CLOSE WINDOW

N2074: ye shes kyi mkha' 'gro ma sum cu rtsa lnga'i rtogs pa brjod pa
Wyliee-texts based on the ACIP/ALL Input

འཁོར་བྱས་པའི་དུས་སུ། རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་། ཉམས་ཀྱི་མན་ངག་།ཐིག་ལེ་གསེར་གྱི་ཕྲེང་བ་ཞེས་བྱ་བ་རྫོགས་ཤོ།། །།*། །མཁའ་འགྲོ་མའི་འབྱམ་གླུ་རིང་མོ་ཞེས་བྱ་བ་གཉིས་བཞུགས་སོ ་ན་མོ་རཏན་གུ་རུ། དུར་ཁྲོད་ཆེན་པོའི་བསིལ་བའི་ཚལ་དུ། མཁའ་འགྲོ་མ་བདེ་བའི་རོ་ཟན་མས། དབྱིངས་ཀྱི་གཙོ་མོ་རྣམས་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ནས། རྗེས་ལ་ཀུན་ཚང་འཕྲ་མེན་གྱི་སྣོད་བཀང་བ་དྲངས་ཏེ། རྟོགས་པར ་བརྗོད་པ་མགུར་རེ་ཞུས་པས། དང་པོ་ལ་མཁའ་འགྲོ་མ་ཉི་ཟླ་གསེར་གྱི་ཐོར་ཅོག་ཅན་གྱིས་རྟོགས་པ་བརྗོད་དེ་མགུར་བཞེངས་པ། ཀྱེ་འོ་མ་བཅོས་རྣལ་འབྱོར་ཤེས་པ་ལ། །དེས་ཤེས་སྐྱེས་ན་སངས་རྒྱས་ཡིན། །དཀར་དམར་ཡུལ་གྱི་སྣང་བ་འདི། །བརྡ་དུ་གོན ་བླ་མ་ཡིན་གསུང་ངོ། །མཁའ་འགྲོ་མ་རལ་པའི་ཐོར་ཅོག་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་འོ་གཉིས་སུ་མེད་ན་འཆིང་གྲོལ་མེད། །ངོས་ཟུང་མེད་ན་སྒྲིབ་པ་མེད། །རང་བཞིན་མེད་ན་ཆགས་སྡང་མེད། །བྲན་དུ་མེད་ན་ཡོངས་སུ་མེད་གསུང་ངོ། །མཁའ་འགྲོ་མ་རླུང་གི་བཤོག་པ ་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་འོ་ཆོས་རྣམས་གཞི་མེད་རྨི་ལམ་འདྲ། །སྣང་པར་རྐྱེན་སྐྱེས་གཟུགས་བརྙན་འདྲ། །རང་འབྱུང་རང་ཞི་སྤུ་བ་འདྲ། །རྩ་བྲལ་ཆེན་པོ་ནམ་མཁའ་འདྲ་ཞེས་གསུང་ངོ། །མཁའ་འགྲོ་མ་ཉི་ཟླའི་ཐོད་ཕྲེང་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ ་འོ་དེ་ཉིད་ཉམས་སུ་མྱོང་བའི་སྐྱེས་བུ་གང། །བདེ་ཆེན་ནམ་མཁའ་ཨི་ཁམས་སུ་མི་ཤོང་ངོ། །འདི་ལ་མཚོན་དུ་འདུག་གམ་ཁྱོད་ཀྱིས་སྨྲོས། །ང་ཡིས་ཅི་ཡང་མཐོང་བ་མེད་པར་མཐོང་གསུང་ངོ། །མཁའ་འགྲོ་མ་ལ་བའི་གོས་ཅན་གྱིས་རྟོགས་པ་བརྗོད་པ། །ཀྱེའོ་པདྨའི་གེ་སར ་སྙིང་གི་དབུས་སུ་སད། །གསལ་བའི་མེ་ཏོག་འདམ་གྱི་དྲི་མ་བྲལ། །དྲི་དང་ཁ་དོག་ལྡན་པ་གང་གིས་རྐྱེན། །འདི་ལ་དགགས་དང་སྒྲུབས་པ་ཡོད་དམ་ཅི་གསུང་ངོ། །མཁའ་འགྲོ་མ་མེ་ཁ་ལས་རྟོགས་པ་བརྗོད་པ། །ཀྱེ་འོ་ནམ་མཁའ་ལས་བྱུང་ཆོ་འཕྲུལ་ནི། །ནམ་མཁའ་ ་ཉིད་ཀྱི་བྱས་པའི་ཕྱིར། །ནམ་མཁའ་ཨི་དང་དུ་རང་བྱུང་སྟེ། །འདི་ལ་སྐྱོན་དུ་མ་འཛིན་ཅིག་གསུང་ངོ། །མཁའ་འགྲོ་མ་ཡེ་ཤེས་རྡོ་རྗེས་རྟོགས་པ་བརྗོད་པ། །ཀྱེ་འོ་བླ་མའི་དྲིན་གྱིས་བདེ་ཆེན་མཆོག་རྙེད་ནས། །ཐབས་གཞན་རྟན་པ་རྨོངས་པ་ཤེས་པར་བྱ། །འདི་ལས ་གུད་དུ་གྱུར་པའི་བདེ་ལམ་ཞིག་།གཞན་ནས་རྙེད་པར་སུས་ཀྱང་ནུས་པ་མེད་གསུང་ངོ། །མཁའ་འགྲོ་མ་ཡེ་ཤེས་རྡོ་རྗེས་རྟོགས་པ་བརྗོད་པ། །ཀྱེ་འོ་སྣ་ཚོགས་སྣང་བའི་ཆོ་འཕྲུལ་འདི། །དྲན་པའི་གཟུགས་བརྙན་ཡིན་ཤེས་ཤིང། །དྲན་པ་རང་ངོས་སྟོང་ཤེས་ན། ། ་དབྱིངས་ཀྱི་བདེ་བ་བཙལ་མི་དགོས། །མཁའ་འགྲོ་མ་སྲིད་པའི་རྒྱལ་མོས་རྟོགས་པ་བརྗོད་པ། །ཀྱེ་འོ་རང་རིག་རྒྱལ་པོ་འདི་མཐོང་ན། །ཐམས་ཅད་ཐམས་ཅད་ཐར་པའི་ལམ། །རང་རིག་ཉིད་ནི་མ་རྟོགས་ན། །གྲོལ་བ་ནམ་ཡང་ཡོད་མ་ཡིན་གསུང་ངོ། །མཁའ་གྲོ་མ་པདྨ ་ཞབས་ཀྱིས་རྟོགས་པའི་བརྡ་བརྗོད་པ། །ཀྱེ་འོ་ཡོད་མེད་མཛའ་དང་བྲལ་པ་ལ། །གང་གིས་བརྟགས་དབྱད་བྱ་བར་ནུས། །དྲན་མེད་བློ་དང་བྲལ་བ་ལ། །གང་གིས་བསམ་ཞིང་བསྒོམ་པར་ནུས་ཞེས་གསུང་ངོ། །མཁའ་འགྲོ་མ་རྒྱལ་བའི་བློ་གྲོས་ཀྱིས་རྟོགས་པ་བརྗོད་པ། ། ་ཀྱེ་འོ་སྟོང་ཉིད་རིག་པའི་རྩལ་དང་ལྡན། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་སྟོན། །དགག་སྒྲུབ་མེད་དོ་རང་སར་གྲོལ། །འདི་ལ་བྱ་རྒྱུ་ངས་མ་རྙེད་གསུང་ངོ། །མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་རྟོགས་པ་བརྗོད་པ། །ཀྱེའོ་ཡོད་དོ་བྱས་ན་ངོས་བཟུང་མེད། །མེད་དོ་བྱས་ན ་སྣ་ཚོགས་འཆར། །ཡོད་མེད་མཁའ་ལས་འདས་པ་ལས། །འདི་ཞེས་ང་ཡིས་མཚོན་མི་ནུས་གསུང། །མཁའ་འགྲོ་མ་གཟི་བརྗིད་ཀྱི་རྒྱལ་མོས་རྟོགས་པ་བརྗོད་པ། །དྲན་དུ་མེད་ནམ་ཡེངས་ཤིག་།ཡེངས་པས་འཁོར་བ་རྨི་ལམ་འདྲ། །རྟོགས་པ་སྐྱེས་བུ་གཉིས ་སད་འདྲ། །ངས་ནི་འཁོར་བ་མ་མཐོང་ངོ། །མཁའ་འགྲོ་མ་དཔལ་གྱི་བཟང་མོས་རྟོགས་པ་བརྗོད་པ། །ཀྱེའོ་སྣང་སྲིད་འདི་ནི་ཕྱག་རྒྱ་ཆེ། །འདོད་ཡོན་འདི་ནི་དངས་པའི་ས། །གཉུག་མའི་དོན་ལ་འདུ་འབྲལ་མེད། །བདེ་ཆེན་ཐང་ལ་རྒྱུག་ཏུ་གསོལ་གསུང་ངོ། ། ་མཁའ་འགྲོ་མ་དཔལ་གྱི་འོད་ཟེར་གྱིས་རྟོགས་པ་བརྗོད་པ། །ཀྱེ་འོ་མཉུག་མ་དོན་གྱིས་གཏེར་མཛོད་ན། །དགོས་འདོད་སེམས་ཉིད་ནོར་བུ་ཡོད། །ལྡེ་མིག་བླ་མ་དམ་པ་འཛིན། །རྗེས་སུ་འཇུག་པ་སྤྲོ་ལགས་སམ་གསུང་ངོ། །མཁའ་འགྲོ་མ་བཟང་མོས་རྟོགས་པ་བརྗོད་པ།། ་ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་མ་རྙེད་རྩ་བ་སྟོར། །ཡལ་ག་ཇི་ལྟར་དགྱེS་དགྱེས་མཛོད། །ང་ནི་རྟོགས་པ་རང་གྲོལ་ཡིད་གསུང་ངོ། །མཁའ་འགྲོ་མ་རྡོ་རྗེ་བདེ་མས་རྟོགས་པ་བརྗོད་པ། །འགྲེ་རྣམས་ལས་ཀྱིས ་འཁྲུལ་གྱུར་ཀྱང། །བདེ་བ་རང་ལས་གཞན་མེད་དེ། །བསྐྱར་དེ་རང་གི་དོན་དེ་ལྟོས། །ཡིད་ནི་ལས་ལས་ཐར་བར་འགྱུར་ཞེས་གསུང་ངོ། །བདག་ཉིད་ཆེན་པོ་ཉི་མའི་དབང་ཕྱུག་གིས་རྟོགས་པ་བརྗོད་པ། །ཉི་མ་སྟོང་གི་གཟི་བརྗིད་ཀྱིས། །སྣང་སྲིད ་གསལ་ཞིང་བསྲེག་པ་ལྟར། །གཉིས་མེད་ཡེ་ཤེས་ཆེན་པོ་ཡིས། །ཆོས་རྣམས་གསལ་ཞིང་འཇོམས་པར་བྱེད་གསུང་ངོ། །མཁའ་འགྲོ་མ་ལྷ་དཔལ་གྱི་ཡེ་ཤེས་ཀྱིས་རྟོགས་པ་བརྗོད་པ། །ཀྱེ་འོ་ང་ནི་མི་སྐྱེ་མི་འཇིག་སྟེ། །འགྱུར་མེད་ཡེ་ཤེས་རྡོ་རྗེ ་ཡིན། །ང་ལས་བྱུང་བའི་ཆོས་རྣམས་ཀུན། །ང་ཡི་ངོ་བོར་མཉམ་དུ་གྲོལ་གསུང་ངོ། །མཁའ་འགྲོ་མ་སྟག་གི་གདོང་པ་ཅན་གྱིས་རྟོགས་པ་བརྗོད་པ། །ཀྱེ་འོ་མི་སྐྱེ་མི་འགག་བསམ་ལས་འདས། །འདི་ཞེས་མཚོན་པའི་ཚིག་དང་བྲལ། །ཡེ་གྲོལ་ཆེན་པོ ་མཆོག་གི་ལམ། །བསམ་དུ་མེད་དོ་རང་སར་ཞོག་གསུང་ངོ། །མཁའ་འགྲོ་མ་ཞི་བ་བཟང་མོས་རྟོགས་པ་བརྗོད་པ། །ཀྱེ་འོ་སེམས་ཀྱི་དེ་ཉིད་སྨྲ་རུ་མེད། །གཤིས་ཀྱི་དེ་ཉིད་བསམ་དུ་མེད། །ཆོས་ཀྱི་དེ་ཉིད་ངོས་བཟུང་མེད། །ལམ་གྱི་དེ་ཉིད་བསྒོམ་དུ་མེད་གསུང་ངོ།། ་མཁའ་འགྲོ་མ་གྷ་གྷ་དཔལ་གྱིས་རྟོགས་པ་བརྗོད་པ། །ཀྱེ་འོ་བུ་ཁྱོད་ཅི་སེམས་དེ་ལ་ལྟོས། །སྤྲོས་དང་བྲལ་བ་མཐོང་དུ་མེད། །བསམ་དུ་མེད་པ་སུ་ཞིག་བསྒོམ། །འདི་ལམ་བརྩོལ་གཞི་ལ་ཞོག་གསུང་ངོ། །མཁའ་འགྲོ་མ་ཡེ་ཤེས་དབང་ཕྱུག་གིས་རྟོགས་པ་བརྗོད་པ།། ་གང་གིས་དེ་ཉིད་མ་མཐོང་ན། །ལུས་ངག་དགེ་བའི་ལས་སྤྱད་ཀྱང། །བདེ་ཆེན་མཆོག་དང་མི་ཕྲད་དེ། །གནས་སྐབས་ཙམ་གྱིས་བདེ་བར་གསུང་ངོ། །མཁའ་འགྲོ་མ་བདེ་བའི་རྡོ་རྗེས་རྟོགས་པར་བརྗོད་པ། །ཀྱེ་འོ་གང་གིས་མཐོང་དང་ཐོས་པ་དང། །དྲན་དང་ཚེར་བའི ་བྱེ་བྲག་ཀུན། །ཡིད་ཀྱི་ཡེ་ཤེས་དངས་པ་ལ། །གཟུགས་བརྙན་ཙམ་དུ་ཤར་བ་ལས། །གཞི་ལ་མ་གྲུབ་ངོ་བོས་སྟོང་གསུང་ངོ། །མཁའ་འགྲོ་མ་ལྷ་ཉི་མའི་རྟ་ཅན་གྱིས་རྟོགས་པ་བརྗོད་པ། །གང་གིས་མ་མཐོང་དེ་མཐོང་ན། །ཡིད་ནི་རང་གྲོལ་ཆེས་ཀྱི་སྐུ། །རླུང་གི ་རྟ་ཕོ་ཤུལ་དུ་ལུས། །སེམས་ཀྱི་མི་པོ་མཁའ་ལ་འགྲོ་གསུང་ངོ། །མཁའ་འགྲོ་མ་པདྨའི་མྱུ་གུས་རྟོགས་པ་བརྗོད་པ། །འགྲོ་བ་ཡིད་ཀྱི་ཕྲེང་བས་བཅིངས། །ཡིད་བསད་ཕྲེང་ཐག་བཅད་པ་ཡིས། །དུག་སྦྲུལ་མཚོན་གྱིས་གཙེས་པ་བཞིན། །འདི་ཡིས་ཕན་གནོད ་བྱས་པ་མེད་གསུང་ངོ། །མཁའ་འགྲོ་མ་དབྱིངས་ཀྱི་རྒྱལ་མོས་རྟོགས་པ་བརྗོད་པ། །ཀྱེ་འོ་ནམ་མཁའ་ཡོངས་སུ་དངས་མཚོན་གྱིས་བསྒྱུར་དུ་མེད། །རྟོགས་དང་ལྡན་པའི་སྐྱེས་བུ་ལས་ཀྱིས་བཅིང་དུ་མེད། །གདེང་མེད་གྱད་ཀྱིས་སྦྱོད་པ་བྱེད་པ་འདི། །སེང་གེའི་ལྤགས་པ ་ཝ་ཡིས་གོན་པ་འདྲ་གསུང་ངོ། །མཁའ་འགྲོ་མ་ཟླ་བའི་གདོང་ཅན་གྱིས་རྟོགས་པ་བརྗོད་པ། །ཀྱེ་འོ་ཡེ་ཤེས་ཆེན་པོ་མཆོག་གི་ལམ། །མ་བགྲོད་དེ་བཞིན་ཉིད་ཀྱིས། །མ་བསྒྲུབས་ལྷུན་གྱིས་གྲུབ་པའི་དོན། །ེ་མ་རྣལ་འབྱོར་སྐལ་བར་བཟང་གསུང་ངོ། །མཁའ་འགྲོ་མ་འབད ་མ་གློག་གི་ཕྲེད་བ་ཅན་གྱིས་རྟོགས་པ་བརྗོད་པ། །ལྟས་ཀྱིས་མ་མཐོང་ངའི?