CLOSE WINDOW

N2112: dpal gsang ba thams cad kyi spyi'i cho ga'i snying po rgyan zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཤྲཱི་སརྦ་གུ་ཧཡ་བི་དྷི་གརྦྷ་ཨ་ལངྒ་ར་ནཱ་མ། བོད་སྐད་དུ། དཔལ་གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་གའི་སྙིང་པོ་རྒྱན་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་མཆོག་རྣམས་ཀྱི། །ཡེ ་ཤེས་བློ་གྲོས་ཆེན་པོའི་སྐུ། །སེམས་ཅན་ཀུན་ལ་ཕན་སྐྱེད་པ། །འཇམ་པའི་མགོན་ལ་ཕྱག་འཚལ་ཏེ། །ཐེག་མཆོག་གསང་བ་ཐམས་ཅད་ཀྱི། །ཆོ་གའི་སྙིང་པོ་རྒྱན་གྱུར་བ། །དང་པོའི་ལས་ཅན་རྗེས་གཟུང་ཕྱིར། །རྣལ་འབྱོར་ཆེན་པོའི ་ཚུལ་འདི་བཤད། །རྩ་བ་བཞི་དང་དག་པ་དང། །ཚོགས་དང་ཡན་ལག་ཀུན་བསྡུས་པ། །རྡོ་རྗེ་ཡེ་ཤེས་འཐབ་བྱེད་པ། །ལམ་གྱི་འཁོར་ལོར་ཤེས་པར་བྱ། །བློ་ལྡན་ཐར་པའི་བདག་ཉིད་དེ་སེམས། །བཟོད་ལྡན་དུལ་བའི་སློབ་མ་ཡིས། །གྲུབ་པའི་རྩ ་བ་མཆོག་གཅིག་པུ། །བླ་མ་བསྟེན་བྱ་དང་པོར་བརྟག། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག་།ཁེངས་ཤིང་ཆགས་ལམ་བསྡམས་དང། །བཅོམ་དང་བཅས་པ་ཉིད་དང་ནི། །བརྐམ་བཅས་སློབ་མ་དགེ་ལས་བཟློག་།རལ་གྲི་ཏིལ་དང་སྣག་ཚ་དང། །ཁྱིམ ་གྱི་ལས་ལ་མངོན་བརྩོན་ཞིང། །རང་གི་དོན་སེམས་རྙེད་པ་འདོད། །བླ་མ་བརྙེས་བྱེད་སེམས་ཅན་ལ། །ཉེར་འཚེ་འགྲོ་ལ་ངན་པ་སྦྱོར། །སྔགས་དང་ཕྱག་རྒྱའི་ཆོག་ཡིས། །རྟག་ཏུ་འཚོ་བ་སྒྲུབ་བྱེད་ཅིང། །འཇིག་རྟེན་ཆོས་ཕྱིར་དགེ་ལ་འཇུག། ་ཆད་དང་སྨད་འཚོང་ལ་གདུངས་ཤིང། །དེ་ཉིད་གཉིས་པོ་མི་ཤེས་པར། །རྟག་ཏུ་སློབ་དཔོན་ཉིད་དུ་སེམས། །ཚངས་སྤྱོད་བརྟན་པར་མ་གྱུར་པ། །ན་ཆུང་བདེ་ལ་མངོན་པར་ཞེ་ན། །དེ་ཉིད་བཅུ་ལ་མི་གནས་བར། །དཀྱིལ་འཁོར་ལས་ལ་འཇུག་བྱེད་ཅིང། ་དབུལ་བའི་སློབ་མ་ལ་སྡང་ཞིང། །དམ་ཆོས་དམན་ལ་སྦྱོར་བ་དང། །རྟག་ཏུ་རྙེད་པ་དོན་གཏེར་བས། །སྐལ་མིན་གསང་བ་ལ་འགོད་དང། །སྡོམ་པ་གསུམ་པོ་མི་འཛིན་ཅིང། །རྩ་བའི་ལྟུང་བ་ཉེར་གནས་པ། །ཆོས་ལ་སེར་སྣ་ཀུན་སྤྱོད་ཅིང། །དམ་ཚིག ་ལས་ལ་སྦྱོར་བྱེད་པའི། །སློབ་དཔོན་རིབ་མས་སྤང་བར་བྱ། །དེ་བསྟེན་དམྱལ་སོགས་འབྲས་ལ་སྦྱོར། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བཤེས། །སྙིང་རྗེར་ལྡན་ནང་བསྟན་བཅོས་མཁས།། ་དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང། །དཀྱིལ་འཁོར་འབྲི་བའི་ལས་ལ་བྱང། །དྲན་གསལ་བརྩོན་འགྲུས་དང་ལྡན་ཞིང། །ཐིག་ལེ་ཆེ་ལ་བརྟག་ཏུ་དགའ་། །བློ་སྦྱངས་རིག་པ་ལྔ་འཛིན་ཅིང། །སྔགས་བཤད་སྦྱོར་བ་གནས་མཁས་དང། །དེ་ཉིད་ལུང་ཐོབ་རིམ ་བརྒྱུད་ལྡན། །འགྲོ་བའི་ཐར་པ་ལ་སེམས་ཤིང། །ཀུན་ཏུ་དགེ་ལ་འགོད་པའོ། །ཚོར་སོགས་བྱ་བ་རྣམས་དོར་ནས། །སྡོམ་གསུམ་དགེ་ལ་འཇུག་པ་དང། །དེ་ཉིད་སྒོམ་ལ་ཚངས་སྤྱད་སྒྲུབ། །སྐལ་དང་སྐལ་མིན་སེམས་ཅན་ལ། །ཚུལ་དང་ཚུལ་མིན་ཆོ་ག་ཤེས ་སེར་སྣ་རྣམ་སྤང་དམན་མི་མོས། །རྙེད་སོགས་ཆོས་ལ་མི་ལྟ་ཞིང། །བླ་མ་ལྷ་ལ་རབ་དང་མཆོད། །དམན་སོགས་སེམས་ཅན་སུན་མི་འབྱིན། །ཞུ་མ་མེད་ཁེངས་སེམས་རྣམས་སྤངས་པ། །སློབ་དཔོན་མཆོག་ཏུ་ཤེས་པར ་བྱ། རྩོད་པའི་དུས་ནི་འདི་ཉིད་ན། །རྣམ་རྒྱས་ཉོན་མོངས་དབང་གིས་ནི། །སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །དགེ་ལ་རྣམ་བརྟེན་ཡོན་ཏན་དག། ཤས་ཆེར་གྱུར་པ་རྣམ་པར་གཟུང། །འགྲོ་མགོན་བླ་མ་བསྟན་པར་བྱ། །བླ་མ་གནས་པའི་མདུན་དགེ་དུ།། ་གཅེར་བུ་དང་ནི་དབུགས་སྒྲོགས་དང། །ཆགས་པའི་ལས་དང་ཙུག་ཙུག་དང། །སྣབས་དང་ལུད་པ་མདུན་འདོར་དང། །གཡན་པ་འཕྲུག་དང་གཡལ་ཆེན་དང། །དྲག་ཏུ་ལངས་འདུག་རྡུལ་སྦྲུག་དང། །ཆིགས་ཉེད་པ་དང་རྐང་རྐྱོང་དང། །གདིངས ་དྲག་འདིངས་གཞན་རྡགས་དང། །འགྲོང་དང་དོན་མེད་འཆག་ལ་སོགས། །བག་མེད་ལུས་ནི་མ་བསྡམས་པ་།རྣམ་པ་ཀུན་ཏུ་མི་བྱའོ། །འཕྱ་དང་ལྟ་བརྒང་བྱེད་པ་དང། །མ་འབྲེལ་སྨྲ་དང་འགྲམ་ཆལ་དང། །བརྫུན་དང་བརྙས་ཏེ་ཟློས་པ་དང།། ་ཕྲ་མ་དང་ནིར་ཆོད་དང། །མི་གཞན་ཞེར་འདེབས་ལ་སོགས་པ། །བྱེད་པ་དག་གི་མ་སྡམས་པའི། །སྒྲ་ཡི་སྐྱོན་རྣམས་སྤང་བར་བྱ། །སྲོག་དང་ལུས་དང་ལོངས་སྤྱོད་དང། །དེའི་དོན་དང་གྲགས་པ་ལ། །ལྟོས་མེད་ངན་དུ་སེམས་པ་དང། །མི་སྡུག་པར ་བལྟ་བརྙས་པ་དང། །དེ་ཡི་སྐྱོན་རྟོག་གུས་མི་བྱེད། །རྟག་ཏུ་བྲལ་བར་སེམས་པ་དང། །དེ་ཡི་ཚིག་ལ་བདུད་སྐྱེད་བྱེད། །རྟག་ཏུ་བསླུ་བའི་སེམས་ལྡན་ཞིང། །གཡོ་སྒྱུས་ཀུན་ཏུ་སྤྱོད་པ་དང། །ཁོང་ཁྲོ་སྐད་ཅིག་གིས་ཆགས་བྱེད། །ཚུལ་མིན ་ལས་ཀྱི་བསམ་པ་ཀུན། །བག་མེད་སེམས་ནི་མ་བསྡམས་པ། །གཡེང་བ་ཆེན་པོར་གྱུར་པ་སྟེ། །ནམ་དུ་ཡང་ནི་མི་བྱའོ། །བླ་མ་ལ་ནི་བཀའ་བླང་ཞིང། །གུས་པས་འདུད་པའི་སེམས་བྱ་སྟེ། མཉན་ན་བདེ་བའི་ངག་དག་གི་།བརྟུལ་ཞུགས་ཅན་གྱིས ་དོན་རྣམས་གསོལ། །སྟོན་པ་མཆོད་དང་རང་རྣལ་འབྱོར། །བཟའ་བཏུང་བཤད་གཅི་འདོར་བ་དང། །མཚམས་ནང་འགྲོ་དང་གཉུག་མའི་ལས། །བྱ་བ་མེ་ཏོག་གཞན་རྣམས་དྲི། །སློབ་མ་རྒྱལ་མཚན་དང་ལྡན་པས། །བླ་མ་ཁྱིམ་པའི་རྟགས ་འཛིན་ན། །ཁྲུས་དང་སྤང་པའི་ཉེས་པ་དང། །ཆོས་ལས་མ་ཏོག་ཕྱག་མི་བྱ། །དམན་པའི་ལས་དང་ཕྱག་བྱས་ན། །འཇིག་རྟེན་སྨད་པས་ཉམས་བྱས་ཤིང། །སངས་རྒྱས་ཆོས་དང་དགེ་འདུན་ལ། །སྨད་པའི་ལས་ནི་བྱས་པར་འགྱུར། །དེ་ཉིད ་བཅུ་ནི་ཤེས་གྱུར་པའི། །བརྟུལ་ཞུགས་འཛིན་པ་ཡོན་གནས་སུ། །དབང་བསྐུར་རབ་གནས་སྦྱིན་སྲེག་དང། །ཚོགས་ཀྱི་འཁོར་ལོ་སོགས་དཔོན་དུ། །གོས་དཀར་ཅན་ནི་མི་དགའ་འོ། །བརྟུལ་ཞུགས་འཛིན་པ་རྨོངས་གྱུར་ན། །ཡོན་ཏན་དུས་ལམ ་མེ་གཏོགས་པར། །ལས་ཀྱི་རྡོ་རྗེ་འམ་འཁོར་དུ་མིན། །དེ་ལྟར་དེ་དག་མ་བྱས་ཀྱང། །བླ་མ་ལ་བརྙས་མི་འགྱུར་ཏེ། །རྫས་དང་བཀུར་འོས་ཀུན་གྱིས་མཆོད། །དེ་ཡིས་གྲགས་པ་བསྒྲག་བྱ་ཞིང། །ལུས་སྲོག་ལོངས་སྤྱོད་ཀུན་བསྲུང་ཞིང། །ལུས་སྲོག ་ལོངས་སྤྱོད་ཀུན་གྱིས་བསྟེན། །མངོན་སུམ་དུ་འམ་ལྐོག་ཏུ་ཡང། །དགེ་བ་བསྒོ་བའི་བཀའ་ལས་ནི། །ནམ་དུ་ཡང་ནི་འདའ་མི་བྱ། །དེ་ལ་སེམས་ཀྱི་མངོན་ཕྱོགས་ཤིང། །ཀུན་ཏུ་དེ་ཡི་སེམས་བསྲུང་ངོ། །ལོངས་སྤྱོད་རྣམས་ལས་དང་པོར་ཏེ། །ཉིན ་རེ་འམ་ཟླ་བ་ལོ་ལ་སོགས་།དུས་འདས་བླ་མ་མ་བསྟེན་པར། །གྲུབ་པར་འདོད་པའི་སྒྲུབ་པ་ནི། །སྨིག་རྒྱུའི་ཆུ་ལ་འཐུང་འདོད་ཅིང། །ཕུབ་མ་བརྡུངས་ལས་འབྲས་འདོད་དང། །རྒྱ་མཚོའི་ཆུ་ལ་མར་བཞིན་ནོ། །བྱས་པར་ངེས་པར་བསྟེན་དགོས་ན།། ་རྒྱལ་མཚན་དགེ་འདུན་ལ་ཕུལ་ཏེ། །ཁྱིམ་པའི་ཆ་ལུགས་གནས་བྱས་ནས། །འབད་?