| Wylie | e-texts based on the ACIP/ALL Input |
བ་གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཇི་ཏ་མི་ཏྲ་གུཔཏས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཛ་ག་ཏ་མི་ཨནནད་དང་བུདྡྷ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་བྱམས་པ་དཔལ་གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཤྲཱི་བནདྷ་བི་མུ་ཀ་ཏ ་ཤཱསྟྲ། བོད་སྐད་དུ། དཔལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་ཞིག་མ་རྟོགས་རྟོགས་དཀར་རྟོགས་ན་དེ་ཉིད་དུས། །འཆིང་བ་མི་བཟང་ཤིན་ཏུ་གྲོལ་དཀའ་གྲོལ་འགྱུར་བ། །བདག་དང་གཞན ་དོན་ཕུན་ཚོགས་རྫོགས་པའི་སངས་རྒྱས་ལམ། །ངོ་མཚར་དེ་ནི་འགྲོ་བ་བསྒྲལ་ཕྱིར་བདག་གིས་བཤད། །གྱད་ཀྱི་དོར་བུ་ལ་སོགས་བཞིན། །སྙིང་པོ་དེ་ནི་གཞན་མིན་གནས། །གང་ཕྱིར་ཐམས་ཅད་རང་གི་རང། །འཆིང་དང་གྲོལ ་བར་འགྱུར་བའི་ཕྱིར། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེ་གྲོལ་བའོ། །དེ་ནི་སྟོང་དང་རྟེན་འབྲེལ་འཇུག་།དེ་ཕྱིར་འཕོངས་པས་མི་རྟོགས་སོ། །དམན་དང་ལོག་པའི་བཤེས་གཉེན་གྱིས། །ཟིན་གྱུར་བསོད་ནམས་བརྩོན་འགྲུས་ཞན། ། ་སྦྱངས་སྟོབས་བློ་གྲོས་ཆུང་བ་ཡི། །སྐྱེ་བོ་རྣམས་ཀྱིས་རྟོགས་དཀའ་ཨོ། །རྟོགས་ལྡན་སྙིང་བརྩེ་མན་ངག་མཁས། །བཤེས་གཉེན་དམ་པ་བཙལ་བར་བྱ། །ད་ནི་སོགས་ལུས་ལོངས་སྤྱོད་སོགས། །རྣམ་ཀུན་དྲི་མེད་གུས་པས་བསྟེན། །ཇི་སྲིད་བདག་སེམས ་བརྟན་གྱུར་པ། །དེ་སྲིད་ལུས་དང་གྲིབ་མ་བཞིན། །དེ་ཡི་རྗེས་སུ་བསྟན་པ་ནི། །རྟེན་འབྲེལ་སྟོང་ཉིད་བདུད་རྩིའི་ཆུ། །སྐོམ་པས་གདུངས་ལ་ཆུ་བསིལ་བཞིན། །དགའ་འགུ་མི་བཟད་དང་བས་བཏུང། །ལམ་གཞན་ཕུན་ཚོགས་ངེས་འབྱུང་མིན། །དེ་ཤེས་? ་དང་ཤེས་རབ་ཡིན། །དེ་ནི་ཆོས་སྒོ་ཀུན་གྱི་སྒོ། །རྟོགས་དཀའ་རྟོགས་བྱེད་དམ་པའི་ལམ། །ཇི་ལྟར་རྟེན་འབྲེལ་ཙམ་ཉིད་ཕྱིར། །དེ་ནི་ཇི་ལྟར་སྟོང་མ་ཡིན། །གང་ཕྱིར་སྟོང་པ་ཉིད་ཡིན་ན། །དེ་ནི་མཁའ་ལྟར་འགག་མེད་ཕྱིར། །ཅི་ཕྱིར་རྟེན་ཅིང་འབྲེལ་མི་འགྱུར།། ་དེ་ཕྱིར་དེ་གཉིས་གཉིས་མ་ཡིན། །དེ་ལ་རྟེན་འབྲེལ་ཇི་ལྟ་བུ། །དེ་ཡི་སྟེང་ཉིད་གང་ཞེ་ན། །ཉོན་ཅིག་འདི་ལྟར་སྣང་བའི་དངོས། །དབང་པོའི་གཞུ་ལྟར་རབ་གསོལ་བ། །སྣ་ཚོགས་བདེ་དང་སྡུག་བསྔལ་སོགས། །འདི་དག་རང་འབྱུང་རྒྱུ་མེད་མིན། །རྒྱུ ་གཞན་མ་ཡིན་མ་ངེས་མིན། །མངར་སྒྱུར་ཁ་ལ་རང་རྒྱུ་ཡིན། །སེམས་ཉིད་རྟེན་ཅིང་འབྲེལ་བར་འབྱུང། །ཇི་ལྟར་མཁའ་ལ་སྦྲིན་བཞིན་ནོ། །ཀྱེ་མ་སྲིད་པའི་ནགས་ཚལ་དུ། །སྡུག་བསྔལ་འབྲས་ཆེར་ལྷགས་ཤིང། །ཉེས་པར་སྤྱད་པའི་ཡལ་གཅན། ། ་འཛིན་པའི་མེ་ཏོག་རབ་གསལ་བའོ། །དེ་རྒྱུ་ཆགས་སྡང་ཚུལ་མིན་སྡོང། །བདག་ཏུ་ལྟ་བའི་རྩེ་བརྟན་ཏེ། །མི་ཤེས་བག་ཆགས་བཅས་དྲོང་གཤེར། །ས་ཆེན་འབྱུང་བ་ལས་བསྐྱེད་པའོ། །མཁའ་ལ་སྣོད་ཀྱི་འཇིག་རྟེན་ལྟར། །ེ་མའོ་རྟེན་མེད་རྟེན་གྱུར་པ།། ་རྟེན་འབྲེལ་བརྟེན་པ་རྣམས་ཀྱི་མཆོག་།རེ་ཞིག་རྟེན་ནི་མ་གྲུབ་ན། །བརྟེན་པ་ཇི་ལྟར་རྣམ་གཞག་རུང། །བདག་མེད་དེ་ལྟ་བདེན་མིན་ན། །དེས་བསྐྱེད་ཆགས་སོགས་ལས་རྣམས་སོགས། །གང་དུ་ཇི་ལྟར་ངེས་པར་བྱ། །དེ་མ་གྲུབ་ན་སྡུག་བསྔལ་གང།། ་དམྱོང་ཉིད་ཀྱང་སུ་ཞིག་བརྗོད། །ཇི་ལྟར་སྡོད་པའི་རྩ་ཕྱུང་ན། །བཅད་པའི་བྱ་བ་གྲུབ་པ་ལྟར། །གཞིར་གྱུར་བདག་རྟོགས་རྣམས་བཟློག་པས། །མཁས་པ་དེ་བཞིན་སྲིད་པ་ཞིག་།བསྲེགས་བཅད་བརྡར་བས་གསེར་སོགས་བཞིན། །འདི་ལྟར་བདག་དང ་གཞན་པ་ཞེས། །བྱ་བ་ཇི་ལྟར་རྟེན་དང་གནས། །ངོ་བོ་མཚན་ཉིད་བརྟག་བར་བྱོས། །དེ་ལ་ལུས་ངག་རླུང་དང་ཡིད། །ཕྱི་ནང་བར་སོགས་འདི་དག་མི་།ནམ་ཡང་རྟེན་བྱེད་གནས་གྱུར་པ། །སུས་ཀྱང་ངེས་པར་མི་ནུས་སོ། །གང་ཕྱིར་བདག་དེ་སྣང་རུང་ན། ། ་དམིགས་གྱུར་དམིགས་པ་མེད་པའི་ཕྱིར། །མི་སྣང་སེམས་དང་སེམས་མིན་སྨོས། །སེམས་ནི་རང་བཞིན་སྟོང་བདག་ཉིད། །སེམས་མིན་མི་རྟག་རྟེན་འབྲེལ་བདག་།རྣམ་པར་དཔྱད་ན་སྤྲོས་མེད་དོ། །རྟག་པ་བྱ་བ་འགལ་བའི་ཕྱིར། །གདན?