CLOSE WINDOW

N2096: rin po che 'khor lo'i dbang gi man ngag gi rim pa
Wyliee-texts based on the ACIP/ALL Input

རིན་པོ་ཆེ་ཁོང?་ཡེའི?་དབང་གི་མན་ངག་གི་རིམ་པ་ཤེས་བྱ་བ་དབང་པོའི?་སློབས?་འགྱུར་པོའི་དབང་པོས་མཛད་པ་བཞུགས། །*། །རྒྱ་གར་སྐད་དུ། རཏན་ཙཀྲ་ཨ་བྷིཥེ་ཀ་ཨུ་བ་དེ་ཤ་ཀྲ་མ། བོད་སྐད་དུ། རིན་པོ་ཆེ་འཁོར་ལོའི་དབང་གི་མན་ངག ་གི་རིམ་པ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དབང་ཕྱུག་བདེ་ཆེན་པོ། །དཀྱིལ་འཁོར་སྒྱུ་མ་ལ་གནས་ཤིང། །དང་པོ་གཉིས་གསུམ་བཞི་པ་ཡི། །མན་ངག་རྫོགས་ལ་ཕྱག་འཚལ་འདུད། །མཐོང་བའི་ཆོས་ལ་ས་རབ་ནོན། །དབང ་དང་མན་ངག་འབྲེལ་བཅས་པའི། །རྒྱུད་རྣམས་ཀུན་ལ་རབ་འཇུག་པ། །ིནྡྲ་བྷུ་ཏི་བདག་གི་བཤད། །ཐབས་དང་ཤེས་རབ་ལ་སོགས་རྒྱུད། །ཕྱི་ནང་སྦས་དང་མཐར་ཐུག་པའི། །དབང་གི་རིམ་པ་ངོ་བོ་རུ། །རྡོ་རྗེ་བདག་པོས་ཡང་དག་བཤད། །དེ་བས ་རྒྱུད་ཀུན་དབང་ཡིན་པས། །མན་ངག་ཅན་གྱིས་ཤེས་པར་བྱ། །རྒྱུད་ཀྱི་ཚིག་ལ་རབ་གོམས་ཤིང། །སྨྲ་པའི་ཚིག་ལ་མ་རྨོངས་ཀྱང། །དབང་དང་མན་ངག་མ་ཐོབ་པ། །དེ་དག་ངལ་བ་དོན་མེད་ཡིན། །དབང་དང་མན་ངག་འདོད་པ་ཡིས། །རང་སྲོག་ལུས ་དང་རྫས་རྣམས་ཀྱིས། །བླ་མ་སློབ་དཔོན་མཉེས་བྱས་ལ། །ཐབས་ལ་མཁས་པས་འདོད་པ་བླང། །མན་ངག་ཐོབ་པའི་སྐྱེས་བུས་ཀྱང། །སྲོག་ལུས་བཏང་བར་ཕངས་པ་ལྟར། །མན་ངག་དམ་པ་དེ་བས་ཕངས། །དེ་བས་བཙལ་ཐབས་མཁས་པར་བྱ། །བླ་མའི ་དྲིན་ལན་མི་ཤེས་ཤིང། །མན་ངག་ཕྱལ་བར་སྦལ་བ་དང། །ཐོས་ནས་མི་མོས་མི་བསྒོམ་ན། །མཐོང་བའི་ཆོས་ལ་དམྱལ་ཚོགས་འཚེང། །བླ་མའི་དྲིན་ལན་མི་བརྗེད་ཅིང། །མན་ངག་བཙལ་བའི་ཐབས་མཁས་པ། །མོས་ཤིང་བསམ་གཏན་མཆོག་གཞོལ་བ། །རྒྱལ ་སྲས་ཀུན་གྱི་ནང་?་མཆོག་།དབང་བསྒྱུར་རིམ་པ་ཡང་དག་པའི། །གནས་དང་དུས་དང་སློབ་དཔོན་དང། །སློབ་མ་དང་ནི་གླེང་གཞི་དང། །དཀྱིལ་འཁོར་དག་དང་དེར་འཇུག་རིམ། །དབང་བསྐུར་རིམ་དང་རྣམ་གྲངས་པ། །བསྐུར་བའི་གནས་དང་ཐབས་དག་དང། །སྒྲིབ་བྱར? ་ཚར?་དང?་ནོན་དང། །དེ་འབྲེལ་མན་ངག་རིམ་པ་དང། །རྟགས་དག་དང་ནི་བརྡ་དང་དང། །རྫས་དག་དང་ཡང་དགོས་པའི་དོན། །ནུས་པའི་ཚད་དང་འབྲས་བུ་སྟེ། །རྣམ་པ་ཉི་ཤུས་མངོན་པར་བརྗོད། །དེ་དག་ཀུན་གྱི་མཚན་ཉིད་དང། །བུམ་པའི་དབང་དང་གསང་བའི ་དབང། །གསུམ་པ་ཤེས་རབ་ཡེ་ཤེས་དབང། །དེ་ལྟར་དེ་བཞིན་ཡང་བཞས?་བཤད། །རྒྱུད་རྣམས་ཀུན་གྱི་ཚིག་དོན་རྣམས། །མ་ལུས་འདིར་ནི་འདུས་པ་ཡིན། །དང་པོར་བུམ་དབང་གླེང་གཞི་ནས། །ཡང་དག་བརྩམས་ཏེ་བདག་གིས་བཤད། །ཀྱེ་འོ་ཤཱཀྱ་སེངྒེ་ལ། ་བལྟམ་ཚེ་ཀླུ་རྒྱལ་དགའ་སོགས་པས། །བུམ་པའི་ཆུ་ཡིས་ཁྲུས་བྱས་དང། །མངོན་པར་རྫོགས་པར་བྱང་ཆུབ་ཚེ། །ས་ཡི་ལྷ་མོས་བུམ་པ་ཡང། །བཀྲ་ཤིས་བརྗོད་ནས་ཕྱག་ཏུ་ཕུལ། །འཁོར་ལོས་སྒྱུར?་རྒྱལ་རྒྱུད་འབྱུང་བ། །སྤྱི་བོར་དབང་བསྐུར་གླེང་གཞི་ཡིན། 1་། ་གནས་ནི་རི་སོགས་ཡུལ་ཁམས་དང། །སྒྲུབ་ཁང་གནས་དང་མཎྜལ་ས། །བཀྲ་ཤིས་ཡིད་དགའ་རྗེས་མཐུན་པར། །སོ་སོ་རྒྱུད་ལས་གསུངས་པ་ཡིན། །དུས་ནི་བླ་མས་གནང་བ་ཡིན། །སློབ་མ་དད་པ་ཡོང་པ་དང། །དམ་ཆོས་འབྱུང་དང་སྒྲུབ་པ་དང། །དགོས་པ། ་ཕུན་སུམ་ཚོགས་པ་སྟེ། །རྣམ་པ་བཞིར་ནི་བརྗོད་པ་ཡིན། །སློབ་དཔོན་ཡོན་ཏན་ཀུན་ལྡན་ཞིང། །དབང་དང་དམ་ཚིག་ལྡན་པ་དང། །རྐྱེན་ཐུབ་ས་བོན་གཟི་བརྗིད་ཆེ། །སྙིང་རྗེར་ལྡན་ཞིང་སློབ་ལ་བརྩོན། །རིགས་ཅན་ཀུན་གྱིས་བསྐུར་བའི་ས། །དབང་མཆོག་བསྐུར་པར་གསུངས ་པ་ཡིན། 4་།སློབ་མ་ངང?་པར་ལྡན་པ་དང། །སློབ་དང་སྒྲུབ་ལ་དགའ་བ་དང། །རྩ་བའི་སྔགས་ཟློས་བྱེད་པ་དང། །སྔགས་རྒྱུད་དག་ལ་དགའ་སེམས་དང། །གཞན་ཡང་ཚེ་ཕྱི་དོན་འདོན་དང། །གཞན་ཡང་གླེགས་བམ་མཆོད་རྟེན་སོགས། །ཞལ་སྤྲོས་རིགས་པ་ཅི་དང ་ནི?། །གཞན་ཡང་ཆེ་འཕོས་ཆེད་དུ་སྟེ། །རྣམ་པ་འདི་དག་རྒྱལ་པས་གསུངས། 5་།དེ་དེ་ལ་ཡང་གླེང་གཞི་དག་།རྒྱུད་རྣམས་ཀུན་ལས་རྒྱས་པར་བསྟན། 6་།དཀྱིལ་འཁོར་སློབ་མ་རབ་འབྲིང་མཛའ་། །ཏིང་འཛིན་མེ་ཏོག་རྡུལ་ཚོན་རིམ་།གཞན་ཡང་ལུགས་འབུང་གཟོ་བྲིས་དང། ་གླེགས་བམ་མཆོད་རྟེན་བླ་མ་སོགས། །དེ་ཀུན་སྤྱན་སྔར་བུམ་དབང་ནི། །བསྐུར་དུ་རུང་བར་བདེ་གཤེགས་གསུངས། །དེ་དག་སོ་སོའི་ཆོ་གའི་རིམ། །སོ་སོའི་རྒྱུད་ལས་གསལ་བར་བྱ། །རྡུལ་ཚོན་ལ་སོགས་བྱེད་པའི་ཚེ། །ས་ནི་དག་པར ་བྱ་བ་དང། །བགེགས་གསལ་བ་དང་གཟུང་བ་དང། །བུམ་པའི་སྟ་གོན་བྱ་བ་དང། །ལྷ་དང་སློབ་མ་ཡོ་བྱད་རྣམས། །ཇི་ལྟར་སྟ་གོན་བྱ་བ་དང། །སྔོན་དུ་བསྙན་པའི་རིམ་པ་དང། །ཐིག་གདབ་པ་ཡི་ཆོ་ག་དང། །ཚོན་རྩི་དག་ནི་དཀྱེ?་བ་དང། །རྒྱན་རྣམས ་བཀོད་དེ་མཆོད་པ་དང། །ཡེ་ཤེས་དབབ་དང་མཆོད་སོགས་དང། །ཇི་ལྟར་གྲགས་པའི་ཆོགས་བྱ། །གང་ཟག་དང་པོས་རང་གིས་བྲི། །གཉིས་པ་གསུམ་པས་ཕབ་སྟེ་བྲི། །བཞི་པས་ཡིད་ཀྱི་བྱ་བ་ཡིན། །ལུགས་མ་ལ་སོགས་དེ་བཞིན་ནོ། །ཡང་ན ་སློབ་མའི་སྣོད་དང་སྦྱར། །ཡང་ན?