CLOSE WINDOW

N2081: dug lnga sbas pa'i lam mchog tu gsang ba bsam gyis mi khyab pa zhes bya ba
Wyliee-texts based on the ACIP/ALL Input

མཉེས་པའི་སློབ་དཔོན་མཁས་པ་ཆེན་པོ། །སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །བྱིས་པའི་རྗེས་སུ་བྱིས་པ་འབྲེང། །བྱིས་པས་བྱིས་པ་འཇིག་འགྱུར ་བས། འདིར་བྱིས་པ་གྲོལ་བར་བྱ་བའི་ཕྱིར། །ཞེས་པ་འཆད་པར་བསམས་སོ། །བྱིས་འཆིང་ལམ་དུ་དཀྱེར་བ་བཤད། །དེ་ལ་འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བ་རྣལ་འབྱོར་པ་ཆེན་པོའི་རྒྱུད་ལས། གང་གི་རྨོངས་པ་འཆིང་འགྱུར་ཞིང། །དུ ་འབོད་མཐར་ནི་དེས་འགྱུར་བ། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང། །ཤེས་རབ་སྟོབས་ཀྱིས་བདེ་བ་ཐོབ། །ཅེས་གསུངས་པའི་དོན་མཁས་པས་མངོན་དུ་བསྟེན་པར་བྱ་སྟེ། །གང་དེ་ལ་མཆོག་དུ་རསྡོམས་པར་བྱ་བ་ཡིན་པས། །ཐོག་མར་རྒྱུད་བརྟག་པར་བྱའོ ་དེ་ལ་ཆ་མཉམ་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡུན་རིང་པོར་སྐྱེ་པར་མི་འབྱུང་ཡང་དངོས་པོ་དེས་དེ་ལ་འདོད་ཆགས་ལ་སོགས་པ་མི་འབྱུང་བ་མ་ཡིན་ནོ། །ཉོན་མོངས་པ་ཆུང་བ་ནི་འདོད་ཆགས་ལ་སོགས་པའི་དངོས་པོ་ཆེན་པོ་དང། ། ་མང་པོ་དང་ལྷག་པ་དང་ཕྲད་ཅིང་མངོན་དུ་གྱུར་པ་ལ་ནི་ཉོན་མོངས་པ་བུལ་བར་སྐྱེ་ལ། །འབྲིང་དང་ཆུང་དུ་ལ་ནི་ཤིན་ཏུ་ཆ་ཕྲ་བའོ། །གང་ཟག་འདོད་ཆགས་སྤྱད་པ་ནི་ཆགས་པའི་དངོས་པོ་ཆུང་དུ་དང། །ངན་པ་ལ་ཡང་ཆགས་པ་ཆེན་པོར་འགྱུར་ན། །དེ་ལས ་ལྡོག་པ་ལ་ལྟ་ཅི་སྨོས་ཏེ། ཡུན་རིང་དུ་ཆགས་པའོ། །དབང་པོ་མཉེན་པ་དང། དེ་བཞིན་དུ་འཇམ་པ་དང་།མི་བླང་བ་དང། ལུས་ངག་གིས་གཞན་ལ་ཐོ་འཚམ་པ་མ་ཡིན་པ་དང། དབྲལ་བར་དཀའ་བ་དང། དམན་པ་ལ་མོས་པ་དང། སྒྲོ་རིང་བ་དང། ་དེ་ལ་འདུ་བ་དང། ཡིད་མི་བདེ་བ་མང་བ་དང། །ཀུན་དགའ་བ་མང་བ་དང། ཁྲོ་གཉེར་མེད་པ་དང། མདོག་གསལ་བ་དང། འཛུམ་པ་སྔོན་དུ་གཏོང་བ་དང། ཤ་རྩི་དམར་ཞིང་འགྲོ་བ་མ་གྱོགས་པ་དང་།འཁུན་ངུར་སྨྲ་ཞིང་མི་བརྟན་པའི་བསམ ་པ་སྣ་ཚོགས་རྒྱུ་བའོ། །ཞེ་སྡང་དང་ལྡན་པའི་གང་ཟག་ནི་ཤ་རྩི་ནག་ཅིང་སྟོབས་ཆེ་བ་། དྲང་པོར་འགྲོ་ཞིང་བརླང་པོར་སྨྲ་བ། ཐམས་ཅད་མནར་སེམས་དང་ལྡན་པ། །ཞེ་སྡང་བའི་དངོས་པོ་ཆུང་དུ་ལ་ཁོང་ཁྲོ་བ་ཀུན་ནས་དཀྲིས་པ་སྟག་པོ་དང ་མང་པོ་སྐྱེད་པར་བྱེད་ན། འབྲིང་དང་ཆེན་པོ་ལ་ལྟ་སྨོས་ཅི་དགོས་ཏེ་། ཡུན་རིང་དུ་གནས་པར་བྱེད་དོ། །དབང་པོ་མི་གཉེན་མི་འཇམ། གཞན་ལ་ཐོ་འཚམ་། དབྲལ་བར་སླ། ཡིད་འབྱུང་བ་སླ། མུ་ཅོར་སྨྲ། སྤྱི་བརྟོལ་ཆེ། མི་མོས་པ་མེད། ལས ་ཀྱི་མཛའ་དམ་བརྟན། བརྟུལ་ཞུགས་དམ་བརྟན། །ཡིད?་མི་བདེ་བ་མང། འཁྲུག་པ་མང། བཟློག་དཀའ་། གནོད་བཞིན་དུ་གནས། ཁྲོད་ཉེར་དང་ལྡན། གཞིན་གྱི་མདོག་མི་གསལ་བའོ། །གཏི་མུག་དང་ལྡན་པའི་གང་ཟག་ནི་རྨོངས་པར་འགྱུར་བའི་དངོས་པོ ་ཆུང་དུ་ལ་ཡང་གཏི་མུག་གིས་ཀུན་ནས་དཀྲིས་པ་སྟུག་པོ་དང། མང་པོ་སྐྱེད་པར་བྱེད་ན་གཞན་ལྟ་ཅི་སྨོས་ཏེ། ཡུན་རིང་དུ་གནས་པར་བྱེད་དོ། །དབང་པོ་ངལ་བ་དང་། བླུན་པ་དང། ཞན་པ་དང། ལུས་ཀྱི་ལས་ཀྱི་མཛའ་ལྷོད་པ་དང ་ངག་གི་ལས་ཀྱི་མཛའ་ལྷོད་པ་དང། ཉེས་པས་སེམས་དཔའ་དང། ཉེས་པར་སྣ། ཉེས་པར་བྱས་པའི་ལས་བྱེད། ལེ་ལོ་ཚ། སྒྲུབ་མི་ཕོད། སྨྲ་བ་ཞན། ཡིད་མི་འཇུག་།བརྗོད་པས་ཤེས་བཞིན་དུ་མི་སྐྱེད། ལོག་པར་འཛིན། དབྲལ་བ ་དཀའ་། ཡིད་འབྱུང་བར་དཀའ་། །དམན་པ་ལ་མོས། གླེན་དིག་སླུགས། ལག་པས་བརྡ་བྱེད། ལེགས་པར་གསུངས་པ་དང། ཉེས་པར་བཤད་པའི་ཆོས་རྣམས་ཀྱིས་དོན་ཀུན་ཤེས་པར་མི་ནུས། རྐྱེན་ཀྱིས་སྲོགས་།གཞན་གྱིས་ཕྲོགས། ་གཞན་གྱི་དྲིང་ལ་འཇོག་།ཤ་མདོག་ངེས་པ་མེད། དལ་བར་རྒྱུ་བའོ། །གང་ཟག་ང་རྒྱལ་དང་ལྡན་པ་ནི། ཁེངས་པར་གྱུར་པའི་དངོས་པོ་ཆུང་དུ་ལ་ཡང་ང་རྒྱལ་གྱི་རྒྱུ་ཀུན་ནས་དཀྲིས་པ་སྟུག་པོ་དང། མང་པོ་སྐྱེ་བར་བྱེད་ན། འབྲིང་དང་ཆེན་པོ ་ལ་ལྟ་ཅི་སྨོས་ཏེ། །ཡུན་རིང་དུ་གནས་པར་བྱེད་དོ། །དབང་པོ་རྐོད་པ་དང། དབང་པོ་འདམ་བུ་ལྟར་མཐོ། ཁེངས་ལུས་ཆེར་བརྒྱན་པ་ལ་སྦྱོར་པའོ་རྗེས་སུ་བརྩོན། །བརྩན?་ངག་ཏུ་སྨྲ་ཞིང་མི་འདུད། ཕམ་ཉེ་དུ་བླ་མ་ལྟ་བུ་དག་ལ་དུས་གསུམ་དུ་རྐྱེན་དུ ་འབབ་པའི་མཆོད་པ་མི་བྱེད། ལུས་མི་འདུད། གསོད་པོར་སྨྲ་བ་དང། ཕྱག་འཚལ་མངོན་དུ་ལྡང་ཐལ་མོ་སྦྱར་ཞིང་འདུད་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང། །བདག་ཉིད་ཀུན་ཏུ་འཛིན། བདག་བསྟོད་གཞན་ལ་སྨོད། རྙེད་པ་དང་།བཀུར ་བསྟི་འདོད། གྲགས་པ་འདོད། ཐམ་ཐོམ་གྱི་སྣོད་གྱུར། དབྲལ་ཅིང་ཡིད་འབྱུང་བ་དཀའ་། རྒྱ་ཆེན་པོ་ལ་མི་མོས། སྙིང་རྗེ་ཆུང། བདག་དང་སེམས་ཅན་དང། སྲོག་དང་གསོ་བ་དང་གང་ཟག་ཏུ་ལྟ་བ་ཤས་ཆེ། ཁྲོ་གཏུམ་ཆེ་འཁྲུག་པ་དང་ལྡན་པ ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པའི་ནི་ང་རྒྱལ་གྱི་རྟགས་སོ། །ཕྲག་དོག་དང་ལྡན་པའི་གང་ཟག་ནི་ཤ་མདོག་སྔོ་ནག་པ། འདུས་པའི་ཡུལ་མེད་པར་རྒྱུ་པ། གཞན་ལ་གནོད་པར་སྨྲ་ཞིང། ངེས་པ་མེད་པའི་བསམ་པ་སྣ་ཚོགས་རྒྱུ་པའོ། །ཞེས་གསུངས ་པ་འདི་དག་ངེས་པར་སློབ་དཔོན་གྱིས་བརྟགས་ལ་གདམས་པར་བྱའོ། །དེ་ཡང་གསུངས་པ། སྲེག་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ཏེ་ང་ཡི་དཀའ་། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པས། དངོས་སུ་སྒྲོལ་བ་ལ ་བསམ་གྱི་མི་ཁྱབ་པར་འདོད་པ་དང། རྒྱུ་མ་དག་པ་ལ་བསམ་གྱིས་མི་ཁྱབ་པར་འདོད་པ་དང། ཕྱོགས་ཙམ་ལ་བསམ་གྱིས་མི་ཁྱབ་པར་འདོད་པ་དང། རབ་ཏུ་ཐལ་བ་བསམ་གྱིས་མི་ཁྱབ་པར་འདོད་པ་སྟེ། འདི་དག་ནི་རྨོངས་པ་རྣམས་ཀྱི་ངན་རྟགས ་ཡིན་ཏེ། མཁས་པས་ཀུན་ཏུ་སྤངས་པར་བྱ་བ་ཡིན་ནོ། །བླང་བར་བྱ་བ་ནི་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཡང་གསང་བ་བསམ་གྱིས་མི་ཁུབ་པ་དང། བཟོད་པ་བསམ་གྱིས་མི་ཁྱབ་པ་དང། ཐབས་བསམ་གྱིས་མི་ཁྱབ་པ་དང། འཕོ་བ ་བསམ་གྱིས་མི་ཁྱབ་པ་དང། འབྲས་བུ་བསམ་གྱིས་མི་ཁྱབ་པ་དང་དྲུག་གོ་།གསང་བ་བསམ་གྱིས་མི་ཁྱབ་པ་ནི་བླ་མའི་གདམས་པའོ། །བཟོད་པ་བསམ་གྱིས་མ་ཁྱབ་པ་ནི། དུག་ལྔ་སྤས་པའི་ལམ་དུ་ཁྱེར་བའོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལ་སོགས ་པ་ཁ་ཙག་ཀྱང་དུག་ལྔར་འདུས་མོས་ཀྱི་དགོངས་པ་ཅན་ཡིན་ནོ། །དུག་ལྔ་ལམ་དུ་ཇི་ལྟར་འཁྱེར་ན། གཅིག་གི་སྟོང་ཉིད་གང་ཡིན་ལ། དེ་ནི་ཀུན་གྱི་སྟོང་ཉིད་ཡིན། ཞེས་གསུངས་པས་འདོད་ཆགས་ཀྱི་སྟོང་ཉིད་ཇི་ལྟ་བ་བཞིན་དུ་ཞེ་སྡང་ལ་སོགས་པའོ། །དེ་ལ ་ཕྱི་ནང་གི་གཟུགས་ལ་སོགས་པ་ཡིད་དུ་འོང་བ་ཅིག་ལ་ཆགས་པ་སྐྱེས་པ་དེ་ཡང་ཁ་དོག་ལ་སོགས་པར་མ་གྲུབ་པས་ན་བརྟག་པའི་མཐལ་བསལ་པའོ། །རླུང་རྗེས་སུ་དཔག་པ་ལས་ཤེས་པ་དེ་བཞིན་དུ། ཤེས་རིག་མ་འགགས་པའི་སྒོ་ནས་ཆད་པ་མ་ཡིན་ནོ། །དེ ་གཉིས་ཀྱི་བར་དེ་གཉིས་ཀའི་བདག་ཉིད་ཅན་གྱི་དངོས་པོ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་བཞི་པ་ནི་རྗེས་ཐོབ་ཀྱི་ཤེས་པས་དཔག་པར་བྱ་བའི་དེ་ཉིད་དུས་སུ་སྤྲོས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་འདོད་ཆགས་མ་སྤངས་རྣམ་པར་དག ་པའོ། ཞེ་སྡང་ལ་སོགས་པ་ལ་སྨྲས་ཏེ། དེ་ནི་ཕན་ཚུན་སྤངས་ཏེ་འགལ་བ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྟོགས་པས་མ་ལུས་པའི་ཡུལ་དུག་མེད་པར་བྱས་སོ། །ཞེས་གསུངས་ངོ། །སྔར་སྨོས་པ་ལྟར་སྟོང་པ་ཉིད་ནི་ཀུན་ཏུ་སྦྱར་བར་བྱ་ལ། །དུག་ལྔའི་བཙལ ་ཐབས་ནི་ཞེ་སྡང་བཙལ་བ་བཞིན་དུ་ཀུན་ཏུ་བལྟ་བར་བྱའོ། །དེ་ལ་ནང་བར་ལྡང་བའི་དུས་སུ་དི་རིང་ནི་བདག་གི་ཞེ་སྡང་གི་དངོས་པོ་བདག་གི་སྐྱེས་པ་འམ། ཕས་རྒོལ་བའམ། གཞན་དག་ཕན་ཚུན་འཐབ་པ་འམ། ཞེ་སྡང་སྐྱེས་པ་གང་ཡང་རུང་སྟེ། ་དེ་དག་མཆོག་གི་དངོས་གྲུབ་འཐོབ་པར་བྱེད་པའི་ཡན་ལག་ཡིན་པས་ཞེ་སྡང་ཅི་བྱུང་ཚོར་བར་ཤོག་བར་སྨོན་ལམ་བཏབ་ལ་ནམ་ཚོར་བའི་དུས་སུ་ཞེ་སྡང་དེ་ཉིད་བསམ་གྱིས་མི་ཁྱབ་པར་བྱའོ། །གལ་ཏེ་དེའི་ཉིན་པར་ཞེ་སྡང་མ་བྱུང་ན་སྔར་དག་ཉིད་ཞེ་སྡང ་སྐྱེས་པ་འམ། ཕན་ཚུན་སྡང་བ་དང། གཞན་གྱི་ཕན་ཚུན་ཞེ་སྡང་སྐྱེས་པ་ལ་དྲན་པ་བསྐྱེད་ལ་དེ་ཉིད་རང་བཞིན་མེད་པར་བྱའོ། །དེ་ལྟར་ནང་གཅིག་བཞིན་དུ་སྨོན་ལམ་བཏབ་ལ་བྱའོ། །དེ་ལྟར་བྱས་པས་ཞེ་སྡང་གི་དུག་གི་མི་ཚུག་པར་བྱའོ། །ཞེ་སྡང ་སྐྱེས་སོ་ཅོག་ལམ་དུ་ཤེས་ཙམ་ན། །དུག་གཞན་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ཞེ་སྡང་ཡིད་ཀྱི་གང་ཟག་གི་ཞེ་སྡང་ཡིད་དམ་དུ་བྱས་པས་དེ་ལས་སུ་རུང་བ་དང། འདོད་ཆགས་ལ་སོགས་པ་ལ་སླ་བར་འོང་པ་དེ་བཞིན་དུ་གང་གི་ཞེང་ཆེ་བ་དེ་ཐོག་མར ་ཡི་དམ་དུ་བྱའོ། །དེ་ནས་གཞན་ལ་སྦྱར་བ་ནི་སྔ་མ་བཞིན་ནོ། །ཆ་མཉམ་པ་དང། ཉོན་མོངས་པ་ཆུང་བས་ཀྱང་ཐོག་མར་གང་ཡང་རུང་བ་ཅིག་ཡི་དམ་དུ་བྱས་ལ། དེ་ལས་སུ་རུང་བ་དང་རིམ་གྱི་སྤོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་པོའི་གང་ཟག་གི ་གཅིག་ལ་མཆོག་ཏུ་མ་གདིས་ན། དུག་ལྔ་མད་དུ་འབྱུང་བས་ཡིད་གཏོང་སྙིང་མི་འདོད་དེ། གཞུག་ལྷོད་པ་སྐྱེ་བར་འགྱུར་རོ། །དེ་དག་ནི་སྔོན་དུ་བསྟན་པར་མི་བྱ་སྟེ། ནམ་སྒོམ་པའི་དུས་སུ་གཟོད་གར་ལ་དེ་གདམས་པ་ཞེས་པ་སྔོན་དུ་བསྟན་པའི་དོན་དེ་ནི་དེ་ཉིད ་ཡི་དམ་དུ་གདམས་པའོ། །དུག་ལྡས་འཇིགས་པ་བརྟུལ་ནས་མི་འཇིགས་པ་ལ་ཞུག་པ་འདི་ནི་མཆོག་ཏུ་གསང་བའོ། །སྣོད་ཤིན་ཏུ་བཟང་བ་ལ་གདམས་པར་བྱའི། །སྣོད་ངན་ཚིག་ཙམ་ལ་བརྟན་ནས་བག་མེད་དུ་སྤྱོད་པ་ལ་ནི་མ་ཡིན་ནོ། །ཐམས་ཅད ་བསམ་གྱིས་མི་ཁྱབ་པ་ནི། གཏོར་མ་དང་ནི་བཟླས་པ་དང། །དཀྱིལ་འཁོར་མེ་དང་ཆུའི་ཡི་ལས། །ཕྱག་རྒྱ་གདུགས་སོགས་མཆོད་པ་དང། །ཕྱག་དང་བསྐོར་བ་བྱ་བ་དང། །ལུག་མའམ?་བྲིས་པ་ལ་སོགས་དང། །གསུང་རབ་བྲི་སོགས་རྩོམ་པ་དང།། ་ཐམས་ཅད་དུས་སུ་རྣལ་འབྱོར་པས། །ཐམས་ཅད་རང་བཞིན་རྟོག་མེད་བྱ། །གཉིད་ནི་བག་མེད་མི་ལོག་སྟེ། །ཇི་ལྟར་པདྨ་ཁ་ཟུམ་པ། །གྲིབ་མས་ནོན་པས་ཟུམ་པ་སྟེ། །གྲིབ་སེལ་སྟོབས་ཀྱིས་རྒྱས་པ་ལྟར། །གསལ་པ་འདས་ནས་མ་རིག་པ། །ས་འཐུག་གྱུར ་པའི་སྟོབས་ཀྱིས་ཏེ། །དབུགས་དག་མེ་ལོང་དཀྱིལ་འདུས་ལྟར། །རིམ་གྱིས་བསྡུས་ཏེ་མ་རིག་པ། །ཤེས་རབ་ཀྱིས་ནི་སྦྱར་བྱས་ནས། །ཅིག་ཤོས་ལ་ནི་ངེས་འདུས་པ། །མ་གོམས་པ་ལས་ཡིད་མི་འབྱུང། །གོམས་པས་ཡིད་གཉིས་མེད་པ་ནི།། ་རབ་ཏུ་འབད་པའི་སེམས་གོམས་ཡིན། །གསང་བ་འདུས་པ་ལས། །འཕོ་བའི་དུས་སུ་བས་མི་ཁྱབ། །ལས་ཀྱི་ཤུགས་ཀྱིས་འཕོ་བ་དང། །རྣལ་འབྱོར་ལྕེབ་པའི་མན་ངག་གོ་།བསྒོམ་བྱ་སྨིག་རྒྱུ་ལ་སོགས་ལ། །མཐོང་འོག་དེ་ཉིད་གནས་པ་དང། །རང ་བཞིན་གྱིས་སྒྲུབ་རྡོ་རྗེའི་ལུས། །བདུན་གྱི་འཕོ་བ་སྤངས་ནས་སུ། །སྲིད་མི་འཇུག་སྟེ་མཛའ་གཉིས་སྤང། །སྦྱོར་སེམས་སྔོན་དུ་བཏང་བ་ཡིས། །མཐོང་ནས་ལྡང་འགྱུར་མི་འཇུག་བྱེད། །འདའ་བར་མི་འགྱུར་མཆོག་གྲུབ་པའོ། །རྐང་པ་དང་ནི་ཁ་དང་ལེ། ། ་སྙིང་ཁ་སྤྱི་གཙུག་མིག་རྣམས་ཏེ། །རླུང་ནི་གང་ནས་འཕོ་འགྱུར་བ། །རིམ་པ་བཞིན་དུ་སྐྱེ་ཞིང་འཐོབ། །དམྱལ་བ་ཡི་དགས་བྱོལ་སོང་དང། །མི་དང་ལྷ་དང་ཡེ་ཤེས་སོ། །དེ་ནས་སྒོ་གཞན་དགག་བྱས་ལ། །མི་གནས་རླུང་ནི ་ཕུལ་བར་བྱ། །བླ་བའི་ཞལ་ལ་གནས་པའོ། །དེ་བཞིན་ལྕེབ་པ་འང་ཞལ་ལ་གནས། །རྣལ་འབྱོར་མི་ཤེས་གོང་ཟག་གིས་།མི་དང་ལྷ་ཡི་སྐྱེ་བ་རུ། །བླང་བའི་སེམས་ནི་རྩེ་གཅིག་བྱ། །རྡོ་རྗེ་མཁའ་འགྲོའི་ནང་ནས་ཀྱང། །འཆི་ཀའི་སེམས་ནི་གཙོ་ཡིན ་པས། གང་ལྟར་བསམས་པ་དེ་ལྟར་འགྱུར། ཞེས་གསུངས་སོ། །འོ་ན་སྡིག་པ་ཅན་ཡང་དེ་ལྟར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྡིག་ཆེ་ལས་ཀྱིས་བསྐལ་ནས་ནི། །མན་ངག་འདོད་དང་མི་འཕྲེང། །གལ་ཏེ་ཕྲད་ཀྱང་གླད་གཟེར་དང། །སྨྱོ་འབོག་སོགས ་པས་མི་དྲན་ནོ། །འོ་ན་ཚོགས་བསགས་པ་ལ་འདའ་ཀའི་སེམས་མེད་ཀྱང་བདེ་འགྲོ་རུ་སྐྱེ་བོ་ཞེ་ན། །ཚོགས་དུམ་བསགས་ཀྱང་འཆི་ཀར་སེམས་ངན་སྐྱེས་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ། །དེ་བས་ན་འདའ་ཀ་མའི་བསམ་ཀྱིས་མི་ཁྱབ་པ་ལ། །ཤིན ་ཏུ་འབད་པར་བྱའོ། །འབྲས་བུ་བསམ་གྱི་ཁྱབ་པ་ནི། སྐུ་ཡང་ཡེ་ཤེས་ཏེ། གསེར་ནི་མི་གཙང་ནང་དུ་བཅུག་གྱུར་ཀྱང། །འབར་བའི་རང་བཞིན་ནམ་ཡང་མི་འབྲི་ལྟར། །དེས་པ་གང་ཞིག་འཇིག་རྟེན་ཆོས་སྤྱད་ཀྱང། །བསམ་པའི་རང་བཞིན ་ནམ་ཡང་དེ་མི་སྤོང། །ཞེས་གསུངས་པས་གཟུགས་སྐུས་འགྲོ་བའི་དོན་བྱེད་བ་ན་ཡང་འཇིག་རྟེན་གྱི་བྱ་བ་ངན་པ་དང་བྲལ་བའོ། །དེ་ལྟར་རྒྱུ་དང་འབྲས་བུ་ཐམས་ཅད་དུ་གཉིས་སུ་མེད་པ་ཁོ་ན་ཡིན་ཞིང། དུག་ལྔ་ཤིན་ཏུ་བཙལ་པར་བྱ་བ་ཡིན ་ཀྱང། ཐོག་མ་མེད་པའི་དུས་ནས་ཕྱིན་ཅི་ལོག་ལ་གོམས་པའི་དབང་གིས་ཤེས་རབ་དང་བྲལ་ནས་ལོག་པའི་ཤེས་རབ་རྒྱུ་བས་དབེན་པ་རུ་གནས་ཏེ། མི་རྟོག་པའི་ནུས་པ་རྙེད་ནས་ཚོགས་ཀྱི་བསེབ་དུ་ཕྱིན་ཀྱང་ཞེ་སྡང་ལ་སོགས་པ་གང་བྱུང་ཡང ་དྲན་པ་དང་མི་འབྲལ་ཞིང་གཞན་གྱི་དབང་དུ་མི་འགྲོ་ན་དུས་ལ་བབ་པའོ། །ཡང་ན་ཀུན་ཏུ་རྒྱུ་ཉིད་བྱ་སྟེ་།གནས་གཅིག་ཏུ་ཡུན་རིང་དུ་གནས་པར་མི་བྱ་སྟེ། མི་དང་ཁྱི་འདྲ་བས་ཁྱི་ཡང་རང་གི་གནས་ན་སྟོབས་ཆེ་ལ། ཡུལ་གཞན་དུ་དུལ་བར་འགྱུར་རོ།། ་དེ་བཞིན་དུ་མི་ཡང་རང་གི་གནས་ན་ཉོན་མོངས་པ་དུལ་བར་དཀའ་སྟེ། ཡུལ་གཞན་དུ་ཉོན་མོངས་པ་ཐུལ་བར་སྨྲ་བས་ཀུན་ཏུ་རྒྱུའི་ཚུལ་ལ་གནས་པར་བྱའོ། །གང་ཞིག་བདག་གིས་བྱས་བསོད་ཀྱིས། །ཀུན་ཀྱང་འཚོ་བ་མེད་པར་ཤོག་།གང་གི ་ལམ་ནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དུ་གྲུབ་པར་ཤོག་།དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཡོ་ག་ལཀྵ་ཎ་ས་ཏྱ། ་