| Wylie | e-texts based on the ACIP/ALL Input |
བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད་པ་ཡིན་ནོ། །ཁྱད་པར་གྱི་བརྒྱུད་པ་ཆེན་པོ་བརྒྱད་ལས། བརྡ་སྐོར་རྣམ་པ་བཞི་རྫོགས་ཤོ།། །།ཐུགས་གསང་བའི་དོ་ཧ་ཞེས་བྱ་བ་བཞུགས་སོ།། །*་།རྒྱ་གར་སྐད་དུ། ཙིཏྟ་གུ་ཧཡ ་དོ་ཧ་ནཱ་མ། བོད་སྐད་དུ། ཐུགས་ཀྱི་གསང་བ་གླུར་བླངས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། བྲམ་ཟེ་ཆེན་པོ་ས་ར་ཧས་ཐུགས་ཀྱི་རྟོགས་པ་མགུར་དུ་བཞེངས་པ། ཀྱེ་འོ་འཁོར་འདས་ཀུན་གྱི་རྩ་བ་སེམས་ཀྱི ་རང་བཞིན་ཏེ། །རྟོགས་ནས་སྒོམ་དུ་མེད་ཀྱི་མ་བཅོས་ལྷུག་པར་ཞོག་།རང་ལ་བཞག་ནས་གཞན་ལ་འཚོལ་བ་ཨ་རེ་འཁྲུལ། །འདི་ཡིན་འདི་མིན་མེད་དོ་ཐམས་ཅད་གཉུག་མའི་དང་ཞེས་གསུངས་སོ། །ཀླུ་སྒྲུབ་ཀྱིས་གསུངས་པ། རྟོགས་ནས ་གང་གིས་འཆིང་བར་ནུས་པ་ཁྱོད་ཀྱིས་སྨྲོས། །འཆིང་བ་གང་ཡིན་དེ་ནི་ཡེ་ནས་གྲོལ་བ་ཉིད། །གང་ལ་བཅིངས་དང་འཆིང་བར་བྱ་བ་མ་གྲུབ་ན། །ནགས་ལ་གནས་པའི་གླང་པོ་གང་བདེར་རྒྱུག་དུ་ཆུག་གསུང། །པྲཛྙཱ་ཕ་ལས་སྨྲས་པ། རྟོགས་དང ་མ་རྟོགས་གཉིས་ཀྱི་བར་ན་སུ་འདུག་པ། །དེ་ནི་ང་ཡིན་གཞན་དུ་ཅི་ཡང་ཡོང་མ་ཡིན། །དེ་ལ་གང་མཐོང་དེ་ནི་བདེ་ཆེན་རང་བྱུང་སྟེ། །ཐམས་ཅད་ཐམས་ཅད་དེ་ཉིད་ཡིན་པར་ཤེས་པར་བྱ། གསུང་ངོ། །ཞི་བ་འཆོས ་གསུངས་པ། མཉམ་ཉིད་དབྱིངས་ལས་མི་གཡོ་ཆོ་འཕྲུལ་སྣ་ཚོགས་སྟོན། །ཆུ་བྲན་སྣ་ཚོགས་རྒྱ་མཚོར་གཅིག་གོ་ལན་ཚྭའི་རོ། །དུ་མ་རོ་གཅིག་འདི་ལ་ཐ་དད་ཡོད་མ་ཡིན། །ཐམས་ཅད་ཐམས་ཅད་གཅུག་མའི་རོ་ཡིས་ཁྱབ་ན་བདེ་གསུང་ངོ།། ་བློ་གྲོས་བརྟན་པས་གསུངས་པ། གཟའ་རྒྱལ་མཁའ་ལ་ཤར་བས་རྒྱུ་སྐར་ཟིལ་ནོན་ལྟར། །གཉིས་མེད་ཡེ་ཤེས་ཆེན་པོས་རྟོག་ཚོགས་ཉམས་པར་བྱས། །འདིས་ནི་འཁོར་པའི་ས་བོན་མ་ལུས་བཅོམ་བྲིན་གྱིས། །ད་ནི་མྱ་ངན་འདས་པ ་གཞན་དུ་མཆོལ་ཅིག་གསུངས་།དག་གི་དབང་ཕྱུག་གིས་གསུངས་པ། སྣང་སྲིད་ཆོས་དབྱིངས་ཕོ་བྲང་ན། །རིག་པའི་ཡེ་ཤེས་ལྷམ་མེ་བ། །བདེ་གསལ་སྟོང་པའི་གནང་ལ་བཞུགས། །འདོད་ཡོན་སྣ་ཚོགས་མཆོད་པ་འབུལ། །དགག་སྒྲུབ ་མེད་པར་རོལ་དུ་གསོལ་ཞེས་གསུང་ངོ། །རྡོ་རྗེ་དྲིལ་བུ་པས་གསུངས་པ། སེམས་ཀྱི་དེ་ཉིད་མཐོང་འདོད་ཅིང། །བདག་གཞན་འདོད་པ་བསྒྲུབ་འདོད་པས། །སྤྱི་བོའི་ནོར་བུ་མཆོད་པར་བྱ། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་གསུང། ཤ་ཀ ་རས་གསུངས་པ། དྲི་མེད་ཤེལ་སྒོང་ངག་པ་གཅིག་།ཚོན་གྱི་རྐྱེན་གྱིས་སྣ་ཚོགས་འཆར། །བར་སྣང་ཁམས་སུ་འཇོག་ཤེས་ན། །གཏན་གྱི་བདེ་བདེ་ལས་འབྱུང་གསུང་ངོ། །ཤཱནྟི་བས་གསུངས་པ། གནས་ན་ཞོག་ལ་འགྲོན་ཐོང། །གཉེར ་ཀ་མ་བྱེད་ཕན་དུ་ཆུག་།ཆེད་དུ་གད་འཛིན་འཁྲུལ་པ་ཡིན། །གཟིངས་ལ་འཕུར་བའི་བྱ་རོག་ལྷོས་གསུང་ངོ། །བརྦི?་པས་གསུངས་པ། གང་གང་མཐོང་བ་དེ་དེ་ཉིད། །དྲན་པའི་རྩི་དང་མ་བྲལ་བར། །ཅི་རིགས་པར་ནི་ཉམས་སུ་ལོང། །གསེར ་འགྱུར་རྩི་ཡི་མཁན་པོ་ལྟོས་གསུང། །ཡེ་ཤེས་ཞབས་ཀྱིས་གསུངས་པ། །སྙིང་ཆུང་སྐྱེས་བུས་ཡན་ལག་གཡོབ་པར་མི་ནུས་བཞིན། །སེམས་ཉིད་རྩ་བ་བྲལ་ན་རྟོག་པས་བཅིང་དུ་མེད། །དུག་གི་སྔགས་ཅན་དུག་ཉིད་སྨན་དུ་འགྱུར་བ་བཞིན།། ་ཐབས་དང་ལྡན་པས་ཉོན?་མོངས་ཉིད་ནི་བྱང་ཆུབ་རྒྱུ་གསུང་ངོ། །ཤཱནྟ་དེ་བས་གསུངས་པ། འཁོར་འདས་གཉིས་ཀྱི་རྩ་བ་ལ། །བྱང་སེམས་རྣམ་གཉིས་སྡོང་པོ་རྒྱུ། །འདི་ཕྱི་གཉིས་ཀྱི་མེ་ཏོག་ཤར། །བདག་གཞན་གཉིས་ཀྱི་འབྲས་བུ་སྨིན ་གསུང་ངོ། །ཡེ་ཤེས་སྙིང་པོས་གསུངས་པ། ཤིང་གི་སྙིང་པོ་བྲལ་པ་བཞིན། །སེམས་ཀྱི་དེ་ཉིད་བཙལ་གྱི་སྟོར། །སྒྱུ་མཁན་རི་མོ་ཛོ?་བཞིན་དུ། །སྣ་ཚོགས་སྣང་ལ་ངེས་བཟུང་མེད་གསུང་ངོ། །ནི་རུ་པས་གསུངས་པ། མར་མེ་རང་གསལ་གཅིག་པུར ་ཞོག་།ཆུ་དང་རླངས་ན་ཐ་དད་མིན། །བྱ་ཡི་རྗེས་ལ་བཙལ་མི་དགོས། །གཉིད་སད་སྐྱེས་བུ་བློ་སེམས་བདེ་གསུང་ངོ། །རྟོག་ཅེ་པས་གསུངས་པ། གང་ལ་ངེས་ཤེས་སྐྱེས་པས་རྩ་བ་ཟིན། །དེ་ལས་ལྷག་པའི་ངོ་སྤྲོད་གཞན་ཡོད་མིན། །སྣང་དང་སྲིད ་པའི་ཚེས་རྣམས་ཐམས་ཅད་ལ། །བླ་མར་མ་གྱུར་པ་ནི་ཡོད་མ་ཡིན་གསུང་ངོ། །ནག་པོ་ཞབས་ཀྱིས་གསུངས་པ། མེ་ཏོག་སྣ་ཚོགས་དུ་མའི་རོ། །བུང་བས་གཅིག་ཏུ་སྡུད་པ་ལྟར། །ཆོས་རྣམས་སྣ་ཚོགས་དུ་མའི་རོ། །རྟོགས་དང་ལྡན་པས་གཅིག ་ཏུ་བསྡུས། །རོ་ནི་སྐྱེ་བ་མེད་པའི་རོ། །མྱོང་ནི་ངོས་གཟུང་མེད་པར་མྱོང་གསུང་ངོ། །ནཱ་ག་བྷུ་སུ་ཀས་གསུངས་པ། མྱོང་བ་མེད་པའི་ཉམས་མྱོང་ལ། །བློ་དང་བྲལ་བས་ཉམས་བླངས། །རྟོགས་སུ་མེད་པར་གཏན་ལ་ཕབ། །ཐོབ་དུ་མེད་པར་མངོན་དུ ་འགྱུར་གསུངས་སོ་།ལཱུ་ཡཱི་བས་གསུངས་པ། །གཉུག་མའི་ཤེས་པ་འགྱུར་མེད་མངོན་དུ་གྱུར་ནས་ཀྱང། །རྩོལ་བས་སངས་རྒྱས་ལོགས་སུ་ཚོལ་བ་རལ་བ་སྟེ། །གླང་པོ་རྙེད་ནས་གློང་བོའི་རྗེས་ཚལ་ཇི་བཞིན་ནོ། །ད་ནི་སངས་རྒྱས་མེད་པར་ཤེས་པས་འདོད ་བློ་བྲལ་གསུང་ངོ། །ཀྲཥྞི་པས་གསུངས་པ། །ངོས་བཟུང་མེད་པར་ངོ་སྤྲད་པས། །སྟོང་ཉིད་དང་དུ་ཉམས་སུ་མྱོང། །དྲན་པའི་མེལ་ཚེ?