་མོས་པའི་དབང་དུ་གསུངས། །དེར་འཇུག་པའི་རིམ་པ་ནི། །ཀུ་ཤ་སོ་ཤིང་ཀུད་པ་དང། །དག་པའི་ཆུས་རེག་གཙང་བྱས་པའི། །ཐུན་མོང་སྡོམ་གནས་སེམས་བསྐྱེད་པ། །སྒོར་བཀུག་མེ་ཏོག་སྦྱིན་བྱ་ཞིང། །གདོང ་གཡོགས་གསོལ་བཏབ་སྤྲོ་བསྐྱེད་དེ། །ཀུན་བྱེད་ཆུ་ཡིས་གསལ་དག་བྱ། །སྙིང་ལ་རྡོ་རྗེར་དེར་གཞན་བསྒོམ། །ཡོལ་བས་ནང་དུ་དྲངས་ནས་སུ། །བསྐོར་བ་ཕྱག་འཚལ་གསོལ་བ་གདབ། །མནའི་དམ་ཚིག་ཆོག་སྦྱིན། །ཐུན་མོང་བསྲུངས་པའི་དམ་ཚིག ་དཔོག་།ཕྱི་ཡི་དབབ་པའི་དམ་ཚིག་གིས། །ཕྱི་རོལ་རྡོ་རྗེ་འཛིན་པ་དབབ། །ཕྱིའི་མེ་ཏོག་ཕྲེང་དོར་རོ། །ཕྱིའི་རང་གི་ལྷ་ཡང་སྦྱིན། །ལྷུང་བའི་མཚན་མ་ཤེས་བྱ་བསྒོམ། །ཤ་མིག་དག་འགྱུར་སྔ་ལྟས་སུ། །ཅི་མཐོང་དྲི་བའི་ཆོ་ག་བྱ། །དེ་ནས་ཤའི་མིག་ཕྱེ་སྟེ།། ་གཟུགས་པར་ན་དཀྱིལ་འཁོར་བསྟན་པར་བྱ། །དེ་ཀུན་རྒྱུད་ནས་རྒྱས་པར་གསུངས། །དཀྱིལ་འཁོར་མཐོང་པའི་འོག་ཏུ་ནི། །དབང་གི་མཎྜལ་གནས་སུ་བཞག། མགོ་ལ་མེ་ཏོག་ཕྲེང་བཏགས་པ། །ལྷ་ཡི་དབང་སྟེ་དང་པོར་བཤད། །ཆུ་དང་དབུ་རྒྱན་རྒྱན་རྡོ་རྗེ་དང། །དྲིལ་བུ ་མིང་དང་རྣམ་པ་ལྔ། །སློབ་མ་རིག་པའི་དབང་ཞེས་བྱ། །དེ་ནས་སེང་གེའི་ཁྲི་སྟེང་དུ། །རིག་བྱེད་སློབ་དཔོན་དབང་སྦྱར་བྱ། །གོང་མ་བསྟན་པར་བྱ་བའི་ཕྱིར། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་གཉིས། །ཕྱག་རྒྱ་དམ་ཚིག་གསུམ་པ་ཡིན། །དབུགས་དབྱུང་བ་དང་ལུང ་བསྟན་པ། །ཕྱིར་མི་ལྡོག་སོགས་རིམ་པ་ཡིན། །དེ་ཀུན་བུམ་པའི་དབང་ཡིན་ཏེ། །དེར་ཡང་བུམ་ཁྲུས་བྱེད་ཕྱིར་རོ། 9་།གཞན་ཡང་དབང་གི་རྣམ་གྲངས་ནི། །སོ་སོའི་རྒྱེད་ཀྱི་རྗེས་འབྲངས་ཏེ། །ཇི་སྐད་གསུངས་པ་དེ་ཤེས་བྱ། །བུམ་པའི་དབང་ལ་རྣམ་གསུམ ་སྟེ། ཕྱི་དང་ནང་དང་སྦས་པའོ། །ཕྱི་ལ་ཐུན་མོང་ཁྱད་པར་ཏེ། །ཐུན་མོང་ཕྱི་པའི་རྒྱུད་དང་མཚུངས། །དེ་མཚུངས་བུམ་པའི་བཅུད་ནང་དུ། །མི་འཆི་བཅུ་ཕྱེད་དག་དང་ནི། །བཏུང་པ་སྣུམ་པོས་གང་བྱས་པ། །ཁྱད་པར་བུམ་པ་ཞེས་གསུངས་སོ། །ནང་གི་སློབ་དཔོན ་བླ་མའི་སྐུ། །བུམ་པའི་ནང་ནས་འབབ་པའི་ཆུས། །སློབ་མའི་སྤྱིར་བླུགས་སེམས་བསྐུལ་བྱེད། །སྦས་པའི་བུམ་པ་བདེ་ཆེན་གནས། །སྟོང་ཕྲག་བདུན་ཅུའི་རྩ་ལམ་ནས། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། །ལྷ་ཡི་ཆུ་ཡིས་ཁྲུས་བྱས་པ། །སྤས་པའི ་ཐབས་ཀྱི་བུམ་པའོ། །ཕྱག་རྒྱ་མ་ཡི་བུམ་པ་ནས། །སེམས་ཀྱི་ཆུ་དང་མཚལ་ཆེན་སེམས། །ཐབས་ཀྱི་གསང་བའི་ནོར་བུ་ལ། །དག་པའི་ཆུ་ཡིས་ཁྲུས་བྱེད་པ། །སྤས་པའི་ཤེས་རབ་བུམ་པར་བཤད། །དེ་ནས་བུམ་པའི་དབང་ལ་ཡང། །དབང་རྣམ་བཞིར་ནི་ངེས་གསུངས ་ཏེ། བུམ་པའི་བུམ་པ་ཐུན་མོང་སྟེ། །གསང་དབང་ཁྱད་པར་བུམ་པའོ། །ཤེས་རབ་ཡེ་ཤེས་སྦས་པ་གཉིས། །དེ་ལྟར་རྣམ་གསུམ་བུམ་པ་ཡང། །ཡོད་མེད་མཛའ་ལས་ཡང་དག་གྲོལ། །བུམ་པའི་དབང་ནི་བཞི་པ་ཡིན། །དེའི་གནས་སྤྱི་བོར་བུམ་བརྟན་བྱ།། ་ཕྱི་ཡི་སྤྱི་བོར་ཆུ་ཡིས་ཁྲུས། །ནང་གི་སྤྱི་བོར་ཚངས་པའི་སྒོར། །སེམས་འབེབས་སྦས་པ་སེམས་ཕྱིར་འབེབས། །དབང་བསྐུར་པའི་ཐབས་མཆོག་ནི། །སློབ་མས་བསྒོམས་ནས་བཟེད་པའི་ཚུ་བ། །མཉེས་པའི་བླ་མས་སྦྱིན་པར་མཚུངས། །བསམ་མཐུན་པར ་ཐབས་དམ་པའོ། 12་།ཕྱི་ནང་སྦས་པའི་བུམ་པ་ཡིས། །སྲོག་གཅོད་བརྐུ་དང་ལོག་པར་གཡེམ། །ལུས་ཀྱི་ཉེས་གསུམ་བྱད་པས་ན། །ལུས་ཀྱི་དྲི་མ་དག་པར་བཤད། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །ས་བཅུ་དག་གིས་བྱད་བར ་གསུངས། 13་།དཀྱིལ་འཁོར་མཐོང་བས་ཚོགས་ཀྱི་ལམ། །ཕྲེང་བས་མོས་སྦྱོད་སྦྱོར་ལམ་དག་།ཆུ་དང་དབུ་རྒྱན་ས་དང་པོ། །མཐོང་ལམ་རྣམ་པར་དག་པ་གསུངས། །རྡོ་རྗེ་དྲིལ་དང་བདག་པོ་ཡིས། །ས་གཉིས་པ་ནས་བརྒྱད་པའི་པར། །བསྒོམ་ལམ ་རྣམ་པར་དག་པར་བཤད། །བརྟན་པར་བྱེད་པས་འབྲས་བུ་ལམ། །ས་བཅུ་དག་པར་རྒྱལ་བས་གསུངས། །དེ་ལྟར་དབང་ཐོབ་སློབ་མ་ལ། །བླ་མས་མན་ངག་དྲིན་སྦྱིན་བྱ། །དཀྱིལ་འཁོར་བྲི་བ་ལ་སོགས་པའི། །སློབ་དཔོན་སྤྱི་ཡི་ལས་དག་དང། །བསྐྱེད ་བའི་རིམ་པའི་མན་ངག་དང། །ཞི་སོགས་བྱ་བའི་ལས་དག་དང། །ཐུན་མོང་སྒྲུབ་སོགས་མན་ངག་སྦྱིན། །ཐུན་མོང་བུམ་སོགས་ཕྱི་རྒྱུད་སྦྱིན། །ཁྱད་པར་ནང་གི་དེ་བཞིན་ནོ། །ནང་གི་བུམ་པའི་དབང་རྫོགས་ན། །བདེན་པ་གཉིས་ཀྱི་མན་ངག་བསྟན།། ་སྦས་པའི་བུམ་པའི་དབང་ཐོབ་ནས། །སྦས་པའི་ཀུན་རྫོབ་སྤྱོད་གསུམ་བསྟན། །མདོར་ན་ཇི་བཞིན་སྐྲ་དང་ནི། །དགོངས་མ་ཡིན་དང་བཀྲི་དོན་དང། །ཚིག་གི་དོན་དང་ཡན་ལག་དོན། །ཚོགས་ལ་བཤད་རིམ་གནས་པར་བཤད། །དངོས་གྲུབ་མྱུར་བའི་རྟགས ་དང་ནི། །སོ་ཤིང་དོར་དང་རྨི་ལམ་དང། །ཅི་མཐོང་དྲི་དང་མེ་ཏོག་དོར། །དབབ་པ་དག་ལས་ཤེས་པར་བྱ། །ཕྱི་ཡི་སྦས་པའི་དག་?་དང། །སྔ་བསྡུས་ཕྱག་རྒྱ་དེ་ལ་བསྟན། །འདྲི་བས་དགེ་སློང་གསང་ཕྱིར་བསྟན། །དབང་རྫས་དག་གི་ཁྱད་པར་ནི། །མགོ ་ལམ་དོགས་པའི་མེ་ཏོག་ཕྲེང། །སྤྱི་བོར་དག་པའི་ཆུ་ཡིན་ནོ། །དེ་ཡང་བུམ་པའི་བྱེ་བྲག་ལས། །རིན་ཆེན་དང་ནི་ཐོད་སོགས་ཕྲེང། །མགོལ་བཅིངས་པའི་དབུ་རྒྱན་ཡིན། །དཔྲལ་པར་རིགས་དང་རྗེས་མཐག་པའི། །རྟགས་གྱི་རྡོ་རྗེ་དེ་སྦྱིན་བྱ། །དྲི་པུ་ལ ་མཐར?