཡང་ན་ཐམས་ཅད་ཀྱི་མཆོད་པ་ཡིན་པས་ན་མཆོད་པ་ཐམས་ཅད་དེ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོད་པའོ། །ཡང་ན་རྟོག་པ་ཐམས་ཅད་དུ་གསུངས་པའི་མཆོད་པ་སྟེ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པར་ཆོས་ཀྱི་མཆོད་པ ་བཅུ་དྲུག་ཇི་སྐད་དུ་སྤོས?་པ་དང། ལས་ཀྱི་དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་གསུངས་པ་ལྟ་བུ་དང། དེ་བཞིན་དུ་རྡོ་རྗེ་རིགས་སུ་ཡང་གསང་བའི་དཀྱིལ་འཁོར་དུ་མཆོད་པ་རྣམ་པ་བཅུ་དྲུག་དང་རྣམ་པ་བརྒྱད་དུ་གསུངས་སོ། །དེ་ལྟ་བུ་ལ་སོགས་པའི་མཆོད་པ་ཐམས་ཅད་རབ་ཏུ་བྱས་ན། དགེ་བ་ཡིན་ནོ ་ཆོས་རྣམས་ཀྱི། །ཚོགས་ནི་རྣམ་པར་འཕེལ་འགྱུར་ཏེ་ཞེས་བྱ་བ་སྟེ། དགེ་བའི་ཆོས་རྣམས་ཀྱི་ཕུང་པོ་འཕེལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། དེ་ནས་ཚོགས་ནི་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཚོགས་ཡོངས་སུ་རྫོགས་པར་གྱུར་ན་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱག་རྒྱའི་ཚོགས་ཀྱི ་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་ཕྱག་རྒྱ་རྣམས་ཀྱིས་ཚོགས་ཀྱིས་འགྲུབ་པའི་རྒྱུད་གང་དུ་སྟོན་པ་དེ་ལ་ཕྱག་རྒྱའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །ཇི་ལྟ་ཞེ་ན། འཁོར་ལོ་མང་པོར་བཞུགས་པ་དང། དཀྱིལ་འཁོར་མང་པོར་བྲི་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། འཁོར་ལོ་མང་པོར་ཞུགས་པ་ནི ་དཀྱིལ་འཁོར་མང་པོར་འཇུག་པ་སྟེ་རྒྱུད་ལས་གསུངས་པའི་གསང་ཞིང་སྦ?་དེའི་དངོས་གྲུབ་དང་ཕྱག་རྒྱ་བཞིའི་དངོས་གྲུབ་ཐོབ་པར་འདོད་པ་དང། ཇི་ལྟར་གསུངས་པའི་དངོས་གྲུབ་རྣམས་ཐོབ་པར་འདོད་པས་རྟོག་པ་ཐམས་ཅད་དུ་རྟོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་འདྲུག?་པར ་བྱའོ། །གང་དཀྱིལ་འཁོར་གང་དུ་འཇུག་པ་དེ་དཀྱིལ་འཁོར་དེ་བསྟན་ཅིང་དངོས་གྲུབ་དེ་ཡང་བསྟན་པར་བྱའོ། །གལ་ཏེ་གསང་ཞིང་སྦ་བར་འཛིན་པར་ནུས་པ་ཞིག་ན། གསང་ཞིང་སྤ་བའི་མན་ངག་སྦྱིན་པར་བྱ་ཡི?་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཅི་མངོན་ཞེ་ན། གང་གི་ཕྱིར ་དཀྱིལ་འཁོར་རེ་རེ་ཞིང་ཡང་མནའི་སྙིང་པོ་རེ་རེ་བྱིན་ཏེ་གསང་ཞིང་སྦ་བའི་ལུང་དབོག་པར་བྱའོ་ཞེས་སྨོས་པའི་ཕྱིར་རོ། །གཞན་དུ་ན་དཀྱིལ་འཁོར་དུ་གཅིག་ཏུ་ཞུགས་པ་ཁོ་ནས་རྒྱུད་མ་ལུས་པའི་དོན་ཐོབ་པར་རུང་བ་ཡིན་ནོ་ཞེ་ན། ངེས་ནི་མ་རྟོགས་པ་ཡིན་ཏེ། དེ་ལྟར་ཅི་མངོན་ཞེ་ན། གང་གི་དོན་དུ་མནའི ་སྙིང་པོ་བྱིན་ནས་གདོད་གསང་ཞིང་སྦ་བ་སྟོན་ཏོ། །དེ་ལྟ་བས་ན་དཀྱིལ་འཁོར་རེ་རེར་ཞུགས་ཤིང་མཉན་དགོས་པ་དང་མན་ངག་ཀྱང་གསོལ་བ་གདབ་པར་བྱ་དགོས་པར་མངོན་ནོ། །གཞན་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་གསལ་བ་ཁོ ་ནང?་གསུངས་པ་དང། འདིར་ཡང་ཁོ་བོ་ཅག་གི་རྟོག་པ་རེ་རེ་ཞིང་དཀྱིལ་འཁོར་ཆེན་པོར་ཞུགས་པ་ན་ཕྱག་རྒྱ་ཆེན་པོ་འགྲུབ་པ་དང། དམ་ཚིག་གི་དཀྱིལ་འཁོར་དུ་ཞུགས་པས་དམ་ཚིག་གི་ཕྱག་རྒྱ་དང། ཆོས་ཀྱི་དཀྱིལ་འཁོར་དུ་ཞུགས་པས་ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་དཀྱིལ་འཁོར་དུ ་ཞུགས་པར་ལས་ཀྱི་ཕྱག་རྒྱ་རྣམས་འགྲུབ་བོ་ཞེས་བཤད་པ་ཡིན་ལ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་དང་དཀྱིལ་འཁོར་གྱི་ཡོ་བྱད་མི་འབྱོར་པ་དང། རི་མོའི་ལས་མི་མཁས་པ་རྣམས་ཀྱི་ཕྱིར་རོ། །ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ཡང་དེ་དང ་འདྲ་སྟེ་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་བསྒྲུབ་པས་ཆོ་ག་འདི་དག་བྱའོ། །དེ་ལྟར་ཡང་དག་པར་དམ་ཚིག་འདོད་པ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་དུ་ཡང་འདི་བཞིན་དུ་འཇུག་པར་བྱའོ། །དེ་ལྟར་ན་འཁོར་ལོ་མང་པོར་ཞུགས་པ་དང། དཀྱིལ་འཁོར་མང་པོར་བྲིས་པ་ཡིན་ཏེ ་དཀྱིལ་འཁོར་མང་པོ་རྣམས་ཀྱི་རྟོག་པ་ཡིན་པས་ན་དཀྱིལ་འཁོར་མང་པོ་བྲི་བར་བྱ་སྟེ། རྒྱུད་འདིར་གྲགས་པ་ཉི་ཚེ་བྲི་བར་མཛད་ཀྱི་རྒྱུད་གཞན་དག་ལས་བྱུང་བ་རྣམས་ཀྱང་ཅི་ནུས་སུ་བྲིས་ན་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །ཚོགས་ཡོངས་སུ་རྫོགས་ན་ཕྱག་རྒྱ་རྣམས་ཀྱི ་དངོས་གྲུབ་ཆེན་པོ་འཐོབ་པར་འགྱུར་རོ། །ད་ནི་སྔགས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྔགས་རྣམས་ཀྱི་ཚོགས་ཀྱིས་འགྲུབ་པ་རྒྱུད་གང་དུ་སྟོན་པ་དེ་སྔགས་རྒྱུད་གང་དུ་སྟོན་པ་དེ་སྔགས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཇི་ལྟར་ན་སྔགས་ཀྱི་ཚོགས ་ཡོངས་སུ་རྫོགས་པར་འགྱུར་ཞེས་ན། རྗེས་སུ་ཡི་རང་ལ་སོགས་ཚུལ་ཞེས་བྱ་བ་སྟེ། སོགས་ཞེས་བྱ་བ་སྨོས་པ་ན་བསྐུལ་བ་དང་གསོལ་བ་གདབ་པ་ལ་སོགས་པ་གཟུང་ངོ། །དེ་བཞིན་དམ་པའི་ཆོས་གླག་དང་ཞེས་བྱ་བ་ནི་ཟབ་ཅིང་རྒྱ་ཆེ་བའི་མདོ་མདོ་སྡེ་རྣམས་བཀཌ? ་པས་སོ། །བཟླས་པ་མང་པོ་བྱས་ན་ནི་ཞེས་བྱ་བ་ནི་བཟླས་གྲངས་མང་པོ་བྱས་ནའོ། །དེ་ནས་ངེས་པར་སྔགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །ད་ནི་རིག་པའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཀྱི་ཚོགས་ཀྱི་དངོས་གྲུབ་ཐོབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་རིག ་པའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཇི་ལྟར་ན་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། མ་རིག་རབ་ཏུ་སྤངས་པ་དང་ཞེས་བྱ་བ་སྟེ་མ་རིག་པ་ནི་མི་ཤེས་པའོ། །དེ་རབ་ཏུ་སྤངས་པ་ནི་ཤིན་ཏུ་སྤངས་པས་ན་རབ་ཏུ་སྤངས་པའོ། །དེ་ལྟར་ན་མ་རིག་པ་རབ་ཏུ་སྤངས་པའི་ཕྱིར་དང ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལས་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ཡང་ས་ལ་སོགས་པ་ཡོངས་སུ་འཐོབ་ཅིང་དངོས་གྲུབ་དམ་པའི་ཡུལ་གྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་པར་ཤེས་པར་བྱས་ལ་ཚོགས་ཡོངས་སུ་རྫོགས་ནས་ཀྱང་མྱུར་དུ་དངོས་གྲུབ ་འཐོབ་པར་འགྱུར་ཞེས་བྱ་བ་སྟེ། འདི་ཚོགས་ཡོངས་སུ་རྫོགས་པའི་རྒྱུད་ཡིན་ཏེ་རྟོགས་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་རྒྱུད་རྫོགས་སོ། །ད་ནི་རིགས་ཐམས་ཅད་ཀྱི་མཚན་མ་འབྱུང་བའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཚན་མ་ནི་ཕྱག་རྒྱ་ཐམས་ཅད་ཀྱི་ནང་ན་དང ་པོ་རྡོ་རྗེ་ཡིན་པས་དེའི་ཕྱིར། དེ་ལས་ཇི་ལྟར་དེ་ལས་ལྟར་རྡོ་རྗེ་འབྱུང་ཞེས་བྲིས་པ་ཡིན་ནོ། །འདིར་དེ་ཉིད་བཅོམ་ལྡན་སེམས་དཔའ་སྟེ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏོ། །དེ་ཉིད་བཅོམ་ལྡན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་དབང་དུ་མཛད་ནས་གསུངས་པའོ། །ཅི ་ཞིག་གི་ངོ་བོ་ཉིད་ཡིན་ཞེ་ན། འདིར་ཐམས་ཅད་སེམས་ཏེ་ཞེས་བྱ་བས་སྟོན་ཏེ། །འདི་སྐད་སྟོན་ཏེ། གང་སེམས་ཅན་ཐམས་ཅད་ཀྱི་སེམས་གང་ཡིན་པ་དེ་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའོ། །དེ་གང་ལ་རག་ལས་པ་ཡིན་ཞེ་ན། དེའི་ཕྱིར་ཉིད་བདག་པོ་ཞེ་བྱ་བ ་གསུངས་སོ། །འདི་སྐད་སྟོན་ཏེ། དེ་ལ་བདག་གམ་སེམས་ཅན་ནམ། །དབང་ཕྱུག་གམ། བདག་པོར་གྱུར་པ་གཞན་ཡོད་པ་མ་ཡིན་གྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེ་ནི་སེམས་དཔའ་བརྟན་པ་དང་གྱུར་གི་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་སེམས་དེ་ཉིད་སྐུ་གསུང་ཐུགས་སྣང ་བ་ཐ་མི་དད་པར་ཡོངས་སུ་བསྒོམས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེར་འགྱུར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ལེགས་པར་བསྒོམས་ན་སེམས་དཔའ་བརྟན་པ་ཞེས་བྱ་བའོ། །གང་གི་ཞེ་ན། རང་འབྱུང་གི་ཞེས་བྱའོ། །སེམས་དཔའ་ཀུན་གྱི་ནང་ན་སེམས་དཔའ་མཆོག་ཅེས ་ཀྱང་དེ་ཉིད་ལ་བྱའོ། །དེ་ཉིད་ནི་ཡང་སེམས་དཔའ་རྡོ་རྗེ་སྙིང་གར་རབ་བསྒོམས་ན། རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། འདི་ལ་རྡོ་རྗེ་རབ་ཏུ་གནས་ཞེས་བྱ་བ་ནི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སེམས་དཔའ་སྟེང་ན་རྡོ་རྗེའི་གཟུགས་སུ་གནས་པས་ན་ཐུགས་རྡོ་རྗེ་དེ་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ ་ཉིད་སེམས་རྒྱས་རྣམས་ཀྱི་ནི། ཡེ་ཤེས་ཚུལ་ཏེ་མཉམ་མེད་འོད་ཅེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཡེ་ཤེས་ཚུལ་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་མངོན་པར་འདུས་བྱས་པའོ། །སུ་ཞིག་གི་ཡེ་ཤེས་ཀྱི་ཚུལ་གྱིས་ཤེས་ན་སངས་རྒྱས་རྣམས་ཀྱི་མཉམ་མེད་འོད ་ཅེས་བྱ་བ་སྟེ་མཚུངས་པ་མེད་པའི་གཟི་མདངས་གང་ལ་མངའ་བ་དེ་ནི་མཉམ་མེད་འོད་དོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་དེ་ལྟ་བུ་སྙིང་ལས་ཀྱང་སྣ་ཚོག་སྤའི་གཟུཌ་སུ་འབྱུང་ཞིང། སྣ་ཚོཌ་པའི་གཟུང་ཅན་དུ་ཡང་འགྱུར་བ་ཡིན་ཏེ། ལྷ་ཡུ་ལས་?་མཁའ་། །རྒྱ་མཚོན་ཆུ?་བོ་ཕྱོཌ་རྣཾས་ནི་ཞེས་བྱ་བ་ལ་སོགས་པ་སྣ་ཚོགས་པའི་གཟུགས་སུ ་འགྱུར་བ་དང། གཏོགས་འདོད་རྒྱལ་འདོད་ཐུབ་པ་ཞེས་བྱ་བ་ལ་སོགས་བའི་གཟུགས་སུ་འགྱུར་བའོ། །ཁམས་ཀུན་གྱི་ནི་རྡུལ་སྙེད་དུ། དེ་དག་ཉིད་ནི་རྒྱལ་བ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་རྡུལ་སྙེད་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པའི་གཟུགས་སུ་འགྱུར་རོ་ཞེས ་བྱ་བའི་དོན་ཏོ། །རྡོ་རྗེ་སྐུ་ནི་དེ་རྣམས་ལས། རྡོ་རྗེ་སེམས་དཔར་ཡང་དག་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་རྡོ་རྗེའི་སྐུ་སྟེ་དེ་བཞིན་གཤེགས་པའི་སྐུ་རྣམས་ལས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་ཏེ། དེ་རྣམས་ཉིད་ལས་རྡོ་རྗེ་སེམས་དབང ་གྱུར་བའོ། །དུས་གང་གི་ཚེ་ཞེ་ན། །དཀྱིལ་འཁོར་སྤྲུལ་པའི་དུས་ནའོ། །སྔ་མ་ནི་རང་གི་ལྷའི་རྣལ་འབྱོར་བྱེད་པའི་དུས་སུ་བསྟན་པ་ཡིན་པས་ན་བྱེ་བྲག་ནི་དེ་ཡོད་དོ། །སེམས་དཔའ་དང་པོ་དེ་ཉིད་ལས། མཚན་མ་ཐམས་ཅད་ཡང་དགའ་འབྱུང་ཞེས་བྱ་བ་ནི། དཀྱིལ་འཁོརཧ་སྤྲུལ་པའི་དུས་ཉིད་ན་ལྕགས་ཀྱུ་ལ་སོགས་པའི་མཚན་མ་ཐམས ་ཅད་རིམ་གྱིས་འབྱུང་བའོ། །མཚན་མ་ལས་ཀྱང་སེམས་དཔའ་ཆེ་ཞེས་བྱ་བ་མདོར་བསྡུ་ནས་བསྟན་པ་ཡིན་ཏེ། མཚན་མ་ལས་ནི་འོད་ཟེར་རྣམས་སོ། །འོད་ཟེར་ལས་ནི་སངས་རྒྱས་ཀྱི་སྐུའོ། །དེ་ལས་ནི་སེམས་དཔའ་ཆེན་པོའོ། དེ་རྣམས་ཀྱང། དེ་ལས་ཚུལ་འདི་ཐམས་ཅད་འབྱུང་ཞེས་བྱ་བ་སྟེ། ཚུལ་ནི་སྔགས་སྤྱོད་པའི ་ཚུལ་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་གང་གིས་འདི་ནི་ཐོས་གྱུར་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འབྱུང་བའི་ཡེ་ཤེས་ཀྱི་ཆོག་རྒྱས་པ་འདི་མཉན་པ་དང། དད་པ་དང་འཛིན་པ་དང། བསྒོམས་པ་རྣམས་ཀྱི་ཕན་ཡོན་སྟོན་ཏེ། ཐོས་གྱུད?་ལ་ཞེས་བྱ་བ་ནི ་མཉན་པ་སྟོན་ཏོ། །དད་ཅིང་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །འཛིན་བྱེད་ཅིང་ཅེས་བྱ་བ་ནི་ཁ་ཏོན་དུ་བྱས་ཏེ་འཛིན་པའོ། །སྙིང་གར་ཡང། རྟག་ཏུ་དགའ་བས་བསྒོམས་ན་ནི་བསྒོམ་པའི་གང་ཟག་གིས་སོ། །དེ་ནི་མྱུར་དུ་གྲུབ་པ་འཐོབ་ཅེས་བྱ་བ་ནི་དེས་སངས་རྒྱས་ཀྱིས་མྱུར་དུ་འཐོབ་པར་འགྱུར་རོ་ཞེས་བཅོམ་ ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པ་སྟོན་ཏེ། ཡེ་ཤེས་གང་གིས་རྟོགས་པ་ཐམས་ཅད་འབྱུང་བར་འགྱུར་བ་དེ་ནི་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་སོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པར་རྒྱས་པའོ། །འདི་རྒྱུད་གང་དུ་སྟོན་པ་དེ་ནི ་རྟོགས་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་ཅེས་བྱའོ། །དེ་ལས་ཀྱང་དང་པོ་ཁོ་ནར་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། རྟོག་པ་མེད་པའི་ཡེ་ཤེས་རྟག་པ་ཉིད་གྱུར་བའི་ཞེས་བྱ་བ་ལ། ་རྣམ་པར་རྟོག་པའི་ཡེ་ཤེས་སུ་གྱུར་པ་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྟག་པར་གནས་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལས། རྣམ་པ་སྣ་ཚོགས་པ་དུ་མར་བརྟགས་པའི་ཕྱིར་ན་རྟོག་པ་ཞེས་བྱའོ། འདི་སྐད་སྟོན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་བརྟག་པ་ཡིན་པའི ་ཕྱིར་རྟོགས་པ་ཞེས་བྱའོ། །འདིས་ཀྱང་འདི་སྐད་སྟོན་ཏེ། མི་རྟོག་པའི་ཡེ་ཤེས་ལས་ཕྱག་རྒྱ་དང། དཀྱིལ་འཁོར་དང། རྟོག་པའི་ཡེ་ཤེས་རྣམས་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་མི་རྟོག་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་རྟོག་པ་འབྱུང་བ་ཡེ་ཤེས་ཀྱི་རྒྱུར་སྟོན་ཏོ། །མི་རྟོག་གང་ལ་རྟག་ཉིད ་དུ་ཞེས་བྱ་བ་ནི་འདི་ལ་རྟོག་པ་འབྱུང་བ་མེད་པའོ། །དེ་ལྟ་ན་ནི་རྟག་པ་བདེ་ལ་འཇུག་ཟིན་ཀྱང། འབྱུང་བར་འགྱུར་རམ་ཞེ་ན། འགྱུར་ཏེ་འདི་ཉིད་ནི་མི་རྟོག་པ་ཡིན་པའི་ཕྱིར་རོ། །རྟོག་བདག་ཉིད་ནི་རྟོག་པའི་རང་བཞིན་ཏེ། གང་ལས་གདོན་མི་ཟ་བར་དངོས་གྲུབ་འདི་བརྟགས་ཤིང་རྣམ་པར་བཞག་ལ ་རྟོག་ལས་བྱུང་བ་ཞེས་བྱ་བ་ལ་རྟོག་པ་ནི་ཏིང་ངེ་འཛིན་གྱི་རྗེས་ལས་འཐོབ་པའི་ཡེ་ཤེས་ཡིན་ཏེ། དེ་ལས་བྱུང་བ་གང་ཡིན་པ་དེ་ནི་རྟོག་པ་ལས་བྱུང་བའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་ཕྱིར་རྟོག་པ་ཞེས་བརྗོད་དོ་ཞེས་བྱ་བ་ནི། བརྟགས་པའི?