CLOSE WINDOW

N2063: phyag rgya chen po'i brda'i brgyud pa'i glu
Wyliee-texts based on the ACIP/ALL Input

བཞུགས། །རྒྱ་གར་སྐད་དུ། མཧཱ་མུ་དྲ་བྲི་གཱི་ཏི། བོད་སྐད་དུ་། ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ། བླ་མ་ཡི་དམ་མཁའ་འགྲོ་དང། །སྐྱབས་གནས་རྣམས་ལ་ཕྱག་འཚལ་ལོ། །གྱད་ཀྱི་ལུས་ལ་དངུལ་གྱི་ཡ་ལྔ་གྱོན་པ་ཀུན་གྱིས་བལྟ་བར ་མཛེས། །ཏ་ལའི་མགོ་བཅད་རྩ་བ་དེ་ལ་མྱུ་གུ་སྐྱེ་མི་འགྱུར། །རོ་ནི་ས་ཡི་འོག་ནས་ཀཾ་ཀའི་སྐད་ཀྱིས་འབྱིན་པར་ནུས། །གང་ག་སྒྲོལ་བའི་རྒྱལ་པ་འདི་ལ་གཅེས་སྤྲས་བྱ་བར་རིགས། །སྐྱེས་བུ་སེང་གེའི་གསོབ་མཐོང་བ་ནི་སྐལ་བར་ལྡན། །གིང་པ་རང ་གིས་བྱེད་པ་དར་གྱི་སྲིན་བུ་སྙིང་རེ་རྗེ། །ཇི་ལྟར་བྲོས་ཀྱང་གྲིབ་མ་འདི་ལ་གཟུགས་ཀྱིས་ཐར་པ་མེད། །སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་ལྔགས་ན་ཕུང་བར་ངེས། །རྡོ་ཡི་མི་འདི་སྲིན་མོའི་གླིང་དུ་སྐྲལ་ཀྱང་མི་དགའ་མེད། །གཉེན་པོ་ཕྱིར་འཕེལ་འདབ་ཆགས་སྐྱེ ་ག་གོ་ཆ་བཟང། །རིན་ཆེན་གཏེར་གྱི་ཐང་ཀར་ཉལ་བའི་དབུལ་མོ་སྙིང་རེ་རྗེ། །ཤིང་རྟ་བྲེལ་བའི་རྒྱུ་ནི་འཁོར་ལོའི་སྒྲོམ་དུ་ཆུད་པས་ལན། །རྒྱལ་པོའི་རྗེས་གནང་ཐོབ་པའི་མི་དེ་གཤེད་མ་ལ་མི་འཇིགས། །རྔ་ཡབ་ལག་ན་ཐོགས་བཞིན་འཇའ་ཏྲི་དུག་སྤྲང་ཕྱིར ་མི་སྐྲོད། །འབྲུག་གི་སྒྲ་མེད་རྨ་བྱའི་མངལ་དུ་སྒོ་ང་ཆགས་མི་འགྱུར། །མ་ག་དྷ་རུ་དངུལ་ཆུ་འཐུངས་པ་དེས་ནི་གང་ག་བརྒལ། །ལི་ཁྲི་ཁ་རུ་ཆུད་པའི་གསིལ་པ་ཐམས་ཅད་མཚལ་དུ་འབབ། །གཟེབ་ནས་ཐོན་ནས་གཤེད་མའི་ལག་དུ་འགྲོ་བར་མ་བྱེད་ཅིག། ལྷོ་རུ ་རྐུན་མོའི་སྙིང་ཤ་ཟོལ་དྲང་སྲོང་རྒྱལ་མཚན་ཕྱི་རུ་ཕུད། །རོ་ལ་གསེར་གྱི་ཕྲེང་བ་བཏགས་པ་དེའི་གན་དུ་འགྲོ་བར་མི་བྱའོ། །སྨན་མཆོག་བསིལ་མངར་མི་བཙོང་མི་ན་ལུས་ཀྱིས་བཏུང་བར་བྱ། །གླང་པོ་རྒྱུ་ཤྭེ་ལྕགས་ཀྱུས་ཕྲོགས་པ་འདི་ནི་ངོ་མཚར་ཆེ་བ་ཡིན།། ་གདན་སར་བཏོན་པའི་རྒྱལ་བུའི་ལག་ནས་ཚངས་པའི་སྐུད་པ་ད་ལོང་ཞིག་།དམུས་ལོང་མིག་གིས་དོ་ལོ་ཅི་འདྲའི་ལན་ནི་ཐེབས་པར་མི་འགྱུར་རོ། །དགོས་འདོད་སྣ་ཚོགས་འབྱུང་བའི་ནོར་བུའི་ནུས་པ་སུ་ལ་བླངས་པ་ཡིན། །སྐོམ་པའི་ཕྱིར་ནི་ལན་ཚྭའི་ཆུ་རྒོད་?་ཐུབ ་བའི་མི་དེ་ལྟས་ངན་ཡིན། །དུག་ལས་སྐྱེས་པའི་སྲིན་བུ་འདི་ཡིས་ད་ཁོས་མན་ངག་བསྟན་ནས་ཡོང། །མུ་ད་ཨག་ལ་བཏབ་པའི་གཟུགས་དེ་གྷནདྷ་ལོག་ཏུ་ཤེས་པར་བྱོས། །ཀུ་རུ་ཀུལླའི་གནས་སུ་སྒྲོལ་མས་གསུངས་སོ།། །། ་སྒྱུ་རྩལ་ལུས་ལ་མེད་པའི་མི་ཡིས་གྱད་ཀྱི་སྤྱོད་པ་དོར་བ་རུང། །དྲི་མ་ཅན་གྱི་ལུས་ཀྱིས་ཚངས་པའི་སྒོ་ལྔ་ནམ་ཡང་མཐོང་མི་འགྱུར། །ཆུ་སྲིན་ཁ་རུ་གྲུ་ཆུད་དེད་དཔོན་འདི་ཡི་སྤྱོད་པ་ད་ལྟོས་དང། །མུ་ཏིག་ཕྲེང་བ་པདྨའི་སྐུད་པས་ཟླ་བའི་དབུས་སུ་སྐྱུ་བར་བྱ། ། ་ཤུལ་དཀར་ཨུ་ཤུགས་ལ་ཚོགས་འགྲོན་པའི་དོན་ནི་ཉི་མ་རྒས་པས་ཤོར། །དེ་མཐོང་བདུད་ནི་མིག་ཕྱིས་ཕྱོགས་བཞིར་གད་མོ་རྟག་སྐད་འཚེར། །མཁའ་ལ་འཕུར་བའི་ནུས་པ་བངས་པའི་དུས་དེར་སྐམས། །མཁྲེགས་ལམ་ཐུར་གཞོལ་གྲུད་དེ་ཤིང་རྟ ་བྲེལ་བ་གང་གི་སྟོབས་ལས་བྱུང། །དུག་སྤྲུལ་སྐེ་བཅད་ནུས་པ་མེད་པ་རྣལ་འབྱོར་པ་ཡིས་གཟིགས། །རྙོག་མའི་ཆུ་ལ་བཞིན་གྱི་དཀྱིལ་འཁོར་འཆར་བར་རབ་ཏུ་དཀའ་། །རྐང་པ་ཆག་པའི་སྨ་དཀྲིས་མགོ་ལ་འཆིང་བའི་མི་དེ་འཇའ་ཏྲི་ཡིན། །རྫབ་ལས ་རྐང་པ་བཀྲུས་ནས་འདོ་ལིའི་སྟེང་དུ་འཛེགས་པ་བཟང། །རུས་སྦལ་ཁོག་པ་ཕ་ལམ་རྫས་ཀྱི་རྡོ་རྗེས་བཅག་པ་ངོ་མཚར་ཆེ། །མ་གི་ཏ་ཡོད་ས་ལ་བྲང་འགྲོས་བལྟ་བར་མི་ནུས་སོ། །རྒྱ་མཚོ་ཆེན་པོའི་ཆུ་ནི་རོ་དང་ལྷན་ཅིག་འགྲོགས ་པ་མིན། །ནགS་ལ་མེ་མཆེད་ཕྱོགས་བཞིའི་རླུང་ནི་གྲོགས་སུ་འགྱུར། །རྒྱལ་པོའི་བཙུན་མོ་ལྷ་སྲས་ལ་ནི་སྐྱོ་བར་འགྱུར་མ་ཡིན། །ཀ་མ་རུ་རུ་སྨྱོན་པའི་ཆུ་ལ་སུ་ཡིས་འཐུང་བར་ནུས། །སོ་མ་བཏང་བའི་རྫ་ནི་ཆུ་ལ་སྐོལ་བར་མི་བྱའོ། །སྟག་ནི་རི་མོ་ཡོད་པ་ལན ་ཏེ་རྟག་ཏུ་དགྲ་དང་འགྲོགས། །བྷནདྷ་མེད་པར་གསེར་འགྱུར་རྩི་མཆོག་རང་དགར་ཤེས་པ་མིན། །ཆུང་དུས་མི་འཛིན་བཅོ་ལྔའི་ཟླ་བ་རྒྱས་པ་འདི་ལ་སྒྲ་གཅན་དབང། །བུ་ཤིའི་མ་བུ་མཐོང་བའི་འགྲོ་བ་བཟང་མོ་མྱ་ངན་རེ་མ། །ཞིང་བས་ཆུ་ལུང་རྟེན་ལ་ས་བོན ་སྐྱོན་མེད་གདབ་པར་བྱ། །དར་མཆོག་དུག་ལ་བླུད་པའི་རལ་གྲི་འདི་ལ་བརྡེག་ས་ཡོད། །སྨྱོན་པའི་ཤུལ་དུ་འབྲངས་ན་སྙིང་གར་ཡེ་གེ་སྣ་ཚོགས་འཆར། །མི་འགྱུར་མཁའ་ལ་ལྡིང་བའི་བྱ་གྷྲི་འདི་ལ་གདམས་པ་ཡོད། །བྱང་ཕྱོགས་ཁ་བ་ཅན་དུ་ཕྱིན་ན་འགྲོ་ལ ་ཕན་པར་འགྱུར། །དཔལ་འབྲས་དཔུང་རང་འབྱུང་གི་རྩར་འཇམ་དཔལ་གྱིས་གསུངས་པའོ།། །།ཡི་གེའི་ཕྲེང་བ་ཉི་ཟླའི་བར་དུ་དཔའ་བོའི་སྤྱན་གྱིས་བལྟ་བར་གྱིས། །རྨ་བྱའི་མདོངས་ཀྱི་ཁ་དོག་ནམ་བྲིས་འདི་ཡི་མཁན་པོ་སུ་ཞིག་ཡིན།། ་ཁབ་ལེན་རྡོ་ཡི་ཕྱོགས་དེར་ལྕགས་བྲན་རྒྱུག་སྟེ་དེ་ལ་རིག་བྱེད་མེད། །གླང་པོའི་མགོ་ལ་རྭ་མེད་ཆག་གིས་དོགས་པའི་སྡུག་བསྔལ་སྐྱེ་མི་འགྱུར། །རྒྱལ་པོའི་གཟེབ་དུ་ཆུད་པའི་མི་དེ་ཐར་རམ་སྡེ་མིག་ཡིད་ལ་བགྱིས། །གིང་བའི་ལས་བྱས་སྒྱུ་མའི་དགེ་སློང ་ལ་ནི་ལྟུང་བས་གོས་མི་འགྱུར། །ཝ་དང་གླང་པོ་བུད་བ་ཤ་ཟ་སེང་གེ་སྨྱོན་པའི་སྤྱོད་འགྲོས་ལྟོས། །སྐྱོན་གྱིས་མགོས་དངུལ་ཆུ་ཏ་རུས་མཐུང་བར་བྱེད། །གཅིག་ཅིག་གཅིག་ལ་གཅིག་པ་ཉིད་དུ་ཤེས་པར་གྱིས། །གཟན་དུ་ཕ་ལམ་སྒྲུག་པའི་བྱེད་གཱ་ཡིན་སུ ་ཡིས?་མཐོང་བར་འགྱུར། །མཚན་ལྡན་ལུས་ལ་སྒྱུ་རྩལ་མ་སྦྱངས་གྱད་དུ་འགྱུར་མ་ཡིན། །ལྔ་ཏིའི་དྲལ་དྲུངས་ཡུན་རིང་ན་ཆུ་ཉིད་དྲག་པར་འགྱུར། །དང་ལ་?་གྲིས་ལྕེ་ཆོད་དེ་རུས་ཁྱོད་ཀྱི་ཁ་ནས་རིག་བྱེད་ཐོན། །འཁྲི་ཤིང་ལོ་འབྲས་སྨིན་ཅིང་ལྕི་བས་རྒྱས་སུ་མ ་འཇུག་ཅིག། རྩལ་གསུམ་ལུས་ལ་རྫོགས་པའི་སེང་གེ་འདི་ལ་ཡང་ཅུང་ཟད་མེད། །དགུན་འབྲུམ་ཚལ་ནས་གྲམ་པ་སྙག་པོའི་སྤྲེའུ་སྙིང་རེ་རྗེ། །ཆུ་ནང་རྡོ་བོར་ཆ?་ན་དེ་དུས་ཟླ་བ་གུད་དུ་སོང་བ་མེད། །དུར་བ་གཟེབ་ཀྱི་རི་བོང་འདི་ཡི་སྤྱོད་འགྲོས་བལྟ་བར་བྱ། །རྡོ ་ཡི་མི་ལ་ངན་དུ་སྨྲས་དང་བསྔགས་པ་ཁྱད་པར་ཡོད་དམ་ཅི། །ལྷ་རྫས་ཤེལ་ལ་མེ་ཆུ་གཉིས་ཀ་འབྱུང་བ་ངོ་མཚར་ཆེ། །གལ་ནང་ཟས་ལ་རྒྱུག་པའི་སེམས་ཅན་དེ་ནི་སྙིང་རྗེའི་ཡུལ། །གྱད་ཀྱིས་ཁྲིད་ཀྱང་འཁོར་ལོ་དང་བྲལ་ཤིང་རྟས་ལམ་མི་ཆོད། །རྐང ་ལ་ཁོང་དྲིལ་བུད་པའི་མི་དེ་བློ་སེམས་བདེ། །ལས་སུ་འཕངས་པས་ཟིལ་གྱིས་མི་སྐྱུག་གོ་ལ་ཕྱིར་མི་འབོད། །དལ་བའི་དབང་མེད་རྫ་མཁན་འཁོར་པོ་སྲུབ་ཐད་ཆོད་ན་བདེ། །སྐྱོན་གྱིས་མ་གོས་ཨུཏཔལ་ཆུ་ནང་སྐྱེས་པ་རང་སར་ཤོག་།གཤེད་མས་གཟུང ་བའི་ལྟས་ངན་མི་དེ་རྒྱབ་དུ་མིག་མི་བལྟ། །དུད་འགྲོའི་རྒྱལ་པོའི་གཙུག་གི་ནོར་བུའི་ཐོག་མ་གནས་འོངས། །རི་བོ་བྱ་རྐང་དུ་སྤྱན་རས་གཟིགས་ཀྱིས་གསུངས་པའོ།། །།ཙནདན་ཆུས་བཀྲུས་ལུས་ཀྱི་སྤྲིན་མེད་མཁའ་ལ་གཟའ་བྲལ་ཉི་མ ་ལྟོས། །སྲིན་མོའི་ཕང་དུ་བུ་ཤོར་ཉེ་ཞོ་མེད་པར་ལོག་པའི་མི་དེ་གང། །ནམ་ཞིག་བྱི་བའི་དུག་ངང་མ་བྲལ་ཐར་པ་ཐོབ་མི་འགྱུར། །ལག་པ་རེ་རེར་མེ་ལོང་གཉིས་ཕྱར་བྱད་དེ་གང་ལ་ལྟ་བ་ཡིན། །སྟོད་ལ་མནན་པའི་སེང་གེའི་གམ་དུ་སྤོས་ཀྱི་གླང་པོ ་ག་ཆད་དུ། །མཆིལ་ལྷམ་སྟེང་དུ་རྐང་བཞག་ས་སྟེངས་ཐམས་ཅད་དེ་དུས་ཀོ་བས་གཡོགས། །འཁོར་ལོས་སྒྱུར་རྒྱལ་གང་དུ་གཤེགས་པའི་ལམ་དུ་རིན་ཆེན་གཞན་རྣམས་འབྲང། །པ་ཏ་མིང་གིས་བསླུས་ཏེ་བསྔོ་བ་ཉན་དུས་དེ་དུས་དེ་ཆ་གཅེས་པ་དོར།། ་བུ་རམ་ཚལ་མཐོང་རྐང་ལ་ཁོང་བསྒྲིལ་གྲོལ་བའི་གླང་པོ་སྡོང་པ་མིན། །འཛམ་བུ་ཆུ་པོའི་གསེར་ལ་མུ་ཏིག་གིས་སྦྲས་བཙུན་མོས་བཙོངས་ན་རིན་ཐང་ཆེ། །རླན་ཅན་ཤིང་ལ་རྩོ?་བས་སྲུབ་པའི་མི་དེ་བླུན་པོ་ཡིན། །བྱེ ་ཕྲུག་ལུས་ལ་ཁྲབ་ཆགས་དེ་དུས་རྨ་བྱའི་གནོད་ཡུན་རན། །འགྲོ་བར་འཁར་གཞོད་ནང་གི་རུས་སྤལ་ཚི་ཆད་འགྱུར། །གཅིག་ལ་གཅིག་རྟེན་བྱ། ཤོག་པ་མེད་ཀྱང་གསེར་སྤྲུལ་མཁའ་ལ་འཕུང། །ཤིས་?་ཡོན་རྒྱ་མཚོའི་ཕྱིར་མི་འབྱུང།། ་བྷ་ཡི་དྲུང་དུ་མྱུ་གུ་ས་བོན་བཅད་ཀྱི་རྗེས་ལ་བཟང་བར་འགྱུར། །དམུས་ལོང་ལག་ན་མེ་ལོང་ཕྱར་པ་འདི་ལ་བཙུན་མོ་བལྟས་ཀྱི་དགའ་། །སྣུམ་གྱིས་རྩོས་པའི་རས་ལ་ཚོན་གྱི་རྩི་ནི་ཆགས་མི་འགྱུར། །ཏི་ཚ་བྱུགས་པའི་རྫ་ནི་སོ་བཏང་ད་ནི་བསྐོལ ་བས་ཆོག་།མཁས་པ་ཡིས་ནི་སྟག་གི་ཆང་མཐོང་དེ་ནས་འབྱོལ། །རྩི་མཆོག་གསེར་འགྱུར་བརླབས་པའི་དྲིན་ཅན་བརྗེད་པར་བྱ་བ་མིན། །ཚེས་གཅིག་ཟླ་བ་མི་ཆུང་བཅོ་ལྔའི་དུས་ན་སྐྱེས་པ་མེད། །བུས་པ་གཡང་ཁང་སོང་བ་མ་ཡི་སྤྱོད་འགྲོས་ལྟོས། །མིག ་འདི་མགོ་ལ་དགེས་པས་ཕྱུང་གི་བཟའ་བར་མི་བྱའོ། །ཤ་ཆགས་མི་ཕྱུང་དུས་སུ་གསེར་གྱི་རལ་གྲི་ད་བྱུང་ཅིག་།རྔོ་ཡི་མི་ལ་འདྲན་དུས་དེ་ཚེ་སྙིང་ལ་ཡི་གེ་སྣ་ཚོགས་འཇུག་།གར་མཁན་སྤྱོད་པ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང། །བྱང་ཕྱོགས ་བར་ཏ་ནི་རུ་ཕྱིན་ན་འགྲོལ་ཕན་པར་འགྱུར། །འབྱུང་པོའི་གྲོང་ཁྱེར་ཏྲི་སྟག་ཚང་དུ། ཕྱག་ན་རྡོ་རྗེས་གསུངས་པའོ།། །།གྱད་དང་བསྒྲགས་པའི་མི་དེ་ཤུལ་དུ་རྩོ་རའི་ཡང་བྲལ། །མ་ཚིག་རྫ་ལ་ལ་ཆ་མི་འགོ་ཙནདན་མ་ལ་སྲོ་བར་བྱ། །རྩ་བ ་བྲལ་བའི་སྡོང་པོ་ལོ་འདབ་རྒྱས་ཀྱང་དོན་ལ་སྐམ་པོ་ཡིན། །གསེར་གྱི་རྩའུ་མཁའ་ལ་ཕྱར་བ་འདི་ལ་གླང་པོ་སྨྱོན་པ་འབྲོས། །ཏིལ་མར་རྩེ་ལ་དངུལ་ཆུའི་རྒྱུན་འཛག་འདི་ལ་སེང་གེ་བལྟས་ཀྱིས་དགའ་། །གིང་བསྲོག་ལ་མཁས་པའི་སྒྱུ་མའི་སྐྱེས་བུ་སྡིག་མི་སོག། ་དུར་ཁྲོད་ནང་དུ་ལྕེ་སྤྱད་ར་དང་བྲང་པ་ཕྱིར་མི་ལྡོག། །སྒེག་མོ་རྒྱན་གྱིས་སྤྲས་པ་མེ་ལོང་ལྟ་བ་རབ་ཏུ་བརྩོན། །རྡོ་ཡི་མི་ལ་སུ་ཉེ་ཁོ་ཡི་དགྲ་བོ་གང་ཡིན་ཁྱོད་ཀྱིས་སྨྲོས། །པདྨ་ལག་སར་ལག་དུ་ཐོགས་ལ་དུས་མཛའ་ཨི་ནམ་མཁའ་ལྟོས། །ཀ་ལ་པིངྒའི་སྐྲ་གདངས ་གཏེར་གྱི་སྟེང་དུ་སྒྲོགས་ན་སྙན། །ཝ་ཆུ་མ་ཟད་པར་དུ་ཆུ་ཐགས་འཁོར་ལོ་འདི་ལ་གདད་དབང་མེད། །གླིང་གཅིག་དག་ཏུ་འཁོར་ལོས་སྒྱུར་རྒྱལ་གཉིས་སུ་ཚོགས་བ་མིན། །མཁའ་ལ་ཉི་མ་ཤར་དུས་མུན་པ་གུང་དུ་ཡིབ་བམ་ཅི། །རིན་ཆེན་དངུལ་གྱི་མེ་ལོང ་གཡའ་མ་དག་པར་ཅི་རུ་རུང། །མ་ག་དྷ་རུ་བཙོས་པའི་རས་ནི་ཁ་དོག་གཞན་པས་གསལ། །རྒྱལ་པོའི་གམ་ནས་གཤེད་མའི་ཕྱོགས་སུ་འགྲོ་བ་ལྟས་ངན་ཡིན། །མོ་གཤམ་བུ་ཡི་མཛའ་སྡེ་གང་ཡིན་དེ་ཡི་བུད་མེད་སུ། །གཟོ་ཡི་སྔོན་དུ་ཐོག་མར་ཞུན ་སྦྱོངས་གཏོང་བའི་གསེར་མཁན་ཐབས་ལ་མཁས། །མངལ་དུ་མཚས?