་ཅི་འདྲ ་བདག་བསྟན་བྱོས། །མདོར་ན་འདིར་མང་སྨྲ་མི་བྱ། །བདག་དེ་རང་གི་སྒོ་གསུམ་ལས། །གཞན་ན་འདིར་གནོད་ཅི་ཞིག་བྱས། །མཚོན་གྱིས་རྨ་ལྟར་ཉེས་པ་ཡང། །བྱིས་པ་རྣམས་ཀྱི་རང་བརྟགས་དང། །ལོག་སྲེད་སྐྱེ་བོའི་བརྩོད་བར་ཟོད། །གཞན་མིན་བདག ་རྣམ་དཔྱད་ན། །ཇི་ལྟར་གང་ཞིག་བདག་ཏུ་འགྱུར། །དེ་མིན་དེ་རྟེན་དེ་གནས་གང། །གང་ཡང་འདི་དག་དེ་རྟེན་དང། །དེ་གནས་ཕྱོགས་ཀྱང་རྣམ་དཔྱད་ཀྱིས། །ཚུལ་འདས་བདག་དངོས་བདག་མཚན་ཉིད། །སྒྱུ་ལྟར་ལེགས་གྲུབ་བསྟན་པ་ཡིན། །ལྟོས་ཤིག་ཚུལ ་འདི་ཆུ་ཤིང་འདྲ། དག་ནི་དྲག་ཅ་མཁའ་འདྲ་ཡིད། །རྡུལ་ཙམ་དམིགས་པ་ཡོད་མིན་ན། །འདི་ལ་ཇི་ལྟར་བདག་ཏུ་བརྟག། ཕྱི་ནི་ཕྱི་རོལ་ནང་ཡང་གཞན། །དེས་ན་བར་ཡང་དེ་བདག་མིན། །གང་ཡང་དེ་ནི་དཀར་སོགས་དང། །རིང་དང ་ཐུང་དང་སྦོམ་དང་ཕྲ། །འཐུགས་དང་སྲབ་ཅེས་བྱ་ལ་སོགས། །མཚན་ཉིད་ངེས་པར་ནས་མ་ཡིན། །ཅི་སྟེ་ཤིང་ལ་འཁྲིལ་ཤིང་བཞིན། །དེ་ནི་ཀུན་གཞི་འམ་བག་ཆགས་ལ། །བརྟེན་དེ་མི་མངོན་གནས་ཤེ་ན། །སྣང་དང་མི་སྣང་རྣམ་དཔྱད་དང། །དེ་ཉིད ་སེམས་དང་སེམས་མིན་ཞེས། །སྔར་བཞིན་བརྟག་པ་མཚུངས་པར་འགྱུར། །འོན་ཏེ་སེམས་ནི་གང་ཡིན་པ། །དེ་ཉིད་བདག་ཅེས་བྱ་ཞེ་ན། །སེམས་ནི་དམིགས་མེད་འོད་གསལ་ཕྱིར། །ད་ནི་བདག་དེ་བདག་མེད་འགྱུར། །ེ་མའོ་ཤིན་ཏུ་རྟོགས ་དཀའ་ཨི་གནས། །ེ་མའོ་ཨེ་མ་ཤིན་ཏུ་རྨད། །ེ་མའོ་མཁས་པས་ཤེས་པར་རུང། །ེ་མའོ་ཤེས་བྲལ་ཤེས་པའི་དབྱིངས། །དེ་ལྟར་འགྲོ་བ་འདི་ན་བདག་།མེད་ཀྱང་ང་དང་ང་ཡི་ཞེས། །གཟུང་དང་འཛིན་པས་བརླབས་པ་ཡི། །སྐྱེ་བོ་སྨྱོས་པ་འདི ་དག་ཙ། །འོན་ཀྱང་འཇིག་རྟེན་ལོག་པས་མིག་།བསྒྲིབས་ནས་བཟུང་དང་འཛིན་པ་ནི། །ཇི་ལྟར་སྣང་བ་ཇི་བཞིན་གཞག་།སྣང་ལ་སྣང་ལྟར་རབ་ཆགས་སྲིད། །སྡུག་བསྔལ་འཁོར་ལོས་སྒྱུར་བའི་རྒྱུ། །བདག་ཅག་དེ་ལས་འདའ་མིན་ནམ། །གལ་ཏེ་བདག ་ཉིད་མ་གྲུབ་ཀྱང། །དེ་འཛིན་ཉིད་བདེན་ཞེ་ན། །འདི་ཉིད་ཨེ་མའོ་འགྲོ་ཀུན་གྱི། །ལོག་པར་འཆིང་བ་མི་ཟད་པས། །མགོ་ལ་མེ་ཤོར་བསྒྲིམ་པ་བཞིན། །རིངས་པར་མྱུར་དུ་ལྡོག་པར་བྱ། །གྲོགས་དག་འདི་ལྟར་མངོན་སུམ་དུ། །ཡང་དག་རིགས་པའི ་མིག་ཉིད་ཀྱིས། །བདག་དེ་མ་གྲུབ་དེས་ན་འདིར། །གཞན་ཞེས་བྱ་བའང་ཡོད་མིན་ན། །ཡུ་བུ་ཐམས་ཅད་ང་སྙམ་དང། །དའོ་མཉམ་དང་གཞན་མཉམ་དང། །གཞན་གྱིའོ་ཞེས་ལོག་རྟོག་པ། །འདི་དག་ཇི་ལྟར་གང་དུ་དོགས། །དཔེར་ན་སྨི་ལམ་བུ་ཞི་བ ་?