་ཕྱིར་ན་རྟོག་པ་ཞེས་བྱའོ། །འདི་ནི་འདི་སྐད་སྟོན་ཏེ། ་རྟོག་པ་ཐམས་ཅད་ཀྱི་ནང་ན་གཙོ་བོ་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྡུས་ཏེ་བཞུགས་པ་ནི་རྡོ་རྗེ་སེམས་དཔའ་ཡིན་པས་མ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་ཕྱིར་རྟོག་པ་ཞེས་བརྗོད་དོ་ཞེས་བྱའོ། །ད་ནི་ཆོག་བཞིན་དུ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་རྟོག་པ་འབྱུང ་པའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། ཆོ་ག་བཞིན་དུ་རི་མོ་བྲིས། རྟོག་པ་གྲུབ་བཞིན་ཞེས་རྟོག་པ་ཞེས་བྱ་བ་ལ། རི་མོ་བྲིས་ཞེས་བྱ་བས་ནི་དཀྱིལ་འཁོར་གྱི་ལས་སྟོན་ཏོ། །ཆོ་ག་བཞིན་དུ་རྟོག་པ་ཞེས་བྱ་བ་འདིས་ནི་སློབ་དཔོན་གྱི་ལས་ལ་སོགས་པ་སྟོན་ཏོ། །ཆོག་དེ་ཇི་ལྟ་བུ་ཡིན་ཞེ་ན། གྲུབ་སྦྱིན་ཞེས་རྟོག་པ་ཞེས ་བྱ་བ་གསུངས་སོ། །འདིའི་དེས་པའི་ཚིག་བསྟན་པ་ནི། དེའི་ཕྱིར་རྟོག་པ་ཞེས་གསུངས་སོ་ཞེས་བྱ་བ་བསྟན་ཏོ། །སུ་ཞིག་གིས་གསུངས་ཤེ་ན། རྟོག་པ་དང་བྲལ་བའི་བདག་ཉྡ་ཀྱིས་ཞེས་བྱ་བ་གསུངས་ཏེ། རྣམ་པར་རྟོག་པ་དང་བྲལ་བའི་ཐུགས་གང་ལ་མངའ་བ་དེ་ནི་རྟོག་པ་དང་བྲལ་བའི་བདག་ཉིད་སངས? ་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །ད་ནི་པདྨའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏོ། །ཡེ་ཤེས་གང་ལས་རྟོག་པ་བྱུང་བདེ་སྟོན་པའི་རྒྱུད་ཡིན་པས་ན་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དོ། །རྟོག་པ་ལས་ནི་འདོད་ཆགས་འབྱུང། །པདྨ་ལ་ནི་དེ་གནས་ཏེ་ཞེས་བྱ་བ་ལ ་ཞེན་པའི་བདག་ཉིད་ཡིན་པས་ན་འདོད་ཆགས་ཏེ། སེམས་ཅན་སྨིན་པ་དང། གྲོལ་བའི་འདོད་ཆགས་སོ། །དེ་ཡང་རྣམ་པར་རྟོག་པ་ལས་འབྱུང་ངོ། །རྟོག་པ་དེ་གང་ཞེ་ན་ཀྱེ་མའོ་སེམས་ཅན་འདི་དག་ནི་སྡུག་བསྔལ་པའོ་ཞེས་བའོ། །དེ་ཡང་པདྨ་ལ་གནས་པ་སྟེ་པདམེ་ནི་བཅོམ་ལྡན་འདས ་འཇིག་རྟེན་དབང་ཕྱུག་དང་དེའི་ཕྱག་རྒྱའོ། དེའི་ཕྱིར་རྟོག་པ་ལ་གནས་པ་ནི། གྲུབ་པ་ཉིད་དུ་དེ་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་པདྨའི་ཕྱག་རྒྱའི་འདོད་ཆགས་ལ་རྟོག་པ་དེ་ལས་རྟོག་པ་ལ་གནས་པའི་དངོས་གྲུབ་ཏུ་གྱུར་བས་ཕྱག་རྒྱ་ལ་ཆགས་པར་འགྱུར་བ་ཞེས་བྱའོ། །ཞེས་སྟན་པཡིན་ནོ། །ད་ནི་རྟོག་པ་མེད་པའི ་ཞེས་བྱ་བ་ལ་སོགས་པའི་དཔེས་ནོར་བུའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། རྟོག་པ་མེད་པའི་ནོར་བུ་ནི་ཞེས་བྱ་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྟོག་པ་མེད་མོད་ཀྱི་འོན་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ཡིད་ལར་བ་རྣམས་ཡོངས་རྫོགས་པར ་བྱེད་དོ། །དངོས་ཀྱང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། འདིས་ནི་དཔེས་མཚོན་པའི་དོན་སྟོན་ཏོ། །རྣམ་པར་མི་རྟོག་ཡེ་ཤེས་ལས། །ལྷ་རྫས་དངོས་གྲུབ་འབྱུང་བར་འགྱུར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པའི་མཐུ་ལས་ལྔའི་དངོས་གྲུབ་དམ་པ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་རྟོག་པ་ཐམས་ཅད་ཀྱི་སྙིང་པོ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏོ། །ཡེ་ཤེས་གང་གིས་རྟོག་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་འབྱུང་བ་གང་ཡིན་པ་རྒྱུད་གང་དུ་སྟོན་པ་གང་ཡིན་པ་དེ་ནི་རྟོག་པ་ཐམས་ཅད་འབྱུང་བའི་ཡེ ་ཤེས་ཀྱི་རྒྱུད་དོ། །ཡིད་ཀྱི་འདོད་པའི་ཆོ་ག་ཡིས། །ཡིད་ཀྱི་འདོད་པ་གྲུབ་འགྱུར་ཏེ་ཞེས་བྱ་བ་མ་ཡིད་ཀྱིས་འདོད་པའི་ཆོ་ག་ནི་རྣམ་པ་གང་དང་གང་གིས་ཏིང་ངེ་འཛིན་གང་དང་གང་ཡིད་ལ་ཐོབ་པ་དེ་དང་དེ་ནི་ཡིད་ཀྱི་འདོད་པའི་ཆོག་ཞེས་བྱའོ། །ཡིད་ཀྱིས་འདོད་པ་འགྲུབ་འགྱུར་ཏེ་ཞེས་བྱ ་བ་ལ་ཡིད་ཀྱིས་འདོད་པ་མངོན་པར་འདོད་པ་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་འགྲུབ་སྟེ། དེ་ཡང་ཏིང་ངེ་འཛིན་གྱིས་ཡིད་ལ་འདོད་པའི་དོན་ཏིང་ངེ་འཛིན་གྱིས་འགྲུབ་པའི་ཕྱིར། ཏིང་ངེ་འཛིན་སྒྲུབ་པ་ཞེས་བྱ་བ་ལ་དེ་བསྐུལ་པའི་སྒྲ་ལ་ཡང་ཏིང་ངེ་འཛིན་བསྒྲུབ་བ་ཞེས་བྱའོ། །ད་ཡང ་སྙིང་ལ་གནས་ཞེས་བྱ་བ་ནི་ཐུགས་ལ་གནས་ཞེས་བྱའོ། །དེ་ལྟར་ཐུགས་ལ་གནས་པ་དེའི་ཕྱིར་སྙིང་པོ་ཞེས་བརྗོད་དོ་ཞེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། གང་མངོན་པར་འདོད་པའི་དོན་སྙིང་ལ་ཇི་སྲིད་ཇི་སྲིད་བསྒོམ་པ་དེ་སྲིད་དུ་དེ་སྲིང་དུ་མངོན་པར་འདོད་པའི་དོན་རབ་སྒྲུབ་པར་བྱེད་དོ། །དེ་བསྐུལ་བར? ་བྱེད་བའི་སྒྲ་དེ་ཡང་ཟླས་པར་གྱུར་ན་རང་གི་དོན་སྙིང་ལ་འཇོག་པར་བྱེད་ཅིང་བསྒོམས་པའི་དོན་དེ་ཡང་གང་དང་གང་གིས་སེམས་ཇི་ལྟ་ཇི་ལྟར་མཉམ་པར་བཞག་པ་དེ་དང་དེའི་ཚོགས་བསྒོམས་པར་གྱུར་ན་ཡིད་ལ་འདོད་པ་དེ་རབ་ཏུ་འགྲུབ་པར་འགྱུར་རོ། །ཡེ་ཤེས་འདི་ནི་ཡང་དག་པར ་རྟོགས་པ་ལས་ཀུན་ཏུ་འབྱུང་བའི་ཡེ་ཤེས་ཞེས་བྱའོ། །ད་ནི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཀྱི་ཡེ་ཤེས་གང་གིས་འབྱུང་བ་རྒྱུད་གང་དུ་སྟོན་པ་དེ་ནི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དོ། །ཇི་ལྟར་རྒྱལ་པོའི་ཕྱག་རྒྱའི་མཆོག། ཁྲིམས་ནི་འདའ་ ་བཀའ་མི་འབྱེད་བཞིན་ཞེས་བྱ་བ་ནི་དཔེས་བསྟན་པ་ཡིན་ཏེ། དཀའ་བས་འདའ་བར་བྱ་བ་ཡིན་པས་ན་འདའ་བར་དཀའ་བའོ། །དེ་བཞིན་དུ་སུ་ཞིག་གིས་ཀྱང་གཞིག་པར་མི་ནུས་པའི་ཕྱིར་ན་མི་བྱེད་པའོ། །དེ་གང་ཡིན་ཞེ་ན། རྒྱལ་པོའི་ཕྱག་རྒྱ་མཆོག་གི་ཁྲིམས་ཏེ་རྒྱལ་པོའི་རྒྱས ་བདེབས་པའི་ཁྲིམས་ཀྱི་མཆོག་ནི་རྒྱལ་པོའི་རྩིགས་ཞེས་བྱ་བའི་དོན་ཏོ། །རྒྱལ་པོའི་ཁྲིམས་ནི་ལུང་བསྒོ་བ་ལ་བྱ་སྟེ་བྱ་བ་དང་མི་བྱ་བའི་རྣམས་ཆགས་འོག་གི་འབངས་རྣམས་ཀྱིས་འདའ་བར་མི་བྱེད་པའོ། །ཡང་སོང་གདུབ་ལ་སོགས་པའི་རྒྱ་གང་ཡིན་པ་དེ་ནི་མི་ཕྱེད ་པ་ཡིན་ཏེ། དེ་ལྟར་འདའ་བར་དཀའ་ཞིང་མི་ཕྱེད་པའི་ཕྱིར་རྒྱལ་པོའི་རྒྱས་འདེབས་པ་ལ་ཁྲིམས་ཞེས་བྱའོ། །དེ་བཞིན་དུ་བདག་ཉིད་ཆེན་པོའི་གཟུགས་བརྙན་གྱི། མཚན་མ་ཕྱག་རྒྱ་ཞེས་པར་གྲགས་ཞེས་བྱ་བ་ཡིན་ཏེ། བདག་ཉིད་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་སོ། །དེའི་གཟུགས་བརྙན་གྱི་མཚན་གྱི་མཚན་མ་ནི་ལག་པ་ལ་སོགས་པ་ཕྱག་རྒྱའི་ཐབས་སུ་བྱེད་པ་ལ་བྱ་སྟེ། སེམས་ཅན་ཕལ་པ་རྣམས་ཀྱིས་ཀྱང་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེའི་སྐུར་སྣང་བ་ལ་སོགས་པ་ལྷག་པར་མོས་པར་བྱས་ལ་བདག? ་ཉིད་དེའི་ང་རྒྱལ་དུ་བསྐྱེད་དོ། །དེའི་ཡོན་ཏན་གྱི་ཚོགས་རྣམས་ཀྱང་ཅི་ནུས་སུ་བསམས་ན་དེ་ལྟ་བུར་གནས་པ་དེའི་དབང་གིས་དེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཕྱག་རྒྱ་དེ་ཕྱེད་པར་མི་ནུས་སོ། །གང་དེས་ཚིག་བརྗོད་པ་དེ་ཡང་དེའི་གསུང་བརྗོད་ལ་དེ ་བཞིན་དུ་བདག་ཉིད་ཡིན་པའི་ང་རྒྱལ་བྱས་ན། རྒྱལ་པོའི་ཁྲིམས་བཞིན་དུ་དེ་ལས་འདའ་ནུས་པར་མི་འགྱུར་ཏེ། ཚུལ་དེ་ལྟ་བུའི་ཡེ་ཤེས་ནི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཞེས་བྱའོ། །ད་ནི་འདའ་བར་བྱ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྔགས་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན ་ཏེ། འདའ་བར་བྱ་བ་མ་ཡིན་ཞིང་ཞེས་བྱ་བ་ནི་ངེས་པར་བྱའོ། །དབྱེ་བར་དཀའ་བ་ནི་བསྦྲག?་པར་བྱ་བ་མ་ཡིན་པའོ། །གསང་བའི་ཉིད་ཅེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱིས་མི་ཤེས་པ་ཉིད་དུ་སྟོན་ཏོ། །གསང་སྒྲུབ་ཕྱིར་ནི་བརྗོད་པས་ན་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོའི་བློན་པོ་དང ་གྲོས་བྱེད་པ་ཡང་གསང་བར་བྱ་བའི་དོན་གྲུབ་པར་བྱ་བའི་ཕྱིར་ཡིན་པས་ན་གྲོས་སུ་བརྗོད་པ་ཞེས་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། གང ་འཁོར་གྱི་དཀྱིལ་འཁོར་དུ་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ལ་སོགས་པའི་ཡོན་ཏན་གྱིས་རྗེས་སུ་བསྡུས་པའི་གསུང་བརྗོད་པ་དེ་ལ་སྔགས་ཤེས་བྱ་བ་ཡིན་ལ། དེ་ཡང་ལྷ་ལ་སོགས་པས་འདའ་བར་བྱ་བ་མ་ཡིན་ཞིང། བདུད་ཀྱིས་དབྱེ་བར་དཀའ་ལ་ཐམས ་ཅད་དུ་བསྒྲགས་པར་བྱ་བ་མ་ཡིན་པས་ན་གསང་བ་ཉིད་ཡིན་ནོ། །གང་དེ་ལྟ་བུའི་ཡེ་ཤེས་དེ་ནི་སྔགས་འབྱུང་བའི་ཡེ་ཤེས་ཡིན་ཏེ། གང་གི་ཕྱིར་དགོས་པ་འགྲུབ་ཕྱིར་སྒྲོགས་པས་ན། དེས་ན་སྔགས་ཞེས་བརྗོད་པ་ཡིན་ཞེས་བྱ་བའོ། །ད་ནི་རིག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད ་སྟོན་ཏེ། རིག་པ་རྣམས་ཡེ་ཤེས་གང་ལས་འབྱུང་བའི་ཡེ་ཤེས་སྟེ། དེ་རྒྱུད་གང་དུ་སྟོན་པ་དེ་ནི་རིག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དོ། །མ་རིག་པ་ནི་གཞམ་པ་དང་ཞེས་བྱ་བ་ནི་མ་རིག་པ་སྤང་བའི་ཕྱིར། དག་གི་རིག་མཆོག་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་ཚིག་གི་བདག་ཉིད ་ཅན་ཀྱི་རིག་པ་གྲུབ་པའི་ཕྱིར་རོ། །རྟོག་ཅིང་རིག་པའི་དངོས་གྲུབ་སྟེ་ཞེས་བྱ་བ་ནི་རྟོག་པ་ཁོང་དུ་ཆུད་པའི་དངོས་གྲུབ་སྟེ། །ཁོང་དུ་ཆུད་པ་དེས་མ་རིག་པ་སྤངས་སྟེ། སེམས་ཅན་རྣམས་ཀྱི་དགོས་པ་གྲུབ་པའི་ཕྱིར་ཚིག་ཏུ་བརྗོད་པ་གང་ཡིན་པ་དེའི་ཕྱིར་རིག་པ་ཞེས་བརྗོད་ཞེས་བཅོམ་ལྡན་འདས་རྡོ་རྗེ ་བས་གསུངས་སོ། །ད་ནི་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་སྟོན་ཏེ། རྟོག་པ་ཐམས་ཅད་དུ་ཐབས་གང་གིས་ཡེ་ཤེས་འབྱུང་བར་འགྱུར་པ་དེ་ནི་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའོ། །ཐབས་འདི་རྒྱུ་གང་དུ་སྟོན་པ་དེ་ནི་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་དོ། །དེ་ལས་ཀྱང་དང་པོར ་སྙིང་པོ་ཡེ་ཤེས་སྐྱེ་བའི་རྒྱུད་སྟོན་ཏེ། སྙིང་པོ་ཡེ་ཤེས་ཇི་ལྟར་སྐྱེ་བར་འགྱུར་པ་དེ་སྟོན་ཏོ། །སྙིང་པོ་བཟླས་ཏེ་བདག་གམ་ནི་གཞན་ཡང་རུང་སྟེ་བྱུང་བ་དང་ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། རྡོ་རྗེ་ཕྲ་མོ་བསྒོམས་པ་གོམས་པར་བྱས་ནས་ཕྱག་རྒྱ་བཞི་དང་ཡང་དག་པར་ལྡན་པའི་རང་གི་ལྷའི་རྣལ ་འབྱོར་བྱས་ལ་དེ་ནས་དེས་བཟླས་པ་བྱ་བའི་སྙིང་པོ་གང་ཡིན་པ་དེ་བརྒྱད་སྟོང་བཟླས་ན་བདེན་བའི་བྱིན་གྱིས་བརླབས་བྱའོ། །གང་འཇུག་པ་འམ་ལྡོག་པའི་མཚན་ཉིད་ཀྱི་ཆོས་རྣམས་ལས་གང་ལ་ལ་ཞིག་ངེས་པ་ཁོ་ནར་གོམས་པར་བྱ་བ་དེ་དང་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་གིས་ཆོས ་འདི་སྐྱེས་ཚུན་ཆད་དམ། སྡོམ་པ་བླངས་ཚུན་ཆད་འཇུག་པའི་མཚན་ཉིད་དམ། ལྡོག་པའི་མཚན་ཉིད་ལེགས་པར་སྤྱད་ཅིང་བར་ཆད་མེད་པར་ཉམས་སུ་བླངས་པ་འདིའི་བདེན་པ་དང། བདེན་པའི་ཚིག་དང། སངས་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་བདེན་པ་དང། དགེ་འདུན་གྱི་བདེན་པ་དང། བདེན་པར ་སྨྲ་བོ་རྣམས་ཀྱི་བདེན་པས། བདག་གམ། གཞན་ནམ། བྱུང་བ་དང། འབྱུང་བ་དང། འབྱུང་བར་འགྱུར་བ་གང་ཅུང་ཟད་ཡན་ཆད་བདག་གིས་ཤེས་པར་འདོད་པ་དེ་བདག་ཉིད་མཉམ་པར་བཞག་པའི་སེམས་པ་འདི་ལ་མཐོང་ཞིང་ཐོས་པ་སྣང་བར་གྱུར་ཅིག་ཅེས་བྱའོ། །དེ་ལྟར་རང་གི་ལྷའི་རྣལ ་འབྱོར་གྱི་ཏིང་འཛིན་གྱིས་གནས་པར་བྱའོ། །དེ་ནས་དེའི་ཡེ་ཤེས་ལ་དེ་དག་དེ་བཞིན་དུ་མཐོང་བ་དང། ཐོས་བའི་སྣང་བསྐྱེད་པར་འགྱུར་ཏེ་འདིའི་སྙིང་པོའི་ཡེ་ཤེས་སོ། །ད་ནི་ཕྱག་རྒྱའི་ཡེ་ཤེས་འབྱུང་བའི་རྒྱུད་སྟོན་ཏེ། ཡིད་ཀྱིས་ཆོ་ག་ཇི་བཞིན་དུ་ཞེས་བྱ་བ་ནི་སྨྲས?་མ་ཐག་པའི་ཚོགས་སོ།། ་གང་ཡང་རུང་པའི་ཕྱག་རྒྱ་བཅིངས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱ་བཅིང་བའོ། །འཇིག་རྟེན་པ་ལས་བལྟས་ན་ནི་ཞེས་བྱ་བ་ནི་མཉམ་པར་བཞག་པའི་ཡིད་ཀྱིས་སོ། །གོང་མ་བཞིན་ཞེས་བྱ་བ་ནི་འདས་མ་ཐག་པ་བཞིན་དུ་ཤེས་པར་བྱའོ། །ཀུན་ཤེས ་འགྱུར་ཞེས་བྱ་བ་ནི་མཐོང་བ་དང་ཐོས་པས་འགྱུར་བའོ། །ད་ནི་སྔགས་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་སྟོན་ཏེ། སྔགས་ཀྱི་ཡེ་ཤེས་འབྱུང་བས་ན་སྔགས་ཀྱི་ཡེ་ཤེས་འབྱུང་བའོ། །ལན་ཅིག་ཙམ་ཡང་སྔགས་བརྗོད་ན་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལྷའི་རྣལ་འབྱོར་བྱས་ལ་ལན་ཅིག་སྡགས ་བརྗོད་པ་ནི་བཟླས་པར་བྱ་བའི་སྔགས་བརྗོད་ན་རང་གི་ལྕེ་ལ་སྨྲ་བར་འགྱུར་རོ། །ཅི་ཞིག་སྨྲ་བར་འགྱུར་ཞེ་ན་དེའི་ཕྱིར་འདས་དང་བྱུང་དང་འབྱུང་པའང་ཡིན། །དེ་དག་ཐམས་ཅད་བདེན་པར་འགྱུར་ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཡིད་ལ་བསྐུལ་བ་རྩེ་གཅིག་ཏུ་བྱས་ནས་ཕྱག་རྒྱ་བཞིའི ་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་པ་དེས་ཇི་ལྟར་གསོལ་བ་བཏབ་པའི་དོན་དེ་དག་ཐམས་ཅད་སྔགས་ཀྱི་མཐུས་དེའི་ལྕེ་ལ་གསལ་བ་ཉིད་དུ་སྨྲ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་རིག་པའི་ཡེ་ཤེས ་སྐྱེ་བའི་རྒྱུད་སྟོན་ཏེ། རིག་པ་ལན་གཅིག་བརྗོད་ན་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་ལ་སོགས་པ་གོང་མ་བཞིན་དུ་བྱས་ནས་ཏིང་ངེ་འཛིན་ལ་གནས་ཏེ་དག་པ་ལན་ཅིག་བརྗོད་པར་བྱའོ། །ཡིད་ཀྱིས་དེ་ནི་ཤེས་པར་འགྱུར་ཞེས་བྱ་བ་ལ་འདིར་ཁྱད་པར་འདི་ཡོད ་དེ་།སྔ་མ་ནི་ལྕེ་ཉིད་ལས་འདོད་པའི་དོན་སྟོན་པར་བྱེད་པའི་སྒྲ་ཐོས་པར་འགྱུར་ལ། ད་ལྟར་འདིར་ནི་ཇི་ལྟར་བསམས་པའི་དོན་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སེམས་ལ་སྣང་བར་འགྱུར་རོ། །ད་ནི་རིགས་ཐམས་ཅད་ཀྱི་ཐུན་མོང་བའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ ་བསྒྲུབ་པའི་རྒྱུད་སྟོན་ཏེ། སྐུའི་ཕྱག་རྒྱ་དང། གསུང་གི་ཕྱག་རྒྱ་དང། ཐུགས་ཀྱི་ཕྱག་རྒྱ་དང། རྡོ་རྗེའི་ཕྱག་རྒྱ་འདི་རྣམས་ཐུན་མོང་དུ་བསྒྲུབ་པའི་རྒྱུད་ཡིན་ནོ། །དེ་ལས་ཀྱང་དང་པོར་དེ་བཞིན་གཤེགས་པའི་གསང་པའི་སྐུའི་ཕྱག་རྒྱ་བསྒྲུབ་པར་བཤད་དེ། ཇི་ལྟར་དེ་ལྟར་འདུག་ནས ་ཀྱང་།སྐྱིལ་མོ་ཀྲུང་བཅས་ཞེས་བྱ་བ་ནི་སྒྲུབ་པ་པོ་སྐྱིལ་ཀྲུང་གིས་འདུག་པར་བྱ་བ་ལ། སྐྱིལ་མོ་ཀྲུང་ལ་ནི་དེས་པ་མེད་པས་ན་གང་ཡང་རུང་བའི་སྐྱིལ་མོ་ཀྲུང་དེས་འདུག་པར་བྱའོ། །བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་དོ། །ཇི་ལྟར་རི་མོའི་ཚུལ་བྱས་ན་ཞེས་བྱ་བ་ནི་སེམས་དཔའ་གང་ཡང་རུང་བའི ་ཕྱག་རྒྱ་ཆེན་པོ་བཅིང་ལ་དངོས་གྲུབ་རྣམས་བསྒྲུབ་ན་དེ་ལྟ་བུས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་བཞིན་དུ་རྡོ་རྗེའི་རིགས་ལ་ཡང་དངོས་གྲུབ་འདོད་པས་སྤྱིར་གཡོན་བརྐྱང་བའི་ཚུལ་དུ་གནས་པར་བྱ་ཞིང་ཤིན་ཏུ་ཁྲོས་པར་བྱས་ལ་དེ་ལྟ་བུས་བསྒྲུབ་པར་བྱས་ན་ཐེ་ཚོམ་མེད་པར་ཐམས་ཅད་འགྲུབ ་པར་འགྱུར་རོ། །པདྨའི་རིགས་ལ་ཡང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པར་བྱ་སྟེ། རྡོ་རྗེ་སྐྱིལ་མོ་ཀྲུང་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་སྐྱིལ་མོ་ཀྲུང་གིས་གནས་པས་ན་སྐྱིལ་མོ་ཀྲུང་བཅས་ལ་ཞེས་བྱའོ། །དེ་ནས་དེའི་སྟེང་དུ་ལག་གཉིས་རྡོ་རྗེ་བཅངས་ནས་ཀྱང། ཏིང་ངེ་འཛིན་གྱི་སྐུར་འགྱུར་ལ་ཞེས་བྱ་བ་ནི་རྡོ་རྗེ་གདམས་པའི་ལག་པ་གཉིས་བཀན ་ཏེ་བཞག་ལ་ལུས་དྲང་པོར་བསྲང་ལ་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨ་འབྱུང་བ་བསྒྲུབ་པར་བྱ་ཞེས་བྱ་བ་ནི་གང་གི་དོན་དང་ཡེ་ཤེས་པདྨའི་རིགས་ལས་འབྱུང་བའི་དེ་ནི་པདྨ་འབྱུང་བ་ཞེས་གསུངས་སོ། །ནོར་བུའི་རིགས་ལ་ཡང་ལུས་ཀྱི་གནས་པ་དེས་པ་མེད་པས་ན་ཇི་ལྟར་འདུག་པར་ཀྱང་རུང་བདེ་ལ། རྡོ་རྗེ་རིན་པོ་ཆེས་དབང ་བསྐུར་ན་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །ད་ནི་ལྕེ་རྩེ་ཤིན་ཏུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། ལྕེ་རྩེ་ཤིན་ཏུ་མི་བསྒུལ་ཞིང་ཞེས་བྱ་བ་ནི་ལྕེའི་རྩེ་མོ་ཤིན་ཏུ་གཡོ་བར་མི་བྱའོ་ཞེས་པའི་དོན་ཏོ། །སོ་དང་མཆུ་གཉིས་སྦྱར་ནས་ནི་ཞེས་བྱ་བ་ནི་སོ་དང ་མཆུ་གཉིས་ཧ་ཅང་དམ་དུ་མི་སྦྱར་བའོ། །དེ་ལྟ་བུའི་སྒྲ་དང་བྲལ་བའི་རྡོ་རྗེའི་ཚིག་གིས་རྟོག་པ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་པའོ། །ད་ནི་རྡོ་རྗེ་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་སྒྲུབ་པའི་རྒྱུད་སྟོན་ཏེ། རྡོ་རྗེ་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་འདི་བསྒྲུབ་པའི་རྒྱུད་གང་དུ་སྟོན་པ་དེ་ནི་རྡོ་རྗེ་རིགས་ཀྱི་གསང ་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དོ། །རྡོ་རྗེའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་འདིའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཧཱུཾ་ཞེས་བྱ་བ་འབྲུག་ལྟར་སྒྲོགས། །ཁྲོ་བོའི་དག་ནི་ཟབ་ཅིང་བསྟན་ཞེས་བྱ་བ་གསུངས་ཏེ། ཁྲོ་བོའི་ཚིག་གང་འབྲུག་སྒྲ་ལྟར་སྒྲོག་པའི་ཧཱུཾ་ཞེས་བྱ་བ་གང་ཡིན་པ་དེ་ནི ་ཧཱུཾ་ཞེས་བྱ་བ་འདྲུག་ལྟར་བསྒྲགས། །ཁྲོ་བོ་དག་ཅེས་བྱའོ། །ཧཱུཾ་ཞེས་བྱ་བ་འདྲུག་ལྟར་བསྒྲགས་པ་ཡང་ཡིན་ལ་ཟབ་པ་ཡང་ཡིན་ཏེ། ཟབ་པ་ནི་ས་འོག་གི་གཏིང་མན་ཆད་དུ་གྲགས་པ་སྙམ་དུ་བྱེད་པའོ། །བརྟན་པ་ནི་ཡུན་རིང་བར་འཇུག་ཅིང་རྗེས་སུ་འབྲེལ་པའོ། །ཁྲོ་བོ་གསལ་ཞེས་བྱ་བ་ནི་འདིནི་ཁྲོ་བོ་ཁྱབ་པའི་ཁྲོ་བོ ་ཆེན་པོའི་ཆིག་ཡིན་ནོ། །དེ་ལྟར་ཤེས་པར་བྱས་ནས་བརྗོད་ན་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ཞེས་བྱ་བས་གསུངས་སོ། །ད་ནི་པདྨའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། དབུགས་མི་འབྱིན་པའི་ཚིག་གང་ཡིན་པ་དེ་ནི་ཕྲ་བའི་ཚིག་སྟེ་ཤིན་ཏུ་གསལ་བ་ཡང་དེ་ཉིད་ཡིན་ནོ། །འདི་སྐད ་སྟོན་ཏེ། དབུགས་དལ་བ་ཡང་ཡིན་ལ་ཡི་གེ་གསལ་བའི་ཚིག་ཀྱང་ཡིན་པས་ན་ཕྲ་བའི་ཚིག་སྟེ། ཁ་ཅིག་ཏུ་ནི་ཆོས་ཀྱི་ཚིག་ཅེས་ཀྱང་སྟོན་ཏོ། །ཚིག་དེས་ཟློས་པ་པོ་ཀུན་ཞེས་བྱ་བ་སྟེ་ཆོས་ཀྱི་རིགས་ཀྱི་བཟླས་བརྗོད་བྱེད་པ་ཐམས་ཅད་དོ། །ཇི་ལྟ་བུ་དེས་ཟློས་པ་པོ་འགྲུབ་པར་འགྱུར་ཞེ་མདེའི་ཕྱིར་ཏིང་འཛིན་ཡེ ་ཤེས་སྙིང་པོ་ཡིས་ཞེས་གསུངས་ཏེ། ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་ཡེ་ཤེས། །དེ་ཉིད་གང་གི་སྐྱེ་གནས་ཡིན་པ་དེ་ནི་ཏིང་ངེ་འཛིན་ཡེ་ཤེས་སྙིང་པོ་སྟེ། སྙིང་པོ་ནི་སྐྱེ་བའི་རྒྱུ་ཡིན་པ་དེ་ཟློས་པ་པོ་ཀུན་འགྲུབ་པར་འགྱུར་རོ། །དེ་སྐད་སུས་གསུངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་པ་ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོས་གསུངས་སོ་ཞེས་བྱ་བས་སྟོན་ཏོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བའི་དོན་ཏོ། །ད་ནི་ནོར་བུའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུ་སྟོན་ཏེ། ནོར་བུའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་ནི་གསང་བ ་ཡང་ཡིན་ལ་གསུང་གི་ཕྱག་རྒྱ་ཡང་ཡིན་པས་ན་གསང་བའི་གསུང་གི་ཕྱག་རྒྱ་སྟེ། དེ་སྒྲུབ་པ་རྒྱུད་གང་དུ་སྟོན་པའི་རྒྱུད་དེ་ནི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་ཅེས་བྱའོ། །གསུང་དེ་ཇི་ལྟ་བུ་ཡིན་ཞེ་ན། ཤིན་ཏུ་ཡོངས་སུ་གསལ་ཚིག་གི། རྟག་ཏུ་འདུད་ལས་བརྩོན་བྱེད་ཅིང ་ཞེས་བྱ་བ་གསུངས་ཏེ། རབ་ཏུ་གསལ་བས་ན་ཤིན་ཏུ་ཡོངས་སུ་གསལ་བ་སྟེ། ཤིན་ཏུ་ཡོངས་སུ་གསལ་བའི་ཚིག་དེས་རྟག་ཏུ་འདུད་པའི་དམ་པ་ལ་བརྩོན་པར་བྱེད་པའོ། །ཚུལ་ཞེས་བྱ་བ་ནི་སེར་སྣ་ཡོངས་སུ་སྤང་བ་ལ་སོགས་པའི་ཚུལ་གྱིས་སོ། །བཟླས་པས་གྱུར་ན་ནི་ཞེས་བྱ་བ་ཕྱག་རྒྱ་བཞིའི་ཚུལ ་གྱིས་རྒྱུན་མི་འཆད་པར་རྟག་ཏུ་བཟླ་བའོ། །མྱུར་དུ་ཐམས་ཅད་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་འཕྲིན་ལས་ཀྱིས་གསུངས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་མཆོད་པའི་ཆོ་ག་རྒྱས་པའི་འཕྲིན་ལས་མངའ་བས་ན་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་འཕྲིན་ལས་སོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱའི་རྒྱུད་སྟོན་ཏོ། །དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བ་ཡང་ཡིན་ལ་སེམས་ཀྱི་ཕྱག་རྒྱ་ཡང་ཡིན་པས་ན་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག ་རྒྱའོ། །དེ་བསྒྲུབ་པ་རྒྱུད་གང་དུ་སྟོན་པ་དེ་ལ་ཡང་འདི་སྐད་ཅེས་བྱའོ། །རྟག་ཏུ་འདོད་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་རྟག་པ་ནི་ཡུན་རིང་བ་སྟེ་རྒྱུན་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །འདོད་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །སེམས་ཅན་ཐམས་ཅད་བདེ་སྦྱིན་པ། །རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་དུ་ཞེས་བྱ་བ ་འདི་ལྟ་བུར་བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་འདོད་པས་གསུངས་ཞེས་བྱ་བ་སྟེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །སྔ་མ་ནི་རྡོ་ཇེ་སེམས་དཔའ་ཡིན་པ་རང་རྒྱལ་བསྐྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ནི་རྟོག་པ་དང། སེམས་ཅན་ཧམས་ཅད་ལ་བདེ་བ་སྦྱིན་པ་ཡང་རྡོ་རྗེ་སེམས ་དཔའ་ཡང་བདག་ཡིན་ནོ་ཞེས་ཁྱད་པར་དུ་འཕགས་པའི་རྡོ་རྗེ་སེམས་དཔར་ང་རྒྱལ་བསྐྱེད་བ་སྟེ་བྱེ་བྲག་ནི་དེ་ཡོད་དོ། །ད་ནི་རྡོ་རྗེ་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ཞེས་བྱ་བ་ལ་སོགས་པ་ལ་གདུག་པ་རྣམས་ཀྱིས་གཙེས་པའི་སེམས་ཅན་ཐམས་ཅད་ལ་ཕན ་གདགས་པའི་ཕྱིར་ཁྲོ་བོ་ཆེན་པོར་བྱའོ་ཞེས་བྱ་བ་དང། སེམས་ཅན་མ་རུངས་པ་རྣམས་ཆད་པས་བཅད་ཅི་དང་རྒྱལ་གཞོམ་པའི་ཕྱིར་དང། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བྱ་བའི་ཕྱིར་བདག་ཁྲོ་བོར་བྱའོ་ཞེས་དེ་ལྟ་བུས་ཁྲོ་བར་བྱེད་ན་ཤིན་ཏུ་ཡང་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའོ། །ད་ནི ་པདྨའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱའི་སྒྲུབ་པའི་རྒྱུད་སྟོན་ཏེ། ཇི་ལྟར་པདམོ་ཞེས་བྱ་བ་ལ་སོགས་པས་ནི་དཔེ་སྟོན་ཏེ། རབ་ཆག་ལ། བསྒོམས་པའི་སྐྱོན་གྱིས་མི་གསོལ་ཞེས་བྱ་བ་ནི་ཇི་ལྟར་པདམོ་དམར་པོ་ཡིན་དུ་ཟིན་ཀྱང་ཆུའི་ཉེས་པས་མི་གོས་པ་བཞིན་དུ་དེ་བཞིན་དེ་དག་ཀྱང ་འཁོར་བའི་སྐྱོན་གྱིས་མི་གོས་པའོ། །སྲིད་ལ་ཆགས་པ་ཞེས་བྱ་བ་ནི་འཁོར་བ་ལ་ཆགས་པ་སྟེ། འདི་ནི་དཔེས་བསྟན་བའི་དོན་ཡིན་ལ་དེ་ལྟར་ཤེས་ན་དེ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་པདམོ་འདོད་པས་གསུངས་སོ། །ད་ནི་ནོར་བུའི་རིགས་ཀྱི་གསང་བའི་ཕྱག་རྒྱའི་རྒྱུད་སྟོན་ཏེ། ནོར་བུའི་རིགས་ཀྱི་གསང་བའི ་སེམས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་གཞན་གྱིས་མི་ཤེས་པའི་ཕྱིར་གསང་བའོ། །སེམས་བསྐྱེད་པ་ཉིད་ཕྱག་རྒྱ་ཡིན་པས་ན་སེམས་ཀྱི་ཕྱག་རྒྱ་སྟེ། དེའི་སྒྲུབ་པ་རྒྱུད་གང་དུ་སྟོན་པ་དེ་ནི་གསང་བའི་སེམས་ཀྱི་ཕྱག་རྒྱ་སྒྲུབ་པའི་རྒྱུད་ཅེས་བྱའོ། །དེ་ཇི་ལྟ་བུ་ཞེ་ན། ནམ་ཞིག་སེམས་ཅན་ཐམས་ཅད་ཀྱིས་།དགོས་པའི ་དོན་ནི་ཀུན་སྒྲུབ་ཅིང། རིན་ཆེན་ཆར་ནི་འབེབས་འགྱུར་ཞེས་གྲུབ་ན་ཞེས་བྱ་བ་གསུངས་ཏེ། དེ་ལྟར་བསམས་ན་དེ་མྱུར་བར་འགྲུབ་བོ་ཞེས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པའི་དགོས?་ཀྱི་གསང་བའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་སྨོས་པས ་ནི་འདིར་གཡོན་པའི་རྡོ་རྗེ་ཁུ་ཚུར་གཟུང་ངོ། །ཇི་ལྟར་ལངས་སམ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ཀྱི་རྣལ་འབྱོར་སྟོན་ཏོ། །ལག་པ་གཡོན་པ་ཕྱག་རྒྱ་མཆོག་ཅེས་བྱ་བ་ནི་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་དུ་ཆིངས་ཤིག་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་བྱེད་ན་འགྲུབ་པར་འགྱུར་ཞེས་བྱ་བ་ནི་དགོས ་པ་ཐམས་ཅད་བྱེད་བཞིན་དུ་འདུག་པ་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཡིད་ཀྱིས་བྱེད་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བས་གསུངས་སོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འཛིན་པས་ན་རྡོ་རྗེ་གསང་བའོ། །འདི ་སྐད་སྟོན་ཏེ། དཀྱིལ་འཁོར་དུ་ཞུགས་ཏེ་དམ་ཚིག་ཐོབ་ནས་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་ནས་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཡོན་པས་བཅངས་ལ་གོས་ཀྱིས་བཀབ་ནས་ཤིན་ཏུ་རྩེ་གཅིག་པའི་རྣལ་འབྱོར་གྱིས་ཁྱིམ་གྱིས་ལས་ཐམས་ཅད་ཀྱང་བྱེད་ཅིང་འཇིག་རྟེན་གྱི ་བྱ་བ་ཐམས་ཅད་བྱེད་བཞིན་དུ་ཡང། ཐ་སྙད་དུ་བྱ་བ་གང་དང་གང་བྱེད་པ་དེ་དང་དེ་རང་གི་ལྷའི་ཏིང་ངེ་འཛིན་དུ་གནས་ལ། ཡིད་ཀྱིས་བདུག་པ་ལ་སོགས་པའི་མཆོད་པ་བྱེད་པ་ན། དེའི་མཚན་མ་ཐོབ་པར་འགྱུར་ནས་སྒྲུབ་པ་ལ་ཞུགས་པར་གྱུར་ན་འགྲུབ་པར་འགྱུར་རོ་ཞེས་པའོ། །ད་ནི་རྡོ་རྗེ ་རིགས་ཀྱི་གསང་བའི་རྡོ་རྗེའི་ཕྱག་རྒྱ་སྒྲུབ་པའི་རྒྱུད་སྟོན་ཏེ། ཇི་ལྟར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། རྡོ་རྗེ་ཁྲོ་བོའི་མཛུབ་མོ་ཞེས་བྱ་བའི་ཁྱད་པར་འབའ་ཞིག་ཏུ་བྱད་ཡོད་དུ་ཟད་ཀྱི་ལག་པ་གཡོན་པའི་བྱ་བ་གཞན་ཐམས་ཅད་ཀྱང་འདྲ་བ་ཡིན་ནོ། །པདྨའི་རིགས་ལ་ཡང་པདམོའི་ཁུ་ཚུར་འབའ་ཞིག་ཏུ་ཁྱད ་པར་ཡོད་དུ་ཟད་ཀྱི། གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །རིན་པོ་ཆེའི་རིགས་ལ་ཡང་རིན་པོ་ཆེ་ཁུ་ཚུར་གྱི་ཁྱད་པར་དབྱེ་སྟེ། ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་མཛུབ་མོ་དང་མཐེ་བོ་ནོར་བུར་བྱས་ཏེ་གོས་ཀྱིས་གཡོ་གོ། རིམ་གྲོར་ཞེས་བྱ་བ་ནི་ལག་པ་ལེགས་པར་བཀྲུས་ཏེ་ཙན་དན་ལ་སོགས་པས ་བྱུགས་ལ་ཁུ་ཚུར་བཅངས་ལ་རིམ་གྲོ་ལེགས་པར་བྱས་པ་ཡིན་ནོ། །ལྷག་མ་རྣམས་ནི་འདྲའོ། །ད་ནི་ཁུ་ཚུར་དེ་དག་ཐམས་ཅད་ཀྱི་ཐུན་མོང་གི་ཕྱག་རྒྱ་སྒྲུབ་པའི་རྒྱུད་སྟོན་ཏེ། ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི་ཞེས་བྱ་བ་ནི་ལས་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་ལ་བརྟེན་པ་ཡིན་པས་ན། གལ་ཏེ་གཞན ་གྱི་ཕྱག་རྒྱ་ཆེན་པོ་ལ་དམིགས་པར་བྱེད་པ་ཡང་སྲིད་པས་ན། དེའི་ཕྱིར་རང་གི་སེམས་དཔའ་ཨི་ཏིང་འཛིན་གྱིས་ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ལ་དེ་ལྟར་གནས་ཏེ། མཉམ་པར་མ་བཞག་པའི་སྦྱོར་བས་བཟླས་པའི་ཚིག་ཇི་ལྟར་བྱ་ཞེ་ན། རྡོ་རྗེའི་དག་དང་ཞེས་བྱ་བ་གསུངས་སོ། །ལྟ ་བ་ཡང་ཇི་ལྟར་བྱ་ཞེས་ན་རྡོ་རྗེའི་ལྟ་བ་ཞེས་གསུངས་སོ། །རྡོ་རྗེའི་དག་དང་རྡོ་རྗེའི་ལྟབ་ཞེས་ཚིག་གཉིས་བསྟན་པ་ལས་ན་གཉི་ག་?