་པའི་གླང་པོ་ཆེ་བ་དྲུག་པ་རྒུམ་འབྲུམ་མི་འདོད་ལ། །རྒྱལ་པོ་བལྟ་ཞིང་པ་རྩེ་བའི་སེམས་ཀྱིས་སྤྱན་ནས་མཆི་མ་ཡང་ཡང་འཛག་།དུས་མཛའ་ཨི་ནམ་མཁའ་འདི་ལ་ཤར་ལྷོ་ཕྱོགས ་མཚམས་གང་གིས་ཤེས་པར་འགྱུར། །ཡིན་པར་ཤེས་པའི་བློ་ཡིས་མོན་མོའི་དུག་གི་ནུས་པ་མེད་པར་བྱེད། །ཟླ་བ་བཅོ་ལྔ་མ་རྒྱས་པར་དུ་རུས་སྦལ་ལ་སྐྱེས་སྒོ་ང་སྨིན་མི་འགྱུར། །རྐུན་པོ་མཛོད་ཁད?་ནང་དུ་རྒྱལ་པོའི་ཉུལ་མོས་བཟུང་བ་དེ་ཅི་སེམས། །མིག ་གི་དབང་པོ་བཙུམ་ནས་མཐོང་བྱེད་སྙིང་གི་དབུས་སུ་སད་ནས་ལྟ། །བྲག་ལ་བྱུང་པའི་སེང་གེའི་སྐད་ཀྱིས་ཆོས་རྣམས་མ་ལུས་བསྟན་ནས་སོང། །རྩི་མཆོག་གསེར་འགྱུར་ཤེས་པའི་མི་དེ་རློམ་སེམས་ཁོང་དུ་ད་ཆུད་ཅིག་།ལང་ཏད་རྩེ་རུ་གཤིན་རྗེ་གཤེད་ཀྱིས་གསུངས ་པའོ། །གྱད?་ཀྱི་རྒྱུ་རྩལ་འདི་ལ་དྲི་མའི་ཟས་གནོད་མཁས་པས་སྤང་པར་བྱ། །ཆུ་བོ་བཞི་འབབ་རྒྱ་མཚོ་ཕྱིར་མི་ལྡུད་པ་ངོ་མཚར་ཆེ་བ་ཡིན། །སྐྱེད་དུ་འཛོམ་པའི་གླང་པོ་སེང་གེའི་འོ་མ་འཐུངས་པས་སུ་ཡིས་ཐུབ་པར་འགྱུར། །རླན་བྲལ་རུས་སྦལ་རྒྱ་མཚོ་མཐོད་?་དེ ་དུས་གཞན་མི་དྲན། །སྒྱུ་མའི་སྐྱེས་བུའི་སྦྱིན་གཏོང་ལས་བྱུང་འབྲས་བུ་གང་དུ་སྨིན་པར་འགྱུར། །མ་དྲུག་བུའི་ཕྱོགས་དེར་ཚངས་དབང་ཁྱབ་འདུག་རྣམས་ཀྱི་ཅོད་པན་འདུད། །སེང་གེའི་གི་དབུས་ན་ཡི་གེ་ཨ་ཡོད་པ་དེ་ལྟོས་དང ་ཀྱེ། །འཇའ་ཏྲི་རིན་ཆེན་མཆན་དུ་བཅུག་ནས་ཚེས་བཟང་དྲག་པོར་འཇོག་།དུག་སྦྲུལ་སྤང་དུ་བྱུང་ཚེ་དོ་གལ་ཡོད་པར་སྤང་པར་བྱ། །མེ་ལོང་གཡའ་དག་གཟུགས་བརྙན་འཆར་གྱིས་རྒྱབ་དུ་མིན། །ཀ་ཏ་རི་ལས་ཐར་ནས་དོད་དུ་ཞུགས་པའི་མི་དེ་ཤིན་ཏུ་བླུན། ། ་རྒྱ་ལས་གྲོལ་ནས་འདབ་ཆགས་རྨ་བྱ་རྗེས་སུ་ཟློག་མི་འགྱུར། །ཡན་ལག་ནང་དུ་བསྐུམས་པའི་ཕྱི་རུ་དགྲ་དང་བྲལ་བའི་རུས་སྤལ་ཐབས་ལ་མཁས། །རྩི་མཆོག་སྤྲི་ཡང་འཐུངས་པའི་སྤྲུལ་ཤ་ཟོས་ན་བཅུད་དུ་འགྱུར། །རྒྱ་མཚོའི་གླིང་དུ་མ་ཕྱིན་ནོར་བུ་ལ་ནི་བླུན ་པོས་ཅིང་མི་མཐོང། །བསང་པས་ཁྲག་དོན?་ཆུ་ཡི་ནང་འདུག་ཤ་ཡི་ཕྱིར་མི་འབྲང། །ཁབ་དུ་བྱོན་པའི་བཙུན་མོས་སྔར་གྱི་སྤྱོད་པ་དོར་བར་བྱ། །བུ་རམ་ཆུ་ཡིས་རས་ཀྱི་དྲི་མ་རྣམས་ནི་གཏིང་ནས་འདོན་པར་བྱེད། །གངས་ཀྱི་རི་ཡི་སྣུམ་མ་ཟོས་ནའོ་མ་མར་དུ་འགྱུར། ། ་སྟག་འདི་དེད་པས་མི་ཟིན་བསྔད་ཀྱི་སྟེང་ནས་དགུག་པར་བྱ། །པྲརྟི?་ཀ་ན་གསེར་འགྱུར་རྩི་ཡི་ལོ་མ་མེ་རུ་འབུད། །ཆུ་སྣོད་འབུམ་དུ་ཟླ་བ་འབུམ་ཆར་དེ་དུས་ཟླ་བ་གཅིག་ལས་མེད། །བྱིས་པ་མ་མཐོང་ཚེ་པང་དུ་རྒྱུག་པས་ཨ་ལུ་བོར། །ཡིབས་མེད་པའི་གསེར་ལར ་ཡོད་ཀ་འཇིའི?་རྡོལ་སྣོང། །སྲིན་མོའི་རལ་གྲི་ཀྱང་ཀྱིས་ཐོགས་པ་དེ་ལ་ཕ་རོལ་འཇིགས། །ནམ་མཁའ་གོས་སུ་རྒྱན་ན་སྙིང་གི་དཀྱིལ་དུ་ཉི་མ་འཆར། །རྟ་མཆོག་ཐུར་དུ་རྒྱུག་པ་སྐྱེས་བུ་འདི་ཡིས་གདམས་ངག་བསྟན་ནས་སོང། །མཛེས་སྡུག་རྨ་བྱའི་ཐུལ་པ་ཕུད ་ན་དེ་ཡིས་ཐར་པ་ཐོབ་པར་འགྱུར། བྱ་རྒོད་ཕུང་པོའི་རི་ལ་ཁ་སརྦཱ་ཎི་ས་གསུངས་སོ།། །།གྱད་ཀྱིས་མ་རྒྱུགས?་ཕྲ་མོའི་བང་ལ་རྒྱལ་པོ་བལྟས་ཀྱི་དགའ་། །ཚོས་མ་ཡིས་ནི་སྐྱོན་མེད་རས་ལ་ཁ་དོག་ཐ་དད་ཅི་འདོད་ཤེས། །ཉི་མ་མུན་པར་མཐོང་བའི ་མི་དེའི་མིག?་དེ་ཅིས་ལན་ད་འོག་ཁྱོད་ཀྱིས་སྨྲོས། །ཕྲུ་གུ་མ་དྲན་སྦྲང་རྩི་མཐོང་བའི་དོན་ལ་གཉིད་མི་འོང། །ཁྱུ་མཆོག་འོག་ཏུ་ཞོན་ནས་སེང་གེའི་འོ་མ་ད་འཐུང་ཞིག་།མཛེས་མས་གཡོས་པའི་ཟས་ལ་དུག་མཐོང་བཞིན་དུ་མ་འཐུང་དང། །བུས་པ་དང་ནི་རྒན ་པོ?་ནང་ཟླ་བ་འདི་ལ་སོ་སོར་མཐོང་བར་འགྱུར། །ནམ་མཁས་བཙོན་དུ་བཟུང་བའི་སྐྱེས་བུ་འདི་ལ་གུད་ན་བྲོས་ས་མེད། །སྐད་གསང་མཐོན་པོའི་སྒྲ་ཡིས་ཡེ་ཤེས་འཆར་དུས་ཁྱོད་ཀྱིས་དྲིས། །ཤེལ་སྒོང་གཡའ་དག་གང་གི་སྟེང་དུ་བཞག་པ་དེ་ཡི་མདོག ་དུ་འགྱུར། །འདུལ་སྤྱོད་མཁན་གྱི་གན་དུ་བུ་ར་མཚལ་ནས་བྲོས་པའི་གླང་པོ་འཇའ་ཏྭི་ཡིན། །སྤྲུལ་གྱི་ཚད་མཐོང་ལེན་མཁན་ཙནདན་ལ་ནི་སེར་སྣ་སྐྱེ་མི་འགྱུར། །རྒྱལ་པོའི་བཀའ་རྟགས་གནང་པའི་མི་དེ་སུ་ལའང་དུ་མི་འཇིགས། །བུད་བའི་སྒྲ ་ལ་ཕག་རྒོད་ཉན་པ་འདི་ནི་ཕྱག་རྒྱ་ཆེ། །རྒྱལ་མཚན་རྩ་མོའི་ནོར་བུ་འདི་ལ་མཆོད་དང་དགོས་འདོད་འབྱུང་བར་འགྱུར། །ཕབས་ཀྱིས་གང་ལ་རེག་པའི་ཆན་ནི་རླུམ་དུ་འགྱུར་བར་ཐེ་ཚོམ་མེད། །བཙུན་མོའི་འཛའ་སྡེར་གྱུར་པ་མ་གསངས་བཤེད་མའི ་ལག་དུ་འགྲོ་།དཔག་ཆེན་སྐྱེས་བུས་གནམ་དུ་མངའ་འཕངས་འདི་ནི་སུ་ཡི་མགོ་ལ་ཕོག་།རིན་པོ་ཆེས་སྤྲས་བཙུན་མོའི་སྐུལ་རྒྱན་གྱི་སྤུད་པ་གནད་མི་འགྱུར། །སྤྲིན་མེད་མཁའ་ལ་ཤར་བའི་གཟའ་སྐོར་ཕྱོགས་དེར་རྒྱལ་མོ་གར་ཁྱོད་ཀྱིས་ཕྱོར། ། ་སྤྲེའུའི་སྡེར་མོ་?་པའི་རུ་སྦལ་ལན་ཚྭའི་ཆུ་ལ་ལྟོ་འགལ་མེད། །འཚལ་མེད་ས་ལ་རྩོལ་པའི་ལས་རྣམས་སྡོང་ལྔ་པ་ཡིན་ཏེ་གསར་མེད་ཕྱིར། །སྨྱུག་མའི་རྩེ་ལ་འབྲས་བུ་ཆགས་ཚེ་ངེས་ནི་རྩ་བརླག་པར་གདོན་མ་ཟ། །སྒྲ་རྣམས་སྙིང་གི་དབུས་ན་ཉན་? ་ཕག་རྒོད་འདི་ཡི་སྦྱོང་འཕྲོས་ཁྱོད་ཀྱིས་ལྟོས། །རྐྱལ་མ་འབྱོངས་པའི་སྐྱེས་བུས་རྒྱ་མཚོའི་ནང་དུ་འགྲོ་བར་མི་བྱའོ། །ས་ལེ་སྦྲམ་ནི་མཚུར་གྱིས་གོས་ཚེ་སྔར་གྱི་ཁ་དོག་འདོར་བར་བྱེད། །སེང་གེ་བླུང་བུས་ཆོས་རྣམས་མ་ལུས་བསྟན་ནས་སོང་བ་ངོ་མཚར? ་ཚེ?། །མུན་པའི་རུམ?་དུ་མེ་ལོང་ལ་བྱེད་ཀྱི་གཟུགས་བརྙན་འཆར་མི་འགྱུར། །ཀླུ་སྒྲུབ་ཀྱི་ཕུག་པར་སྒྲིབ་པ་རྣམ་པར་སེལ་བས་གསུངས་པའོ།། །།སྐོམ་པས་ཆུ་དང་མགུལ་བ་སྐམས་པའི་གླང་པོ་ཆུ་དང ་ཕྲད་པས་གཞན་མི་སེམས། །ཏིལ་མར་གྱིས་བསྐུས་སྐྲ་ལ་མེ་ཤོར་དེ་དུས་སྒེག་མོ་བྱ་གཞན་དོར། །ལུས་ལ་ལྕགས་དབྱུག་བསྣུན་ཀྱང་རྡོ་ཡི་མི་ལ་མི་དགའ་ཨི་རྟོག་པ་སྐྱེ་མི་འགྱུར། །མཉན་པ་དགྲས་དེས་རྩད་པོའི་འགྲམ་དུ་གྲུ་དང་ཕྲད་པ་དེ་ཅི་སེམས།། ་སེང་གེའི་འོ་མ་རིན་ཆེན་སྣོད་ལས་ཕལ་གྱིས་ཐུབ་མི་འགྱུར། །ཐབས་འཁྱར་མི་དེ་གང་དུ་བློ་ལྡན་གྱིས་ཟིན་དེ་དུས་སེམས་ངལ་སོས། །སྒེག་མོ་ཡིད་འཕྲོག་རྨི་ལམ་བུད་མེད་གང་ནས་འོངས་ནས་གང་དུ་སོང། །ལན་ཚྭ་ཆུ་ལ་ཐིམ་པས་གཟུགས ་མེད་རོ་ཡི་དངོས་པོ་སྟོར་མི་འགྱུར། །སྒོ་ངའི་ནད་ནས་བྱུང་བའི་བྱེ་ཕྲུག་མཁའ་ལ་བལྟ་བ་དེ་ཅི་སེམས། །གླིང་བཞིའི་བྱ་བ་བྱས་ཀྱང་ཉི་ཟླ་གཉིས་ལ་སྐྱོ་ངས་དར་ཅིག་མེད། །རིན་ཆེན་བཻ་ཌཱུརྱ་དང་འཆིང་བུ་ཁྱོད་ཀྱིས་བརྗེ་བར་མ་བྱེད་ཅིག་།རྨ་བྱ་བཙན ་དུག་ཟ་བ་བྱ་གཞན་རྣམས་ཀྱི་ཐུན་མོངས་མ་ཡིན་ནོ། །རུ་སྤལ་རླན་ལ་སྐྱེས་ཀྱང་རྒྱ་མཚོ་མཐོང་ན་དེ་དུས་རབ་ཏུ་དགའ་། །བོར་བའི་ཕྱི་སྒྲོགས?་ལ་ནི་ལྟོ་འགྲོ་ཆགས་པའི་བློ་མི་སྐྱེ། །ཐབས་ལ་མཁས་པའི་དེད་དཔོན་རྒྱ་མཚོའི་ལམ་སྲང་མཁའ་ལ་འཚོལ་བར ་བྱེད། །ལུས་ལ་རྨོ?