CLOSE WINDOW

N2108: rdo rje theg pa'i rtsa ba'i ltung ba'i rgya cher 'grel pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། བཛྲ་ཡཱ་ན་མུ་ལ་པ་ཏིཊཋི?་ཀ་། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྐུ་གསུམ་སྤྲུལ། །སྐུ་རྣམས་འདུལ? ་བའི་རྒྱལ་པོ་དང། འཕགས་དང་ཟབ་པའི་དོན་སྟོན་དང་། རྣ་བརྒྱུད་ཐོབ་པའི་སློབ་དཔོན་ནི། །བཅུ་གཉིས་ཚོགས་ལ་བདག་ཕྱག་འཚལ། །རིན་ཆེན་ལྟ་བུའི་རྒྱུད་ཆེན་ལས། །གཞི་མེ་ལྟ་བུར་བཞག་ནས་ནི། །རྒྱུད་རྣམས་ཀུན་ལས་བཏུས ་ནས་ཀྱང། །བསྒྲུབ་པའི་དོན་དུ་བཤད་པར་བྱ། །དེ་ལ་དམ་ཚིག་ཉམས་དང་མ་ཉམས་དང། བསྐང་པའི་ཆོ་ག་གསུམ་དུ་བསྟན། །རྡོ་རྗེ་སློབ་དཔོན་དམ་ཚིག་ནི། །ཉམས་པའི་དག་འབྲིང་གསུམ་དང་དགུ་། ངན་སེམས་བཅས་ནས་སློབ ་དཔོན་ལ། །ཚིག་རྩུབ་མཚོན་ཕྱུང་བརྒྱབ་ནས་ནི། །ཡུན་རིང་མཐོལ་བཤགས་མི་བྱེད་པ། །ཉམས་པ་ཆེ་སྟེ་འབྲིང་གི་ནི། །མཚོན་ཕྱུང་ལ་སོགས་བརྒྱབ་ནས་སུ། །ཅུང་ཞིག་མཐོལ་བཤགས་མི་བྱེད་པ། །འབྲིང་ཡིན་ཐ་མ་ཉམས་པ་ནི། ། ་ངན་སེམས་སྒོ་ནས་བཤགས་ནས་སུ། །མཐོལ་བཤགས་མི་བྱེད་ཟླ་བའི་བར། །ཐ་མ་ཡིན་ཏེ་གསུམ་ག་ལ། །སེམས་དང་དངོས་དང་སོགས་པ་ལ། །བཟློག་ནས་ཆེས་ཆེར་འཁྲུལ་པ་དང། །གོ་མཉམ་པ་ནི་མཚོ་སྐྱེས་གསུང། །ཡང ་ན་དགུ་ཡི་རབ་ཀྱི་རབ། །བསམ་པ་གོང་རྫོགས་སློབ་དཔོན་གྲོངས། །ལོ་རུ་བཤགས་པ་མི་བྱེད་པ། །འབྲིང་ནི་གོང་བཞིན་རྫོགས་ནས་སུ། །ལོ་ཕྱེད་བཤགས་པ་མི་བྱེད་པ། །ཐ་མ་ཟླ་བར་མི་བཤགས་པའོ། །སློབ་དཔོན་མ་གྲོངས་གསུམ་པ ་རྫོགས། །ལོ་རུ་མི་བཤགས་འབྲིང་གི་བབ། །འབྲིང་གི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་གི་ཐ་མའི་བར། །གཉིས་པོ་རྫོགས་ནས་ལོ་དུས་སུ། །འབྲིང་ནི་ལོ་ཕྱེད་དུ་ནི་བསྟན། །ཐ་མ་ཟླ་གཅིག་གནས་པའོ། །སློབ་དཔོན་གཉིས་སུ་བསྟན་པ་ལ། །རྡོ་རྗེ་ ་སློབ་དང་སློབ་དཔོན་ཙམ། །ལུས་ངག་ཡིད་གསུམ་བྱིན་བརླབ་པའི། །རྡོ་རྗེ་སློབ་དཔོན་དེ་ལ་ནི། །ཐམས་ཅད་བརྩི་བར་བྱ་བ་ཡིན། །བསྟན་བཅོས་སློབ་དཔོན་དགུ་ཡིན་ནི། །ཐ་མ་ཙམ་མམ་ཡང་ན་ནི། །ཡན་ལག་མགོ ་མཉམ་ཙམ་དུ་དཔྱད། །རྡོ་རྗེ་སློབ་དཔོན་གསུམ་དུ་སྟེ། །རྩ་བ་དང་ནི་ཡན་ལག་གཉིས། །དགུ་ག་བརྩི་པར་བྱ་བ་ཡིན། །ཕྱག་རྒྱ་དྲུག་པ་མན་ཆད་དོ། །ལས་ཀྱི་སློབ་དཔོན་གསུམ་པ་ཡིན། །རྩ་བ་མན་ངག་གཉིས་པོ་ཡང། །རྩ་བ་མན་ངག ་བསྟན་པ་ནི། །མན་ངག་པས་ནི་རྩ་བ་ཆེ། །མན་ངག་གིས་ནི་མན་ངག་ཆེ་བ་དང། །རྩ་བ་ཆུང་ན་གོ་མཉམ་མོ། །མན་ངག་གིས་ནི་མན་ངག་ཤིན་ཏུ་ཆེ། །གོང་མ་དེ་ལས་བཟློག་སྟེ་བསྟན། །ལུང་སྟོན་པ་ཡི་སློབ་དཔོན་ནི། །ཕྱག་རྒྱ་ཉིད་དང་གོ་མཉམ ་མོ། །སློབ་དཔོན་གྱི་རྩ་བའི་དམ་ཚིག་གོ་།སྦུན་གྱི་དམ་ཚིག་ཉམས་པ་ལ། །རབ་འབྲིང་བསྡུས་རྒྱས་དགུ་དང་གསུམ། །རབ་ཀྱི་ཡང་རབ་ཉམས་པ་ནི། །བསམ་ངན་མཚོན་དབྱུག་བསྣུན་ནས་སུ། །ཤི་ནས་ལོ་རུ་མི་བཤགས་པ། །ཡང་རབ་ཡིན ་ཏེ་རབ་ཀྱི་འབྲིང། །ལོ་ཕྱེད་དུ་ནི་ཤེས་པར་བྱ། །རབ་ཀྱི་ཐ་མ་ཟླ་བ་གསུམ། །འབྲིང་གི་རབ་ནི་དམ་ཚིག་ནི། །ཟླ་བ་གཅིག་ཏུ་ཤེས་པར་བྱ། །འབྲིང?་གི་འབྲིང་ནི་ཟླ་བ་ཕྱེད། །འབྲིང་གི་ཐ་མ་ཞག་གཅིག་གོ་།ཐ་མའི་དམ་ཚིག་ཉམས་པ་ནི། ། ་ཚིག་རྩུབ་སྨྲས་ནས་ཟླ་གཅིག་ཏུ། །མཐོལ་བཤགས་མི་བྱེད་ཐ་མའི་རབ། །འབྲིང་ནི་ཟླ་ཕྱེད་ཤེས་པར་བྱ། །ཐ་མ་ཞག་གཅིག་ཡན་ཆད་དོ། །གསུམ་དུ་ཕྱེ་སྟེ་བསྟན་པ་ནི། །མཚོན་དབྱུག་ལ་སོགས་བརྒྱབ་ནས་སུ། །ཤི་ནས་ཅུང་ཞིག ་མི་བཤགས་པ། །དེ་ནི་རབ་ཡིན་འབྲིང་གི་ནི། །མཚོན་ཕྱུང་བརྒྱབ་ནས་མ་ཤི་བར། །ཐ་མ་ཚིག་རྩུབ་སྨྲས་ནས་ནི། །ཞག་དུས་མཐོལ་བཤགས་མི་བྱེད་པ། །རྡོ་རྗེ་སྤུན་གྱི་དམ་ཚིག་ཉམས་པའི་ཚད་དོ།། །། ་བདེ་གཤེགས་བཀའ་ལས་འདས་པ་ཡི། །དམ་ཚིག་ཉམས་པའི་ཚང་བསྟན་པ། །དམ་ཚིག་ས་ཡ་འབུམ་སྡེ་ཡང། །བདེ་གཤེགས་བཀའ་རུ་འདུས་པ་ཡིན། །འདི་ནི་ཁྱབ་ཆེ་ཁྱད་པར་ནི། །རྡོ་རྗེ་སློབ་དཔོན་བྱེད་པས་སུ། །སློབ་དང་འགྲོ་བའི ་དོན་དུ་ཡང། །ཆོ་ག་ཚུལ་བཞིན་མ་གྱུར་པ། །ལོ་རུ་བྱེད་ན་རབ་ཀྱི་རབ་ཟླ་དགུར་བྱེད་ན་འབྲིང་ཡིན་ནོ། །ཟླ་དྲུག་ཐ་མར་ཤེས་པར་བྱ། །འབྲིང་གི་རབ་ནི་ཟླ་བ་གསུམ། །འབྲིང་གི་འབྲིང་ནི་ཟླ་གཅིག་གོ་།འབྲིང་གི་ཐ་མ་ཟླ་ཕྱེད་དོ། །ཐ་མའི་རབ་ནི ་ཞག་གཅིག་གོ་།ཁེངས་གྲགས་འདོད་པའི་དབང་གྱུར་ནས། །ཆོ་ག་ཐམས་ཅད་འཁྲུལ་པ་འམ། །འབྲིང་ནི་ཆོ་ག་ཕྱེད་འཁྲུལ་པ། །ཐ་མ་ཆོ་ག་གཅིག་འཁྲུལ་པ་།དེ་རྣམས་རྒྱུ་ཡི་རིམ་པ་ཡང། །འཁྲུལ་པའི་ཆོ་ག་རྒྱུན་བྱེད་ལ། །ཤིན་ཏུ ་ཆེ་བར་གྱུར་པ་ཡིན། །བཤགས་པ་ཡུན་རིང་མི་བྱེད་པ། །བཤགས་ལ་བརྩོན་ན་དེ་ལ་སྨད། །འཁྲུལ་པའི་ཆོ་ག་རྒྱུན་ཏུ་ནི། །མི་བྱེད་གཅིག་གཉིས་དེ་ལ་སྨད། །ཆེ་ཆུང་ཡོད་ན་དེ་ལས་བསྟོང། །དེ་ལྟར་རབ་འབྲིང་དགུ?་གསུམ ་ནི། མཁས་པས་བརྟགས་ནས་ཤེས་པར་བྱ། །ཡང་ན་སྒྲུབ་དང་སློབ་དཔོན་གཉིས་ཀ་ཡང། །བདེ་གཤེགས་བཀའ་འདི་ཁྱབ་ཆེ་བས། །དོད་མོ་དབང་བསྐུར་བྱས་ནས་སུ། །དབང་དང་དམ་ཚིག་མི་ཤེས་དང། །སྣོད་མིན་བསྟན་པར ་མི་བྱ་ལ། །དབང་ལ་སོགས་པ་སྟོན་པ་དང། །ཡི་དམ་ལྷ་ནི་བརྗེད་ནས་སུ། །སླར་ཡང་ལེན་པར་མི་བྱེད་དང། །ཐུན་མཚམས་བསྒོམ་པར་མི་བྱེད་དང། །ཟས་དང་གཏོར་མའི་རྣལ་འབྱོར་དང། །ཕྱི་ནང་སྦྱིན་བསྲེག་རྣལ ་འབྱོར་དང། །སྙིང་པོ་སྔགས་དང་ཕྱག་རྒྱ་དང། །མཆོད་པའི་དུས་ཀྱིས་འཁོར་ལོ་སོགས། །ཡི་དམ་ལྷ་དང་སློབ་དཔོན་གྱིས། །མདུན་དུ་དམ་བཅའ་བྱས་ནས་ནི། །སྤངས་དང་མ་བཤགས་བརྗོད་པ་རྣམས། །རྡོ་རྗེ་དྲིལ་བུ་ཕྲེང་བ ་གསུམ། །མིང་བཅང་རབ་གནས་མ་བྱས་དང། །རྒྱུ་དང་ཚད་སོགས་འཁྲུལ་པ་དང། །འཚོང་དང་འགོ་དང་གཏེ་འཛུག་དང། །རབ་གནས་བྱས་?་ཤེས་པར་བྱ། །མ་བྱས་པ་ལ་ཆུང་དུ་འོང། །པོ་ཏི་གླེགས་བམ་ལ ་སོགས་དང། །ཁ་ཌཝཱཾ་ལ་སོགས་ཕྱག་མཚན་རྣམས། །གོང་བཞིན་རབ་གནས་བྱས་པ་དང། །མ་བྱས་པ་ནི་ཆེ་ཆུང་ངོ། །ཁྱད་པར་སྒྲུབ་བ་པོ་ཡིན་ནི། །རྡོར་དྲིལ་ལ་སོགས་ཐམས་ཅད་ཀུན། །གཙོ་བོ་ལ་སོགས་མཚོང?་བྱས་ལ། །ཆོས ་མཐུན་ཡིད་འོང་གཟུང་བར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པ་གསུམ། །གཉིས་ནི་རིག་འཛིན་རྟེན་ཡང་ཡིན། །ཡང་ན་རིག་འཛིན་ནང་དུ་འདུས། །མི་དགེ་ལ་སོགས་བཅུ་པོ་ཡང། །གསུམ་དུ་འདུས ་ཏེ་ཁྱད་པར་ནི། །སྤང་བ་དང་ནི་མི་སྤང་དང། །དངོས་དང་བསམ་པ་དུས་དང་ནི། །གནས་སྐབས་དང་ནི་རྣལ་འབྱོར་གྱི། །བློ་ཡི་ཁྱད་པར་རིམ་པ་ཡིས། །ཤེས་པར་དེ་ནི་མ་བྱས་ན། །བྱས་ན་ཡང་ནི་ལྟུང་བར་འགྱུར། །མ་བྱས་ན་ཡང་ལྟུང་བར ་འགྱུར། །དེ་བས་སློབ་དཔོན་ལ་གུས་བས། །མན་ངག་གིས་ནི་ཤེས་པར་བྱ། །ཆོས་སྤྱོད་ལ་སོགས་བཅུ་པོ་ཡང། །མན་ངག་བསྒོམ་པ་མ་ཤེས་ན། །མདོར་ན་བཀའ་ཡི་ཆོས་རྣམས་ཀུན། །ཐམས་ཅད་ཆོས་ཚུལ་བཞིན་ཤེས་བྱ། །དེ་ལྟར ་མི་ཤེས་དམ་ཚིག་ཉམས། །སྐུ་དང་མེ་ཏོག་དམན་པ་དང། །སློབ་དཔོན་ལ་སོགས་གྲིབ་མ་ལ། །འགོམ་དང་རྫི་བར་བྱེད་པ་དང། །དབང་དང་རྫི་བར་མི་བྱེད་ཀྱི། །བར་གྱི་དམ་ཚིག་དེ་དག་ཀུན། །ལོ་དུས་ལེན་ལ་ཆེན་པོར་འགྱུར། །ལོ ་ཕྱེད་ལོན་ན་འབྲིང་དུ་འགྱུར། །ཐ་མ་ཟླ་གཅིག་ཤེས་པར་བྱ། །བདེ་གཤེགས་བཀའ་ཡིས་དམ་ཚིག་གོ་།སེམས་ཅན་རྣམས་ལ་བྱམས་པ་ཡི། །སེམས་སྤངས་པས་ནི་དམ་ཚིག་ཉམས། །དེ་ཡི་རབ་འབྲིང་བསྟན་པ་ནི། །ཞིང་དག་པ་ཡི་གང་ཟག ་ལ། ཁྲོས་དང་བྱམས་སེམས་སྤངས་ནས་ནི། །མཚོན་དབྱུག་ལ་སོགས་བསྣུན་ནས་ནི། །ལོ་རུ་བཤགས་པ་མི་བྱེད་པ། །རབ་ཀྱི་རབ་ཡིན་འབྲིང་གི་ནི། །དེ་ཕྱེད་དུ་ནི་ཤེས་པར་བྱ། །ཐ་མ་ཡིན་ནི་ཟླ་གཅིག་གོ་།ཞིང་མ་དག་པའི་གང་ཟག་ལ། །གོང ་བཞིན་བྱས་ནས་ལོ་རུ་ནི། །མི་བཤགས་པ་ནི་འབྲིང་གི་རབ། །འབྲིང་གི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་ཏུ་ཤེས་པར་བྱ། །སེམས་ཅན་ལ་སོགས་གཞན་པོ་ལ། །གོང་བཞིན་བྱས་ན་ལོ་རུ་ནི། །མི་བཤགས་པ་ནི་ཐ་མའི་རབ། །འབྲིང་ནི་ལོ་ཕྱེད ་ཐ་མ་གཅིག་།ཞིང་དག་པ་ཡི་གང་ཟག་ལ། །ཉིན་གཅིག་མང་པོར་རྡུང་བྱེད་ལ། །རབ་ཀྱི་ཡིན་ཏེ་འབྲིང་གི་ནི། །མ་དག་པ་ཡི་གང་ཟག་ལ། །ཐ་མ་སེམས་ཅན་ཕལ་པ་ལ། །མང་པོ་རྣམས་ནི་བརྡུང་བྱེད་པ། །དེ་ལས་མང་ཉུང་འཁྲུལ་པ་དང།། ་སེམས་དང་དངོས་དང་སོགས་པ་རྣམས། །སློབ་དཔོན་ཞལ་ནས་ཤེས་པར་བྱ། །དག་དང་མ་དག་གང་ཟག་དང། །སེམས་ཅན་གཞན་ལ་སོགས་པ་ལ། །ལུས་ངག་ཡིད་གསུམ་གདུངས་ནས་ནི། །འཆིལ་ཐུག་པའི་སེམས་ཅན་ལ། །ཉིན་? ་མཚན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞིས་མི་སྐྱོང་ན། །དམ་ཚིག་ཉམས་ཏེ་གོང་མ་བཞིན། །སློབ་དཔོན་ཞལ་ནས་ཤེས་པར་བྱ། །བྱམས་སེམས་སྤངས་པའི་དམ་ཚིག་གོ་།ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་།དེ་སྤོང་དམ་ཚིག་ཉམས་པ་ནི།། ་དམ་ཚིག་རབ་འབྲིང་ཚད་བསྟན་པ། །སྔགས་ཀྱི་རྣལ་འབྱོར་སེམས་བ་སྐྱེད་ནས། །སླར་ལོག་ཉན་ཐོས་སེམས་བསྐྱེད་ལ། །ཞུགས་ནས་ལོ་རུ་གནས་པ་ཡིན། །བཤགས་པ་མི་བྱེད་རབ་ཡིན་ནོ། །འབྲིང་གི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་ཏུ་ཤེས ་པར་བྱ། །ཟླ་ཕྱེད་ཞག་བདུན་ཞག་གཅིག་ནི། །ཐ་མ་ཡི་ནི་རབ་འབྲིང་གསུམ། །གོང་མ་དེ་ནི་འབྲིང་གི་ཡིན། །རབ་ནི་མུ་སྟེགས་སེམས་སུ་ནི། །ཞུགས་ནས་ལོ་གཅིག་ལོ་ཕྱེད་དག་།ཟླ་གཅིག་ཐ་མའི་རབ་ཡིན་ནོ། །སེམས་སྤངས་པ་ཡི་དམ་ཚིག་གོ་། ་རང་དང་གཞན་གྱིས་གྲུབ་པའི་མཛའ་། །ཆོས་ལ་སྨོས་པའི་དམ་ཚིག་གི་།རབ་འབྲིང་གི་ནི་ཚད་བསྟན?་?། །ཆོས་སྐལ?་སྨོན་ནས?་ལོ་དུ་ནི།།མི་བཤགས་པ་ནི་རབ་ཡིན་ནོ། །འབྲིང་ནི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་ཏུ ་ཤེས་པར་བྱ། །རྒྱུན་ཏུ་སྨོད་ཅིང་མི་བཤགས་པ། །ལོ་དང་ལོ་ཕྱེད་ཟླ་བ་དང། །རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ། །གོང་མ་འབྲེལ་ཡིན་ཐ་མ་ནི། །ཟླ་ཕྱེད་ཞག་གཅིག་ཞག་བདུན་ནི། །ཐ་མ་ཡིན་ནི་རབ་འབྲིང་གསུམ། །ཆོས་ལ་སྨོད་པའི་དམ ་ཚིག་གོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་འདི་དམ་ཚིག་ནི། །རབ་འབྲིང་གི་ནི་ཚད་བསྟན་པ། །མ་སྨིན་པ་ལ་གཉིས་ཡོད་དེ། །དབང་བསྐུར་དེ་ནི་མ་བྱས་དང། །གླེན་པ་ལྐུག་པ་གྱུར་པ་གཉིས། །དེ་ལྟ་བུ་ཡི་གདན་ག་ལ། །མན ་ངག་གསང་བ་བསྟན་ནས་ཀྱང། །ལོ་ཡི་དུས་སུ་མི་བཤགས་པ། །འབྲིང་གི་རབ་ཡིན་འབྲིང་གི་ལོ། །ཕྱེད་འབྲིང་ཡིན་ཏེ་ཐ་མ་ནི། །ཟླ་བ་གཅིག་ཏུ་ཤེས་པར་བྱ། །དེ་འདྲའི་གང་ཟག་མང་པོ་ལ། །ཡང་ནས་ཡང་དུ་སྒྲོག་པ་ནི། །ལོ་གཅིག་ལོ་ཕྱེད ་ཟླ་ཕྱེད་ནི། །རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ། །མི་ཟབ་ཆོས་སུ་གྱུར་པ་ཡི། །ལོ་གཅིག་ཏུ་ནི་གནས་པ་དང། །ཐ་མའི་རབ་ཡིན་ཐ་མ་ཡི། །ལོ་ཕྱེ་ཟླ་གཅིག་གཉིས་པོ་ཡིན། །ཡང་ན་ཟབ་པའི་དོན་རྣམས་ལ། །ཟླ་ཕྱེད་ཞག་བདུན་ཞག་ཅིང? ་ནི། ཐ་མ་ཡི་ནི་རབ་འབྲིང་གསུམ། །ཡང་ན་དེ་གསུམ་འཁྲུལ་ཀ་ཡི། །སློབ་དཔོན་མཁས་པའི་ཤེས་པར་བྱ། །གསང་བ་སྒྲོགས་པའི་དམ་ཚིག་གོ་།ཕུང་པོ་སངས་རྒྱས་མངའ་བདག་ལ། །བརྙས་པར་བྱེད་པའི་དམ་ཚིག་ནི། །རབ་འབྲིང་ཐ་མའི་ཚད ་བསྟན་པ། །ཕུང་པོ་ལྷ་ཡི་ང་རྒྱལ་དུ། །མ་ཤེས་ཤེས་ནས་སྤངས་པ་ནི། །བཤགས་པ་མི་བྱེད་ལོར་ལོན་པ། །འབྲིང་གི་རབ་ཡིན་འབྲིང་གི་ནི། །ལོ་ཕྱེད་ཐ་མ་ཟླ་བ་གཅིག་།ཟླ་ཕྱེད་ཞག་བདུན་ཞག་གཅིག་ནི། །མཛའ་མའི་རབ་འབྲིང་གསུམ ་ཡིན་ནོ། །མ་ཤེས་སྟེང་དུ་ཡང་ནས་ཡང། །སྨོད་པར་བྱེད་ཅིང་གདུང་བ་ནི། །ལོ་གཅིག་ལོ་ཕྱེད་ཟླ་གཅིག་ནི། །རབ་ཀྱི་འབྲིང་ཡིན་གསུམ་ཡིན་ནོ། །ཕུང་པོ་བརྙས་བྱེད་དམ་ཚིག་གོ་།རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟླ་བའི་དམ་ཚིག་ནི།། ་རྩ་བ་རླུང་གི་མན་ངག་ལ། །ལན་ཅིག་དཀའ་བ་ལ་སོགས་ཀྱི། །ཟབ་མོའི་དོན་ལ་ལོ་དུས་སུ། །ཐེ་ཚོམ་ཟ་ཞིང་མི་བཤགས་པ། །རབ་ཀྱི་རབ་ཡིན་འབྲིང་གི་ནི། །ཐ་མ་ཟླ་བ་ལོ་གཅིག་གོ་།ལྷན་ཅིག་བཀའ་བཅའ་མ་གཏོགས་པའི། །ལྷག་མ་རྣམས་ལ ་ཐེ་ཚོམ་ནི། །ལོ་དུས་ཟླ་བ་འབྲིང་གི་རབ། །ལྷག་མ་གཉིས་པོ་གོང་བཞིན་བྱ། །སྒྱུ་མ་ལྟ་བུའི་ཏིང་འཛིན་ལས། །ལྷ་ཡིས་རྣལ་འབྱོར་གཉིས་དང་ནི། །མི་ཤེས་ཕྱི་ནང་ཐུན་མོང་གསུམ། །ཡང་ན་གོང་མ་གཉིས་པོ་ཡི། །ཟླ་ཕྱེད་ཞག་བདུན་ཞག་གཅིག ་ནི། ཐ་ཡི་རབ་འབྲིང་གསུམ་ཡིན་ནོ། །སོམ་ཉི་ཟ་པའི་དམ་ཚིག་གོ་།གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པའི་དམ་ཚིག་ཉམས་པ་ནི། །གདུགས་ཅེས་བྱ་བའི་སློབ་དཔོན་ནི། །རྡོ་རྗེ་སྤུན་དང་རྣལ་འབྱོར་གྱི། །དགྲར་གྱུར་བསྟན་པ་འཇིག་པ་དང། ། ་དེ་ལ་སོགས་པ་བྱེད་པ་རྣམས། །གདུག་པ་ཞེས་ནི་བྱ་བ་ཡིན། །དེ་ལྟ་བུ་ཡི་གདུག་པ་ནི། །མཐོལ་བཤགས་མི་བྱེད་ལོ་རུ་ནི། །གནས་པས་རབ་ཀྱི་རབ་ཡིན་ནོ། །ལྷག་མ་གཉིས་པོ་གོང་བཞིན་ནོ། །སློབ་དཔོན་མ་གཏོགས་རྡོ་རྗེ་སྤུན། །འབྲིང་གི ་རབ་འབྲིང་གསུམ་ཡིན་ནོ། །གཉིས་པོ་མ་གཏོགས་ལྷག་མ་ནི། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །ཡང་ན་དེ་རྣམས་གསུམ་ག་ལ། །ཞག་གྲངས་བརྩིས་ནི་གོང་བཞིན་ནོ། །གདུག་ལ་བྱམས་པའི་དམ་ཚིག་གོ་།མིང་སོགས་བྲལ་བའི་ཆོས་རྣམས་ལ།། ་རྟོགས་པར་བྱེད་པའི་དམ་ཚིག་ནི། །ཆོས་རྣམས་སྤྲོས་དང་བྲལ་བ་ལ། ལོ་གཅིག་རྟོག་པར་འཛིན་པ་དང། །གཞན་ཡང་དེ་ལ་སྦྱོར་བྱེད་པའི། །བཤགས་པར་མི་བྱེད་པ་ཡི་མི། །ལྷག་མ་གཉིས་ནི་གོང་བཞིན་ནོ། །གཞན་ལ་མི་སྦྱོར་རང་ཙམ་ནི། །ལོ་ནས་ཟླ ་བར་འབྲིང་གི་ནི། །རབ་འབྲིང་དུ་ནི་ཤེས་པར་བྱ། །དངོས་པོར་མ་བཟུང་ཚོལ་འདོད་པ། དེ་བཞིན་ལོ་ནས་ཟླ་བའི་བར། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །རྟོག་འཛིན་བྱེད་པའི་དམ་ཚིག་གོ་།སེམས་ཅན་དད་དང་ལྡན ་པ་ཡི། །སེམས་སུན་འབྱིན་པའི་དམ་ཚིག་ནི། །དད་དང་ལྡན་པའི་གང་ཟག་རྣམས། །ཟབ་མོའི་ཆོས་ལས་བཟློག་ནས་ནི། །མུ་སྟེགས་ཆོས་ལ་སྦྱོར་བྱས་པ། །ལོ་ནས་ཟླ་བའི་བར་ཏུ་ནི། །རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ། །ཟབ་མོའི་དོན་ལམ ་བཟློག་ནས་ནི། །ཉན་ཐོས་ཤེག་པར་སྦྱོར་བྱེད་པ། །འབྲིང་རབ་གསུམ་ཡིན་ནོ་བཞིན་ཚད། །ཟབ་མོའི་དོན་ལས་བཟློག་ནས་ནི། །ཕ་རོལ་ཕྱིན་པར་སྦྱོར་བྱེད་པ། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །ཡང་ན་ཕ་རོལ་ཐེག་པ་བཟློག་ནས་ནི། །མུ ་སྟེགས་ཐེག་པར་སྦྱོར་བྱེད་པ། །འབྲིང་ཡིན་ཉན་ཐོས་བཟློག་བྱེད་པ། །ཐ་མ་ཡིན་ཏ་གསང་སྔགས་ནི། །རབ་ཡིན་ཡང་ན་མང་པོ་རྣམས། །བཟློག་བྱེད་པ་ནི་རབ་ཡིན་ཏེ། །ཉུང་དུ་འབྲིང་ཡིན་ཐ་མ་ནི། །སེམས་སུན་འབྱིན་པའི་དམ་ཚིག་གོ། ་དམ་ཚིག་རྣམས་ལ་ཇི་བཞིན་སྙེད། །མི་བསྟེན་དམ་ཚིག་ཉམས་པའི་ཚད། །རྩ་བ་དང་ནི་ཡན་ལག་གི་།དམ་ཚིག་ཉིན་མཚན་མི་བསྔོ་དང། །སྤྱོད་པ་ལ་སོགས་ལྔ་པོ་ལྔ། །དང་དུ་བླངས་ནས་མི་བསྟེན་པ། །ལོ་ནས་ཟླ་བའི་བར་དུ་ནི། །མི ་བཤགས་རབ་ཀྱི་གསུམ་ཡིན་ནོ། །རྩེ་བ་དང་དུ་མི་ལེན་པར། །འཇོག་པར་འབྲིང་གི་གསུམ་ཡིན་ནོ། །ཡན་ལག་མི་ལེན་ཐ་མ་གསུམ། །ཡང་ན་ཟླ་ཕྱེད་ཞག་བདུན་དུ། །ཞག་གཅིག་པ་ནི་འབྲིང་གི་གསུམ། །ཉིན་མཚན་གཅིག་ལ་ཐ་མའི་གསུམ།། ་མི་བསྟེན་པ་ཡིས་དམ་ཚིག་གོ་།བུད་མེད་ཤེས་རབ་རང་བཞིན་ཅན། །སྨོད་པར་བྱེད་པའི་དམ་ཚིག་ནི། །དཔེར་ན་བ་ལང་ཀོ་བ་ལས། །སྒྲས་མཚོན་པར་དུ་སློབ་པ་བཞིན། །བུད་མེད་ཤེས་རབ་སྒྱུ་མ་ཅན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལ། །བརྟེན ་ནས་དེ་ལས་ལོབས་གྱུར་ན། །ཡིད་ཀྱི་ལྷ་མོ་ལ་བརྟེན་ན། །དེ་ནས་གཏུམ་མོ་ཉིད་ལ་བརྟེན། །དེ་ནས་ཤེས་རབ་དགའ་མ་ལ། །ལྷན་ཅིག་དགའ་པའི་བར་དུ་ནི། །བརྟེན་ནས་ཤེས་རབ་རིམ་པར་བསྐྱེད། །དེ་ནས་ཕྱག་རྒྱའི་དངོས་གྲུབ་འཐོབ། །དེ་ལྟར ་བུད་མེད་ཤེས་རབ་ལ། །སྨོད་ཅིང་སྤོང་བར་བྱེད་པ་ནི། །ལོ་དུས་ལོན་ན་རབ་ཀྱི་རབ། །ཕྱེད་དང་ཟླ?