་སྲུང་མཁས་པས། །འཁྲུལ་པའི་རྐུན་མོས་གླགས་མ་རྙེད་།རྒྱུན་ཆད་མེད་པར་ཉམས ་བླངས་པས། །འདུ་འབྲལ་མེད་པར་མངོན་དུ་གྱུར་གསུང་ངོ། །ིནྡྲ་པོ་དྷི་ས་གསུངས་པ། སྐྱེས་བུ་གཉིད་ལོག་འཁྲུལ་པས་ནོན་གྱུར་ཀྱང། །གཉིད་སད་དུས་ན་འཁྲུལ་པ་ཡུལ་ན་མེད། །དེ་བཞིན་མ་རྟོགས་འཁོར་བར་སྡུག་བསྔལ་ཀྱང། །རྟོགས ་དང་ལྡན་ལ་འཁོར་བའི་ཡུལ་ས་མེད་གསུང་ངོ། །རཏན་ཀཱིརྟིས?་གསུངས་པ། ཉི་མའི་འོད་ཟེར་ཀུན་ནས་རྒྱས་པའི་དྲ་བཅན། །མུན་པའི་ཚོགས་རྣམས་འཇོམས་མཛད་ངོ་མཚར་ཆེ། །རྟོགས་ལྡན་བླ་མ་ཐུགས་རྗེའི་འོད་ཟེར་དྲ་བ་ཅན། །གདུལ་བྱའི ་བློ་ཡི་མུན་སེལ་འདི་ན་ངོ་ཚར་ཆེ་གསུང་ངོ། །ཀཽ་ཀ་ཏས་གསུངས་པ། དབང་བཞིས་སྨིན་པའི་བུ་ལ་ཉམས་ཀྱི་གདམས་པ་ཡོང། །ཐོས་བས་སྒྲོ་འདོགས་ཆོད་ལ་ཚིག་གི་གདམས་པ་ཡོད། །བླ་མས་ཐུགས་ལ་བཏགས་ལ་གནད་ཀྱི་གདམས་པ ་ཡོད། །འཁྲུལ་པ་གོང་དུ་བཤིག་ལ་འཚང་གི་གདམས་པ་ཡོང་གསུང་ངོ། །ས་ཧ་ཛས་གསུངས་པ། བུ་ཉོན་ཁྱོད་ཀྱིས་ནམ་མཁའ་ཨི་དཀྱིལ་དུ་ལྟོས། །ལྷོ་སྤྲིན་མི་གདའ་འདི་ནི་ནམ་མཁའ་ཨི་ཆོ་འཕྲུལ་ཡིན། །འཇའ་ཚོན་འདི་ལ་བདེན་པར་མ་འཛིན་པར།། ་ཆུ་བོ་ཆེན་པོའི་རྒྱུན་ལ་ཞོན་ལ་ཤར་དུ་རྒྱུག་གསུང་ངོ། །གླང་ཆེན་གོས་ཀྱིས་གསུངས་པ། རྩི་ཡི་རྒྱལ་པོས་འབྲུ་རྣམས་བཅུད་དུ་འགྱུར་པ་བཞིན། །ཉམས་མྱོང་རྩི་ཡིས་སྣང་སྲིད་བདེ་བ་ཆེན་པོར་འབར། །གང་གང་མཐོང་པ་དེ་སྐྱེ་མེད་སྤྲོས་དང་བྲལ།། ་འདི་ལ་ངོས་འཛིན་མེད་པས་སྟོང་པ་བཙལ?་མི་དགོས་གསུང་ངོ། །བྷ་སུ་དྷ་རིས་གསུངས་པ། འགྲོ་བ་ཐམས་ཅད་བདེ་བར་གཤེགས། །སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འདོད་ཡོན་ཐམས་ཅད་སེམས་ཀྱི་རྒྱན། །རྟོག་ཚོགས་ཐམས་ཅད་ཡེ ་ཤེས་ཆེ་ཞེས?་གསུང་ངོ། །ཧེ་རུ་ཀ་པས་གསུངས་པ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །བླ་མའི་ཁ་ལས་གསལ་བར་རྟོགས། །གཞན་གྱིས་བརྗོད་མིན་གཟུག?