་བ་ཡོད་པའི་རི་དགས་གཅིག་པུར་སྡོད་ལ་ལྟོས། །དགུན་འབྲུམ་ཆང་གིས་གཟི་ཚེ་བཙུན་མོའི་དྲུང་མི་འགྲོ། །མཚུར་གྱིས་སྤངས་པའི་རས་ནི་ཁ་དོག་བསྒྱུར་བར་ཤེས། །འོ་མའི་ཆུ་རྒྱུན་འདི་ལ་སུ་འཐུང་མི་དེ་སྐལ་བར་ལྡན་པར་ཤེས། །སྒོར ་སྐྱེས་ཚད་དུ་བསྐྱུར་ནས་ཕྲུག་གུ་མི་གསོ་འདབ་ཆགས་ཁུ་བྱུག་དྲུང། །དོན་གཉིས་མི་བྱེད་གསེར་འགྱུར་རྩི་འདི་ཤེས་པའི་དགོས་པ་དེ་དུས་སྟོར། །ལང་ཚོ་བཅུ་དྲུག་ལོན་པའི་བུ་མོ་དེ་ཡིས་བདེ་བ་སྨྲ་མ་ཤེས། །དུག་སྤྲུལ་ཝག་དང་གླང་པོའི་སྤྱོད་འགྲོས་ཁྱོད་གྱིས ་ད་ལྟོས་ཤིག་།ཆུ་ཡིས་ཆུ་དེད་བསྡད་དབང་མེད་དེ་དེ་ལ་དལ་བར་གང་གིས་མཐོང། །སྨྱོན་པའི་ལག་ནས་རལ་གྲི་འབྲེལ་བའི་མི་དེ་དཔའ་བོ་ཡིན། །སེང་གེའི་གསོབ་མཐོང་ཚེ་ན་དེ་དུས་སྙིང་ལ་ཡི་གེ་སྣ་ཚོགས་འཆར། །གྲི་སྐོར་མཁན་པོ་དེ་ཡིས་ད་རེས ་མན་ངག་ཐམས་ཅད་བསྟན་ནས་སོང། །དཔལ་གྱི་རི་ལ་ཡི་གེ་བསུབས་ནས་ཐབས་དེས་བདེན་པ་མཐོང་བར་འགྱུར། །ོ་ཌཡན?་ཚན་རྡོ་ལིའི་གླིང་དུ་དཔལ་རང་བྱུང་གི་རྒྱལ་མོས་གསུངས་པའོ།། །།བིལ་བའི་གང་བུ་དེ་ནི་གྱང་ཀྱིས་བརྡབས ་ན་འཇིག་པར་གདོན་མི་ཟ། །ཕ་བང་དྲེད་དང་ཤ་དག་བྱེད་བའི་དགོས་པ་གང་ཡིན་ཁྱོད་ཀྱིས་སྨོས། །གང་ཆར་འཐུངས་པའི་གླང་པོ་སྨྱོན་པ་རང་སར་བཞག་ན་བསྲུན། །སྨན་པའི་དག་ལ་མི་ཉན་ནང་པ་གང་གིས་གསོ་བར་ནུས་མ་ཡིན། །སེང་གེའི་འོ་མ་འཐུངས ་ཆེན་ཆུ་ལ?་འབྱར་རྩི་བྱུགས་ན་བཅུད་དུ་འགྱུར། །དུག་ཚོར་ཟས་ལ་སྐྱེས་བུ་ཆགས་པའི་བློ་ནི་སྐྱེ་མི་འགྱུར། །ལྕེ་སྦྱང་མིག་ལ་ཉིན་མཚན་མེད་དེ་དེ་ཡིས་དོར་བྱ་སྤངས་པ་ཡིན། །ནོམ་པ་ལུས་ལ་མེད་པའི་སྐྱེས་བུ་གཅེར་བུ་པ་ལ་དགྲ་མི་འོང། །དུར་ཁྲོད་དབུས་ཀྱི ་རྡོ་ཡི་མི་དེ་ཤ་ཟའི་ཡང་བྲལ་ནས་འདུག། ཆུ་ཤིང་སྙིང་པོ་རྙེད་པའི་མི་དེ་སྐྱེས་བུ་སུ་ཡིས་མཐོང་བར་འགྱུར། །གཏེར་མཛོད་དབྱིག་གིས་ཁེངས་ཚོ་དེ་དུས་དེད་དཔོན་བློ་སེམས་བདེ་བར་སྣང། །དབུལ་པོས་ནོར་བུ་རྒྱལ་པོའི་ཕྱག་དུ་ཕུལ་བའི་འདི་ནི་ངོ་མཚར་ཆེ།། ་སྐྱེས་བུ་རྩོལ་བ་མེད་པའི་པི་ཝང་ལ་ནི་སྒྲ་སྐད་འབྱུང་མི་འགྱུར། །རྫིངས་ལ་གནས་པའི་བྱ་རོག་འདི་ལ་འཕུར་ས་གུད་ན་མེད། །མགོ་ལ་མིག་ཕྱུང་སྙིང་གི་དཀྱིལ་དུ་སྦས་ན་ཕྱི་རོལ་ཡི་གེར་འགྱུར། །སེམས་ཅན་རུས་སྦལ་མིག་འདི་བཙུམ་ན ་གསལ་བས་དབྱེ་བར་འཕངས་པ་ཡིན། །སྒྱུ་མའི་གཏེར་མཛོད་འདི་ལ་མཁན་པོ་ཆགས་པའི་བློ་ནི་སྐྱེ་མི་འགྱུར། །གསེར་འགྱུར་རྩི་ཡི་རིག་བྱེད་འདི་ནི་ཀུན་ལ་མི་སྟོན་མཁན་པོའི་སྙིང་ལ་སྤེད། །ཆུ་འཁྱགས་ཁྱད་རོམ་དུ་གྱུར་ཞུ་ཚེ་ཆུ་རང་ཡིན་ཏོག་བར་གྱིས། ། ་མཁའ་ལ་འཆང་བའི་འཇའ་ཡིན་མ?་པོ་སུ་ཡིན་འདི་ཡི་ཁ་དོག་སུ་ཡིས་བྲིས། །ཆུ་ལ་ཆུ་བཞག་གཉིས་སུ་མི་སྣང་གང་གིས་འབྱེད་པར་ནུས་པ་མཁས། །མཁའ་ལྡིང་འདབ་གཤོག་རྒྱས་པའི་རོ་དེ་སུ་ཡིས་འཕུར་བར ་ནས། །གང་ཆེ་གཟིངས་ཀྱི་ཐག་པ་བརྟུལ་ཚེ་དེ་ཚེ་དེད་དཔོན་དགྲ་གཉེན་གཉིས་དང་བྲལ། །འཁོར་ལོའི་རྒྱུག་ཕྱོགས་གྲིབ་མའི་མཚམས་ལས་འདའ་མི་འགྱུར། །མུན་རུམ་ནང་དུ་མེ་བུས་འོད་ནི་ཐོག་མར་རང་ལ་འཆར་བར་འགྱུར། །སྒོམ་དུ་སེང་གེའི ་སྙེད་ཁྲག་འཐུངས་པའི་མི་དེ་སུ་ཡི་རིག་རྒྱུད་ཡིན། །ཇག་རྩེད་མཁན་པོ་དེ་ཡི་མན་ངག་ཐམས་ཅད་བསྟན་ནས་སོང། །གྲུ་གཉིས་སྣ་ལ་རྟོག་པ་བཞག་པའི་མི་དེ་འགྱེལ་བར་འགྱུར། །ལྷོ་ཕྱོགས་ཀ་མ་རུ་རུ་ལྷ་མོ་མི་རི་ཙེས་གསུངས་པའོ།། །། ་གསེར་གླིང་ཡིད་ལ་བཅངས་པའི་དེད་དཔོན་རྡ?་རྡོའི་ཁྲོད་དུ་གདོད་མི་འགྱུར། །རྡོ་ཡི་ཤུལ་དུ་འབྲང་བའི་ཁྱི་ཡི་སྤྱོད་འགྲོས་འདི་ལ་ཁྱོད་ཀྱིས་ཡང་ཡང་ལྟོས། །ཚོང་ཁང་དུ་ཚོགས་འགྲོན་པོ་ཐད་ཀར་མི་འགྲོགས་རང་རང་གུད་དུ་འགྲོ་།ནོར་བུའི་ཕུང ་པོ་མཐོང་ཚེ་རུས་སྤལ་ལ་ནི་གཅེས་པར་འཛིན་པའི་བློ་མི་སྐྱེ། །ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙེད་གླང་གཟེར་སྐྱེ་བའི་རྟེན། །ནང་གི་འདུ་བ་གང་ཡིན་དྲང་སྲོང་གིས་ནི་ཕྱི་ནས་ཤེས། །རྒྱལ་པོའི་དཀོར་མཛོད་བརྐུས་པ་མི་སྨྲ་འཆབ་པས་ཁ ་ཆགས?