| Wylie | e-texts based on the ACIP/ALL Input |
སུམ་བརྒྱ་ཐུབ། །ནང་བྱང་སོ་དང་སེན་མོ་བརྗེ། །?་ལྟ་བུའི་སྐད་ལྡན་འགྱུར། །དེ་ཕྱིར་བདག་ཉིད་ཀོ་ཀིལ་གྲགས། །ཚེ་བསྒྲུབ་པའི་གདམས་ངག་ཅེས་བྱ་བ། སློབ་དཔོན་ཀོ་ཀི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ་བི་ཥ་མི་བརྞཾ་བྷ་བ་ན་ནི་ཀྲ་མ་ནཱ་མ་།བོད་སྐད་དུ། དུག་སེལ་སྒོམ་པའི་རིམ་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་དང་ནང་གི་དུག་བཞིས་རྩ་བ་ནི། །སེམས་ཅན་རྣམས་ཀྱི་སྲོག་གཅོད་འཁྱམས་པའི་རྒྱུ། །དེ་རྣམས་སེལ ་ཐབས་ཞལ་ནས་ཞལ་བརྒྱུད་པ། ། རཾ་བདག་གིས་བསྒོམ་ལུགས་བཤད། །ཐོག་མར་ནང་གི་དུག་སེལ་བཞི་རྣམས་ལ། །ཞེ་སྡང་གཉེན་པོ་བདག་གཞན་གྲུབ་མེད་ལ། །ཆགས་པའི་གཉེན་པོ་མི་གཙང་རང་ལུས་སྨན། །ང་རྒྱལ་གཉེན་པོ་འདི ་དག་མི་རྟག་པ། །ཕྲག་དོག་འདུས་པའི་ནད་ནི་སྤང་བྱས་ནས། །གཏི་མུག་གཉེན་པོ་བླ་མ་ལྷ་ཉིད་དང། །རྣལ་འབྱོར་ཚད་མེད་བཞི་ནི་བསྒོམ་པར་བྱ། །དེ་ཡིས་བདག་གཞན་ནད་སེལ་ནད་མེད་འགྲུབ། །ཕྱི་ལྟར་ཚད་མེད་འབྲས་བུ་རང་སྙིང་དབུས། ་ཐ?་ཡིག་དཀར་པོ་པ་ཚན་ལྔ་པས་བརྒྱན། །ཡེ་ཤེས་བྱ་ཁྱུང?་ཕྱག་རྡོར་སྙིང་པོར་ལྡན། །བདུད་ཀྱི་གདན་ལ་ཧཾ་སའི་བྱ་ཁྱུང་སྟེ། །ཧཱུཾ་འབྱུང་སྣ་ཚོགས་གསེར་གྱི་གཤོག་པ་ཅན། །དབུ་སྐྲ་བཅས་པའི་ཁྱུང་ཞལ་དམར་པོ་སྟེ། །རྭ་གཉིས་ཉི་ཟླའི་ཐིག ་ལེ་དག་གིས་བརྒྱན། །པུས་མོ་སེར་ལ་བྲང?་དང་ལྟེ་བ་དཀར། །འཇིགས་བྱེད་ཀླུ་རྒྱལ་རྣམས་ཀྱིས་བརྒྱན་པ་བསྒོམ། །ཞལ་ནས་ཧཾ་སའི་བདུད་རྩི་དཀར་སེར་འཛག་།ཧ་ཕུས་ཞལ་ནས་དུག་གི་རླངས་པ་འཐུལ། །དེ་ལྟར་བསྒོམས་ཤིང་སྔགས་ཀྱི་གླུ་ཉིད ་བླང། ཨོཾ་ཨ་ར་ཧད་ཊ་གྷའི་ཛའི། གྷོ་སའི་ཕྱིག?་ཀ་རའི། བྷི་སུན་སའི། ?་ཧི་བྷི་ཏུ་ཀ་པ་ལཾ། ཏིག་ཁུ་ཕི་ས་ནའི། བྷིས་བྷི་ཎ་ཎཾ། ནེ་ས་སུ་མ་ས་ཎེ། ཨ་བྷ་རུ་ཧ་བྷུ་ཎུ། བྷནྟི་བྷུ་ཡེ་ས་ལ་ཡེ། བྷ་བི་སེ་ན། ཀི་དྷི་ཏ་ཐི། ཨེ་ལརྭ་བཏི?་ལ་ཌ་ཎ། ཨ་ཐ་ཀའི། ་ཙནདེ་ཙནདྷྡE?་བཏི?་ས་ཎེ། ཨུ་པ་རི་དྷ་ཧི། ཨ་ཐ་ཀའི་ཀ་ར། ཧྲིཾ་ཛྲཾ་བྷྲཾཧམ་ཙྪོ། ཧྲིཾ་ཛཱིཾ་ཡཾ། ཡ་ས་པ་ཡི་ཎཾ་མེ། ཛཱཾ་གྷ་ལི། ཕི་ས་ཁ་ནི། བྷ་སཾ་པི་ཝཾ་མི། ལེ་པ་ཎཾ། མ་ཛཱཾ་ཎཾ་ཀ་རོ་ཡི། དཞྭ?