་བླ་མ་མཉེས་པར་བྱ། །དེ་ཡི་མཚན་ནས་མི་བརྗོད་ཅིང། །གྲིབ་མ་འང་འགོམ་པར་མི་བྱ་ལ། །ཕྱག་རྒྱ་མཐོང་བར་གྱུར་པ་ན། །ཁེངས་པའི་ལྟ་བས་ལྟ་མི་བྱ། །བརྣབ ་སེམས་ཀུན་ཏུ་སྤང་བ་དང། །ཐལ་སྦྱར་ཞེས་དང་བཅས་པས། །ཚིག་བརྗོད་ཀུན་ཏུ་བདའ་བར་བྱ། །དོན་རྣམས་ཐམས་ཅད་སྒྲུབ་པ་དང། །འཇིག་རྟེན་སྤྱོད་དང་མི་མཐུན་པའི། །ལས་ལ་སློབ་དཔོན་གནས་ན་ཡང། ། ་བདག་ཉིད་འཁྲུལ་ཞེས་བསམ་པའམ། །བསམ་མི་ཁྱབ་དྲན་གུས་ལྡན་པས། །རྟག་ཏུ་དེ་དང་འབྲལ་མི་བྱ། །ན་བ་ལ་སོགས་བསྒྲུབ་དཀའ་དང། །མི་དགེ་ལ་སྦྱོར་ཚིག་དག་ལ། །བདག་པར་གསོལ་ཏེ་བཏང་སྙོམས་བཞག་།དེ་ལྟར་བྱ་དང ་བྱ་མིན་པ། །ཐམས་ཅད་དུ་ནི་བརྟགས་བྱས་ནས། །ཉེས་བ་ཀུན་དང་བྲལ་བར་སྦྱང། །རྩ་བའི་ཆོ་གའི་རྣམ་པར་བྱེ་བ་སྟེ་དང་པོའོ།། །།དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ལྔ་བཅུ་རྩ་གཉིས་སྦྱོར་བ་ལས། །གྲུབ་པ་པས?་ནི ་གཟུང་བར་བྱ། །དེ་ལ་རྡོ་རྗེ་སློབ་དཔོན་སོགས། །དོར་བའི་ཁ་ན་མ་ཐོ་བ། །ལྕེ་དང་ཡང་དང་དག་པ་དང། །ཆ་འདྲ་བ་ནི་ཤེས་པར་བྱ། །ཡུལ་བསམ་སྦྱོར་བའི་བྱ་བྲག་དང། །དུས་དང་ཉེས་པ་ལན་གྲངས་དང། །ཟླ་བ་དང་ནི་བཀྲ་ཤིས་ཉིད། །དེ་ནི ་རིམ་པར་རྣམ་ཕྱེ་བ། །དབང་སོགས་སློབ་དཔོན་རིམ་པར་གནས། །བླ་མེད་རྒྱུད་སོགས་དེ་བཞིན་ཏེ། དབང་སོགས་སྤྱན་ནི་དེས་པར་གཟུང། །སྦྱོར་དང་སྡོང་བས་དོར་བ་ཡིས། །ཡོན་ཏན་སྡུག་བསྔལ་ཞིང་ཁྱད་དང། །མནར་སེམས་ཚུལ་མིནདོར ་བ་ལས། །སྡོམ་གསུམ་མི་ཡི་འགྲོ་བ་དང། །གཅིག་གཉིས་གསུམ་གྱི་མཐར་ཐུག་པར། །དོན་དམ་ལྷག་བསམ་ཐིག་ལེའི་གཟུགས། །རྣལ་འབྱོར་ཆེན་པོ་སོགས་རིམ་ལྟར། །ཐམས་ཅད་ཉམས་ཀྱང་མ་རྫོགས་པར། །དབང་བཞི་པོ་ནི་འཛིན་པ་ཡི།། ་སྣོད་ནི་རབ་ཏུ་བརྟགས་པར་བྱ། །གང་ཟག་ཆོས་ལ་བདག་མེད་དང། །རྣམ་རིག་ཤེས་པའི་རང་བཞིན་ལས། །རིམ་པར་གྱུར་ཏེ་རང་བཞིན་དང། །རྐྱེན་དང་དྲེགས་པའི་བདག་ཉིད་དང། །རྟག་ལ་སོགས་པའི་རང་བཞིན་རིམ། །དད་སོགས་ཆེན་པོ་ཆུང་དུའི་མཛའ་ ་བསྲུང་དང་བསྟེན་པ་བཟའ་བ་ཤེས། །གཉིས་གསུམ?་རིག་པའི་བརྟུལ་ཐུགས་ལྡན། །ཡུལ་གྱི་སྦྱོར་བ་ལ་བརྟེན་ནས། །མནར་སེམས་ཆགས་རྨོངས་ཆེ་སོགས་རིམ། །མནར་སེམས་འཁྲུག་དང་མདུད་པར་འཛིན། །བསྐམ་དང་ཆགས་དང་འདོད་པར་དགའ་། ་སྐུར་འདེབས་ལོག་རྟོག་རྨོངས་པ་རྣམས། །གསུམ་གཉིས་གཅིག་གི་ལུས་ངག་ཡིད། །སྦྱོར་པའི་ཉེས་པ་རབ་རྫོགས་བྱེད། །གཅིག་གཉིས་གསུམ་གྱི་ལོར་གནས་ལས། །དུས་ཀྱི་ཆེ་སོགས་རྣམ་པར་བཞག། རྣམ་དག་ཐོས་བསམ་བསྒོམ་པའི་དུས། །སྲོག ་དང་ལུས་དང་ལོངས་སྤྱོད་དང། །ལྟུད་དང་སྤོམ་ལྕི་ཉེས་བྱས་རི་མོ། །སྲོག་སོགས་ཉེས་པའི་ཁྱད་པར་ཤེས། །བྱང་ཆུབ་སྲོག་དང་ལུས་ཀྱི་རིམ། །ཡུལ་གསུམ་བྲལ་དང་བླ་མེད་སོགས། །དོར་དང་སྦྱུགས་དང་ངན་དུ་བརྗོད། །ཟབ་དང་དབང་སོགས་ཆོ་བའི ་མཛའ་ཨི། །གསང་དང་མ་རུངས་ངན་དུ་སེམས། །ཕྱལ་ཆེར་མི་བདེན་སྙམ་དང་བདེན། །འཕེལ་དང་དགའ་དང་བཏང་སྙོམས་དང། །ཡུལ་ལས་རིམ་པར་ཟློག་པ་དང། །ལྡོག་དང་མི་འཇུག་མ་དད་དང། །ཡུལ་དང་བྲལ་དང་སྲོག་སོགས་རིམ། །གཅིག་གཉིས ་གསུམ་ལས་ངེས་པར་སྐྱེས། །དེ་ལྟར་ལག་པ་མདའ་དང་མིག་ངེས་པར་སྦྱོར་བ་སོགས་འབྱུང་ཤེས། །ལྷ་ཡི་ཚུལ་སོགས་ཐམས་ཅད་ལ་འང། །སྦྱོར་བ་རྣམས་ནི་བརྟེག་པར་བྱ། །ན་དང་དབང་ཉམས་བྱ་བ་དང། །གཞན་གྱི་དོན་དང་དོན་ཆེན་དང།། ་སྐྱེ་མེད་བརྟན་པ་དགོས་ལྡན་དང། །ནུས་པ་རྙེད་དད་གནས་པ་དང། །བཀའ་བསྒོ་བ་དང་བར་ཆད་དང། །ཉེས་པ་མེད་པར་ཤེས་པར་བྱ། །ཇི་སྲིད་ལྟུང་བ་མ་སྤྱད་ཅིང། །གོང་མའི་ཡོན་ཏན་མངོན་མ་གྱུར། །བསླབ་དང་འགལ་བའི་ལས་མི་སྤྱད། །དམ ་ཚིག་རྟོག་ལས་མ་གྲོལ་བ། །དེ་སྲིད་སྦྱོར་བ་ངེས་པར་གནས། །སྒྲ་སོགས་ཉན་དང་འཆད་པ་དང། །ཉན་ཐོས་སོགས་བཀའ་རང་རྒྱལ་སོགས། །དྲི་ཆེན་སོགས་ཏེ་ཉན་ཐོས་སོགས། །མ་གུས་བྱོལ་སོང་གཞན་གྱི་ལུས། །ཐབས་ཀྱི་ལམ་དང་དྲེགས་པར་ལྡན ་ཀུན་རྫོབ་བརྗོད་བཅས་དད་བརྟན་དང། །བགྲང་འཕྲེང་སོགས་དང་བུད་མེད་རྣམས། །ཡུལ་གྱིས་འདྲ་བར་ཤེས་པར་བྱ། །སློབ་དཔོན་དང་ནི་སློབ་མ་དག། འཁོན་འཛིན་གུས་པ་རྣམ་པར་བྲལ། །སྡོམ་གསུམ་འཛིན་པའི་བློ་མེད ་ཅིང། །དགོངས་པའི་དོན་ཤེས་མི་བྱེད་ཅིང། །ཤར་གཉེན་དོན་ལ་སྐྱོ་སེམས་དང། །ཆགས་དང་འདོད་པས་བསྟོད་ལས་བཟློག། འདོད་དོན་གཉེར་དང་མཆོད་ཡུལ་དུ། །དད་པས་འདུ་ཤེས་མི་འཇུགུ་ཅིང། །བདག་མེད་གུས་པ་རྣམ་སྤངས་དང། ་མེལ་ཚེ་འདུལ་བར་མི་སེམས་ཏེ། །དམན་ལ་གུས་པའི་བློ་བསྐྱེད་ཅིང། །འདོད་ཕྱིར་གཞན་སེམས་བསྲུང་བློ་མེད། །མདན?