་མའི་དོན། །འདི་ནི་མ་བཅོས་རང་འབྱུང་བའོ་གསུང་ངོ། །ཀ་ན་ཀོ་ཏིས་གསུངས་པ། སྲིད་པའི ་མེ་ཡིས་དངོས་པོ་ཐམས་ཅད་བསྲེག་པ་ལྟར། །རྟོགས་པའི་མེ་ཡིས་བདག་ཏུ་འཛིན་པ་བསྲེགས་ནས་ཀྱང། །འཁོར་བའི་བུད་ཤིང་མ་ལུས་གཏན་ནས་འཇོམས་པར་བྱེད། །དེ་ནས་འགྲོ་བའི་དོན་དུ་ཅི་བདེར་གཤེགས་པ་ཡིན་གསུང་ངོ། །ཉི ་མའི་རྩལ་ཀྱིས་གསུངས་པ། སྣ་ཚོགས་སེམས་ཀྱི་ཚོ་འཕྲུལ་ཏེ། །སེམས་ནི་འདི་ཞེས་མཚོན་དུ་མེད། །དེ་ཕྱིར་འཁོར་འདས་རྩ་བ་བྲལ། །དེ་ཉིད་ཆོས་སྐུར་ཤེས་པར་གྱིས་གསུང་ངོ། །རིན་ཆེན་རྡོ་རྗེས་གསུངས་པ། ངེས་ཤེས་ལས ་ནི་དོན་མཐོང་འགྱུར། །མོས་གུས་ལས་ནི་བྱིན་བརླབས་འབྱུང། །བརྩོན་འགྲུས་ཀྱིས་ནི་དགོས་པ་འགྲུབ་གསུང་ངོ། །ཏྭེའུ་ཏྲ་པས་གསུངས་པ་། རིག་པ་ཁོང་ནས་མ་སོད་ན། །འདི་ཞེས་བསྟན་པས་རྟོགས་མི་འགྱུར། །མི་གནད་ཅན་གྱི་སྣང་བ ་བཞིན། ཐོག་མར་རང་རྒྱུད་གསལ་བར་བྱ་གསུང་ངོ། །ཡན་ལག་མེད་པའི་རྡོ་རྗེས་གསུངས་པ། མཐོང་བ་མངོན་དུ་མ་གྱུར་ན། །མིག་གི་དབང་པོས་ཡུལ་མཐོང་བཞིན། །འདོད་པའི་འབྲས་བུ་མི་འབྱུང་པས། །གོམS་པར་བྱ་བ་ཤིན་ཏུ་གཅེས ་གསུང་ངོ། །ཇེབ?་རི་པས་གསུངས་པ། སྐུ་གསུམ་ཕྱི་རོལ་ཡུལ་ན་མེད། །རིག་པའི་ཡེ་ཤེས་དངས་པ་ལས། །གཟུགས་བརྙན་ཅམ་དུ་ཅང་ནས་འཆར། །རྣམ་པར་རྟོག་པས་རྙོག་མི་བྱ་གསུང་ངོ། །གུ་དྷ?་རི་པས་གསུངས་པ། སྣང་སྲིད་ཡེ་གོལ ་ཆོས་ཀྱི་དབྱིངས། །ཕྱག་རྒྱ་ཆེན་པོ་སྤངས་ཐོབ་མེད། །ནམ་མཁའ་ཨི་བྱ་ཡིས་གར་མ་ཕྱིན། །བྱིས་པའི་རྩོལ་བ་ཤ?་ཐང་ཆང་ཅེས་གསུང་ངོ། །ལ་བའི་ན?་བཟའ་ཅན?་གྱིས་གསུངས་པ། གང་དཱུང་མ་མཐོང་ལོང་བའི་མིག་།ཅི་ཡང་མི་སེམས་གཉི་མུག་དང། ་གང་དུ་མ་ཕྱིན་འཕྱེ་བོའི་བགྲོས། །ཅི་ཡང་མ་ཐོབ་དབུལ་མོའི་གཏེར་གསུང་ངོ། །ཌོཾ་བྷི་ཧེ་རུ་ཀས་གསུངས་པ། སྲིད་ཞི་མཉམ་ཉིད་སྤྲོས་བྲལ་ལ་།རྩལ་སྒྲུབ་བྱེད་པ་ཤ་ཐང་ཆད། །ཡུལ་སེམས་གཉིས་མེད་ཟང ་ཐལ་ལ། །ཐ་དང་འཛིན་པ་ཉོན་རེ་མོངས། །བདག་གཞན་གཉིས་མེད་ཆོས་སྐུ་ལ། །བཟང་ངན་འཛིན་པ་སྙིང་རེ་རྗེ་གསུང་ངོ། །ཉི་མ་སྦས་པས་གསུངས་པ། །ཡུལ་ལ་བལྟས་པས་སྐྱེ་བ་མེད། །སེམས་ལ་བལྟས་པས་སྤྲོས་དང་བྲལ།། ་གཉིས་མེད་དོན་འདི་བློ་ལས་འདས། །ངས་ནི་ཅི་ཡང་མ་ཤེ་སོ་གསུང་ངོ། །གུ་ཎ་ཏིས་གསུངས་པ། མ་སྐྱེས་མི་གཡོ་ནམ་མཁའ་ཨི་དང། །གཟུགས་བརྙན་སྣ་ཚོགས་ཆོ་འཕྲུལ་ཏེ། །སྙེམས་མེད་རིག་པ་རང་སར་ཞོག་།ཆོས་ཀྱིས ་བཅིངས་པ་སྙིང་རྡོ་རྗེ་གསུང་ངོ། །པདྨའི་རྡོ་རྗེས་གསུངས་པ། །བྱ་བ་ཐམས་ཅད་ཡོངས་བཏང་སྟེ། །སེམས་ཀྱི་གླང་པོ་རང་སར་ཞོག་།གཉིས་མེད་ཡེ་ཤེས་བཙལ་དུ་མེད། །ཐམས་ཅད་ཐམས་ཅད་དེ་དེ་ཉིད་གསུང་ངོ། །ཏཻ་ལོ་པས་གསུངས་པ། ་ཀུན་གཞི་ཟང་ཐལ་ཞབས་ཕྱུང་ལ། །བདག་ཏུ་འཛིན་པ་དབྱིངས་སུ་སྒྱུར། །ཡིད་ཀྱི་རྣམ་ཤེས་སྟོད་ལ་ནོན། །སྒོ་ལྔ་རང་གྲོལ་ལྷུག་པར་ཞོག་གསུང་ངོ། །ཤེས་རབ་འབྱུང་གནས་ཀྱིས་གསུངས་པ། སྤྲོས་དང་བྲལ་ལ་རྟོག་པས་འཆིང་མི་ནུས། །སྒྱུ་མར ་མཐོང་ལ་ཡུལ་གྱིས་འཆིང་མི་ནུས། །ཞེ་འདོད་བྲལ་ལ་སྤྱོད་པས་འཆིང་མི་ནུས། །སངས་རྒྱས་འདོད་ལ་འཁོར་བས་འཆིང་མི་ནས་གསུང་ངོ། །ཛྙཱ་ན་ཤྲཱིས་གསུངས་པ། རྩ་བ་བྲལ་བའི་སྡོང་བུ་བཞིན། །ང་ཡི་སེམས་ཉིད་ནམ་མཁར་སྟོར། འཁྲུལ་སྣང ་ཇི་ལྟར་དགྱེས་དགྱེས་མཛོད། །དྲིན་ནམ་མཁའ་ཨི་རྣལ་འབྱོར་ཡིན་གསུང་ངོ། །བར་ཧེ་ཏས་གསུངས་པ། །ཀི་ཀ་མཁའ་ལ་ལྡིང་པོ་བཞིན། །འཁོར་འདིས་རོ་མཉམ་དབྱིངས་སུ་གྲོལ། །དེ་དང་དོགས་པ་ཀུན་བྲལ་ཏེ། །བདེ་བ་ཆེན་པོ་ནམ་མཁའ་ཨི་ངང་གསུང་ངོ།། ་ཀཱ་མ་ཤྲིས་གསུངས་པ། ལུས་མེད?་ལུམ་ཀྱི་ནང་ན་གནས། །རྟེན་མེད་མཁའ་ལ་བྱ་བཞིན་རྒྱུ་།དམིགས་མེད་སྨྲ་བསམ་ཡུལ་ལས་འདས། །འགྱུར་མེད་རང་བྱུང་ཡེ་ཤེས་ཆི་གསུང་ངོ། །མི་ཐུབ་ཟླ་བས་གསུངས་ལ། སྒྲོན་མེས་ཟླ་བ་ཆོལ་བ་བཞིན།། ་རྟོག་པ་དེ་ཉིད་མ་རྟོག་པ། །ནམ་མཁས་ནམ་མཁའ་ཆོལ་བ་བཞིན། །མི་རྟོག་པ་ཉིད་གློ་ལས་འདས་གསུང་ངོ། །ཛྲཱ་ལནདྷ་རས་གསུངས་པ། ཡེ་ཤེས་མེད་ན་མཐོང་བ་ཚེ། །རྟོག་པ་མེད་ན་གསལ་བ་ཆེ། །ཞེན་པ་མེད་ན་བདེ་བ་ཆ་།གང་དཱུང་མི་གནས་པ་ཆེ ་གསུང་ངོ། །མེ་ཏྲི་ཀ་མཱ་ལས་གསུངས་པ། སེམས་ཉིད་གཞི་སྟོང་རྩ་བ་བྲལ། །ལས་ཀྱིས་འཆིང་བར་མི་ནུས་ཏེ། །དངོས་པོར་ཞེན་པས་དེ་ལྟར་མིན། །དེ་ལྟར་རྟག་ཏུ་རང་སེམས་ལྟོས་གསུང་ངོ། །པདྨ་བཛྲས་གསུངས་པ། ནམ་མཁའ་ཨི་དབྱིངས་ཀྱི་བྷ་ག་རུ།། ་རིག་པའི་རྡོ་རྗེ་གསོར་ནས་ཀྱང། །གཉིས་མེད་དང་དུ་སྦྱར་བྱས་ནས། །བདེ་ཆེན་ལྷན་ཅིག་སྐྱེས་པ་འཆར་གསུང་ངོ། །ཀླུའི་བྱང་ཆུབ་ཀྱིས་གསུངས་པ། མཁའ་ལ་རླུང་འཕྱོ་སྲབ་ཀྱིས་ཟུང། །ཁང་སྟོང་ཁྱི་ཡི་སྤྱོད་པ་ལྟོས། །ནམ་མཁའ་ཨི་ཨ་མ་སུས་མཐོང་བ ་བུ་ནི་པང་དུ་རྒྱུག་པར་ངེས་གསུངས་ངོ། །འཇམ་དཔལ་བཤེས་གཉེན་གྱིས་གསུངས་པ། རིན་ཆེན་གླིང་དུ་བྱིན་ན་དབུལ་དང་བྲལ། །བླ་མའི་བཀའ་དྲིན་ཐོབ་ན་འཁྲུལ་བ་ཞིག་།སེམས་ཀྱི་དེ་ཉིད་མཐོང་ན་འཁོར་བ་མེད། །བྱང་སེམས་ནང་དུ་འབྱོངས་ན ་འགྲོ་དོན་འབྱུང་གསུངས་ངོ། །རཱ་ཛཱ་ཧ་ཏིས་གསུངས་པ་། རྟོགས་ན་གཞན་དོན་མི་བྱེད་པ། །དེ་ནི་ས་ཡི་གཏེར་བསྲུངས་བཞིན། །འདི་ན་ཚོགས་པའི་རྣལ་འབྱོར་པ། །ཐུགས་རྗེས་སེམས་ཅན་མི་འཛིན་ནམ་གསུང་ངོ། །བཟང་པོ་དཔལ་གྱིས་གསུངས ་པ་།བདག་དང་སེམས་ཅན་དབྱེར་མེད་ཀྱང། །འགྲོ་བ་ལས་ཀྱིས་སྡུག་བསྔལ་བས། །རྒྱུན་ཆད་མེད་པའི་ཐུགས་རྗེས་ཡིས། །འགྲོ་བའི་དོན་ལ་རོལ་དུ་གསོལ་གསུང་ངོ། །ལིའི་བཟང་པོས་གསུངས་པ། རང་ལ་ཡོད་ཀྱང་ངོ་མ་ཤེས། །དབུལ་མོ ་གཏེར་གྱིས་བསླུས་པ་བཞིན། །དེ་ཉིད་མ་མཐོང་སེམས་ཅན་ལ། །ཐུགས་རྗེས་སྒྲོད་མེ་གདག་དུ་གསོལ་གསུང་ངོ། །རྣལ་འབྱོར་མི་འདུ་ཏེ་མས་གསུངས་ལ། ཆབ་དང་ཆབ་རོ་མཐ?་དང་མིན། །སྣང་དང་སྟོང་པ་དབྱེར་མ་ཕྱེད།། ་མཁའ་དང་རྒྱུད་ལ་བྱེ་བྲག་མེད། །སེམས་དང་སེམས་བྱུང་དེ་བཞིན་ནོ་གསུང་ངོ། །ཤིང་ལོ་མས་གསུངས་པ། བྲག་ཅའི་སྒྲ་འདི་སུ་ཡིས་སྨྲས། །མེ་ལོང་གཟུགས་བརྙན་སུ་ཡིས་བྲིས། །རྨི་ལམ་ལྟར་མོ་གང་དུ་གྱེས། །གང་ནའང་མེད་དོ་སེམས ་ཀྱི་དང་གསུང་ངོ། །དུར་ཁྲོད་མས་གསུངས་པ། ཀུན་བཞི་དག་པ་ཆོས་དབྱིངས་ཡིན། །ཡིན་ངོས་ཤེས་པ་ཡེ་ཤེས་ཡིན། །བདག་འཛིན་ཞིག་ན་རྩ་བྲལ་ཡིན། །སྒོ་ལྔ་རང་གྲོལ་ལམ་ཁྱེར་ཡིན་གསུང་ངོ། །གཅེར་བུ་མས་གསུངས་པ། རང ་གྲོལ་བློ་དང་བྲལ་བ་ལ། །མི་བཅོས་སྒོ་གསུམ་ལྷུག་པར་ཞོག་།མི་ཞེན་དགག་སྒྲུབ་མེད་པར་ཞོག་།མི་གཡོ་མཉམ་ཉིད་ཆེན་པོར་བཞག་གསུང་ངོ། །རོ་ལངས་མས་གསུངས་པ། །མ་ཡེངས་སྒོམ་དུ་མེད་པ་ལ། །ཉམས་སུ་ལེན་ན་མཁས་པ ་ཡིན། །སྣ་ཚོགས་རྗེས་མེད་ཆེན་པོ་རུ། །ལམ་དུ་ཁྱེར་ན་གྲོལ་བ་ཡིན་གསུངས། །མཧཱ་སིདྡྷིས་གསུངས་པ། མ་བསྒོམ་མ་བསྒོམ་བློ་མ་བསྒོམ། །བློ་བསྒོམ་རྟོག་པའི་འཁྲུལ་འཁོར་ཡིན། །རྟོག་པས་འཁོར་བར་འཆིང་བ་སྟེ། །བློ་དང་བྲལ་ལ ་བསྒོམ་དུ་མེད་གསུང་ངོ། །དྲི་མེད་མས་གསུངས་པ། སེམས་ཉིད་ཡེ་སྟོང་ཡེ་བྲལ་ལ། །སྐྱེ་མེད་བསྒོམས་པས་ཅི་ཞིག་བྱ། །སེམས་བྱུང་རང་ཤར་རང་གྲོལ་ལོ། །རྟོག་པ་སྤངས་པས་ཅི་ཞིག་བྱ་གསུང་ངོ། །བློ་གྲོས་དབྱངས་མས་གསུངས་པ། ་ནམ་མཁའ་ཨི་ཡེ་ཤེས་ཀུན་ལ་ཁྱབ། །ཡེ་གྲོལ་ཆེན་མོ་མཆོག་གི་ལམ། །མི་གཡོ་མི་འགྱུར་བསམ་ལས་འདས། །རྟོག་མེད་རང་རིག་ཡེ་ཤེས་ཆི་གསུང་ངོ། །བདག་མེད་མས་གསུངས་པ། ནམ་མཁའ་ནམ་མཁའ་མཉམ་ཉིད་ཆེ། །ཉི་མ་ཉི་མ་ཡེ་? ་ཆུ་བོ་ཆུ་བོ་རྒྱུན་ཆང་མེད། །འཇའ་ཚོན་རང་གྲོལ་བདེ་བ་ཆེ་གསུང་ངོ། །གསལ་བྱེད་མས་གསུངས་པ། གོ་རུ་མེད་པའི་དོན་རྟོགས་ན། །བརྗོད་དུ་མེད་པའི་གླེང་གཞི་འབྱུང། །བསམ་དུ་མེད་པའི་དོན་བསྒོམས་ན། །ཐོག་དུ་མེད་པའི་འབྲས་བུ ་འབྱུང་གསུང་ངོ། །བྱེ་མ་ལུང་པས་གསུངས་པ། གཉིས་མེད་བདེ་ཆེན་དོན་གྱི་མཆོག་།རང་ལ་ཡོད་པས་གཞན་དུ་ཚོལ། །མི་ཤེས་རྩོལ་བས་སྒྲ་ཕྱིར་འབྲངས། །འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ་གསུང་ངོ། །རྡོ་རྗེ་གཅིག་མས་གསུངས་པ། སྟོང་ཉིད ་ནམ་མཁའ་ཨི་གླེགས་བམ་ལ། །རང་རིག་ཡེ་ཤེས་ཡི་གེར་བྲིས། །སྣ་ཚོགས་ཐབས་ཀྱི་གདམས་པ་བཀོད། །རྒྱུན་ཆད་མེད་པའི་བསྟན་པ་སྒྲོགས་གསུང་ངོ། །སྔོ་སངས་མས་གསུངས་པ། མི་འགྱུར་ནམ་མཁའ་ཨི་རྡོ་རྗེ་ལ། །གཡོ་འགུལ་འབྱུང་བའི་ཚེ་འཕྲུལ ་ཤར། །སྣ་ཚོགས་སྐྱེ་འགྲོའི་བྱ་བ་བྱས། །རང་གྲོལ་ནམ་མཁའ་ཨི་དབྱིངས་སུ་ཡལ་གསུངས་ངོ། །གྲི་སྐོར་མས་གསུངས་པ། མིང་དང་བྲལ་བའི་མིང་མང་པོས། །དེར་འཛིན་ཞིག་པའི་བློ་བྲལ་པོ། །ཡོངས་སུ་གྲོལ་བའི་བྱར་མེད་པོ། །ཡེ་ཡིན་ཆེན་པོར ་རྟོགས་པར་གྱིས་གསུང་ངོ། །ལམ་སྐྱེས་མས་གསུངས་པ། དམིགས་བྱ་དམིགས་བྱད་མཛའ་སྤངས་ཏེ། །ཏིང་འཛིན་རྟེན་དང་བྲལ་བ་ལ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ། །མ་ཡེངས་ཉམས་སུ་བླང་བར་བྱ་གསུང་ངོ། །བཤེས་གཉེན་མས་གསུངས ་པ། ནམ་མཁའ་ཨི་བྱ་ལམ་རྗེས་མེད་བཞིན། །རྣལ་འབྱོར་སྤྱོད་པ་རྗེས་མེད་ཡིན། །རང་རྒྱུད་འཛིན་པ་མེད་གྱུར་ན། །མི་དགེ་བཅུས་ཀྱང་འཆིང་མི་ནུས་གསུང་ངོ། །རོ་ཟན་མས་གསུངས་པ། གསེར་འགྱུར་རྩི་དང་ཕྲད་པ་བཞིན། །སྣང་སྲིད་བདེ་སྟོང་ངོར ་ཤར་བས། །དངོས་པོར་འཛིན་པ་ཀུན་ལས་གྲོལ། །སྣང་སྲིད་སྤྲོས་བྲལ་ཡེ་ཤེས་ཆེ་གསུང་ངོ། །པདམོ་ཤྲིས་གསུངས་པ། གཉུག་མ་ལྷན་ཅིག་སྐྱེས་པ་དེ། །བསམ་བསྒོམ་བློ་ཡིས་མ་བཅོས་ན། །ཆོས་སྐུ་གཞན་ནས་བཙལ་མི་དགོས། །རང་ཆས་ ་ཡིན་ནོ་ལྷུག་པར་ཞོག་གསུང་ངོ། །པདྨའི་རྒྱལ་མོས་གསུངས་པ། རང་རིག་ཡེ་ཤེས་འདི་རྙེད་ན། །བསྐལ་པའི་མུན་པ་སྒྲོན་མེ་བཞིན། །ལས་ཀྱི་འཁྲུལ་པ་གཏན་ནས་བཅོམ། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ་གསུང་ངོ།། ་མཁའ་འགྲོ་མ་དཀར་མོས་གསུངས་པ། ལས་ཟིན་སྐྱེས་བུ་དེ་ཅི་སེམས། །བྲམ་ཟེ་སྐུད་པ་མཁའ་ལ་ལྟོས། །ནམ་མཁའ་གང་གིས་ཟ་བར་ནུས། །ཁྱོད་དང་ང་ལ་ཐ་དད་མེད་གསུང་ངོ། །ལྷ་སྲས་དཔལ་གཞེར་གྱིས་གསུངས་པ། སྟོང་ཉིད་སྙིང་རྗེའི་སྙིང ་པོ་ཅན། །བདེ་བར་གཤེགས་པའི་ཤུལ་ཡིན་ཏེ། །གོལ་ས་མེད་པར་གསུངས་པས་ན། །ཐབས་དང་ཤེས་རབ་ལྡན་པར་བྱ། །གསུང་ངོ། །རྡོ་རྗེ་བདེ་བས་གསུངས་པ། མི་གཡོ་བསམ་གཏན་རྒྱ་ཆེན་པོ། །གཡོ་འགུལ་སྣ་ཚོགས་ཀུན་གྱི་གཞི།། ་གཡོ་དང་མི་གཡོ་དབྱེར་མེད་པས། །བསྒོམ་དང་མི་བསྒོམ་འདི་ལ་མེད་གསུང་ངོ། །ཡེ་ཤེས་ཞབས་ཀྱིས་གསུངས་པ། གང་དུ་ཆོས་རྣམས་མ་མཐོང་བ། །དེ་ཡིས་ཆོས་ཀུན་མཐོང་བ་སྟེ། །མཐོང་བྱ་མཐོང་བྱེད་ཀུན་ལས་འདས། །རང་རིག་ཡེ་ཤེས ་ཆེན་པོ་ཡིན་གསུང་ངོ། །གྷ་གྷ་དཔལ་གྱིས་གསུངས་པ། གང་དུ་མཐོང་ཚོར་མྱོང་བ་ཀུན། །དེ་དེའི་ངོ་བོས་སྟོད་ཤེས་ན། །འདོད་ཡོན་སེམས་ཀྱི་རྒྱན་ཡིན་ཏེ། །འཆིང་བར་མི་འགྱུར་གྲོལ་བར་འགྱུར་གསུང་ངོ། །ལས་ཀྱི་འབྱུང་གནས་ཀྱིས་གསུངས་པ། ་སེམས་ཀྱི་ཡེ་ཤེས་གང་མཐོང་བ། །ཆོས་ཀྱི་དེ་ཉིད་རྟོགས་འགྱུར་ཏེ། །ཆོས་རྟོགས་པས་ནི་བདེ་བ་ཐོབ་གསུང་ངོ། །རྒྱན་གྱི་རྒྱལ་མོས་གསུངས་པ། དབྱིབས་དང་བྲལ་བའི་མདོག་མེད་པོ། །མིང་དང་བྲལ་བའི་དོན་མེད་དོ། །སྣ་ཚོགས་རིག་པའི ་བསམ་མེད་པོ། །སྤངས་པ་མེད་པའི་ཐོབ་མེད་པོ་གསུང་ངོ། །མཁའ་འགྲོ་མ་ལ་བཅན་གྱིས་གསུངས་པ། དམིགས་མེད་ཡེ་ཤེས་ཆེན་པོ་འདི། །ཚིག་གིས་མཚོན་པར་མི་ནུས་ཏེ། །བླ་མའི་དུས་ཐམས་བརྟེན་པ་ལས། །གཞན་གྱིས་རྟོགས་པ་མ་ཡིན་ནོ།། ་གསུང་ངོ། །ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ། གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་རྟོགས་པ་བརྗོད་པ། མཁའ་འགྲོ་མས་ཡི་གེར་བཏབ་སྟེ། གསང་མཛོད་ན་གནས་པ་ལས། དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས། རྗེ་དམ་པ་རྒྱ་གར་ལ་གནང ་བ། ཞ་མ་ལོ་ཙཱ་བས་ལེགས་པར་བསྒྱུར་བའོ།། །།རྫོགས་ཤོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་མི་ཡི་སེང་གེ་ཡིས། །མཁའ་འགྲོ་མ་ཡི་གསང་ཚིག་བརྟོལ། །གྲུབ་ཐོབ་ཉམས་གྱི་རྟོགས ་