| Wylie | e-texts based on the ACIP/ALL Input |
བརླབས་གནད་ཀྱི་བརྡ། །སེང་གེ་གླང་ཆེན་ཕག་རྒོད་བསད། །རྩ་བ་བྲལ་བའི་སྡོང་པོ་བཞིན། །ནགས་ཀྱི་རི་དགས་གལ་ལ་ཚུད། །གཟིངས་ཀྱི་བྱ་རོག་གར་བདེར་མཐོང། །དངས་པའི་ཆུར་ནི་གཟུགས་བརྙན་བཞིན། མཁའ་ལ ་མཚོན་གྱིས་བཀུར་མི་ནུས། །རི་བོ་རླུང་གིས་བསྒུལ་བ་མིན། །རྒྱ་མཚོ་ཆེན་པོ་གཏིང་མི་གཡོ། །སྙིང་ཕྱུང་དེ་ནི་སྐལ་བར་ལྡན། །སེང་གེའི་གསོབ་ལ་བྱིས་པ་འཇིགས། །བུང་བའི་སྤྱོད་པ་ཡིད་ཀྱིས་ལྟོས། །བུ་ཤིའི་མྱ་ངན་སེམས་ལ་ཞོག། སྒྲོན་མེ ་ལག་ཏུ་ཐོགས་པའི་མི། །ཀུན་གྱི་སྣ་ལ་འགྲོ་བར་གྱིས། །དེ་ནས་ནམ་མཁའ་ཨི་ཕྱི་ནང་འདྲེ། ཞེས་གསུངས་ཏེ་། རྔོན་པ་བ་ཆེན་པོས། ཀ་མ་ལ་ཤཱི་ལ་གནད་ཀྱི་གདམས་པ་བསྟན་པའོ། །རྫོགས་ཤོ།། །།རྒྱ་གར་སྐད་དུ། ཙདཏེ་གུ་ཧཡ ་གམྦྷི་རཱ་ཐ་གཱི་ཏ་ནཱ་མ། བོད་སྐད་དུ། སེམས་ཀྱི་གསང་བ་ཟབ་དོན་བརྡའི་གླུར་བླངས་པ་ཞེས་བྱ་བ། ཤ་བ་རི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀྱེ་འོ་ཆུ་དང་འོ་མ་སོ་སོར་ནམ་མཁའ་ཨི་མཐོངས་སུ་བསྲེས་པ་རྟོག་མེད་དང་པའི་མཆུ་དེས་བསྡུས་ནས་སོང། །འདབ ་ཆགས་འུག་པའི་མིག་གིས་སྣ་ཚོགས་མུན་པའི་ཁྲོད་ན་སྣང་བ་སོ་སོར་མཐོང་བ་ཕྱི་རོལ་མིན། །འདབ་ཆགས་ནེ་ཅོས་ཉི་མའི་འོད་ལ་རྩི་ཤིང་ནགས་ཁྲོད་མཐོང་ལ་དགའ་ཞིང་རྩེ་ལ་ལྷག་པར་ཆགས། །རྨ་བྱ་དུག་གི་ལོ་མ་ཟོས་པས་སྤུ་སྡུག་ལྷག་བར་མཛེས་པའི ་ཁ་དོག་མདོངས་ནི་སུ་ཡིས་བྲིས། །སྒེག་མོ་གཞན་གྱི་དྲི་མ་དག་པའི་མདོང་ཅན་མེ་ལོང་བལྟ་ལ་རབ་ཏུ་བརྩོན་པ་ཤེས་པར་གྱིས། །སྲིན་པོའི་གླིང་ལས་ཐར་བའི་དེད་དཔོན་དྲི་ཟའི་གྲོང་མཐོང་དེ་ལ་གནས་བཅས་དོན་ཆེན་འགྲུབ་པ་མཚར། །དྲང་སྲོང་ཆུ ་ཡི་ཟླ་བ་བལྟ་ཞིང་ཉི་ཟླའི་ཕྲེང་བ་འགྲེད་ལ་བརྩོན་པ་གཙང་སྦྲ་ལྷག་པར་ཆེ། །རྒྱལ་བོས་དགྲ་ཐབས་ཀྱིས་ནི་བཀུག་སྟེ། བཅིངས་ནས་བསད་པས་སྲིད་དང་བཅས་པ་ཐོབ་སྟེ་གཡོན་ཅན་མིན། །གིང་བ་སྲོག་གཅོད་མཁས་པ་ཉིན་བཞིན་སྲོག་གཅོད ་དེ་ལ་སྡིག་པས་མི་གོས་གཤིན་རྗེ་གཤེད། །རྫི་བོ་ཐབས་མཁས་ལྕགས་ཀྱུས་སྟོབས་ལྡན་གླང་པོའི་ཁ་ལོ་ཇི་ལྟར་འདོད་བཞིན་སྒྱུར་བ་ཕྱི་རོལ་མིན། །མིག་འཕྲུལ་མཁན་པོས་ཉི་ཟླ་བརྐུས་ཏེ་མུན་ཁུང་ནང་དུ་སྤས་བས་?