CLOSE WINDOW

N2053: g.yung drung 'khyil pa gsum gyi zhal gdams zhes bya ba
Wyliee-texts based on the ACIP/ALL Input

རི་རྒྱལ་དང་མཉམ་དུག་ཡོད་ཀྱང། །སྐད་ཅིག་གཅིག་ལ་སེལ་ཞིང་འདྲེན། །སྐབས་ལས་བྱུང་བའི་དུག་སེལ་ནི། །འདབ་བརྒྱད་པདྨ་ན་ས་རུ། །ཟླ་དཀར་གསལ་ཞིང་དྲི་མ་མེད། །ཡེ་ཤེས་ལྔ་ལྡན་བདུད་རྩི་ནི། ། ཡིག་དེ་དབུས་བསམ་པར ་བྱ། དུག་ལྔ་གག་ལྷོག་རྐྱེན་གྱི་ནང། །སྤྲེའུ་ཁྱིམ་བྱའི་གཟུགས་ཅན་རྣམས། །དེ་དག་ཕྱུང་ཞིང་ནམ་མཁར་ཐིམ། །བདག་གི་སྐུ་གསུང་ཐུགས་རྡོ་རྗེ། །འདོད་པའི་ཁམས་དང་གཟུགས་ཁམས་དང། །གཟུགས་མེད་ཁམས་དང་དངོས་མེད་པས། །དེ་ཕྱིར་རང ་བཞིན་ནམ་མཁའ་སྟེ། །དེས་ནི་སྟོང་པ་རྟེན་ཡོད་པ། །རྣལ་འབྱོར་མི་རྟོག་སེམས་གཏང་ངོ། །ཕྱི་ནང་ནང་སེལ་གྱི་གདམས་པ། །སློབ་དཔོན་ཏཻ་ལོས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། དྷ་ནཾ་དྷ་ཏ་ཏྲ་ཡ་མུ་ཁཱ་ཨ་གྷཾ་མཾ་ནཱ་མ། བོད་སྐད་དུ་།གཡུང ་དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས་ཀྱི་ཉམས་ལེན་ཞེས་བྱ་བ། ཡུམ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་གདམས་ཐོབ་བྱས་ནས། །གཡུང་དྲུང་གསུམ་གྱི་གདམས་པ་ནི། །སྟོང་ཉིད་དོན་ནི་རྟོགས་པའི་ཕྱིར། །ཀཾ་ཀ་མེ་ཁ་ལ་བཤད་བྱ།། ་རང་གི་ལུས་ནི་ཁོང་སྟོང་ལ། །སྤྱི་བོར་བརྩམས་ནས་ལྟེ་པའི་བར། །རྩ་གསུམ་སེར་དང་དཀར་དམར་རོ། །དེ་རྣམས་ནང་ནི་ཁོང་སྟོང་སྟེ། །གཡས་ཀྱི་རྩ་ལ་ཁབ་རྩེ་ཚང། །རང་བཞིན་གསལ་ལ་བསམ་པར་བྱ། །གཡོན་པར་ཟླ་བའི་ཐིག་ལེ་སྟེ། །དབུས་ཀྱི་རྩ་ནི་ཁོང ་སྟོང་ངོ། །དེ་ལ་སེམས་གཏད་ཕྱི་ནང་སྟོང། །ཤེས་པ་རྒོད་ན་གཡས་གཡོན་གྱི། །ཐིག་ལེ་གཉིས་ལ་སེམས་གཏད་ལ། །དེ་ནས་དབུ་བཅད་དྷཱུ་ཏཱིའི་སྟེང། །ཧྲཱི:ལས་གཡུང་དྲུང་འཁྱིལ་བ་ནི། །མེ་ཡི་མདོག་ཅན་རྣམ་བསམ་བྱ། །གཡུང་དྲུང་འཁྱིལ་པའི་གྲུར? ་བཞི་ལ། །ོཾ་དང་ཨཱ:དང་ཧཱུཾ་དང་ཕཊ། །གཡས་ཕྱོགས་ར་སའི་སྟེང་དུ་ནི། ། ལས་ཟླ་བའི་གཡུང་དྲུང་འཁྱིལ། །བྱང་ཆུབ་སེམས་ཀྱི་ཆུ་རླུང་བཀག་།གཡོན་པ་ལ་ལ་ནའི་སྟེང་དུ་ནི། །ོཾ་ལས་གཡུང་དྲུང་འཁྱིལ་པ་དམར། །བསམ་པས་མེ་ཡི་རླུང་འགག་གོ། ་ཛ་ནས་རླུང་གི་འཁོར་ལོ་ནས། །རླུང་ནི་ལངས་ཏེ་མགྲིན་པར་སློབ། །དབུས་སུ་བདེ་གཤེགས་རླུང་རྒྱུ་བས། །སོར་ནི་བཅུ་གཉིས་རྩ་འཐོན་ནས། །གཡས་གཡོན་ཆུ་རླུང་མེ་རླུང་ནི། །ཉི་ཟླའི་རྩ་ནས་འབྱུང་བྱས་ནས། །ལྷ་མོ་གཉིས་དག་ཞལ་དུ་རྡུབ། །སླར་ཡང་ཉིས་ཀྱིས ་ཕུ་བྱས་པས། །རྩ་དག་གཉིས་ཀྱིས་རྩ་བུག་བརྟོལ། །རྣམ་པར་རྒྱུ་སྟེ་གཡུང་དྲུང་འཕོག་།དབུས་ཀྱི་སེམས་བསྐོར་བྱས་ནས་སུ། །གཉིས་ནི་གཡས་སྐོར་གཡོན་སྐོར་རོ། །སླར་ཡང་རླུང་གི་ཕུ་བྱས་ནས། །གཡུང་དྲུང་གཉིས་ལ་ཐིམ་བྱས་ནས། །དབུས་ཀྱི་འཁྱིལ ་པ་ཐིམ་པར་བསམ། །ཡེ་ཤེས་མེ་སྤར་རང་ལུས་ནི། །མགྲིན་པའི་གནས་ནས་རྐང་མཐིལ་བར། །རིམ་གྱིས་ཞུ་སྟེ་ཆོས་དབྱིངས་སུ། །མཉམ་ཉིད་ཐིག་ལེར་སེམས་གཏོང་ངོ། །བརྟགས་པས་མ་གྲུབ་དངོས་མེད་ཡིན། །དམིགས་པའི་མཚན་ཉིད་ཐམས་ཅད ་བྲལ། དེ?་ལྟར་མ་བསྒོམས་ཅི་བྱས་ཀྱང། །ལྷན་སྐྱེས་མ་རྟོགས་འཁོར་བར་འཁྱམས། །ཐིག་ལེ་དེ་ལས་བླངས་བྱས་ནས། །བདག་ཉིད་དབུ་བཅད་སུམ་དུ་བསྐྱེད་དེ་ནས་ལྟེ་བར་ཧྲཱིཾ:ཡིག་བསམ་།སུམ་མདོ་རླུང་ལྡང་གྱེན་ལ་རྒྱུ། །ཧྲི་ནི་ཐིག་ལ་གསུམ་དུ ་ཞུ་ཨི་ནི་རླུང་གི་ཐིག་ལེ་སྟེ། །ཧ་སྟེ་བྱང་ཆུབ་ཐོག་ལེའོ། །རཀྟའི་ཐིག་ལེ་རཾ་ཡིག་སྟེ། །མདོར་ནི་རིམ་པར་སྔོ་དཀར་དམར། །མ་ཤར་རླུང་གིས་གྱེན་ལ་འདོད། །དབུ་བཅད་རྩ་སྒྲུབས་རྒྱུ་ནེ་ནི། །སྟེང་དུ་སོར་བཞི་འཐོན་པར་བསམ་།གཡེན?་པ་གཡོན་བསྐོར་གཡས ་པ་གཡས། །དབུས་ཀྱི་ཐིག་ལེ་འབར་ཞིང་ཐིམ། །ལྷ་མོ་གཉིས་ཀྱིས་ཕུས་བཏབ་པས། །གཡས་གཡོན་ཐིག་ལེ་དབུས་ལ་ཐིམ། །དེ་ཉིད་མར་ལ་རྫུབ་བྱས་པས། །སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ། །དེ་ནི་གསལ་ལ་དྲི་མ་མེད། །གཉིས་མེད་ཐིག་ལེ་རང་རིག་སྟེ།། ་བདེ་དང་སྡུག་བསྔལ་ཐམས་ཅད་བྲལ། །འཁོར་བ་སྣང་བ་རང་རིག་སྟོང། །ཀྱེའོ་རྣལ་འབྱོར་བསྒོམས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །གཡུང་དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས་ནི། །ཡུམ་ཀི?་ཀ་ལ་མེ་ཀ་ལས་གསུངས་པ་རྫོགས་ཤོ།། ་