་བསྲུང་བའི་བློ་བསྐྱེད་དང། །ཕྱག་རྒྱ་མི་མཐུན་ལོག་བློར་བྱེད། །བསམས་པས་ཐམས་ཅད་འདྲར་ཤེས་བྱ། །སྲོག་སོགས་འཚེ་ལས ་མ་བཟློག་དང། །བསམ་བཞིན་དུ་ནི་མ་བཤགས་དང། །སྦྱོར་བ་ལོག་པར་བྱེད་པ་དང། །ཐོ་བརྩམས་པ་དང་ཆགས་སྦྱོར་དང། །ཅུང་ཟད་བ་དང་ཚུལ་མིན་ཞེས། །ལམ་དང་རྒྱན་པོ་འགྱེད་སོགས་སར། །ཆད་དང་ཅུང་ཟད་ངལ་ལ་སོགས། །ཐེ་ཚོམ་ཟ་ཞེས ་མངོན་བརྗོད་དང། །དན་དུ་སྨྲ་ལས་ཟློག་མི་བྱེད། །དངོས་པོ་བདེན་ཞེས་མངོན་བརྗོད་བྱ། །གྲོགས་དང་ཁ་ཟས་བག་ཡངས་དང། །དྲག་པོའི་སྦྱོར་བམ་སྤས་པ། །མཚན་མ་འགོམ་དང་མིང་བརྗོད་དང། །བུད་མེད་ཕན་ཚུན་མི་སྨྲ་བ། །རིག་མ་ལ་ཁེངས་སེམས ་དམན་པས། །གཏམ་གྱི་སྦྱོར་བ་མ་བྱས་པ། །ཉེས་པ་དག་ནི་འདྲ་བར་འགྱུར། །ཆུང་དུའི་ཉེས་པ་ཡུན་རིང་པོ། །ཆེ་དང་ཀུན་ལ་འདྲ་བ་ཡིན། །དེ་ལྟར་ཉེས་པའི་རྣམ་པ་ཀུན། །འཕེལ་དང་ལྟུང་སོགས་རབ་རྫོགས་པས། །ལོ་གཅིག་དང་ནི་ཐུན་མཚམས་ལས ་འགྱུར་བར་རྣལ་འབྱོར་པས་ཤེས་བྱ། །ཉིན་མཚན་ཀུན་ཏུ་རབ་བསྒྲིམས་ནས། །ཉེས་པའི་གནས་ནི་ཤེས་པར་བྱ། །གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེར་བརྒྱས་ནི་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་ལས་ལ་ཉེར ་གནས་བྱ། །འགྱོད་བཅས་ཉེར་བ་འཕེལ་མི་འགྱུར། །གཉེན་པོའི་དགེ་ལས་མ་གཡོས་ན། །སྨན་པའི་གནས་ནི་བསྒྲུབས་པ་མིན། །མཆོག་གི་སེམས་ནི་སྔོན་འགྲོ་བས། །རང་གིས་ལམ་ནི་ངེས་པར་གཟུང། །ལམ་བྲལ་མནར་མེད་སོགས་འགྲོ་བས། །སྔགས ་པ་རྟག་ཏུ་བག་མེད་པར། །ཉེས་པ་བཏང་སྙོམས་མི་བཞག་ཅིང། །བག་ཡོད་པས་ནི་ཀུན་ཏུ་བསྒྲུབ། །བླ་མ་དང་ནི་གྲོགས་པོ་དང། །ཚངས་པར་མཚུངས་པར་སྤྱོད་རྣམས་དང། །ཀུན་ཏུ་ལྟ་བས་དམ་ཚིག་གཟུང། །སློབ་དཔོན་ལ་སོགས་དམ་ཚིག་ལ།། ་འཚེ་བ་ཕྲོགས་ལ་སོགས་པ་ཡིས། །ཡན་ལག་གཙོ་བོ་བྱུང་གྱུར་ན། །ལྷག་པར་ཉེས་པ་འཕེལ་འགྱུར་བས། །དངོས་དེ་བྱིན་གྱིས་བརླབས་ནས་ནི། །འབད་བས་མྱུར་དུ་སྤྱད་པར་བྱ། །སྒོམ་སོགས་ཕྲ་བའི་ཕྲ་བ་མཐར། །ཉེས་པ་རྟག་ཏུ་བསམ ་པར་བྱ། །སྒྲ་ཙམ་ལ་ནི་རབ་གཞོལ་བའི། །སྔགས་པ་མནར་མེད་སོགས་འགྲོ་བས། །ར་ནི་སྔགས་པ་ཞེས་སྒྲོགས་ཤིང། །གསང་བའི་ལམ་ལ་བརྟེན་ནས་ཀྱང། །ཚུལ་ཁྲིམས་ཡལ་བར་དོར་མི་བྱ། །དཀར་པོའི་གོས་ལ་རབ་གནས་ཏེ། །ངོ་ཚ་རྣམ་པར ་དོར་ནས་སུ། །ལོག་པར་གཡེམ་ལ་མངོན་པར་ཞེ་ན། །དུ་འབོད་སེམས་ཅན་དམྱལ་བར་ལྟུང། །ཡུལ་མིན་པ་ལ་དྲག་ཤུལ་དང། །འདོད་པ་ཡིས་ནི་མ་བྱིན་ལེན། །གཞན་དང་བྱང་ཆུབ་དོན་མེད་པར། །རྫུན་དང་ཕྲ་མཚིག་རྩུབ་པར། །སྨྱོ་སོགས་གླུ་དང་བྲེ་མོའི ་གཏམ། །སེམས་ཅན་རྣམས་ལ་རབ་སྡང་དང། །གཞན་གྱི་རྫས་ལ་བདག་གི་རི?་སེམས་།སྐུར་འདེབས་ལམ་ལ་ལོག་འཛིན་པ། །མནར་མེད་སོགས་པར་ལྟུང་བའི་རྒྱུ། །སྔགས་པས་རྟག་ཏུ་སྤང་བར་བྱ། །ནུས་པ་བརྟན་པ་མཐོབ་ཅིང། །འདུ་བའི་ཛས ་ལས་མ་གཏོགས་པ། །ཆང་གིས་བག་མེད་བྱེད་པ་དང། །རང་ཉིད་ཤི་དང་སྨད་པ་དང། །བདག་ལ་མ་བྱིན་མ་བླངས་པར། །སྣོད་དུ་ལྟུང་ལས་མ་གཏོགས་པར། །ཤ་ཟ་ཁ་ན་མཐོང་འགྱུར། །བསྟན་པའི་དོན་ལས་མ་གཏོགས་པར། །རིགས་བརྒྱུད་རབ་ཏུ ་འཕེལ་འདོད་དང། །ན་ཆུང་བདེ་ལ་བརྐམ་པ་ཡིས། །སྔགས་པ་རྟག་ཏུ་ཉམས་པར་འགྱུར། །སེམས་བརྟན་ཚུལ་ལ་བཤད་མཐོང་ནས། །ང་ནི་སྔགས་པ་མཆོག་ཞེས་ཏེ། །དགེ་སློང་ལ་སོགས་ཕྱག་མི་བྱེད། །བརྟུལ ་ཞུགས་འཛིན་པའི་ཕྱག་ལ་སོགས། །རྨོངས་པ་གང་ཞིག་དང་དུ་ལེན། །རུང་སྨྲིག་གོས་ལ་སོགས་པ་རྣམས། །མལ་སྟན་ལ་སོགས་ལོངས་སྤྱོད་དུ། །བྱས་ན་སྔགས་སོགས་འགྲུབ་མི་འགྱུར། །དགེ་སློང་གསང་བ་འཛིན་འགྱུར་ཅིང། །ཁན་མི་ཐོ ་རྣམ་སྤངས་པ། །འཇིག་རྟེན་གསུམ་གྱིས་ཕྱག་རྒྱའི་འོས། །ཐེག་གསུམ་ཐོས་པ་འཛིན་པ་དང། །སྡོམ་པ་གསུམ་ལ་རབ་གནས་ཤིང། །རྣམ་ཀུན་ཉེས་པ་ལས་ཟློག་དང། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་ལྡན། །ཐུབ་པས་རྒན་པོ་ཉིད ་གསུངས་པ། །ཀུན་གྱི་ནང་ན་དགེ་སློང་མཆོག་།གང་གིས་ཆོས་གོས་མཐོང་བ་ན། །བདུད་ལ་སོགས་པ་རྣམ་སྐྲག་པས། །དེ་ནི་སྟོན་པའི་བདག་ཉིད་འགྱུར། །ང་ནི་དགེ་སློང་ཞེས་བརྗོད་ཅིང། །ཐེག་པ་གསུམ་པོ་མཐོས་དང། །ལུས་ངག་སྡོད ་པ་མ་སྡམས་པར། །རྒྱན་པོ་པ་བཞིན་གནས་བྱེད་ཅིང། །བུད་མེད་བསྟེན་པའི་ལམ་དགའ་བས། །སྔགས་པ་ཞེས་ནི་རློམ་བྱེད་པའི། །བརྟུལ་ཞུགས་འཛིན་པའི་འཇིག་རྟེན་ན། །ངན་སྐྱུགས་ཀ་ཤིགས་གཡོགས་འདྲ། །རང་གི་བསླད་པ་ཡི ་འཛིན་པར། །གསང་བ་ཐོས་ལ་སྔོན་བརྟེན་ནས། །ལུང་བོད?་བཞིན་དུ་མངོན་སྤྱོད་པ། །དགེ་སློང་རྣམས་དང་གནས་གཅིག་ཏུ། །ལོངས་སྤྱོད་དམ་པ་རྣམས་དང་ནི། །བྱ་བ་གཅིག་ལ་དབང་བ་མིན། །གལ་ཏེ་དེ་དང་ལྷན་ཅིག་ན། །དཔའ་བོ་བསྒྲུབ ་ལས་ཉམས་པར་བྱེད། །མགོན་པོའི་མཚན་མ་རྣམ་སྤངས་ཏེ། །གལ་ཏེ་ཁྱིམ་པའི་རྟགས་འཛིན་ན། །དེས་ནི་དེ་ལྟའི་ཉེས་མི་སྐྱེད། །ལན་མང་ཉེས་པར་གྱུར་ན་ཡང། །གཉེན་པོའི་སྟོབས་ནི་དོར་མི་བྱ། །རྣམ་པ་ཀུན་ཏུ་རབ་བསྡམས་ཏེ། །རྣལ་འབྱོར་ལ་ནི ་བརྩོན་པར་བྱ། །སེམས་ཅན་ཀུན་ལ་ཕན་བསམས་ཤིང། །རང་གི་དམ་ཚིག་གཟུང་བ་དང། །མཆོད་པའི་ལས་ལ་མངོན་བརྩོན་བྱ། །མ་དད་པ་ནི་སྤང་བྱ་ཞིང། །དམ་ཚིག་བཞི་ལ་རིམ་གྱིས་འཇུག། ཟས་ལ་སོགས་ལ་བལྟོས་མེད་པར། །ཆོས་ཀྱི ་སྦྱིན་སོགས་ངེས་པར་བྱ། །སེམས་ཅན་གནོད་པ་ལ་སོགས་པ། །སྡོམ་གསུམ་འཛིན་པས་རབ་ཏུ་སྤང། །དངོས་སམ་ཡང་ན་བརྒྱུད་ནས་ཀྱང། །འགྲོ་ལ་གནོད་པ་ཡོངས་སྤངས་ཏེ། །རིགས་བརྒྱུད་དམ་བཅའ་བརྟན་འཛིན་པ། །སོ་སོར ་ཐར་པ་ཨིན་ཞེས་བྱ། །སེམས་ཅན་དོན་དུ་དགེ་སོངས་དང། །སངས་རྒྱས་འབྲས་ལ་ཉེར་སེམས་ཤིང། །རྗེས་གཟུང་བྱ་བ་གང་བྱེད་པ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཤེས། །སྐུ་དང་གསུང་ཐུགས་ཕྲིན་ལས་ཀྱིས། །འགྲོ་བ་ཚར་བཅད ་རྗེས་འཛིན་པར། །མཁས་པས་དམ་བཅའ་བརྟན་བླངས་ཏེ། །བདུད་འཇོམ་རིག་འཛིན་སྡོམ་པར་འདོད། །སྡོམ་གསུམ་དགེ་ལ་རྣམ་བརྟེན་ནས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །འཆོ་བ་སྒྲུབ་བའི་ལས་མི་སྤྱད། །རྟག་ཏུ་གློ་བུར་འགྲོན་མཆོད་དེ།། ་སངས་རྒྱས་ཆོས་དང་དགེ་འདུན་དང། །གསང་སྔགས་རིག་བའི་ཚོགས་རྣམས་ལ། །རྟག་ཏུ་མཆོད་བའི་ལས་བྱ་ཞིང། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་པ་ཆེན་པོ་ཀླག་པ་དང། །དེ་དོན་བསམ་པར་བྱ་བ་སྟེ། །དམ་ཚིག་ཅན་དང་བླ་མ་དང། །ལྷ ་རྣམས་མཆོད་ཅིང་སྡང་མི་བྱ། །ཡི་གེ་འདྲི་མཆོད་སྦྱིན་པ་དང། །ཀློག་དང་ཉན་དང་འཆད་ལ་སོགས། །དགེ་བའི་ལས་ལ་མངོན་བརྩོན་པས། །ཉི་མ་དོན་མེད་མི་བྱ་ཞིང། །གླེགས་བམ་ལ་སོགས་གསང་བའི་ཚོགས། །དམ་ཚིག་མེད་ལ་མ་སྦྱིད་ཏེ།། ་སྔགས་རྒྱུད་གུས་པས་རབ་ཏུ་གསང། །མཚོན་ཆ་ཏིལ་དང་ཚོང་ལ་སོགས། །མཁས་པས་རྟག་ཏུ་སྤང་བར་བྱ། །རྒྱན་པོ་འགྱེད་དང་ལྟ་བ་དང། །སྨད་འཚོང་མ་དང་ཆང་ལ་གདུད། །འཇིག་རྟེན་སྨད་པའི་ལས་དང་ནི། །གཞན་སེམས་མི་བདེར་འགྱུར ་ཟ་ཡི། །ལུས་དང་ངག་གི་སྤྱོད་པ་ཀུན། །རབ་ཏུ་བསྒྲིམས་ཏེ་སྤང་བར་བྱ། །འདུ་འཛིའི་ནང་དུ་གསང་བ་ཡི། །ཆོས་དང་མ་རྫོགས་སེམས་ཅན་དང། །རྡོ་རྗེའི་ཚིག་ལ་རྩོད་པ་དག། སྔགས་པ་དམ་ཚིག་ཉམས་བྱེད་བས།། ་འབེད་ཀུན་ཏུ་མི་བྱའོ། །བཞད་གད་གཏམ་གྱི་སྦྱོར་བ་ལས། །རང་གི་དཔལ་ཉམས་བྱེད་པ་ཡི། །ཚིག་དག་སྔགས་པས་བརྗོད་མི་བྱ། །དཔལ་ཉམས་བརྙེས་པས་ངན་སོང་ལྟུང། །མི་སྣང་མཁའ་ལ་འགྲོ་སོགས་ཀྱི། །དངོས་གྲུབ་དོན་དུ་མི་སེམས ་ཤིང། དབང་པོའི་སྒོ་ནི་རབ་སྡམས་ཏེ། །དེ་བཞིན་ཁ་ཟས་ཚོད་ཤེས་པས། །ཤེས་བཞིན་དུ་ནི་གནས་པ་སྟེ། །མཚན་མོ་མི་ཉལ་མངོན་བརྩོན་པས། །རྣལ་འབྱོར་གསུམ་ལ་གནས་པར་བྱ། །དུས་ཀྱིས་མཆོད་པ་དང་ལྡན་ཞིང། །ཆོགས ་ཀྱི་མཆོད་ལ་རྟག་འཇུག་བྱ། །རྟག་ཏུ་བླ་མ་བརྟེན་བྱ་ཞིང། །ལོ་ཡི་མཚོན་མཚམས་ཐམས་ཅད་དུ། །དབང་བསྐུར་བ་ནི་ཡང་དག་བླང། །མཎྜལ་མཆོད་རྟེན་བསྐོར་བའི་ལས། །སྦྱིན་བསྲེག་དང་ནི་རབ་གནས་དང། །འབྱུང་པོ་ཆེ་དང ་དམན་པ་ཡི། །གཏོར་མའི་ལས་ལ་བརྩོན་བྱས་ན། །ཚེ་དང་བསོད་ནམས་འཕེལ་འགྱུར་བས། །བྱང་ཆུབ་ཀྱི་ནི་རྒྱུ་ཉིད་ཕྱིར། །འབད་དེ་དེ་ཡི་ལས་བྱའོ། །བསོད་ནམས་ཚོགས་ཀྱི་རྒྱུ་ཡིན་ཏེ། །དུས་བཞིར་དགེ་སློང་ཆོས་སྟོན་གསོལ། །བྱིས་པ ་རྣམས་ལ་ཁ་ཟས་དང། །དམན་པ་སློང་ལ་ཁྲོ་མེད་ཅིང། །སྙིང་རྗེས་ནོན་པའི་སེམས་ཀྱིས་ནི། །ཟས་ལ་སོགས་པ་ཆ་བགོས་ཏེ། །ཀུན་ལ་སྙོམས་པར་སྦྱིན་པར་བྱ། །སོ་སོར་ཐར་སོགས་སྡོམ་བཅས་པའི། །ཉེས་པ་ཤིན་ཏུབྲ་མོ་ལ།། ་དཔའ་བོས་ཁྱད་དུ་བསད་མིན་ཏེ། །གྲུ་དང་སྐས་ལ་འཛེག་བཞིན་གནས། །ཆོས་ལ་སེར་སྣ་མི་སྤྱོད་ཅིང། །ཆོས་མིན་པས་ནི་བྲིད་མི་བྱ། །སྔགས་པས་ང་རྒྱལ་ཆེར་བསྐྱེད། །ཁེངས་པ་མེད་པའི་སེམས་ཀྱིས་སུ། །ཀུན་ལ་བྲན་བཞིན་གནས་བྱས་ནས།། ་མཚེ་བ་མེད་པར་བསྒྲུབ་པར་བྱ། །རིལ་བུ་ལ་སོགས་དམ་ཚིག་དང། །རྡོ་རྗེ་ཕྲེང་སོགས་ཡོ་བྱད་རྣམས། །གསང་བའི་རྫས་སུ་རྣམ་བརྟགས་ཏེ། །ནམ་དུ་ཡང་ནི་འབྲལ་མི་བྱ། །ཚུལ་ལྡན་ཐར་བའི་བདག་ཉིད་སེམས། །འཇིག་རྟེན་ན་ནི་རྙེད་དཀའ་བས།། ་སྔགས་པས་རྟག་ཏུ་གུས་བྱས་ཏེ། །ཕྱག་ལ་སོགས་པས་མངོན་མཆོད་བྱ། །སྡོམ་གསུམ་ཆོ་ག་མི་ལྡན་པར། །སྔགས་པའི་བདག་ཉིད་མི་འགྱུར་ཏེ། །དང་པོ་སོ་སོར་ཐར་པ་ཡི། །སྡོམ་པ་ལེགས་པར་མ་གཟུང་བར། །གསང་སོགས་ཚུལུ་ལ ་གནས་བྱེད་པ། །ཐབ་ལས་འབྲས་བསྐྱེད་བཞིན་ནོ། །རྩ་བ་རྙེད་པར་མི་འགྱུར་བས། །དང་པོ་སྐྱབས་འགྲོ་ནས་བརྩམས་ཏེ། །སྡོམ་གསུམ་ཆོག་རབ་ཏུ་བརྟག་།དེ་ལྟར་སྔགས་པ་ཚུལ་ལྡན་པས། །དངོས་གྲུབ་ལ་ནི་དོགས་མེད་དེ། །སྟོན་པ་སངས་རྒྱས ་སོགས་བསྟོད་ཅིང། །ལྷ་སོགས་འཇིག་རྟེན་ཀུན་གྱིས་བཀུར། །གཞི་རྣམ་པར་དབྱེ་བ་སྟེ། གཉིས་པའོ།། །།ཉོན་མོངས་པས་ནི་ཟིལ་ནོན་ཅིང། །གལ་ཏེ་དམ་ཚིག་ལས་འདས་ན། །སྡུག་བསྔལ་མང་པོ་སྐྱེ་འགྱུར ་ཏེ། །དེ་བས་དག་པའི་ལས་རྣམས་སྤྱད། །ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོར་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་ཕབ་ནས་ཀྱང། །གསུམ་བསླད་གསུམ་གྱི་སྦྱོར་བ་ལས། །སྡོམ་གསུམ་འགལ་བ་བཤགས ་པ་དང། །བདེ་གཤེགས་ཀུན་གྱི་སྙིང་པོས་བྱ། །དཔྲལ་བ་སྙིང་གར་ཕྱག་རྒྱ་སྔགས། །སྡིག་པ་ཐམས་ཅད་རྣམ་དག་བྱེད། །ཕྱི་ནང་ལྷ་དབང་བདུད་རྩིས་བཀྲུ། །ཧཱུཾ་ཡཾ་ཡི་གེ་གསུམ་གྱིས་བསྡུ། །ལྟེ་བར་གྲུ་གསུམ་པ?་ཡིས་བསྲེག། དམིགས ་པས་སྟོང་པ་མི་དམིགས་གསུམ། །རང་གི་ཆོ་ག་བཞི་ཡིས་དབང། །ཚོགས་ནི་འདུ་བའི་དཀྱིལ་འཁོར་ལ། །མཁྱེན་པར་གསོལ་ཏེ་གནང་བར་ནོད། །རྟེན་ལ་སྨྲ་བཤགས་བཟླས་པར་ལྡན། །ཞིང་ཁམས་ཁ་དགེ་ལྔ་ལྡན་པ། །ཆོ་ག་བཞིན་དུ་དབུལ ་བར་བྱ། །ཆེ་དང་ཙེ་ཏིའི་སྦྱོར་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིར། །དུས་མིན་འཆི་བ་འང་བསླུས་པར་འགྱུར། །དེ་བས་མཆོད་རྟེན་ལས་རྣམས་བྱ། །ཏིལ་ལ་སྡིག་པའི་གཟུགས་དམིགས་ཏེ། །མེ་ཡི ་ལས་ཀྱིས་རྣམ་པར་སྦྱང། །ཉེས་པའི་རིམ་པ་ཤེས་བྱས་ནས། །གཏོར་མས་དག་པ་ཉིད་དུ་བྱ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །གང་དུ་ཉམས་པར་གྱུར་པ་དེས། །རང་གི་ལྟ་ཡི་སྙིང་པོའི་སྔགས། །འབུམ་ཕྲག་ཙམ་དུ་བཟླས་བརྗོད ་བྱ། ཡང་ན་ཁ་དོག་དབྱིབས་མེད་ཅིང། །རིགས་དང་མཚན་མ་མི་དམིགས་ཤིང། །རྣམ་ཐར་ཆགས་སོགས་ལས་གྲོལ་པ། །ཟབ་མོའི་བསམ་གཏན་ཉིད་དམིགས་བྱ། །ཡང་ན་བཤད་སོགས་རྒྱར་ཚུད་ཅིང། །རང་གི་ལས་ཀྱིས་འཆི་འགྱུར ་དང། རྐྱེན་ཟད་པ་ཡི་སེམས་ཅན་རྣམས། །དག་པའི་དོན་ཕྱིར་སྲོག་བསྐྱབ་བྱ། །གཞན་ཡང་མདོ་སོགས་གསང་བའི་བཀའ་། །མ་ལུས་པ་ནི་ཀླག་པ་དང། །མཆོད་ཅིང་རབ་ཏུ་གནས་བྱས་ན། །སྡིག་པ་ཀུན་དང་བྲལ་བར་འགྱུར། །མེ་དང་ཆུ ་དང་སྦྲུལ་གདུག་དང། །སེང་གེ་སྟག་དང་ཆོམ་རྐུན་དང། །གླང་ཆེན་སྨྱོ་དང་ཤ་ཟ་དང། །བཀྲེན་དང་རྒྱལ་པོའི་ཆད་པ་དང། །ནང་དང་སྤ་བཀོད་ཞུམ་པ་དང། །འདོད་བྲལ་གྲགས་པ་མ་ཡིན་དང། །སྐལ་ངན་རབ་ཏུ་འཇིག་བྱེད་ཅིང། །བགེགས ་མེད་འཚེ་བ་མེད་པ་དང། །སངས་རྒྱས་ཀུན་ཀྱིས་རབ་དགོངས་ཤིང། །རྡོ་རྗེ་འཛིན་རྣམས་བསྲུང་བ་དང། །ཞི་སོགས་མི་སྣད་ལ་སོགས་དང། །རྡོ་རྗེ་ཡེ་ཤེས་འཐོབ་བྱེད་ཅིང། །སྐྱེ་པོ་ཀུན་གྱིས་བཀུར་འགྱུར་བ། །དེ་ལྟའི་ཡོན་ཏན་འཐོབ་བྱེད ་པའི། བླ་མ་ལ་ནི་བཀུར་སྟི་དང། །རྙེད་པ་དང་ནི་རིམ་གྲོ་དང། །གུས་པ་ཆེན་པོས་རབ་བསྟེན་ནས། །སྡིག་ཀུན་རྣམ་དག་བདག་ཉིད་འགྱུར། །དཔའ་བོས་དོན་ཡོད་རྡོ་རྗེ་ཅན། །བསྙེན་སོགས་རིམ་པ་སྔོན་འགྲོ་བས། །ཆོག་རབ་ཏུ་རྫོགས་བྱས ་ནས། དཀྱིལ་འཁོར་བཞེངས་ཏེ་བདག་འཇུག་གོ་།ཡང་ན་ཆུ་ཡི་ནང་ཞུགས་དང། །ཡང་ན་མིག་བཙུམ་གྱུར་པ་འམ། །ཡང་ན་སྐུ་གཟུགས་ལ་བལྟས་ཏེ། །རྒྱལ་བའི་ཚོགས་ལ་རྣམ་གཏད་ནས། །སྟོང་ཕྲག་ལྔར་ནི་སངས་རྒྱས་ཀྱི། །སྙིང་པོ་རབ་ཏུ་བཟླ་བར་བྱ།། ་དཀར་པོའི་བརྒྱད་དང་བཅོ་ལྔ་ལ། །དག་པའི་བདག་ཉིད་བྱས་ནས་ཀྱང། །རྒྱ་ཆེན་མཆོད་པ་སྔོན་འགྲོ་བས། །བཟླས་བརྗོད་བསྟན་པ་བྱས་ནས་ནི། །སྡིག་པ་ཐམས་ཅད་རྣམ་དག་པར། །རྒྱལ་བ་དམ་པས་གསུངས་པས་ན། །ཐེ་ཚོམ་དང་ནི་བྲལ་འགྱུར ་བས། །སྔགས་པས་རྟག་ཏུ་སྤྱད་པར་བྱ། །མཚན་མོ་མི་ཉལ་རྣལ་འབྱོར་གྱིས། །མཁའ་ལ་རྒྱལ་བའི་ཚོགས་དམིགས་ཏེ། །ཕུང་པོ་གསུམ་པའི་མདོ་སྡེ་དག་།གལ་ཏེ་ཆོ་ག་བཞིན་སྤྱད་ན། །ཁ་ན་མ་ཐོ་སྦོམ་པོ་ཡང། །ཟླ་བ་གསུམ་གྱིས་རྣམ ་དག་པར། །ཐུབ་པས་གསུངས་པར་ཤེས་བྱས་ཏེ། །དད་པ་ཡིས་ནི་ཀུན་ཏུ་སྤྱད། །སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །པད་དཀར་ཟླ་བའི་དབུས་གནས་ཤིང། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང། །ཡི་གེ་བརྒྱ་པ ་ཆོག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པ། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་མི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི ་བདག་ཉིད་འགྱུར། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དག་པའི་བླ་མ་བརྟན་བྱས་ཏེ། །སྐུ་ངར་གསུང་ཐུགས་རྒྱལ་བ་ཡི། །རྡོ་རྗེ་བཟླས་པ་ཉེར་གནས་ན། །རྣམ་དག་ལམ་གྱི་རང་བཞིན་འགྱུར། །སེམས་ངལ་སོགས་ནས་རང་གི་ལུས། །བདག་པོའི་རང ་བཞིན་གནས་བྱས་ཏེ། །འཁོར་ལོ་དྲུག་གམ་བཞི་གཉིས་གཅིག་།ཆར་བྱ་རྐྱང་བའི་གནས་ཉིད་ལས། །བདེ་སོགས་རྣམ་པར་ཡང་དག་གནས། །དག་པ་ལ་དམིགས་དག་པར་འགྱུར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང། །རལ་གྲི་འཕྲ་བའི་བདག་ཉིད་བསམ།། ་སེམས་བརྟན་ཚུལ་ལ་གནས་བྱས་ན། །སྡུག་བསྔལ་བསྐྱེད་རྩ་ཀུན་ལས་གྲོལ། །མདོར་ན་ལུས་རོག་སྤྱོད་པ་ཀུན། །རབ་ཏུ་བསྒྲིམས་དང་ལྡན་པ་ཡི། །གཉེན་པོའི་སྡོམ་པ་ལ་སེམས་ཤིང། །མཆོད་སོགས་རྣལ་འབྱོར ་ཚུལ་ལྡན་ན། །ཉེས་པ་ཀུན་དང་རྣམ་བྲལ་ཞིང། །དཔའ་པོས་ལམ་ནི་རྫོགས་པར་བྱེད། །རྟག་ཏུ་བག་མེད་པར་གནས་ན། །ཉེས་པ་ཆུང་དུ་ཕྲ་མོ་ཡང། །སྦྲུལ་གྱི་མཆེ་པས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །དེ་ཡི་དབང ་གིས་སྡུག་བསྔལ་དང། །འཚེ་བ་དག་ནི་འབྱུང་འགྱུར་ཞིང། །ལམ་ལས་ཉམས་པ་ཉིད་དུ་འགྱུར། །དེ་བས་ན་རྡོ་རྗེ་སློབ་དཔོན་ནས་བརྩམས་ཏེ་རིམས་ཀྱིས་ལྕེའི?་རྣམས་ཤེས་པར་བྱ་ཞིང་དྲི་མ་ལས་ལྡང་བར་བྱའོ། །ལས་ཀྱི་དཀྱིལ་འཁོར་གཅིག་ཏུ ་ཞུགས་པ་ལ་སོགས་པའི་ཉེས་པ་ཕྲ་བའི་ཕྲ་བ་རྣམས་ཀྱང་རྣལ་འབྱོར་པས་ཡལ་བར་དོར་བར་མི་བྱའོ། །གཞན་དུ་དྲང་སྲོང་ཆེན་པོ་བྷི་ཤ་མི་ཏྲ་དང། །རིག་སྔགས་འཆང་གི་སློབ་དཔོན་གཞོན་ནུའི་སྡེ་དང། །རྒྱལ་བའི་ཞབས་དང། རིན་ཆེན་ལྡན་དང། ་བྲམ་ཟེ་བཟང་པོའི་བཤེས་གཉེན་ལ་སོགས་པ་རྣམས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ལོག་པར་རྟོག་པ་དགག་པ་ལས་བླང་པར་བྱ་བ་མ་ཡིན་ཏེ། །སངས་རྒྱས་ནི་བསོད་ནམས་ཀྱིས་ཉེ་བར་བསྒྲུབས་པས་སོ། །ལམ་བསྐྱེད་པའི ་རིམ་པས་ཐ་མལ་པའི་དངོས་པོ་སྤངས་ཏེ། གཟུགས་ཀྱི་སྐུས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བས་ལྷའི་རྣམ་པ་དང་སྤྱོད་པ་ཕྱིན་ཅི་མ་ལོག་པར་བསྒྲུབ་པར་བྱའོ། །ཞེས་ཟེར་བ་དང། གཞན་ཡང ་བྲམ་ཟེ་སྟོང་ཉིད་བློ་དང། ཁ་ཆེའི་མཁན་པོ་རབ་སྣང་བྱེད་དང། ཨཱ་ནནད་བཛྲ་དང་།དགེ་སྙེན་སིདྡྷི་ཀར་དང། མཁས་པ་ཆེན་པོ་དཔལ་གྱི་སེང་གེ་དང། སྣང་མཛད་རྡོ་རྗེ་དང། དགེ་སློང་ཐེག་དཔལ་དང། ལེགས་སྦྱིན་བཟང་པོ་དང། དཔལ་ཤམ་ཐབས ་སྔོན་པོ་ཅན་དང། །དགེ་སློང་མ་དགའ་མོ་ལ་སོགས་པ་རྣམས་བསྐྱེད་པའི་རིམ་པ་དང། །སྤྱོད་པའི་ཚུལ་གསུངས་པ་ནི་ཆད་པར་སྨྲ་བ་དགག་པ་དང། རྟེན་འབྲེལ་གྱིས་རྟེན་འབྲེལ་གྱི་འབྲས་བུ་གྲུབ་པ་དང། །ཟབ་མོའི་དོན་གྱིས་འཇིག་པའི་འཇིག་རྟེན ་པ་རྣམས་རེ་ཞིག་གཟུང་བའི་ཐབས་སུ་གསུངས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ་དེ་ནི་མི་མཐུན་པའི་རྒྱུ་ལས་སྐྱེས་པ་མ་ཡིན་པས་འདིར་སྟོང་པ་ཉིད་མཚན་མ་མཐོང་པ ་བསམ་གྱིས་མི་ཁྱབ་ཅིང་སྤྲོས་པ་རྣམ་པར་ཆད་པ་ནི་རྣལ་འབྱོར་པས་མི་བསམ་པའི་ཚུལ་གྱིས་བསྟེན་ནས་འབྲས་བུའི་མཆོག་དང་ལྡན་ནོ། །ཞེས་ཟེར་པ་ནི་རེ་ཞིག་ཕྱོགས་ཙམ་མཚོན་པས་ཞུགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་ལམ་ངེས་པར་རྙེད་པ་མ་ཡིན་པས་དེའི་ཕྱོགས་སུ་རྣམ་པར་ལྟ་པ་དང་བྲལ་བས་གནས་པར་བྱ་སྟེ། ལྟ་བའི་ཚུལ་སྤྲོས་པ་དང་བྲལ་བ་རྟོགས་པ་དང། རྫོགས་པའི་རིམ་པའི་ཏིང་འཛིན་ལ་རིམ་གྱིས་འཇུག་པ་དང་།དམ་ཚིག་རྣམས་ཉེ་བར་བསྟེན ་པ་དང། རིམ་གྱིས་འཇུག་པས་སྤྱོད་པའི་ཚུལ་ཤེས་པ་རྣམས་ནི་ཐེག་པ་མཆོག་ལ་ངེས་པ་སྐྱེས་པ་སྟེ་།རྡོ་རྗེ་འཛིན་པའི་ལམ་གྱིས་དེ་ཉིད་མངོན་དུ་རྟོགས་ནས་འདོད་པའི་དོན་དང་ལྡན་པར་འགྱུར་བས། །ལམ་གྱི་རིམ་པ་དང་སྦྱར་ཏེ་ཆུ་ལ་གཉིས ་དང་ལྡན་པ་འདི་ཉེ་བར་གཟུང་བར་བྱའོ། །རྡོ་རྗེ་ཐེག་པ་ལ་རབ་ཏུ་ཞུགས་ཏེ་དངོས་པོ་ལ་མངོན་པར་ཞེན་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ཁྱད་དུ་བསད་ནས་དགེ་བ་ལ་མི་སྦྱོར་བར་གནས་པ་དང། དུས་དང་དགོས་པ་ལ་སོགས་པ་ལ་མི? ་བལྟོས་པར་རང་བཞིན་དང་བཅས་པ་ལས་འདའ་བར་བྱེད་པ་དང། གཞན་མ་དད་པ་བཟློག་པར་མི་ནུས་པས་ཡུལ་གྱི་སྤྱོད་པ་དང་འགལ་བར་བྱེད་པ་དང་རང་དབང་མེད་པ་དང། དོན་ཆེན་པོ་གཙོ་བོར་བྱས་པ་ལས་མ་རྟོགས་པར་རང་གི་རྣལ་འབྱོར ་དང་སྤྱོད་པའི་ཚུལ་འདོར་བ་ནི་ཚུལ་མ་ཡིན་པས་གནས་ཏེ། དེ་དེ་བཞིན་གཤེགས་པའི་བཀའ་ལས་འདས་ཤིང་ལྟུང་བ་དང་ལྷན་ཅིག་པ་ཞེས་བྱ་བར་འགྱུར་བས། འབྲས་བུ་ལས་ཉམས་པའི་བདག་ཉིད་ཡིན་ཏེ ་འབད་པའི་དམ་ཚིག་ལས་མ་ཉམས་པའི་ཚུལ་གསུམ་གྱིས་འགྲོ་བར་བྱའོ། །དག་པའི་ཆོ་ག་རྣམ་པར་ཕྱེ་བ་སྟེ་གསུམ་པའོ།། །།སྡིག་པ་ཐམས་ཅད་རྣམ་དག་ཅིང། །རྒྱ་ཆེར་འབྲས་ལ་ཉེར་སྦྱོར་བ། །རྣལ་འབྱོར་སྤྱོད ་པའི་ཆོ་ག་རིམ་དག་།ཉ་སོགས་བརྒྱད་ལ་རབ་ཏུ་སྤྱད། །གྲགས་སོགས་བསམ་པ་དོར་ནས་སུ། །དབེན་པ་འམ་སུམ་རིམ་ཁང་པ་རུ། །བགེག་བསལ་ཤིས་པ་རབ་བརྫོད་ནས། །འབྱོར་པ་ཐམས་ཅད་ཡོངས་སུ་བརྟག་།དེ་ནས་ལས་ཀྱི་རྡོ་རྗེ་ཡིས།། ་པ་ཡི་རྣམ་ལྔས་ལེགས་བྱུགས་ཏེ། །དམ་ཚིག་ཆེ་དང་ལྡན་བྱས་ནས། །ཤིང་ཤུན་ལ་སོགས་དྲི་བཟང་དང། །ཙན་དན་སོགས་པས་ཆག་ཆག་གདབ། ས་ནི་ལེ་ཙེར?