CLOSE WINDOW

N2107: rdo rje theg pa'i rtsa ba'i ltung ba bcu bzhi pa'i 'grel pa
Wyliee-texts based on the ACIP/ALL Input

མཁས་པ་ཆེན་པོ་དེ་ཉིད་དང་། མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་སངས་རྒྱས་གྲགས་པས། ན་ལེནྡྲར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། བཛྲ་ཨཱ་ན་མཱུ་ལ་བཏྟི་པྲིཏྟི། ་བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཀྱི་ལུས་དག་གཙོ་བོར་གྱུར་པའི་སྤང་བྱ་བདུན་གྱི་མཚན་ཉིད་དང་། བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་གཙོ ་བོར་གྱུར་པའི་སྤང་བྱ་བཅུའི་མཚན་ཉིད་དང། གསང་སྔགས་རྣལ་འབྱོར་ཆེན་པོའི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་གཙོ་བོར་གྱུར་པའི་སྤང་བྱ་བཅུ་བཞིའི་མཚན་ཉིད་དེ། དེ་ལ་གཉིས་ནི་གཞུང་གཞན་རྣམས་ལས་གསལ་བས་འདིར་མ་བཤད་དོ།། ་གསང་སྔགས་རྣལ་འབྱོར་ཆེན་པོའི་རྣམ་པར་ཐར་པ་ལ་བལྟོས་ཏེ་བསྟན་པ་ལ། །སྤྱིར་ཐོབ་པར་བྱ་བ་དང་།མངོན་པར་རྟོགས་པའི་བྱེ་བྲག་དང། བསྲུང་པའི་ཚུལ་ལོ། །དེ་ལ་གཉིས་ནི་རྩ་བའི་རྒྱུད་དང། བཤད ་པའི་རྒྱུད་ངག་ལས་གསལ་བས་འདིར་ལོགས་ཤིག་དུ་མ་བརྗོད་དོ། །བསྲུང་བའི་ཚུལ་ལ་གཉིས་ཏེ། དམ་ཚིག་དང་སྡོམ་པའོ། །དེ་ཉིད་ནི་དམ་བཅའ་བའི་ཡུལ་དང། སྤོང་པའི་བྱེ་བྲག་གིས་ཏེ། འདི་སྐད་དུ། སྡོམ་པ་སངས་རྒྱས་ཐམས ་ཅད་དེ། ཨེ་ཝཾ་ལ་ནི་རབ་ཏུ་བཞུགས། །རྒྱུ་ཡིས་ཡུལ་ལས་མི་འདའ་བས། །དམ་ཚིག་ཅེས་ནི་བཤད་པ་ཡིན་ཞེས་གསུངས་སོ། །དེ་བས་ན་དབང་བཞིའི་བྱ་བྲག་གིས་དམ་ཚིག་ཀྱང་བཞི་སྟེ། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ ་དུང་དགོངས་པ་ཅན་དང། མཐར་ཐུག་པའི་བྱེ་བྲག་གིས་སོ། །དེ་དག་ཀྱང་མདོར་བསྡུ་ན་རིགས་ཀྱི་དམ་ཚིག་དང་། རྩ་བ་དང། ཀཉེས་པ་སྤོམ་པོའོ། །རིགས་ཀྱི་ལ་གཉིས་ཏེ་། སྤྱི་དང། ཁྱད་པར་རོ། །རྩ་བ་ལ་གསུམ་སྟེ། དབང་གསུམ ་གྱི་དབྱེ་བས་སོ། །སྦོམ་པོ་ལ་གསུམ་སྟེ། ལུས་ལ་སོགས་པའི་བྱེ་བྲག་གིས་སོ་དེ་ལ་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའི་སྡོམ་པ་གསུམ་ལ་གནས་ན་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཆེན་པོ་འཐོབ་བོ་ཞེས་འབྱུང་ལ། དེ་ཡང་རྡོ་རྗེ ་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ནས་ཇི་སྐད་དུ། བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྟ་གཞན་ལ་ནི་མི་མོས་པས། །དཀོན་མཆོག་གསུམ་ལ་དང་པ་དང། །དེ་ལ་གཞོལ་ཞིང་འབབ་པ་ཡིས། །གསོད་དང་རྐུན་དང་འཁྲིག་པ་དང། ། ་བརྫུན་དང་ཆང་ནི་རྣམ་པར་སྤང། །ཁྱིམ?་པའི་ཚུལ་དུ་གནས་པས་ཀྱང། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒྲུབ། །གལ་ཏེ་དེར་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་འགྱུར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི ་སྡོམ་པའོ་ཞེས་གསུངས་པས། །དེའི་དོན་ལ་འཇུག་པར་བྱ་སྟེ་། འདིར་དེ་དག་དང་མི་འགལ་བ་ནི་ཡེ་ཤེས་ཀྱི་བྱེ་བྲག་གིས་ཏེ། རང་བཞིན་པའི་ཆོས་བཞི་མི་སྤྱད་ཅིང། །བཅས་པ་ལ་དེ་བཞིན་ཉིད་ཀྱི་ཅན་གྱིས་ཤེས་པས་སྤྱོད་ཅིང། །དོན་ཆེན ་པོ་ཡོད་པའི་ཕྱིར་དང། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་ནི་དངོས་པོ་ལ་འགལ་བ་མེད་པས་ཉེས་བྱས་ལ་སོགས་པར་མི་བཞག་གོ་།དེ་ལྟར་རྩ་བའི་དམ་ཚིག་བསྟན་པ་ལ་སྤྱིར་བཏང་བ་ནི་གང་ལ་གནོད་པ་དང། གང་གི་བར་དུ་གཅོད་པ ་དང། གང་དྲི་མ་ཅན་དུ་བྱས་པ་སྟེ་དགེ་བའི་རྩ་བ་གསུམ་དང་། དངོས་གྲུབ་གཉིས་དང། རང་གི་རྒྱུད་དང་། གོ་རིམ་བཞིན་ནོ། །དེ་ལ་དངོས་བཞི་ནི་གཉི་གའི་བར་དུ་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །?་ནི་གཉི ་གའི་བར་དུ་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་ཡང་། སྡུག་བསྔལ་དྲག་པོ་ལ་སོགས་པ་མ་ཡིན་པ་དང་། འབྲིང་གིས་ནི་གཉི་གའི་བར་དུ་གཅོད་ཀྱང་ངན་སོང་དུ་ལྟུར་བའི་རྒྱུ་དེ་ཁྱད་པར་དུ་མི་བྱེད་པ་དང། ཆུང་དུས་ནི་འཇིག་རྟེན་པའི ་དངོས་གྲུབ་ཀྱི་བར་དུ་གཅོད་དོ། །ཡང་སྦྱིར་འགྲོ་བ་ནི་ཉོན་མོངས་པ་དྲུག་པ་དང་། ཉེ་བའི་ཉོན་མོངས་པ་དང་འབྲེལ་པའོ། །ཡང་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང། ཀུན་ཏུ་བརྟགས་པའོ། །ཡང་བདུན་ཏེ། སྦྱོར་བ་དང། དངོས་བཞི་དང། ་ཉེས་བྱས་དང། ཉེས་པ་མེད་པ་དང། ཕྱོགས་དང་མཐུན་པ་དང་། བསླབ་པར་བྱ་བ་དང་། དྲི་མ་ལས་ལྡང་པའོ། །ལྡང་པ་ལ་བདུན་ཏེ་། དབང་དང་། ཚོགས་དང། བསྙེན་བསྒྲུབ་དང་། ཚོགས་པའི་མཐུ་དང་། བཟླས་པ་དང། ་སེམས་སུན་འབྱིན་པ་དང། ཐ་མལ་བ་ལ་བཤགས་པའོ། །ད་ནི་གཞུད་ལ་འཇུག་པར་བྱ་སྟེ་། སློབ་དཔོན་ལ་ནི་བརྙས་པ་དང་ཞེས་སྨོས་པ་ལ་གང་ལས་དབང་བསྐུར་མཆོག་ཐོབ་པ་མེད་པ་དང་། སློབ་དཔོན་གྱིས་དེ་ཉིད་བསྟན་པ་དང ་དེར་འདུ་ཤེས་པ་དང། །ཉོན་མོངས་པ་དང་འབྲེལ་པའི་སེམས་དང། ལུས་ངག་ཡིད་ཀྱི་སྦྱོར་བ་བྱས་པ་དང། གོ་པ་འམ་ཁྱད་པར་ཅན་གྱིས་ཉོན་མོངས་བསྐྱེད་པ་དང། རང་བཞིན་དུ་གནས་པ་དང། དབང ་དང་ལྡན་པ་དང། རྨི་ལམ་ཡིན་པ་དང་། ཡན་ལག་བརྒྱད་ཀྱིས་ནི་དངོས་བཞི་ཡིན་ལ། སྦྱོར་བ་ནི་ཇི་སྲིད་མ་རྫོགས་པ་དེ་སྲིད་དོ། །གཞན་མཆེད?་བ་ལ་ཡན་ལག་གཙོ་བོ་ཡོད་པ་ནི་ཉེས་པ་ཆེན་པའི། །འབྲིང་དང་ཆུང་དུ་ཡོད་པ་ལ་ནི་ཉེས་པ་འབྲིང ་དང་ཆུང་དུའོ། །གསུམ་པོ་ལྟ་བུའི་གནས་སྐབས་སུ་ནི་ཉེས་པ་མེད་དོ། །གཉིས་དང་ཤན་འདྲ་བ་ནི་ཕྱོགས་དང་མཐུན་པའོ། །སློབ་དཔོན་ཐམས་ཅད་ལ་རྡོ་རྗེ་སེམས་དཔར་བལྟའོ། །ཞེས་པ་ནི་བསླབ་པར་བྱ་པའོ། །རྩ་བ་ནི་དབང་གིས་ལྡང་ངོ། །ཚོགས་དང ་བསྙེན་བསྒྲུབ་མ་གཏོགས་པ་བཞིས་ནི་འདྲ་བ་ལས་ལྡང་ངོ། །གོང་མ་གཉིས་ཀྱིས་ནི་འབྲིང་ལས་ལྡང་ངོ། །ཐ་མ་གཉིས་ཀྱིས་ནི་ཆུང་དུ་ལས་ལྡང་ངོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །བདེ་གཤེགས་བཀའ་ལས་འདས ་པ་དང་ཞེས་སྨོས་པ་ལས། འདིར་ནི་བདེ་བར་གཤེགས་པའི་བཀའ་དང། རྡོ་རྗེ་འཆང་གི་བཀའ་ཐམས་ཅད་ཀྱང་གདུལ་བྱའི་ཆེད་དུ་ཡིན་ལ། དེ་ཡང་འགྲོ་བའི་དོན་ཏུ་སྟེ། དེ་བས་ན་གང་ཟག་བདག་གྲོལ་བའི་དབང་དུ་བྱས་པས་ཐམས་ཅད་ཀྱང་དེར ་འདུས་སོ། །རྡོ་རྗེ་འཆང་གི་བཀའ་ཡང་བཞི་སྟེ། ལས་ཀྱི་བྱེ་བྲག་ཐམས་ཅད་བདེ་བར་གཤེགས་པའི་བཀའ་དང། བསྲུང་བར་བྱ་བ་དང། བསྒྲུབ་པའི་ཐབས་དང། འབྲས་བུའོ། །དེ་ལས་འདས་པ་ནི་གཉིས་ཏེ། ལོག་པར་སྤྱོད་པ་དང། ལོག་པར་སྟོན ་པའོ། །དེ་དག་ཀྱང་དགག་སྒྲུབ་ཀྱི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་ལ་ཡན་ལག་ནི་ཐུན་མོང་བ་གསུམ་དང། ཉོན་མོངས་པའི་སེམས་དང་ལྡན་པ་དང། ཡུལ་ཁྱད་པར་ཅན་དང། དེར་འདུ་ཤེས་པ་དང། ལོག་པར་སྤྱོད་པའི་སྦྱོར་བ་བྱས་པ་དང། ངེས་པ ་སྐྱེས་པ་སྟེ་བརྒྱད་ཀྱིས་དངོས་བཞིའོ། །སྟོན་པའི་ཕྱོགས་ལ་ཐ་མའི་གོར་གོ་བར་གྱུར་པ་གཞུག་གོ་།ལྡང་བ་ནི་ཚོགས་པའི་མཐུ་མན་ཆད་བཞིས་དངོས་གཞི་ལས་ལྡང་ངོ། །ཤེས་རབ་གསུམ་དང། ཉོན་མོངས་པའི་སེམས་དང། ཡུལ་དེ་གོང་མ་ལྟ་བུ ་ཡིན་པ་དང། དེར་འདུ་ཤེས་པ་དང་སྦྱོར་བ་བྱས་པ་དང། གོ་བའམ་ཉོན་མོངས་པ་ཁྱད་པར་ཅན་བསྐྱེད་པ་དང། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །དེ་ནི་ཚོགས་ཀྱི་འཁོར་ལོས་ལྡང་ངོ། །གཞན་ནི་སྔ་མ་བཞིན་ནོ། །ཆོམ་ཀུན་གྱི ་གནས་ཀྱི་གྲོགས་སྟོབས་ཅན་ལྟ་བུར་རྡོ་རྗེ་སྤུན་ཀུན་ལ་ལྟའོ། །ཞེས་པ་ནི་བསླབ་པར་བྱ་བའོ། །བྱམས་པ་ཆེན་པོ་སྤོང་བ་དང་ཞེས་པ་ལ་སེམས་ཅན་ཤིན་ཏུ་སྡུག་བསྔལ་དང་ལྡན་པ་ལ་བཏང་སྙོམས་དང་ལྡན་པ་དང། །དེར་འདུ་ཤེས་པ་དང། བགྲོད་དུ་རུང ་བ་ན་ཡོད་པར་མཐོང་པ་འམ་མ་ཐོས་པ་དང། ཉོན་མོངས་པའི་སེམས་དང། །ཐུན་མོངས་པ་གསུམ་དང། བདག་ལ་མཐུ་ཡོད་པ་དང། དགོངས་པ་མ་ཡིན་པ་དང། བདེ་བའི་སྦྱོར་བ་འདོར་བ་སྟེ་བཅུས་དངོས་གཞིར་འགྱུར་རོ། །ཚོགས་པའི་མཐུ ་མན་ཆད་བཞིས་དེ་ལས་ལྡང་ངོ། །སེམས་ཅན་ཐམས་ཅད་ལ་ཕ་མ་ལ་སོགས་པ་དང། བདག་ཉིད་ཀྱི་བར་དུ་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བྱང་ཆུབ་སེམས་ནི་འདོར་བ་དང་ཞེས་པ་ནི་དངོས་པོར་འཛིན་པ་དང་ཞེན་པ་སྟེ། ་སྤོང་བའི་གདམས་ངག་མི་ཚོལ་བ་དང། གཉེན་པོ་མི་བསྟེན་པ་དང། ཡང་དང་ཡང་དུ་འདོར་བ་དང། དེའི་དབང་གི་ཉེས་པ་ལ་སྦྱོར་བའོ། །ཡན་ལག་གི་གྲངས་ནི་སྔ་མ་བཞིན་ནོ། །བདེ་བའི་སྦྱོར་བ་དོར་བ་ཞེས་པ་ནི། སྡུག་བསྔལ་དང་བྲལ་བའི་སྤྱོད ་པ་འདོར་བ་ཞེས་བཞག་།ལྡང་བ་ནི་སྔ་མ་བཞིན་ནོ། །མ་རྒལ་བ་བསྒྲལ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བསླབ་པར་བྱ་བའོ། །ལྷའི་བདག་ཉིད་ཕུང་པོ་སྨོད་ཞེས་པ་ནི། ལྟར་མི་སྒོམ་པ་དང། འབྲལ་བར་འདོད་པ་དང། དེ་ལས་གཞན་དུ་བསྒོམ ་པའོ། །ཡན་ལག་ནི་ཐུན་མོང་བ་བཞི་དང་། ཡུལ་དེ་དང་དེ་ལྟ་བུ་ཡིན་པ་དང། དེར་འདུ་ཤེས་པ་དང། གོང་མ་གསུམ་གང་ཡང་རུང་བ་སྟེ། བདུན་གྱིས་དངོས་བཞིའོ། །ལྡང་བ་ནི་བསྙེན་གྲུབ་ཀྱིས་སོ། །ལུས་ལ ་མཚན་དང་དཔེ་བྱད་ལ་སོགས་པ་བསམ་པར་བྱའོ། །ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །ཐེག་པ་གསུམ་ལ་སྨོད་པ་དང་ཞེས་བྱ་བ་དང། གཉི་ག་དང་།རྣལ་འབྱོར་གྱི་རྒྱུད་དང་།གསང་བའི་ཐེག་པ་གསུམ་པོ་རྣལ་འབྱོར་མ་དང། ཐབས་དང་ཟུང ་དུ་འཇུག་པའོ། །སྨོད་པ་ནི་གཞུང་བཞིན་མ་སྨོས་པའོ། །ཐུན་མོང་བཞི་དང་། ཡུལ་ཁྱད་པར་ཅན་དང། དེར་འདུ་ཤེས་པ་དང། མི་མཐུན་པའི་སྦྱོར་བ་བྱས་པ་དང། ཡང་དག་པའི་སྦྱོར་བ་ལོག་པ་སྟེ་བརྒྱད་ཀྱིས་དངོས་གཞིའོ། །ཚོགས་པའི་མཐུ་མན ་ཆད་བཞིས་ལྡང་ངོ། །མེད་ན་མི་འབྱུང་འབྱུང་བའི་ལམ་གསུམ་དུ་ཤེས་པར་བྱའོ། །ཞེས་པ་ནི་བསླབ་པར་བྱའོ། །ཡང་དག་ཆོས་ལ་ཡིད་གཉིས་ཟ་ཞེས་པ་ལ་བསྲུང་པ་དང། སྒྲུབ་པ་དང། ཐོབ་པ་དོན་དམ་པའི་རང་བཞིན་ལ་ཡིད་གཉིས་ཟ་བ་སྟེ། ་ཐུན་མོངས་པ་བཞི་དང། དོན་དམ་པ་དག་པ་དང་འབྲེལ་བ་དང་།དེར་འདུ་ཤེས་པ་དང། མེད་དམ་སྙམ་པའི་བློ་གཉིས་དང་། འདི་ལམ་དད་པ་དང་གཏང་སྙོམས་སུ་དོར་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །ཆོས་ཐམས་ཅད་ལ་ཚུལ ་གཅིག་ཁོ་ནས་ཤེས་པར་བྱའོ་ཞེས་བྱ་བ་ནི་སླབ་པར་བྱ་བའོ། །ཆོས་ལ་གཉིས་སུ་འབྱེད་པ་ཞེས་པ་ནི་ཆོས་རྣལ་འབྱོར་ཆེན་པོ་ལ་སོགས་པའི་གྲུབ་པའི་མཛའ་ལས་གྲགས་པའི་སྐྱེད་པ་དང་རྫོགས་པའི་ཆ་ཤིན་ཏུ་ཕྲ་བ་ཕྱི་རོལ་པའི་གྲུབ་པའི་མཐར་འཆད ་ཅིང་འཛིན་པ་འམ། སངས་རྒྱས་པའི་གྲུབ་པའི་མཛའ་ལ་བཟང་ངན་འབྱེད་པ་འམ་སྟོན་པ་སྟེ། ཐུན་མོང་པ་བཞི་དང། ཡུལ་ཁྱད་པར་ཅན་དང་།དེར་འདུ་ཤེས་པ་དང། མི་མཐུན་པའི་སྦྱོར་བ་བྱས་པ་དང། གཞན་གྱིས་གོ་བ་དང། དགོངས་པ་མ་ཡིན་པ་སྟེ ་དགུས་དངོས་གཞིར་འགྱུར་རོ། །ཚོགས་པའི་མཐུ་མན་ཆད་བཞིས་ལྡང་ངོ། །ལམ་ལ་བྱེ་བྲག་མེད་པར་བསླབ་པར་བྱ་ཞིང་བདེན་པར་སྨྲ་བར་བྱ་བའོ། །གདུག་ལ་བྱམས་དང་ཆགས་བྲལ་དང་ཞེས་པ་ལ། འདིར་སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པ་དང ་སུན་འབྱིན་པ་སྟེ། སྟོབས་དང་ལྡན་པ་དང། བཅོས་བཅོམ་པའོ། །དེ་དག་ཆོས་དང་ཟང་ཟིང་གི་འབྲེལ་པ་དང་བྲལ་བར་བྱ་བ་སྟེ། གི?་ལས་གཞན་དུ་བྱེད་པ་ནི་ཉེས་པའོ། །ཐུན་མོང་པ་བཞི་དང། ཡུལ་ཁྱད་པར་ཅན་དང་དེ་ལྟར་འདུ་ཤེས་པ་དང། སྦྱོར་བ་བྱས ་པ་དང། དགོངས་པ་མ་ཡིན་པ་དང། གཞན་གྱིས་གོ་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སློབ་དཔོན་སྨོད་པ་དང། །དཀོན་མཆོག་གསུམ་ལ་གནོད་བྱེད་པ་། འབད་པས་བསད་པར་བྱ་བ་ཡིན་ཞེས་པ་ནི་བསླབ་པར་བྱ་པའོ།། ་ཆགས་བྲལ་བ་ནི་སྙིང་རྗེ་དང་བྲལ་བའོ། །སྐལ་མིན་གསང་བ་སྟོན་པ་དང་ཞེས་འབྱུང་བ་ལ་ཐུན་མོང་པ་བཞི་དང་།རུང་བར་མ་བྱས་པའི་ཡུལ་དང། དེར་འདུ་ཤེས་པ་དང། ངག་གི་སྦྱོར་བ་བྱས་པ་དང། དབང་དང་འབྲེལ་ཞིང་ཟབ་པ་དང། རྒྱ་ཆེ་བ ་བརྗོད་པ་དང། དགོངས་པ་མ་ཡིན་པ་དང། གོ་བ་སྟེ་བཅས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །འདི་ན་གསང་བའི་སྣོད་དཀོན་པར་བལྟའོ་ཞེས་པ་ནི་བསླབ་པར་བྱ་བའོ། །དང་ལྡན་སེམས་ནི་སུན་འབྱིན་དང་ཞེས་འབྱུང་བ་ལ་ཐུན་མོང་བ་བཞི་དང། ་ཡུལ་རུང་བར་གྱུར་བ་དང། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང། ངག་གི་སྦྱོར་བ་བྱས་པ་དང། ངག་གི་སྦྱོར་བ་བྱས་པ་དང། གོ་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱའོ་ཞེས་བྱ་བ་ནི་བསླབ ་པར་བྱ་བའོ། །དམ་ཚིག་ལས་ནི་ཇི་བཞིན་རྙེད་མི་བསྟེན་ཞེས་བྱ་བ་ནི་ཐུན་མོང་བཞི་དང། རྫས་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་།ཚོགས་ཀྱི་འཁོར་ལོའི་དུས་དང་། དགོངས་པ་མ་ཡིན་པ་དང་།གཞན་གྱིས་གོ་བ་སྟེ་དགུས་དངོས་བཞིའོ། །ལྡང? ་པ་ནི་ཚོགས་ཀྱི་འཁོར་ལོས་སོ། །སྤྱོད་པ་ཐམས་ཅད་དང་མཐུན་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་པའོ། །ཤེས་རབ་རང་བཞིན་ཅན་སྨོད་པ་ཞེས་བྱ་བ་ནི་དམ་ཚིག་དུས་སུ་རུང་བ་གཟུངས་སུ་བྱས་པ་འམ་ཡོན་ཏན་དང་ལྡན་པའོ།། ་སྨོད་པ་ནི་སྐྱོན་བརྗོད་པའོ། །ཐུན་མོངས་པ་བཞི་དང། ཡུལ་ཁྱད་པར་ཅན་དང། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང། གང་ཡང་རུང་བས་གོ་བར་བྱས་པ་དང་།དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་བསྙེན ་སྒྲུབ་ལ་སོགས་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དམིགས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། བྱང་ཆུབ་སེམས་འདོད་བདེ་གཤེགས་བཀའ་འདས་དང། །བྱམས ་སྤོང?་ཐེག་གསུམ་སྨོད་དང་ཆོས་ཡིད་གཉིས་ཐུགས་ཀྱེའོ། །སློབ་དཔོན་བརྙས་དང་ལྷ་ཉིད་ཕུང་པོ་སྨོད། །དམ་ཚིག་མ་སྟེན་ཤེས་རབ་སྨོད་པ་རྣམས། །སྐུའི་འོ?