་གཅིག་གཉིས་སུ་བསྟན། །དེ་ལྟའི་ཤེས་རབ་རང་བཞིན་ལ། །རྣལ་འབྱོར་ལམ་པ་སྨོད་ན་ནི། །འབྲིང་གི་གསུམ་དང་བསྟན་པ་ཡིན། །མཚན་དང་མི་ལྡན ་ཐམས་ཅད་ལེ། །རྒྱུན་ཏུ་སྨོད་ཅིང་མི་བཤགས་པ། །ལོ་དུས་ལོན་ན་ཐ་མའི་རབ། །ཕྱེད་དང་ཟླ་གཅིག་གཉིས་སུ་བསྟན། །ཤེས་རབ་སྨོད་པའི་དམ་ཚིག་གོ་།རྩ་བའི་དམ་ཚིག་རབ་འབྲིང་གི་ཉམས་པའི་ཚད་བསྟན་པའོ། །ཡན་ལག་དམ་ཚིག ་བསྟན་པ་ནི། །རྣལ་འབྱོར་སྔགས་པས་སྔགས་པ་ནི། །ནན་གྱིས་ལེན་པ་གསུམ་དུ་བསྟན། །གཞན་གྱི་བུད་མེད་ལེན་པ་དང། །རང་གི་རྣལ་འབྱོར་མ་གཉིས་ལ། །ཆགས་པའི་དོན་དུ་འཇུག་པ་དང། །བྱིན་གྱིས་བརླབ་པར་མི་བྱེད་པར། །ཐ་མལ་སྤྱོད ་པས་འཇུག་པ་དང། །རྟགས་དང་མི་ལྡན་འཇུག་པ་ནི། །རྣལ་འབྱོར་ཆགས་པའི་ལམ་པས་ནི། །དང་པོ་ཆགས་པ་འདུལ་བ་དང། །ཟབ་མོའི་དོན་ལ་འཇུག་བྱའི་ཕྱིར། །ཤིན་ཏུ་ཆགས་པ་ཆེར་ལྡན་ལ། །བདེ་གཤེགས་རྒྱལ་བས་བསྟན ་པ་ཡིན། །རྣལ་འབྱོར་གྲོལ་པའི་ལམ་པ་ལ། །གོང་མ་དེ་བཞིན་མ་བསྟན་ཏེ། །ལས་དང་རྣལ་འབྱོར་དུས་སུ་ནི། །ཡིད་ཀྱི་ལྟ་མོ་གཟུགས་མཛེས་མ། །ཚོགས་ཀྱི་འཁོར་ལོ་འམ་སྤྱོད་དུས་སུ། །མོས་པས་དེ་བསམ་དམ་ཚིག་ཡིན། །རྟགས་ལྡན་བརྟན་པ་ཐོབ ་ནས་ནི། །མཆོག་གི་དངོས་གྲུབ་མྱུར་འདོད་པས། །རྣལ་འབྱོར་མ་ཡིས་ལུང་བསྟན་ནས། །མི་དེ་ལྟ་ལ་སོགས་པ་ཡིས། །ཞག་གཅིག་ཟླ་གཅིག་ཞག་དྲུག་ཏུ། །བསྙེན་པས་མཆོག་ནི་ཐོབ་པར་འགྱུར། །ཆགས་མེད་རྣལ་འབྱོར་མོས་པ་ཡི། །སྐད་ཅིག་ཤེས། ་རབ་ལ་བརྟེན་ནས། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །དེ་དོན་བྱ་བའི་རིམ་པ་ནི། །ས་ལ་གནས་པའི་མཁའ་འགྲོ་མ། །ཁོ་ན་ཉིད་ལ་བརྟེན་པ་ཡིན། །དེ་ལྟར་མི་ཤེས་འཁྲུལ་པར་སྤྱོད། །རྒྱུན་ཏུ་སྤྱོད?་ཅིང་ལོ་དུས་སུ།། ་མི་བཤགས་དེ་ནི་མེ་ཡིན་ནོ། །དེ་བས་ཉུང་བར་གྱུར་པ་ནི། །འབྲིང་ཉིད་དུ་ནི་ཤེས་པར་བྱ། །ཐབས་གཅིག་སྤྱོད་པ་ཐ་མ་ཡིན། །མན་གྱིས་ལེན་པའི་དམ་ཚིག་གོ་།མ་གསུངས་པ་ཡི་རིག་མ་ལ། །སྔགས་པས་བདུད་རྩི་ཐོག་བྱེད་ནི། །བླ་མ་རྡོ ་རྗེ་སློབ་དཔོན་གྱིས། །མན་ངག་རྣ་པར་མ་བརྒྱུད་པར། །ནན་གྱིས་བརྟགས་ནས་ཚུལ་འཆོས་པ། །རྒྱུན་ཏུ་བྱེད་ཅིང་ལོ་དུས་སུ། །མི་བཤགས་པ་ནི་རབ་ཡིན་ནོ། །དེ་བས་ཉུང་བ་འབྲིང་ཡིན་ཏེ། །གཅིག་ཙམ་བྱེད་པ་ཐ་མ་ཡིན། །མ་ཐོབ་པ་ཡི ་དམ་ཚིག་།ཚོགས་ཀྱི་འཁོར་ལོའི་དམ་ཚིག་གོ་།བསྟན་ལ་ཐབ་མོ་བརྩོད་བྱེད་པ། །དབང་སྐུར་མན་ངག་ཟབ་མོ་དང། །སློབ་དཔོན་གཅིག་པར་མ་གྱུར་ལ། །མི་ཟང་ཚོགས་ལ་བཤད་པ་ཡིན། །དུས་སུ་བརྩོད་ནས་མཚོན་དབྱུགས་ནི། །འདས ་ནས་ཅུང་ཞིག་མི་བཤགས་པ། །རབ་ཀྱི་ཡིན་ཏེ་འབྲིང་གི་ནི། །མཚོན་དབྱུག་འདྲེས་ནས་ཡུན་ཐུང་བ། །ཐ་མ་ཚིག་རྩུབ་ཤིན་ཏུ་ཐུབ། །ཤི་བར་གྱུར་ན་སློབ་དཔོན་གྱིས། །འབྲིང་པོ་མན་ཆད་བརྩི་བར་བྱ། །ཚོགས་ཀྱི་དམ་ཚིག་ཉམས་པའོ།། ་གསང་ཆོས་ཡན་ལག་ཤེས་གྱུར་ཀྱང། །གཞན་ལ་མི་སྟོན་ཤིས་ངན་ནི། །སྣོད་དུ་གྱུར་པའི་གང་ཟག་ལ། །མན་ངག་ཤེས་བཞིན་མི་སྟོན་ན། །སྣོད་གྱུར་མང་ལ་མི་སྟོན་རབ། །ཉུང་ལ་མི་སྟོན་ཐ་མ་གཅིག་།ཡང་ན་དུས་ཀྱི་གསུམ་པོ་ནི།། ་གོང་མ་བཞིན་དུ་ཤེས་པར་བྱ། །ལུང་མི་སྟོན་པའི་དམ་ཚིག་།དད་པའི་སེམས་ཅན་ཆོས་ཀྱིས་རྒྱུ། །གཞན་གྱི་གདམས་བྱེད་བྱང་ཆུབ་སེམས། །ཐེག་ཆེན་སྣོད་དུ་གྱུར་པ་ལ། །གུས་པས་ཆོས་ནི་དྲི་བྱེད་པ། །ལན་མི་འདེབས་ཏེ་ཡི་གེའི་གདམ།། ་བྱེད་བ་རབ་ཡིན་འབྲིང་གི་ནི། །ལུང་མ་བསྟན་པའི་གཏམ་བྱེད་ཅིང། །ཐ་མ་ཉན་ཐོས་ཀྱི་ནི་གཏམ། །དུས་གསུམ་གོང་བཞིན་ཤེས་པར་བྱ། །ལོག་པར་སྟོན་པའི་དམ་ཚིག་གོ་།ཉན་ཐོས་ནང་དུ་ཞག་བདུན་འདུག་།ཐེག་པ་ཆེན་པོའི་ཆོས་ལ ་ནི། ཐོས་པར་གྱུར་ནས་སྐུར་པ་ཡི། །ནང་དུ་ཞག་བདུན་འདུག་ནས་ནི། །སྤངས་ནས་སྤོང་བྱེད་ལོ་དུས་སུ། །མི་བཤགས་པ་ནི་རབ་ཡིན་ནོ། །ཞག་གསུམ་དུ་ནི་གཅིག་ནི་ཐ། །དེ་གཉིས་སུ་ནི་གང་བཞིན། །ཡང་ན་རིགས་འདྲང?་གྱུར་པ་ལ། ། ་གཉིས་པོ་མན་ཆང་བརྩི་བར་བྱ། །ཞག་བདུན་ཉལ་པའི་དམ་ཚིག་གོ?