CLOSE WINDOW

N2091: grub pa dam pa'i lam nges pa
Wyliee-texts based on the ACIP/ALL Input

བྱེད་པའི་ལམ། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་པས་གྲོལ་པའོ། །འདོད་ཆགས་བདེ་བ་ཆེན་པོར་དག་།ཞེ་སྡང་འོད་གསལ་མེ་ལྕེ་འབར། །གཏི་མུག་རྣམ་པར་མི་ཏོག་ཉིད། །དུག་གསུམ་སྐུ་གསུམ་ལྷུན་གྱིས ་གྲུབ། འཆིང་བ་རྣམ་གྲེལ་གྱི་མན་ངག་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྭ་ཨནནདའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ཀྱི་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ ་བུ་ལང་གསེར་ཁང་དུ་བསྒྱུར་པའོ།། །།རྒྱ་གར་སྐད་དུ། །སིདྡྷིས?་?་ནི་རྣལ་ཏ་སད་?་རྣལ། བོད་སྐད་དུ། གྲུབ་པ་དམ་པའི་ལམ་ངེས་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཁ་སདྡྷ?་ཎི་འཇིག་རྟེན་དཔལ། ་ཐུགས་རྗེ་ཆེན་པོ་སྟོན་པའི་མཐུས། །གདུལ་དཔའ་ཨི་རང་སེམས་འདུལ་བ་ལ། །སྙིང་པོ་བླ་མེད་རྣམ་གསུམ་ཐོབ། །ཀྱི་མའོ་འཛམ་གླིང་སྐྱེ་བོ་ཉོན། །འགྲོ་པའི་གཤེས་གཉེན་འདི་སྐད་སྨྲ། །གང་ཞིག་འཆིང་བར་བྱེད་པའི་རྒྱུ། །དེ་ཉིད་གྲོལ་བར་བྱེད་པའི་ལམ།། ་སྡུག་བསྔལ་རྒྱ་མཚོ་སྒོལ་བའི་གྲུ། །ཐུབ་པའི་བསྟན་པ་རིན་པོ་ཆེ། །དེ་ཡི་ངོ་བོ་ལམ་དང་ཐབས། །བཤེས་གཉན་ཀུན་དགའ་ཨི་གདམས་པ་ཡིན། །ེ་མའོ། །མི་ལུས་རིན་ཆེན་རྙེད་པར་དཀའ་། །རྙེད་དཀའ་ཨི་ངལ་འབྱོར་སྤྲིན་ལྟར་གཡོ། །འཁོར་བ་ཐམས ་ཅད་སྡུག་བསྔལ་ཏེ། །རང་སེམས་མྱ་ངན་འདས་པ་ཡིན། །རྒྱ་མཚོར་བྱིང་པས་རྙེད་པའི་གྲུ། །ཆུ་རྒྱུན་དྲག་པོའི་དཔའ་འདང་ནི། །དུས་ཅན་སྤྲུལ་གྱི་ཚང་བཞིན་དང། །སྟོན་གྱི་ནམ་མཁའ་ཨི་བའི་གུང་བཞིན་ནོ། །ལོངས་སྤྱོད་ཅི་འདྲ་ཁྱིམ་གྱི་སྒྲ། །བཤེས་པའི་ཅི་འདྲ་ཚོར? ་ཁང་མི། །རང་ལུས་ཅི་འདྲ་སྤྲུལ་གྱི་ལྤགས། །ཚེ་སྲོག་ཅི་འདྲ་རི་གཟར་ཆུ། །ཀྱེ་མདོ་མི་རྟག་སྲིན་པོ་ཡི། །ཁང་ཆུད་མ་གྱུར་དེ་སྲིད་པར། །གྲོགས་དག་སྲིད་པ་རུ་བཟློག་ལ། སྒྲིམ་པར་གྱིས་ཤིག་བཞིན་བཟང་དག་།སྒྱུ་མའི་གྲོང་ཁྱེར་ཡངས་པ་ན། །རྨི་ལམ་སྐྱེས ་བུ་ལོངས་སྤྱོད་པ། །སེམས་ཉིད་བརྟེན་ཅིང་འབྲེལ་པར་འབྱུང། །སྣང་སེམས་དེ་ལྟར་ཤེས་པར་བྱ། །ལྟོས་ཤིག་ལུས་ནི་ཆུ་ཤིང་འདྲ། །དག་ནི་བྲག་ཆ་མཁའ་འདྲ་ཡིད། །རྡུལ་ཙམ་དམིགས་པ་ཡོད་མིན་ན། །བུ་དག་གང་ལ་སུ་ཞིག་འཆིང། །ཡུ་བུ་ཐམས་ཅད ་ང་སྙམ་དང། །ངའོ་སྙམ་དང་གཞན་སྙམ་དང། །གཞན་གྱིའོ་ཞེས་ལོག་རྟོག་པ། །འདི་དག་ཇི་ལྟར་གང་དུ་དོགས། །ཇི་ལྟར་རྨི་ལམ་བུ་ཤི་བ། །བུ་ཉིད་མེད་ན་དེ་ཤི་ཡང། །བདེན་པར་ཡོད་པ་མ་ཡིན་པ། །དེ་བཞིན་ཡུ་བུའི་འཛིན་པ་ཡང། །ཆོས་ཀུན་རྨི ་ལམ་འདྲ་བའི་ཕྱིར། །ཟས་གོས་ནོར་དང་གྲོགས་བཤེས་དགྲ་།སྣ་ཚོགས་སྣང་བ་འདི་དག་ཀུན། །སྒྱུ་མ་ཡི་ནི་རྟ་གླང་བཞིན། །གང་ཤར་སོར་བཞག་དྲན་པ་ཡིན། །དྲན་པ་རང་གྲོལ་བྲལ་བ་སྟེ། །བྲལ་བ་རོ་མཉམ་ལྷུན་གྱིས་གྲུབ། །སྙིང་པོའི་གསེལ་ལམ ་རྣམ་པ་གསུམ། ཨའི་ཐི། མི་ཏྲ་ཛོ་ཀིས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་པའོ།། །།*། །རྒྱ་གར་སྐད་དུ། སྭ་ཅིཙཌ་ཡོ་གི་གཎྜཱ?་ཀ་ཏོ་བ་དེ་ཤེ། བོད་སྐད་དུ་།རྣལ་འབྱོར་པ་རང་གི་སེམས ་མདུད་པ་འགྲོལ་བའི་མན་ངག། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ེ་མའོ། གདོད་ནས་མ་སྐྱེས་པ། །འཁོར་དང་འདས་པའི་བྱེད་རྒྱུ་ཅན། །གཞན་མིན་རང་གི་སྙིང་དབུས་གནས། །བླ་མའི་ཞལ་ལས་ཤེས ་པར་འགྱུར། །ཀྱེ་འོ་གཞིན་བཟང་ངལ་ཉོན། །གང་གིས་འཆིང་པར་བྱེད་པའི་རྒྱུ། །དེ་ཉིད་གྲོལ་པར་བྱེད་པའི་ལམ། །འདི་ན་འཆིང་བ་གང་ཡང་མེད། །རྨི་ལམ་གྲོང་ཁྱེར་ཡངས་པ་ན། །སྒྱུ་མའི་སྐྱེས་བུ་ལོང་སྤྱོད་པ། །ལོངས་སྤྱོད་དུས་ན་ཐོངས?་སྤྱོད་མེད། །སྣང ་སེམས་དེ་ལྟར་ཤེས་པར་བྱ། །སྣ་ཚོགས་སྣར་པ་རང་གི་སེམས། །དེ་ནི་སྤྲུལ་པའི་ཚོགས་འདུས་བཞིན། །རང་སེམས་དབང་པོའི་གཞུ་འདྲ་བ། །གཉུག་མ་འོད་གསལ་ལྷུན་གྱི་གྲུབ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དཱུང་མ་ཤར་བའོ། །དེ་ཕྱིར་གང ་