CLOSE WINDOW

N2099: rdo rje theg pa rtsa ba'i ltung ba bsdus pa
Wyliee-texts based on the ACIP/ALL Input

ཞེས་བྱ་བ་དང་ད་ཡང་སྤོམ་པོའི་ལྟུང་བ་བརྒྱད་དང་བཅས་པ་བཞུགས། ། *། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པ་ཏི་སཾ་གྲ་ཧ། བོད་སྐད་དུ། རྡོ་རྗེ་ཐེག་ལ་རྩེ་བའི་ལྟུང་བ་བསྡུས་པ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང ་བླ་མ་ཡི། །ཞབས་ཀྱི་པདྨར་རབ་བཏུད། །རྩ་བའི་ལྟུང་བ་བཅུ་བཞི་ནི། །རྒྱུད་ལས་གསུངས་པ་བཤད་པར་བྱ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བསྙད་པ་ནི། །རྩ་བའི་ལྟུང་པ་དང་པོར ་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་གསུངས། །ཁྲོས་བས་རྡོ་རྗེ་སྤུན་གྱི་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང། །བཞི་པ་ཡིན་པར་རྒྱལ་པས་གསུངས་སུ?།། ་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་དམ་གཞན་གྱི་གྲུབ་པའི་མཛའ་། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །སྨོད་པར ་བྱེད་པ་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་བ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་བར་འདོད། །ཆད་སོགས་མ་ཡིན་ཆོས?་རྣམས་ལ། །བརྟགས་པ་ལས་ནི་བཅུ་གཅིག་པ། །སེམས་ཅན་དང ་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ཇི་བཞིན་རྙེད་པ་དང་།མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །འདི་དག་རྣམ་པར་སྤངས ་པ་ཡི། །སྔགས་པས་དངོས་གྲུབ་ཉེ་བར་འཐོབ། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པས་བདུད་ཀྱི་བཟུང་འགྱུར་ཏེ། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །རང ་གི་འཁྲུལ་པ་ཤེས་བྱས་ལ། །ཅི་འབྱོར་པ་ཡིས་བླ་མ་ལ། །ཐུབ་པའི་སྤྱན་སྔར་མཆོད་བྱས་ནས། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་བདག་།གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ ་བླང་བར་བྱ། །རྡོ་རྗེ་ཐེག?་པའི་རྩ་བའི་ལྟུང་བ་བསྡུས་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སྠཱུ་ལ་པཏ་ཏི། བོད་སྐད་དུ། ལྟུང་བ་སྦོམ་པོ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ་