| Wylie | e-texts based on the ACIP/ALL Input |
?་བསྒྱུར་ཏེ། །བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། མཧཱ་མུ་དྲ་ཨུ་བ་བཛྲ་གུ་ཧཡ་གཱི་ཏ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ། །བཅོམ་ལྡན ་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཀྱེ་འོ་རྒྱལ་པོའི་རིགས་བརྒྱུད་བུ་ཡིས་འཛིན་འགྱུར་གྱིས། །གསེར་འགྱུར་རྩི་ཡི་རིགས་བྱེད་མཚང་གིས་རྟོགས། །རྒྱ་མཚོའི་ལམ་རྒྱུས་རིག་ལྡན་དེད་དཔོན་མཁས། །ཁྲི་སྙན་མིག་གིས་ནོར་བུ? ་ནུས་པ་ལྟ། །རིལ་བུ་གྲུབ་པས་བྲམ་ཟེའི་བྱ་བ་རྫོགས། །གངས་ལ་བབ་པའི་ཆུལ་དྲི་མ་མེད། །མུ་ཏྲ་ལས་བཏོན་གཟུགས་རྣམས་ཐ་མི་དང། །གསེར་ལ་དངུལ་གྱི་ར་མེད་ས་ལེ་སྦྲམ། །མཁན་གཟོས་མ་བྱས་བསེ་རུ་བཤགས་པའི་གཟུགས། །རྫིངས? ་ཀྱི་ཐག་པ་ལུ་གུ་བརྒྱུད་དུ་སྦྲེལ། །མ་ག་དྷ་པ་སྐོར་མཛོད་བུ་ལ་འབོགས། །མངའ་བདག་ཚིག་ལ་བཙུན་མོ་ཟུར་མི་གཡོ། །མཚང་ཤེས་དཀའ་ཕ་མ་ཡིན་སྒྱུ་མའི་འཕྲུལ། །སྦྲང་རྒོད་འཐུངས་པའི་ནུས་པས་ཡུན་མི་ཐོགས། །ཀ་འཛིམ་དགོས་རང ་གིས་བསགས་པའི་གསེར། །དམུས་ལོང་མིག་ཕྱེད་ཡུལ་རྣམས་རང་ངོས་ཟིན། །རིན་ཆེན་གསེར་གྱི་སྐུད་པ་ཁབ་ཤུལ་འགྲིམ། །གླིང་ལས་སྐྱོལ་བའི་དེད་དཔོན་ཐེ་ཚོམ་བྲལ། །དྲང་སྲོང་གི་ནི་གསོ་རིག་མཚང་རྣམས་གོ་།ཟླ་བ་མཐོང་བའི་རི་བོང་སྙེམས ་ལས་གྲོལ། །ལམ་ནོར་ངོ་ཤེས་དེ་དུས་གཉིད་དུ་ལྡོག་།ག་བུར་ནུས་པ་ཚད་པའི་སྟེང་དུ་རྒྱུག་།ནོར་བུ་ལུས་ལ་བཏགས་ན་བདུ་བ་འབྱང། །ལྟོ་འགྲོས་དྲི་ཚོར་མ་གི་ཏ་ལ་འབྲོས། །ཕྱུགས་བདག་མཐོང་བས་ཨུ་མ་ཅོད་པན་བཀྲོལ། །རྨ་བྱའི་ཕྲུག་གུ་དང ་པོའི་ཚང་མི་འདོད། །དེད་དཔོན་གླིང་ལོན་ནོར་ལ་ཞེ་མི་གདུང། །མཛའ་བོའི་བརྩེ་གདུང་གྲོགས་ཀྱིས་བསླུས་ཚེ་ཞིག་།ངལ་བར་མི་འདུག་གསེར་མཚོན་རྙེད་པའི་མི། །དེད་དཔོན་རྒན་པོའི་གླིང་དོན་གཞན་གྱི་ཕྱེད། །ཟུར་མ་མིག་ནས་གཏོན་པའི་ཉག་ཐག་གཉེན ་རྦ་ལས་འབྱོལ་བའི་གྲུ་པ་ཡན་ལག་འབྲེལ། །ནོར་བུའི་འོད་ལ་རླུང་གིས་གནོད་མི་འགྱུར། །ནགས་ལ་གནས་པའི་གླང་པོ་རང་དབང་ཐོབ། །འཆི་བའི་དུས་དེར་རྒྱལ་སྲིད་ཅུང་ཞིག་བྱ། །གདན་སར་ཕྱུང་བའི་ལྷ་སྲས་རྒྱལ་སྲིད་ཐོབ། །དྲི་མ་དག་པའི ་གསེར་བུམ་གདན?་མཛེས། །ཁོང་གཟེར་བྲལ་བའི་དེད་དཔོན་ལ་ལྟོས་དང། །གར་ཆང་འཐུངས་བའི་གྱད་ཀྱི་ཡ་ང་སྟོར། །རློམ་སེམས་མི་སྐྱེ་རྒྱལ་ངོ་ཤེས་པའི་མི། །དད་པ་རྐྱེན་གྱིས་སྐུལ་བ་བུ་ཤིའི་མ། །ཁྲི་མོན་ནང་དུ་གསེར་སྒྲོག་ཅི་ཞིག་བྱ། ། ་བརྫིངས་ཀྱི་སྟེང་དུ་དེད་དཔོན་མིག་པས་གཅེས། །གླིང་ལས་བླངས་པའི་ནོར་བུ་གཅེས་སྤྲས་ཐོ། །བརྫིངས་ཀྱི་གཟོ་ཚར་དེད་དཔོན་ཤོལ་མི་ཐེབས། །ཚ་གྲང་གཉིས་ཀ་སེལ་བ་སེང་གེའི་སྤུ། །བཟའ་བཏུང་མི་དྲན་དགུན་ཆུ་འཐུངས་བའི་སྤྲུལ། །སོ་བཏང་བུམ ་པར་གསེར་གྱི་སྣོད་ཀྱང་བཏུབ། །རི་བྲག་པར་གྱི་སེང་གེ་ཟླ་མི་སྙག་།ཁྱུ་མཆོག་ཐོང་མཁན་ཞིང་གི་མཛའ་མི་མཐོང། །གཅིག་པུར་གནས་པའི་བསེ་རུ་སྡུག་བསྔལ་བྲལ། །དྲང་སྲོང་རྒྱལ་མཚན་མ་གོན་བསྲུང་སྡོམ་མེད། །འགྲོ་བར་མ་ཆད་གླིང་ལས་བོད ་མི་འགྱུར། །སྙོད་བ་བརྩེ་བའི་སྤྲེའུ་སྙིང་རེ་རྗེ། །འདབ་གཤོག་རྒྱལ་པའི་བྲུ་གུ་ནང་ནས་འཕུར། །སྐྱུག་ནད་ཅན་དེས་ཟས་ཀྱི་འཁྲི་བ་ཆོད། །རབ་ཏུ་བྱུང་ཚོ་བྱ་བ་དམན་པ་འདོར། །རི་དགས་ནད་པ་ཁྱུ་ནས་འགར་ན་བདེ། །རིགས་ངན་བུ་མོས་འཇོལ ་སྒེག་སྤངས་ནས་འདུག་།དུར་བསྲུངས་མི་ལ་འཛའ་བོས་ཅི་ཞིག་བྱ། །རབ་ཞུག་མ་བཅས་དཔའ་བོས་གཡུལ་མི་ལྡོགས། །ལྗོན་ཤིང་གྲིབ་ལ་དུབ་པའི་སེམས་ངལ་སོས། །རྒྱན་གྱིས་སྤྲས་པའི་བཙུན་མོས་གཞན་ཡིད་འཕྲོག་།འདོད་དགུའི་འབྱུང་གནས ་རིན་ཆེན་གཏེར་གྱི་སྒྲོམ། །ཐབས་ལ?་མི་རེ་ཛཱ་ལ་འབར་བའི་ནད། །དཔོན་ལ་མི་བརྟེན་རིག་བྱེད་ཚར་པའི་མི། །རང་གི་མཐེབ་མཛུབ་གཞན་གྱི་ལག་པ་མིན། །གར་ཡང་བདེ་བ་ལང་ཚོ་རྒྱས་པའི་ལུས། །མཐོང་བས་ཆོག་པ་རྩི་མཆོག་གསེར་འགྱུར་གཟོ། ། ་ཁྱིམ་ལ་མི་དགའ་བུ་མོའི་བློ་མི་འཕྲོགས། །ོ་རྒྱན?་དུར་ཁྲོད་སྲིན་མོ་ཁྲོས་པའི་ས། །ཐུབ་པའི་བཞུགས་ས་མི་ནུབ་རྡོ་རྗེའི་གདན། །དགོས་པའི་རྐྱེན་ཚོགས་ཀ་ལིངཀ་ཡི་གནས། །རྒྱ་མཚོའི་པས་མཐར་སྤྲུལ་གྱི་དུག་མི་འབྱུང། ་རིན་ཆེན་རྫོང་ལ་འཇིགས་པའི་ཡང་བྲལ། །གཡོ་སྒྱུ་སྤངས་པ་མ་ག་དྷ་པའི་མི། །སྨྲ་བར་མི་ཕོད་བཙུན་མོ་སྣོལ་གྱི་མཚང། །གདེང་ལ་དར་ཐོགས་གཅན་ཟན་སེང་གེའི་བུ། །མཐུར་གཞོལ་ལམ་དུ་ཤིང་རྟ་འགྲོ་བར་བརྩོན། །མིལ་ཙེའི་བར ་མེད་བུ་གཅིག་པ་ཡི་མ། །རྒྱ་མཚོའི་ལམ་རྒྱགས་དེང་དཔོན་ཉམས་ལ་དྲིས། །གསོ་རས་ཆར་བསྲུངས་གླིང་ལོན་ཁོམ་པར་གཅེས། །གཟིངས་ཀྱི་ཆ་རྐྱེན་དེད་དཔོན་ཁོ་ཚགས་བྱེད། །ཡུལ་གྱི་འཁྲི་བ་ཉག་ཐག་བཅད་དུས་ཞིག་།འདོད་པའི་རླུང ་བྱུང་དེད་དཔོན་བློ་སེམས་བདེ། གླིང་དོན་མ་གྲུབ་དེད་དཔོན་ཕྱིར་མི་ལྡོག་།འགྱུར་བ་མེད་པ་རྒྱལ་པོས་གསུངས་པའི་ཚིག་།སྤྲང་ཚང་འབེབས་དུས་ཡིད་ལ་གོ་ཆ་བྱེད། །གར་ཆང་བླུད་པའི་གླང་པོ་འཆམ་པའི་རྟགས། །མིག་གསེར་མཐོང་པའི ་ལས་མིས་བདེ་སྡུག་སྤངས། །དར་གྱི་སྲིན་འབུ་ཁ་ཆུ་ཟགས་པས་ཕུང། །དེ་ནི་གཞན་གྱིས་མ་ལན་རང་ལ་སྐྱེས། །ཚང་ལ་ཉེས་སྒྱོན་ཡོད་པ་མ་ཡིན་ནོ། །མ་རིག་སྟོབས་ཀྱིས་ཁ་ཆུ་མང་དུ་སྐྱུག་།རང་ཉིད་ཕུང་བར་བས་ཀྱིས་གཞན་དུ་མིན།། ་ལྕགས་བསྲེགས་གཞི་མེ་ཚོགས་རྒྱུས་མ་བསྐྱེད། །འབྱར་རྩི་ངོ་ཤེས་ཆད་དུ་བརྩེ་བ་གླེན། །སྨིག་རྒྱུ་ཆུང་འཐོང་རི་དགས་སྙིང་རེ་རྗེ། །ཐིག་ལེ་མ་ཡལ་རྒྱ་ཁོལ་དལ་མི་འགྱུར། །བེར་ཀ་གཉིས་ཕོག་མི་དེ་ཅི་རུ་རུང། །གཏེར་གྱི་བདག་པོ་མི་རེ་རིགས ་ངན་བུ?། །དུད་པས་མི་འཇིགས་རྩི་མེད་སྦྲང་མའི་ཚང། །འཆི་བདག་ཁ་རུ་མ་ཆུད་སྐྱེ་འགྲོ་གྲང། །ལུས་ལ་འབྱུང་བམ་འཁྱུགས་རྔ་ཡི་མི། །མིང་ནས་བོས་པས་ཤི་བ་ལྡོག་གམ་ཅི། །མཐོང་སྣང་དགྲ་རུ་རེད་པ་དུག་སྤྲུལ་མིག་།ཁྱོད་ལ་ཤིང་ལོས་གནང་པ་སྐྱལ ་བ་མེད། །བྲག་ཅའི་སྒྲ་ལ་བུས་པ་སྙན་སྡུག་རྩིས། །རྨི་ལམ་གཏེར་རྙེད་སད་ཚེ་མྱ་ངན་བྱེད། །གྱོད་ཁེངས་ལོངས་པའི་སྦྱང་ཁུ་རང་ལ་རྨུག་།འཕགས་པའི་རིགས་ཅན་དགྲ་ལ་བུ་རུ་བལྟ། །གནོད་པ་བསྐྱལ་དུས་སླར་ལ་གཅེས་པར་འཛིན། །ཕན ་ལན་མ་བརྟགས་སྐྱེ་འགྲོ་རྣམས་ཀྱིས་མེད། །ཁྱི་ཁྲོས་རྡོལ་འཆའ་བ་སྙིང་རྗེའི་ཡུལ། །རྩཝ་མེ་དུམ?་དུ་བསད་དུས་དུ་བ་འཆང། །མཐོང་སྣང་ལོག་པའི་ཡི་དགས་བདེ་བ་སྟོར། །ལུས་ལ་རང་དབང་མ་ཐོང་སྡུག་བསྔལ་བརྟེན། །ཚེ་མཛའ་ཨི ་རིངས་པས་འཕུང་བ་དམྱལ་བའི་ལུས། །འདི་ལ་བདེ་བའི་བར་མཚམས་འདུག་གམ་ཅི། །ས་བོན་མ་རུལ་ནྱ་གྲོལ་ལོ་འབྲས་རྒྱུ། །དེད་དཔོན་སྙིང་ཁྲག་འཐུངས་པ་སྐལ་བར་ལྡན། །ཐིགས་པ་བསགས་པའི་རྒྱ་མཚོ་ངོ་མཚར་ཆེ། །ནམ་མཁའ་ ་མཐོང་བས་དབྱིབས་ཀྱི་ཕྱོགས་འཛིན་ཞིག་།ཡུད་ཙམ་འཐུད་པས་བསྐལ་པ་འཛད་པར་ལྟོས། །རྒྱུས་སྐུད་ལམ་སྣ་ཁྲིད་པ་ཕག་རྒོད་སྤུ། །ཁྲི་སྙན་ལྤགས་པ་མ་གོན་དྲང་སྲོང་མིན། །གྲུ་པ་ཡན་ལག་བྲེལ་པ་རང་གི་ཆེད། །འདབ་བཤོག་རྒྱས ་ཚེ་ཚད་ན་འདུག་ཀྱང་མཁའ་། །ཡིད་བཞིན་ནོར་བུའི་དགོས་པ་གང་ཡིན་ལྟོས། །མེ་ཏོག་ལས་བྱུང་གང་བུ་དུས་སུ་སྨིན། །བུམ་པ་བཟང་པོ་དགོས་འདོད་འབྱུང་བའི་སྣོད། །མར་གྱི་རྒྱུ་ནི་འོ་མ་ཡིན་པར་ངེས། །རྙེད་པར་མི་འགྱུར་སེར་པོ་དོར་བའི ་གསེར། །ཉི་མའི་ཟེར་གྱིས་མུན་པའི་གྱ་རུམ་འཇོམས། །གསེར་དུ་སྣང་བའི་དངུལ་ཆུ་གཞན་དུ་མིན། །ཆུ་ལ་ཆུ་བཞག་ཐ་དད་མི་སྣང་ངོ། །མར་ལ་མར་བཞག་དེ་བཞིན་ཉིད་དུ་བས། །མཛའ་ཐེན་ནར་གཉིས་སུ་གང་གིས་བྱེད། །རྒྱ་མཚོའི་རླངས་པ་སྤྲིན་གྱི ་ངོ་བོར་གཅིག་།མཁའ་ལ་ལྕགས་དབྱུག་ཤུལ་ལ་ཁྱད་པར་མེད། །རྩི་ལེན་པ་ཡི་སྦྲང་མ་ལ་ལྟོས་དང། །གླང་པོའི་རྒྱབ་ཁལ་གྲོག་མའི་ལྟོ་རུ་མཛད། །རྒྱལ་པོའི་སྐུ་ལ་དྲི་མས་གང་ཚེ་འགོས། །ཕྲ་རབ་རྡུལ་གྱི་ནུས་པ་ངོ་མཚར་ཆེ། །མཁས་པའི་གང་ནི ་རིམ་པ་བཞིན་དུ་ཚར། །ཐབས་ལྡན་ཞིང་པ་རགས་སྣ་མཆུ་?་བསྲིང། །ཁྱོད་ཀྱི་ཡུང་བ་འགགས་པ་ཕྱིར་སོལ་ཅིག་།འདུས་པའི་ཁམ་ཤིང་འབྲས་བུ་ལ་ལྟོས་དང། །ཙནདན་སྡོང་པོ་སྤྲུལ་གྱི་སྐྱབས་གནས་ས། །ཆུ་ཐིགས་རྒྱ ་མཆོར་བོར་བ་སྐམས་མི་འགྱུར། །རྒྱན་རྣམས་འབྱུང་བ་ཞུན་སྦྱོངས་ཚར་བའི་གསེར། །བུ་ཚིས་མི་དྲན་རྒྱ་མཚོའི་གྲུ་ཞིག་མི། །སྒྲ་མི་སྙན་པ་ནོར་ལ་ཞེ་མི་གདུང། །གླིང་དོན་མི་གཉེན་དེད་དཔོན་ཅི་རུ་རུང། །སུ་ཞིག་བདེ་འདོད་རྒྱབ་ཀྱི་ཁུང་ཚེ་བོར། ། ་དམུས་ལོང་ཕྱེ་བའི་མི་ལ་དྲིན་གཟོ་རིག་།རྦ་འཁོར་ཕྱོགས་ནས་བཟློག་པའི་དེད་དཔོན་བཀུར། །མུན་རུམ་ནང་དུ་མཁའ་ལ་ཟླ་བ་གཅེས། །འདམ་ནས་འདོན་པའི་མི་ལ་སུ་ཞིག་རྒོལ། །གླིང་བྲན་དེད་དཔོན་སྤྱི་བོར་ལོང་ཞིག་དང། །ཤར་ནས་ན་བུན ་ཨུཏཔལ་ཆུ་ལ་མེད། །ཐད་ཀར་མི་གནས་མཁའ་ལ་ཤར་བའི་འཇའ། །རྫེང་གི་ཆུ་ནི་ཕིག་པར་གྱུར་ཚེ་འཛད། །ཆུ་ནི་ཐུར་གཞོལ་གྱེན་ལ་བཟློག་མི་འགྱུར། །འགྲོ་དོན་མི་མཛད་ཐུབ་པ་ནི་ཕྱིར་འདའ་། །སྨིག་རྒྱུའི་ཀླུང་ལ་ཆུ་ཡི་འདུ་ཤེས་དོར། །བདེན ་བ་མ་ཡིན་རྨི་ལམ་གཏེར་རྙེད་དུས། །འཕྲུལ་གྱི་བུ་མོ་འདི་ལ་མ་ཆགས་ཤིག་།མཚར་ཅན་བཤེད་མས་ཟིན་པའི་སེམས་དེ་ལྟོས། །གསེར་དང་གྲེས་མ་སྒྲོག་གི་ངོ་བོར་མཉམ། །མ་ཟོས་བུ་རམ་མཐོར་བས་མདར་མི་འགྱུར། །མ་སྒྲོགས་ཞོ་ཡི་དང ་ནས་མར་མི་རྙེད། །མ་འཐུངས་ག་བུར་ཚད་པ་སེལ་ལམ་ཅི། །མཆོག་གི་ནོར་བུ་སྦ་བར་བྱ་བ་མིན། །རྡུབ་པོའི་ལག་ཏུ་སྟ་རེའི་ནུས་པ་སྟོར། །ཕོལ་འབྲས་རྨ་ལ་དགོས་པར་མཐོང་བ་སུ། །ཆུ་ཤིང་སྙིང་པོ་རྙེད་པའི་མི་དེ་གང། །གསེར་མེད་པ་ཡི ་ལས་ཀ་དགོས་པ་མེད། །མཐོང་བཞིན་དུ་ནི་དོང་དུ་འགྲོ་མི་རིགས། །དུག་ཆུ་འཐུང་འཕྲོ་མཆད་བདེ་མི་འགྱུར། །ཧ་ལ་སོང་བའི་སྨན་མར་ཅི་རུ་རུང། །དུས་དེ་ཉིད་དུ་སྦྲང་ཆང་འཐུངས་པས་གཟི། །འགྲོ་དུས་ཕུང་པོ་རྙི་ཡི་གཟན་ལེན་བྱས། །རྨོངས་པ ་སྲིན་མོས་ཅོད་པན་བཅིངས་ལ་དགའ་། །མཆིལ་པས་ཟིན་པས་ཉ་ཡི་བདེ་བ་སྟོར། །འཆི་འདོད་ནད་ལ་དྲང་སྲོང་དག་མི་ཉན། །དེ་ནི་གནོད་པའི་ཁ་ཟས་བརྟན་ལ་དགའ་། །ཕན་པའི་སྨན་ལ་གཅེས་པའི་འདུ་ཤེས་བོར། །འདུ་བ་བསྐྱེད་པའི་སྤྱོད་ལམ ་ཆེད་དུ་བྱེད། །སྨན་ལ་ནུས་པ་མེད་ཅེས་རྨོངས་པ་སྨྲ། །མི་གྲུབ་ཁས་བླངས་རྒྱལ་པོའི་བཀའ་ཆད་གནས། །བཤལ་རྗེས་མི་བསྲུང་རང་ལ་གནོད་པར་བས། །ནོར་བུའི་ནུས་པ་ཐལ་བས་བྱིབས་ཆེ་སྟོར། །སེང་གེའི་འོ་མ་རྫ་ཡི་ནང་དུ་མིན། །ཚད་མེད ་དུ་བའི་བུས་པ་ཤ་རེ་ཆད། །བསྐྱེན་འཕྲོ་བཅད་པར་མི་རིགས་པན་པའི་སྨན། །སྟོང་ལོག་མི་བྱ་རིན་ཆེན་གླིང་གི་མི། །འགལ་དུ་མི་རུང་འཁོར་ལོས་སྒྱུར་རྒྱལ་གཉའ། །མཚུར་མེད་གསེར་གྱི་དངུལ་ཆུ་ལྕགས་མི་འགྱུར། །རང་ཉམས་མ་ལོན་གྱད ་ལ་བསྔོ་མི་རིགས། །འབྲས་བུ་སྨིན་པས་སྙུག་མའི་རྩ་བ་བརླག་།ཕྱུགས་བདག་ལིང་ག་མཆོད་པའི་དྲི་མས་ཁྱད། །འཁྲུལ་པའི་རྒྱལ་པོ་འབངས་ཀྱི་གཡོག་དུ་རྒས། །ངོ་མཚར་ཆེ་བ་གསེར་མཆོག་གསེར་འགྱུར་རྩི། །མདོངས་ལ་ལྟ་བའི་རྨ་བྱ་དགུ? ་ནས་འཆི། །དུག་གི་ཆུ་ནི་བཏུང་བར་བྱ་བ་མིན། །བྲམ་ཟེ་ཆང་གི་གཟི་བཅོས་བྱས་དུས་ལད། །མིག་གི་རིན་ལ་ཅི་བཏུབ་སོམས་དང་ཀྱེ། །རྒྱུས་མེད་ཚོར་ལྡོ་ལུས་ལ་བར་ཀཱ་ཕོག་།གཟོ་ཡི་རིག་བྱེད་ཚོང་ལ་གཞུག་པ་མིན། །སྟག་གི་རི་མོ་བཀྲ་བས་གྱོད་ལ ་གཏུགས། །ལུས་ལ་རླུང་མཁྲིས་ཕྱི་ནས་ཞུགས་པ་མིན། །རྩལ་གསུམ་རྫོགས་པས་འཕུང་བ་སེང་གེའི་ལུས། །དོམ་གྱི་སྡུག་བསྔལ་སྦྲང་རྩི་རྙེད་དུས་བླང། །ཚོད་དུས་དབུས་སུ་དོན་སྟོར་དོན་མི་འགྲུབ། །བསེ་རུ་འཚོལ་བའི་མི་དེ་སྡུག་བསྔལ་ཆེ། །དགོས་པས ་ན་བའི་ཁོར་ན་དུག་ཡོད་མིན། །ཀླུ་མཆོག་མགོ་བོ་དེ་ཉིད་སྡུག་བསྔལ་བརྟེན། །དྲི་ཟའི་བུ་ནི་རྒྱུད་མངས་སྐྲ་ཡིས་བཅིངས། །སྤྲད་མའི་ཚང་ནི་རྩི་མངས་སོགས་པས་ཕུང། །ཐར་ལམ་འདོད་པས་ཁྱི་ཡི་སྙིང་ཕྱུང་ཅིག་།ལྕགས་ཀྱུ་དང་བྲལ་གླང་པོ་བདེ་བར ་གནས། །རྒྱལ་པོའི་ཞབས་ཏོག་བསྔོ་བགྲངས་བྱས་ཆེ་ཡལ། །བྱ་ཡི་ཕྲུག་གུའི་གཅས་འཛིན་དགས་པ་དང། །དངུལ་ཆུ་སྣོད་དུ་ཆགས?་པར་གྱུར་ཏ་རེ། །སྲིན་དུ་མེ་ཁྱེར་དྲེགས་པས་རྒྱལ་རིན་མེད། །ན་ཚོའི་ཕྲུག་གུ་སྨྲ་མ ་ཤེས་པས་འཚེངས། །སྦྲང་ཚང་མཐོང་བའི་དོན་མིག་མཁའ་ལ་བལྟ། །དེ་དུས་ཟིམ་བུ་མ་མྱོང་སྡུག་བསྔལ་རྒྱུ། །ཁ་བྲག་ལམ་དུ་རྒྱས་མེད་མི་དེ་འཚོམ། །ཆུ་ཀླུང་མུ་རན་སྡོང་གྲུ་ཉལ་བའི་སྤས། །སྦྲང་རྩི་མྱོས་པས་རྔ་མོང་གྱོད་ལ་གཏུགས། ། ་བག་མས་ལྟད་མོ་མ་མཐོང་ཚོང་དུས་དབུས། །སོས་བཞིན་བསྟེན་ན་སྨན་མཆོག་དུག་དུ་འགྱུར། །དོན་གཅིག་མི་འགྲུབ་གཉིས་འཛིན་ཅན་གྱི་བློ། །ཁྱིམ་ལས་མ་འཕགས་དེད་དཔོན་གླིང་མི་ལོན། །བརྟག་པའི་འཚང་མེད་ནོར་བུ་དབྱིག་ལ ་བརྡར། །སྟོད་ལ་མནན་པའི་སྦྲེའུ་རྐང་ལག་བྲེལ། །ནང་ངོས་མ་ཟིན་བཅོས་ཀ་ཁྲོ་ལོག་བསྒྱུར། །དེད་དཔོན་མཛོད་མཐོང་ཁྱིམ་བདག་རྡང་དེ་ལྡང། །སེང་གེའི་མགོ་བོ་མཐུར་གྱི་ཕྱིར་མི་འབྲང། །མཁའ་ལྡིང་བཤོག་རྫོགས་ཚང་ལ་མིག ་མི་བལྟ། །ཟླ་བོ་མཐོང་དུས་བསེ་རུ་གུང་དུ་གག་།གྲོང་ལས་འགྲིམས་པའི་ལྕེ་སྦྱང་ལུས་སེམས་བདེ། །དགྲ་ཡི་སྡུག་བསྔལ་བྲལ་བ་གཅེར་བུའི་ལུས། །འགག་གི་རིག་བྱེད་བ་སོའི་གཟོ་ལ་གནོད། །མ་ཧེའི་སྒྱིད་འཁྱོལ་འགྲོ་ལམ་ཐུར་གཞོལ? ་བདེ། །མཁས་པས་མི་ཆུན་བླུན་པོས་སྦྱངས་པའི་གླང། །ལྟོ་རུ་དུག་ཟོས་ཞུ་རྗེས་བདེ་མི་འགྱུར། །རྨོངས་བའི་དག་ལ་ཉན་པས་འཚེངས་པ་གང། །ཐར་ནས་བཙོན་རར་སྙེག་པ་སྙིང་རྗེའི་ཡུལ། །ལུ་གུ་བརྒྱུད་ཀྱི་ཁོང་སྒྲིལ་གཅད་པར་དཀའ་།། ་ལྷ་ཡི་ཞེ་སྡང་སྐྱེས་རྩུབ་འགྱུར་ཚལ། །དགེ་སློང་འདུགས་བཙུན་མོའི་ཁྲོད་མ་ཡིན། །ཞགས་པས་ཐེབས་དུས་སྤྲེའུ་ནགས་དང་བྲལ། །སུན་བཞིན་དང་དུ་ལེན་པ་སྡེ་པའི་དཔོན། །གསེར་མགར་འགུལ་དུ་རང་གི་རྒྱན་མ་ཐོགས། །བྲན་མོས་རྙེད་ཀྱང་? ་བུ་རྗེ་བོས་འཁྱེར། །ན་སོ་རྒས་པའི་དེད་དཔོན་གླིང་མི་ལོན། །བུ་ཡིས་བརྡུངས་ཀྱང་ཚ་བོ་གཅེས་པར་འཛིན། །དུར་ཁྲོད་ནང་དུ་སེང་གེའི་རྩལ་མི་འབྱོངས། །ཝ་དོམ་སྤྱོད་པས་སྡེར་ཆགས་ཟིལ་མི་ནོན?། །གྲུམ་པ་དང་འགྲོགས་སྙིང་སྟོབས་ཉམས་? ་ནས། །བྱི་མོས་མིག་འབྲོངས་ཕ་ཡི་ཡུལ་མི་ཟིན། །གངས་དང་བྲལ་བས་ཁྱི་ཡིས་མཆེ་བ་གཉེར། །ཁྲ་ཡིས་དེད་པའི་སྐྱར་མོ་ཉ་ཡིས་ལན། །དྲི་མ་མི་ཆགས་ལྷུང་བཟེད་སྟོང་པའི་སྣོད། །འཁོར་ལོའི་སྒྲོམ་གྱིས་ཤིང་རྟ་དལ་མི་སྟེར། །རྒྱལ་པོ ་དམངས་སྤྱོད་སུ་ཡི་མིག་སྟར་མཛོས། །རྩི་ལ་ཆགས་པའི་སྒྲང་མ་དུང་པས་འཚལ། །པདྨའི་སྟེང་ན་འཕྲུལ་གྱི་བུམ་པ་མཛས། །རྡུལ་གྱིས་མ་གོས་གཡའ་མེད་དངོས་པ་ནི། །སྐྱོན་དང་བྲལ་བའི་འོད་ཟེར་ར་བ་ཅན། །ལུང་ཐག་མ་བཏགས་ཉི་ཟླའི ་རྒྱན་གྱིས་སྨྲས། །རྙེད་པར་དཀའ་ཕྱིར་བཙོང་པར་ཕངས་པ་ཡིན། །པདྨའི་ཝ་བ་ཐུར་ལ་ཁ་མི་འབྱེ། །ཙནདན་ཆུ་ནི་སྐྱོན་བྲལ་སྣོད་དུ་བླུག་།དངུལ་གཞོང་མ་ཕྱིས་རྒྱལ་པོའི་གསང་མི་འདྲེན། །མཁར་མའི་སྦྱང་དུ་སོ་བ་བླུག་མི་བྱ། །ཆུ་བོ་བཞི་འབབ་རྒྱ་མཚོ ་ངོམས་མི་འགྱུར། །དེད་དཔོན་རྙེད་དུས་གླིང་དོན་བསྒྲུབ་པར་བྱ། །བཞི་མདོའི་ཚོང་འདི་གཟིངས་ཀྱི་འགྲོས་ལ་གནོད། །ཚེས་གསུམ་ཟླ་བ་རྒས་པའི་དུས་ལ་བསྙེན། །ཆུ་གང་འཁོར་མས་དེད་དཔོན་དོན་ཐབས་བཅོག་།ཁྲི་མོན་ཁ་རུ་ལྟ་ཡི་སྲས་མོ་ཕྱུར། ། ་གླིང་ལ་རྟོག་པའི་ཚོང་པའི་བློ་མི་བརྟེན། །དུག་སྦྲུལ་གཙུག་གི་ནོར་བུ་བླང་མི་བྱ། །གྱང་ཕྲུག་རྩལ་སྦྱོང་སེམས་དེ་དོར་ཅིག་དང། །བཙུན་མོའི་བསྲུངས་མཚོན་མ་ལ་བཙལ་བ་མིན། །ཐར་པ་འདོད་ན་འཚལ་གྱི་ཐིག་ལེ་བསྲུབས། །འདམ་ཡོད་ཆུ་ལ་རྙོག ་པས་དངས་མི་འགྱུར། །ཁྱི་རྒོད་མཐོང་དུས་མི་སྐྲོག་རང་བཅོམ་སྐྱུད། །དྲི་བའི་གྲོང་ཁྱེར་ལྟ་བར་བྱ་བ་མིན། །གྲོག་མའི་སྤྱོད་པ་བོར་ན་ངེས་པར་བདེ། །ཏིལ་གྱི་མེ་ཏོག་མི་བཏོག་བཅད་པར་ཕངས། །ཤིང་ལོའི་སྟེང་ན་དུར་བསྲུངས་ཡན་ལག་དལ། ། ་བུད་མེད་ཁྱིམ་གྱིས་སུན་པ་དེ་ལ་ལྟོས། །སྟོབས་ཀྱིས་འཁྲུལ་པའི་འཁོར་ལོའི་གཤེག་པ་བྲལ། །རྩི་ཡིས་ཟིན་པའི་ལྕགས་འདི་གསར་དུ་འགྱུར། །གསེར་?་ས་བོན་ཡོངས་སུ་བསྡོམ་བྱ། །ནམ་པའི་དང་ལ་ཤར་བྷོ་ཕྱོགས ་མཚམས་མེད། །དར་གྱི་ཆོས་ཀྱིས་ཤེལ་སྒོང་ཁ་དོག་བསྒྱུར། །མདོག་དབྱིབས་ཐ་དང་སྤྲིན་གྱི་ཡལ་ས་མཁའ་། །མོ་གཤམ་བུ་ཡི་བག་མ་ངས་མ་མཐོང། །ཀརཥ་བ་ཎིས་དུང་གི་ཁ་དོག་མཚོན། །ནམ་མཁའ་བསྐྱོད་པར་བྱེད་པའི་མ་མ་སུ། །འཇིག ་ཆགས་བསྐལ་པས་ནམ་མཁའ་ཨི་གཡོ་མི་འགྱུར། །དཀར་ནག་མཚོན་གྱིས་མཁའ་ལ་གོས་པ་མིན་།ནམ་གི་ཆ་ནས་ནམ་མཁའ་ཡོད་པ་མིན། །ནམ་མཁའ་གང་ནས་བླངས་པ་ཁྱོད་ཀྱིས་སྨྲོས། །འཇའ་ཡི་ཁ་དོག་རྒྱང་ནས་འོད་དུ་གསལ། །གང ་དུ་ཕྱིན་ནས་བཙལ་བས་མ་རྙེད་དོ། །ཡོད་མེད་གཉིས་སུ་སྨྲ་བ་གང་གིས་ནུས། །ལྕགས་ཀྱི་ཐོ་བ་གང་གིས་ཕིག་པ་ཡིན། །དྲ་བ་དབང་པོའི་གཞུ་འདི་མཁའ་ལ་ཡལ། སྔལ་བའི་སྤུ་ཡི་ལ་བ་སུ་ལ་ཡོད། །གྲག་ཅའི་སྒྲ་འདི་གང་གི་ཁ་ནས་བརྗོད།། ་ཆུ་ཟླ་ཚོལ་བའི་སྤྲེའུ་སྙིང་རེ་རྗེ། །རྐུ་བའི་ནང་འདི་ཅི་ཡིས་བྲུས་པ་ཡིན། །མཁའ་ལ་འཇའ་ཤར་ཆོས་རྣམས་བསྟན་ནས་སོང། །ནམ་མཁའ་འཕེལ་དུ་མ་སོང་ལྟོས་དང་ཀྱེ། །ེ་མ་ནུབ་པར་ཀྱང་ནི་གྱུར་མ་ཡིན། །ཆགས་པའི་རྟེན་ས་གང་ལ་བྱས་པར་འགྱུར།། ་འདི་ཡི་རྒྱུ་རྐྱེན་ཅི་ལ་བྱས་པ་ཡིན། །ཕན་ཚུན་ཐ་དད་མེད་པར་ངོ་མཚར་ཆེ། །ཀྱེ་འོ་སྒྱུ་མའི་སྐྱེས་བུའི་འདུ་ཤེས་སྟོར། །དོན་བྱེད་མི་ནུས་རྨི་ལམ་ནོར་གྱི་བསེབ། །རྡོ་ཡི་མི་རིག་བྱེད་གང་དུ་སོང། །གླང་པོའི་མགོ་ལ་རྭ་མེད་ཆག་དོག་བྲལ། །ཆུ་ཤིང ་སྙིང་པོ་ཕྱི་ནང་གཉིས་ཀར་མེད། །དུག་སྤྲུལ་མ་བལྟས་སྒོ་ང་བླང་མི་རུང། །དྲང་སྲོང་ནད་ཀྱི་གྲོགས་དང་གཉེན་པོ་སོམས། །དེད་དཔོན་བུ་ནི་ཡབ་ལ་གླིང་རྒྱུས་འདི། །གྲུ་ཆེན་ལ་གནོད་དགྲ་རྣམས་ཕྱི་རུ་སེལ། །དགོས་པའི་རྐྱེན་དང་མི་འབྲལ་ཆེར་དྲིམས། །ཉ ་སྤྲུལ་?་ནི་ནོར་ཉེན་ཆེ་བས་བརྟག་།འགྲོ་མགོན་གྱིས་ཀྱང་ནམ་མཁའ་ཨི་མུ་མ་གཟིགས། །དམྱལ་བའི་ལུས་ལ་ཚ་གྲང་གོ་སྐབས་མེད། །ཁ་དོག་བསྒྱུར་ཟིན་མཚུར་དུ་སྦྲངས་ན་ལྡང། །གསོ་རས་ཐལ་ཁུང་འཇུག་པ་དྲི་མ་མེད། །འཁྲི་ཤིང་ལ་འབྲས་སྨིན་པར ་གྱུར་ཆེ་བསོག་།གལ་ནང་ཟས་ལེན་དེ་དུས་ཉིད་དུ་འཕུང། །ཚོང་ཁང་ནང་གི་མགྲོན་པོ་སྔ་རིམ་འགྱེས། །སྲིན་གྱི་ཁ་ཆུས་རང་ཉིད་འཆིང་བར་འགྱུར། །རྩཝ་ཡི་སྒྲོན་མེ་མཆེད་པར་རབ་ཏུ་རྐྱེན། །རྒྱ་མཚོ་སྒྲོལ་བའི་གྲུ་ལ་ཟག་ལྷན་གཅེས། །དྲེགས་པས་མྱོས ་པར་མི་འགྱུར་ནད་པའི་ལུས། །རང་སྲོག་སྟེར་བའི་དྲང་སྲོང་ལན་ལོན་ཅིག་།ཕན་པའི་སྨན་མར་འབོར་བར་བྱ་བ་མིན། །རྒྱ་མཚོའི་སྤུ་བ་ཡལ་བའི་རྗེས་མི་བལྟ། །གདན་ས་མ་སྤངས་རྒྱལ་པོས་ཆོས་མི་འགྲུས། །ཁྱིམ་དོར་ནགས་སུ་འདུག་པའི་མི་དེ་བདེ། །དོམ ་གྱི་སྙིང་ཁྲག་མ་འཐུང་ཁ་ལ་ལྟོས། །མེ་ཏོག་རྩི་ཡིས་སྒྲང་མ་དལ་མི་སྟེར། །བུ་རམ་མུར་པའི་ལྐུག་མ་ཁ་རོག་འདུག་།གླིང་ལ་དབང་བའི་རྒྱལ་པོ་བུ་དང་འགྲོགས། །འཁོར་ལོས་བཙལ་བའི་ལམ་ལ་ཞུགས་པར་བྱ། །ཁང་བཟང་རིན་ཆེན་སྤང་དུ་མི ་རུང་ངོ། །དྲི་མ་ཅན་གྱི་ཟས་སྐོམ་མི་བརྟེན་ཅིང། །ཁྱིམ་བདག་དཔའ་བོ་ཕྱི་རུ་མི་སྐྲད་དྲོ། །ཚེ་འདིའི་ཆེ་ཐབས་བཤིག་པ་དུར་བསྲུངས་མི། །གདོལ་པའི་མགུལ་དུ་རིན་ཆེན་རྒྱན་མི་འདོགས། །ཡབ་ཀྱི་སྤྱོད་ལམ་སྙག་པ་དེད་དཔོན་བུ། །སྨྱོན་པའི་སྤྱོད་པ ་གཟགས་བཏང་བྲལ་ནས་འདུག་།ལྐུག་མའི་གསང་ཚིག་ཁ་རུ་མི་འདོན་ནོ། །ཉེ་བ་དགྲར་གྱུར་བློ་གྲོས་དྲི་ཡུལ་ཞིག་། གཟུགས་ཀྱི་རྩོལ་སྒྲུབ་མི་བྱེད་ལོང་བའི་གྲོགས། །ཕྱག་དར་ཁྲོད་པ་ཐོང་གཤོལ་ཉོ་མི་འགྱུར། །ནང་པ་ཆུ་སྐྱུག་གང་ག་ལ་མི་བལྟོ། ། ་གསེར་གྱི་འགར་བ་བྱ་བ་གཞན་མི་བསྒྲུབ། །དར་ཆེན་དར་ཟབ་ཕག་རྫི་གོན་མི་འགྱུར། །ཚོང་སྤྱོད་མི་ནུས་སྨྱུག་མ་མཁན་གྱི་ཁྱིམ། །སྨྲ་མཁས་ཐབས་ལྡན་ནེ་ཚོ་ཁྱུ་ནས་འབྱོལ། །འཕྱེངས་པའི་གླང་པོ་བུར་ཤིང་བྲེས་མི་སྙག་།གསེར་སྒྲོག་བཅུག་ཀྱང ་འཆམ་འགྲོས་བྱེད་མི་ནུས། །དེད་དཔོན་བུ་ནི་བྲེ་སྲང་ལ་མི་བལྟ། །གླིང་དོན་ཁར་ཏོན་ཤི་ཡང་ཁྱིམ་མི་འདུག་།ཆོས་?་འདུས་ཆེན?་ཡང་གཟིངས་ལ་སྙག་།འདོད་པའི་རླུང་ནི་རེ་གསོར་དག་གིས་འགུགས། །ཇི་སྲིད་ནོར་བུ་མ་ལོན ་ཕྱིར་མི་འབྱུང། །བྲག་ལས་སྐྱེས་པའི་ཆུ་བྱ་མཚོ་ལ་སྙག་།ནགས་ཀྱི་བྱི་ཕྲ་དགུན་གྱི་རྩམ་སོགས། །གདོན་གྱིས་བརླབས་ཚེ་དོན་དེ་ལམ་དུ་སྟོར། །ཉལ་རྣོང་བའི་སྐྱར་མོ་དགྲ་ལ་འབྱོལ། །གཅིག་ཏུ་མི་གནས་སྟག་མོ་གྲུས་མའི་ཚང། །འགྲོན་པོ་ལམ ་ཞུགས་གསེར?་རྒྱལ་ཕྱིར་མི་འཁུར། །གཙོ་བའི་གསང་གྲོས་ཁྲོམ་དུ་བརྗོད་མི་འགྱུར། །སྒྲག་པར་མི་བྱེད་?་མཛོད་བརྐུས་པའི་མི། །བྲམ་ཟེའི་རིག་བྱེད་བུ་ལས་གཞན་དུ་མིན། །ཡོན་དོར?་མི་སྟེར་རྩི་མཆོག་གསེར་འགྱུར་ཐབས། །མཚན་དཔེས་རབ ་སྤྲས་འཁོར་ལོས་སྒྱུར་རྒྱལ་ལུས། །ཚངས་པའི་དབྱངས་ལ་ཡན་ལག་དྲུག་ཅུར་ལྡན། །ཐུབ་པའི་ཐུགས་ནི་ཡོན་ཏན་ཀུན་གྱི་མཛོད། །ནོར་བུ་རིན་ཆེན་དགོས་འདོད་འབྱུང་བའི་རྟེན། །རྒྱལ་པོའི་ཤུལ་སྣ་གསེར་གྱི་འཁོར་ལོས་འདྲེན། །གིན་ཛའི་མེ ་ཏོག་རླུང་གིས་བསྐྱོད་པར་སླ། །དུས་སུ་སྨིན་བའི་པདྨ་ཁ་དོག་གསལ། །འབྱུང་བའི་དགྲ་རྣམས་བཅོམ་པ་རྡོ་རྗེའི་སྐུ། །གྲངས་པར་རྐྱེན་པ་བུས་བ་ཆུང་བའི་ལྟོ། །རྒས་དང་བྲལ་བ་དངུལ་ཆུ་འཐུངས་པའི་ལུས། །སྨན་མཆོག་གསིལ་མངར་ཐུན་ལ་ཆེ་མི ་དགོས། །ཅི་སྨྲས་དོན་དུ་འགྱུར་བ་དྲང་སྲོང་ཚིག་།གླིང་ལས་གླངས་པའི་མེ་ཏོག་དགོས་མེད་མིན། །དགེ་སློང་ཚིག་ལ་གཏམ་གྱི་དོན་མི་འབྱུང། །སྨན་གྱི་གནས་སུ་དུག་གི་སྐྱེ་དྲུངས་འགགས། །འཕྲུལ་གྱི་མེ་ལོང་ཕྱི་ནང་གཉིས་ཀར་གསལ། །མང་དུ ་བརྩེགས་ཀྱང་གཟུགས་བརྙན་འགྲིབ་མི་འགྱུར། །ཕུག་པ་ཡོད་བཞིན་ཟང་ཐལ་ཡུལ་མི་འགག་།སྒྱུ་རྩལ་འབྱོངས་པའི་གྱད་ནི་ཕྱི་ཕྱར་རེམ། །སྨིག་རྒྱུའི་མཚང་ཤེས་ཆུ་ཡི་འདུ་ཤེས་ཞིག་།ཤིང་ལམ་ཡོད་ཚེན་དུ་བ་འབྱུང། །ཁ་རླངས་སྒྲོན་མེར་གྱུར་པ ་མེ་ཁྱེར་ཡིན། །རི་བྲག་པར་ན་སྨིག་རྒྱུ་ཡོད་མ་ཡིན། །ཉ་རྒྱས་ཟླ་བ་ཉི་མའི་འོད་དང་བྲལ། །རེག་བྱ་གཟུགས་ཀྱིས་སྟོང་པ་ཁོལ་མའི་ནང། །སྔ་ལྟས་ཤར་བའི་བུ་མོ་བཙུན་མོ་འགྱུར། །བི་རྩི་འཐུངས་པའི་མིག་ལ་མཚན་མོ་མེད། །ལྷ་ཁང་སྒོ་ཕྱེ་དེ་དུས་སྐུ ་གཟུགས་མཐོང། །ཕྱུགས་རྫིའི་ལག་བརྡ་གངྒཱའི་ཕྱོགས་སུ་བྱེད། །སྦྲང་རྩིས་གསིངས་པའི་ཚང་འཐུངས་ལུས་པོ་སྦྲིད། །བཤོར་ལ་བསིགས་པའི་སྦོ་ག་གཏིང་མི་འཛུལ། །འཆོད་རྡོ་བཏགས་པའི་གཟིངས་ལ་གཡོ་ལྡེག་མེད། །དངུལ་གྱི་མེ ་ལོང་ཕྱིས་ན་གསལ་བར་འགྱུར། །ཞལ་ཏ་ཚུད་པའི་མི་དེ་སྔར་སྤྱོད་འདོར། །ཕྱོགས་མཚམས་ཀུན་ཏུ་འཕུར་ཀྱང་ཉལ་ས་ཚང། །ཐོབ?་ཁེངས་དུས་དེ་ཚེ་སྦྱང་ཐག་འདྲེན། །ཤ་ཆགས་མིས་ཟིན་དེ་ཡི་ཤེས་པ་ལྟོས། །འཕྲིན་ཡིག་ལེགས་པར་མཐོང ་དུས་སེམས་ངལ་སོས། །མི་འགྱུར་མཁའ་ལ་ལྡེང་བའི་གཤོག་པ་བྲེལ། །དྲེགས་པར་གཟོ་བའི་བཞིན་དེ་ཁོང་དུ་ཆུད། །བྱང་ཆུབ་ཤིང་དུ་ཐུབ་པའི་སྤྱོད་ལམ་བདེ། །ཞུས་ལ་བབ་པའི་གསེར་འགང་ཡེངས་དང་བྲལ། །གཡུལ་དུ་དུལ་བའི་གླང་པོ ་ལྟོས་དང་ཀྱེ། །འབའ་ཡིས་ནོན་པའི་རི་བོང་ཅན་མི་མཐོང། །ཁོག་རྩེས་བཀབ་པའི་མེ་ཡི་དུད་པ་སུབས། །སྦྲ་གཟོ་ཚར་དུས་མཁན་པོ་ཡང་ཡང་ལྟ། །བརྟི་ཀ་ན་གྲོགས་པོ་མཛའ་དུས་འབྲལ། །སྨན་གྱི་ཚོང་པའི་འགྲོ་ཕྱོགས་ལྟོས་ཤིག་དང། ། ་རྒུན་འབྲུམ་ཐལ་མ་མི་སྦུད་ཕྱོགས་བཞིར་བརྡལ། །བྱ་བ་ཟིན་པའི་རྫ་སྤྱད་ཕྱི་ཆིས་མིན། །སྐྱེད་མེད་ནད་པ་སྨན་གཞན་བསྟེན་པར་རིགས། །མཁས་པ་གླང་པོ་དྲག་དལ་གཉིས་སུ་སྦྱོང། །བུས་པ་མི་སད་ཞུན་མར་སྦྱིན་མི་བྱ། །ཕག་གི་ལྕེ་ཡི་ཁ་མངར ་སྤངས་ནས་བདུག་།བྲམ་ཟེ་སྐུད་པ་འཁལ་བ་ལྟོས་ཤིག་དང། །རྦ་ཀློང་འཁྲུག་དུས་ཐབས་ལྡན་འཕྱོང་རྡོ་འདོགས། །སུ་ཞིག་བདེ་འདོད་སྦྲང་མའི་སྤྱོད་པ་བོར། །རྒྱལ་ཁྲིམས་ཆོས་ཚེ་བློན་པོའི་རྩོལ་བ་ཞིག་།ནོར་བུ་ནོན་པའི་དེད་དཔོན་སེམས་ལས ་བྲལ། །རྒྱལ་པོའི་བུ་མོ་གཞན་གྱི་རྒྱན་མི་ལྟ། །སྡོང་དུམ་མ་བསལ་ཤིང་རྟ་འགྲོར་མི་བཏུབ། །སྨན་གྱི་ལོ་འབྲས་དྲང་སྲོང་བུ་ལ་སྟོན། །བཙོ་མའི་འོད་ལ་གསེར་མཁན་མདོག་མི་འདོན། །སྤུ་གྲི་ཏིལ་ལ་དང་བླུང་མིག་མི་འདོད། ། ་བུ་ཡིས་སྲིད་ཟིན་རྒྱལ་པོའི་བྱ་བ་རྫོགས། །དུག་ཚོར་མི་དེ་ལྷག་མ་ཟ་མི་འགྱུར། །བྲམ་ཟེའི་རིག་བྱེད་སློབ་དུས་བྱ་གཞན་འདོད། །བརྩ་མེད་བསྲུབ་མ་བསྐོར་བར་མི་བྱའོ། །རྒྱལ་པོ་འཆི་དུས་ཁྲིམས་ཡིག་ལ་མ་བལྟ། །ནོར་པའི་ལམ་དུ་འདབ་པར ་མི་རིགས་སོ། །ནག་ཚུར་མི་དགོས་འཛམ་བུ་ཆུ་བོའི་གསེར། །པདྨ་འདམ་གྱི་སྐྱོན་དང་བྲལ་ནས་འདུག་།དགྲ་མེད་རང་དབང་ཐོབ་པ་སེང་གེའི་བ། །གཉའ་ཤིང་བཀྲོལ་བའི་མ་ཧེ་གར་དགར་འགྲོ་།རམ་ཞུགས་པའི་གསེར་ནི་གུ་ལང་མ། །ཚར་མ ་ཕྱིན་པའི་ཤུལ་དེ་གྲུ་བ་མིན། །ཅོར་སྒོ་བྱེད་པའི་མི་དེ་སྲོག་མི་འདོད། །ཤེ་སྒོ་ཞོ་ཡིས་འགྲངས་པ་ལ་ལྟོས་ཤིག་།གསོ་རས་ལྔ་པས་བསྡམས་པ་གྲགས་པས་འཆིངས། །སྒྲ་ཉན་པའི་ཕག་རྒོད་གདམས་པ་སྟོན། །ངན་སྨྲས་སྟོང་ཚིག་ཁྱད་མེད ་རྡོ་ཡི་མི། །སྨིག་རྒྱུའི་ཀླུང་ན་ཆུ་ཐིགས་ཡོད་མ་ཡིན། །སྐྱེ་དང་འཆིང་མོ་གཤམ་བུས་མ་བྱས། །མདོག་དབྱིབས་ཐ་དང་ཆུ་བྲན་རྒྱ་མཚོར་གྲོལ། །ནམ་མཁའ་ལ་ནི་དབུས་དང་མུ་མ་མཆིས། །རོ་གཉིས་མཐོང་བའི་ཀ་ཀ་མཁའ་ལ་ལྡིང། །སྟོབས ་ལྡན་སེང་གེ་སྲོག་གི་མེལ་ཚེ་སྟོར། །ཀྱེ་འོ་སྨྱོན་པའི་སོས་སྐོས་སོམས་དང་ཀྱེ། །ལྕེ་སྦྱང་མིག་འདི་ངོ་མཚར་ཆེ་བ་ཡིན། །མ་ལ་ཡ་ན་ཙནདན་མེ་རུ་འབུད། །སེང་གེ་གངས་དང་བྲལ་བར་མི་བྱའོ། །སྨན་པའི་རྒྱལ་པོ་གསོ་རིག་ལུང་དང་འགྲོགས། །མཁན ་པོས་ལེགས་གསུངས་དགེ་སློང་གིས་མི་གཏོང། །དཔའ་བོ་གཡུལ་དུ་འཇུག་ཚེ་གོ་མི་འབུད། །འགྲོ་བ་བཟང་མོས་ཉེ་བ་སོ་སོར་འཛིན། །གཡེང་བ་མེད་པ་དུར་ཁྲོད་དབུས་ཀྱི་མི། །དུར་ཁྲོད་མི་ཡིས་ལུས་ངག་ཐ་མལ་སྤངས?། །ལྟོ་རྒྱབ་ཤུགས་ལས ་འབྱུང་བདུར་ཁྲོད་མི། །དུར་ཁྲོད་མི་ལ་ཁྲམ་ཁ་མཆུ་མེ། །དགོས་?་མདུན་དུ་བསྒྲུབ་?་དུར་ཁྲོད་མི། །གླང་པོའི་འབྲས་བྲམ་པའི་བསེབ་མ་ཡིན། །མེ་ཆུའི་དགྲལ་ཚོད་ཡོད་བྱར་མི་རུང། །ཞིང་པས་ས་ཡི་མདོག་ལ་ལུང་རིགས་སྦྱོར། །རྒྱལ་པོའི ་ཞབས་ནས་བཏེག་ཚེ་བཀའ་ལ་འདོགས། །ཀྱེའོ་སྟག་ཚང་ཡོད་པའི་སར་མི་འགྲོ་།རྒྱལ་པོའི་བཀའ་བཏགས་ཐོབ་དུས་དགྲ་དང་བྲལ། །ན་ཚ་མེད་པའི་དུས་དེ་བདེ་བར་གནས། །བཟང་ངན་གཉིས་ལ་ཟས་ཀྱིས་མཆུན་མེད། །མྱ་ངན་གདུངས ་པས་ཤི་བའི་བུ་དེ་མཐོང། །བརྫུན་སྤངས་དྲང་སྲོང་དག་གི་ཕྲིན་ལས་གྲུབ། །གྱད་ལ་རལ་གྲི་བཏགས་ཏེ་རྒྱལ་པོ་མཉེས། །ནགས་ཀྱི་སྒྲང་མ་འགི་ཧང་དྲི་ལ་སྣོམ། །མ་གི་ཏ་ལ་བསིལ་དྲོད་ནུས་པ་ཚང། །རྩེ་སྦྱོང་མཐུངས་པས་ལུས་ཀྱི་ཟོ་མདོག་བདེ། ། ་ཏིལ་ཆང་ལྟོར་གྲོང་རིག་པ་ངན་གྱིས་ཁྱོགས། །ཡིད་བཞིན་ནོར་བུ་ཀུན་གྱིས་ལྟ་བར་མཛེས། །རྒྱལ་པོ་ལ་ནི་སུ་ཞིག་རྒོལ་བར་ནུས། །བུ་གཅིག་པ་ལ་མ་སྲིད་གདུང་སེམས་ལྡན། །ཞུས་ཚེ་འགྲོན་ལ་བོས་པ་གང་མི་འོང། །བར་དུ་འོང་དུས་བུ་ལ་ཨ་མ་དག ་ནམ་མཁའ་དངས་པའི་དང་ལ་དྲི་མ་མེད། །ཚེགས་མེད་གནད་ཁྲོས་རིག་བྱེད་གསེར་འགྱུར་རྩི། །གླང་པོ་མ་མཐོང་ཕག་པའི་ལུས་དབྱིབས་ལྟོས། །དམན་པའི་ལས་ལ་མི་ཞུགས་རྒྱལ་པོའི་ལུགས། །པེ་དའི་འབྲས་བུ་ས་བོན་དུས་སུ་འགྲུབ། །རྨ་བྱའི ་མདོངས་ལ་འབྲི་མཁན་ཡོད་མ་ཡིན། །ཐུབ་དབང་ལག་གི་རྡོ་རྗེ་བསྐྱོད་མི་ནུས། །འདམ་ནས་བཏོན་པའི་ཨུཏཔལ་ལྟོས་དང་ཀྱེ། །བདེ་བ་དང་ལྡན་སེར་སྐྱར་གཉིད་ལོག་དུས། །རང་ཁ་ཐོན་པ་འཛམ་བུ་ཆུ་བོའི་གསེར། །ཁྱག་རུམ་རང་བཞིན་ཆུ ་ཡི་ངོ་བོ་ཡིན། །སྦལ་པའི་སྤུ་ཡི་ལ་བ་གསར་རྙིང་བྲལ། །འདམ་གྱི་རྐྱེན་གྱིས་པདྨ་ཁ་དོག་དྲུངས། །ཐབས་ཀྱིས་ཆུན་ཚེ་དེ་དུས་དགྲ་དེ་ཤེས། །རྒྱལ་མོ་ཀ་རའི་གཟུགས་ལ་ཐ་དད་མེད། །ཆུ་ཉིད་རྒྱ་མཚོ་རྒྱ་མཚོའི་དང་ཉིད་ཆུ། །རྩི་ཡིས ་ཟིན་པའི་མི་དེ་རི་བོ་འགུལ། །རྦ་རླབས་ཆེ་འབྲིང་རྩང་པོའི་དབྱིངས་ལ་ཐིམ། །མུན་པ་དག་པར་བྱེད་པ་མར་མེའི་འོད། །ཞག་མིག་པ་ལ་ཉི་མ་མུན་པར་སྲོས། །སྨད་འཚོང་བུ་དེ་སུ་ཡི་རིགས་རྒྱུད་ཡིན། །དུར་ཁྲོད་ལྕེ ་སྤྱང་ཚང་ལ་མངོན་ཞེན་མེད། །གདོན་གྱིས་བརླབས་པའི་གཏམ་དེ་སྣ་ཚོགས་སྨྲ། །བྱིས་པའི་རང་བཞིན་གཅིག་ཏུ་འདུག་མི་འགྱུར། །ནགས་ཀྱི་རི་དགས་ཤིང་འབྲུའི་ཕྱོགས་རིས་སྤངས། །ལྷ་རྫས་རིན་ཆེན་ནུས་པ་སུ་ཡིས་བྱིན། །ནོར་བུ ་རིན་ཆེན་ཐོག་མར་གང་ནས་འོངས། །ཡིད་བཞིན་ནོར་བུས་དགོས་འདོད་སྟེར་མ་མྱོང། །མཆོག་གི་ནོར་བུའི་རིན་ཐང་སྨོས་ཀྱང་ཀྱེ། །ནོར་བུའི་བདག་པོ་དབུལ་བའི་སྡུག་བསྔལ་བྲལ། །ཕྱག་རྒྱ་ཆེན་པོའི་མན་ངག་།རྡོ་རྗེ་གསང་བའི་མགུར ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧའི་ཞལ་ནས་གསུངས་པ་རྫོགས་ཤོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་དང། བོད་ཀྱི་བནདེ་ལོ་ཙཱ་བ་ཞ་མ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ་། ཤྲཱི་བཛྲ་ཌཱ་ཀི་ནི་གཱི་ཏྭ་ཡ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །དུར ་