CLOSE WINDOW

N2071: gnad kyi gdams pa
Wyliee-texts based on the ACIP/ALL Input

དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་བྱིན་བརླབས་རྟོགས་པའི་བརྡ། །ཏིལ་ནི་སྒྲོན་མེས་གསལ་བར་བྱེད། །སྔགས་ཀྱིས་བཏབ་པའི་སྨན་བཞིན་དུ། །རྨ་བྱའི་ཟས་ནི་གཞན་གྱིས་མིན། །ཙན་དན་རི་དགས་ལྟེ་བའི་དྲི། །ཆུ་ཡི་རླབས ་ནི་རྒྱ་མཚོ་ཉིད། །གསལ་བའི་རང་བཞིན་རས་དཀར་འདྲ། །རི་བོ་བསྐྱོད་པར་མི་ནུས་པས། །གངས་རི་ཆུ་ལས་གཞན་མེ་དེ། །དྲི་དང་སྐྲོག་སྐྱ་ཐ་དང་མིན། །ཉི་ཟླའི་ཡོན་ཏན་གསལ་བ་ཡིན། །བྱ་ཡི་རྗེས་ནི་ཚོལ་བྱེད། །ནམ་མཁའ་རྟོག ་གེའི་སྤྱོད་ཡུལ་མིན། །མཎྜལ་ཕྱོགས་ཆ་རབ?་ཏུ་སྙོམས། །རོ་ལངས་བྱ་སར་དཀོན་དེ་བཞིན། །དཔེ་མེད་ངོ་མཚར་ནོར་བུ་ཤེལ། །ཞེས་རྔོན་པ་ཆེན་པོ་ས་ར་ཧས། ཀ་མ་ལ་ཤཱི་ལ་ལ་ལྟ་བའི་བརྡ་བསྟན་པའོ།། །། ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་བསྒོམ་པའི་བརྡ། །ཚང་ཚིད་ནགས་ཀྱི་དུར་ཁྲོད་དུ། །བདག་མེད་མ་དང་ཕྲད་བྱས་ལ། །ཉི་ཤར་པ་ཡི་བསམ་པ་ཡིས། །ལས་དྲིན་པ་ཡི་སྐྱེས་བུ་བཞིན། །སྐྱེ་བོའི་ནོར་བུ་མཆོད ་ནས་ཀྱང། །ཁང་པ་སྟོང་པའི་ཁྱི་བཞིན་དུ། །སྨན་པའི་དོན་སྟོང་ནམ་མཁར་ཁྱེད། །ཆུ་པོ་ཆེན་པོ་རྒྱུན་འབབ་བཞིན། ། དྲང་སྲོང་ཀུ་ཤའི་སྟོང་དུ་བཞལ་།མར་མེ་རླུང་དང་བྲལ་བ་བཞིན། །དངུལ་དཀར་མེ་ལོང་ཕྱི་བར་བྱ། །ཡིད་འོང་བྲལ་བའི་མ་ ་བཞིན་དུ། །རུས་སྦལ་འཁར་གཞོད་ཉི་མ་ལ། །རྩལ་ལྡན་འཕོད་སླེབ་བརྩོན་པ་སྟེ། །མདའ་མཁན་ཡིད་ནི་གཅིག་ཏུ་གཏོང། །གདམས་པའི་གཙོར་ནི་ངེས་པར་གྲོལ། །གསེར་ལས་བྱས་པའི་རྒྱན་བཞིན་དུ། །བུ་རམ ་རོལ་མྱང་བར་བྱ། ཞེས་རྔོན་པ་ཆེན་པོས། ཀ་མ་ལ་ཤཱི་ལ་ལ་བསྒོམ་པའི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་བྱིན་བརླབས་སྦྱོད་པའི་བརྡ། །བག་མ་འམ་སྐྱོན་པའི་ཚུལ་བཟུང་སྟེ། །གླང་པོ་བཙོངས ་ལ་ཕག་རྒོད་བསང། །ཉ་ནི་རྒྱ་མཚོར་ཡངས་པ་ཆེ། །ནགས་རྣམས་མེ་ཡིས་རབ་ཏུ་བསྲེག་།རེས་འགའ་མགྱོགས་པའི་རྟ་ལ་ཞོན། །གྲི་གུག་རྣོན་པོའི་མཚོན་གྱིས་ནི། །ལྕེ་སྤྱད་དུར་ཁྲོད་རྣམ་པར་རོལ། །སྤྱན་གཟིགས་ཟས་ལ་རྟག་ཏུ་སྤྱད། ། ་ཁྲ་ཡི་རྩལ་ནི་ངེས་པར་དྲག་།ཝ་ནི་དུར་ཁྲོད་རྣམ་པར་རོལ། །ཆང་འཐུངས་པ་ཡིས་ཡུལ་མཐོང་འདྲ། །མེ་ཏོག་སྒྱུ་མ་བུད་བ་སྟེ་།བུ་ཆུང་སེ་གེ་མེ་ལོང་འདྲ། །སྟག་ནི་འཇིགས་པ་མེད་པར་རྒྱུ། །སྒྲོན་མེ་རྟག་ཏུ་ཐོགས་བྱས་ཏེ། །གླང་པོ་ཞོན་ལ་ཀུན་ཏུ་རྒྱུག། ་ཞེས་རྔོན་པ་ཆེན་པོས་། ཀ་མ་ལ་ཤཱི་ལ་ལ་སྤྱོད་པའི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་བྱིན་བརླབས་འབྲས་བུའི་བརྡ། །གསེར་པདམོའི་དཀྱིལ་ནས་འཁྲུངས། །ཤེལ་གྱི་འོད་ཟེར་ནང་ནས་བཤད། །རྨ་བྱའི་རི་མོ་སུ་ཡིས ་བྲིས། །འཇའ་ཚོན་ནམ་མཁའ་ཨི་ཆོ་འཕྲུལ་ཡིན། །རྟོག་མེད་རེ་བ་ནོར་བུ་བསྐད། །འདབ་གཤོག་མེད་པར་འཕུར་མི་ནུས། །གཙུག་སྟན་མེ་ནི་རྩོལ་བས་འབྱིན། །ཤིང་ནི་རང་གིས་རང་ལ་བསྲེག་།གསེར་གྱི་ཁ་དོག་འཚུར་གྱིས་འདོན། །དགྲ་མེད་མི་ནི ་ཟོན་དང་བྲལ། །གཉིད་སང་སྐྱེས་བུ་དེ་ཅི་སེམས། །བྱིས་པ་ཨ་ལུས་འབྲིད་པ་ལྟོས། །ནམ་མཁའ་ནམ་མཁའ་ནམ་མཁའ་ཨི་དང། །ཆུ་བྲན་རྒྱ་མཚོའི་དབྱིངས་སུ་འདྲེས། །ནམ་མཁའ་ཨི་ཆོ་འཕྲུལ་ངོ་མཚར་ཆེ། །ཆུ་ཟླ་དུ་མ་ཡོད་མ་ཡིན། ཞེས་རྔོན་པ་བས། ཀ་མ་ཤཱི་ལ ་འབྲས་བུའི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་ཡམ་གྱི་བརྡ། །སྡོམ་ནི་ཚད་ལས་མི་འདའ་བར། །རི་བོང་འདི་ཡི་སྤྱོད་འགྲོས་ལྟོས། །ཁྲ་ཡི་རྩལ་ཡངས་པ་མེད། །རྟག་ཏུ་འཁོར་ལོའི་རྩེ་ལ ་ཞོན། །རྫ་མཁན་བུ་ལ་ཡངས་པ་མེད། །རལ་གྲི་ཏིལ་ངར་ལྡན་པ་གཅེས། །མེ་ལ་རླུང་གིས་བསྐྱོད་པ་ཡིས། །ཚང་ཚིང་ནགས་ཀྱི་དུར་ཁྲོད་བསྲེག་།བྲམ་ཟེ་སྐུད་པ་འཁལ་ལ་ལྟོས། །བྱ་བ་ཟིན་པའི་སྐྱེས་བུ་མཆོག་།སྙིང་ཕྱུད་དེ་ནི་མི་རོ་ཡིན། །མར ་མེ་རླུང་གིས་མ་བསྐྱོད་པར། །འཁོར་ལོའི་སྲུབ་ཐག་བཅད་པར་བྱ། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །ལྷོ་སྤྲིན་རླུང་གིས་བརྡ་བར་བྱ། །འཇའ་ཚོན་འདི་ཡིས་བྱིས་པ་བསླུས། །སོ་མཚམས་མཁར་གྱི་བདག་པོ་ལྟོས། །རིན་ཆེན་གཏེར་གྱི་མེ་ལ། ་ཚེ་གྱིས། །ནམ་མཁས་ནམ་མཁའ་འགྲོལ་བར་ངེས། །ཞེས་སྔོན་པ་ཆེན་པོས་ཀ་མ་ལ་ཤཱི་ལ་ལམ་གྱི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་ཉམས་ཀྱི་བརྡ། །དཀར་པོའི་ཟླ་བ་རིམ་པ་སྟེ། །འཇའ ་ཚོན་ནམ་མཁའ་ཉིད་ལ་མཛེས། །གཞོན་ནུས་སྨྲས་པ་ཅི་སྟེ་གོ་།ཆུས་བཀང་ནས་ནི་སྨྲར་མི་བཏུབ། །ཁུག་རྣ་དང་པའི་རྣམ་པ་བཞིན། །དབུལ་མོ་གཏེར་ལྡན་ངོ་མཚར་ཆེ། །ལན་ཚྭ་ཆུ་བོ་ཉིད་ལ་ཐིམ། །བྱ་ནི་མཁའ་ལས་འདའ་མི་ནུས། །དགྲས་བསླུས ་གཉེན་ལའང་ཡིད་མི་གཏོང། །རལ་གྲི་དར་ལྡན་ངོ་མཚར་ཆེ། །རྒྱལ་པོའི་བཙུན་མོ་འཇིགས་མི་བྱེད། །ཝ་ཡིས་སེང་གེ་སྐྲག་པ་མིན། །བྱ་ནི་མཁའ་ལ་རྩོལ་བསྒྲུབ་མེད། །མཁའ་དང་ཆོ་འཕྲུལ་ཐ་དད་མིན། །ནམ་མཁའ་གང་གིས་ཟ་བར་ནུས། །ཆུ་ནི ་མ་རྙོགས་བཞག་ན་དངས། །འདི་ཉིད་ཡིན་དང་མ་ཡིན་ཞེས། །སུས་བྱས་སུ་ཡིས་གོ་བ་སུ། །ཞེས་རྔོན་བ་བ་ཆེན་པོས། ཀ་མ་ལ་ཤཱི་ལ་ཉམས་ཀྱི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན ་བརླབས་གནད་ཀྱི་བརྡ། །སེང་གེ་གླང་ཆེན་ཕག་རྒོད་བསད། །རྩ་བ་བྲལ་བའི་སྡོང་པོ་བཞིན། །ནགས་ཀྱི་རི་དགས་གལ་ལ་ཚུད། །གཟིངས་ཀྱི་བྱ་རོག་གར་བདེར་མཐོང། །དངས་པའི་ཆུར་ནི་གཟུགས་བརྙན་བཞིན། མཁའ་ལ ་མཚོན་གྱིས་བཀུར་མི་ནུས། །རི་བོ་རླུང་གིས་བསྒུལ་བ་མིན། །རྒྱ་མཚོ་ཆེན་པོ་གཏིང་མི་གཡོ། །སྙིང་ཕྱུང་དེ་ནི་སྐལ་བར་ལྡན། །སེང་གེའི་གསོབ་ལ་བྱིས་པ་འཇིགས། །བུང་བའི་སྤྱོད་པ་ཡིད་ཀྱིས་ལྟོས། །བུ་ཤིའི་མྱ་ངན་སེམས་ལ་ཞོག། སྒྲོན་མེ ་ལག་ཏུ་ཐོགས་པའི་མི། །ཀུན་གྱི་སྣ་ལ་འགྲོ་བར་གྱིས། །དེ་ནས་ནམ་མཁའ་ཨི་ཕྱི་ནང་འདྲེ། ཞེས་གསུངས་ཏེ་། རྔོན་པ་བ་ཆེན་པོས། ཀ་མ་ལ་ཤཱི་ལ་གནད་ཀྱི་གདམས་པ་བསྟན་པའོ། །རྫོགས་ཤོ།། །།རྒྱ་གར་སྐད་དུ། ཙདཏེ་གུ་ཧཡ ་