་ཉིད་མེད་ན་དེ་ཤི་ཡང། །བདེན་པར་ཡོད་པ་མ་ཡིན་པ། །དེ་བཞིན་ཡུ་བུའི་འཛིན་པ་ཡང། །ེ་མའོ་ཤིན་ཏུ་ངོ་མཚར་གནས། །གང་ཞིག་གཅིག་ཉིད་རྟོགས་པ་ཡིས། །ཐམས་ཅད་རྣམ་པར་གྲོལ་འགྱུར་བ། །འདི་ལ་ཐེ་ཚོམ་སུ་ཞིག་སྐྲག་།འཁོར་དང་མྱ ་ངན་འདས་པའི་ཆོས། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཐེག་གསུམ་ཐེག་གསུམ་ངེས་འབྱུང་ལམ། །མ་ལུས་བདག་མིན་བདག་གིས་མིན། །བདག་མེད་སྟོང་པའི་མཚན་ཉིད་དེ། །མེད་ཕྱིར་མེད་ལ་མེད་ཉིད་དུ། །ཚུལ་བཞིན་ངེས་པར་བྱས་པ་ལ། ། ་ཀྱེ་མ་ཁྱོད་ལ་སྐྱོན་ཅི་ཡོད། །གང་གང་བདག་དང་བདག་གི་ཞེས། །འཛིན་པའི་འཆིང་བ་ཐམས་ཅད་ཀྱང། །ཕྱི་མིན་ནང་མིན་བར་ཡང་མིན། །དེ་བཞིན་ལུས་དག་ཡོད་མ་ཡིན། །དེ་དག་ལས་མིན་དེར་གནས་མིན། །དེ་བཞིན་ཆགས་དང་སྡང་སོགས་ཀྱི། ། ་མ་ལུས་ཡིད་ལ་བྱེད་པ་ཡང། །དཔྱད་ན་རེ་ཞིག་གང་ལ་གང། །གང་དུ་གང་གིས་ཆགས་པ་དང། །སྡང་བར་འགྱུར་བའང་གལ་ཡོད། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་དང། །རོ་མངར་རེག་འཇམ་ཡིད་བདེའི་རྐྱེན། །འདི་དག་གང་གིས་དེ་ཤེས་ལ།། ་ཅི་ཞིག་ཕན་བརྟགས་འབྲེལ་པ་ཡོད། །དེ་ཤེས་པས་ཀྱང་དེ་དག་ལ། །ཆགས་དང་རབ་ཏུ་ཆགས་འགྱུར་གང། །དེ་ནི་ཕྱི་ནང་བར་དག་དང། །ལུས་སོགས་དངོས་པོ་གང་ཞིག་ཡིན། །དེ་མིན་དེ་ལས་དེ་བརྟེན་དང། །སྐྱེས་དང་གནས་དང་འགག ་འགྱུར་བ། །སྒྱུ་མ་ཡི་ནི་རྟ་གླང་ལྟར། །དོན་དུ་གྲུབ་པ་ཡོང་མ་ཡིན། །གང་གིས་བདག་ལ་བརྙས་སོགས་དང། །སྨད་སོགས་བརྡེག་སོགས་བྱས་པའི་རྒྱུ། །སྡང་དང་རབ་སྡང་སེམས་འབྱུང་བ། །འདི་འང་སྔར་བཞིན་བདག་སེམས་དང། །? ་ཡང་ཕ་རོལ་དེ་ཡི་སེམས། །མཁའ་འདྲ་མཚན་མ་མེད་པ་ཡིན། །དེ་བཞིན་གཞན་དེའི་དག་ཉིད་དང། །ལུས་ནི་དྲི་སྒྲ་ཤིང་ལྟ་བུ། །ཡིན་ན་སྒྱུ་མས་སྒྱུ་མ་ཡི། །རྒྱལ་ལྟར་དེས་འདིར་བདག་གནོད་གང། །བདག་གི་?