་།རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །ད་ནི་སྔགས་པ་ཡིན་ཞེས་ཟེར། །རྣལ་འབྱོར་མེད་པའི་ཏིང་འཛིན་གྱིས། །ཚིག་ཙམ་འགའ་ཡི་ང་རྒྱལ་གྱིས། །སྔགས་པས་ཁས ་འཆོས་ཡང་གསུ་ཡང། །ལོ་དུས་མི་བཤགས་རབ་ཡིན་ནོ། །དེ་པས་ཉུང་ལྟར་ཤིན་ཏུ་ཉུང། །གཉིས་པོ་ཡིན་པར་ཤེས་པར་བྱ། །མི་ཤེས་པ་ཡི་དམ་ཚིག་གོ་།སྣོད་མིན་པ་ཡི་སེམས་ཅན་ལ། །ཕྱི་ཡི་ཆོས་བཤད་ཡིན་པ་ལ། །གསང ་བའི་ཆོས་རྣམས་འཆད་པ་ནི། །ཕྱི་ཙམ་བསྟན་པའི་གང་ཟག་ལ། །གསང་བའི་མན་ངག་སྟོན་པ་ནི། །ཡང་ཡང་སྟོན་དང་མང་ལ་སྟོན། །ལོ་དུས་མ་བཤགས་རབ་ཡིན་ནོ། །གཉིས་པོ་གོང་བཞིན་ཤེས་པར་བྱ། །དམ་ཚིག་དེ་རྣམས་ཀུན་ལ་ཡང།། ་དུས་དང་བསམ་པ་དངོས་པོ་ཀུན། །ཆེ་ཆུང་བྱུང་བར་གྱུར་པ་དང། །མཉམ་པར་གྱུར་དང་མཆེད་རྣམས། །མཁས་པས་བརྟགས་ནས་ཆོ་ག་ནི། །ཆེ་ཆུང་སྟོང་དང་སྨོད་པར་བྱ། །དེ་ལྟར་མ་ཤེས་གསུམ་དང་དགུ་།མུ་དེ་བཟུང་ནས་ལྷག་ཀྱང་བཟང། ། ་དེ་རྣམས་ནི་དམ་ཚིག་ཉམས་པའི་ཆད་བསྟན་པའོ།། །།མ་ཉམས་པའི་ཚད་བསྟན་པ་ནི། །གོང་མ་དེ་རྣམས་མ་བྱུང་དང། །ཡང་ན་སློབ་དཔོན་དཀོན་མཆོག་དང། །རྡོ་རྗེ་སྤུན་དང་སྡུག་པ་ཡི། །སེམས་ཅན་རྣམས་ཀྱི་དོན་དུ་ནི ་རབ་ཏུ་མ་གྱུར་འབྲིང་གི་ནི། །དེ་དག་མན་ཆོད་བྱུང་ནས་ཡང། །ཉམས་པར་མི་འགྱུར་བདེ་གཤེགས་གསུང། །ལུས་ལ་ཕན་པར་གྱུར་ནས་ཀྱང། །ཏིང་འཛིན་གྲོགས་སུ་གྱུར་པ་ནི། །ཉེས་པར་མི་འགྱུར་བདེ ་གཤེགས་གསུང། །སེམས་ཅན་འདུལ་བར་གྱུར་པ་དང། །སེམས་ཅན་དྲང་པའི་དོན་དུ་ཡང། །ཉམས་པར་མི་འགྱུར་བདེ་གཤེགས་གསུང། །དེ་རྣམས་ཤེས་རབ་ཟབ་མོ་དང། །སློབ་དཔོན་ཞལ་གྱི་མན་ངག་ལ། །བརྟེན་ནས་གནང?་བཀག ་རིམ་པ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །དམ་ཚིག་མ་ཉམས་པའི་ཚད་བསྟན་པའོ།། །།ད་ནི་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་བསྟན་ཏེ། །ཆོ་ག་ཡང་ནི་དགུ་རུ་ཤེས་པར་བྱ། །རབ་ཀྱིས་ལོ་གཅིག་ལ་བསྒོམས་ལ།། ་ཚོགས་འཁོར་བཅུ་གཉིས་ཕྲག་བཞི་དང། །སྦྱིན་སྲེག་བདུན་བརྒྱ་ཉི་ཤུ་དང། །གཏོར་མ་བདུན་བརྒྱ་ཉི་ཤུ་དང། །དེ་དུས་རྡོ་རྗེ་སློབ་དཔོན་དང། །རྡོ་རྗེ་མཆེད་ཀྱང་སྤྱན་དྲངས་ལ། །རྡོ་རྗེ་སློབ་དཔོན་བཀྲོངས་གྱུར་ན། །གཟུགས་བྱ་ཡང་ན ་མཆིལ་ལྷམ་གོས། །དེ་རྟེན་ཡང་ན་མིང་གི་ཡི་གེས་བསྐྱེད། །འོད་ཟེར་འཕྲོས་ནས་སློབ་དཔོན་གྱིས། །རྣམ་ཤེས་བཀུགས་ནས་དེ་ལ་གཟུང། །ཡི་དམ་ལྷ་འམ་མི་བསྐྱོད་པའི། །གཟུགས་སུ་བལྟས་ལ་དེ་ལ་ནི། །སྐྱེད་རིམ་ཐུན་རེ་བྱེད་པ་དང།། ་བཟླས་བརྗོད་འབུམ་ཕྲག་གསུམ་གྱིས་ནི། །ཡི་གེ་འཁོར་ལོའི་འོད་ཟེར་གྱིས། །བདག་དང་སློབ་དཔོན་གཉིས་ཀ་ཡི། །ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱང། །སྦྱིན་སྲེག་གིས་ཀྱང་དེ་བཞིན་སྦྱང། །ཚོགས་ཀྱི་འཁོར་ལོའི་མཆོད་པ་ཡིས། ། ་འཁོར་ལོ་འདུ་འཕྲོ་སྦྱང་བ་བྱ། །འཁོར་ལོ་འདུ་འཕྲོས་མཆོད་པའོ། །གཏོར་མ་དང་པོས་སྦྱང་མཆོད་དང། །བར་མས་བཀྲུང་ཞིང་སྦོལ་བ་དང། །ཐ་མས་གནོད་པ་མི་བྱེད་ཅིང། །བཤགས་པ་རྒྱན་བྱ་འདུས་པས་ཀྱི?།། །དགེ་རྩེ་ལ་སོགས ་གཞན་ཡང་བྱ། །དེ་ལྟར་བྱས་ན་སློབ་དཔོན་ལ། །སླར་ཡང་སྡོམ་པ་གསུམ་བླངས་ལ། །དཀྱིལ་འཁོར་འཇུག་ཅིང་དབང་བསྐུར་བླང། །སློབ་དཔོན་མེད་འགྱུར་རྡོ་རྗེ་སྤུན། །མཁས་པ་ཉིད་ལ་བླང་བར་བྱ། །དེ་མེད་ཡི་དམ་ལྷ་ལ་བླང། །དེ་ལྟར ་བྱས་ན?་དག་འགྱུར་ཏེ། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །འབྲིང་དང་ཐ་མ་གཉིས་པོ་ཡང། །ཕྱེད་ཕྱེད་འདྲེས་ཕྱེད་ཤེས་པར་བྱ། །འབྲིང་གི་རབ་ནི་ཟླ་ཨ་གཅིག་།ལྟ་བསྒོམས་སྦྱིན་སྲེག་སུམ་ཅུ་དང། །གཏོར་མ་སུམ་ཅུ་ཕྲག་གཉིས་དང།། ་ཚོགས་འཁོར་གསུམ་དང་བཟླས་བརྗོད་ནི། །སུམ་ཁྲི་བཤགས་པ་ཐུན་མཚམས་སུ། །འབྲིང་གི་འབྲིང་ནི་ཉི་ཤུ་རུ། །ཚོགས་གཉིས་བཟླས་བརྗོད་ཉི་ཁྲི་བྱ། །འབྲིང་གི་ཐ་མ་བཅུ་རུ་སྦྱིན་སྲེག་བྱ། །གཏོར་མ་བཅུ་དང་བཟླས་བརྗོད་ཁྲི། །དེ་དག ་ཆོ་ག་བྱེད་པ་ཡང། །སློབ་དཔོན་ལ་སོགས་མ་ཚོགས་ཀྱང། །རྣལ་འབྱོར་གཉིས་ཀྱིས་པོར་ལེན་བྱ། །ཐ་མའི་རབ་འབྲིང་ཞག་བདུན་དུ། །སྦྱིན་སྲེག་གཏོར་མ་བདུན་དང་བཟླས་བརྗོད་སྟོང། །ཚོགས་འཁོར་གཅིག་དང་བཤགས་པ་མཐུན།། ་ཐ་མའི་འབྲིང་ནི་ཞག་གསུམ་དུ། །སྦྱིན་སྲེག་གཏོར་མ་གསུམ་དང་མཆོད་པ་བརྩམ། །བཟླས་བརྗོད་ལྔ་བརྒྱ་བཤགས་པ་བྱ། །ཐ་མའི་ཐ་མ་ཞག་གཅིག་ཏུ། །གཏོར་མ་སྦྱིན་སྲེག་རེ་རེ་དང། །བཟླས་བརྗོད་བརྒྱ་དང་བཤགས་པ་བྱ། །དེ་ལྟར་བྱས ་པས་དག་པར་འགྱུར། །ཚོགས་ཀྱི་འཁོར་ལོ་མ་འབྱོར་པས། །སྦྱིན་སྲེག་གཅིག་ཕུལ་བསྐང་བ་ཡིན། །རབ་ཀྱི་གསུམ་གྱི་སྦྱིན་སྲེག་ནི། །སུམ་ཁྲི་ཁྲི་ཉི་ཁྲི་རུ་བྱ། །འབྲིང་གི་གསུམ་གྱི་སྦྱིན་སྲེག་ནི། །ལྔ་སྟོང་སྟོང་དང་ལྔ་བརྒྱ་བྱ། །ཐ་མ་གསུམ་གྱི་སྦྱིན ་བསྲེག་ནི། །བརྒྱ་དང་ལྔ་བཅུ་ཉི་ཤུ་ལྔ། །དེ་ལྟར་བྱས་པས་དག་པར་འགྱུར། །སྦྱིན་སྲེག་མ་བྱས་རྣལ་འབྱོར་པས་།བཟླས་བརྗོད་ཀྱིས་ནི་བྱ་བར་གསུངས། གསུམ་གྱི་རབ་འབྲིང་གསུམ་གསུམ་སྟེ། །བྱེ་བ་བདུད་འབུམ་སུམ་འབུམ་དང། །འབུམ་དང་བདུན ་ཁྲི་སུམ་ཁྲི་དང། །ཁྲི་དང་བདུན་སྟོང་སུམ་སྟོང་དང། །སྟོང་དང་བདུན་བརྒྱ་སུམ་བརྒྱ་དང། །དེ་ལྟར་བྱས་པས་དག་པར་འགྱུར། །དེ་ལྟར་མི་འགྲུབ་རྣལ་འབྱོར་པས། །གཏོར་མ་ཆེན་པོའི་ཆོ་གས་ཀྱང། །སྦྱིན་སྲེག ་བཞིན་དུ་བསྟན་ནས་སུ། །ཉམས་པ་དག་སྟེ་སྐོངས་པར་འགྱུར། །སྦྱིན་སྲེག་བཟླས་བརྗོད་གཏོར་མ་ལས། །བྱུང་བའི་དངོས་གྲུབ་གསུམ་གྱིས་ནི། །དམ་ཚིག་ཉམས་པར་སྐོངས་པར་འགྱུར། །ཐུན་མོངས་དངོས་གྲུབ་གྲུབ་ནས་ཀྱང།། ་བརྒྱུད་པས་མཆོག་ཀྱང་འགྲུབ་པར་གསུངས། །བསྒོམ་པ་ལས་བྱུང་དངོས་གྲུབ་ཀྱི། །དམ་ཚིག་ཉམས་པ་སྐོངས་གྱུར་ན། །དངོས་གྲུབ་གཉིས་ཀ་ཐོབ་པར་འགྱུར། །ལྷག་མ་རྣམས་ཀྱི་ཆོ་ག་ནི། །སློབ་དཔོན་རབ་གསུམ་ཕར་བོར་ནས། ། ་འབྲིང་གི་གསུམ་གྱི་རབ་ཏུ་བསྟན། །ཐ་མ་གསུམ་གྱི་འབྲིང་དུ་བསྟན། །ཐ་མ་རབ་ཀྱི་སྦྱིན་སྲེག་གཅིག་།འབྲིང་གི་གཏོར་མ་འམ་བཟླས་བརྗོད་བྱ། །ཐ་མས་བླ་མའི་མཆོད་པ་བྱ། །བླ་མའི་མཆོད་པའི་མན་ངག་ཀྱང། །མཎྜལ་གསུམ་མས ་།ཅིག་བྱས་ལ། །མཎྜལ་མཐར་ཕྱིན་མཛེས་པ་ལ། །མེ་ཏོག་མཛེས་ལྡན་མཆོད་པ་བསག་།ལུས་ཚགས་བགོས་པས་པུས་བཙུགས་ནས། །བདུན་དང་བཅུ་དང་བཅུ་གཉིས་དང། །བྱ་བ་ཆོ་ག་གཞན་དང་མཐུན། །ཁྱད་པར་བདག་གི་སྡིག ་པ་ནི། འོད་ཟེར་དྲ་བས་བསྡུས་ནས་ནི། །ཕྱུང་ནས་གདན་གྱི་པད་སྟེངས་སུ། །བླ་མ་ཡི་དམ་དཀོན་མཆོག་དང། །བདག་གི་འོད་ཟེར་འཁྲུལ་འཁོར་དང། །སྡིག་པ་སྤྱོད་ཞིང་བཤགས་པ་བྱ། །ཡང་ན་སྒྱུ་མ་ལྟ་བུའི་སེམས། །དེ་བཞིན་བྱས ་པས་དག་པར་འགྱུར། །ཡན་ལག་ཆོ་ག་བསྟན་པ་ནི། །རྩ་བའི་ཐ་མ་གསུམ་པོ་དང། །གོ་རིམ་བཞིན་དུ་ཤེས་པར་བྱ། །ཁྱད་པར་ཆོ་ག་སྟན་པ་ནི། །རྡོ་རྗེ་སྤུན་ནི་བཀུག་གྱུར་ནས། །སྒྲིབ་སྤྱོད་ལྷ་རུ་བསྐྱེད་པ་ལ། །མཆོད་པ་ལ་སོགས་གོང་བཞིན་ནོ།། ་དེ་བཞིན་འགྱུར་ན་འང་གོང་བཞིན། །བདེ་བཤེགས་བཀའ་འདས་དུས་སུ་ན། །གོང་དུ་ཉམས་པ་དེ་ལན། །སྦྱང་པ་ལ་སོགས་ཏུ?་བ་དང། །རིགས་ཀྱི་ལྷ་?་ཕྱག་མཚན་ནམ། །ཱ་ལི་ཀཱ་ལི་ཕྲེང་པ་ནི། །བསྟིམས་ནས་གོང་བཞིན་ཤེས་པར་བྱ། །སེམས་ཅན ་བྱམས་སེམས་དམ་ཚིག་ལ། །གང་དུ་སྤབས་པ་དེ་བཀུག་ནས། །དངོས་དང་བསམ་པ་གཉིས་ཀས་སུ། །སྦྱང་བ་ལ་སོགས་གོང་བཞིན་བྱ། །བྱང་སེམས་སྤང་?་ཡང། །ཕྱི་ནང་ཡང་མི་གཉིས་སུ་བསྟན། །ཕྱི་ནི་གོང་བཞིན་ནང་གི་ནི། །འཕབ་ར་ཀ་ཏར་མ ་ཟིན་པའོ། །དེ་ཡི་སྦྱང་བ་ལ་སོགས་ཀུན། །སྙིང་ག་གོང་འོག་ལ་བསྟིམས་ནས། །རང་གི་པོ་ཏི་ཁོ་ན་ལ། །གཞན་གྱིས་པོ་ཏིའམ་དངོས་དེ་ཉིད། །བསམས་དང་དངོས་ལ་སོགས་པ་ནི། །གོང་མ་བཞིན་དུ་ཤེས་པར་བྱ། །དེ་འོག་སླར་ཡང་སྨིན་པར་བྱ།། ་ཡང་ན་ཡི་དམ་ལྷ་སོགས་ལ། །གོང་བཞིན་ཁྱད་པར་དག་གིས་སྤྱད། །ཕུང་པོ་ལྷ་རུ་བསམ་ནས་ནི། །ནང་མཆོད་ནང་གི་སྦྱིན་སྲེག་ནི། །བསམ་ཏེ་སྦྱད་པའི་ཆོ་ག་བྱ། །རང་བཞིན་ཆོས་ཀྱི་གནས་དེ་རུ། །ཐེ་ཚོམ་ཟ་བའི་དེ་ཉིད་ལ། །རང་བཞིན་དེ་ཉིད ་བསམས་ནས་སུ། །དེ་ཉིད་ལྷ་འམ་ཐིག་ལེ་འམ། །ཡིག་འབྲུ་གཏུམ་མོ་ལ་སོགས་ལ། །རྩད་མཆོད་ལ་སོགས་གོང་བཞིན?