་སྐར་ཐམས་ཅད ་དབང་དུ་འདུས། །ཚངས་པའི་རིལ་བ་ཆུས་བཀང་མི་འཛག་དག་བྱེད་རྒྱུད་དུ་འཆང་བ་ཤེས་ན་རྟེན་འབྲེལ་ཆེ་བ་ཡིན། །དཔྱིད་དུས་མེ་ཏོག་མགུལ་ཆད་ལྷུང་བ་ཤིང་ཐོག་རོ་ལྡན་འགྱུར་བར་རེ་བའི་?་དེ་འཛའ?་ཡིན། །རྫ་སོབ་བཏང་སྣོད་དེར ་ཆུ་བླུགས་མི་འཛག་ཡིན་པས་མེ་ནང་བཅུག་ལ་ཏི་ཚ་མཁས་བར་བྱ། །ཁུག་རྟ་སྐོམ་ཡངས་ནང་འབབ་པའི་ཆུ་ནི་མི་མཐུང་ནམ་མཁའ་ཨི་ཆང་རྒྱུན་འཛེད་པར་ཤེས་པར་བྱ། །ལྐུགས་པར་སྡོད་པའི་མི་དེས་ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་བས་རྒྱ ་མཚོར་ཟླ་བ་གཟའ་ཡིས་གཟུང། །དུས་མཛའ་ཨི་མདུད་རྩེར་འབབ་བའི་ཚངས་པའི་དངུལ་ཆུ་དེ་ལ་གཟུགས་མཛེས་བརྟེན་པའི་རྒྱལ་པོ་ལྷག་པར་དགའ་། །ཟོ་ཆུན་འཁོར་ལོས་ཁྲོན་པའི་ཆུ་རྣམས་གྱེན་དུ་དྲངས་པས་མཆོག་གི་ལོ་ཏོག་སྨིན་པ་ཨེ་མའོ། ། ་ཟབ་མོ་བརྡའི་གླུ་གསང་བའི་བདུད་རྩི་ཞེས་བྱ་བ་རྫོགས་ཤོ།། །།ཤ་བ་རེ་དབང་ཕྱུག་གིས་དམ་པ་ལ་གསུངས་པ། དམ་པའི་ཞལ་སྔ་ནས་ཞ་མ་ལོ་ཙཱ་བས་གཏན་ལ་ཕབ་སྟེ། དཔལ་དིང་རི་མཁན་པའི་ཁྲོད་དུ་བསྒྱུར་བའོ།། །། ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། གང་གིས་མ་རྟོགས་པ་ཡིས་རྟོགས་པའི་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་པོའི་ཁྲིམས་ལ་དམངས་ཀྱིས་གནོད་པ་བྱས་པ་བཞིན། །རྟོགས་པ་རྣམས་ཀྱིས་མ་རྟོགས་པ་ཡི་སྤྱོད ་པ་མི་བྱ་སྟེ། །བྱས་ན་གླང་ཆེན་དག་ནི་འདམ་དུ་བྱེད་བ་འདྲ་གསུང་ངོ། །སློབ་དཔོན་ས་ར་ཧའི་ཞལ་ནས། །ཀྱེའོ་གྲོགས་དག་ལྷན་ཅིག་སྐྱེས་པ་སྟེ། །གཞན་ནས་རྙེད་མིན་ཞལ་ལ་དྲིས། །དོན་དམ་གཞན་གྱི་ངོ་བོ་དེ་རྟོགས་ན། །ཡིད་ནི་གར་འཆིང་རླུང་ཡང ་