་ཀི་སྦྱར་བ་ཡིན་པར་ཤེས་བར་བྱའོ། །རིང་པོར་མི་ཐོགས་མཆོག་འགྲུབ་པོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྟོག་པ་བཞི་ཆར་གྱི་ཁུ་ཚུར་བཞི་ཆར་དུ་ཡང་ཕྱག་རྒྱ ་བཞི་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། ཁུ་ཚུར་བཅངས་ལ་རྡོ་རྗེ་ལྟ་བས་འཇིག་རྟེན་ལ་བལྟ་ཞིང་རྡོ་རྗེའི་ཚིག་གིས་སྙིང་པོ་བཟླས་ལ། འཇིག་རྟེན་པའི་བྱ་བར་གཏོགས་པ་ཐམས་ཅད་བསྒྲུབ་པར་བྱའོ། །འོན་ཏེ་རྒྱུན་དུ་ཟློས་བའི་སྦྱོར་བས་ཇི་སྐད་དུ་གསུངས་པའི་དངོས ་གྲུབ་རྣམས་རབ་ཏུ་འཐོབ་པར་འགྱུར་རོ། །ད་ནི་རྒྱུད་ཕྱི་མའི་ཡང་ཕྱི་མ་བྱིན་གྱིས་བརླབ་པའི་ཕྱིར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་འདེབས་པ་ཡིན་ཏེ་འདི་དག་ཀྱང་སྔར་མང་དུ་བསྟན་ཅིང་ངོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད ་བཀོས་ལའི་རྒྱན་ལས་རྒྱུན་ཕྱི་མའི་ཡང་ཕྱི་མའི་འགྲེལ་བ་རྫོགས་སོ།། །།རྒྱུད་འདིའི་བདག་པོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྟེ་དེས་རྒྱུད་འདི་བསྟན་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་ལན་མང་པོ་ཞིག་མཛད་པ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་རྣམས་ཀྱིས་བསྐུལ་བ་དང། བྱིན་གྱིས་བརླབས་པས་རྒྱུད ་བཤད་པ་དང། རྒྱུད་ཀྱི་དོན་བཟང་པོ་མཐོང་བས་ཡོངས་སུ་མགུ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་པ་རྡོ་རྗེ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་མཚན་བརྒྱ་རྩ་བརྒྱད་པ་འདིས་བསྟོད་པ་མཛད་པ་ཡིན་ནོ། །རྡོ་རྗེ་དབྱིངས་ཉིད་ཡིན་པས་ན་རྡོ་རྗེ་དབྱིངས་ཏེ་རྒྱུ་དེ་ལས་སྐྱེས་པའི་ཕྱིར་རོ། ་དེ་ཉིད་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར་སེམས་དཔའ་ཆེ་སྟེ། སེམས་ཤེས་རབ་ཅན་དང་བཅས་པ་ལ་སེམས་དཔའ་ཆེ་ཞེས་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དང་ལྡན་པས་ན་སེམས་ཅན་དོན་ཏོ། །མཆོག་གི་དོན་བདག་ཉིད་ཅན་ཡིན་པས་ན་མཆོག་གི་བདག་ཉིད་ཅན་ཏེ། ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཆོག་དེའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ཤཱཀྱ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་ཤཱཀྱའི་རྒྱལ་པོའོ། །ཡེ་ཤེས་ཆེན་པོ་མངའ་བས་ན་ཡེ་ཤེས་ཆེ་སྟེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །རྡོ་རྗེའི་སྐུ་མངའ་བས་ན་རྡོ་རྗེའི་བདག་ཉིད ་དེ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པའོ། །སེམས་དཔའ་རྣམས་འབྱུང་བ་ནི་དེ་བསྐུལ་བའི་སྔགས་ཀྱི་སྒོ་ནས་འབྱུང་བས་ན་སེམས་དཔའ་འབྱུང་བའོ། །དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་ན་དེ་ཉིད་དོན་ནོ། །སེམས་ཅན་རྣམས་ཀྱི་རྒྱུ་ཡིན ་པས་ན་སེམས་ཅན་རྒྱུ་སྟེ་དེ་བསྐྱེད་པའི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ལ་འཇུག་པའི་རྒྱུ་ཡིན་པས་ན་ཚུལ་ཆེན་པོའོ། །སེམས་ཅན་མང་པོའི་དོན་མཛད་པས་ན་སེམས་ཅན་དོན་ནོ། །དགོས་པའི་དོན་ཅེས་བྱ་བ་ལ་དགོས་པའི་དོན་ནི་བྱའོ། དགོས་པ་ཉིད་དོན་ཡིན་པས་དགོས ་པའི་དོན་ཏེ་གང་གིས་ཕྱིར་རྩོམ་པ་འདི་ནི་སེམས་ཅན་རྣམས་ལ་ཕན་གདགས་པ་ཡིན་པའི་ཕྱིར་རོ། སེམས་དཔའ་སེམས་དཔའ་ཞེས་བྱ་བ་ལ་སེམས་དཔའ་སྟེ་ཐུགས?་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་སེམས་དཔའ་འདི་ཡིན་པ་སྟེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སེམས ་དཔའ་སེམས་དཔའ་ཞེས་བྱའོ། །འདི་ནི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པའོ། །སངས་རྒྱས་ཆོས་ནི་ཞེས་བྱ་བ་ལ་སངས་རྒྱས་ཀྱང་ཡིན་ལ་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་ན་སངས་རྒྱས་ཆོས་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་ཐམས་ཅད་དུ ་ཁྱབ་པས་ན་ཆོས་ཆེན་པོ་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་གྱི་རང་བཞིན་ཏེ། དཀྱིལ་འཁོར་རྣམས་དེའི་ཐུགས་ཀྱིས་སྦྲུལ་བའི་རང་བཞིན་ཡིན་པས་ན་ཆོས་ཀྱི་འཁོར་ལོའོ། །རབ་བསྐོར་བ་ནི་ཆོས་ཀྱི་འཁོར་ལོ་དེ་ཉིད་དོ། །ཆིག་ཐམས་ཅད་ལ་འཇུག་པའི ་རྒྱུད་ཡིན་པས་སྨྲ་བ་ཆེན་པོའོ། །རབ་རིག་མཆོག་ཅེས་བྱ་བ་ནི་རིག་པ་བཟང་པོ་ཡིན་པས་ན་རབ་རིག་གོ་།རིག་པ་དམ་པ་དེ་རྣམས་ཀྱི་ནང་ན་མཆོག་ཡིན་པས་ན་རབ་རིག་མཆོག་སྟེ། ཟག་པ་ཟད་པའི་ཡེ་ཤེས་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར ་རོ། །སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཐབས་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་དང། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་སེམས་དཔའ་ཆེན་པོའོ། །ཚིགས་སུ་བཅད་པ་འདི་ནི་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད ་པ་ཡིན་ཏེ། རྡོ་རྗེ་ཆོས་ལ་སོགས་པ་དེ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ངོ་བོ་ཉིད་ཡིན་པས་ན། དེའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཉིད་ལ་བསྟོད་པ་ཡིན་ནོ། །ལས་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལས་ཀྱི་གཟུགས་སུ ་བཞུགས་པས་ན་ལས་ཆེན་ནོ། །རྡོ་རྗེ་གོ་ཆའི་གཟུགས་སུ་བཞུགས་པས་ན་བསྲུངས་པ་ཆེན་པོ་སྟེ་ཞེས་བྱ་བའོ། །ལས་ལ་འཇུག་པའི་རྒྱུར་གྱུར་ལས་ན་ལས་རྣམས་ཐམས་ཅད་དོ། །དོན་གྱི་དངོས་གྲུབ་ལ་སོགས་པ་སྩོལ་བས་ན་རབ་སྒྲུབ་པའོ། ་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་བཞུགས་པས་ན་བདག་ཆེན་པོའོ། །འགྲོ་སྤྱོད་མཆོག་ཅེས་བྱ་བ་ལ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྤྱོད་པར་མཛད་པ་ན་འགྲོ་སྤྱོད་པའོ། །དེའི་མཐར་ཕྱིན་པ་བརྙེས་པས་ན་མཆོག ་གོ་།སེམས་དཔའ་རྒྱུ་ཡིན་བས་ན་སེམས་དཔའ་རྒྱུ་སྟེ། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་མངོན་པར་བྱང་ཆུབ་པ་བརྙེས་པ་ཡིན་ཏེ། དེ་བས་ན་སེམས་དཔའ་ཨི་རྒྱུ་མངའ་བས་ན་སེམས ་དཔའ་རྒྱུའོ། །འདི་ནི་སེམས་དཔའ་དང། སྔགས་དང་ལས་ཀྱི་དཀྱིལ་འཁོར་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །འདིས་ཕ་རོལ་ཏུ་ཕྱིན་པ་བརྙེས་བས་ན་ཕ་རོལ་ཏུ་ཕྱིན་པ་ཀུན་བརྙེས་པའོ། །ཐམས་ཅད་ཐུགས་སུ་ཆུད་པས་ན ་ཀུན་མཁྱེན་ནོ། །ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཡེ་ཤེས་སོ། །དངོས་པོའི་དོན་ཐམས་ཅད་ཡང་དག་པར་མཁྱེན་པས་ན་མཁྱེན་པའོ། །སེམས་དཔའ་ཐམས་ཅད་སྐྱེད་པར་མཛད་པས་ན་སེམས་དཔའ་ཀུན་ཏེའོ། ། ་ཐབས་ཆེན་པོ་མངའ་བས་ན་ཐབས་ཆེན་པོའོ། །འདི་ལ་ཤེས་རབ་ཆེན་པོ་མངའ་བས་ན་ཤེས་རབ་ཆེན་པོའོ། །འདི་དག་ནི་ཚོགས་ཡོངས་སུ་རྫོགས་པའི་སྒོ་ནS་བསྟོད་པའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པས་ཐུགས ་རྗེ་ཆེན་པོའོ། །མཆོག་རྣམས་ཀྱི་ནང་ན་ཡང་མཆོག་ཡིན་པས་ན་མཆོག་གི་མཆོག་གོ་།ཐུགས་རྗེ་ཆེན་པོ་རྣམས་ཀྱི་ནང་ན་ཐུགས་རྗེ་ཅན་ཡིན་པས་ཐུགས་རྗེའོ། །ཐུགས་རྗེའི་ཡོན་ཏན་གྱི་རང་བཞིན་ཅན་ཡིན་པས ་ན་ཐུགས་རྗེའི་བདག་ཉིད་ཅན་ཏེ་ཐུགས་རྗེའི་བདག་ཉིད་མངའ་བའི་ཕྱིར་རོ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་གཏོང་བར་མཛད་བས་ན་ཐམས་ཅད་གཏོང་བའོ། །འདི་ལ་བྱམས་པ་ཆེན་པོ་མངའ་བས་ན་བྱམས་པ་ཆེན་པོའོ། །སེམས་ཅན ་སེང་གེ་ཡིན་པས་ན་ཤཱཀྱ་སེང་གེའོ། ། མཛད་དོ། །འདི་དག་ནི་ཐུགས་རྗེའི་སྒོ་ནས་བསྟོད་པའོ། །ཤཱཀྱའི་སེང་གེ་ཞེས་བྱ་བ་ནི་སེང་གེའི་སྤྱོད་པ་དང་རྗེས་སུ་མཐུན་པར་མཛད་པའི་ཕྱིར་ཏེ། ཤཱཀྱའི་རྣམས་ཀྱི་ནང་ན་སེང་གེ་ཡིན་པས་ན་ཤཱཀྱ་སེང་གེའོ། ། ་ཤཱཀྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཤཱཀྱ་ཆེ་སྟེ། ཤཱཀྱའི་རིགས་སུ་སྐྱེ་བ་ཞེས་པའི་ཕྱིར་ན་ཤཱཀྱ་ཡིན་ལ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་མངའ་བརྙེས་པའི་ཆེན་པོའོ། །ཤཱཀྱ་རྣམས་དགའ་བར་མཛད་པའི་ཕྱིར་ན་ཤཱཀྱའོ། །ཤཱཀྱ་རྣམས་ཀྱི་ཐུབ་པ ་ཡིན་པས་ན་ཤཱཀྱ་ཐུབ་པ་སྟེ་སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པའི་ཕྱིར་ཐུབ་པ་ཆེ། འདུལ་བ་ཆེན་པོ་མངའ་བས་ན་འདུལ་བ་ཆེན་པོའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ངོ་བོ་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཁྱབ་པའོ། །བཀྲི་བའི་དོན་མངའ་བས་ན ་བཀྲ་ཤིས་དོན་ཏེ་འདིའི་གསུང་ཕལ་ཆེར་དགོངས་པས་བཤད་པ་ཡིན་པའི་ཕྱིར་རོ། །འདུལ་བས་ཐུབ་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཡིན་པས་ན་འདུལ་བ་མཆོག་གོ་།འདི་ནི་ཕལ་ཆེར་རིགས་ཀྱི་སྒོ་ནས་བསྟོད་པ་ཡིན་ཏེ་འདིར ་མཚན་ཉིད་ནི་བརྒྱད་ཡོད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམས་པས་ན་ཆོས་དབྱིངས་སོ། །དངོས་པོར་ཐམས་ཅད་དུ་དེ་ཁོ་ན་ཉིད་དང་དབྱེར་མེད་པས་ན་མཉམ་མེད་བསྙེས་པ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་དབྱིངས་དང་འབྲེལ་བས་ན་ཆོས་དབྱིངས་སོ། །དངོས་པོ་རྣམས་ཇི་ལྟར་གནས་པ་དེ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པའོ། །རྡོ་རྗེ་མགོན་པོ་ཞེས ་བྱ་བ་ལ་རྡོ་རྗེ་ནི་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་མགོན་པོ་དང་བདག་པོ་ཡིན་པས་ན་རྡོ་རྗེ་མགོན་པོའོ། །མགོན་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མགོན་པོ་ཆེ་སྟེ། ཆོས་ཀྱི་སྐུ་ནི་ཐམས་ཅད ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སྡུད་པར་མཛད་པས་ན་སེམས་ཅན་ཚོགས་སོ། །འདི་ནི་ཕལ་ཆེར་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །འདི་ལ་འོད་ཆེན་པོ་མངའ་བས་ན ་འོད་ཆེན་ཏེ་སྐུའི་འོད་དོ། །འདི་ལ་སྣང་བ་ཆེན་པོ་མངའ་བས་ན་སྣང་?་ནི་ཡེ་ཤེས་ཀྱི་སྣང་བའོ། །འདི་ལ་བཙོན་འགྲུས་ཆེན་པོ་མངའ་བས་ན་བརྩོན་འགྲུས་ཆེན་པོ་སྟེ་བརྩོན་འགྲུས་ནི་སྒྲོ?་བ་ལ་བྱའོ། །འདི་ལ་སྟོབས་ཆེན་པོ་མངའ་བས་ན་སྟོབས་ཆེན་པོ་སྟེ་སྟོབས ་ནི་སྐུའི་གཟི་བྱིན་ནོ། །དཔའ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་དཔའ་བ་ཆེན་པོ་སྟེ། རི་རབ་ལ་སོགས་པ་ཡང་མཛུབ་རྩེས་འཕེན་པར་མཛད་པའི་ཕྱིར་རོ། །ཉོན་མོངས་པའི་དགྲ་རྣམ་པར་རྒྱལ་བར་མཛད་པའི་ཕྱིར་ན་རབ་དཔའ་མཆོག་གོ་། ་གདུལ་བྱ་རྣམས་ལ་དེའི་གཟུགས་སྟོན་པས་ན་བདེ་སྤྱོད་དོ། །དཔའ་བ་ནི་ཁྱབ་འཇུག་སྟེ་དེའི་གཟུགས་སྟོན་པར་མཛད་པས་ན་དཔའ་བའ་ཨོ། །འདི་ནི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ཏེ་འདིར་ཡང་མཚན་བརྒྱད་ཡོད་དོ། །འདོད་པའི་ཁམས ་ཀྱི་འདོད་ཆགས་དང་བྲལ་བས་ན་ཚངས་པའོ། །ལུང་འབོག་པ་མེད་པར་ཡེ་ཤེས་ཐུགས་སུ་ཆུད་པར་མཛད་པས་ན་རང་བྱུང་ངོ། །སྐལ་བ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཏེ་བསྐལ་པ་ཞེས་བྱ་བའི་སྒྲ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བཤད་དོ། ། ་ཤཱཀྱའི་དཔའ་ཨོ་ཐུབ་པ་ཆེ་ཞེས་བྱ་བ་ལ་ཤཱཀྱའི་དཔའ་ཨོ་ཡང་ཡིན་ལ། ཐུབ་པ་ཆེན་པོ་ཡང་ཡིན་པས་ཤཱཀྱའི་དཔའ་ཨོ་ཐུབ་པ་ཆེ་ཐུབ་པ་ཐམས་ཅད་ལས་མཆོག་ཏུ་ཁྱད་པར་འཕགས་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན ་པས་ན་ཀུན་བདག་གོ་།མི་གསུང་པར་བཞུགས་པས་ན་ཐུབ་པ་སྟེ་ངེས་ནི་ཆོས་གཅིག་ཀྱང་མ་བཤད་དོ། །ཞེས་བཤད་པ་ལྟ་བུའོ། །ཆོས་ཀྱི་སྐུའི་དབང་དུ་བྱས་པས་ན་དག་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒིབ?་བའི་དྲི་མ་རྣམ་པར ་དག་པའི་ཕྱིར་རོ། །ཁམས་གསུམ་གྱི་ཆོས་ཀྱིས་རྒྱལ་པོ་བརྙོས་པས་ན་ཆོས་རྒྱལ་ལོ། །འདི་ནི་བདག་པོའི་སྒོ་ནས་བསྟོད་པ་ཡིན་ཏེ། འདིར་ཡང་མཚན་བརྒྱད་ཡོད་དོ། །ནམ་མཁའ་ཀུན་ཏུ་ཁྱབ་པ་བཞིན་དུ་ཐམས་ཅད་དུ་ཁྱབ་པའི་སྐུ་མངའ་བས་ན་ནམ་མཁའ་ཨི་སྐུའི་སྐའོ། ། ་སྐུས་མཆོག་ཏུ་གྱུར་པས་ན་སྐུའི་མཆོག་གོ་།སྐུ་གསུམ་དང་ལྡན་པས་ན་སྐུ་གསུམ་མོ། །སྐུ་གསུམ་ཆར་ཡང་བདག་མེད་པར་བསྒོམ་པའི་ཕྱིར་སྐུ་མ་ནི་བསྒོམ་པ་པོ་སྟེ། ཆོས་ཀྱི་སྐུ་ཡང་བརྟགས་པའི་གཟུགས་ཀྱིས་བསྒོམ་པའི་ཕྱིར་རོ། །སྐུ་ཐམས ་ཅད་སྟོན་པར་མཛད་པས་ན་ཀུན་ཀྱི་སྐུའོ། །རི་རབ་ལ་སོགས་པའི་ཆད་པས་ཀྱང་ལྷག་པར་ཆར་སྟོན་པའི་ཕྱིར་སྐུ་ཆེ་བའོ། །མི་ཤིགས་པའི་སྐུ་ཡིན་པས་ན་རྡོ་རྗེའི་སྐུའོ། །འདི་དག་ནི་སྐུའི་སྒོ་ནས་བསྟོད་པ་ཡིན་ནོ། །གསུང་མིན་གསུང་སྟེ ་ཞེས་བྱ་བ་ལ་འདི་ལ་གསུང་མ་ཡིན་པ་ཉིད་ཀྱི་གསུང་མངའ་བས་ན་གསུང་མིན་གསུང་སྟེ། ཆོས་ཀྱི་ལོངས་སྤྱོད་རྫོགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཞུགས་ཏེ། ཇི་ལྟར་མངོན ་པར་འདོད་པའི་བཞིན་དུ་ཆོས་སྟོན་པའི་རྣམ་པར་རིག་པ་སྐྱེད་པར་མཛད་པའི་ཕྱིར་གསུང་མིན་གསུང་ངོ། །ཚངས་པའི་དབྱངས་བརྙེས་པའི་ཕྱིར་སྨྲ་བའི་དམ་པར་གྱུར་པས་ན་གསུང་གི་མཆོག་གོ། །གདུལ་བྱའི་དབང་གིས་སམ་སྐྲི་ཏ་དང། སྐད ་ཐ་མལ་བ་དང། སྐད་ཟུར་ཆག་པའི་གསུང་གི་ཆོས་སྟོན་པར་མཛད་པས་ན་སངས་རྒྱས་གསུང་གསུམ་མོ། །གསུང་འདི་གསུམ་ཆར་ཡང་བདག་མེད་པར་མཛད་པས་ན་གསུང་མིན་སྟོན་པའོ། །ཁམས་དང་འགྲོ་བ་དང། སྐྱེ་གནས་དང། ཡུལ་གྱིས་ཕྱེ་བའི ་སེམས་ཅན་གྱི་ཆོ་གས་ཐམས་ཅད་ཀྱིས་སྣ་ཚོགས་པ་དྲི་བ་དང། ཞུ་བ་ལ་ཞུགས་ཟིན་ཀྱང།། གསུང་གཅིག་གིས་འདྲེས་གཅིག་ཏུ་ཐམས་ཅད་ཀྱི་ལན་སྟོན་པར་སྤྱོད་པས་ན་གསུང་ཀུན་ཞེས་བྱའོ། །ཤིན་ཏུ་ཆེ་བའི?