་བྱ། །སེམས་ཅན་གདུགས་པ་སྦྱངས་པ་དང། །བླ་མ་སྤུན་ལ་མཆོད་པར་བྱ། །སྟོང་པའི་དོན་ལ་མོས་པ་དང། །བླ་མ་ཡི་ནི་དབུ་སྟེང ་དུ། ཆོས་སྐུའི་རྟགས་དང་གཙུག་ཏོར་ལ། །ཁྱད་པར་མཆོད་པར་བྱ་བའོ། །སེམས་ཅན་དད་ལྡན་བཀུག་ནས་ནི། །སྦྱང་བ་ལ་སོགས་བྱས་ནས་ཀྱང། །དཀྱིལ་འཁོར་སྒྲུབ་ཅིང་དབང་བསྐུར་དང། །མན་ངག་ཟབ་མོའི་དོན་བསྟན་པ། །ལྷང་དམིགས་མཆོད ་པ་ལ་སོགས་བྱ། །དམ་ཚིག་ཐམས་ཅད་དྲན་ནས་ཀྱང། །ཐམས་ཅད་ལྟར་དམིགས་ཁྱད་པར་ནི། །སྤྱད་པར་བྱ་བ་ལ་སོགས་ལ། །རིགས་ལྔ་ཡབ་ཡུམ་བསམས་ནས་ནི། །མཆོད་ཅིང་སྦྱང་བར་བྱ་བ་ཡིན། །ཤེས་རབ་ཐམས་ཅད་བཀུག་ནས་ནི། །སྦྱང་? ་བྱས་ལ་ལྷ་མོར་དམིགས། །མཆོད་པ་སྣ་ཚོགས་ཁྱད་པར་བསམ། །བདག་པོ་དང་བཅས་གཟུགས?་པ་ལ། །སྦྱར?་པ་ལ་སོགས་?་བཞིན་བྱ། །?་བཞིན་པ་བཟློག་།མལ་བ་ལ་སོགས་པ་བྱིན་བརླབ་ལ། །ལྷ་ཡི ་རྣལ་འབྱོར་བལྟས་ནས་ནི། །ཕན་ཚུན་མཆོད་པས་ཚིམ་པར་བྱ། །ཐ་མལ་ལྕེ་འདི་སྦྱངས་ནས་སུ། །རྡོ་རྗེ་ལྕེ་རུ?་བྱིན་བརླབས་ལ། །གང་བཤད་ལེགས་བབ་ནས་པ་ནི། །སྦྱང་དང་ལྷ་བསམ་ལ་སོགས་བྱ། །ཁྱད་པར་རྡོ་རྗེ་འོད་ཟེར་ལས། ། ་བཟླས་ཤིང་མཆོད?་པས་ཚིམ་པར་བྱ། །བསྟན་བྱ་ཉིད་ཀྱང་བཀུག་ནས་ནི། །གསེ་ཞིང་སྦྱར་པའི་ཆོ་ག་བྱ། །རྣལ་འབྱོར་སྤུན་རྣམས་བཀུག་ནས་ནི། །སྦྱང་བ་ལ་སོགས་གོང་བཞིན་ནོ། །སྣོད་ལྡན་སེམས་ཅན་བཀུབ་ནས་ནི། །སྦྱང་བ་ལ་སོགས་བྱ ་བ་དང། གསང་བ་དངོས་དང་བསམ་པ་ཡིས། །བསྟན་ལ་སོགས་པ་བྱ་བའོ། །དང་ལྡན་ཀུན་ལ་གོང་བཞིན་ནོ། །སྦྱང་བ་ལ་སོགས་དངོས་དང་བསམ། །གཉིས་ཀའི་ཐབས་གྱིས་བསྟན་པ་ཡིན། །ཉན་ཐོས་ལ་སོགས་སྤྱོད་པ་དང། །བདག་ཉིད་སྦྱང ་པར་བྱ་བའོ། །རྣལ་འབྱོར་ལྷ་ལ་ནན་ཏན་བྱའོ། །ང་རྒྱལ་ལ་སོགས་སྤྱད་པའོ། །དེ་ལྟར་ཆོ་ག་བྱས་ནས་ནི། །དམ་ཚིག་ཉམས་པ་བསྐོངས་ནས་ཀྱང། །དངོས་གྲུབ་རྣམ་གཉིས་ཐོབ་པར་གསུངས། །ལས་དང་པོ་ཡི་གང་ཟག་ལ། །རྟོག་པ་སྣ་ཚོགས ་དཀུར་གྱུར་པས། །རིག་འཛིན་ས་ནི་མ་ཐོབ་པར། །དམ་ཚིག་ཉམས་པ་འབྱུང་འགྱུར་པས། །བསྐང་པའི་ཆོ་ག་མ་བྱས་ན། །ངན་སོང་གསུམ་དང་རྡོ་རྗེ་ཡི། །དམྱལ་བ་དག་ཏུ་ལྟུང་བར་འགྱུར། །བསྐལ་པ་གྲངས་མེད་གནས་ནས་ནི། །དེ་ནས ་བསྐལ་བར་ཚ་གྲང་མྱོང། །དེ་ནས་བྱོལ་སོང་ཡི་དགས་སུ། །ཡུན་རིང་གནས་ནས་བརྒྱ་ལམ་ན། །སེམས་ཅན་གླན་ལྐུགས་ལ་སོགས་སུ། །ཡུན་རིང་གནས་ནས་ཐ་མར་ནི། །སྔོན་གྱི་དགེ་བའི་ས་བོན་གྱིས། །བདེ་གཤེགས་ཐུགས་རྗེས་ཕྲད་པ་དང ་དེ་རུ་དམ་ཚིག་ཉམས་གྱུར་ན། །སླར་ཡང་ཐུན་ལ་ལྟུང་བར་འགྱུར་།མ་ཉམས་གྱེན་དུ་འགྲོ་བར་འགྱུར། །ད་བས་ནན་ཏན་ཆེར་བསྐྱེད་ཅིང། །དམ་ཚིགས་ལ་འབུམ་སྡེ་ནི། །ལུང་རྒྱུད་ཀུན་ལའང་གསལ་བས་ན། །ཤེས་རབ་ཅན་གྱིས་བླང ་པར་བྱའོ། །འདི་ནི་བླངས་ན་དོད་དུ་གསུངས། །ཐེག་པ་ཆེན་པོ་སྨོད་པ་དང། །ཁྱད་པར་གསང་སྔགས་སྨོད་པ་ནི། །བསྐལ་པ་མཐལ་ཡི་བར་དུ་ཡང། །ལྕེ་ལ་ཕུར་བུས་འདེབས་ཤིང་ཁྲོ་ཆུ་ལྡུང། །དེ་བས་གསང་སྔགས་འདི་ལ་སྨད་པར ་མི་བྱའོ། །རྒྱུད་རྣམས་ཀུན་དང་མི་འགལ་ཙམ་དུ་ནི། །དཔེར་ན་ས་གཞི་ལྟ་བུའི་དམ་ཚིག་འདི། །སྒྲུབ་དང་སློབ་དཔོན་རྣམས་ལ་བསྟན་པས་སུ། །མྱུ་གུ་ལྟ་བུའི་སངས་རྒྱས་གྲུབ་པར་ཤོག་།རིན་ཆེན་ཕུག་གི་ཡང་གཏེར་དུ། །སྙིང་པོས ་དམ་ཚིག་ཉམས་པ་ལ། །བསྐང་པའི་ཆོ་ག་མི་ཤེས་པས། །མཁའ་འགྲོ་མ་ཡི་ནད་ཀྱིས་བཏབ། །དེ་ལ་སློབ་དཔོན་ཆེན་པོས་སུ། །རྡོ་རྗེའི་སྟོང་གླུའི་གཤགས་པ་ཡིས། །མཁའ་འགྲོ་མ་ལ་བཤགས་ནས་ཀྱང། །མཁའ་འགྲོ་མ་ཡི་རྒྱུད་ཀུན་ཏུ།། ་ཆོ་ག་ཟབ་མོ་སྦས་པ་ལ། །ཡང་ནས་ཡང་དུ་གསོལ་བཏབ་པས་།མཁའ་འགྲོ་མ་ཡིས་ཆོས་བསྟན་ཏེ། །དེ་ནི་སློབ་དཔོན་ཆེན་པོ་ཡིས། །བདག་གི་རྣ་བར་བརྒྱུད་པ་འདི། །ཕྱི་ནས་རྣལ་འབྱོར་དོན་ཆེན་དུ། །བདག་གིས་རིམ་པར་བཀོད་པ ་ཡང། བདེ་གཤེགས་མཁའ་འགྲོས་བཟོད་པར་བཞེས། །སློབ་དཔོན་ཆེན་པོ་སྙིང་པོ་ཞབས་ཀྱིས་མཛད་པ། སློབ་དཔོན་བྷ?་བི་པའི་གདམས་ངག་མངོན་པར་བཀོད་པ་རྫོགས་སོ།། །། *། །རྡོ་རྗེ་ཐེག་པའི་རྩ་པའི ་?་བི?་རྒྱ་ཆེར་འགྲེལ་པ་བཞུགས་། མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད། ། *། །རྒྱ་གར་སྐད་དུ་། ?་ལ་པ་ཏི་ཌཱི?་ཀ་། བོད་སྐད་དུ། རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྟུང་བ་ ་