CLOSE WINDOW

N2083: shes rab brtsams pa dus kyi gtam zhes bya ba
Wyliee-texts based on the ACIP/ALL Input

སྤྱོད་ལམ་ཇི་ལྟར་གནས་ཀྱང་བསྒོམ། །བསོད་ནམས་སེམས་ཅན་ཀུན་ལ་བསྔོ། །བྱང་ཆུབ་བཟང་པོ་བདག་གིས་ནི། །རྣལ་འབྱོར་བསྒོམ་པ་བརྩམས་པ་ཡི། །དགེ་བ་ཟླ་ཟེར་དྲི་མེད་དེས། །བདག་དང་འགྲོ་བ་མ་ལུས་པས། ། ་དཔལ་ལྡན་རྡོ་རྗེ་འཆང་འགྲུབ་ཤོག་།རྣལ་འབྱོར་གྱིས་མཚན་ཉིད་བདེན་པ། །མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། པྲཛྙཱ་ཏཚཧ་གི་བྷོ་ཤི་པཱ་རི་ཀ་ཐཱ་ནཱ་མ། བོད་སྐད་དུ། ་ཤེས་རབ་བརྩམ་པ་དུས་ཀྱིས་གཏམ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་འཁོར་ལོ་ཟག་མེད་སྤྲོས་པ་རྒྱས་པའི་སྐུ་དང་ཆོས། ཚོགས་པའི་ཞིང་དང་དངོས་གྲུབ་རྩ་བ་རྣམས་ལ་ཕྱག་འཚལ་ཏེ། །གལ་ཏེ ་བརྩོན་འགྲུས་ཕ་རོལ་ཕྱིན་པའི་དུས་མིན་གྱི། །ཡིན་པའི་རྟགས་དང་ལྡན་དུས་དག་ཏུ་བཟོད་མེད་བརྩམས། །སློབ་དཔོན་སློབ་མ་ཚོལ་བ་དང། །རིན་ཆེན་རྙེད་པར་སྒྲུབ་པ་དང། །སློབ་མ་དོན་དྲིན་སླར་ལྡོན་དང། །དབང་སྐུར་མེད་པར་སླར་འདོད་དང། ། ་རེ་བའི་གོས་ཀྱིས་འགྲོ་བ་དང། །ལྕི་བའི་ཟས་ཀྱིས་འཚོ་བ་དང། །མི་བྱེད་རྙེད་སོགས་རྩོད་པ་དང། །དྲག་པོས་གཞན་ཟིལ་གནོན་འདོད་དང། །སྐུ་གཟུགས་བརྩོད་པས་འཇིག་པ་དང། །མིག་ཅན་འགྲན་ཟླས་བརྩོད་གྱུར་དང། །དགེ་སློང་གནས་ལ ་བརྩོད་པ་དང། །གྲུབ་མཛའ་སྐུར་བས་སུན་འབྱིན་དང། །འགྲོ་རྣམས་སྤྱོད་པ་ལྟ་བ་དང། །མཁའ་འགྲོ་འབྲས་བུར་འཕོ་བ་དང། །རིན་ཆེན་གྲགས་པ་འདས་པ་དང། །མི་རྣམས་གཡོ་སྒྱུས་འཚོ་བ་དང། །ཤིང་རྣམས་གཡབ་མོས་གཡོབ་པ་དང། །རི ་རྣམས་ཆོ་ངེས་འདེབས་པ་དང། །ཆུ་རྣམས་མེ་ཡི་འོད་འབྱིན་དང། །སྐལ་བ་ཅན་མ་གྲགས་མིན་བརྗོད། །རྩོད་རྟགས་ཉི་ཤུ་རྫོགས་པ་ཡིས། །བྲམ་ཟེ་མོ་ཡི་མར་མེ་འདྲ། །ཀྱེ་ལྷ་དང་དྲང་སྲོང་འཚོ་བའི་དུས་འདས་བསམ། །སྙིང་རྗེས་དམན་པ་རྗེས་འཛིན ་ཟླ་འབྱུང་དུས། །སྐྱབས་སུ་འགྲོ་བ་དམ་པའི་རྟེན་འབྲེལ་ན། །འཆི་བའི་དུས་ཚེ་སྡུག་བསྔལ་སོགས་འབྱུང་འགྱུར། །ཀྱེ་སྐྱེ་བ་བཟང་ཐོབ་སྐྱེས་ངན་བུད་མེད་ཀྱིས། །ལུས་དང་ངག་ཡིད་སྡོམ་པ་མཆོག་གསུམ་ལ། །བརྩེ་ལྡན་དམིགས་མེད་འབྲེལ་པ་མི་གནས་པ། །དམ ་པར་འགྱུར་ཚུལ་བྲལ་ན་ངེས་པར་འཆིང། །ཀྱེ་དངོས་གྲུབ་ཉེ་བར་རྙེད་པ་མ་བཙལ་ན། །རང་གི་བདེ་ཆེན་འབད་པས་རྟོགས་མི་འགྱུར། །འོད་གསལ་མ་རྙེད་ཉོན་མོངས་ལམ་མི་འགྱུར། །ངག་དང་མི་ལྡན་ཆོས་ཉིད་རྒྱས་གདབ་བྲལ། །དབེན་པ་བྲལ་བས་ངེས ་འབྱིན་རྙེད་མི་འགྱུར། །བརྟུལ་ཞུགས་བརྟུན་ཏེ་མ་བྱས་གསལ་མི་རྙེད། །སེམས་ཀྱི་མེལ་ཚེ་བྲལ་བས་མཆོག་ཐོབ་མིན། །དབང་པོ་མ་གཡེང་སྐྱེ་བ་རྣལ་འབྱོར་རྣམས། །འདོད་པས་མ་གཡེང་བྱ་བ་ལ་མི་འཇུག་།མན་ངག་འགྲོ་ལམ་གཡེང་གཉིད་མ་ལྡོག། ་དམ་པའི་བརྒྱུད་བམ་བསྐམ་འབྲས་མ་གཅད། །ཀྱེ་མ་རྟག་ཏུ་ཕྱི་ནང་མཉམ་པར་བལྟ། །དུས་ནི་ཡུན་ཐུང་འདི་ལ་མ་རྫོགས་ན། །དུས་སུ་འགྱུར་བའི་དུས་རབ་རྙེད་མི་འགྱུར། །དེ་བས་བརྩོན་འགྲུས་དུས་ལ་བབ་ཀྱིས་བྱོས། །རྟོགས་པའི་སངས་རྒྱས་བྲམ་ཟེ་སྟེ།། ་འདོད་ལ་རབ་ཆགས་བྷ་བྷི་ཏི། །ངོམས་མེད་ཉམས་བྲལ་ལེ་ལོ་ཤ་།ད་ནི་དུས་འདས་ཉི་མ་འདྲ། །བདག་གིས་གདམས་པ་འདི་བྲིས་པས། །རིམ་གྱིས་ལམ་ལ་རྩོལ་འགྱུར་ཤོག་།ཤེས་རབ་བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ། པངྒ་ལའི་མཁས་པ ་དཔལ་ངེས་པར་སྦྱངས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་བྲམ་ཟེ་བྷ་ལོ་ལ་གདམས་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ས་མཱ་དྷི་སཾ་བྷ་ར་པ་རི་བརྟ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། འཇིག་རྟེན་མགོན་པོ ་ལ་ཕྱག་འཚལ་ལོ། །དང་པོ་སྙིང་རྗེའི་སྟོབས་ལས་བྱུང། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱ། །སྲིད་པའི་ལོངས་སྤྱོད་བདེ་མ་ཆགས། །ཡོངས་སུ་འཛིན་ལ་རྒྱབ་ཀྱིས་ཕྱོགས། །དད་སོགས་ནོར་ནི་ཕུན་སུམ་ཚོགས། །བླ་མ་སངས་རྒྱས་དང་མཉམ་གུས། །ངེས ་