་མི་བསྔགས་བརྗོད་དང་དང་ལྡན་སེམས་སུན་འབྱིན། །གདུག་ལ་ཆགས་བྲལ་ཆོས ་གཉིས་གསང་བ་སྟོན། །གསུང་གིའོ། །གཞན་ཡང་རྩ་བའི་དངོས་གཞིའི་ཡན་ལག་མཚང་བ་ལས། སྦོམ་པོ་ལ་སོགས་པ་གསུམ་གྱི་བྱེ་བྲག་གིས་རྣམ་པ་དུ་མར་འགྱུར་བ་བསྟན་པ་ལས། །འདིར་དེ་དང་མི་འདྲ་པའི་ཉེས་པ་སྦོམ་པོར་བསྟན་པར་བྱ? ་སྟེ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང། །ཞེས་འབྱུང་བ་ལ་ཐུན་མོང་བ་བཞི་དང། །ཡུལ་དམ་ཚིག་མེད་པ་དང། དེར་འདུ་ཤེས་པ་དང། སྦྱོར་བ་བྱས་པ་དང། ཉམས་སུ་མྱོང་བ་སྟེ་བརྒྱད་ཀྱིས་དངོས་གཞིར་འགྱུར་རོ།། ་ལྡང་བ་ནི་གཉེན་སྒྲུབ་མན་ཆད་ཀྱིས་སོ། །མའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཚོགས་ཀྱི་འཁོར་ལོར་བརྩོད་པ་དང་ཞེས་པ་ནི་ཐུན་མོང་བ་བཞི་དང་། བླ་མ་འམ་རྡོ་རྗེ་སྤུན་གྱི་ཚོགས་པ་དང་། སྒྲུབ་པ་འམ། དམ་ཚིག ་གི་དཀྱིལ་འཁོར་ཕྱི་ནང་དུ་ཞུགས་པའི་དུས་དང། དེར་འདུ་ཤེས་པ་དང། དག་གི་སྦྱོར་བ་བྱས་པ་དང། དགོངས་པ་མ་ཡིན་པ་སྟེ་བཅུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་རིགས་ཀྱིས་སོ། །བག་ཡོད་པར་བྱ་ཞེས་པ་ནི་བསླབ་པར་བྱ་པའོ། །སེམས ་ཅན་དད་དང་ལྡན་པ་ལ། དམ་ཆོས་གཞན་དུ་སྟོན་པ་དང། ཞེས་བྱ་བ་ལ་ཐུན་མོང་བ་བཞི་དང། སེམས་ཅན་སྣོད་དུ་གྱུར་པ་དང། དེར་འདུ་ཤེས་པ་དང། གཞན་སྟོན་པའི་དག་གིས་སྦྱོར་བ་བྱས་པ་དང། གོ་བ་དང། དགོངས་པ་མ་ཡིན་པ ་སྟེ། དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །བདེན་པར་སྨྲ་བར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང། །ཞེས་པ་ལ་འདིར་སྐུར?་བ་འདེངས་པ་དང། ་མི་མོས་པ་ཡིན་པར་བཟུང་ངོ། །ཞག་བདུན་ནམ་དྲུག་ཏུ་འགྲོན་པར་དུ་གནས་ཤིང་རང་གི་སྤྱད་པ་མི་བྱེད་པ་ན་ལུང་དང་ཡུལ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་འདས་པ་ནི་དུས་ཀྱི་སྒྲུབ་པར་ཚད་པའི་ཕྱིར་རོ། །ཁ་ཅིག་ནི་ཡོན་ཏན་བདུན་དང་ལྡན ་པའི་ལྷའི་རྣལ་འབྱོར་ཅན་ཞག་གཅིག་ཀྱང་གནས་པར་མི་བྱའོ་ཞེས་འཆད་དོ། །དེ་ཡང་འདི་ལྟ་སྟེ། དཀྱིལ་འཁོར་ཚོགས་དད་སྦྱིན་བསྲེག་དང། །མཆོད་དང་གཏོར་མ་གོ་རིམ་དང། །དེ་ཉིད་དང་ནི་བདུན་དུ་བསྟན། །ཞེས་འགྱུར་བའི་རྣལ་འབྱོར་པའོ།། ་འདིར་ཡང་ཐུན་མོང་པ་བཞི་དང། ཡུལ་ཁྱད་པར་ཅན་དང། དེར་འདུ་ཤེས་པ་དང། ཞག་བདུན་བཟླས་པ་དང། དགོངས་པ་མ་ཡིན་པ་སྟེ་བརྒྱད་ཀྱིས་དངོས་བཞིར་འགྱུར་རོ། །ལྡང་བ་ནི་ཚོགས་ཀྱི་འཁོར་ལོས་སོ། །གཅིག་པུར་གནས་པར། ། ་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །སྦྱོར་པ་དོན་པར་མ་བྱས་པའི། །སྐལ་མིན་གསང་བ་སྒྲོག་པ་དང་ཞེས་པ་ནི་དམ་ཚིག་ཐོབ་ཀྱང་ཕུན་སུམ་ཚོགས་པ་མ་ཡིན་པ་དང། དེ་དང་མི་ལྡན་པ་ལ་བྱའོ། །ཐུན་མོང་བ་བཞི་དང། ཡུལ་ཁྱད་པར་ཅན ་དང། དེར་འདུ་ཤེས་པ་དང་། དབང་དང་འབྲེལ་པའི་གསང་པ་དང། དག་གི་སྦྱོར་བ་བྱས་པ་དང།?་གོ་བ་དང་དགོངས་པ་མ་ཡིན་པ་སྟེ་བཅུས་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །བརྒྱད་བརྟགས ་པར་བྱའོ། །ཞེས་པ་ནི་སླབ་པར་བྱའོ། །གང་ཞིག་ཕྱག་རྒྱ་མི་མ་ལས་པས། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་ཞེས་པ་ལ། །ཐུན་མོང་པ་བཞི་དང་། དེང་འདུ་ཤེས་པ་དང། དགོངས་པ་མ་ཡིན་པ་དང། མཐོང་བ་སྟེ། ་བརྒྱད་ཀྱི་དངོས་གཞིར་འགྱུར་རོ། །ལྡང་བ་ནི་གཉེན་སྒྲུབ་ཀྱིས་སོ། །ཤིན་ཏུ་སྦ་བར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་ཞེས་པ་ལ། ཐུན་མོང་པ་བཞི་དང། དག་པར ་མ་བྱས་པ་དང། དེར་འདུ་ཤེས་པ་དང། དགོངས་པ་མ་ཡིན་པ་དང། སྦྱོར་བ་དང་ཞུགས་པ་སྟེ་། དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བསྙེན་སྒྲུབ་ཀྱིས་སོ། །མཚན་མ་ཐོབ་ནས་འཇུག་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །སྡོམ ་པ་གཉིས་ཀྱི་བཅས་པ་ལས་།དགོས་པ་མེད་པར་འདའ་བ་དང། ཞེས་པ་ལ་ཐུན་མོང་པ་བཞི་དང། ལྟུང་བའི་ཡུལ་ཡིན་པ་དང་།དེར་འདུ་ཤེས་པ་དང་།དགོངས་པ་མ་ཡིན་པ་དང། སྦྱོར་བ་དང། དེ་དག་ལས་འདས་པ་སྟེ་དགུས ་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །སྡོམ་པ་གསུམ་ལ་གནས་པར་བྱའོ།། །།བླ་མ་ལྔ་བཅུ་པའི་ཉེས་པ་ནི་ཅི་རིགས་པར་བཅུ་བཞི་པའི་ནང་དུ་འདུས་པར་རིག་པར་བྱའོ།། །། ་སློབ་དཔོན་ཆེན་པོ་དཔལ་ལཀྵྣཱི?་ཀ་རའི་ཞལ་ནས་མཛད་པ་། རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་རྫོགས་སོ།། །།རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་བཞུགས་།སློབ་དཔོན་ཆེན་པོ་སྙིང་པོ་ཞལ་ཀྱིས་མཛད། ། ་