་གསུང་མདའ་བས་ན་ཤིན་ཏུ་གསུང་ཆེ་བ་སྟེ། ་འཇིག་རྟེན་གྱི་ཁམས་གངྒཱ་གྲུང་གི་བྱེ་མ་སྙེད་དང་མཉམ་པ་འགེངས་པར་མཛད་པའི་ཕྱིར་རོ། །སྲོག་ཆགས་སུ་གྱུར་པ་ཐམས་ཅད་ཀྱིས་ཀྱང་འདིའི་གསུང་ལས་འདའ་བར་མི་ནུས་པས་ན་རྡོ་རྗེའི་གསུང་ངོ། །འདི་ནི་གསུང་གི་སྒོ་། ་ནས་བསྟོད་པའོ། །སེམས་མིན་སེམས་ཏེ་ཞེས་བྱ་བ་ལ་ཡུལ་སྣ་ཚོགས་སུ་སྣང་བ་དང། དགེ་བ་དང། མི་དགེ་བའི་བག་ཆགས་སྣ་ཚོགས་སུ་སྣང་བས་ན་སེམས་སོ། །སེམས་དེ་ལྟ་བུ་ཡིན་པ་ལས་གཟུང་བ་དང་འཛིན་པའི་འཁོར ་བའི་དྲི་མ་དང་རྣམ་པར་བྲལ་ཞིང་དཔེན་པ་དང། ཟག་པ་མེད་པའི་ཕྱིར་སེམས་མིན་ནོ། །སྔ་མའི་རྗེས་སུ་བྲང་བས་ན་སེམས་ཞེས་ཀྱང་བཤད་དེ། དེ་ལྟར་ན་སེམས་མིན་སེམས་ཤེས་ཞེས་བཤད་དོ། །སེམས་ཅན་ཐམས་ཅད་ལས་མཆོག་ཏུ ་ཁྱད་པར་དུ་འཕགས་ཤིང་ཡོངས་སུ་དག་པ་ཡིན་པས་ན་སེམས་ཀྱི་མཆོག་གོ་།ཀུན་གཞིའི་རྣམ་པར་ཤེས་པ་དང། ཉོན་མོངས་པ་ཅན་གྱི་ཡིད་དང། འཇུག་པའི་རྣམ་པར་ཤེས་པ་རྣམས་སྔོན་གྱི་རྗེས་སུ་འབྲང་བ་ལ་བལྟོས་ནས། སེམས་རྣམ་པ ་གསུམ་དང་ལྡན་པས་ན་སེམས་གསུམ་ཞེས་བྱའོ། སེམས་གསུམ་ཆད་བདག་མེད་པར་སྟོན་པར་མཛད་པས་ན་སེམས་མིན་སྟོན་པ་པོའོ། དོན་དམ་པར་སེམས་ཐམས་ཅད་ཡོངས་སུ་དག་ཅིང་སེམས་ཐམས་ཅད་ལས་དབང་ལ། ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཀྱི་གནས་སྐབས་ན་འང་སེམས་ཐམས་ཅད་རོ་གཅིག་པའི་ངོ་བོར་གནས་བས་ན་ཐམས་ཅད་སེམས་སོ། །སྤྲེས་པའི་གནས་སྐབས་སུ་སེམས་ཀྱིས་ནམ་མཁའ་ཨི་ཁམས་འགེངས་པས་ན་སེམས་དཔའ་ཆེའོ། །སེམས་ཅན་ཐམས ་ཅད་ཀྱིས་མི་བྱེད་པས་ན་རྡོ་རྗེའི་སེམས་སོ། །འདི་དག་ནི་ཐུགས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །རྡོ་རྗེ་མིན་རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་མ་ཡིན་པ་ཡང་རྡོ་རྗེ་མཛད་པ་སྟེ། སེམས་ཉིད་རྡོ་རྗེའི་གཟུགས་སུ་བསྒོམས་པས་ནི་རྡོ་རྗེ་མིན་རྡོ་རྗེ་ཞེས་བྱའོ། རྡོ་རྗེ་སྟེ་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་ཅིང་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ཡིན་པས་ན་རྡོ་རྗེ་མཆོག་གོ། འདི་ལ་ནི་རྡོ་རྗེ་གསུམ་མངའ་བས་ན་རྡོ་རྗེ་གསུམ་པ་སྟེ། སྐུ་རྡོ་རྗེ་དང། གསུང་རྡོ་རྗེ་དང། ཐུགས་རྡོ་རྗེ་དང་རབ་ཏུ་ལྡན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི ་སེམས་རྡོ་རྗེ་མ་ཡིན་པ་དེ་ཡང་རྡོ་རྗེར་མཛད་པས་ན་རྡོ་རྗེ་མིན་མྱོང་ངོ། །སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེའི་ངོ་བོ་ཉིད་མངའ་བས་ན་རྡོ་རྗེ་ཐམས་ཅད་དོ། །སྐུ་དང། གསུང་དང། ཐུགས་རྡོ་རྗེ་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་རྡོ་རྗེ་ཆེའོ། །རྡོ་རྗེ ་ལས་ཀྱང་རྡོ་རྗེ་ཡིན་པས་ན་རྡོ་རྗེ་རྡོ་རྗེ་སྟེ་རྡོ་རྗེ་ཡང་ཐུགས་བསྐྱེད་པ་ཙམ་གྱིས་ཕྱེ་མར་རློག་པར་མཛད་པའི་ཕྱིར་རོ། །འདི་ནི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །ཐམས་ཅད་དུ་སོང་བས་ན་ཀུན་ཁྱབ་བོ། །སྲིད་པའི་རྩེ་མོ་མཆོག་ཅེས་བྱ་བ་ལ་སྲིད་པའི་རྩེ་མོ་ཡིན་པས་ན ་སྲིད་པའི་རྩེ་མོ་སྟེ། སེམས་ཅན་གང་སྲིད་པའི་རྩེ་མོར་སྐྱེས་པ་དེ་ལ་ནི་སྲིད་པའི་རྩེ་མོ་ཞེས་བྱ་ལ། དེ་རྣམས་ཀྱང་མཆོག་ཏུ་གྱུར་པས་སྲིད་པའི་རྩེ་མོ་མཆོག་གོ་།བདེ་བར་གཤེགས་པ་བདག་པོ་ཞེས་བྱ་བ་ལ་སྐུ་གསུམ ་གྱི་ཚུལ་གྱིS་བདེ་བར་གཤེགས་པ་རྣམས་བཞུགས་ལ་དེ་དག་ལས་ཀྱང་ཆོས་ཀྱི་སྐུ་ཤིན་ཏུ་ཁྱད་བར་དུ་འཕགས་པ་ལ་བཞུགས་པས་ན་བདག་པོའོ། །འདིས་ཉོན་མོངས་པ་རྣམས་ལས་རྒྱལ་བས་ན་རྒྱལ་བའོ། །ཁམས་གསུམ་གྱི་ངོ་བོ་ཡིན ་པ་འམ། སེམས་དང་སེམས་ལས་བྱུང་པའི་རང་གི་ཚོགས་ཁམས་གསུམ་པར་ཡང་དག་བར་སྟོན་པར་མཛད་པས་ན། ཁམས་གསུམ་བའོ། །རྒྱལ་པོ་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་རྒྱལ་པོ་ཆེའོ། །དུས ་ཐམས་ཅད་དུ་ཕྱོགས་རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་གསུངས་པའི་མཚན་བརྒྱ་རྩ་བརྒྱ་རྩ་བརྒྱད་པ་འདི་མཉན་པ་དང། །ཀློག་པ་དང། བསྒོམ་པའི་ཕན ་ཡོན་སྟོན་ཏེ། ཀུན་གྱི་སངས་རྒྱས་ཉིད་ཐོབ་འགྱུར་ཞེས་བྱ་བའི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཀྱི་ཆོས་ལྔས་བསྡུས་པའི་སངས་རྒྱས་ཀྱི་སའི་རང་བཞིན་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ད་ནི ་མགོན་པོ་ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མཚན་བརྒྱ་རྩ་བརྒྱད་པས་དེ་ལྟར་བསྟོད་ནས་རྒྱུད་དང། རྒྱུད་ཀྱི་དོན་དང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལོ་སོགས་པ་རྒྱས་པར་བྱ་བའི་ཕྱིར། བཅོམ་ལྡན ་འདས་ཕྱག་ན་རྡོ་རྗེ་གསོལ་བ་འདེབས་པ་ཡིན་ཏེ། མགོན་པོ་ཞེས་བྱ་བ་ནི་རྗེ་སར་འབོད་པའོ། །ཅི་ཞིག་གསོལ་བ་འདེབས་ཤེ་ན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ་བ་སྟེ་འདི་ནི་གསོལ་པའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཀུན་ལ ་ཕན་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །དགོས་པ་གང་གིས་ཤེ་ན། ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཀྱང་ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན་གྱི། གཞན་དུ་ན་ཐུགས་རྗེས་སེམས་ཅན་ཐམས་ཅད་ལ ་ཕན་པའི་དོན་སྒྲུབ་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛོད་ཅིག་པའོ། །དེ་ལྟར་གསོལ་བ་བཏབ་པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་བའི་ཚིག་གསན་ནས ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཡིན་ནོ་ཞེས་གསུངས ་པ་ཡིན་ནོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་བའི་ཚིག་ཐོས་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ ་པོས་ཏེ་སྙན་གཏོང་པ་ལ་བཙུད་ནས་འདི་སྐད་ཅེས་གསུངས་ཏེ། ཅི་ཞིག་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་འདུས་པར་གསོལ་ཞེས་བྱ་བ་སྟེ། མཛད་པར་གསོལ་ཞེས་བྱ་བ་ནི་སྤྲོ་བར་མཛོད་ཅིག་པའོ། །ཅི་ཞིག་མཛོད ་?་གཅིག་ཏུ་འདུབ་མཛོད་ཅིག་ཅེས་གསུངས་པ་སྟེ། ཚོགས་པར་མཛད་ཅིག་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་གསུངས་པ་དང། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གཅིག་ཏུ་འདུ་བར་མཛད་ནས ་ཚིགས་སུ་བཅད་པ་འདི་གསུངས་སོ། ཚིགས་སུ་བཅད་པ་དེ་གང་ཞེ་ན། རྟག་པར་འཇིག་རྟེན་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར་ཞེས་བྱ་བ་ལ་ཕན་པ་ནི་གང་མ་འོངས་པ་ན་བདེ་བར་འགྱུར་བའི་དགེ ་བའི་ལས་རྣམས་སོ། །དེར་ཅི་ཞིག་བྱ་ཞེ་ན། རྟག་པར་འཇིག་རྟེན་ཐམས་ཅད་དུ་ཞེས་བྱ་བ་གསུངས་ཏེ། རྟག་པར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་རོ། །འཇིག་རྟེན་ཐམས་ཅད་དུ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྟེ་རྡུལ་ཕྲ་རབ་ཀྱི་དཀྱིལ ་འཁོར་རྣམས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདུལ་བ་ཞེས་བྱ་གདུལ་བའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་དུ་མ་སྟེ། དེ་ལྟ་བུའི་ཆོས་ཀྱི་འཁོར ་ལོ་རབ་ཏུ་བསྐོར་ཅིག་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དོན་གང་གི་ཕྱིར་གསོལ་བ་བཏབ་པ་དང། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་བ་མཛད་ནས། ཀུན་ཏུ་བགྲོས་ཏེ་དོན་དེ་ཉིད་ཀྱང ་ཚིགས་སུ་བཅད་པས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་དང། རྡོ་རྗེ་སེམས་དཔའ་བསྐུལ་བའི་ཚིག་གསན་པ་དང། བཀའ་མཉན་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད ་དང་ཞེས་བྱ་བ་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིའོ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ནི་ཡུལ་ཐམས་ཅད་ཀྱིའོ། སེམས་ཅན་ཐམས་ཅད་ཀྱི་མདུན་དུ་ཞེས་བྱ་བ་ནི་མིག་སྔར་རོ། །རྡུལ་ཕྲ ་མོ་ཇི་སྙེར་པའི་དཀྱིལ་འཁོར་ཀུན་ཏུ་ཞེས་བྱ་བ་ནི་ཡུལ་དང། གྲོང་དང་གྲོང་ཁྱེར་དང་ཞིང་དང། དགོན་པ་?་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་བར་དུ་སྟེ། རྡུལ་ཕྲ་མོ་ཐམས་ཅད་ཇི་སྙེད་པའི་དཀྱིལ་འཁོར་ནི་རྡུལ་ཕྲ་རབ་ཉིད་དཀྱིལ་འཁོར ་ཡིན་པར་ཤེས་པར་བྱའོ། ཀུན་ཏུ་ཁྱབ་པར་བྱས་པ་ནི་རྒྱས་པར་བྱས་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་ན་བཞུགས་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་བ་སྟེ། ཆོས་ཀྱི་འཁོར་ལོ་ནི་བཞུད ་གི་ཚུལ་དུ་བསྐོར་པའོ། དོན་གྱི་ཚུལ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་ཚུལ་དུ་བསྐོར་བའོ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཡང་ཚིགས་སུ་བཅད་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ ་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་པ་ནི་སྔར་བཤད་ཟིན་ཏོ། རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་པར་ཤེས་པར་བྱའོ། དེ་ནས་འདི་ཞེས་བྱ་བ་ལ་སོགས་པས་ན་ཐམས་ཅད་ནི་གོ་སླ་འོ། དེ་བཞིན ་གཤེགས་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ལ་བྱའོ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ལ་ཐམས་ཅད་ཀྱང་རབ་ཏུ་བསྐོར་བར་གྱུར་ཏོ་ཞེས་བྱ་བ་ནི་བསྐོར་བར་མཛད་དོ་ཞེས་བྱ་བའི་དོན་ཏེ། ་དེ་ལྟར་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པའི་དཀྱིལ་འཁོར་ཀུན་ཏུ་ཁྱབ་པར་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་ལ་ཞུགས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར ་རྒྱལ་བའི་རྟོག་པའི་དཀྱིལ་འཁོར་རྒྱས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དེ་རྣམ་པར་སྣང་མཛད་ལ་ཚིགས་སུ་བཅད་པས་གསོལ་བ་འདེབས་པ་ཡིན་ནོ། །ཚིགས་སུ་བཅད་པ་དེ་ནི་སྔ་མ་ཉིད་དེ། དེ་ལས་ཁྲོ་བོའི་འཁོར་ལོ་ཞེས་བྱ་བ་འམ ་ཞིག་ཐ་དད་པར་ཟད་དོ། །ཁྲོ་བོའི་འཁོར་ལོ་ཞེས་སྨྲོས་པས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཡིན་པར་ཤེས་པར་བྱའོ། དེ་སྐད་གསོལ་བ་བཏབ་པའི་ཚིག་གསན་པ་དང། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བལྟ་བུས་སོ། ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཏོ། ཞེས་བྱ་བ་ནི་བསྐོར་བར?་མཛད་དོ་ཞེས་བྱ་བའི་དོན་ཏོ། ད་ནི་འགྲོ་བ་འདུལ་བཱི ་དཀྱིལ་འཁོར་གྱུར་གྱི་འཁོར་ལོ་རྒྱས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་འཕགས་པ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོས་ཀྱང། ཚིགས་སུ་བཅད་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ་བཏབ་པོ། །པདྨའི ་འཁོར་ལོ་ཞེས་བྱ་བ་ནི། པདྨས་མཚན་པའི་འཁོར་ལོ་ཡིན་པས་པདྨའི་འཁོར་ལོའོ། །དེ་ལྟར་བསྐུལ་ཚིག་གནས་པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོས་ཞེས་བྱ་བ་ནི་བཅོམ ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དེ། ཆོས་ཀྱི་རིགས་ཀྱི་སྒོ་ནས་དེ་སྐད་ཅེས་བཏགས་པ་ཡིན་ནོ། པདྨའི་འཁོར་ལོ་རབ་ཏུ་བསྐོར་ཏོ་ཞེས་བྱ་བ་ནི་བསྐོར་བར་མཛད་དོ་ཞེས་པའོ། །ད་ནི་ནོར་བུའི་འཁོར་ལོ་རྒྱས་པར་བྱ་བའི་ཕྱིར། བྱང ་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའ་ཨི་སྙིང་པོས་ཀྱང་ཚིགས་སུ་བཅད་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ་འདེབས་པ་ཡིན་ཏེ། ནོར་བུའི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང ་མཛད་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་ཀུན་གྱི་ཇི་སྙེད་པའི་རྡུལ་སྙེད་ཀྱི་དཀྱིལ་འཁོར་ཀུན་ཏུ་ཁྱབ་པར་བྱས་ནས་ནོར་བུའི་འཁོར་ལོ་བསྐོར་བར་མཛད ་དོ། དང་པོར་རྡོ་རྗེ་སེམས་དཔའ་ལ་སོགས་པས་འཁོར་ལོས་སྒྱུར་བ་བཞིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་པ་ནི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། རང་རང་གི་དཀྱིལ་འཁོར ་དང། རང་རང་གི་བརྟག་པར་རང་རང་གི་རིགས་སྐྱེད་ཅིང་བརྟག་པར་གསོལ་ཞེས་སོ་སོ་ནས་གསོལ་བ་བཏབ་པ་དང། དེ་དག་གིས་ཀྱང་རང་རང་གི་རིགས་བསྐྱེད་ཅིང་རང་རང་གི་དཀྱིལ་འཁོར་དང། རང་རང་གི་རྟོག་པ་བཤད་པ་ཡིན་ནོ། །རྒྱུད ་ཕྱི་མ་དང། ཕྱི་མའི་ཕྱི་མ་དག་ཏུ་ནི་དེ་དང་དེར་སངས་རྒྱས་ཀྱི་བཀའ་སྒྲུབ་པའི་ཕྱིར་དང། ཡུན་རིང་དུ་གནས་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་བྱིན་གྱིས་བརླབས་པར་གསོལ་བ་བཏབ་པ་དང། རྣམ་པར་སྣང་མཛད ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མདོ་སྡེ་འདི་ནི་ལེགས་པར་བཤད་ཅེས་བྱ་བས་རྟོགས་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་ཉིད་ཡིན་པར་བྱས་ཏེ་བཞག་པ་དང། ཡུན་རིང་བ་ཉིད་དུ་གནས་པར་བྱིན་གྱིས་བརླབས་མོད ་ཀྱི། རི་རབ་ཀྱི་རྩེ་མོ་འབའ་ཞིག་ཙམ་དུ་ཟད་ཀྱི་ཐམས་ཅད་དུ་གྲགས་པར་གྱུར་པ་ནི་མ་མཛད་དོ། །དེ་བས་ན་ཐམས་ཅད་དུ་གྲགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་ལོས་སྒྱུར་བ་བཞིས་རང་གི་རིགས་ཀྱི་དཀྱིལ་འཁོར ་གྱི་འཁོར་ལོ་བརྟག་པའི་ཕྱིར་གསོལ་བ་བཏབ་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཐམས་ཅད་ལ་ཀུན་ཏུ་ཁྱབ་པར་མཛད་པ་ཡིན་ནོ། །དེ་ལྟར་ཞར་ལ་འོངས་པ་རྫོགས་པར་མཛད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ཡུལ་ཐམས་ཅད་ན་ཇི་ལྟ་བ་བཞིན་དུ་བཞུགས་པ་སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་སྟོན་ཏོ། །དེ་ནས་དེའི་ཚེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏིང་ངེ་འཛིན་གྱིས་ཁྱབ་པར་མཛད་པའི་དུས་སུའོ། །སངས་རྒྱས་ཀྱི་ཞིང ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཞེས་བྱ་བ་ནི་གོ་སླའོ། །ཕྲ་བ་འམ་སྤོམ་པ་བར་རུང་ཞེས་བྱ་བ་དེ་རྣམས་ཉིད་ཀྱི་ཁྱད་པར་ཡིན་ཏེ། ཕྲ་བ་ནི་ཆུའི་སྲིན་བུ་ལ་སོགས་པའོ། །སྒོམ་པ་ནི་མི་ལ་སོགས་པའོ། །ལྷག་མ་རྣམས་ནི་གོ ་སླའོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དོ། །ཀུན་ནས་ཤེས་བྱ་བ་ནི་ཐམས་ཅད་ནས་སོ། །མཐོང་ངོ་ཞེས་བྱ་བ་ནི་མིག་སྔར་བབ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་མཐུས་དེ་བཞིན་གཤེགས་པ་དེ་དག་ཐམས ་ཅད་ཀྱི་མཐུས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀུན་ནས་མཐོང་ངོ། །དེ་ལྟར་ཇི་སྐད་གསུངས་པའི་ཚུལ་གྱིས་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ནས་རི་རབ་ཀྱི་སྟེང་དུ་གཤེགས་ཏེ་ལྷ་རྣམས ་ཀྱི་དོན་མཛད་དོ། །མི་རྣམས་ཀྱང་སྣོད་དུ་གྱུར་པ་ཡིན་ལ་དེ་བས་ན་དེ་རྣམས་ཀྱི་དོན་ཀྱང་བྱ་དགོས་ཏེ། དེ་རྣམས་ཀྱི་དོན་ནི་རི་རབ་ཀྱི་སྟེང་ན་གནས་བཞིན་དུ་མཛད་པར་མི་སྤྱོད་པས་ན། དེའི་ཕྱིར་དེ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན ་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། མིའི་ནང་དུ་བབས་ནས་ཀྱང་ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པ་ཡིན་ནོ། །མིའི་ནང་དུ་བབས་ནས་ཀྱང་ཞེས་བྱ་བ་ནི་མིའི་ནང་དུ་གཤེགས་པ་ཞེས་བྱ་བའི་དོན་ཏོ།། ་དགོངས་ཕྱིར་སེམས་ཅན་ཀུན་གྱི་དོན་ཞེས་བྱ་བ་ནི་མི་རྣམས་ཀྱི་དོན་བསྒྲུབ་པར་བགྱི་བའི་སླད་དུ་དགོངས་པ་མཛོད་ཅིག་ཅེས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པར་མི་རྣམས་ཀྱི་དོན་གྱིས་ཤིག་ཅེས་བསྟན་མོད་ཀྱི། འོ་ན ་ཀྱང་དེ་འདི་ལྟར་དོན་བྱོས་ཤིག་ཅེས་བཀའ་སྩལ་བ་ཙམ་དུ་ཟད་ཀྱི། རྫོགས་པར་བྱས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་རྣམས་ཀྱི་དོན་བསྒྲུབ་པར་མཛོད་ཅིག་ཅེས་སྨྲས་པ་ཡིན་ནོ། །ཇི་ལྟར་ཞེ་ན་འཁོར ་ལོའི་མཆོག་སྐོར་ཅིང་ཅེས་བྱ་བ་སྟེ། མིའི་ནང་དུ་གཤེགས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ་ཡིན་ནོ། ། ་ད་ནི་སྤྲོ་བ་དང་བསྡུ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་མཛད་པས་བཞུགས་པ་ཡིན་ལ། དེ་ལྟ་བས་ན་དེ ་དག་ལ་རྗེ་སར་པོས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་རྣམས་འདི་སྐད་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱང་གཅིག་ཏུ་འདུ་བར་མཛད་དུ་གསོལ་ཞེས་པ་སྟེ། དའི་ཐུགས་སུ་ཡང་ཞུགས་ཤིག་ཅེས་དོན་གྱིས་ནི ་འདི་སྐད་ཀྱང་ཟེར་བ་ཡིན་ཏེ། གང་གི་ཕྱིར་བཞེངས་པའི་དུས་ན་ཡང་དེ་རྣམས་འདུ་བར་མཛད་ནས་འདིའི་ཐུགས་སུ་ཞུགས་སོ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་དེ་ན་བཞུགས་པ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེར་བདག་ཉིད་གྱུར་པར་མཁྱེན་ནས་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་རྗེས་སུ་བཟུང་བར་མཁྱེན་ཏོ་ཞེས་བྱའི་དོན་?