་ཕེ་ཁཾ། བྷི་སེ་ཎ་པ་ཎ་བ་བྷའི། ཏི་ནཾ་བྷེ་ལ། ཨེ་ཨ་ཨི། ཧི་ཧི། རི་རི། སིདྡྷ་ཛཾ་ག ་ལི། རའི?་རཀྵི་ཛ་ཡིས་སྭཱཧཱ།། །།དུག་གིས་ཟིན་པ་འམ་སྤྲུལ་གྱིས་རྨུག་པ་ལ། །རྣ་བར་གླུ་ལེན་ཆུ་བཟླས་བྱིན་པ་ཡིས། །སྐད་ཅིག་གཅིག་ལ་དུག་ནད་སེལ་བར་འགྱུར། །ད་ནི་བསྐྱེད་རིམ་རྫོགས་རིམ་འདི་ལྟར་བསྒོམ། །བདེ་ཆེན་ནམ ་མཁར་སཾ་སྟེ་ཧཾ་ཡིག་གིས། །ཟླ་བའི་ཐིག་ལེ་དཀར་ལ་གངས་ལྟར་བསལ། །ནམ་མཁའ་ཨི་དབྱངས་ནས་བདུད་རྩིའི་འོད་ཟེར་ནི། །དཀར་སེར་འཛགས་ཏེ་ཁོང་སྟོང་ལུས་སྟོང་དག་།རྐང་ལ་ཞུགས་པའི་ཕྱི་ནང་དུག་རྣམས་ནི། །རྫོགས་པའི ་རིམ་པས་སེལ་འགྱུར་ཐེ་ཚོམ་མེད། །ཟླ་ཆེས་དཀར་པོ་ཐིག་ལེས་བརྒྱན་པ་ནི། །སེམས་ཉིད་བདུད་རྩིའི་དབུས་སུ་དཀར་མར་ལྟར། །སྙིང་གའི་ཁ་སྦྱོར?་པད་དབུས་སྦྱོར་བྱེད་ན། །དེ་ཡིས་ཕྱི་ནང་དུག་སེལ་བྱང་ཆུབ་སྒྲུབ། །ཕྱི་ཡི་དུག་རྣམས་སེལ་པའི་སྨན་སྦྱོར་ནི།། ་མཚན་མོའི་སྨན་ནི་སྲང་གཅིག་འོ་མར་བསྐོལ། །དུག་སེན་རྣམས་ལ་བཏང་བས་དུག་འདྲེན་ནོ། །མཚན་མོ་མ་དང་སྤྲུལ་དམིག་ཐང་བསྐོལ་ཏེ། །ལོ་དུག་སྦྱོར་དུ་ཀ་རྣམས་ནི་སེལ་འགྱུར། །རིག་པ་འདིས་ནི་རས་ལ་ལན་བདུན་བཟླས། །དུག་ཅན་ནད་པ་དེ་ཡིས་བཀབ? ་བྱས་ནས། །དེ་ནས་ཆུ་ཡི་སྣོད་ལ་རྐང་ལག་བཅུག་།སྔགས་འདི་བཟླས་ཤིང་བྲབ་ཅིང་གདབ། །ོཾ་ན་མ་ཤ་པ་རཾ་ན། ཤ་བ་རི་ཀུ་མ་ར་ཀ་ནཾ། ཁུ་ཁུར། ས་ར་སར། པ་ཏྲ་པྲ་བྷི་ཤུདྡྷ། བྷ་རཾ་སྭཧཱ། །དེ་ལྟར་བཟླས་ཤིང་བྱང་ཆུབ་སེམས་བསྒོམ་མོ། །གདམས ་ངག་འདི་བསྟན་དགེ་པའི་རྩབ་འདིས།།གང་ཐོབ་དེ་ཡིས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་སྒྲིབ་བདག་ཅིང་བྱང་ཆུབ་སེམས། །དྲི་མེད་མཁའ་ལྟར་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག་།དུག་སེལ་བསྒོམ་པའི་རིམ་པ་ཞེས་བྱ་བ། སློབ་དཔོན་ཨ་རཾ ་གིས་མཛད་པ་རྫོགས་ཤོ?།། །།རྒྱ་གར་སྐད་དུ་། ཨ་དྭ་ཡ་ནི་རི་ཀ་བྷ་བ་ན་ཀྲ་མཾ། བོད་སྐད་དུ། གཉིས་མེད་ཀྱི་རྩ་བསྒོམ་པའི་རིམ་པ། གཉིས་མེད་བདེ་ཆེན་ལ་ཕྱག་འཚལ་ལོ། །མཉམ་པ་ཉིད་ཀྱི་གློང?་དཀྱིལ་དུ། །མྱོས་པར་དབྱིངས་སུ་རིན་ཆེན་སྟོར ་