་བསྡམས?། །རྣལ་ཆུ་མཐོང་ཚེ་ཐག་པ་སྤྲུལ་དུ་འཛིན་པའི་འཁྲུལ་པ་ལྡོག་།སྦྲང་རྩིའི་རོ་མཆོག་མྱོང་བའི་རྔ་མོ་རྩ་ཡི་ཞེན་པ་བྲལ། །ས་ཡི་འོག་ཏུ་རྣོ་ཡི་དར་བླུད་སྤུ་གྲི་སྦ་བར་ཕངས་པ་ཡིན། །ཉི་ཟླ་གཟའ་སྐར་རྣམས་ནི་རྒྱ་མཚོ་དང་བའི་དང ་དུ་འཆད། །ཁྲི་སྙན་ལྤགས་པ་གྱོན་པའི་མི་དེས་བགེགས་རྣམས་བྲན་དུ་ཁོལ་བར་འགྱུར། །ཕྱོགས་བཞིར་ཅོ་དོ་བཤེད་མས་ཟིན་པའི་མི་དེ་དེ་དུས་གང་ལ་ཆགས། །སྐྱེས་བུ་འཛའ་བོས་བསླུས་པའི་མི་དེ་ཁོང་དུ་ཡིད་ཆེས་འཇིག་།ཤིང་གི་སྐྱེས ་བུས་གླང་པོའི་མགོ་བཅད་དེ་ཡི་སྡིག་པ་གང་དུ་སྨིན། །མདོངས་རྒྱས་པ་ཡི་རྨ་བྱ་དྲེགས་པས་མྱོས་པ་འདི་ནི་ཏིང་འཛིན་བཟང། །རྒྱལ་སྲས་འཁྲུངས་པའི་བཙུན་མོ་ལ་ནི་དེ་དུས་ལྷ་རྣམས་རེ་བ་ཆེ། །ན་ག་ར་ཡི་ཡི་གེ་ཆུ་ལ་བྲིས་པ་སུ་ཡིས ་ལྷོགས་པར་འགྱུར། །ལྷུང་བཟེང་ཁེངས་ན་རིགས་ངན་བཞག་ལ་ང་ནི་སེང་གེའི་བུ་དང་སྦྲག་།ཅི་ཡང་མི་དགོས་ཤིང་སྐོགས་གར་གྱི་སྡོམ་གྱི་སྤྱད་འགྲོས་ཁྱོད་ཀྱིས་ལྟོས། །གསེར་འགྱུར་རྩི་ཤེས་དབུལ་བར་གནས་པའི་མི་དེ་སུ་ཡི་རིགས ་བརྒྱུད་ཡིན། །རུ་སྦལ་སྤུ་ཡི་ཁ་དོག་ཅི་འདྲ་ད་རེས་ཁྱོད་ཀྱིས་མོ་གཤམ་བུ་ལ་དྲིས། །མེ་ལོང་ནང་གི་བྱང་དེ་གཟུགས་བརྙན་ཡིན་གྱིས་རྟོག་པ་བྲལ། །གསེར་འདི་བཟང་པོ་ཡིན་མིན་ར་འདི་ཀ་འཇིགས་གསལ་བར་འདུག་།གང་ལ་བརྒྱབ་པ ་མི་སྡུག་ཆོད་པ་ལྷ་དབང་ལག་གི་སྟ་རི་རྣོ། །མཆིལ་ལྷམ་ལག་ན་ཐོགས་ན་དུས་དེར་ལྷམ་གྱི་དགོས་པ་སྟེར། དྲ་བ་དབང་པོའི་གཞུ་ཡིས་ཆོས་རྣམས་མ་ལུས་བསྟན་ནས་སོང། །མུ་ཏིག་ཕྲེང་བ་ལྟོ་རུ་ཟོ་ཞིག་འདི་ཡིས་དོན་གཉིས་འགྲུབ ་པར་འགྱུར། །སིངྒ་ལའི་ཚལ་དུ་ཀུན་ཏུ་བཟང་པོས་གསུངས་པའོ།། །།བྱང་གྱི་དཔྲལ་བའི་ནོར་བུ་མ་མཐོང་གཟོ་རིག་མཁན་པོས་བསྟན་དུས་རྙེད། །ཆུ་བྱའི་ཕྲུ་གུ་འདི་ལ་སྒོ་ངའི་ནང་དུ་རྒྱ་མཚོའི་སྣང་བ་འཆར་བར་འགྱུར ་ཙནདན་མེ་ཡིས་ཚིག་པའི་རྨ་ལ་སྨན་དུ་དེ་ཉིད་བཟང་བ་ཡིན། །ཤིང་རྣམས་ཐམས་ཅད་གྲིབ་མའི་ངོ་བོར་གཅིག་པས་འདི་ལ་ཐ་དད་མེད། །སྤོས་ཀྱི་གླང་པོ་སྟེ་ཀ་ཟོས་པ་སེང་གེའི་གདོང་དུ་བལྟ། །འདབ་བཟང་རྒྱལ་པོའི་མཆུ་ལ་རྩི་ཡོད་ཆུ་བོའི ་ནང་གི་འོ་མ་འདུ། །བསད་ཅིང་རྩེ་བའི་མི་དེ་ནོར་ལ་ཆགས་པའི་བློ་མི་སྐྱེ། །སྔགས་ཀྱིས་ཟིན་པའི་ཧ་ལ་སྨན་རྣམས་ཀུན་གྱི་མཆོག་དུ་འགྱུར། །རྡོ་ཡི་མི་ཡི་རིག་བྱེད་འདི་ལ་ལྟོས་དང་ངོ་མཚར་ཆེ་བ་ཡིན། །དུག་མདའ་སྙིང་ལ་ཕོག་པའི་མི་དེ་སུ ་ཡིས་སོས་པར་འགྱུར། །སེན་མོའི་བར་དུ་སེང་ལྡེང་ཚེར་མ་ཟུག་པའི་མི་དེ་ཏིང་འཛིན་བཟང། །མི་རོ་མཁའ་ལ་ལྟ་བའི་སྙིང་ལ་ཅི་སེམས་ཁྱོད་ཀྱིས་ད་སྨྲོས་དང། །སྐོམ་དུ་སྨྱོན་ཆུ་འཐུངས་པ་འདི་ཡིས་རྒྱལ་པོའི་འཁོར ་མི་འོང། །ནམ་མཁའ་ཨི་ནུ་མ་ལ་ནི་འདོད་པ་དེ་བཞོས་ཤིག་།ནོར་བུ་རིན་ཆེན་གང་ནས་རྙེད་པའི་དུས་དེར་དབུལ་དང་བྲལ། །གཅིག་ཏུ་གྱུར་པས་རི་རབ་དྲུང་དུ་བླ་བྱའི་མདོངས་མི་གསལ། །སྐྱེས་བུ་བཤེད་མས་བཏང་བའི་བློ་སེམས་འདི་ལ་བལྟ་བར་བྱ།། ་དུད་འགྲོའི་ཁོང་དུ་གསེར་འགྱུར་རྩི་ཟོས་རྩཝ་གཞན་དག་དང་ཁྱད་པར་མེད། །དོ་ཐག་ཐམས་ཅད་ཅེར་གྱི་ཕུར་པ་འདི་ཡིས་བཟུང་བ་ཡིན། །སྟོབས་ལྡན་དེད་དཔོན་གྱིས་ནི་གླང་པོའི་རྒྱབ་དུ་ང་ཁོལ་ཅིག་།སྲིན་པོའི་ཁ་ནས་རླུང་གིས་བསྐྱོད་པའི་མེ་ནི་རྡོ་རྗེའི ་གདན་ལ་འབར་བར་བྱེད། །འདི་ཡིས་གདོལ་པའི་གྲོང་རྣམས་ཚིག་པར་འགྱུར་བར་གདོན་མི་ཟ། །རྣམ་པ་དུ་མར་གྱུར་ཀྱང་གར་མཁན་ལུས་སུ་གཅིག་པ་ཡིན། །གྲིལ་ནས་ལམ་དུ་དུམ་པ་དངུལ་ཆུའི་ཐིགས་པས་ཁེངས་པའི་ཚེ། །དེ་དུས་འཁོར་ལོའི་སྟེང་དུ ་དཔའ་བོ་རྣམས་ནི་གཟི་རུ་ཆུག་།རྒྱ་མཚོ་རྦ་རླབས་འཁྲུགས་དུས་ཐབས་ལྡན་རུས་སྦལ་གཏིང་དུ་འབྲོས། །གླང་པོའི་མགུལ་གྱི་དྲིལ་བུ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང། །སྨན་གྱི་ནགས་དེར་དྲང་སྲོང་གིས་ནི་དོར་བྱ་རྙེད་མི་འགྱུར། །དུར་ཁྲོད ་ཨུ་ཙ་ལར་བཛྲ་བཱ་ར་ཧིས་གསུངས་པའོ།། །།གཏེར་གྱི་ནང་དུ་གཏེར་ཆུད་དེ་དུས་མཁའ་ལ་འཇའ་ཚོན་སྣ་ཚོགས་འཆར། །མཐོང་དུས་དེ་ཚེ་ཁྱོད་ཀྱིས་ཁོང་དུ་གཞུ་ཡི་སྲད་བུ་ད་ཕུང་ཅིག་།རང་གིས་བཅག་པའི་གསེར་ལ་ཀ་འཇིའི་དགོས་པ་མི ་བདོག་གོ་།མཐོང་སྣང་དགྲ་རུ་རད་པ་གཏེར་བསྲུངས?་མཁན་པོ་མེལ་ཅེ་རབ་ཏུ་བརྩོན། །རྒྱལ་པོས་མཚོར་བ་ལ་དུར་བ་བསེབ་དུ་བདུད་རྩིའི་བུམ་པ་རང་གིས་བཏུང། །སྦྲང་རྒོད་ལྟོ་རུ་ཟོས་ནས་འབྲས་བུ་མེད་པར་འདོད་པ་དེ་ནི་ཤིན་ཏུ་བླུན། །རྫིངས་ལ་གནས ་པའི་དེད་དཔོན་འདོད་རླུང་བྱུང་བ་དེ་དུས་རྒྱལ་མཚན་འཕྱར། །བུ་རམ་ཤུན་པ་འདི་ལ་ཡང་ཡང་བཤུས་ན་མངར་བའི་སྙིང་པོ་རྙེད་མི་འགྱུར། །རྨི་ལམ་དུ་ནི་གཏེར་གྱི་བུམ་པ་རྙེད་པ་དེ་ལ་སད་ནས་བླུན་པོ་དུ། །གཟན་ལ་བཅུམ་པ་རྒྱ་ཁྲ་འདི་ཡིས་མན ་དག་ཐམས་ཅད་བསྟན་ནས་སོང། །གཏེར་མཛོད་རྙེད་པའི་མི་དེས་མཛའ་བོ་ཤི་བའི་མྱ་ངན་དུས་དེང་བརྗེད། །ཤ་ཆགས་མིས་དེང་སྐྱལ་ཤེས་སྐྱེས་བུ་ག་གཱའི་ཕྱོགས་སུ་འབྲོས། །རུས་སྦལ་རྒྱབ་ཀྱི་རི་མོ་སུས་བྲིས་འདི་ཡི་མཁན་པོ་གང་ཡིན་ལོ། །དེད་དཔོན ་ཁ་ལ་མི་ཉན་བློ་ཆུང་སྐལ་མེད་ནོར་བུ་རྦ?་དོར་ལེན། །ཉ་བཏང་བ་ཡི་སྐྱར་མོད?་དུས་མཁའ་ལ་དགྲ་ཡི་འཇིགས་པ་བྲལ། །རིག་བྱེད་གནོད་པར་མཐོང་བའི་སྐལ་མེད་འོག་རང་སར་ཞོག་།ཁབ་ལེན་རྡོ་འདི་ནམ་ཞིག་བཙུན་མོའི་དགྲ་རུ་ལྡང་བས་ས་ཡི་འོག་ཏུ ་སྦོས། །གནང་དུ་མཚོན་?་དུས་དེར་རི་དགས་ཁྱུ་ནས་བགར། །ནོར་བུ་གླིང་ལས་རྡོ་བཅིལ་བས་མི་རྙེད་ཨ་རངས་རིན་པོ་ཆེ། །མཁའ་ལ་རྒྱུ་སྐར་གང་ཡིན་ལྟ་ན་སེང་གེའི་གཡང་གཞི་གོན། །གསེར་འགྱུར་རྩི་པོ་སྟོན་པའི་དྲིན་ཅན་གང་གིས་མཉེས་པར ་བྱེད་པར་ནུས། །ཐབས་གཞན་མ་མཆིས་རྫ་ཆག་དུམ་བུར་བཟའ་བཏུང་སློང་ན་དགྱེས། །ཆུ་ཡེ་རོ་རྣམས་རྒྱ་མཚོ་ཆེན་པོ་དེར་ནི་ཐ་དད་མེད་དེ་གཅིག་།རོ་ལ་མཚོན་གྱིས་བསྣུན་ཀྱང་དེ་ལ་མ་དགའ་ཨི་རྟོག་པ་མེད། །གཡུལ་དོན་མ་སྤྲོད་ཆེན་གླང་པོའི་མཆུ་ལ་རལ་གྲི?་? ་རི་བྲག་བར་དུ་སྡོད་པའི་གཅན་ཟན་སེང་གེ་འདི་ལ་གདམས་པ་ཡོད། །ཟོ་ཆུ་འཁོར་ལོ་འདི་ཡིས་མན་ངག་ཐམས་ཅད་དུས་དེར་བསྟན། །སྲིན་མོའི་སོག་པ་མགུལ་དུ་ཐོགས་ནམ་མཁའ་ལ་འཕིར?་བར་འགྱུར། །རྡོ་རྗེ་གདན་དུ་མི་གཡེ་པས་གསུངས་པའོ།། །། ་བདེ་བར་གཤེགས་པ་ལུང་གི་བརྒྱུད་པ་།ཡི་དམ་གྱི་ལྷས་བསྟན་པ། །འཛམ་བུའི་གླིང་དུ་སྔན་ཆད་མ་གྲགས་པའོ། །སངས་རྒྱས་གཉིས་པ་ལྟར་གྲགས་པ། །བླ་མ་རྒྱ་གར་ནག་གུའི་ཞལ་སྔ་ནས། བོད་ཀྱི་བནདེ་ཞ་མ་ལོ་ཙཱ་བས་བྱིན་བརླབས་ཀྱི་གནས་མཆོག་དིང ་?་བསྒྱུར་ཏེ། །བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། མཧཱ་མུ་དྲ་ཨུ་བ་བཛྲ་གུ་ཧཡ་གཱི་ཏ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ། །བཅོམ་ལྡན ་