་དེ་བཞིན་གཤེགས་པ་རྣམས་དེ་ལྟར་ཞུགས་པ་དང། བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཉིད་ཀྱི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་སྟེ། རིགས་ཀྱི་བུ་ཁྱོད་ཀྱང་དའི་ཐུགས་དང། དེ་བཞིན་གཤེགས་པ་ཐམས་ཅད་དང། རྡོ་རྗེའི་རིགས་ཐམས་ཅད་དང། དཀྱིལ་འཁོར་དང། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང། དའི་ཐུགས་སུ་ཞུགས་ཤིག་ཅེས་བྱ་བ་དང་སྦྱར་རོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དུ་གཏོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །རྡོ་རྗེ་རིགས་ཐམས་ཅད་བྱ ་བལ་རྡོ་རྗེ་རིགས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །རིགས་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །རིགས་ཅེས་བྱ་བ་ནི་མཆོག་པའི་ལྷ་མོ་དང། སྒོ་སྲུངས་རྣམས་བཟུང་ངོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་ལོགས ་ཤིག་ཏུ་སྟོན་ཏོ། །དཀྱིལ་འཁོར་སྨོས་པས་ནི་རྒྱུད་ལས་སྨོས་པའི་དཀྱིལ་འཁོར་ཐམས་ཅད་བཟུང་ངོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་ཞེས་བྱ་བ་ནི་གང་མི་བསྐྱོད་པ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་པའོ། ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་།དེའི་ཐུགས་ལོགས་ཤིག་ན་ཡོད་པ་ལྟ་སྨོས་ཀྱི། འོན་ཀྱང་དེས་ཕྱི་རོལ་ཏུ་སྦྲུལ་པ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་ཤིག་ཅེས་གསུངས ་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་པ་དང། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདི་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན ་པའི་ཕྱིར་འདིར་འཇུག་ཅིང་གནས་པར་བསྒྲུབ་པར་བགྱིའོ་ཞེས་བྱ་བར་སྦྱར་རོ།། །གང་དུ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་དུའོ། །སུ་ཞིག་གི་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ། །དེ་སྐད་གསུངས་མ་ཐག་ཏུ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཇི་སྐད་གསུངས་པ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། འདིས་ནི་ཇི་སྐད་བསྟན་པའི་དཀྱིལ་འཁོར་ལ་སོགས་པ་འཇུག ་པར་སྟོན་ཏོ། །ད་ནི་དེ་ལྟར་ཞུགས་པ་དེ་རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་ཁྱབ་པར་གྱུར་པ་སྟོན་ཏེ། སྐུ ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྐུ་ཐམས་ཅད་ནི་སྐུའི་ཡན་ལག་ཐམས་ཅད་དོ། །གསུང་ཐམས་ཅད་འཇུག་པའི་གནས་དང་ཞེས་བྱ་བ་ནི་ཡི་གེ་གནས་བརྒྱད་དེ། བྲང་དང་ལྐོག་མ་དེ་བཞིན་མགོ་།ལྕེ་རྩ་དང་ནི་སོ་དག་དང། །སྣ་དང་མཆུ་དང ་རྐན་རྣམས་སོ་ཞེས་བྱ་བ་སྟེ། འདི་དག་ཐམས་ཅད་ནི་གསུང་ཐམས་ཅད་དུ་འཇུག་པར་གནས་སོ། །སེམས་ཀྱི་རྒྱུན་འབྱུང་བ་ཐམས་ཅད་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་རང་བཞིན་དུ་འབྲེལ་པའི་དུས་གསུམ་གྱི་རྒྱུན་ཏེ། ་རྒྱུན་ནི་རྒྱུད་ཀྱི་རྣམ་པར་བྲེང?་ཆགས་པའོ། །དེ་ཡང་སེམས་གཅིག་པུ་ལ་ཀུན་གཞི་རྣམ་པར་ཤེས་པ་དང། འཇུག་པའི་རྣམ་པར་ཤེས་པ་དང། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་མཚན་ཉིད་རེ་རེ་ཞིང་ཡང་རང་གི་རིགས་ཀྱི་རྒྱུད་འདབ་ཆགས་པར ་འབྲེལ་བ་ལ་བྱ་སྟེ། དེ་དག་ཐམས་ཅད་ཀྱི་འཇུག་པ་ལ་བྱའོ། །རྡོ་རྗེའི་ཚུལ་ཐམས་ཅད་ཞེས་བྱ་བ་ནི་སེམས་ཐམས་ཅད་དུའོ། །ཡན་ལག་དང་ཉིད་ལག་ཐམས་ཅད་དང་ཞེས་བྱ་བ་ནི་རྐང་པ་དང། ལག་པ་ལ་སོགས་པར་རོ། །གནས་ཐམས་ཅད་དང་ཞེས་བྱ་བ་ནི ་ལས་ཀྱི་གནས་ཐམས་ཅད་དུའོ། །མཚན་ཐམས་ཅད་དང་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པ་རྣམས་སུའོ། །དེ་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང། ཕྱག་དང་ཞབས་ཤིན་ཏུ་གནས་པ་དང། ཕྱག་དང་ཞབས ་ཀྱི་མཐིལ་འཇམ་ཞིང་གཞོན་ག?་ཚོགས་པ་དང། ཕྱག་དང་ཞབས་འདྲ་བས་འབྲེལ་བ་དང། མདུན་མཐོ་བོ་སྟེ་ཞབས་དང་ཕྱག་གི་བོལ་གཉིས་དང། ཐལ་གོང་གི་ཕྱོགས་དང། མགྲིན་པའི་ཕྱོགས་མཐོ་བ་དང། སོར་མོ་རིང་བ་དང། ཞབས་ཀྱི་རྟིང་པ་ཡངས་པ་སྟེ། ཡངས་བ་ནི་རིང ་ཞིང་ལེགས་པར་སྙོམས་པ་སྟེ། ཚིགས་མི་མངོན་པའི་ཕྱག་ཞབས་དང་ལྡན་པ་དང། སྐུ་ཁོ་ལག་ཆེ་ཞིང་དང་བ་སྟེ། འདིའི་སྐུ་ཞིང་ཡན་ལག་དྲང་བ་དང། ཞབས་ཀྱི་ལོང་མོའི་ཚིགས་མི་མངོན་པ་སྟེ། ལོར་མོ་ནུབ་ཕར་འདུག་པ་དང། སྐུའི་སྤུ?་བགྱོན་དུ་ཕྱོགས་པ་སྟེ་འདི་དག་ནི ་བཅུ་ཚོམས་དང་པོའོ།། །།བྱིན་པ་རི་དགས་ཨེ་ཎེ་ཡིའ?་ལྟ་བུ་སྟེ་འདིའི་སྐུའི་བྱིན་པ་རི་དགས་ཤར་བྷ་ལྟར་བགས་ཀྱིས་ཟླུམ་པ་དང། ཕྱག་མ་འདུད་པར་བུས་མོར་སློབ་པ་སྟེ། འདིའི་སྐུའི་མ་བཏུད་པར་ཕྱག ་གཉིས་པུས་མོའི་ལྷ་ངར་སླེབས་པ་དང། འདོམས་ཀྱི་ཝ་བ་སྦུབས་སུ་ནུབ་པ་སྟེ། གླང་པོ་ཆེ་ཅང་ཤེས་ལྟ་བུར་སྦུབས་ན་གནས་པ་ལྟ་ངན་འདོམས་ཀྱིས་ལྦ་བ་སྦུབས་སུ་ནུབ་པ་དང། པགས་པ་སྲབ་ཅིང་གསེར་མདོག་འདྲ་བ་དང། དབུ་སྐྲ་རེ་རེ་ནས་སྐྱེས་ཤིང ་གཡས་སུ་འཁྱིལ་པ་དང། ཞལ་མཛོད་སྤུས་བརྒྱན་པ་དང། རོ་སྟོད་སེང་གེ་འདྲ་བ་སྟེ། འདིའི་སྐུ་སྟོད་ཁོ་ལག་ཆེ་བ་ཡིན་པ་དང། དཔུང་མགོ་རབ་ཏུ་ཟླུམ་པ་སྟེ་མགུར་ཤིན་ཏུ་ཟླུམ་པ་རྒྱས་པའི་ཕྱིར་རོ། །ཐལ་གོང་རྒྱས་པ་སྟེ་གསེར་གྱི་གྱིམ་བག ་ལེགས་པར་ཕྱོས་པ་བཞིན་དུ་ཕྱ་ལེ་བར་འདུག་པ་སྟེ་འདི་དག་ནི་བཅུ་ཚམས་གཉིས་པའོ། །རོ་བྲོ་བའི་མཆོག་དང་ལྡན་པ་སྟེ། དབང་པོ་རླུང་དང། མཁྲིས་པ་དང། བད་ཀན་རྣམས་ཀྱི་ཉམས་པར་མ་གྱུར་པ་དང་རོ ་རྣམས་ཇི་ལྟ་བ་བཞིན་དུ་མྱོང་བར་མཛད་པ་དང། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ་ཆུ་དང་ཞེང་དུ་མཉམ་པ་དང། དབུ་གཙུག་ཏོར་དང་ལྡན་པ་དང། ལྡགས?་ཤིན་ཏུ་རིང་ཞིང་སྲབ་པ་སྟེ། ཨུཏཔ་ལ་དམར་པོའི་འདབ་མ་ལྟར་རིང་ཞིང་སྲབ་པ་དང། ཀ ་ལ་པིངཀའི?་དབྱངས་ཏེ་བྱ་ཀ་ལ་པིངཀ་དང་ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན་པར་མཛད་པ་དང། འགྲམ་པ་སེང་གེའི་འདྲ་བ་སྟེ། མཁུར་བ་ཤིན་ཏུ་མེ་ལོང་ཕྱིས་པ་དག་པ་ལྟ་བུ་དང། ཚེམས་ཤིན་ཏུ་དཀར་བ་དང། ཚམས་ཐགས་བཟན་བ་དང། ་ཚེམས་མཉམ་པ་དང། ཚེམས་བཞི་བཅུ་མངའ་བ་སྟེ། མཚན་འདི་དག་ནི་བཅུ་ཚོམས་གསུམ་པའོ། །འདི་རྣམས་དང་སྐྱེས་བུ་ཆེན་པོའི་མཚན་སྤྱན་མཐོན་ཐིང་དང། རྫི་མ་བའི་ལྟ་བུ་སྟེ་དེ་ལྟར་ན་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་ཐམS ་ཅད་དང་ཞེས་བྱ་བ་ལ། དཔེ་བྱད་བཟང་པོ་རྣམས་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུ?་གདུགས་ཀྱི་དབྱིབས་ལྟ་བུ་དང། དབུ་སྐྲའི་རྩེ་མོ་འཁྱིལ་པ་དང། དབུ་སྐྲ་སྟུག་པ་དང། དབུ་སྐྲ་གནག་པ་དང། དབུ་སྐྲ་དྲི་ཞིམ་པ་དང། དབུ་སྐྲ ་མི་བཤོར་བ་དང། དབུ་སྐྲ་མ་འཛིངས་པ་དང། དབུ་སྐྲ་བཟང་བ་དང། དབུ་སྐྲ་འཇམ་པ་དང། དབུ་སྐྲ་སྣམ་པ་དང། དབུ་སྐྲ་ཕྲ་བ་དང། དབུ་སྐྲ་བུང་བ་ལྟ་བུ་སྟེ། དཔེ་བྱད་བཟང་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་དབུ་སྐྲ་གཡས་སུ་འཁྱིལ ་བའི་རེ་རེ་ནས་སྐྱེས་བ་དང། དབུ་གཙུག་ཏོར་དང་ལྡན་པའི་འཁོར་དུ་གྱུར་པ་ཡིན་ནོ། །དཔྲལ་བའི་དབྱེས་ཆེ་བ་དང། དཔྲལ་བ་གཉེར་མ་མེད་པ་དང། སྨིན་མ་གནག་པ་དང། སྨིན་པ་གཞུ་ལྟ་བུ་དང། སྨིན་ཚུགས་རིང་པ་དང། སྨིན་མའི་སྤུ ་མཉམ་པ་དང། སྨིན་མ་བར་ཐག་མཉམ་པ་དང། ཤངས་མཐོ་བ་སྟེ་དཔེ་བྱད་བརྒྱད་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་མཛོད་སྤུའི་འཁོར་ལོ་ཏོ། །སྤྱན་འཛུམ་པ་ལྟ་བུ་དང། སྤྱན་ཡངས་པ་དང། སྤྱན་གཙང་བ་དང། སྤྱན་གྱི ་དཀྱུས་རིང་བ་དང། སྤྱན་དྲི་མ་མེད་པ་སྟེ། དཔེ་བྱད་འདི་དག་ནི་སྐྱེས་བུ་ཆེན་པོའི་སྤྱན་མཐོན་མཐིང་དང། རྫི་མ་བའི་ལྟ་བུའི་འཁོར་ཡིན་ནོ། །སྙན་མཉམ་པ་དང། སྙན་ཤལ་སྟུག་ཅིང་རིང་བ་སྟེ་དཔེ་བྱད་འདི་གཉིས་ནི་སྐྱེས་བུ་ཆེན་པོའི་མཚན ་འགྲམ་པ་སེང་གེ་ལྟ་བུའི་འཁོར་ཡིན་ནོ། །ཞལ་དྲི་ཞིམ་པ་དང། སེང་གེའི་ཞལ་དང། ཞལ་གྱི་སྒྲོས་བིམ་པ་ལྟར་དམར་བ་དང། མཆེ་བ་བྱིན་གྱིས་ཕྲ་བ་དང། ཞལ་གྱི་དཀྱིལ་འཁོར་དཀྱིལ་འཁོར་ཀུན་ནས་ཟླུམ་ཞིང་རྒྱས་པ་སྟེ། དཔེ་བྱད་བཟང་པོ་འདི་རྣམས ་ནི་སྐྱེས་བུ་ཆེན་པོའི་མཚན་བདུན་གྱི་འཁོར་ཡིན་ཏེ། གང་ཞེ་ན། ལྗགས་ཡངས་པ་དང། ཚངས་པའི་དབྱངས་དང། ཚེམས་དཀར་བ་དང། ཚེམས་ཐགS་བཟངས་པ་དང། ཚེམས་བཞི་བཅུ་མངའ་བ་དང། ཚེམས་མཉམ་པ་དང། རོ་བྲོ་བའི ་མཆོག་དང་ལྡན་པ་རྣམས་ཀྱིའོ། །མགུར་བུམ་པའི་མགྲིན་པ་ལྟ་བུ་ནི་སྐྱེས་བུ་ཆེན་པོའི་མཚན་དབུང་མགོ་ཟླུམ་པའི་འཁོར་ཡིན་ནོ། །རྩ་རྒྱུས་མི་མངོན་པ་དང་ཚིགས་མི་དོན་པ་དང། ཚིགས་ལ་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པ་དང་།སྐུ་གཙང་བ་དག། སྐུ་མ་ཡོ ་བ་དང། སྐུ་རིམ་པར་འཚམ་ཞིང་མཛེས་པ་དང། སྐུ་འཁྲིལ་བག་ཆགས་པ་དང། སྐུ་སྣུམ་པ་དང། སྐུའི་ཡན་ལག་ཤིན་ཏུ་འབྱེས་པ་དང། སྐུ་ཤིན་ཏུ་གྲིམས་པ་དང། སྐུ་འཇམ་པ་དང། མཚན་རྫོགས་པ་དང། སྐུ་ཤིན་ཏུ་ཟླུམ་པ་དང། ་སྐུ་མ་ཡོ་བ་དང། ཕྱལ་ཕྱ་དེ་བ་དང། སྐུ་སྐབས་ཕྱིན་པ་དང། སྐུ་ལ་གནག་བག་མེད་པ་དང། ལྟ་བས་ཆོག་མི་ཤེས་བ་སྟེ་དཔེ་བྱད་བཟང་པོ་བཅོ་བརྒྱད་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་ཁོ་ལག་ཆེ་ཞིང་དྲང་བ་དང། ཕྱག་མ་འདུད ་པར་བུས་མོར་བསླེབས་པ་དང། པགས་པ་སྲབ་པ་དང། མདོག་གསེར་འདྲ་བ་དང། རོ་སྟོད་སེང་གེ་འདྲ་བ་དང། ཐལ་གོང་རྒྱས་པ་དང། ནྱ་གྲོ་དྷ་ལྟར་ཆུ་ཞེང་ག་བ་པ་དང། མདུན་མཐོ་བ་སྟེ་འདི་བརྒྱད་ཀྱི་འཁོར་དུ་གྱུར་པ་ཡིན་ནོ། །ལྟེ་བ་ཟབ་པ་དང། ་ལྟེ་བ་ཟླུམ་པ་དང། ལྟེ་བའི་སྦུབས་རབ་ཏུ་གང་བ་སྟེ། དཔེ་བྱད་འདི་གསུམ་ནི་སྐྱེས་བུ་ཆེན་པོའི་མཚན་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་འཁོར་དུ་གྱུར་པ་ཡིན་ནོ། །པུས་མོ་ལྷང?་ཤིན་ཏུ་ཟླུམ་ཞིང་ལེགས་པར་དཔེ་བྱད་གཅིག་བུ་འདི་ནི་སྐྱེས་བུ་ཆེན་པོ་མཚན ་བྱིན་པ་རི་དགས་ཨེ་ཎེའི་ལྟ་བུའི་འཁོར་དུ་གྱུར་བ་ཡིན་ནོ། །བ་སྤུའི་བུ་ག་རྣམས་ལས་ཡིད་དུ་འོད་བའི་དྲི་འབྱུང་བ་འདི་སྐྱེས་བུ་ཆེན་པོའི་མཚན་པ་སྤུ་ཉགས་རེ་རེ་ནས་སྐྱེས་ཤིང་གཡས་སུ་།འཁྱིལ་བའི་འཁོར་དུ་གྱུར་པ་ཡིན་ནོ། །སེན་མོ་མཐོ་བ་དང། སེན་མོ ་ཟངས?་ཀྱི་མདོག་འདྲ་བ་དང། སེན་མོ་སྣུམ་པ་དང། སེན་མོ་རྣམས་ཟླུམ་པ་དང། སེན་པོ་རྣམས་རྒྱས་པ་དང། སོར་མོ་རྣམས་བྱིན་གྱིས་ཕྲ་བ་སྟེ་དཔེ་བྱང་བཟང་པོ་འདི་དྲུག་ནི་སྐྱེས་དུ་ཆེན་པོའི་མཚན་ཕྱག་གི་སོར་མོ་རིང་པའི་འཁོར་དུ་གྱུར་པ་ཡིན་ནོ། །ཕྱག་གི་སོར ་མོ་པར་མ་ཆད་པ་དང། ཕྱག་གི་རི་མོ་མཉམ་པ་དང། ཕྱག་གི་རི་མོ་ཟབ་པ་དང། ཕྱག་གི་རི་མོ་མ་ཡོ་བ་དང། ཕྱག་གི་རེ་མོ་མདངས་ཡོད་པ་དང། ཕྱག་དང་ཞབས་ཀྱི་མཐིལ་ཟངས་ལྟར་དམར་བ་དང། ཕྱག་རྒྱ་སེང་གེའི་གདན་དང། ཉ་དང། རྒྱལ་མཚན་དང། རྡོ་རྗེ་ལྕགས་ཀྱུ་དང། བུམ ་པ་དང། དགའ་བས་འཁྱིལ་བ་དང། དཔལ་བེའུ་དང། དུང་དང། པདྨ་དང། གཡུང་དྲུང་རྣམས་དང་ལྡན་པ་སྟེ། དཔེ་བྱད་བཟང་པོ་བཅུ་བདུན་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་དྲུག་པོའི་འཁོར་དུ་ཅི་རིགས་པར་འགྱུར་བ་ཡིན་ཏེ། ཕྱག་དང་ཞབས་ཀྱི་མཐིལ་འཁོར ་ལོའི་མཚན་དང་ལྡན་པ་དང། ཕྱག་དང་ཞབས་ཤིན་ཏུ་གནས་པ་དང། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་དང། ཞབས་ཀྱི་རྟིང་པ་ཡངས་པ་དང། ཞབས་ཀྱི་ལོང་མོའི་ཚིགས་མི་མངོན་པ་སྟེ ་འདི་དྲུག་གི་ཡིན་ནོ། །དེ་ལྟར་མཚན་དང་དཔེ་བྱད་ཐམས་ཅད་དོ། །བ་སྤུའི་ཁུང་བུ་ཐམས་ཅད་དང། རྡུལ་ཤིན་ཏུ་ཕྲ་མོ་སྙེད་ཀྱི་དཀྱིལ་འཁོར་ཐམས་ཅད་དང་ཞེས་བྱ་བ་ནི་སྐུའི་རྡུལ་ཕྲ་རབ་ཐམས་ཅད་དུའོ། །ཐུགས་རྣམས་སུ་ཞུགས་ནས་བཞུགས་སོ་ཞེས་བྱ་བ་འདིས ་ནི་རོ་གཅིག་ཏུ་གྱུར་པར་སྟོན་ཏོ། །སྤྲུལ་པའི་སྐུ་དཀའ་བ་སྤྱོད་པའི་སར་བཞག་སྟེ་རྫུ་འཕྲུལ་གྱིས་འོག་མིན་གྱི་གནས་སུ་གཤེགས་ནས་དེར་མངོན་པར་རྫོགས་པར་བྱང་ཆུབ་བོ། །དེ་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ་ཏིང་ངེ་འཛིན་ལ་ཞུགས་ནས་སྔགས་སྤྱོད ་པའི་ཏིང་ངེ་འཛིན་ལ་སྤྲོ་བ་དང་བསྡུ་བ་མཛད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་སྐུ་དང་གསུང་དང་ཐུགས་ཐམས་ཅད་དུ་བདག་ཉིད་བྱུང་པར་མཁྱེན་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེར་བཞུགས་པའི་ཕྱིར་རོ། །དེ་ནས་རི་རབ་ཀྱི་རྩེ་མོ་དེ་ནས་ཡིད་ཀྱི་རང་བཞིན་གྱིས་སྐུས་བབས་ཏེ། དཀའ་བ་སྤྱོད་པ་ན་བཞུགས་པའི་སྐུ་དེར ་ཞུགས་སོ། །དེ་ནས་དེ་ལས་བཞེངས་ཏེ། ཆུ་བོ་ནཻ་རཉྫ་ནར་ཁྲུས་མཛད་ནས་འོ་མ་གསོལ་ཏེ། བྱང་ཆུབ་ཀྱི་སྙིང་པོ་གང་ན་བདེར་གཤེགས་སོ། །དེར་གཤེགས་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རེ་གཏོགས་པའི ་བྱང་ཆུབ་ཀྱི་ཤིང་གང་ཡིན་པ་དེའི་རྩ་བར་རོ། །འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དོན་དམ་པར་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་མོད་ཀྱི། འཇིག་རྟེན་པ་རྣམས་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་གདོང་བྱང ་ཆུབ་པ་ལྟར་སྟོན་ཅིང། རྩ་འཚོང་བཀྲ་ཤིས་ལ་རྩཝ་བླངས་ནས། ཨེ་མའོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སེམས་ཅན་བསྟན་པའི་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ ་སྟོན་པར་མཛད་པ་གང་ཡིན་པ་དེ་ནི་སེམས་ཅན་བསྟན་པ་སྟེ། ལམ་ལོག་པ་ལས་བཟློག་སྟེ། ཡང་དག་པའི་ལམ་ལ་འཇོག་པ་དེ་རྣམས་ཀྱིའོ། །སུ་ཞིག་གི་དོན་དུ་ཞེ་ན། སེམས་ཅན་དོན་ཏེ་སེམས་ཅན་རྣམས་ཀྱིས་དོན་དུ་གཉེར་བ་བྱ་བ་ཡིན་པས ་ནི་སེམས་ཅན་དོན་ཏོ། །བདག་དོན་མཆོག་ཅེས་བྱ་བ་ནི་རང་གི་དོན་གྱི་དམ་པ་ཉིད་སེམས་ཅན་གྱི་དོན་ཡིན་ནོ། །དེ་ལྟར་ཡིན་ཡང་འདི་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར། གང་ཕྱིར་འདུལ་དབང་བསྟན་པ་རྣམས། །མུ་སྟེགས་ལྷ་ལ་གནས་པར ་མཛད་ཅེས་བྱ་བ་གསུངས་ཏེ། གདུལ་བྱ་ནི་མི་རྣམས་ཏེ་དེ་དག་ཀྱང་དམན་པ་ལ་ལྷག་པར་མོས་པ་དང། དཀའ་བ་སྤྱོད་པ་ལ་མོས་པ་ཡིན་ན་དེ་ལྟ་བས་ན་དེ་ཡི་དབང་ཞེས་བྱ་བ་ནི་དེ་དག་གི་ཆེད་དུའོ། །བརྟན་པ་རྣམས་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས ་དཔའ་རྣམས་སོ། །མུ་སྟེགས་ནི་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་ལམ་དུ་བསྟན་པ་གང་ཡིན་པ་སྟེ། འདི་འཇུག་པའི་ཐབས་ནི་མ་ཡིན་མོད་ཀྱི། འོན་ཀྱང་འཇིག་རྟེན་པ་དེ་རྣམས་དེ་ལ་སྤྱོད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་དེར་མུ ་སྟེགས་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་པས་ན་མུ་སྟེགས་པ་སྟེ། དེ་རྣམས་ཀྱི་ལྟ་བ་ནི་དཀའ་བ་སྤྱོད་པ་ཐར་བ་ཐོབ་པར་འདོད་པའོ། །དེའི་ཕྱིར་དེ་རྣམས་ཀྱི་དེ་ལྟ་བའི་དབང་དུ་མཛད་ནས་དཀའ་བ་སྤྱོད་པ་གང་ཡིན་པ་ལག་ནས་པར་མཛད་པ་ཡིན་ལ། འོག་མིན་གྱི ་གནས་སུ་ཤིན་ཏུ་རྒྱ་ཆེར་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ན་ཡང། མི་འདུལ་བ་ནི་འཇིག་རྟེན་ལ་འཇིག་རྟེན་པའི་རྗེས་སུ་མཐུན་པའི་བསྟན་པར་བྱ་བའི་ཕྱིར་རོ། །འཇིག་རྟེན་འདི་དག་ལ་ཡང་སྤྱོད་པ་འདི་དག་ཅིའི་ཕྱིར་སྟོན་པར་མཛད་ཅེ་ན། ལྟ་བ་ངན་པས ་མདོངས་པ་རྣམས་ཞེས་བྱ་བ་གསུངས་སོ། །དེ་ལྟ་བས་ན་ལྟ་བ་ངན་པས་མདོངས་པ་རྣམས། ཡེ་ཤེས་སྣང་བས་དག་བྱའི་ཕྱིར་ཞེས་བྱ་བ་སྟེ་ངན་པར་ལྟ་པས་ན་ལྟ་བ་ངན་པ་སྟེ། ལོག་པའི་ཤེས་རབ་ལས་བྱུང་བའི་ལྟ་བ་ངན་པས་མདོངས་པ་དེ་རྣམས་ལ ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་སྣང་བས་རྣམ་པར་དག་པར་བྱ་ཞིང་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ཐོབ་པར་གྱུར་ཅེས་བྱ་བ་ནི་སླར་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཐུགས་སུ ་ཆུང་བར་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དེ་ཁོ་ན་ཉིད་མ་ཤེས་ནས་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་འབའ་ཞིག་ནས་གཏོགས་པ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ་རྒྱལ་ཆེན་བཞིའི ་རིས་ཀྱི་ལྷ་རྣམས་དང། སུམ་ཅུ་རྩ་གསུམ་པ་དག་འཐབ་བྲལ་དང། དགའ་ལྡན་པ་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་མི་ཤེས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡང་དག་པ་ནི་འོག་མིན་དུ་བྱུང་ལ། དེའི ་སྤྲུལ་པ་ཤཱཀྱའི་རིགས་སུ་འཁྲུངས་པར་བསྟན་པ་དང། དེ་ཉིད་དུ་དོན་དམ་པར་མངོན་པར་རྫོགས་པར་སངས་རྒྱས་ལ། འདིར་ནི་སྤྲུལ་པ་ཡིས་དཀའ་བར་སྤྱོད་པར་སྟོན་པ་དང། དེར་མངོན་པར་རྫོགས་པར་སངས་རྒྱས་ནས་རི་རབ་ཀི་རྩེ་མོར་གཤེགས་ཏེ། ཆོས་ཀྱི ་འཁོར་ལོ་བསྐོར་ནས་མི་རྣམས་ཀྱི་དོན་བསྒྲུབ་པར་མཛད་པའི་ཕྱིར་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་ཅིང་དཀའ་བ་སྤྱོད་པའི་སྐུ་འདི་ལ་སླར་བབས་པར་མཛད་པ་འདི་དག་གི་དེ་ཁོ་ན་ཉིད་མ་ཤེས་པའོ། །དེ་ལྟ་དེ་ཁོ་ན་ཉིད་མ་ཤེས་ཏེ། ཅི་ཞིག་བྱེད་པ་ཞེ་ན། འདི་སྐད་དུ་གསོལ ་ཏོ་ཞེས་བྱ་བ་སྟེ་ཚིག་ཏུ་རྫོགས་པའོ། །ཇི་སྐད་དུ་སྨྲས་ཤེ་ན། ཀྱེ་དགེ་སྦྱོར་ཅི་བྱང་ཆུབ་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དྲག་པ་ནི་རྣོ་བའོ། །རྩུབ་བ་ནི་རེག་པར་མི་བཟོད་པའོ། །མི་གཟད་པ་ནི་སྲོག་འཕྲོག་པའོ། །སྤྲོ་བར་མཛད་དམ་ཞེས་བྱ་བ་ནི་དཀའ་བ་སྤྱོད་པའི་ས་ལ་བྱང་ཆུབ་ཀྱི་རྒྱུད ་དགའ་བ་ལ་སྤྲོ་བའི་རྩོམ་པ་མཛད་དམ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་རྩཝ་དེ་གཡས་ནས་བསྐོར་ནས་བཏིང་སྟེ། དེའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་ཏེ་སྐུ་དྲང་པོར་བསྲངས་ནས་དགོངས་པོ ་མངོན་དུ་བཞག་སྟེ། ལྷ་རྣམས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོས་བྱང་ཆུབ་ཐོབ་པར་བསྒྲུབས་ཤིག་པ་སྟེ་ཅེས་བྱ་བ་སྟེ་སྤྲོས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏེ། འདི་སྐད་གསུངས་པ་འདིས་ནི་དོན་འདི་ལྟར་སྟོན་ཏེ། བྱང་ཆུབ་ནི ་ལྷ་རྣམས་ཀྱིས་ཁྱད་པར་ལས་མཆོག་བྱིན་པས་ཐོབ་པ་མ་ཡིན་ནོ་ཞེས་སྟོན་ཏེ། འདིས་ན་དེ་སྐད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་མ་རྟོགས་ནས ་ཞེས་བྱ་བ་ལ་སོགས་པ་ལ་ཅི་འདིར་མ་རྟོགས་ཞེས་བྱ་བར་བྱང་ཆུབ་ཀྱི་ཕྱིར་དཀའ་བ་ལ་སྤྲོ་བར་མཛད་དམ་ཞེས་གང་དུ་མ་སྨྲས་སམ་ཞེ་ན། སྨྲས་པ། དེ་ནི་བདེན་མོད་ཀྱི་འགའ་ཞིག་ལ་མིང་ཙམ་ཞིག་ཐོས་པ་ཡིན་གྱི ་དེ་དག་དོན་ཤེས་པ་ནི་མ་ཡིན་ནོ། །ཤེས་སུ་ཟིན་ཀྱང་དེ་དག་གིས་སྦྱིན་པར་ནུས་པ་ཡང་མ་ཡིན་ལ། རྟོགས་པའི་ལུང་དབོག་པར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་བརྒྱ་བྱིན་ལྷའི་དབང་པོའི་ཐད་དུ་སོང་ལ་ལྷའི། ་དབང་པོ་བརྒྱ་བྱིན་ཡང་དེ་དག་དང་འགྲོགས་ཏེ་ཚངས་པའི་ཐད་དུ་སོང་ངོ། །ཚངས་པ་ཡང་དེ་དག་དང་འགྲོགས་ཏེ་ཐམས་ཅད་དབང་ཕྱུག་ཆེན་པོའི་ཐད་དུ་ཕྱིན་ཏོ། །དེ་ནས་འཇིག་རྟེན་གསུམ་པོ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གསུམ ་པོ་མཛའ་དག་གི་བདག་པོ་ནི་བཤད་ཟིན་ཏོ། །ལྷ་ཐམས་ཅད་ཀྱི་བདག་པོ་མཐུ་བོ་ཆེ་ལ་སོགས་པ་ལ་འདི་སྐད་ཅེས་སྨོས་ཞེས་བྱ་བ་ལ་ཅི་ཞིག་སྨྲས་ཤེ་ན་། གྲོགས་པོ་རྣམས་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་དབང་ཕྱུག་ཆེན་པོ་ནི ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྗེས་སུ་གཟུང་བ་ཡིན་ལ་དེ་བས་ན་དེ་ནི་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་རེག་པས་རྟོགས་པ་སྐྱེས་པར་གྱུར་ཏེ། དེ་བས་ན་ཕྱག་ན་རྡོ་རྗེའི་མཐུ་དང་ལུང་དང་རྟོགས་པ་ཁོང་དུ་ཆུད་པའི་མཐུས་བཅོམ་ལྡན་འདས་འོག ་མིན་གྱི་ལྷར་སྐུ་སྐྱེ་བར་བཞེངས་ཤིང་ཤཱཀྱའི་རིགས་སུ་ཡང་སྐུ་ཚེ་སྟོན་པར་མཛད་པ་དང་།དཀའ་བ་སྤྱོད་པའི་གནས་སྐབས་ལ་བཞུགས་པའི་བར་དུ་སྟོན་པ་དང། འོག་མིན་གྱི་གནས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར ་རྫོགས་པར་སངས་རྒྱས་ཏེ། དེར་སྐྱེས་པ་རྣམས་ཀྱི་དོན་མཛོད་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ། སྔགས་སྤྱོད་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་མི་རྣམས་ཀྱི་དོན་མཛད་པའི་ཕྱིར་རི་རབ་ཀྱི་རྩེ་མོ་ནས་བབས་ཏེ། དཀའ་བ་སྤྱོད་པའི་ས་ལ ་གནས་པའི་སྤྲུལ་པའི་སྐུར་ཞུགས་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་ཏེ། འདི་དག་ཐམས་ཅད་ཤེས་སོ། །དེ་ལྟ་བས་ན་ལྟ་ཐམས་ཅད་ཀྱི་བདག་པོ་ལ་སོགས་པ་ལ་པོས་ནས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་རྣམས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དང་མཐུན་པར་མཛད་ཅིང། ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་གྱི་ཤེས་པར་གྱིས་ཤིག་ཅེས་བྱ་བའོ། །ཇི་ལྟར་གཞན་དག་གིས་འདི་ལྟར་མི་ཤེས་སམ་ཞེ་ན། འདི་ནི ་བདེན་མོད་ཀི་འོན་ཀྱང་དེ་ནི་རྟོགས་པ་སྐྱེས་པ་མ་ཡིན་ཏེ། འདི་དག་གིས་གསུམ་ལ་སྐྱབས་སུ་འགྲོ་བ་མ་བླངས་པ་དང། ཡང་དག་པར་བླངས་ལ་བརྡར་བརྟགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། དམ་ཚིག་མནོས་པར་ཟད་ཀྱི། དེ་དག་གིས་དེ་བཞིན་གཤེགས ་པའི་དེ་ཁོ་ན་ཉིད་ཤེས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་མི་རྣམས་ཀྱི་དོན་མཛད་པར་བཞེད་ན་ལྟ་དེ་བཞིན་གཤེགས་པའི་སྐུ་དེ་ཉིད་ཀྱིས་བྱོན་ཏེ། མི་རྣམས་ཀྱི་དོན་ཅིའི་ཕྱིར་མི་མཛད་ཅེ་ན། དེའི་ཕྱིར་འདི་ལྟར་འཇིག་རྟེན་ན་དེ་བཞིན་གཤེགས་པ་མ་ཡིན་ནོ་སྙམ ་དུ་ཤེས་པར་མ་བྱེད་ཅིག། ལྷ་ཉིད་ལས་དེ་བཞིན་གཤེགས་པར་འགྱུར་གྱིས་ལྷ་དེ་དག་ཉིད་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པ་ཉིད་དུ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུ་ཕྱིར་ན་མིའི་ལུས་ཀིས་མངོན་པར་བྱང་ཆུབ་པར་སྟོན་པར་མཛད་པ་ཡིན་ནོ། །དེ་ལེགས ་པར་མཆོད་པ་ལ་འོང་བར་བསྒྲུབ་པོ་ཞེས་པ་དང། དེ་ནས་ལྷ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་དེར་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག ་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་། རང་གི་གདན་འདི་ལས་བཞེངས་ལ་ལྷ་རྫས་ཀྱི་གདན་ལ་བཞུགས་ཏེ་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ་ཞེས་བཅོམ་ལྡན་འདས་ལ་གདན ་ལ་སྤྱན་འདྲེན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བདག་པོ་དེ་རྣམས་ཀྱི་མཆོག་སྦྱིན་པ་ལ་སོགས་པའི་མངོན་པའི་ང་རྒྱལ་བསལ་བའི་ཕྱིར་། ལྷའི་བདག་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྦྱིན་པར་བསྒྲུབས་ཤིག་།དེ་རྣམས་ཀྱིས་ཀྱང་མངོན་པར་ང་རྒྱལ་སྤངས་ཏེ་དེ་ནས་ཞེས་བྱ་བ་ལ་སོགས་པས་བདག་ཅག་གིས་རྡོ་མི་ཐོག་གོ་ཞེས་ཇི་ལྟ་བ་བཞིན་དུ་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་དེ་རྣམས ་རྗེས་སུ་གཟུང་བའི་བྱང་ཆུབ་ཀྱི་དོན་ཏེ། ཉིད་དེ་ནི་གཟུགས་མིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པས་དེ་གསལ་བར་བསྟན་པར་མཛད་པ་ཡིན་ཏེ། དེ་ནི་གཟུགས་མིན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟོ་ན ་ནི་གཟུགས་ཅན་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གཟུགས་མིན་ཞེས་བྱ་བ་གསུངས་ཏེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་རང་བཞིན་གྱི་ཕུང་པོ་རྣམས་ཏེ་དེ་དག་ངོ་བོ་ཉིད ་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་སྡུག་བསྔལ་དང་?་འབྱུང་དང་འགོག་པ་དང། ལམ་བསྒོམས་པའི་མཚན་ཉིད་ཟག་པ་མེད་པའི་རང་བཞིན་ཅན་ནོ་ཞེ་ན་། བདེན་མིན་ཞེས་བྱ་བ་གསུངས་ཏེ། དེ་ནི་བདེན་པ་བཞིའི་རང་བཞིན་ཅན་ཡང་མ་ཡིན་ནོ། ་དེ་ལྟ་ན་ནི་རྫུན་པ་ཞིག་ཡིན་ནོ་ཞེ་ན། རྫུན་མིན་ཞེས་བྱ་བ་གསུངས་སོ། །དེ་ལྟ་ན་ཇི་ལྟ་བའི་རང་བཞིན་ཅན་ཞིག་ཡིན་ཞེ་ན་གཙང་བའི་ཞེས་བྱ་བ་གསུངས་ཏེ། དངོས་པོར་ཡོད་པར་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། ་སངས་རྒྱས་དང་བྱང་ཆུབ་ཡེ་ཤེས་འདི་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་འདས་པ་དེ་ཉིད་བྱང་ཆུབ་ཡིན་ནོ། །རྟོགས་མ་རྒྱལ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ཡེ་ཤེས་དེ་ལྟར་ཁོང་དུ་ཆུང་ན་རྒྱལ་བར་འགྱུར་ཞེས་པའོ། །བཅོམ་ལྡན ་འདས་ཀྱིས་བྱང་ཆུབ་ཀྱི་དོན་དེ་སྐད་ཅེས་གསུངས་པ་དང་། དེ་ནས་ལྷའི་བདག་པོ་དེ་དག་ཅུང་ཟད་ཅིག་ཅར་མི་སྨྲ་བར་གནས་པར་གྱུར་ཏོ་ཞེས་བྱ་བ་ནི་དེའི་དོན་བསྒོམ་ཞིང་ཅང་མི་ཟེར་བར་འཁོང་ངོ་ཞེས་བྱ་བ་ནི་དོན་ཏོ། །དེ་ནས་བཅོམ་ལྡན་འདས ་ཀྱིས་དེ་རྣམས་ལས་བྱང་ཆུབ་ཀྱི་དོན་བཤད་ནས་དེའི་འོག་ཏུ་རྩཝའི་གདན་དེ་ལས་བཞེངས་ཏེ་ལྷ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་སྟན་འདི་ལ་འདུག་ལ་སངས་རྒྱས་ཀྱི་ཡེ་ཤེས་འདི་ལྟ་བུ་རྟོགས་པར་བྱ་བ་བསྒྲུབས་ཤིག་ཅེས ་གསུངས་སོ། །དེ་ནས་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་རྡོ་མི་ཐོག་གོ་འདི་སྐད་ཅེས་སྟོན་པ་ཡིན་ཏེ། བྱང་ཆུབ་ནི་དམ་པ་སྦྱིན་པ་འབའ་ཞིག་ཏུ་ཟད་ཀྱི། བྱང་ཆུབ་ཀྱི་དོན་བསྟན་དུ་ཟིན་ཀྱང་བྱང་ཆུབ་མི་ཤེས་ཤིང། བྱང་ཆུབ་པའི ་རིམ་པ་མ་གཏོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པས་ན། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་དེ་སྐད་ཅེས་གསོལ་པ་དང། དེ་ནས་བཅོམ ་ལྡན་འདས་ཀྱིས་གདན་དེ་ཉིད་ལ་བཞུགས་བཞིན་དུ་ཞེས་བྱ་བ་ནི་རྣའི་གདན་ལ་སྟེ། ཡིད་ཀྱིས་རབ་ཏུ་རྟོགས་པས་ན་ཞེས་བྱ་བ་ལ་སོགས་པས་ཐུགས་སུ་ཆུབ་པའི་རིམ་པ་ཚིགས་སུ་བཅད་པ་སྟོན་པར་མཛད་པ་ཡིན་ནོ། །གང་གིས་ཤེ་ན་། ཡིད་ཀྱིས་རབ་ཏུ་རྟོགས ་པས་ན་ཞེས་བྱ་བ་འདི་ཉིད་ཀྱིས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དང་པོའི་སྔགས་ཀྱི་དོན་བསྟན་ཏོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་འདིས་ནི་སྔགས་གཉིས་པའི་དོན་སྟོན་ཏོ། །བརྟན་པར་བྱོས་ཞེས་བྱ་བ་འདིས་ནི་གསུམ་པའི་དོན་སྟོན་ཏོ། ། སེམས་པའི་རྡོ་རྗེ་བརྟན་བྱས་ལ་ཞེས་བྱ་བ་འདི་ནི་བཞི་པའི་དོན་བསྟན་ཏོ། །སངས་རྒྱས་སུ་ནི་བདག་བསྒོམས་ཤིག་ཅེས་བྱ་བ་འདིས་ནི་ལྔ་པའི་དོན་སྟོན་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང། དེ་དག་གིས་སྐད་དུ་དེ་ལྟ་བུ་ལེགས་སོ་ཞེས་ཐམས ་ཅད་ཀྱིས་སྨྲས་ནས་འདོད། །དེ་ལྟར་བྱང་ཆུབ་པའི་དོན་དང། མངོན་པར་བྱང་ཆུབ་པའི་རིམ་པ་འདོད་པ་ན་སྤྱོད་པ་ལ་སོགས་པའི་ལྷ་དེ་རྣམས་ལ་བསྟན་ནས་ཐོ་རངས་ཀྱི་དུས་ལ་བབ་པ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་མོ་དེའི་ཐོ་?་འཇིག་རྟེན་པ་དང་རྗེས་སུ་མཐུན་པར་བྱ ་པའི་ཕྱིར་བདུད་སྡེ་དང་བཅས་པ་ཕམ་པར་བྱས་ནས་ཤེས་ཞེས་བྱ་བ་ནི་མཐུ་བསྟན་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་མཆོག་ཏུ་ཕན་འདོགས་པར་བྱེད་པ ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་ཕན་པར་མཛད་པ་འཕགས་པ་ཕྱག་ན་རྡོ་རྗེ་རང་གི་ཐུགས་ལ་བཞུགས་པ་དེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་མཚན་བརྒྱ་རྩ་བརྒྱད་པ་འདིས་མངོན་པར་བསྟོད་པར་མཛད་དེ། ་རྡོ་རྗེའི་རང་བཞིན་གྱི་སེམས་དཔའ་མངའ་བས་ན་སེམས་དཔའ་སྟེ་མི་བྱེད་པའི་ཕྱིར་རོ། །འདི་ལ་སེམས་དཔའ་ཚད་མེད་པ་མངའ་བས་ན་སེམས་དཔའ་ཆེའོ། །ཐེག་པ་ཆེན་པོའི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་ན་ཐེག་པ... ་ཆེན་པོ་སྟེ་བྱང་ཆུབ་ཀྱི་སེམས་ལ་ཐེག་པ་ཆེན་པོ་ཞེས་བྱ་བའི་སྒྲར་གསུངས་སོ། །ཐམས་ཅད་དུ་ཁྱབ་པས་ན་བདག་ཉིད་ཆེ་ཞེས་བྱ་བ་སྟེ་ཆེ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ཡེ་ཤེས་ཀྱི་སྣང་བ་ཆེད་མེད་པ་མངའ་བས་ན་སྣང་བ་ཆེ་ཞིང་ཞེས་བྱའོ། །ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་རྣམ་པར་དག་པས་ན་དག་པ་ཆེ་ཞེས་བྱའོ། །མགོན་པོ་ཆེ་ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱི་མགོན་པོར་གྱུར་པས་ན་མགོན་པོ་ཆེ་སྟེ་།ཆེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་མགོན་ཆེན་ནོ། །རྡོ་རྗེ་རྣམས ་ཀྱི་རྒྱལ་པོ་ཡིན་པས་ན་རྡོ་རྗེ་རྒྱལ་བ་སྟེ་རང་གི་ལས་ལ་མཆོག་ཏུ་གྱུར་པའི་ཕྱིར་རོ། །སྤྲོ་བའི་ཚེ་ན་རྡོ་རྗེ་ཆེན་པོ་མངའ་བས་ན་རྡོ་རྗེ་ཆེའོ། །རྡོ་རྗེ་ལྕགས་ཀྱུ་ཕྱོགས་ཐམས་ཅད་ཀྱི་མཐར་གཏུགས་པར་སྤྲོས་པས་ན་རྡོ་རྗེ་ལྕགས་ཀྱུ་ཉིད་ལ་རྡོ་རྗེའི་སྒྲར་གསུངས་སོ། །མི་ཕྱེད ་པའི་དོན་གྱིས་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་དེ་བཞིན་གཤེགས་ཀུན་ནོ། །འགུགས་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ། ཚད་མེད་པའི་སེམས་ཅན་རྣམས་འགུགས་པའི་ཕྱིར་རོ། །རང་གི་འཕྲིན་ལས་ལ་ཐོགས ་པ་མེད་པ་མངའ་བས་ན་བརྩོན་འགྲུས་ཆེ། འགུགས་པའི་ཐབས་དཔག་ཏུ་མེད་པ་མངའ་པས་ན་ཐབས་ཆེན་ནོ། །སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་མི་ཕྱེད་པ་མངའ་བས་ན་རྡོ་རྗེ་འདོད་པའོ། །འདོད་ཆགས་ཀྱི་ཉོན་མོངས་པ་མེད་པའི་ཕྱིར་དག་པ ་ཆེན་ནོ། །བདེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན་ཀུན་གྱི་བདེ་བའོ། །བདེ་བ་ཚད་མེད་པའི་ངོ་བོ་ཉིད་ཡིན་པས་ན་བདེ་བ་ཆེའོ། །བདེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡིན་པས་ན་མེད་མཆོག་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ཡིན་པའི་ཕྱིར་རོ། ། ་འདི་ལ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་པས་ན་ཐོག་མ་ཐ་མ་མེད་དོ། །བཞེད་ཆེན་ཞེས་བྱ་བ་ལ་བཞེད་པ་ནི་འདོད་པའོ། །འདི་ལ་འདོད་པ་ཆེན་པོ་མངའ་བས་ན་བཞེད་ཆེན་སྟེ། སེམས་ཅན་ཐམས་ཅད་མངོན་པར་འདོད་པར་བཞེད་པས་ནའོ། །མི་ཕྱེད་པས་ན? ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་ན་རྡོ་རྗེ་ལེགས་པའོ། །ཡོངས་དགྱེས་པ་ཚད་མེད་པ་མངའ་བས་ན་དགྱེས་པ་ཆེའོ། །རབ་ཏུ་དགའ་བ་བསྐྱེས་པར་མཛད་པས་ན་ལེགས་ཞེས་བྱའོ། །ཤིན་ཏུ་མཉེས་པས་ན་རབ་མཉེས་པའོ། །སྤྲོ་བའི་ཚེ་ན ་ཐམས་ཅད་ཁྱབ་པར་མཛད་པས་ན་མཉེས་པ་ཆེ་ཞིང་ངོ། །སྐྱེ་དགུ་རྣམས་དགའ་བར་མཛད་པས་ན་དགྱེས་པ་ཆེའོ། །ཤིན་ཏུ་དགའ་བ་སྐྱེ་བར་མཛད་པས་ན་རབ་དགྱེས་སོ། །རྡོ་རྗེས་མཚན་པའི་རིན་པོ་ཆེའི་གཟུགས་མངའ་?་བས་ན་རྡོ་རྗེ་རིན་ཆེན་ནོ། །བདག ་པའི་རྒྱུར་གྱུར་པས་ན་རྒྱལ་པོ་ཆེའོ། །དབང་བསྐུར་བ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པས་དབང་བསྐུར་བཟང་པོའོ། ཁམས་གསུམ་གྱི་ཆོས་ཀྱིས་རྒྱལ་པོར་དབང་བསྐུར་བའི་རྒྱུར་གྱུར་པས་ན་བདག་པོ་ཆེའོ། །རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས ་ན་རིན་ཆེན་ཐམས་ཅད་དོ། །ཤེས་ཆེར་མཛེས་པར་མཛད་པས་ན། མཛེས་པ་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱན་དུ་གྱུར་པས་ན་རྣམ་རྒྱན་ནོ། །མི་ཕྱེད་པའི་གཟི་བརྗིད་མངའ་བས་ན་རྡོ་རྗེ་གཟི་བརྗིད་དོ། །སྤྲོ་བའི་དུས་ན་གཟི་བརྗིད་ཀྱིས་ཁྱབ་པར ་མཛད་པས་ན་གཟི་བརྗིད་ཆེའོ། །འོད་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ་མངའ་བས་ན་འོད་ཆེའོ། །ཡང་ན་འོད་ཆེན་པོ་མངའ་བས་ན་འོད་ཆེའོ། །ལྷ་མ་མེ་བ་ཆེན་པོ་མངའ་བའི་ཕྱིར་ལྷམ་མེ་བ་ཆེན་པོ་སྟེ་ལྷས་མེ་?་ནི་? ་མདངས་ལ་བྱའོ། །རྒྱལ་པོའི་འོད་ཅེས་བྱ་བ་ནི་རྒྱལ་བ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཅེས་བྱ་བའི་དོན་ཏོ། །འདི་ལ་འབར་བ་ཆེན་པོ་མངའ་བས་ན་འབར་བ་ཆེའོ། །བྱང་ཆུབ་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམས་ཀྱི་འོད་ཡིན་པས་ན་སངས་རྒྱས་འོད་དོ། །རྡོ་རྗེ་མཚན་པའི་རྒྱལ་མཚན་མངའ་བས་ན་རྡོ་རྗེ་རྒྱལ་མཚན་ཏེ་རྒྱལ་མཚན་ནི་མཚན་མ་ལ་བྱའོ། །སྤྲོ་བའི་དུས་ན་ཐམས་ཅད་དུ་ཁྱབ་པས་ན་དཔལ་ཆེ་བའོ། །ཆེན་པོ་རྣམས་ཀྱི་མཚན་མ་ཡིན ་པས་ན་རྒྱལ་མཚན་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པས་ན་ནོར་རབ་གཏོང་ངོ། །ནམ་མཁའ་ལས་བྱུང་བས་ན་ནམ་མཁའ་ཨི་རྒྱལ་མཚན་ནོ། །སྤྲོ་བའི་ཆོས་ཐམས་ཅད་དུ་ཁྱབ་པས་ན ་ཡུ་བ་ཆེའོ། །གཏོང་བའི་རྒྱུ་ཡིན་པས་ན་གཏོང་བའི་རྒྱལ་མཚན་ནོ། །མི་ཕྱེད་པའི་བཞད་པ་ཡིན་པས་ན་རྡོ་རྗེ་བཞད་པའོ། །ཕྱོགས་ཐམས་ཅད་འགེངས་པས་ན་བཞད་པ་ཆེའོ། །དགའ་བ་མངའ་བའི་རྒྱུར་གྱུར་པས་ན་དགྱེས་པ་ཆེའོ། ། ་ཆོས་ཀྱི་རོ་མྱོང་བའི་དགའ་བ་དང་མགུ་བ་བསྐྱེད་པར་མཛད་པས་ན་རབ་དགྱེས་པའོ། །ཤིན་ཏུ་དགྱེས་པའི་ཚུལ་གྱི་རྒྱུར་གྱུར་པས་ན་དགྱེས་པའི་ཤུགས་སོ། །ཁྱད་པར་དུ་དགའ་བའི་རྒྱུར་གྱུར་པས་ན་རོལ་ཅིང་དགྱེས་པའོ། ། ་ཆོས་ཀྱི་ཡུལ་དགའ་བའི་རྒྱུར་གྱུར་པས་ན་ཆོས་དགྱེས་སོ། །མི་ཕྱེད་པའི་ཆོས་མངའ་བས་ན་རྡོ་རྗེ་ཆོས་སོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་ཆོས་ཆེ་བའི། །སེམས་ཅན་གྱི་ཡུལ་ལ་ཐུགས ་རྗེའི་ཆོས་མངའ་བས་ན་སེམས་དཔའ་ཨི་ཆོས་སོ། །རང་བཞིན་གྱིས་དག་པས་ན་རབ་སྤྱོད་པའོ། །སངས་རྒྱས་རྣམས་ཀྱི་ཆོས་ཡིན་པས་ན་སངས་རྒྱས་ཆོས་སོ། །ཐེག་པ་ཆེན་པོའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་རབ་མཆོག་གོ་།སེམས་ཅན་ཐམས་ཅད་ལ ་བྱམས་པ་དང་ལྡན་པས་ན་འདོད་ཆོས་སོ། །མི་ཕྱེད་པའི་ཤེས་རབ་མངའ་བས་ན་རྡོ་རྗེ་རྣོན་པོའོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་རལ་གྲི་ཆེའོ། །ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཤེས་རབ་ཡེ་ཤེས་སོ། ། ་བློ་གྲོས་ཆེན་པོ་མངའ་པས་ན་བློ་གྲོས་ཆེའོ། །སྡིག་པའི་བདག་ཉིད་གཅོད་པས་ན་སྡིག་གཅོད་དོ། །ཚད་མེད་པའི་ཤེས་རབ་ཀྱི་རལ་གྲི་ཡིན་པས་ན་རལ་གྲི་ཆེའོ། །གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་མཚོན་གྱིས་ཉོན ་མོངས་པའི་དགྲ་པོ་གཅོད་པར་མཛད་པས་ན་སངས་རྒྱས་མཚོན་ནོ། །མི་ཕྱེད་པའི་རྒྱུ་ཡིན་པས་ན་རྡོ་རྗེ་རྒྱུའོ། །སྤྲོས་པའི་དུས་སུ་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པས་ན་འཁོར་ལོ་ཆེའོ། །ཆོས་ཀྱི་འཁོར་ལོའི་རང་བཞིན་ཡིན་པས་ན་སངས ་རྒྱས་འཁོར་ལོའོ། །ཡོན་ཏན་ཐམས་ཅད་ཀྱི་གཏེར་དུ་གྱུར་པས་ན་གཏེར་ཆེན་པའོ། །དཀྱིལ་འཁོར་ཐམས་ཅད་སྡུད་པ་ལ་འཇུག་པར་མཛད་པས་ན་དཀྱིལ་འཁོར་ཀུན་ནོ། །སྔགས་ཀྱི་སྤྱོད་པའི་ཚུལ་གྱི་མཆོག་ཡིན་པས་ན་ཆོས་མཆོག་གོ་།སངས་རྒྱས་སུ ་བྱེད་པའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་ཀྱི་འཁོར་ལོ་ཡིན་པའི་ཕྱིར་རམ། །འཁོར་ལོའི་རྒྱུད་གྱུར་པས་ན་ཆོས་ཀྱི་འཁོར་ལོའོ། །ཐོགས་པ་མེད་པའི་གསུང་མངའ་པས་ན་རྡོ་རྗེ་གསུང་ངོ། །ཕྱོགས་ཐམས་ཅད་ཁྱབ་པའི་གསུང་མངའ་ ་བས་ན་གསུང་བ་ཆེའོ། །སྤྲོས་པ་ཐམས་ཅད་དང་བྲལ་བས་ན་སྤྲོས་མེད་དོ། །ཡི་གེ་ཆེན་པོ་མངའ་བས་ན་ཡི་གེ་ཆེ་སྟེ་?རྣམས་ཉིད་ཡིན་ནོ། །དོན་དམ་པར་འདི་ལ་འགྱུར་བ་མེད་པས་ན་ཡི་གེ་མེད་པ་སྟེ་དམ་པའི་ཡི་གེ་ཆེ་ཞེས་བྱ་? ་བའི་དོན་ཏོ། །ཚད་མེད་པའི་བཟླས་པ་མངའ་བས་ན་བཟླས་པ་ཆེའོ། །སངས་རྒྱས་ཀྱི་གསུང་མངའ་བས་ན་སངས་རྒྱས་གསུང་ངོ། །མི་ཕྱེད་པའི་འཕྲིན་ལས་མངའ་བས་ན་རྡོ་རྗེ་ལས་སོ། །ལས་བཟང་པོ ་རྣམས་ཀྱི་ནང་ན་ཡང་མཆོད་པའི་ལས་མཆོག་ཡིན་པས་ན་རབ་མཆོད་དོ། །མཆོད་པའི་ལས་ཀྱིས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་ལས་ཆེན་ནོ། །བཟང་པོའི་ལས་རྣམས་མཛད་པས་ན་ལས་ཆེན་ནོ། །བཟང་པོའི་ལས་རྣམས་མཛད་པས་ན་ལས་རབ་བྱེད་པའོ། །གསང་བའི ་མཆོད་པའི་རང་བཞིན་ཡིན་པས་ན་གསང་པའི་མཆོད་པའོ། །མཆོད་པའི་ལས་ཀྱི་ཁྱད་པར་མང་པོ་མངའ་བས་ན་མཆོད་པ་ཆེའོ། །བདུག་པ་ལ་སོགས་པའི་མཆོད་པའི་རང་བཞིན་ཡིན་པས་ན་སངས་རྒྱས་མཆོད་པའོ། །མི ་ཕྱེད་པའི་བསྲུང་བ་ཡིན་པས་ན་རྡོ་རྗེ་སྲུང་བ་ཆེའོ། །སྤྲོས་པའི་དུས་ན་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་གོ་ཆ་ཆེའོ། །གོ་ཆ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུར་པས་ན་གོ་ཆའི་མཆོག་གོ་།མི་ཕྱེད་པའི་ཆོས་ཅན ་ཡིན་པས་ན་བརྟན་པ་ཆེའོ། །སེམས་ཅན་གྱི་ཚོགས་ཚད་མེད་པ་ཡང་དག་པར་བསྲུངས་བར་མཛད་པས་ན་བསྲུང་བ་ཆེའོ། སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པས་ན་སྙིང་རྗེ་ཆེའོ། །སངས་རྒྱས་ཀྱི་བརྩོན་འགྲུས་ཕྱིར་མི་ལྡོག་པའི་རང་བཞིན་ཅན་ཡིན་པས་ན་སངས་རྒྱས་བརྩོན་འགྲུས་སོ། །མི་ཕྱེད་པS་མ་རྡོ ་རྗེ་གནོད་སྦྱིན་ནོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པས་ཅན་ཡིན་པས་ན་སངས་རྒྱས་བརྩོན་འགྲུས་སོ། །མི་ཕྱེད་པS་མ་ན་མ་རུངས་པ་ཐམས་ཅད་དོ། །སེམས་ཅན་ཐམས་ཅད་འཇིག་པ་སྐྱེད་པར་བྱེད་པས་ན་སྐྲག་པར་བྱེད་པའོ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །མ་རུངས་པ་ཐམས་ཅད་འདུལ་བའི་ཐབས་ཀྱི་མཆོག་ཡིན་པས་ནི་ཐབས་ཆེན་ནོ། །ཐམས་ཅད་ལ་ཁྲོ་བོའི་གཟུགས་སུ་སྟོན་པས་ན་བསྲུང་བ་མཆོད་གོ་།མི་? ་པའི་ཁུ་ཚུར་ཡིན་པས་ན་རྡོ་རྗེ་བསྡུས་པའི་འོ། །ཕྱག་རྒྱ་ཐམས་ཅད་དམ་སྤྲོས་པའི་དུས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་ན་ཕྱག་རྒྱ་ཆེའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དམ་ཚིག་ཆེན་པོའོ?། ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་སྦྱོར་བས་ཐམས་ཅད་འཆིར་བར་མཛད་པས་ན་འཆིང་བ་ཆེའོ། །ཡེ་ཤེས་མཆོག་བསྡུས་པའི་ཁུ་ཚུར་ཡིན་པས་ན་ཁུ་ཚུར་ཆེན་པོའོ། །ཕྱག་རྒྱ་ཐམས་ཅད་ཀྱི་རྩ་བར་གྱུར་པས་ན་ཕྱག་རྒྱ་མཆོག་གོ་།སྐུ་དང་གསུང་དང་ཐུགས་རྡོ་རྗེ ་གཅིག་ཏུ་བསྡུས་པར་གྱུར་པས་ན་རྡོ་རྗེ་ཁུ་ཚུར་རོ། །དེ་བཞིན་གཤེགས་པས་ཕྱག་རྒྱས་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་སྒྱུར་བ་བཞིའི་ངོ་བོ་ཉིད་ཡིན་པར་བསྟོད་པའི་སྒོ ་ནས་མཇུག་བསྡུས་པ་བཟླས་ཏེ་བསྟན་པ་ཡིན་ནོ། །ཡང་དག་པར་ནི་ཕྱག་འཚལ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་དགེ་བའི་རྩ་བ་བསྟན་པ་དང་ཕན་ཡོན་བསྟན་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས ་རྒྱུད་འདི་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་ཅིང་འདི་བཤད་པའི་དོན་ལ་དགྱེས་པའི་ཕྱིར་ཡང་དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ཏེ། འདི་དག་གི་ཚིག་གི་དོན་ནི་བཤད་ཟིན་ཏོ། ། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམས་པར་སྣང་མཛད་ཀྱིས་དེ་སྐད་ཅེས་གསུངས་པ་དང་ངོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དགྱེས་པ་ནི་མཉེས་པའོ། ། དེ་ལྟར་དགྱེས ་ནས་ཅི་ཞིག་མཛད་ཅེ་ན། རང་གི་ཐུགས་ལ་ཞུགས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ལ་མཉེས་པར་གྱུར་ཏོ་ཞེས་བྱ་པའི་དོན་ཏོ། །ཡོན་ཏན་མང་ལྡན་དང་པ་མཆོག་གི་གནས་གྱུར་ཏོ། ་?་སྔོན་འགྲོ་ཀོ་ས་ལ། །དགེ་ཞིང་ཚུལ་མང་ལེགས་པ་རྒྱ་མཚོ་དང་ལྡན་གཙུག་ལག་ཁང་མཆོག་དེ། །དཔལ་ལྡན་བདེ་བྱེད་ཀྱིས་བྱས་ཤིན་ཏུ་ཡིད་འོང་མཁས་པ་རྣམས་ཀྱི་གནས་གྱུར་ཅིང། །རྒྱལ་པོའི་དཔའ་བའ་ཨི་ཆོས་ཀྱི་བདག ་ཉིད་དཔལ་གྱི་ཁ་བ་བཞིན་བསིལ་དེར་གནས་ཚེ། །དང་པོར་གྲགས་མཆོག་གནས་བརྟན་བཟང་པོའི་གོ་ཆའི་ཆིག་གིས་གསོལ་བ་བཏབ་པ་དང། །ཤེས་རབ་ལྷ་ཡིས་མཁས་བཅས་བརྩོན་པའི་སྟོབས་སོགས་གཙོ་བོར་བྱས་པ་བརྟན་པ་དང། །བདེ ་གཤེགས་བསྟན་ལ་འགྲོ་བ་འདི་དག་ཉོན་མོངས་དབང་སོང་མཐོང་བ་དང། །སྐྱོན་མེད་གསང་སྔགས་དོན་ཡང་གཞན་དབང་སོང་བས་གཞན་དུ་ཀུན་ཏུ་སྦྱོར་བར་གྱུར། །དེ་ཕྱིར་ངེས་དོན་ཤིན་ཏུ་རྣམ་འབྱེད་ཚིག་དོན་གསལ་ཞིང་ཀུན་གྱི་ཐུན་མོང་པའི། ་རྒྱ་ཆེར་བཤད་འདི་འགྲོ་བའི་དོན་ཀུན་གྲུབ་ཕྱིར་ཤཱཀྱས་མི་ཏྲས་ས་སྟེང་བརྩམས། །དེས་སྦྱར་འདིས་ནི་འཇིག་རྟེན་མ་ལུས་རྣམ་དག་བློ་གྲོས་ཡང་དག་ཐོབ་ནས་ནི། །དེ་ཉིད་ཡེ་ཤེས་ལ་གཞོལ་ལྟ་ངན་གྱིས་མདོངས་ཉིད་དང་གྱུར་དུ་བྲལ་བ ་ཤོག། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་མང་དུ་ཐོས་པའི་སློབ་དཔོན་ཆེན་པོ་ཤཱཀྱའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ ་དྷརྨ་ཤྲཱི་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་། གཏན་ལ་ཕབ་པའོ།། །།རྡོ་རྗེ་དབྱིང་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམS་ཀྱི་རྣམ་བཞག་བཞུགས་སོ། ་