་བྱས་ནས་ཀྱང། །ཁ་དོག་སྣ་ཚོགས་པ་ཡིས་རས། །པདྨའི་རི་མོ་དང་ལྡན་པ། །ཐམས ་ཅད་ཀྱི་ནི་གདན་དུ་སྦྱིན། །དབུས་སུ་དཔལ་ལྡན་ན་ར་ལི། །ལགས་པ་མ་ཉམས་པའི་གདན། །ཤར་དང་མེ་ལ་ཁྱི་ཡི་སྟེ། །ལྷོ་རུ་རྟ་ཉིད་དཔའ་པོས་གསུངས། །ནུབ་དུ་གླང་ཆེན་ལྡགས་པ་སྟེ། །བྱང་དུ་བ་ལང་ཉིད་ཡིན་ནོ། །སད་ན་ཐམས་ཅད་མི་ཡི ་བསྔགས། །དེ་ལྟ་བུ་ཡི་སྟན་དང་ནི། །ཤིང་དང་ཉ་ཕྱིས་དག་དང་ནི། །ནར་ཀེ་ལས་ཡི་སྣོད། །མི་ཡི་ཐོད་པ་དག་བཤམ་མོ། །ཐུན་མོང་སྣོད་ནི་ཐོད་པ་སྟེ། །ཡང་ན་ཐམས་ཅད་ལ་ཡང་ཤིང། །རྒྱན་དང་ཆ་ལུགས་འཆང་བ་ཡི། །དབྱུག་སྔོན་པོ་ནི་སྒོ་ལ་དགོད།། ་ཕྱི་དང་ནང་དང་ཐམས་ཅད་དུ། །ལས་ཀུན་བྱེད་པ་ཐབ་སྦྱོར་ཏེ། །རྣལ་འབྱོར་མ་ཡི་ཆོ་ག་ལ། །སྒྲོན་མ་ལ་སོགས་ཉེ་བར་དགོད། །དྲི་ཡི་ཆུས་ནི་ཁྲུས་བྱ་སྟེ། །ལས་ཀྱི་རྡོ་རྗེས་ཡོངས་བསྐུལ་ནས། །རིམ་གྱི་སྒོ་དྲུང་འོངས ་ནས་ཀྱང། །རྣལ་འབྱོར་མ་དང་བདག་ཐོང་སོགས། །དབྱུག་སྔོན་པོ་ལ་གསོལ་བཏབ་ནས། །འདུ་བའི་ཁང་པར་ལེགས་འོངས་ཏེ། །སློབ་དཔོན་ལ་ནི་ཕྱག་བྱས་པ། །བསྒོ་བ་ཐོས་ནས་གྲལ་ལ་འཁོད། །དཔའ་བོ་དཔལ་མོ་རྣམས་རྫོགས་ནས། །རེ་རེ་ཡི ་ཡང་མདུན་ཉིད་དུ། །དཀྱིལ་འཁོར་རྫོགས་པར་དབུལ་པར་བྱ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །རབ་དང་བས་ནི་ཕྱག་བྱས་ནས། །ཀུན་ནས་གསོལ་པ་གདབ་པར་བྱ། །སེམས་ཅན་དོན་དུ་སེམས་དགེ་པས། །རྣལ་འབྱོར་རྣལ་འབྱོར་མ་རྣམས་ཀུན། །ཚུལ་བཞིན ་ཆོག་ལྡན་པ་ཡིས། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། །དེ་རྫས་རྡོ་རྗེ་སློབ་དཔོན་གྱིས། །ཆགས་དང་དེ་བཞིན་སྡང་བ་དང། །ཁེངས་པ་མེད་པའི་སེམས་ཀྱིས་སུ། །མགོན་པོ་རྫོགས་སངས་རྒྱས་ཀུན་དང། །རྣལ་འབྱོར་མ་རྣམས་རབ་མཉེས་ཀྱིས། །ཀུན་ལ ་དགའ་དང་ལྡན་པར་མཛོད། །དེ་ལྟར་རྗེས་སུ་གནང་ཐོབ་ནས། །དམ་ཚིག་ཐམས་ཅད་དྲན་བྱས་ཏེ། །ཡི་གེ་བརྒྱ་པ་མངོན་བརྗོད་ཅིང། །རྣམ་ཀུན་དག་པའི་བདག་ཉིད་བྱ། །དཔའ་པོས་བསྲུང་པས་བརྟན་བྱས་ཏེ། །རང་གི་ཆོ་ག་ཡོངས་རྫོགས་པར། །གཡེང ་བ་མེད་པའི་སེམས་ཀྱིས་སུ། །དེ་ནས་རབ་ཏུ་བཟླས་བྱས་ཏེ། །ལྷ་རྣམས་ཆོ་ག་བཞིན་དུ་མཆོད། །དེ་ལྟར་བྱ་བ་བརྟན་བྱས་ནས། །ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ནི། །ལས་ཀྱི་རྡོ་རྗེས་འདུས་བྱས་ཏེ། །འབར་འབུད་སོགས་ཀྱིས་བྱིན་གྱིས་བརླབ་། ་ཕུང་དུ་འོང་བ་ལེགས་དམིགས་ཏེ། །བླ་མ་མཆོག་རྣམས་རབ་ཏུ་མཆོད། །དེ་ནས་དཀྱིལ་འཁོར་དབང་པོ་སོགས། རེ་རེ་ནས་ནི་མཆོད་པར་བྱ་།བླ་མེད་རྒྱུད་ཀུན་ལས་བྱུང་བའི། །རིགས་ནི་སུམ་ཅུ་རྩ་དྲུག་ལྷ། །བདག་པོའི་མིང་ནི་མངོན་པས་ཏེ། ། ་འཁོར་དང་བཅས་ཤེས་བརྗོད་ནས་མཆོད། །འཇིག་རྟེན་གསུམ་ན་རབ་གནས་པའི། །སྔོན་དུ་གྲུབ་པ་ཐམས་ཅད་ལ། །མེ་ཏོག་རོ་ཡི་མཐར་ཐུག་པ། །ཤིས་པའི་དོན་དུ་མཆོད་པར་བྱ། །དེ་ནས་ཞིང་སྐྱོང་ལ་སོགས་པའི། །ཆེན་པོ་རབ་ཏུ་མཆོད་བྱས་ལ།། ་རྣལ་འབྱོར་རྣལ་འབྱོར་མ་རྣམས་ནི། །དང་པོར་མེ་ཏོག་སྔོན་འགྲོ་བས། །མངོན་མཆོད་དེ་ནས་གཟུགས་ལ་སོགས། །རང་རང་གི་ནི་སྔགས་བརྗོད་ནས། །གོ་རིམ་བཞིན་དུ་དབུལ་བར་བྱ། །དུར་ཁྲོད་རྒྱན་དང་ལྡན་པ ་ཡིས། བརྡ་སྐད་ཅེས་ནི་མངོན་བརྗོད་དོ། །དཔའ་མོ་རྣམས་ཀྱིས་ལོངས་སྤྱོད་ཕྱིར། །སྐྱེས་པའི་ཐོད་པ་ཆ་གཅིག་པར། །མ་ད་ན་ནི་རབ་ཏུ་བརྟག་།དཔའ་བོ་རྣམས་ཀྱིས་ལོངས་སྤྱོད་ཕྱིར། །གཡས་པ་རྩེ་གསུམ་ཕྱག་རྒྱ་ཡིས། །ཤ་ཆེན་པོ་ནི ་ལེགས་གཟུང་སྟེ། །གཡས་གཡོན་སྟེང་འོག་ཏུ་བྱས་ནས་།ཚིག་འདིས་དམ་ཚིག་རབ་ཏུ་བརྟག་།གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །བྲམ་ཟེ་ཁྱི་དང་རྡོལ་པ་རྣམས། །རང་བཞིན་གཅིག་ཏུ་རྟོགས་ལ་ཟོ། །སྐུ ་གསུང་ཐུགས་ཀྱི་ཡི་གེ་ལས། །སོ་སོ་རུ་ནི་མངོན་བརྗོད་ནས། ། ལ་ལ་ཧོ་མཐར་སྭཱཧཱ། །དཔའ་པོ་བསམ་གཏན་བརྟན་འཛིན་ཅིང། །པདྨའི་སྐོར་བ་སྔོན་འགྲོ་བས། །གཡས་གཡོན་སྟེང་འོག་བྱས་ནས་ནི། །ཚིག་འདི་ཡིས་ནི་བླང་བར་བྱ། ། ་འདོད་ཆགས་དྲི་མ་བྲལ་བ་ཡིས། །རིན་ཐང་མེད་པ་ལེགས་འོངས་ཆོས། །གཟུངས་དང་འཛིན་པ་རྣམས་སྤངས་པ། །དེ་ཁོ་ན་ལ་ཕྱག་འཚལ་ལོ། །འབྲུ་གསུམ་པོ་ནི་མངོན་བརྗོད་ཅིང། །གཙོ་བོས་སྣང་བ་བྱིན་ནས་ནི། །དཔའ་བོ་རྣལ་འབྱོར་མ་རྣམས ་ཀྱི། །རང་གི་ལོངས་སྤྱོད་གང་ཡིན་པ། །སོ་སོར་རབ་ཏུ་སྤྱད་བྱས་ནས། །དེ་ནས་ཀུན་ལ་ཐུན་མོང་ངོ། །ཆད་ནི་དཔའ་མོས་མ་སྦྱང་བར། །དཔའ་པོ་ལ་ནི་སྐལ་མེད་དེ། །ཤལ་དེ་བཞིན་དཔའ་བོས་སོ། །གོ་རིམ་བཞིན་དུ་སྤྱད་བྱ་ཞིང། །རོ་ཡི་ལོངས་སྤྱོད ་མཐར་ཕྱིན་ནས། །ཆགས་བྲལ་འཇིག་རྟེན་ཆོས་དོར་ཏེ། །འདོད་པའི་བསྟན་བཅོས་ལས་བྱུང་ལྟར། །གཉིས་ཀའི་ལོངས་སྤྱོད་ལ་རབ་གནས། །ཕན་ཚུན་དམ་ཚིག་གཏམ་སྨྲ་ཞིང། །དགའ་བའི་སེམས་ཀྱིས་འོངས་པ་དང། །དོར་ན་རྩ་བ ་ཉམས་འགྱུར་བས། །འབད་པས་དམ་ཚིག་ལེགས་དྲན་བྱ། །ལོངས་སྤྱོད་གསུམ་པོ་ཉིད་མེད་པར། །ཚོགས་ཀྱི་བྱ་བར་འགྱུར་མ་ཡིན། །བླ་མས་རྗེས་སུ་གནང་མིན་པར། །གླུ་དང་གར་སོགས་མི་བྱའོ། །ཇི་ལྟར་མཆོད་དང་ལོངས་སྤྱོད་དག་།ཚིམ་པ་རུ ་ནི་མ་བྱས་པར། །བྲེ་མོའི་གཏམ་དང་འདུ་འཛིའི་སེམས། །རྣམ་པ་ཀུན་ཏུ་མི་བྱ་སྟེ། །བྱས་ན་དམྱལ་སོགས་འབྲས་ཐོབ་འགྱུར། །མཆོད་ཚེ་བཤུད་དང་དུ་འབོད་དེ། །སྲེད་པས་ཡི་དགས་ངེས་པར་འགྱུར། །རང་གི་གསན་གཏན་བྲལ་གྱུར་ན། ། ་དུད་འགྲོའི་གནས་སུ་ལྟུང་ཕྱི་དང། །བསམ་པ་རབ་ཏུ་བརྟན་པ་ཡིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང། །ས་གསུམ་པོ་ནི་རབ་ཏུ་མཆོད། །ཇི་སྲིད་གཏོར་མ་མ་བཏང་བར། །འཁོར་ལོའི་ཕྱི་རོལ་འགྲོ་མི?