| Wylie | e-texts based on the ACIP/ALL Input |
དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ཇི་བཞིན་རྙེད་པ་དང་།མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །འདི་དག་རྣམ་པར་སྤངས ་པ་ཡི། །སྔགས་པས་དངོས་གྲུབ་ཉེ་བར་འཐོབ། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པས་བདུད་ཀྱི་བཟུང་འགྱུར་ཏེ། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །རང ་གི་འཁྲུལ་པ་ཤེས་བྱས་ལ། །ཅི་འབྱོར་པ་ཡིས་བླ་མ་ལ། །ཐུབ་པའི་སྤྱན་སྔར་མཆོད་བྱས་ནས། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་བདག་།གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ ་བླང་བར་བྱ། །རྡོ་རྗེ་ཐེག?་པའི་རྩ་བའི་ལྟུང་བ་བསྡུས་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སྠཱུ་ལ་པཏ་ཏི། བོད་སྐད་དུ། ལྟུང་བ་སྦོམ་པོ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ་རྡོ་རྗེ་སེམས་དང་བླ་མ་ཡིན། །ཞབས་ཀྱི་པདྨར་རབ་བདུད་དེ། །རྣལ་འབྱོར་སྡོམ་པར་གང་གསུངས་པའི། །ལྟུང་བ་སྒོམ་པོ་བཤད་པར་བྱ། །རྣལ་འབྱོར་གང་ཞིག་རིག་མ་ནི། །དམ་ཚིག་མེད་པའང་སྟོབས་ཀྱིས་སྤྱོད། །དེ་ལ་འཕྱ་བར་བྱེད་པ་ཡང།། ་དེ་ཡི་ལྟུང་བ་དང་པོར་གསུངས། །རྒྱུད་ལས་མེ་གསུངས་རིམ་ཉིད་ཀྱིས། །གང་ཞིག་བདུད་རྩི་བསྟེན་པ་ཡང། །དེ་ལ་ངན་འགྲོར་ལྟུང་བ་ཡི། །ལྟུང་བ་གཉིས་པར་འགྱུར་བ་ཡིན། །རྨོངས་པ་གང་ཞིག་ཚོགས་འཁོར་ལོ། །རྩོད་པར་སངས་རྒྱས་ཀྱིས་གསུངས ་པའི། །དམ་ཚིག་ལ་ནི་?་གང་བྱེད། །དེ་ལ་གསུམ་པར་འགྱུར་བ་ཡིན། །གསང་པའི་ཆོས་ནི་གང་གསུངས་པ། །བློ་ངན་གསང་བར་མི་བྱེད་ན། །རྨོངས་པའི་རྣལ་འབྱོར་པ་དེ་ལ། །སྦོམ་པོའི་ལྟུང་བ་བཞི་པར་འགྱུར། །དད་ལྡན་ཆོས་ལ་འདྲི་བ ་ན། ཆོས་ཉིད་གཞན་དུ་སྟོན་པ་ནི། །དེ་ལ་སྦོམ་པོར་བཤད་པ་ཡི། །ལྟུང་བ་ལྔ་པར་རྒྱལ་བས་གསུངས། །ཉན་ཐོས་ཐེག་པ་ཅན་དག་དང། །ཞག་བདུན་དུ་ནི་ལྷན་ཅིག་གནས། །སྦོམ་པོར་གྲགས་པ་དེ་ལ་ནི། །དྲུག་པ་རབ་ཏུ་འགྱུར་བ་ཡིད། །ཡང་དག་དེ་ཉིད ་ང་རྒྱལ་བྱེད། །གང་ཞིག་དེ་ཉིད་ང་རྒྱལ་བྱེད། །རྨོངས་པའི་སེམས་ལྡན་དེ་ལ་ནི། །སྒོམ་པོ་ཞེས་བྱ་བདུན་པ་ཡིན། །གང་ཞིག་སྣོད་མིན་སེམས་ཅན་ལ་།ཕྱི་ཡིས་ཆོས་མོས་དེ་ལ་ཡང། །གསང་པའི་ཆོས་ནི་ཡང་དག་སྟོན། །དེ་ལ་སྦོམ་པོ་བརྒྱད་པར་འགྱུར། ་བློ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །འདི་དག་སྤང་བར་བྱ་བ་སྟེ། །གལ་ཏེ་བྱུང་ན་ཆོ་ག་བཞིན་ནོ། །བཤགས་ན་དམྱལ་བར་མི་འགྲོའོ། །ཐབས་ནི་འདི་དག་ཉིད་ཀྱིས་ནི། །བསྙེན་པར་བཤགས་པར་མི་བྱེད་ན། །བླ་མས་སློབ་མིན་དེ་བཞིན་དུ། །རྡོ་རྗེའི ་སྤུན་གྱི་ཚོགས་ཀྱིས་ཀྱང། །ལྟུང་བ་བསྡུས་པ་བྱས་པ་ལས། །བདག་གིས་བསོད་ནམས་གང་ཐོབ་པ། །འགྲོ་ཀུན་ལྟུང་བས་མི་གོས་ཤིང། །དམ་ཚིག་སྣོད་དུ་འགྱུར་བར་ཤོག་།ལྟུང་བ་སྦོམ་པོར་བསྡུས་པ། །སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ ་རྫོགས་སོ།། །། *། །རྒྱུད་གཞན་ལས་གསུངས་པའི་ལྟུང་བའི་མཚན་ཉིད་གཞན་བཤད་པ་ཡང་བརྗོད་པར་བྱ་སྟེ། རང་ལྷ་བླང་དོར་ལྟུང་བ་མིག་།དེ་ཉིད་དུས་འདས་རི་བོང་ཅན། །ལྷ་གཞན་དགའ་བ་ཡོན་ཏན་ནོ། །རིག་བྱེད་དངོས་ལ ་ཞེན་པ་ཡིན། །མ་རྫོགས་རྫོགས་བྱེད་མངའ་ཡིན་ནོ། །འཇིག་རྟེན་ཆོས་ཕྱིར་དབང་པོ་ཡིན། །ཁྱད་དུ་གསོད་པ་ཡང་ནི་རི། །གོང་མེད་ཚུལ་སྟོན་བཀྲ་ཤིས་སོ། ། ཕྲིན་ལས་མ་རྫོགས་གཟའ་ཞེས་གྲགས། །དོན་མེད་གནས་པ་ཕྱོགས་ཡིན་ནོ། །བརྩེ་བ་གཏོང་བ་? ་པོ་སྟེ། །དམན་པའི་སྤྱོད་པ་ཉི་མའོ། །ཟང་ཟིང་རྟོགས་པ་ཡན་ལག་གོ་།ཡོངས་སུ་མི་འཛིན་ས་ཞེས་གྲགས། །རང་སྤྱོད་འདོར་པ་ཆོས་ཞེས་གྲགས། །ལྟུང་བ་བཅོ་ལྔ་པ་རྫོགས་སོ།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམ་པ་ཉེར་བསྟེན་ཅིག ་