་མིག་།བསམ་གྱིས་མ་དྲན་ང་ཡི་སེམས། །སྨྲས་ཀྱིས་མ་བརྗོད་ང་ཡི་ལྕེ། །འབགྲོད་ཀྱང་མ་ཕྱིན་ངའི་ལམ་གསུང་ངོ། །མཁའ་འགྲོ་མ་ཤེལ་གྱི་ཐོར་ཚུགས་ཅན་གྱི་མངོན་པར་རྟོགས་པ། །མི་སྒོམ ་རྣལ་མའི་ཤེས་པ་ལ། །དྲན་པས་བཟུང་དང་མ་བཟུང་མེད། །མི་སྤྱོད་སྒོ་གསུམ་ལྷུག་པ་ལ། །ཆེད་དང་དགག་དང་སྒྲུབ་པ་མེད་གསུང་ངོ། །མཁའ་འགྲོ་མ་ཉི་མའི་རྒྱལ་མ་སོ་རྟོགས་པ་བརྗོད་པ། །ཀྱེ་འོ་རང་བྱུང་བདེ་ཆེན་ཡེ་ཤེས་འདི། །མ་རྟོགས་སྨྲ་བར་མི ་ནུས་ཏེ། །རྟོགས་ནས་བརྗོད་དུ་ག་ལ་ཡོད། །མྱོང་བ་སྨྲར་མེད་ལྐུག་པའི་ཁ་གསུང་ངོ། །མཁའ་འགྲོ་མ་སེང་གེའི་མདངས་ཅན་གྱིས་རྟོགས་པ་བརྗོད་པ། །ཁོ་ལ་མ་བལྟ་ང་ལ་ལྟོས། །ད་ནི་ཡེ་ཤེས་ཆེན་པོ་ཡིན། །ཁོ་ན་ང?་ཡི་སྤྲུལ་པ་ཡིན། །གཉིས་མེད་ཡེ་ཤེས་བློ ་ལས་འདས་གསུང་ངོ། །མཁའ་འགྲོ་མ་ཁྲག་གི་གདོང་པ་ཅན་གྱིས་རྟོགས་པར་བརྗོད་པ། །ཀྱེ་འོ་དྲན་དང་མ་དྲན་སོ་མཚམས་སུ། །ཡིད་ཀྱི་ཤེས་པ་བསམ་ལས་འདིས། །བླ་མའི་ཞལ་ལས་ཤེས་པར་གྱིས། །གཞན་གྱིས་རྟོགས ་པར་འགྱུར་མ་ཡིན་གསུང་ངོ། །མཁའ་འགྲོ་མ་དཔལ་གྱི་སྒྲོན་མེས་རྟོགས་པ་བརྗོད་པ། །ཀྱེ་འོ་གང་ཕྱིར་ཡིད་ཀྱི་ཡེ་ཤེས་འདིས། །ཁྱོད་ཀྱིས་བལྟས་པས་ཇི་ལྟར་མཐོང། །བརྟགས་པས་རྟོགས་པར་མི་འགྱུར་ཏེ། །མི་རྩལ་དེ་བཞིན་ཉིད་དུ་བཞག་གསུང་ངོ།། ་མཁའ་འགྲོ་མ་སྣང་གསལ་གྱི་རྒྱལ་མོས་རྟོགས་པར་བརྗོད་པ། །འགྲོ་བ་ལས་ཀྱིས་འཇུར་བུས་བཅིངས། །བྲམ་ཟེ་སྐུད་པ་འཁལ་པ་བཞིན། །ཡིད་ཀྱིས་འཇུར་བུ་གློད་པར་བྱ། །ལས་ལ་གྲོལ་ན་འཆིང་བ་མེད་གསུང་ངོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ ་ལྔའི་རྟོགས་པར་བརྗོད་པ། །མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས། དབྱིངས་ཀྱིས་བཀའ་བགྲོས་ནས། རྗེ་དམ་པ་རྒྱ་གར་ལ་སྣང་བའོ། །ཞ་མ་ལོ་ཙཱ་བས་བསྒྱུར་བའོ། །རྫོགས་ཤོ།། །།རྒྱ་གར་སྐད་དུ། ་