་དེ་བཞིན་དག་དང་ལུས། །དེ? ་ལྟར་ལུས་ཅན་ཐམས་ཅད་ཀྱིའང། །མཚུངས་ཕྱིར་འདི་དག་སྐྱེ་བ་དང། །གནས་དང་འགག་འགྱུར་མི་དམིགས་སོ། །གང་ཕྱིར་ཕན་ཚུན་འབྲེལ་མེད་ཕྱིར། །དཔྱད་ན་ཐམས་ཅད་སྤྲོས་མེད་ཕྱིར། །ཡུལ་དུས་རྣམ་ཀུན ་དྲི་མེད་ཕྱིར། །མཁའ་ལ་འཕུར་བའི་བྱ་རྗེས་བཞིན། །དེ་ལྟར་སྟོང་པའི་སྤྱོད་ཡུལ་འདིར། །རྨི་ལམ་དགྲ་དང་འཐའ་བཞིན་དུ། །གང་ལ་གང་ཞིག་ཇི་ལྟར་ཆགས། །དེ་བཞིན་སྡང་བ་འང་གང་དུ་དོགས། །ཕ་དང་མ་དང་ཆུང་མ་བུ། །གཉེན་དང་བཤེས ་པ་དེ་བཞིན་སྒྲ། །སྒྱུ་མ་ཇི་བཞིན་དེ་བཞིན་པས། །འཛིན་པ་ཐམས་ཅད་གཞིག་པར་བྱ། །དེ་ཉིད་ཀྱིས་ན་ཆགས་སོགས་ཀྱིས། །ལས་བྱེད་དེ་ཡང་ཇི་ལྟ་བུ། །ཡང་ཡང་ཤེས་རབ་བརྟན་པོ་ཡིས། །མཁས་པས་སྔར་བཞིན་རྟག་པར་བྱོས། །དེ་ཕྱིར ་བདེ་དང་སྡུག་བསྔལ་ཡང། །བེམ་པོས་རྣམ་པར་མྱོང་མིན་ལ། །རིག་ལ་དངོས་པོ་ཡོད་མིན་ཏེ། །ཐོག་མེད་དུས་ནས་ལོག་སྦྱངས་པ། །འཁྲུལ་པས་འཛིན་པ་ཉི་ཚེ་བ། །དེ་ཡང་དངོས་པོ་མེད་པ་ཉིད། །དེ་ལྟར་མེད་ལ་མེད་ཉིད་དུ། །བློ་བཟང་རྣམས་ཀྱིས ་གོམས་བྱས་ན། །བརྙོས་པས་གཉེན་ལ་དགྲ་བཞིན་དུ། །མི་བཟད་འཆིང་བས་བཅིངས་པ་དེ། །སྦྲུལ་མདུད་རང་གིས་གྲོལ་བ་བཞིན། །ངེས་པར་རྣམ་པར་གྲོལ་བར་འགྱུར། །རྣམ་གྲོལ་རྣམ་གྲོལ་ལས་བྱུང་བའི། །འབྲས་བུ་ལྷུན་གྱི་གྲུབ་པ་གང། །དོན་གཉིས ་ཕུན་ཚོགས་ངོ་མཚར་བ། །དེ་ནི་བུམ་པ་བཟང་པོ་བཞིན།། །།དཔལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས། །རྒྱ་གར་གྱི་སློབ་དཔོན་ཆེན་པོ་གྲུབ་པ་བརྙེས་པའི་དཔལ་ནི་སྐ་ལངྒས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང ་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྭཱ་ནཱནྟའི་ཞལ་སྔ་ནས། ཁ?་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་བྷ་དྲས་གཏན་ལ་ཕབ་ནས། བོད་ཀྱི་ལོ་ཆུང་གནུབས་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བི་ཤུདྡྷ་དརཤ་ན་ཙརྱ་ཨུ་བ་དེ་ཤ་རྣཱ?་མ། ་