་ཀར་སྦྱིན། །མིང་ལ་དབང་རྫས་དག་པའི་མཚན། །དམ་ཚིག་རྡོར་དྲིལ་ལག་ཏུ་སྦྱིན། །གསོར་གསིལ་སྒྲ་དང་བཅས་པའི། །ཕྱག་རྒྱའི་བདག་པོའི་ཕྱག་རྒྱས་བསྒོམ། །དབུགས་དབྱུང་བ་དང་ཡོན་ཏན་བརྗོད། །ལུང་བསྟན་པ་ལ་ཆོས་གོས་དབྱིབས ་ཕྱིར་མི་ལྡོག་ལ་དེ་ཉིད་བསྟན། །གཞན་ཡང་ཞར་ལ་འོངས་པའི་རྫས། །གཅོད་པན་མེ་ལུང་དུད་དང་ནི། །གསེར་བྱས་ཐུར་མ་ལ་སོགས་པའི། །སོ་སོའི་རྒྱུད་ཀྱི་རྗེས་འབྲངས་ཏེ། །ཇི་ལྟར་འབྱུང་བ་དེ་བཞིན་བྱ། །དེ་ལས་གཞན་པའི་ཐུན་མོང་དང།། ་རིན་ཆེན་བདུན་དང་ཉེ་བའི་བདུན། །བཀྲ་ཤིས་བརྒྱད་དང་ཉེར་བརྒྱད་སོགས། །བྱ་བའི་རྒྱུད་དང་གཉིས་ཀ་དང། །རྣལ་འཡོར་རྒྱུད་ལས་གང་བསྟན་པ། །རྣལ་འབྱོར་བླ་མའི་གནས་སྐབས་སུ། །རྫོགས་པར་ཡོད་ཅེས་རྒྱལ་བས་གསུངས། །དབང་བསྐུར་བླ་མའི ་དགོངས་པ་ཡང། །སྤྱི་དང་ཁྱད་པར་ཤེས་བྱ་སྟེ། །མཁའ་དང་མཉམ་པའི་ཡེ་ཤེས་ལས། །སྙིང་རྗེ་སློབ་མ་ལ་བསྐྱིད། །བུ་ཡི་འདུ་ཤེས་ཉེར་བཞགས་ནས། །བྱམས་སེམས་དགའ་སེམས་བཏང་སྙོམས་སེམས། །རྩེ་གཅིག་སྤྱི་ཡི་དགོངས་རྒྱུད་ཡིན།། ་ཁྱད་པར་སོ་སོའི་དགོངས་པ་སྟེ། མེ་ཏོག་ལྷ་དང་བཅས་པ་དེ། །སློབ་མ་དེ་ལ་ཐིམ་པར་བསམ། །རྒྱུད་རྣམས་སོ་སོའི་རྗེས་མཐུན་པའི། །ལྷ་དང་ལྷ་མོ་ཇི་ལྟ་བས། །བདུད་རྩིའི་བུམ་པས་དབང་བསྐུར་བ། །ཆུ་ཡི་དགོངས་པའོ་ཡེ་ཤེས་ལྔའི། །རྟགས་སུ་སྐུ་ལྔ ་རྫོགས་བྱས་པ། །དབུ་རྒྱན་ཧཱུཾ་ལས་རྡོ་རྗེ་བསྐྱེད། །དེ་འོག་རྒྱུད་ལྔ་བྱང་བྱ་སྟེ། །ཡེ་ཤེས་ལྔར་གྲུབ་རྡོ་རྗེའོ། །ཤེས་རབ་དབྱངས་ཀྱིས་དག་སྒྲིབ་སྦྱངས། །དྲིལ་བུའི་མིང་གི་བདག་པོ་ཡི། །དངོས་གྲུབ་རྗེས་སུ་འཛིན་པར་བཤད། ཡང་ན་ཕྲེང་བའི་ཡིད་དམ་རྒྱལ་པའི་དབང།། ་ཆུ་ཁམས་མི་སྐྱོང་རྣམ་པར་དག་།དབུ་རྒྱན་རིན་ཆེན་མཉམ་ཉིད་དེ། །རྡོ་རྗེ་ཀུན་རྟོག་འོད་དཔག་མེད། །དྲིལ་བུ་བྱ་སྒྲུབ་གདོན་མི་ཟ། །མིང་ནི་ཆོས་དབྱིངས་སྣང་མཛད་སྐུ། །རྡོ་རྗེ་བརྟུལ་ཞུགས་སེམས་དག་བྱེད། །དྲིལ་བུ་དག་ནི་རྣམ་དག་སྟེ། །ཕྱག་རྒྱ་དམ་ཚིག་ལུས་དག་པའི།། ་ཡང་ན་རྡོ་རྗེ་ཐབས་ཀྱི་ངོ་བོ་སྟེ། །དྲིལ་བུ་དེ་བཞིན་ཤེས་རབ་སྦྱངས། །གཉིས་མེད་ཕྱག་རྒྱ་དམ་ཚིག་འདོད། །གཟེངས་བསྟོད་པས་ནི་ལུང་བསྟན་ནོ། །ཇི་སྐད་བསྒོ་པ་བཀའ་ཡིན་ནོ། །ཡོན་ཏན་བརྗོད་པས་དབུགས་ཕྱུང་བས། །དེ་ཁོ་ན་ཉིད ་ཀྱིས་ཕྱིར་མི་ལྡོག་།གཞན་ཡང་རྒྱུད་ཀྱི་རྗེས་འབྲེངས་ཏེ། །ཇི་ལྟའི་དགོངས་རྒྱུད་དེ་དང་དེས། །སློབ་མ་རྣམས་ནི་ཡོངས་སྨིན་བྱ། ལུས་པའི་ཚད་ནི་རྣམ་པ་ལྔ། །དྲི་མ་འཁྲུད་དང་སྒྲིབ་བྱང་དང། །ལས་བྱེད་པ་དང་འབྲས་བུ་ལ། །མངོན་དུ་ཕྱོགས་དང་བདུད་བཞི ་ནི། འཇོམས་པའི་ནུས་པས་བརྗོད་པ་སྟེ། །ཕྲང་བསམ་དག་དྲི་མ་དང། །མོས་པའི་སྤྱོད་པས་སྒྲིབ?་པ་འཁྲུ། །འདོད་ལྷ་མཉེས་པའི་ལས་ཡིན་ཏེ། །འབྲས་བུ་མཐོང་པའི་ལམ་ལ་ཕྱོགས། །ཡི་དམ་དངོས་གྲུབ་ཉེ་བ་ཡིན། །བཟུང་འཛིན་ཕུང་པོས ་བདུད་རྣམས་བཅོམ། །ཆུ་དང་དབུ་རྒྱན་གྱི་ནུས་པ། །འཁོར་འདས་དྲི་མ་རྣམ་གཉིས་འཁྲུ། །ས་ནི་དང་པོའི་སྒྲིབ་པ་དག་།ལས་ནི་རྡོ་རྗེ་རིན་ཆེན་གྱིས། །རིགས་ཀྱི་ང་རྒྱལ་བྱེད་པ་ཡིན། །འབྲས་བུ་བསྒོམ་ལམ་ཕྱོགས་པ་དང། །རྡོ་རྗེ་དང་ནི་རིན་ཆེན་གྱི།། ་ཐུན་མོང་དངོས་གྲུབ་འགྲུབ་པ་ཡིན། །ཉོན་མོངས་པ་ཡི་བདུད་རྣམས་བཅོམ། །རྡོ་རྗེ་དྲིལ་བུ་བདག་པོ་ཡིས། །གཡེང་བ་ལྔ་ཡི་དྲི་མ་འཁྲུ། །ས་གཉིས་པ་ནས་བརྒྱད་པ་ཡི། །བར་གྱི་སྒྲིབ་པ་སྦྱངས་པ་ཡིན། །པདྨ་ལས་དང་སངས་རྒྱས་ཀྱི། །རིགས་ཀྱི་ང ་རྒྱལ་ལས་བྱེད་ཡིན། །འབྲས་བུ་མཐར་ཕྱིན་ལ་ཕྱོགས་ཤིང། །གསུམ་པོའི་མཐུན་མོང་གྲུབ་པ་ཡིན། །འཆི་བདག་བདུད་བཅོམ་ཚེ་ལ་དབང། །བརྟན་བྱེད་དབང་གི་རིམ་པ་ཡིས། །གཡེང་བ་ཕྲ་མོའི་དྲི་མ་འཁྲུ། །ས་བཅུའི་སྒྲིབ་པ་དག་པར་བྱེད། །ལས་ནི་བརྟན ་པར་བྱེད་པ་སྟེ། །བརྟུལ་ཞུགས་ཀྱིས་ནི་མ་ཏོག་བརྟན། །ཆུ་དང་དབུ་བརྒྱན་དམ་ཚིག་གིས། །བུམ་པར་བརྟན་པར་བཀའ་སྩལ་གྱིས། །རྡོ་རྗེ་དྲིལ་བུ་ལུང་བསྟན་གྱིས། །དབུགས་ཕྱུང་པས་ནི་བདག་པོའོ། །ཡང་ན་ཀུན་གྱིས་ཐམས་ཅད་དོ། །སངས་རྒྱས་ས་ལ ་མངོན་ཕྱོགས་དང། །དངོས་གྲུབ་བརྟན་བྱེད་འབྲས་བུའོ། །ལྷ་ཡི་བདུད་གཅོད་བུམ་པ་ཡིན། །འབྲས་བུ་བཞི་ནི་མེ་ཏོག་ལའོ། །རྒྱུ་མཐུན་ཆུ་དང་དབུ་རྒྱན་གྱིས། །རྡོ་རྗེ་དྲིལ་བུ་རྣམ་སྨིན་ཡིན། །སྐྱེས་བུ་བྱེད་པ་མེད་གིས་ཏེ། །བརྟན་པ་དྲི་མེད་འབྲས་བུ་སྟེ།། ་ཡང་ན་འབྲས་བཞི་བརྟན་བྱེད་པའོ། །རྒྱུད་ལས་གསུངས་པའི་ཡོན་ཏན་ནི། །བསམ་ཡས་ཇི་སྙེད་བསྟན་པ་ཀུན། །དབང་གི་འབྲས་རབ་ཡིན་པར་གསུངས། །འབྲས་བུ་ཡོང་དང་རྒྱུ་འབྱུང་སྟེ། །དབང་ཐོབ་རྒྱུ་ནི་ཡོན་ཡིན་ཏེ། །ཇི་ལྟར་རྒྱུད་ལས་གསུངས་པ ་ཡིན། ལས་ཀྱི་དང་པོར་དབང་བྱ་བ། །དང་པོའི་དབང་དུ་གསུངས་པ་ཡིན། །གཉིས་པ་གསང་བ་བཤད་བྱ་སྟེ། །ཀྱེའོ་སྟོན་པ་རྡོ་རྗེ་འཛིན། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །འཁོར་རྣམས་བསྡུ་པ་རྣམས་མཛད་ནས། །ཡུལ་གྱི་གསང་བའི ་དཀྱིལ་འཁོར་དུ། །གསང་བ་བྱང་ཆུབ་སེམས་རབ་བསྐུར། །དེ་ལྟར་དཔལ་འདུས་ལ་སོགས་པའི། །རྒྱུད་རྒྱལ་ཀུན་ལ་གྲགས་པ་རྣམས། །གླེང་གཞི་ཞེས་སུ་རྣམ་པར་བཤད། །གནས་ནི་བུད་མེད་དཀྱིལ་ཡིན་ཏེ། །ལྷན་ཅིག་སྐྱེས་དང་ཞིང་སྐྱེས་དང།། ་སྔགས་སྐྱེས་པ་ཞེས་གྲགས་བ་ལ། །སྨྲེ་ཤ་ཅན་དང་མཐུ་ཆེན་དང། །གང་མཁན་བཙོ་གླག་མཁན་ལ་སོགས། །སོ་སོའི་རྒྱུད་ལས་གྲགས་པ་ཡི། །ཇི་ལྟར་རིགས་ཀྱི་རྗེས་མཐུན་པའི། །ཤེས་རྒྱུད་སྦྱངས་ཤིང་ཡོན་ཏན་ལྡན། །བྱིན་གྱིས་བརླབས ་པའི་གནས་བྱ་སྟེ། །སངས་རྒྱས་གཙོ་བོའི་ཡུམ་དུ་བཟུང། །བུམ་པའི་དབང་རྣམས་རྫོགས་པ་དང། །རག་ཏ་འབབ་པའི་དུས་དང་ནི། །བླ་མ་ཡུམ་གྱིས་གནད་བ་ནི། །གཉིས་པའི་དུས་སུ་རྣམ་པར་བརྟག་།སློབ་དཔོན་རྣམ་པ་གསུམ་དུ་ཤེས། །དང་པོ་ཐབས ་མཆོག་ཡབ་ཀྱིས་ཏེ། །གཉིས་པ་གསང་བའི་གསུངས་མ་ལའོ། །གསུམ་པ་གཉིས་སུ་མེད་པས་བྱའོ། །སློབ་མ་བུམ་དབང་རྫོགས་པ་དང། །སྙིང་པོ་བཟླས་པས་བྱེད་པ་དང། །བརྟུལ་ཞུགས་དམ་ཚིག་འདོད་པས་བྱའོ། །དཀྱིལ་འཁོར་ལུས་སུ་ ་གསུངས་པ་དང། །དཀྱིལ་འཁོར་བྷ་གར་བསྟན་པའོ། །དེ་ཡང་ལུས་ཀྱི་དཀྱིལ་འཁོར་དང། །ལྷ་ཡི་མཚན་ཉིད་ཤེས་བྱ་སྟེ། །ལུས་ནི་འོད་མ་གང་ཐུ་བཞི་པའོ། །ཡང་ན་གྲུ་བཞི་འབྱུང་བ་བཞི། །སྟེད་འོག་གཡས་གཡོན་སྒོ ་བཞིའོ། །ཚོན་སྣ་ཁ་དོག་སྣ་ལྔའོ། །ཡང་ན་བདུད་རྩི་རྣམ་པ་ལྔ། །རྩ་ནི་ཐིག་གེ་རང་བཞིན་ཏེ། །ཀ་བ་བརྒྱད་ནི་རྐང་བརྒྱད་དོ། །ཡན་ལག་རྟ་བབས་མཚན་ཉིད་དེ། །སོ་སེན?་བ་སྤུ་ཏྭར?་བརྒྱད། །སྙིང་ནི་དབུས་ཀྱི་ལྟེ་བ་སྟེ། །རྒྱུད་གང་དང་ནི་རྗེས་མཐུན ་སྦྱར། །ལྷ་ཡི་ཕུང་པོ་ལྔ་གཙོ་བོ། །འབྱུང་བ་ལྷ་མོར་ཤེས་པར་བྱ། །ཁམས་དང་སྐྱེ་མཆེད་མང་པོ་ཀུན། །སེམས་དཔའ་སེམས་མར་རབ་ཏུ་གྲགས། །བུད་མེད་དཀྱིལ་འཁོར་དུ་གསུངས་ཏེ། །བྷ་ག་གཞལ་ཡས་བརྩེགས་པར་བསྟན། །དེ་ལ་བཟུང་བའི་ཚེ ་གོ་དང། །སྦྱང་དང་བརྟན་དང་བྱིན་བརླབས་དང། །རྒྱན་དང་ལྡན་ཞིང་བདུགས་པས་བདུག་།ཕྱི་ནང་ཁྲུས་བྱས་ལྷ་རྣམས་དབབ། །ཚོགས་ཀྱི་འཁོར་ལོས་མཆོད་བྱས་ལ། །ལྟ་རུ་ཉེ་བར་བརྟག་པར་བྱ། །དེ་ལ་ཆར་ཡང་དྲང་བར་བྱའོ། །དེ་ལ་འཇུག་པའི ་རིམ་པ་ཡང། །བུམ་བའི་བྱ་བ་ཡང་བྱ་སྟེ། །ཡོལ་བས་བར་དུ་བཅད་ནས་ནི། །གསོལ་གདབ་དེ་ཡི་ངོ་ཡང་དག་པ། །མེ་ཏོག་བྱིན་ཏེ་དྲངས་ནས་སུ། །དཀྱིལ་འཁོར་བསྐོར་ནས་ཕྱག་གསུམ་བཙལ། །ནང་གི་དམ་ཚིག་བརྟུལ་ཞུགས་སྦྱིན། །དེ་བཞིན་དབེབ་པ་ཡང ་བྱས་ནས། །མེ་ཏོག་དོར་ཏེ་མཐོང་བ་དྲ། །ལྷ་དང་ཆོས་ཀྱི་ཚིག་ཕྱེ་སྟེ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྟན། །ལེགས་པར་མཐོང་བའི་འོག་ཏུ་ནི། མདུན་ན་གནས་པ་དེ་ཉིད་ལ། །གསང་བའི་དབང་གིས་སྦྱོར་བྱས་ཏེ། །དམ་ཚིག་འཁོར་ལོ་དྲུག་རིམ་གྱིས།། ་ཁུ་བ་ཕྱུང་སྟེ་དབང་བསྐུར་བྱ། །དཀར་དམར་སྒལ?་བ་ཕྲེད་བའི་དབང། །ཤུཀྲ?་ཞེས་ཏེ་ཆུ་ཡི་དབང། །ཚངས་སྒོར་མི་བསྐྱོད་?་རྒྱན་དབང། །ལྕེ་ཡི་རྡོ་རྗེ་དེ་རྡོ་རྗེ། །རྡོར་བུམ་ཧཱུཾ་སྒྲ་དྲིལ་བུའི་དབང། ། འོ་སུ་ཁ་མིང་གི་དབང། །དམ་ཚིག་ལྕེས་ལེན་བརྟུལ་ཞུགས་དབང ་བལྟ་བར་མི་བྱ་ལུང་བསྟན་དབང། །ལོངས་སྤྱོད་རྩལ་སྦྱར་ཕྱིར་མི་ལྡོག་།བདེ་བས་བདེ་ཐོབ་དབུགས་དབྱུང་བའོ། །འདི་ཀུན་གསང་བར་བསྟན་པས་ནེ། །གསང་བའི་དབང་ཞེས་བསྟན་པ་ཡིན། །གསང་བ་ལ་ཡང་གསུམ་དུ་སྟེ། །ཕྱི་དང་ནང་དང་སྦས་པའོ།། ་ག་བུར་ཙན་དན་བཅུ་ཕྱེད་བཅས། །སྦོམ་པོ་དང་ནི་དབང་མོའི་རྩེས། །སློབ་མའི་ཁ་རུ་དབབ་པའི་ཕྱིའོ། །སློབ་མའི་དུས་ཉིད་མནན་བྱས་ཏེ། །ཁ་ཡི་ཐད་ཀར་གཉིས་སྦྱར་ནས། །ར་ག་ཨ་ཏ་ར་འབབ་པ། །བེའུ་འདྲར་རྡོ་རྗེ་བཞི་བའི་ཐབས། །བུང་འདྲར་པདྨ ་ལྟེས་ལེན་པ། །ཤེས་རབ་ནང་གི་གསང་བའི་དབང། །སློབ་མ་རང་གི་ལྟེ་བ་ཅན། །རྡོ་རྗེ་པདྨ་འདུས་པས་གསུངས། །རྡུལ་དང་མུན་པ་སྙིང་སྟོབས་ཏེ། །འོག་སྒོའི་ཁ་རུ་རབ་འབབ་པ། །སྦས་པའི་གསང་བའི་དབང་དུ་གསུངས། །གསང་བའི་དབང་ལ ་ཡང་བཞི་སྟེ། །རྡོ་རྗེ་དང་ནི་པདྨ་ནས། །དྲི་མེད་ཆུ་འབབ་བུམ་པའི་དབང། །ཡང་ན་གོང་གི་རིམ་དེ་ཉིད། །ཟླ་བ་ཉི་མ་ལྕེ་ལ་རེག་།དེ་ནི་གསང་བ་གཉིས་ལ་སྟེ། །བདེ་ཆེན་ལམ་སྦྱངས་གསུམ་པའོ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཆེན་པོ་བཞི ་པའོ། །དེ་ནས་ངག་གི་ལམ་ཡིན་ཏེ། །ལྕེ་ཡི་པདྨ་ཞེས་བྱ་བ། །ཕྱི་དང་ནང་དང་སྦས་པའི་ལྕེའོ། །བྱི་ཡི་པདྨ་དག་གི་ལམ། །ནང་དུ་ཙིཏྟད་དེ་ཤེས་བྱ། །སྦས་པ་ལྟེ་བའི་པདྨ་ལའོ། །ཐབས་ནི་གཙོ་གཟུངས་སློབ་མར་བཅས། །ལུས་ངག་སེམས་ལ་དྲི་མེད་ཅིང། ། ་དོན་མི་ཕྱེད་མཐུན་པ་ཡིན། །དག་གི་སྒྲིབ་པ་དེ་བྱང་ནས། །ངག་ནི་ཤིན་ཏུ་སྦྱངས་པ་སྟེ། །སངས་རྒྱས་ས་ནི་དང་པོ་ནོན། བདེ?་ཡི་མན་ངག་གསང་བའོ། །དགོངས་པའི་དོན་དང་དེས་དོན་དང་།ཇི་བཞིན་མེད་དང་སྤས་པ་ཡི། །དོན་རྣམས་ངེས་པར་བསྟན་པར་བྱ། ། ་སློབ་མ་བཀྲི་བའི་དོན་བསྟན་བྱ། །དེ་ནི་མ་ཧཱ་ཡེ་ག་ཡིན། །ཐབས་དང་ཤེས་རབ་རྟགས་སྦྱར། །ནང་གི་སྦས་པའི་དག་བརྡ་དང། །སྦྱོར་བ་ཡི་ནི་བརྡ་རྣམས་དང། །རིམ་གྱིས་མཁའ་འགྲོའི་བརྡ་སྐད་སྟན། །སྦོམ་པོས་ཁྲོ་མོ་མནན་པ་ནི། །ལག་བརྡ་འདྲི་ན་ཤེས་པར་བྱ ་རྫས་ནི་ཟླ་བ་ཉི་མ་དང། །བཅུ་ཕྱེད་རྫས་ཀྱི་རྣམ་པ་ཡིས། །ལོངས་སྤྱོད་བྱ་ཡི་དོར་མི་བྱའོ། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀུན། །གཙོ་བཟུངས་ཞལ་དུ་ཐིམ་པ་ལས་།སྐུ་ཡིས་དབུས་སུ་ཐིམ་པ་དང། །བདེ་བའི་འབྲུ་ཚོགས ་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདམོར་འཁྱིལ་།ཤུ་ཀྲ་རཀྟ་འདྲེས་པ་ནི། །ཡབ་ཡུམ་བདེ་བའི་དང་དུ་གསལ། །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །ཐིམ་པས་སེམས་གྱུར་དགོངས་པའི་དོན། །ནུས་པའི་ཚད་ཀྱང་དེ་བཞིན་དུ། །ཇི་སྙེད་དག་གི་དྲི་མ་འཁྲུ། ། ་བུདྡྷའི་སར་སྒྲིབ་ཤིན་ཏུ་དག་ཤེས་རབ་ཐབས་ཀྱི་ང་རྒྱལ་བྱེད། །ཆོས་ཀུན་རོ་གཅིག་ཤེས་པར་ནུས། །སངས་རྒྱས་ས་ནི་མངོན་དུ་ཐོབ། །ཐབས་ཀྱི་ཕྱག་རྒྱས་ཕུང་པོ་འཇོམས། །ཉོན་མོངས་ཤེས་རབ་མ་ཡིན་ཏེ། །འཆི་བདག་གཉིས་སུ་མེད་པ་ཡིས། །སེམས ་འཕྲོས་པས་ནི་ལྟ་ཡི་བདུད། །འཇོམས་པ་གསང་བའི་ནུས་པའི་ཚང། །ཐབས་ནི་སྐྱེས་བུ་བྱེད་པའི་འབྲས། །ཤེས་རབ་དྲི་མེད་འབྲས་བུར་བཤད། རྒྱུ་མཐུན་ཁུ་བའི་རོ་བོ་ཡིན། །ལྕེས་ལེན་རྣམ་པར་སྨིན་པར་གསུངས། །ཡབ་ཡུམ་མཉེས་པར་མཆོད་བྱ་བ། །དབང ་ཐོབ་པ་ཡི་རྒྱུ་ཡིན་ནོ། དེ་ནས་གསུམ་པ་བཤད་བྱ་སྟེ། །ཀྱེའོ་དཔལ་ལྡན་འདུས་སོགས་ལས། །སྔགས་ཀྱི་སྤྱད་པ་སྤྱོད་པའི་ཆེ། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་།སྔགས་དང་དུས་དང་རྒྱལ་བ་ལས་།བསླང་སྟེ་སྦས་པའི་དོན་བསྟན་པ། །དེ་ལྟ་བུ་ཡི་གླེར ་གཞིའོ། །ལུས་ཀྱི་ངོ་བོ་དགོམ་པ་ལས། །བྱང་ཆུབ་སེམས་ཀྱི་གནས་བཅས་པ། །བདེ་བའི་སྟན་ཡང་གནས་སུ་བཤད། །དུས་ནི་དབང་གཉིས་རྫོགས་པ་དང། །བླ་མས་གནང་དང་རིག་མར་ལྡན། །དེ་ཡི་སློབ་དཔོན་ཕྱི་དང་ནང། །ཕྱི་ཡི་བླ་མའོ་ནང་རིག་མ། །སློབ་མ་དབང ་གཉིས་རྫོགས་པ་དང། །སྒབ?་པའི་དོན་ལ་ཡིད་མོས་དང། །ཉེ་བའི་སྙིང་པོ་ཟློས་པས་བྱའོ། །གཉིས་པ་གསུམ་པ་བཞི་པ་ལ། །གླེགས་བམ་ལ་སོགས་བྱ་བ་མིན། །ཚེ་འཕོས་པའང་དེ་བཞིན་མིན། །སེམས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག་།དེ་ལ་བཟུང་པ ་གནང་བ་ཡིན། །རིག་མ་བཟུང་དང་སྟ་གོན་དང། །སྦྱང་དང་སེམས་བསྐྱེད་བྱིན་བརླབས་དང། །དབང་བསྐུར་བླ་མས་བྱ་བ་ཡིན། །ལོ་གྲངས་བཅུ་གཉིས་བཅུ་བྲུག་དང། །ཉི་ཤུ་ཉི་ཤུ་ལྔ་ལོན་པ། །ལྷན་ཅིག་སྐྱེས་པའི་བུ་མོ་དང། །སྲིད་མོ་གྲོགས་མོ་མ་ཡིན་ཏེ།། ་དེ་སེམས་སྦྱང་བ་མཆོག་ཡིན་ནོ། །ཡང་ན་ལྷ་ཡི་ལུང་བསྟན་པའི། །ཞིང་སྐྱེས་མ་ནི་རུང་བ་ཡིན། །སྔགས་སྐྱེས་བཟླས་དང་སྒོམ་ལྡན་པའི། །རྣལ་འབྱོར་མ་ནི་སོ་སོ་མེད། །དཀྱིལ་འཁོར་ལྷར་བཅས་སྔོན་དང་འདྲ། །སྦས་པའི་དཀྱིལ་འཁོར་བཞི་པོ་ལ། ། ་རྩ་ཡི་འདབ་མ་གནས་ནས་སུ། །པདྨའི་སྣང་འདྲའི་ཡི་གེ་རྣམས། །རྒྱུད་ལས་གསུངས་པ་བརྟག་པར་བྱ། །གཡས་དང་གཡོན་དང་དབུ་མ་ཡི། །རྩ་གསུམ་མཚན་ཉིད་ཤེས་བྱ་སྟེ། །དཀྱིལ་འཁོར་སྦྱོར་བ་མཆོག་ཡིན་ནོ། །མེ་ཏོག་བཀྲམ་པའི་མཎྜལ་དུ།། ་ག་བུར་ལ་སོགས་དྲིས་བྱུགས་ཏེ། །ཆོས་གོས་རྒྱན་ཆས་ལྡན་པར་བྱ། །དེ་ལ་ཚོགས་ཀྱི་སྟོན་མོ་དབུལ། །ཆང་ཡང་དྲང་བ་བྱས་ནས་ནི། །རང་ཡང་མོས་པའི་ལྷ་རུ་བསྒོམ། །འཁོར་ལོ་བཞི་ཡང་དེ་དང་འདྲ། །རྡོ་རྗེ་པདམོ་རྣམ་གཉིས་ཀྱང། །རྒྱུད་ལས ་བྱུང་བཅི་བཞིན་དུ། །བླ་མས་བྱིན་བརླབས་ཚུལ་བཞིན་བྱ། །འཇུག་པའི་ཚུལ་ནི་དབེན་པ་རུ། །ཡོལ་བས་བར་དུ་བཅད་ནས་ནི། །འཇུག་པར་གསོལ་བ་གདབ་པར་བྱ། །དེ་ཡང་བཀབ་ནས་དྲབ་བར་བྱ། །བརྟུལ་ཞུགས་སྡོམ་པ་བྱིན་པ་དང། །ཡེ་ཤེས ་དབབ་པ་དེ་བྱས་ཏེ། །བུད་མེད་རྣམས་ནི་ཀུན་ལ་ཡང། །རབ་ཏུ་དགའ་བའི་སེམས་བསྐྱེད་དེ། །བསྐོར་བ་ལན་གསུམ་བྱས་ནས་ནི། །ཡིད་ཀྱི་མེ་ཏོག་གཏོར་ནས་ཀྱང། །མོས་པས་ཕྱག་ཀྱང་བཙལ་བར་བྱ། །ཤེས་རབ་སྤྱན་དང་སངས་རྒྱས་སྤྱན། །ཕྱེ་སྟེ ་མཆན་དད་དཔེ་བྱད་ནི། །མར་མེའི་འོད་ལ་བསྟོན་པར་བྱ། །ལུས་ཀྱི་དཀྱིལ་འཁོར་དང་པོར་བསྟན། །དེ་ནས་སེམས་ཀྱི་དཀྱིལ་འཁོར་ནི། །འཁོར་ལོ་རྣམ་བཞི་ལེགས་པར་བསྟན། །དཀྱིལ་འཁོར་མཐོང་བའི་འོག་ཏུ་ནི། །དབང་གི་རིམ་པ་བརྩམ་པར་བྱ། །ཆགས་པའི ་གླུ་དང་དགའ་བའི་གར། །རོལ་པའི་བརྡ་རྣམས་མཚོན་བར་བྱ། །ཆགས་པའི་མཚན་ཉིད་ཕྲེང་པའི་དབང། །ཆུ་འབྱུང་མཚན་ཁྲུས་ཆུ་ཡི་དབང། །བག་ཙུམ་སྐྲ་བཟུང་དབུ་རྒྱན་དབང། །པདྨར་རྡོར་བཅུག་རྡོ་རྗེའི་དབང། །དེ་གཉིས་བསྐྱོད ་པ་དྲིལ་བུའི་དབང། །དམ་ཚིག་ཧ་སྐད་མིང་གི་དབང། །དེ་དག་བརྟན་པ་སར་འབྱུང་བ། །བལྟས་པས་དགའ་བ་རྡོ་རྗེ་ཡི། །བརྟུལ་ཞུགས་དབང་དུ་དེ་བརྗོད་དོ། །བགད་པ་དྲིལ་བུའི་བརྟུལ་ཞུགས་སོ། །འཁྱུད་པ་དམ་ཚིག་ཕྱག་རྒྱ་ཡིན། །ཁ་ཕྲད་པ་ནི་དབུགས ་ཕྱུང་བ། །ཀུ་ཚ་གཉེམ་ལུང་བསྟན་ཡིན། །པདྨར་བཙུམ་བྱས་ཕྱིར་མི་ལྡོག་།དེ་ཡང་གསུམ་པ་ལ་ཡང་གསུམ། །ཕྱི་དང་ནང་དང་སྦས་པའོ། །ཤེས་རབ་ཡེ་ཤེས་དབང་ཞེས་བྱ། །རིག་མ་གཏང་བའི་རིམ་བ་ནི། །ཕྱི་རོལ་ཤེས་རབ་ཡེ་ཤེས་ཡིན། ། ་ཤེས་རབ་ལ་བརྟེན་བདེ་བ་ཡི། །ཡེ་ཤེས་སྐྱེ་ཕྱིར་དེ་སྐད་དོ། །ཤེས་རབ་རང་སེམས་ཡེ་ཤེས་ལས། །བདེ་བ་འགོག་པ་བདེ་ཆེན་པོ་འམ། །ཤེས་རབ་འཁོར་ལོའི་རྩ་ལམ་དུ། །བདེ་བའི་ཡེ་ཤེས་འབབ་བས་ན། །བདེ་བ་མྱོང་བ་ནང་གི་བཤད། ། ་དམིགས་སུ་མེད་པའི་ཤེས་རབ་ལས། །སྐད་ཅིག་ཡེ་ཤེས་བྱུང་ནས་ནི། །སེམས་དང་ལུས་ཀྱི་བདེ་ཐོབ་པ། །སྦས་པ་ཤེས་རབ་ཡེ་ཤེས་སོ། །འདི་ལ་ཡང་ནི་དབང་བཞི་ཚང། །ལྷ་སྦྱིན་བརྡ་ཕྲད་ལ་སོགས་པ། །བུམ་པའི་དབང་དུ་འདོད་པ་ཡིན། །བད་དང ་རྡོ་རྗེ་ཕྲད་སོགས་པ། །གསུམ་པ་གསང་བའི་དབང་ཡིན་ནོ། །ཞུ་སྟེ་བདེ་བ་བབས་པ་ནི། །གསུམ་པ་ཡི་ནི་གསུམ་པ་ཡི། །དགའ་བྱེད་བདེ་བྱེད་བཞི་པར་འདོད། །དེ་ནི་གསུམ་པའི་རྣམ་གྲངས་ཡིན། །བསྐུར་བའི་གནས་ནི་སྙིང་ལ་སྟེ། །སེམས་ཀྱིས ་ལེན་པར་བྱེད་པས་སོ། །བུད་མེད་སྒྱུ་མ་ལ་བརྟེན་ཏེ། །བདེ་དེ་དང་པོ་སེམས་ཀྱིས་མྱོང། །དེ་འོག་ལུས་ཀྱིས་མྱོང་བ་ཡིན། །སྐལ་བ་མེད་པའི་སེམས་ཅན་ལ། །རྩ་འགོག་པས་ན་ཆ་ཤས་མྱོང། །དེས་མཚོན་བདེ་བ་རྙེད་པ་དང། །ཐུན་དང་ཞག་དང་ལོ་ཡི ་བར། ཇི་སྲིད་བསྐལ་བའི་བར་དུ་ནི། །སངས་རྒྱས་བདེ་ཆེན་ཐོབ་པར་འགྱུར། །བདེ་གཤེགས་ཡོན་ཏན་བསམ་ཡས་ཐོབ། །ཐབས་ཀྱི་དམ་པ་མཆོག་ཡིན་ནོ། །སེམས་ཀྱི་སྒྲིབ་པ་ཀུན་བྱང་སྟེ། །ཐམས་ཅད་ཀུན་མཁྱེན་ཡེ་ཤེས་ལྡན། །སངས་རྒྱས ་ས་གཉིས་ནན་པ་སྟེ། །རྡོ་རྗེ་འཛིན་པའི་ས་ཞེས་ཟེར། །དེ་དང་འབྲེལ་པའི་མན་ངག་ནི། །སེམས་ཀྱི་རང་བཞིན་འོད་གསལ་བ། །སེམས་ཀྱི་རིག་པས་བརྟན་གྱུར་ན། །བཟུང་འཛིན་གཉིས་ཀྱི་ལམ་འགོག་པས། །ལས་ཀྱི་མདུད་པ་གྲོལ་བར་འགྱུར། །བྱང ་ཆུབ་སེམས་ཀྱི་འོད་ཟེར་གྱིས། །བསོད་ནམས་རླུང་ལས་བསྐྱོད་པ་ན། །ཡེ་ཤེས་ཆེན་པོ་འབར་བྱས་ཏེ། །བདེ་ཆེན་གནས་ནས་ཞུ་ནས་སུ། །འཁོར་ལོ་བཞི་ལ་འབབ་པ་ན། །དགའ་བ་རྣམ་བཞི་རིམ་པར་བསྐྱེད། །ཏིལ་གྱི་འབྲུ་བཞིན་བདེས་གང་བ། །བདེ་བ ་ཆེན་པོའི་སྐུ་ཞེས་བྱ། །དེ་ཡི་ལས་ཀུན་བྱེད་པ་ནི། །རྩ་བ་ལྔ་དང་ཡན་ལག་ལྔའི། །རླུང་བཅུའི་རྩོལ་བས་བྱེད་པ་ཡིན། །དེ་ལྟའི་ཚུལ་དུ་བསྟན་པ་ནི། །སྟེང་གི་སྒོ་ལ་བརྟེན་པ་ཡི། །མན་ངག་རིམ་པ་དེ་ལ་བསྟན། །ཡང་ན་དེ་ལ་བརྟེན་པ་ནི། །དང་པོར ་རླུང་གི་དེ་ཉིད་བསླབ། །དེ་ནས་རླུང་དང་འདྲེས་པ་ཡི། །སྔགས་ཀྱི་དེ་ཉིད་བསླབ་པར་བྱ། །རླུང་དང་སྔགས་ནི་རབ་སྦྱོར་བས། །དབུགས་ཀྱི་འབྱུང་འཇུག་མཚན་ཉིད་ཅན། །རྡོ་རྗེའི་བཟླས་པ་བསླབ་པར་བྱ། །དེ་ཡི་སེམས་ཀྱིས་དམིགས་པ་དང། །སྒྱུ་མ་ལྟ ་བུའི་ཏིང་འཛིན་ནས། །འོད་གསལ་བ་ཡི་གནས་ཐོབ་ནས། །གཉིས་མེད་ཡེ་ཤེས་ཐོབ་འགྱུར་བའི། །སྟེང་གི་མན་ངག་བསླབ་པར་བྱ། །འོག་གི་སྒོ་ལ་བརྟེན་པ་ནི། །རྡོ་རྗེ་པདྨར་སྦྱོར་བ་ལས། །བསྐྱོད་པའི་རླུང་གིས་དྲོད་བསྐུལ་བས། །སྲ་མ་ཀ་ནི་བདེ་བསྐྱོད་དེ། ། ་ཤུཀྲ་སུ་ཀའི་རང་བཞིན་ཅན། །འཁོར་ལོ་བཞི་ལ་བརྒྱུད་ནས་ཀྱང། །བདེ་བསྐྱོད་གནས་སུ་སྦྲུལ་འཁྱུད་དེ། །གསང་བའི་པདམོར་མ་སྤྲོས་པར། །ཏིལ་འབྲུ་ལྟ་བུར་གང་བ་ནི། །བདེ་བ་ཇི་སྲིད་བསྐལ་པའི་བར། །རབ་ཏུ་དགའ་བའི་བདེ་བས་མྱོང། །ཡེ་ཤེས་ཆེན་པོས་གནས་པའི ་ཚེ། སངས་རྒྱས་སེམས་ཅན་ཐམས་ཅད་དང། །མཚན་མར་བཏགས་པ་ཐམས་ཅད་ཀུན། །བདེ་ཆེན་ཉིད་ལས་གཞན་མ་ཡིན། །བདེ་ཆེན་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མ་བརྙེས་?། རང་སེམས་ལས་སུ་རུང་བའི་རྟགས།། ་བྱི་ཡི་ཡུལ་ལ་སྣང་བ་ནི། །དང་པོར་སྨིག་རྒྱུ་ལྟ་བུ་དང། །གཉིས་པ་?་བ་ལྟ་བུ་དང། །གསུམ་པ་གློག་གི་རྣམ་པ་དང། །བཞི་པ་མར་མེ་ལྟ་བུ་དང། །ལྔ་པ་ནམ་མཁའ་དྲ་བའོ། །རླུང་དང་རྩ་དང་འཁོར་ལོ་དང། །སྐད་ཅིག་དགའ་བཞིའི་རྣམ་པ་ཀུན། །ངག ་བརྡ་ཇི་ལྟར་གྲགས་པས་བརྗོད། །སྦོམ་པོ་ཕྲ་མོ་མཉམ་སྦྱར་བ། །དབང་གསུམ་ཐོབ་པའི་ལག་བརྡ་ཡིན། །གསུམ་པ་ཡི་ནི་རྫས་དག་ནི། །རང་དང་རིག་ཏུ་བཅས་པ་ཡི། །དྲི་ཆེན་ཆུ་དང་རཀྟ་དང། །ག་བུར་མང་སཻ?་ཤེས་སོགས་རྫས། །འཇིགས་པ་མེད་པར ་བཟའ་བར་བྱ། །བུད་མེད་རྣམས་ནི་སྤྱད་བར་བྱ། །དེ་ཡི་?་ཆུགས་ལྟ་སྒྲ་ནི་མཉན། །དྲི་དག་ཀྱང་ནི་བསྣམ་པར་བྱ། །གསང་བའི་པདྨར་ཙུམ་པ་བྱ། །གླང་པོའི་ལག་པས་གཡན་པ་བླང། །དུང་གི་ཕུར་པས་གདབ་པ་དང། །འདའ་འདའ་ཡ་བཅུ་བཟུང ་བར་བྱ། །མདོར་?་ལ་སྣང་བའི་རྫས། །དེ་ཀུན་དགོངས་པ་བསྟན་པ་ཡང། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང། །བདེ་བ་ཆེན་པོའི་འཁོར་ལོ་བཞི། །མགྲིན་དང་གསང་བའི་འཁོར་ལོ་གཉིས། །སྦས་པ་ཡིན་ཏེ་རྣམ་པ་དུག་།ལྟེ་བ་སྙིང་?་དང་ནི། །སྤྱི་བོ་དག ་ལ་རིམ་པ་སྟེ། །སྦམ་པ་མགྲིན་པ་གསང་བར་གནམ། །དྲུག་ཅུ་རྩ་བཞི་བརྒྱད་དང་ནི། །བཅུ་དྲུག་གསུམ་ཅུ་རྩ་གཉིས་ནི། རྩ་ཡི་གྲངས་ཏེ་འདབ་མ་ཡིན། །ཀ་ནས་བརྩམས་ནས་ས་ཡི་བར། །གཡས་དང་གཡོན་དུ་མཉམ་སྦྱར་བ། །དྲུག?་ཅུ་རྩ་བཞི་སྤྲུལ་པའོ། །ཀ ་སོགས་དང་པོ་ཆོས་སྐུ་བརྒྱད། །ལོངས་སྤྱོད་ཨ་ལི་བཅུ་དྲུག་ཡིན། །བདེ་ཆེན་ཨ་ལི་མཉམ་སྦྱར་གཉིས། ། དང་ཧཱུཾ་དང་ཨོ་དང་ཏཾ། །སྤྲུལ་ཆོས་ལོངས་སྤྱོད་བདེ་ཆེན་དབུས། །འཁོར་ལོ་ཆགས་པ་དམར་པོ་སྟེ། །ཡིག་འབྲུ་དཀར་པོ་སེམས་རང་བཞིན། །སྤྲུལ་དང་ལོངས ་སྤྱོད་ཤེས་རབ་ལ། །ཆོས་དང་བདེ་ཆེན་ཐབས་སུ་བཤད། །ཀཱ་ལི་ཐབས་ལ་ཨཱ་ལི་ནི། །ཤེས་རབ་དེ་ཕྱིར་འཁོར་ལོ་བཞི། །ཤེས་རབ་ཐབས་ཀྱི་སྦྱོར་བ་དང། །ཐབས་ལ་ཐབས་ཀྱི་སྦྱོར་བ་དང། །ཤེས་རབ་ཤེས་རབ་སྦྱོར་བ་དང། །ཐབས་ལ་ཤེས་རབ ་སྦྱོར་བ་སྟེ། །རྣམ་པ་བཞི་ནི་གསུངས་པ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སྦས་པའི་འཁོར་ལོ་རྣམ་པ་གཉིས། །མགྲིན་འོག་དཀྱིལ་འཁོར་ལྷ་གྲངས་བཞིན། །ཙིཏྟ་ཏི་ལ་ཀ་དེ་བཞིན། །པདྨ་དྲུག་ལ་དེ་ལྟར་གནས། །ལྷ་རེའི་བྱང་ཆུབ ་སེམས་སུ་བཤད། །གསང་བ་བདེ་སྐྱོང་སྦབས་སུ་ནི། །སངས་རྒྱས་རིན་ཆེན་གབ་རྩེ་ལ། །དབུས་སུ་མི་ཤིགས་ཡི་གེ་ཧ། །རེའུ་མིག་ལྔ་བཅུའི་ཡི་གེ་ནི། །ཀཱ་ལི་རྣམས་ལ་ཨཱ་ལིས་བསྐོར། །འབྱུང་བཞིའི་ཡི་གེ་གྲཝ་ན་གནས། །བདེ་བསྐྱེད་པ་ཡི་ཡི་གེར ་བཤད། །རླུང་དཀྱིལ་གཞུ་འདྲ་གསང་བར་གནས། །དེ་སྟེང་མེ་ནི་གྲུ་གསུམ་པ། །རླུང་གིས་མེ་བསྐྱེད་ལྟེ་དབུས་ལངས། །སྤྲུལ་པའི་ཡི་གེ་བསྲེགས་ནས་སུ། །ཆོས་ཀྱི་ཡི་གེ་ཡང་བསྲེགས་ནས། །ལོངས་སྤྱོད་ལན་གསུམ་བསྐོར་བྱས་ཏེ། །གླིང་བུ་སྨིན ་ཕྲག་གཡས་ཕྱུང་ནས། །བདེ་ཆེན་འཁོར་ལོར་ཕྱིན་ནས་བཞུ། །བདུད་རྩི་འགྲོག་སྟེ་སྔར་ལམ་དུ། །ལོངས་སྤྱོད་ཆོས་དང་སྤྲུལ་པ་ཡི། །འོག་རྣམས་ལ་བརྟན་ཡིག་རྣམས་གསོས། །སྤུ་ཡི་ཉག་མཁྲི་ཡི་ཆེ། །ལྟེ་བའི་དབུས་ནས་འགྲོ་དང་འོང། །མགྲིན ་པའི་འཁོར་ལོར་སོང་ནས་སུ། །ལྷ་རྣམས་ཀུན་གྱི་སེམས་བཞུ་ནས། །བདེ་སྐྱོད་གནས་སུ་ཕྱིན་པ་དང། །ཱ་ལི་ཀཱ་ལི་ལ་ཐིམ་སྟེ། །ཀཱ་ལི་འབྱུང་བའི་ཡི་གེ་ལ། །འབྱུང་བ་ལྷ་ལ་ཐིམ་པ་དང། །མ་སྤྲོས་བར་དུ་བདེ་ཆེན་སྐུ། །པདྨར་སྤྲོས་ནས་ལོངས་སྤྱོད ་སྐུ། ཕྱོགས་བཅུར་སྤྲོས་པས་སྤྲུལ་སྐུ་ཡིན། །སླར་འདུས་ཆོས་ཀྱི་སྐུ་རུ་གསལ། །དེ་ནི་གསུམ་པའི་དགོངས་པའི་དོན། །ནུས་པའི་ཚད་ཀྱང་དེ་བཞིན་ཏེ། །དེས་ནི་སེམས་ཀྱི་དྲི་མ་འཁྱུ?། །རྡོ་རྗེ་འཛིན་པའི་སྒྲིབ་བདག། ཕྱག་རྒྱ་བསྟན་པའི་ལས་དང་ནི། །བདེ་སྐྱེད་ ་ཐོབ་པར་ནུས་པ་ཡིན། །འབྲས་བུ་རྡོ་རྗེ་འཛིན་པ་སྟེ། །རང་གི་རིག་པས་རིག་པ་འཛིན། །བདེ་ཆེན་ཉོན་མོངས་བདུད་བཅོམ་སྟེ། །ལོངས་སྤྱོད་གནས་སུ་ཕུང་པོའི་བདུད། །དྷརྨ་ཙཀྲར་ལྷ་བདུད་བཅོམ། །སྤྲུལ་པར་འཆི་བདག ་བདུད་བཅོམ་སྟེ། །དགའ་བཞིས་བདུད་བཞི་རྣམ་པར་འཇོམས། །དམ་ཚིག་འཁོར་ལོར་ཕུང་པོ་འཇོམས། །པདྨར་རྡོར་བཅུག་ཉོན་མོངས་འཇོམས། །རྡོ་རྗེ་པང་བསྐྱོད་ལྷ་བདུད་འཇོམས། །བདེ་བ་འབབས་པས་འཆེ་བདག་འཇོམས། །བདེ་ཆེན་རྣམ ་སྨིན་འབྲས་བུ་སྟེ། །ལོངས་སྤྱོད་རྒྱུ་མཐུན་འབྲས་བུར་བཤད། །དྲི་མེད་འབྲས་བུ་ཆོས་སུ་སྟེ། །སྐྱེས་བུ་བྱེད་པ་སྤྲུལ་པའོ། །ཡང་སྤྲུལ་རྒྱུ་མཐུན་འབྲས་བུ་སྟེ། །ཆོས་ཀྱི་འཁོར་ལོ་རྣམ་པར་སྨིན། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཡིན། །བདེ་ཆེན་འཁོར ་ལོ་དྲི་མེད་པའོ། །ཡང་དམ་ཚིག་འཁོར་ལོ་རྒྱུ་མཐུན་པ། །རྡོ་རྗེ་པད་སྦྱོར་སྐྱེས་བུ་བྱེད། །བདེ་བ་བབས་པས་རྣམ་སྨིན་ཡིན། །ཆག་དང་བྲལ་བ་དྲི་མ་མེད། །འབྲས་བུ་རྣམ་པ་བཞི་རུ་གསུངས། །བླ་མ་རིག་མ་མཉེས་མ་ནི། །དེ་ནི་དབང་ཐོབ་རྒྱུར་བཤད་དོ།། ་ཡང། འབྲས་བུ་དགའ་བ་བཞི་སྐྱེད་བྱེད། །ལྷ་སྦྱིན་བརྡ་ཕྲད་བུམ་པའི་དབང། །དེ་ཡི་འབྲས་བུ་དགའ་བ་བསྐྱེད། །བག་ཙུམ་སྐྲ་བཟུང་དབུ་རྒྱན་དབང། །དེ་ཡི་འབྲས་བུ་རབ་དགའ་སྐྱེད། །པདྨར་རྡོར་བཅུག་རྡོ་རྗེའི་དབང། །དེ་ཡི་འབྲས་བུ ་མཆོག་དགའ་བསྐྱེད། །རྡོ་རྗེ་པད་བསྐྱོད་དྲིལ་བུའི་དབང། །དེ་འབྲས་ལྷན་ཅིག་དགའ་བ་སྐྱེད། །དམ་ཚིག་ཧ་སྐད་མིང་གི་དབང། །བདེ་བ་ཆེན་པོ་སྐྱེད་པར་བྱེད། །ངོ་བོ་འབྲས་བུ་དབྱེར་མེད་དོ། །ཤེས་རབ་ལ་ནི་བརྟེན་ནས་སུ། །གཉིས་མེད་ཡེ་ཤེས་བསྐྱེད ་པས་ན། །ཤེས་རབ་ཡེ་ཤེས་དབང་ཞེས་གྲགས། །རིམ་པ་ཐ་མ་བཤད་བྱ་སྟེ། །ཀྱེ་འོ་དཔལ་ལྡན་འདུས་སོགས་པར། །འཁོར་གྱི་བྱང་ཆུབ་སེམས་དཔའ་ཡིས། །གསང་བའི་ཡི་གེ་མཐོང་བ་ཡི། །སྐལ་པ་བདག་གཅིག་མེད་ཅེས་དུས། །སྟོན་པས ་ཡི་གེ་རྣམ་དག་ཅེས། །ཡི་གེ་ལས་དབེན་མཚན་ཉིད་གསུངས། །བཞི་པའི་གླེང་བཞིར་ཤེས་པར་བྱ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཆོས་ཀུན་སེམས་ལ་གནས་བཅས་ཏེ། །སེམས་ནི་ཡེ་ནས ་རྣམ་པར་དག་བདེ་ཕྱིར་ཆོས་ཀུན་རྣམ་པར་དག་།དེ་ནི་གནས་གྱི་བླ་མར་གསུངས། །དུས་གསུམ་གཅིག་སྟེ། བྱང་མེད་ཅིང། །གང་དུ་དུས་གསུམ་དབྱེར་མེད་པ། །དེ་ནི་བླང་དོར་མེད་པའི་དུས། །མཆོག་ནི་བླ་མོད?་དེ་རང་གསུངས། །སློབ་དཔོན་མ་མཐོང་སེམས་ཉིད ་མཐོང། །རང་སེམས་བླ་མར་སྣང་བའི་ཕྱིར། །ཀུན་གྱི་སློབ་དཔོན་སྐལ་པ་བཟང། །གཉིས་མེད་སློབ་དཔོན་དམ་པའོ། །འགྲོ་ཀུན་དབྱིངས་ལས་སྐྱེས་པས་ན། །རྡོ་རྗེ་སེམས་དཔའ་ཨི་སྤུན་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡུལ་སློབ་པ། །རྒྱལ་བའི་སྲས་ཀྱི་དམ ་པར་བཤད། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་ཐུགས་ཆུད་པ། །གཉིས་སུ་མེད་པའི་ཡེ་ཤེས་གང། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །འདི་ཡི་གཞུང་ཐོས་མིག་ཕྱེ་བ། །དཀྱིལ་འཁོར་མཐོང་བ་དོན་རྟོགས་ཡིན། །རྟོགས་ནས་གོམས ་བྱེད་འཇུག་པ་སྟེ། །མངོན་དུ་གྱུར་པ་དངོས་གྲུབ་ཡིན། །གཉིས་མེད་ཡེ་ཤེས་དབང་འགྱུར་བས། །མྱ་ངན་འདས་དང་འཁོར་བ་ལ། །ཇི་ལྟར་འདོད་པར་དབང་སྒྱུར་པས། །རིག་པ་རང་དབང་མཆོག་ཏུ་བཤད། །འདི་དབང་ཐོབ་པའི་རྣལ་འབྱོར་ནི། །བསྒྱུར་བའི་དབང ་?་ཐོགས་པ་མེད། །ཇི་སྙེད་ཐེག་པ་རབ་འབྱམས་གྱིས། །དབང་བསྐུར་རྣམ་གྲངས་ཇི་སྙེད་ཀུན། །གསང་བའི་དབང་དུ་གསུངས་པ་སྟེ། །ཡང་དག་པ་ཡི་གྲངས་ལས་འདས། །མཉམ་པ་ཡེ་ཤེས་ཆེན་པོ་ཉིད། །གཅིག་དང་དུ་མ་ལས་གྲོལ་ཕྱིར། །གནས་དང་གནས ་?་དམིགས་དབྱེ་མེད། །སྒོ་གསུམ་དབྱེ་བ་དུ་ལ་ཙམ་མེད། །གཉིས་མེད་ཡེ་ཤེས་ཆེན་པོ་ལས། །སྒྱུ་འཕྲུལ་དྲ་བ་མི་འགོག་ཕྱིར། །ཐབས་དང་ཐབས་བྱུང་ཐབས་བསམ་ཡས། །ཐབས་ཀྱི་ནང་ན་མཆོག་ཏུ་གསུངས། །རང་རིག་ཡེ་ཤེས་རྒྱལ་བ་ཉིད། །ཁམས་གསུམ ་འཁོར་བ་ཉིད་ཡིན་ཕྱིར། །འདི་ལ་སྒྲིབ་དང་མི་སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །སྒྲིབ་པ་ཉིད་ནི་བྱང་ཆུབ་ལ། །འཁོར་བ་ཉིད་ནི་མྱ་ངན་འདས། །དབྱེ་བ་མེད་པའི་ས་མཆོག་གིས། །ས་ཡི་ཁྱད ་པར་ཟིལ་གྱི་གནོན། །ཐམས་ཅད་ས་ཉིད་ཡེ་ཤེས་དང། །བརྗོད་པའི་ཐ་སྙད་ཡུལ་ལས་འདས། །རང་བཞིན་གྱིས་ནི་འོད་གསལ་ཞིང། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་དག་ཀུན་གྱི་མཆོག་གི་མཆོག། དེ་བསྒྲུབ་ཐབས་སུ་གསུངས་པར ་ཟད། །དཔར་ན་གླང་པོ་རྙེད་གྱུར་ན། །གླད་པོའི་རྗེས་ནི་མི་བཙལ་ལྟར། །རང་རིག་ཡེ་ཤེས་མངོན་སུམ་ན། །མཚན་མའི་རྟགས་ནི་འཁྲུལ་པའི་གཞི། །ཡང་དག་དོན་ནི་བརྡ་ལས་འདས། །མཚོན་པར་བྱ་བའི་ཡུལ་མིན་ཡང། །མཛུབ་མོས་ཟླ་བ་བསྟན ་པ་ལྟར། །བརྡ་ཡི་སྒོ་ནས་འཇུག་པ་ཡིན། །སྣང་དང་སྲིད་པ་ཇི་སྙེད་པ། །སྐུ་གསུང་ཐུགས་ཀྱི་རྫས་ཡིན་པས། །ལྷག་པར་སྦད་བར་བླང་དང་བྲལ། །ཡེ་ཤེས་རྗེས་ཀུན་ལས་གྲོལ་བཤད། །རང་གི་དོན་ལ་མངོན་སུམ་ན། །རང་རིག་ཁོ་ན་ཙམ ་དུ་ཟད། །རང་རིག་དེ་ཡང་འདི་སྙམ་ཞེས། །བརྗོད་པའི་ཐ་སྙད་རྣམས་དང་བྲལ། །འདི་ནི་དགོངས་པའི་མཆོག་ཏུ་གསུངས། །རིག་པ་རང་དབང་གྱུར་པ་ནི། །སྲིད་པ་གསུམ་ན་འགྲན་ཟླ་མེད། །འོག་མ་རྣམས་ཀྱི་གཉེན་པོར་ཆེ། །ནུས་པ་མང་པོའི ་བྱེ་བྲག་ལྡན། །རྒྱུ་དང་འབྲས་བུ་དབྱེར་མེད་པས། །རྒྱུ་འབྲས་ཐ་སྙད་ཡོངས་ཀྱིས་བྲལ། །རྒྱུ་ཡི་ནང་ན་འང་མཆོག་ཡིན་ཏེ། །འབྲས་བུའི་ནང་ནའང་དམ་མཆོག་གོ། །དབང་གསུམ་བྱེ་བྲག་ལས་གྲོལ་ཕྱིར། །བཞི་པའི་དབང་ཞེས་གྲགས་པ་སྟེ། །རྒྱལ་བ ་རྣམས་ཀྱི་ཐུགས་ཀྱི་གསང། །ཐམས་ཅད་མཁྱེན་པར་འདི་བརྗོད་དོ། །འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ཉིད་ཉེ་བར་མངོན་མི་འགྱུར། །འོན་ཀྱང་འདི་ཡི་དབྱེ་བ་ཡིས། །དེ་ཉིད་ཐོབ་བྱའི་གནས་སུ་འགྱུར། །དེ་བས་རིམ་པ་མཆོག་ཡིན་པས། །སྒྲུབ་པ་རྣམས ་ཀྱིས་ནན་ཅན་བྱའོ། །སློབ་དཔོན་རྣམས་ནི་མ་མཉེས་ཤིང། །དབང་རྣམས་རིམ་གྱིས་མ་བགྲོད་པར། །སྔགས་སྤྱོད་སྒྲུབ་པ་རྩོམ་བྱེད་ན། །དེ་འབྲས་མེད་ཅིང་ངན་སོང་ལྟུད། །དབང་རྣམས་བགྲོད་པ་མ་བྱས་པར། །ཐུགས་ཐུབ་མཆོད་སེམས་ཀྱིས་ནི། །གང་དག ་མན་དག་རིམ་བསྟན་ན། །འཕུད་བྱེད་གཉིས་ཀ་དམྱལ་བར་ལྟུང། །དེ་ཡི་སྔགས་ཀྱི་དམ་ཚིག་ཅེས། །སྨྲ?་བྱེད་ལྕེ་ལ་ཞིང་རྨོ་ཞིང། །མནར་མེད་གནས་སུ་ཉེ་བར་འཁོར། །དབང་མ་བགྲོད་པའི་གང་ཟག་དག་།གལ་ཏེ་འདྲི་བས་དགེ་སློང་ཡང། །གཏམ་གྱི་རིགས ་ཙམ་ཡང་མི་བརྗོད། །དེ་བརྗོད་ཉེས་པའང་བརྗོད་མེ་ལང། །རིམ་པ་རྫོགས་ཤིང་སྣོད་ཅན་ལ། །འདྲི་ཞིང་གླེང་སློང་བྱེད་པ་ན། །དེ་ལ་དེ་དོན་མ་བསྟན་ན། །དེ་ཡང་ཉེས་པའི་གནས་སུ་འགྱུར། །གང་ཞིག་དབང་གི་རིམ་པ་ནི། །བླ་མ་གཞན་ལས་རྫོགས་བླངས་ལ།། ་མན་ངག་གི་ནི་རིམ་པ་ནི། །བླ་མ་གཞན་ལས་གླང་དུ་རུང། །དབང་དང་མན་ངག་མ་བགྲོད་པར། །གླེགས་བམ་ལ་བརྟེན་ཤེས་རབ་ཀྱིས། །གང་ཞིག་མན་ངག་རིམ་རྙེད་ན། །དེ་ནི་སྔོན་སྦྱངས་འཕྲོ་ཅན་ནོ། །དེས་ཀྱང་བླ་མ་དག་པ་ལ། །དབང་གི་རིམ་པ་བགྲོད་པར་གཅེས། ་རྣམ་སྨིན་ཤེས་རབ་སྦྱངས་པའི་མཐུས། །ལུས་ངག་རྟོག་པ་སྦྱངས་པ་དང། །རིན་ཆེན་འཁོར་ལོའི་མན་ངག་འདི། །དབང་མ་བགྲོད་ལ་བསྟན་གྱུར་ན། །བདག་ཀྱང་ཕུང་ལ་གཞན་ཡང་བརླག་།དེ་བས་གཞན་དུ་བསྟན་མི་བྱ། །བདག་གིས་བརྩམས་པའི་མན ་དག་འདི། །རིམ་པ་ཚུལ་བཞིན་བྲེས་པ་ཡིས། །འགྲོ་ཀུན་གསང་སྣོད་ལྡན་ཏེ། །ཚེ་འདི་ཉིད་ལ་བྱང་ཆུབ་ཤོག་།རིན་ཆེན་འཁོར་ལོའི་དབང་གི་མན་ངག་གི་རིམ་པ། སློབ་དཔོན་ཨིནྡྲ་བྷུ་ཏིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་