CLOSE WINDOW

N2093: dpal rnal 'byor bdun gyi lam rnam par nges pa
Wyliee-texts based on the ACIP/ALL Input

སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །མེ་ལོང་གཟུགས་དང་པོ་ཝཾ་སྒྲ། །དགེ་སློང་སྤྲུལ་པ་རྫུ་འཕྲུལ་བཞིན། །ཡོད་དང་མེད་དང་སྐྱེ་འགག་དང། །འགྲོ་འོད?་ངོ་མཚན་ཉིད་རྟོགས་པར་གྱིས། །སྐྱེས་ཡི་ནི་རྟ་གླུང་ལྟར།། ་སྣང་བརྟེན་ཅིང་འབྲེལ་ཡང་འཕྱུང?། །དེ་ཉིད་སྟོན་གྱི་མཁའ་བཞིན་དུ། །འོད་གསལ་ཆོས་གསུམ་སྦྱར་བར་བྱ། །ེ་མའོ། རྣལ་འབྱོར་རྒྱལ་པོ་ཆེ། །ེ་མའོ་མ་བཅིངས་མ་གྲོལ་བའོ། །ེ་?་མ་སྤངས་ལྷུན་གྱིས་གྲུབ། །ེ?་མའོ་ཨེ་མའོ་བདེ་བ་ཆེ། །མ ་རྟོག་འགྲོ་ལ་རང་དབང་དུ། །སྙིང་རྗེ་ཆེན་པོའི་དབང་གིས་ནི། །དམིགས་མེད་རྣམ་ཀུན་ཡོངས་རྫོགས་པའི། །བསོད་ནམས་ཡེ་ཤེས་ཕུན་ཚོགས་འགྱུར། །རང་གི་སེམས་ཀྱི་མདུད་པ་འགྲོལ་པའི་གདམས་པ་རྫོགས་སོ།། །། ་བླ་མ་མ་ཏྲི་ཨེ་ནནྟ་ཞེས་བྱ་བ་སྤས་པའི་སངས་རྒྱས་དེ་ཉིད་བོད་ཡུལ་ཁ་བ་ཅན་གྱི་མཐིལ་བཀྲ་ཤིས་ཀྱི་ཚོང་དུས་ཆེན་པོ་འགུང་མོ་རིན་པོ་ཆེའི་གླིང་དུ་བྱོན་པའི་ཚེ། །མདོ་སྔགས་ཀྱི་བདག་པོ་ཆེན་པོ། །རྒྱ། འབྲེལ་ལ། ལོ། དྲོ། གཤེན་དྲུག་གིས་ཞུས་པའི ་དོན་དུ་གསུངས་པ། །ཕྱག་རྒྱ་ཆེན་པོ་ཚིག་ཆོད་ཀྱི་དོ་ཧ། །གནུབས་ལོ་?་བས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། ཤྲཱི་སཔཏ་?་ག་མཱ་རག་བི་ནི་ཤཙ་ཡ། བོད་སྐད་དུ། དཔལ་རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས་པ། བཅོམ་ལྡན་འདས ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ཏེ། །དེ་ཡི་ཞལ་གྱི་བཀའ་དྲིན་གྱིས། །བདུལ་དཀའ་ཨི་རང་སེམས་འདུལ་བ་ལ། །སྙིང་པོའི་མན་ངག་རྣམ་བདུན་ཐོབ། །ཀྱེའོ་གཞིན་བཟང་དེ་ལ་ཉོན། །ཐོག་མེད་འཁོར་བའི་འཁོར་ལོ ་འདིར། །ཁྱེད་ཅག་གང་གི་འཁོར་གྱུར་པ། །ེ་མའོ་དེ་ཉིད་དེའི་རྒྱུ། །གདོད་ནས་རྣམ་གྲོལ་རང་གི་སེམས། །གང་ཕྱིར་ཐམས་ཅད་རང་གི་དང། །འཆིང་དང་གྲོལ་བར་འགྱུར་བའི་ཕྱིར། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེ་གྲོལ་བའོ། །གྲོལ་བའི ་ལམ་ནི་མཁས་པར་རིག་།ཀྱེ་ཀྱེ་ཨི་མའོ་ཨེ་མའོ། །སྡུག་བསྔལ་རྒྱ་མཚོ་སྒྲོལ་བའི་གྲུ། །རྒྱལ་བའི་བསྟན་པ་རིན་པོ་ཆེ། །འདི་ཡི་ངོ་བོ་བྱང་ཆུབ་སེམས། །དེ་ཡི་ངོ་བོ་སྟོང་པ་ཉིད། །དེ་དབྱེར་མེད་པ་ལམ་ཡིན་ནོ། །འགྲུབ་པ་ཚད་མེད་ཐམས་ཀྱི་བདག་།བསྐུལ ་བ་བསྒྱུར་བ་སྤྲོ་བ་?། །དྲན་དང་བྲལ་བ་ལྷུན་གྱིས་གྲུབ། །གཉུག་མ་འོད་གསལ་བྱང་ཆུབ་སེམས། །མི་རྟག་སྡུག་བསྔལ་བདག་མེད་ཀྱི། །སྲིད་ལ་ཆགས་མེད་བསྐུལ་པར་བྱ། །ཕྱི་ནད་གསང་བའི་རྣམ་དག་གིས། །སྣང་སེམས་ཡེ་ཤེས་བསྒྱུར་བར་བྱ།། ་རྟེན་འབྲེལ་སྦྱོར་ཉིད་སྙིང་རྗེ་ཡིས། །འཁོར་འདས་འགྲོ་བའི་དོན་རབ་སྤྲོ། །གང་ཤར་སོར་བཞག་དྲན་པ་ཡིན། །དྲན་པ་རང་གྲོལ་བྲལ་བ་སྟེ། །བྲལ་བ་རོ་མཉམ་ལྷུན་གྱིས་གྲུབ། །གང་ཤད་ངོ་བོ་མ་བཅོས་པ། །གཉུག་མའི་དེ་ཉིད་ཡུལ་དབང་གིས། །སྣ་ཚོགས ་འགྲུབ?་ཐ་སྟོང་པ་ནི། །སེམས་ཉིད་ཟབ་མོའི་འོད་གསལ་ཡིན། །འོད་གསལ་གང་ཡིན་ཏེ་ཡི་རོ། །བརྩེ་ཆེན་རབ་འབྱམས་བྱང་ཆུབ་སེམས། །དེ་ཡི་འབྲས་བུ་རྫོགས་སངས་རྒྱས། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཞབ?། །བླ་མའི་མཐུ་ཡིས་འཛམ་གླིང་གི། ་མིག་བྱིན་གྲོགས་པོའི་མིང་ཅན་ལ། །ངལ་སོའི་མན་ངག་རྣམ་པ་བདུན། །དཔལ་རྣལ་འབྱོར་རྣམ་པ་བདུན་གྱི་ལམ་རྣམ་པར་ངེས་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ན་ནྟའི?་ཐུགས་ཀྱི་འཁོར་ལོ་དམ་པ། །བཀྲ་ཤིས་ཀྱི་ཚོང་དུས་ཆེན་པོ་དཔལ ་མགུར་མོ་རིན་པོ་ཆེའི་གླིང་དུ། དགེ་པའི་བཤེས་གཉེན་ཆེན་པོ། །རྒྱ། འབྲེ། ལམ། ལོ། དྲོ། གཤེན། དྲུག་གི་དོན་དུ་མཛད་པའི་བསྟན་བཅོས། དེ་ཁོ་ན་ཉིད་རྣལ་དུ་མཚོན་པའི་མན་ངག་རྫོགས་སོ།། །།མི་ཏྲ་ཛོ་ཀིས་མཛད་པ་དེ་ཉིད་དང་ཁྲོ་ཕུབ ་ཡིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། །ས་མཱ་དྷེ་ཨ་བྷི་ཥ་ཀ། བོད་སྐད་དུ། ཏིང་ངེ་འཛིན་གྱི་དབང་བསྐུར་བ། དཔལ་ལྡན་འཇིག་རྟེན་དབང་ཕྱུག་འཁོར་ལོས་སྒྱུར?་བ་ལ་ཕྱག་འཚལ་ལོ། །གད་ཞིག་དཔལ་ལྡན་བདུད་བཞིའི་དགྲ་བཅོམ་བྱང་ཆུབ་མཆོད། ་