CLOSE WINDOW

N2095: pha rol dbang du bya ba
Wyliee-texts based on the ACIP/ALL Input

དབང་ཉིད་བརྙེས་ནས། ཐུགས་རྗེས་མི་བསྙལ་ལུས་ཅན་གཞན་ཡང་ཞི་བ་བླ་མེད་ལམ་བཟང་དུ། །སྨིན་མཛད་དབང་སྩོལ་ས་གསུམ་བདག་པོ་སྤྱན་རས་གཟིགས་དབང་ལ་བཏུད་དེ། །སྐལ་ལྡན་ཏིང་འཛིན་ཡེ་ཤེས་སེམས་སྤྱོད་རྣམ ་ངག་དབང་བསྐུར་ཆོ་ག་བཤད།། །།ཡིད་འོང་གནས་སུ་བདེ་བ་ཡི། །རྐྱེན་ཚོགས་དམ་ཚིག་ཀུན་ལྡན་པས། །སྙིང་རྗེ་ཆེན་པོ་མདུན་བཞག་ལ། །གུས་པས་སྔོན་དུ་གསོལ་བ་གདབ། །འདོམ་གང་སྲིད་འཕགས་ནམ་མཁར་ནི། །ཐུབ་པ་ཆེན་པོ་འཁོར ་ལོས་སྒྱུར། །བདེ་ཆེན་ཡུམ་དང་ལྷན་ཅིག་སྐྱེས། །དཔག་མེད་སྲས་བཅས་བསྒོམ་པར་བྱ། །སྣ་ཚོགས་དངོས་ཀུན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་སྤྱོད་ཇི་བཞིན་དུ། །མཆོད་བྱས་སྡིག་པ་བསལ་ནས་སུ། །རྣམ་དག་དབང་བསྐུར་དེ་རྗེས་ནོད། །ལྷ་དང་བདག ་གནས་རྣམ་གསུམ་དུ། །རྡོ་རྗེ་འབྲུ་གསུམ་མངོན་བསམས་ལ། །དད་དང་ཐུགས་རྗེ་དམ་མཆོག་གིས། །ཁ་དོག་རིམ་གསུམ་འོད་གཟེར་དབྱུང། །སྐུ་མཆོག་སྙིང་པོ་ཨོཾ་ལས་འོད་ཟེར་དཀར་པོ་དང། །གསུང་རྒྱུན་དྲི་མེད་ཨཱ(རྒྱུད་འགྲེལ་བའི་འོད། །རྣམ་དག་ཐུགས་བདག་ཧཱུཾ་ལས་རྣམ་འཕྲོས་རབ་སྔོ་སེར། །བདག་ལུས་ངག་ཡིད་གནས་གསུམ་ལ་རེག་དྲི་གསུམ་སེལ། །དེ་རྗེས་བདུད་རྩི་དཀར་དམར་སྔོ། །དག་བྱེད་རྣམ་གསུམ་མན་ངག་བཞིན། །དེ་འོག་ཡེ་ཤེས་རྣམ་གསུམ་བག། ་མཐར་ནི་གཉིས་མེད་ཞི་བའོ། །ཤིན་ཏུ་གསང་བ་བདེ་པ་ཆེ། །ཐིག་ལེ་གསུམ་རྒྱུན་སྦྱོར་བ་ནི། །དེ་རྗེས་བློ་གྲོས་ཆེན་པོས་བསྒོམ། །དབང་བསྐུར་ནས་ནི་གཤེགས་པར་རོལ། །ཏིང་ངེ་འཛིན་གྱིས་དབང་བསྐུར་རྫོགས་སོ། །། ་པཎྜི་ཏུ་དེ་ཉིད་དང། གདུབས་ལོ་?་བས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བྷ་ར་ཝ་ཤ་མཱ་ན། བོད་སྐད་དུ། ཕ་རོལ་དབང་དུ་བྱ་བ། །འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྙིང ་རྗེས་ནོན་པའི་ཡིད། །ལུས་ཅན་མྱ་ངན་འདས་པ་ལ། །བསམ་པ་ཐག་པས་འགྲོན་གཉེར་བ། །དེ་ཡིས་ཕ་རོལ་བསྡུ་པ་བཤད། །ནམ་ལངས་མུན་པས་སླེབས་པ་དང། །གཉིས་དུ་ཉེ་དང་སད་པའི་དུས། །དགའ་དང་གདུང་བ་བསྐྱེས་པ་ནས། །དེ་ཡི་ཆ ་ག་སྤྱན་རས་གཟིགས། །བདག་གིས་ལུས་གང་ལྟ་ཡིན་ཏེ། །དག་ནི་ཡི་གེ་བཞི་ཉིད་དོ། །རྣམ་པར་རྟོག་དང་མི་རྟོག་སེམས། །སྙིང་རྗེ་?་དང་སྟོང་པ་ཉིད། །མིག་གཉིས་ཉི་ཟླ་འབར་བ་དང། །ལྕེ་སྟེང་ཨ་ཀའི་ཕྲེང་པས་བརྒྱན། །ལྟེ་བ་མེ་ཐབ་འཁྱིལ་པའི ་དབུས། །དཔལ་ལྡན་འདོད་པའི་ལྷ་མོ་ཡི། །མི་གང་དབང་དུ་བྱ་བ་དེའི། །སྨིན་ཕྲག་སྙིང?་དང་ལྟེ་བའི་དབུས། །དགའ་དང་དད་དང་གདུང་བ་ཉིན། །ཐིག་ལེ་པདམོ་ཨ་ཡི་གཟུགས། །བྱམས་པ་ཡི་གེ་ཨ་ཡི་རྒྱན། །བདག་གི་སྤྲུལ་པ་ལས་སྐྱེས་ངག། ་རབ་ཏུ་མི་བཟོད་སྙིང་རྗེ་ཅན་དགའ་པའི་བལྟ་བས་རྣམ་པར་བཞུ། །བཏང་སྙོམས་ཚད་མོད་བློ་གྲོས་ཆེ། །ཡི་གེ་ལྔ་བརྗོད་པདམོ་བ་བྱེད། །ོཾ་?་ཧྲཱི(རྒྱུད་འགྲེལ་བདེ་གཤེགས་རིང་བསྲེལ?་སྐུ་ཁྲུས་སོགས། །བརྩེ་ལྡན་རྣམས་ཀྱིས་སྔགས་ཆུང་བཅས། །མེ་ཏོག་དམར་པོས་གདོད་བཀྲུས་ལ། །ལྕེ་དཀྱིལ་སྒྲང་རྩི་ལྡན་བསྔགས་བརྗོད། །ོཾ་ཨཱ(རྒྱུད་འགྲེལ་ལ་ཙེལ་པྲ་ཙལ་པྲ་ཙ་ལ་ཛ:ཛ:ཛ:བློ་གྲོས་བཟང་པོ་སྙིང་རྗེས་མྱོས་གྱུར་པ། །སྐྱེ་བོ་འདི་དག་ཐབས་གང་འཕྲིན་ལས་ཀྱིས། །བདེ་བར་རུང་ན་བདག་ཅིང་གྱུར་སླའོ་ཞེས། །ཉིན་མཚན་རྟག་ཏུ་ཡིད་བྱེད་མི་འབྲལ་ན། །རྣལ་འབྱོར་རྒྱལ་པོ་རྟགས་པ ་འདིས?། །ཞག་གསུམ་དྲུག་?་དགུ་ཉིད་ན། །ལྕགས་ཀྱུས་བཞུས་པའི་ཡལ་ག་ལྟར། །གདོན་མི་ཟ་བར་དེ་དབང་འགྱུར། །ཕ་རོལ་དབང་དུ་བྱ་བ་གཙུབས་ལོ་ཙཱ་བས་བསྒྱུར་པའོ།། །།བཀྲ་ཤིས་བདེ་ལེགས་དང་ལྡན་པར་གྱུར་ཅི།། ་