་བྱ། །གང་དུ་དཔའ་བོ་རྣལ་འབྱོར་མ། ། ་བྱས་ལ། །འདོད་པའི་ལས་ནི་རབ་ཏུ་བསྒོ། །ཡི་གེ་བརྒྱ་པས་བརྟན་བྱས། །རབ་ཏུ་དང་བའི་སེམས་ཀྱིས་ནི། །འདོད་པའི་ཡོན་ཏན་ཐམས་ཅད་ནི་།ལེགས་པར་གསོལ་བ་གདབ་པར་བྱ། །བཟོད་པར་གསོལ་བ་སྔོན་འགྲོ་བས། །ཐམས་ཅད་ཀྱང་ནི ་གཤེགས་སུ་གསོལ། །བསོད་ནམས་ཡོངས་སུ་བསྔོས་བྱས་ཏེ། །དགའ་བས་རབ་ཏུ་གནས་པར་བྱ། །ཚོགས་ཀྱི་ཆོ་གའི་རྣམ་པར་ཕྱེ་བ་སྟེ་བཞི་པའོ།། །།དཀྱིལ་འཁོར་གྱི་ནི་ལས་རྣམས་ལ། །ས་གཞི་བགེགས་བྲལ་ཡིད་འོང་བར།། ་ཁྲུ་གང་ཚད་དུ་ས་བཅད་དེ། །འཐས་ཤིང་སྲོག་ཆགས་མེད་པར་བྱ། །དག་བྱེད་ལྔ་ནི་ལེགས་བསྐོལ་བས། །སྙོམས་པར་བྱུགས་ཏེ་རབ་ཏུ་མཉེ། །སོར་ནི་ཉི་ཤུ་བཞི་ལྡན་པར། །དཀར་དང་སེར་དང་དེ་བཞིན་དམར། །སྔོ་དང་ལྗང་ཁུ་རྡུལ་མེད་པ། །ཉེར་བྱུག ་དེ་ལ་རིན་ཆེན་ནམ། །འབྲུ་མར་མེ་ཏོག་སྐྱོན་བྲལ་བས། །རི་དང་གླིང་དང་ཉི་ཟླར་བཅས། །ཞིང་ནི་རབ་ཏུ་དག་བྱས་ནས། །འཁོར་ལོ་རིན་ཆེན་རྟ་གླང་པོ། །དམག་མི་ཁྱིམ་ཀྱི་བདག་པོ་དང། །བུད་མེད་རིན་ཆེན་རང་གི ་ལུས། རང་གི་ཡོན་ཏན་ཀུན་ལྡན་པར། །རྣམ་བཀོད་མགོན་པོ་ལ་རབ་དབུལ། །དག་པའི་ས་ལ་བདག་གཉིས་དང། །རིན་ཆེན་བདུན་ནི་བཀོད་པ་འམ། །དག་པའི་ཞིག་ནི་བཅོ་ལྔ་དང། །ལུས་ངག་ཡིད་དང་འདོད་པའི་ཚོགས། །ལྔ་ནི་རབ་ཏུ ་དབུལ་བ་དང། །རྡོ་རྗེ་པདྨ་རཱ་ག་དང། །མརྒད་དང་ནི་ཀརྐེ་ཏ། །ཆུ་ཤེལ་སྦུག་དང་བཻཌཱུརྱ། །དབང་སྔོན་པོ་དང་ལྡན་པར་དབུལ། །དུང་དང་དུང་ཆེན་པདྨ་དང། །པདྨ་ཆེ་དང་བུམ་པ་དང། །གཏེར་དང་འདོད་པའི་བ་ཉིད་དང། །དཔག་བསམ་ཤིང ་ཆེན་རབ་རྒྱས་པ། །དཔའ་བོས་མགོན་པོ་ལ་རབ་དབུལ། །རི་དང་ཉི་ཟླ་གླིང་བཞི་པོ། །བཛྲ་རེ་གེ་ཧཱུཾ་བརྗོད་ནས། །དག་པའི་སེམས་ཀྱིས་དབུལ་བར་བྱ། །སྨན་དང་རིན་ཆེན་མ་གཏོགས་པར། །ལན་མང་དུ་ནི་དགོད་མི་བྱ། །མུ་ཡི་སྔགས་ནི་སྔོན ་བརྗོད་པས། །གཙང་མའི་གནས་སུ་དོར་བར་བྱ། །དཔའ་མོ་མཆོག་གི་སེམས་དམིགས་ནས། །རང་གི་ལྷ་ཡི་བསམ་གཏན་གྱིས། །ས་ནི་སྐྱོན་དང་བྲལ་གྱུར་པ། །བསྐོས་ཏེ་རབ་ཏུ་སྦྱར་བར་བྱ། །རིན་ཆེན་དྲི་ཡིས་ཆུར་བཅས་པས། །གོང་བུ་དག་ནི ་སྔོན་བྱམས་ནས། །སྔགས་འདིས་བྱིན་གྱི་བརླབས་པར་བྱ། །ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརཧ་ཏེ། སཾ་མྱཀ?་སཾ་བུདྡྷ་ཡ་། ཏདྱ་ཐཱ། ཨོཾ་སཱཀྵྨེ་སཱུཀྵྨེ་སཾ་མེ་སཾ་མ། ཤཱནྟེ་དཱནདེ། ཨ་ས་མཱ་རོ་པ། ཨ་ནཱ་ལམྦེ་། ཏར ་མ་བེ་ཡ་ཤོ་པ་ཏི་མ་ཧཱ་ཏེ་ཛ་ནི་དཱ་ཀུ་ལེ། ནིརྦ་ཎ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛི་ན། ཨ་དྷཥྛི་ཏེ་སྭཱཧཱ། ཉི་ཤུ་རྩ་གཅིག་མངོན་བརྗོད་པས། །སྐུ་ཡི་དེ་ཉིད་རབ་དྲན་བྱ། །དེ་ནས་དུམ་བུ་ཅི་རིགས་པར། །ཆོས་གང་རྒྱུ་འབྱུང་སོགས ་བརྗོད་ནས། །རྒྱར་ནི་རབ་ཏུ་གདབ་པར་བྱ། །དེ་ནས་མགོན་པོ་རྣམ་སྣང་དཔལ། །གང་ཆེན་མཚོར་ནི་ལེགས་དམིགས་ནས། །མཆོད་དེ་མེ་ཏོག་རབ་ཏུ་དོར། །འགྲོ་བ་གཟུང་ཕྱིར་གསོལ་བཏབ་ནས། །རྒྱ་ཆེར་ཡོངས་སུ་བསྔོ་བར་བྱ། །ཆོས་གང་རྒྱུད་འབྱུང་ལ ་སོགས་པ། །ཐམས་ཅད་དུ་ནི་བསྔགས་པར་བྱ། །དེས་ནི་འགྲོ་བའི་འཚོ་བྱེད་ཅིང། །སྡིག་ཀུན་རྣམ་དག་བྱེད་པ་དང། །ལས་དང་ཡང་དག་གྲུབ་སྟེར་བའི། །ལས་ལ་དགའ་དང་ལྡན་པ་ཡིས། །སྔགས་པས་རྟག་ཏུ་འབད་པར་བྱ། །གང་དུ་ཡིད ་འཇུག་བགེགས་སྤངས་པ། །དཀར་ཞིང་སྣུམ་པའི་ས་གཞི་ལ། །བསླང་དང་མཆོད་པ་སོགས་བྱས་ཏེ། །ཟླུམ་པོ་ཁྲུ་གང་ཚད་བྱས་ལ། །སོར་ནི་བཅུ་གཉིས་རབ་ཏུ་བསྐོ། །སོར་གཉིས་སྐྱེད་དེ་བཞི་ཡིས་ཡང། །ལེགས་བྱས་ཤིན་ཏུ་དཀར་པར་བྱུག། ། ་ཕྱི་ནས་པདྨའི་ཕྲེང་བྱས་ཏེ། །དབུས་སུ་པང་དབུས་པད་དཀར་ཉིད། །སྟེང་དུ་རྡོ་རྗེ་འམ་པད་དཀར་ཕྲེང། །ཡིད་དུ་འོང་བ་བྲི་བར་བྱ། །སྒོ་དང་རྟ་བབས་དང་ལྡན་པར། །རེ་གས་ཡོངས་སུ་བསྐོར་བར་བྱ། །ཀུ་ཤས་གཡས་སྐོར་ཉིད་བྱས་ནས། །ཙནད་སྒྲོན་ཤིང་ནྱ་གྲ་དྷ། ་ཐང་ཤིང་ལ་སོགས་འོ་མ་ཅན། །ཐབ་ཀྱི་དབྱིབས་བཞིན་ཅུང་ཟད་དམའ། །ཡམ་ཤིང་སོར་ནི་བཅུ་གཉིས་ལ། །ལོ་མ་མེ་ཏོག་དང་ལྡན་ཞིང། །ཙན་དན་དཀར་པོའི་ཆུས་བཏགས་ཏེ། །དཀར་པོའི་སྣོད་དུ་ལེགས་པར་བཞག་།མཆོད་ཡོན་ཞལ་? ་ལ་སོགས་དང། །ཏིལ་དང་ཡུང་ཀར་འབྲས་ཆེན་ཞོ། །ཟན་དང་འོ་མ་ཀུ་ཤ་དང། །དུར་བ་འབྲས་དང་ནས་དང་གྲོ་།སོ་བ་དང་ནི་མ་ཤ་སོགས། །དངུལ་སོགས་སྣོད་དུ་ལེགས་པར་བཞག་།བྲམ་ཟེ་འམ་དགེ་འདུན་ཁྱིམ་ལས་ཀྱེས། །མེ་ནི་རླུང་ཡབ་ཀྱིས ་སྦར་ཞིང། །རིག་བྱེད་ཡི་གེ་སྔོན་འགྲོ་བས། །ཛཝ་ལ་ཛཝ་ལ་ཧཱུཾ་ཞེས་བརྗོད། །ཐབ་ནི་ཁང་པ་ཉིད་བྱས་ནས། །དེ་དབུས་རཾ་ལས་བསྐྱེད་པ་ཡི། །ལས་ཀྱི་ལྷ་ནི་བསམ་པར་བྱ། །མདོག་དཀར་ཞལ་གཅིག་ཕྱག་བཞི་པ། །པད་དཀར་རབ་ཏུ་རྒྱས་པ་དང། ཆུ ་ཤེལ་ཕྲེང་བ་ལེགས་འཛིན་ཅིང། །སྤྱི་བླུགས་དང་ནི་དུང་བསྣམས་ཏེ། །ར་སྐྱེས་པད་དཀར་གདན་ལ་བཞུགས། །གོས་དཀར་ཤེལ་སོགས་རྒྱན་དཀར་དང། །གོས་དཀར་ཞི་པས་གཟིགས་པའོ། །ལེགས་དམིགས ་སྔགས་འདིས་སྤྱན་དྲང་བྱ། །ོཾ་ཚུར་སྦྱོན་ཚུར་སྦྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག་།བསྲེགས་བླུགས་ཞལ་ཟས་པ་ཞེས་སླད་དུ། །ཆེན་པོ་འབར་བའི་གདན་ལ་བཞུགས། །བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། །ལས་ཀྱི་ཆུ་ཡིས ་བསངས་ནས་ཀྱང། །དགུག་སོགས་ལས་ཀྱི་རོ་མཉམ་བྱ། །སྐུ་ཡིས་དེ་ཉིད་སྔོན་འགྲོ་བས། །མཆོད་ཡོན་ཞལ་གསིལ་ལ་སོགས་ཀུན། །སྭཱ་ཧཱ་དང། ནི་རབ་ལྡན་པས། མ་ལུས་པ་ནི་དབུལ་བར་བྱ། །ཐབ་འདྲའི་གདན་ལ་ལེགས ་གནས་ཏེ། །བྱང་གི་ཕྱོགས་སུ་མངོན་ཕྱོགས་པས། །ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས། །གཟར་བུ་ལེགས་པར་གཟུང་ནས་སུ། །ཞི་བའི་སེམས་ནི་སྔོན་འགྲོ་བས། །ཡམ་ཤིང་མར་ནས་བརྩམས་ནས་ཀྱང། །རྫས་རྣམས་ཐམས་ཅད་རབ་ཏུ ་དབུལ། །ོཾ་ཨགན་ཡེ་སྭཱཧཱ། ཏིལ་ནི་གྲངས་མཐར་ཚང་བར་བྱ། །དད་པས་མེ་ནི་འབར་བྱས་ནས། །དེ་ནས་རང་གི་ལྷ་རྣམས་ནི། །རང་རང་གི་ནི་ཆོ་ག་ལྟར། །བསྐྱེད་དང་སྤྱན་དྲང་སོགས་སྤྱད་ནས། །མཆོད་དེ་ཡམ་ཤིང་མར་ལ་སོགས། ། ་སྙིང་པོ་ཞི་བའི་ལས་རབ་བསྐུལ། །དགང་བླུགས་བདུན་ནི་ཀུན་ཏུ་དབུལ། །མེ་ཡི་ལྷ་ལ་ལས་ཀྱི་སྔགས། །ོཾ་སརྦ་པཱ་བ་དཾ་ཧ་ན་བཛྲ་ཡ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱཧཱ། །ལྷ་ནི་གཤེགས་གསོལ་ལ་སོགས་པ། །སྤྱད་བྱས་མེའི་ལྷ་རབ་མཆོད ་ལས་དང་དངོས་གྲུབ་རྣམ་བསླངས་ནས། །གཤེགས་སུ་གསོལ་བྱས་རབ་ཏུ་བསྡུ། །ཡང་ན་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དཀྱིལ་འཁོར་ལ། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཏེ། །སྐུ་ནི་དྲང ་པོའི་བདག་ཉིད་ལ། །སུམ་ཅུ་རྩ་གཉིས་མཚན་མངའ་ཞིང། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །དུང་དང་ཀུན་ད་ཟླ་འདྲ་དང། །དང་པོ་རྡོ་རྗེ་དྲིལ་འཛིན་ཞིང། །ཅོད་པན་སོགས་པས་རྣམ་པར་མཛེས། །འོད་དཀར་ཟླ་བ་ལ་བརྟེན་ཅིང། །སེམས་ཅན ་རྣམས་ལ་རབ་རྩེའི་བདག་།བསྐྱེད་དེ་སྤྱན་དྲང་མཆོད་སོགས་བྱ། །ཡི་གེ་དྲུག་ནི་མངོན་བརྗོད་ནས། །མགོན་པོའི་ལས་ལ་དེ་ནས་བསྐུལ། །མཐར་ནི་ལས་རྣམས་ཐམས་ཅད་སྤྱད། །ཡི་གེ་བརྒྱ་ནི་རབ་བརྗོད་ནས། །དོན་རྣམས་གསོལ་ཞིང་ཉེ་བར ་སྤྱད། །དེ་ལྟར་སྔགས་དང་མཆོད་པ་རྣམས། །ཟུང་དུ་མ་ཐིམ་པ་ཉིད་གཅེས། །གཟེར་བུ་ལ་སོགས་མི་འབྱོར་ན། །གཡས་པའི་མཐེ་བོས་མཛའ་མནན་ཏེ། །གཡོན་གྱི་སོར་མོ་ལྔ་གཞིབས་ནས། །མཆོད་སྦྱིན་རབ་སྤྱད་དེ་ནས་ནི། །ཅི་བདེ་བར ་ཡང་གསུངས་པ་ཉིད། །ཡང་ན་ཐབ་ཁུང་ལ་སོགས་པ། །བྲི་བ་ལ་སོགས་བདེ་བར་སྤྱད། །མར་དང་ཏིལ་དང་ཡམས་ཤིང་རྣམས། །མེད་པར་སྦྱིན་བསྲེག་ལས་རྣམས་ནི། །ཞི་སོགས་དག་པ་ཉིད་མི་འགྱུར། །དེ་བས་མཁས་པས་ཚུལ་ཤེས་པས། ་ཆོ་ག་ཐམས་ཅད་སྤྱད་པར་རིགས། །ཐམས་ཅད་དུ་ནི་སེམས་དགེ་བས། །སྤྱོད་བཅུ་རབ་གནས་བདག་ཉིད་བྱ། །སེམས་དགེ་རབ་ཏུ་བསྒྲུབས་པ་ཡིས། །ལས་རྣམས་ཐམས་ཅད་དོན་ཆེན་དུ། །འགྱུར་བར་གསུངས་པ་ཤེས་བྱས་ན། །བྱང་ཆུབ་སེམས ་ནི་སྔོན་འགྲོ་བས། །ཉིན་དང་མཚན་མོ་ནམ་དུ་ཡང། །དུས་འདས་དོན་མེད་མི་བྱ་སྟེ། །སྦྱང་དང་ཚོགས་ནི་འཕེལ་བར་བྱ། །ས་གཞི་ཡིད་འོང་བདག་ཅན་བུ། །སེམས་དགེ་མེ་ཏོག་སིལ་མས་བཀང། །གདན་ལ་སོགས་པས་རབ་བརྒྱན་ཏོ?། །སྐུ་གཟུགས ་གསུང་རབ་མཆོད་རྟེན་དང། །རྡོ་རྗེ་དྲིལ་བུ་རིག་ལ་སོགས། །ཡིད་དུ་འོང་བ་ལེགས་པར་དགོང། །དེ་ལ་ཕྱག་སོགས་གུས་བྱས་ཏེ། །མཆོད་ཡོན་ཞལ་གསལ་མེ་ཏོག་སོགས། །མར་མེ་དྲི་དང་བཟའ་བ་དང། །སྒྲ་དང་གར་དང་གླུ་དབྱངས་རྣམས། །རྒྱ་ཆེར ་རབ་ཏུ་དབུལ་བར་བྱ། །དེ་ལྟར་དགེ་བ་རྣམས་བརྟེན་ནས། །ཡང་དག་ཡིད་དུ་འོང་བ་རྣམས། །འབྱོར་རམ་ཡང་ན་སྦྲུལ་པ་ཡིས། །ནམ་མཁའ་གང་བར་བྱས་ནས་ཀྱང། །ཡོན་ཏན་ལྡན་པ་ཐམས་ཅད་དུ། །ཚད ་མེད་སེམས་ཀྱིས་དབུལ་བར་བྱ། །དེ་ལྟར་དགེ་ལ་རྣམ་བརྟེན་ནས། །དཔག་མེད་འགྲོ་བའི་དོན་གྱི་ཕྱིར། །ཆད་མེད་བསམ་གྱིས་མི་ཁྱབ་པའི། །འབྲས་བུ་ཡོངས་སུ་བསྔོ་བར་བྱ། །སྦྱིན་པ་དང་ནི་ཡོན་གནས་དང། །བདག་དང་རྫས་དང ་འབྲས་བུ་དང། །རང་དམ་གཞན་ནམ་གཉི་ག་འམ། །སྒྱུ་མེད་པར་ཡང་སྐྱེ་མིན་པས། །རང་བཞིན་གྱི་ནི་མི་དམིགས་ཤིང། །སྣང་བ་མེད་པའི་བདག་ཉིད་ལ། །སེམས་ནི་བརྟན་པར་རབ་ཏུ་བཞག། དེ་ལས་ལངས་ནས་སེམས་དཔའ་མཆོག ་གོས་པ་མེད་ཅིང་དྲི་མ་བྲལ། །འཁོར་བ་དག་པའི་ཆོས་བརྗོད་བྱ། །དེ་ལྟར་གནས་པའི་མི་མཆོག་སྟེ། །ཚངས་དང་དབང་ཕྱུག་དབང་པོ་དང། །ཁྱབ་འཇུག་དང་ནི་གཞོན་ནུ་དང། །དགའ་བྱེད་ནོར་སྦྱིན་ལ་སོགས་པ། །དྲེགས་པ་ཆེན་པོ་དང་ལྡན་པའི ་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱང། །བརྩེ་དང་ལྡན་པས་བསྤུང་བ་དང། །དོན་གྲུབ་རྟག་ཏུ་ཕྱི་བཞིན་འབྲང། །མན་ངག་ཤིན་ཏུ་རྙེད་དཀའ་བས། །དེ་ཡི་ལག་ན་ཉེ་བར་གནས། །ས་སྟེང་གྲགས་པ་དང་ལྡན་ཞིང། །དགོས་པ་ཐམས་ཅད ་ཡིད་བཞིན་དུ། །སྐྱེ་བོ་མང་པོས་རབ་ཏུ་སྒྲུག་།དབུལ་བ་དང་ནི་སྡུག་བསྔལ་དང། །ནད?་དང་བཀྲེན་པ་ཉེར་ཟད་བྱེད། །དག་བྱེད་སྒྲུབ་པའི་ཕོ་ཉ་དག་།འབད་པ་མེད་པར་མདུན་དུ་གནས། །དེ་ཡི་སྤྱོད་པ་མི་ཉམས་ཤིང། །རྣམ་གསུམ་གྲོལ་བའི ་བདག་ཉིད་འགྱུར། །དེ་ནི་སྐྱེ་བོས་མཐོང་གྱུར་ན། །སྡིག་པ་ཐམས་ཅད་རབ་ཞི་ཞིང། །ཐར་པའི་ལམ་ལ་འཇུག་པར་འགྱུར། །ལས་ཀུན་འབྲས་བུ་དང་ལྡན་ཞིང། །མཐོ་རིས་མི་ཡུལ་ས་འོག་ཏུ། །སྤྱོད་ཅིང་སེམས་ཅན་རྗེས་འཛིན་བདེ། །? ་གསུམ་ས་ལ་རྡོ་རྗེ་འཛིན། །རྒྱལ་མཆོག་དེ་ནི་ཆགས་ཤིང་གནས། །འཁོར་བའི་རྒྱ་མཚོ་སྲིད་པའི་རྦ་རླབས་དྲགས་པོ་དང་ལྡན་ཞིང། །ཉོན་མོངས་སྦྲུལ་དང་ཆུ་སྲིན་སོགས་ནི་གདུག་པའི་མཚེ་བར་ལྡན། །ཚེ་ནི་མི་རྟག་དབང་མེད་རྣམ་རྟོག་རླུང ་གིས་གཡོས་མཐོང་ནས། །དཔལ་འབྱུང་འཆི་མེད་དམ་པའི་ཆོས་ལ་འབད་པས་ཉེར་གནས་གྱིས། །དྲི་མེད་ལུང་ལས་བཤད་མཐོང་མགོན་པོས་རྗེས་བཟུང་བས། །ཀུན་བཟང་སྤྱོད་ལ་སྣང་བ་རབ་སྐྱེས་དགའ་དང་ལྡན། །ལོག་པར་ལྟུང་ལ་ཉེར ་ཕྱོགས་འགྲོ་ལ་རྣམ་བརྩེ་བས། །སྙིང་པོ་རྒྱན་གྱུར་ཆོ་ག་རྒྱུད་ཀུན་ཚུལ་འདི་བྱས། །དད་པས་ཉེར་བསྒྲུབས་སྐྱོན་བྲལ་དགེ་བ་རྣམས་རྒྱས་པས། །འགྲོ་བས་ལམ་རྟོགས་དྲི་མེད་འབྲས་ལ་ཉེར་གནས་ཤོག་།དད་པས་སྤྱོད་པའི་ཚུལ་བྱས་ལ། ། ་དོན་དང་སྒྲ་ཡིག་འཁྲུལ་གྱུར་པ། །བླ་མ་མཁའ་ཨི་འགྲོ་གྲུབ་ཀུན་གྱིས། །ཉེར་བརྩེར་བདག་ལ་བཟོད་པར་མཛོད། །གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོ་རྒྱན་ཅེས་བྱ་བ། །སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་རྫོགས་སོ།། ། ་བལ་པོའི་མཁན་པོ་ཀ་ན་ཀ་ཤྲཱི་དང། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་ཧ་སྱེ་བཛྲ་དང། ལོ་ཙཱ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར?་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་བཞུགས། །རྒྱ་གར་སྐད་དུ། གཎ་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡང ་