| Wylie | e-texts based on the ACIP/ALL Input |
པ་ཡི་རྫིང་བུ་ལ། །ནང་དུ་ཞུགས་པ་བྱས་ནས་ནི། །ཟས་ནི་དོན་དུ་གཉེར་པར་བྱེད། །ཤིན་ཏུ་བཀང་བར་བྱས་ནས་ནི། །གནད་དུ་བསྣུན་ནས་ཕག་རྒོད་བསད། །རྫིང་བུ་སྐམས་པར་མ་གྱུར་པར། །དེ་གོང་དུ་ནི་བརླག་པར་བྱས། །ལྟེ་བའི ་དཀྱིལ་འཁོར་གཞུ་རུ་བྱས། །རྩ་གཉིས་དེ་ནི་རྒྱུད་དུ་སྦྲེངས། །བླ་མའི་མན་ངག་མདའ་རུ་བྱས། །ཤིན་ཏུ་བཀང་པར་བྱས་ནས་ནི། །གནད་དུ་བསྣུན་ནས་ཕག་རྒོད་བསད། །རྫིང་བུ་བསྐམས་པར་མ་གྱུར་པར། །དེ་གོང་དུ་ནི་བརླག་པར་བྱས། །མཚོ་ལ ་ཕག་རྒོད་ཇི་ལྟར་འཐུང། །འཕྲང་ལ་སྙིང་ནི་གཟུགས་བྱས་ནས། །གནད་དུ་བསྣུན་ནས་ཕག་རྒོད་བསད། །ཇི་སྲིད་རྫིང་བུ་མ་སྐམས་པར། །དེ་གོང་དུ་ནི་བརླག་པར་བྱས། །ལུས་ཀྱི་རྩ་ཐིག་མཉམ་པ་ཉིད་ཀྱི་མན་ངག་ཅེས་བྱ་བ། སློབ་དཔོན་ནི་ཀུ་ནིས ་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཙ་ཏུརྦུདྡྷབྷ་བ་བྷཡ་བ་ཤ་ནི་ཀྲ་མཾ་ནཱ་མ། བོད་སྐད་དུ་། འབྱུང་བ་བཞིའི་སྲིད་པའི་ཆ་ལུགས་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །རི་རབ་ཟུར་ན་བརྒྱད་པ་དང། །རོལ་པའི ་མཚོ་ནི་བདུན་པ་དང། །ཚངས་པ་བརྒྱ་བྱིན་ཉི་མ་དང། །ཟླ་བ་དང་ནི་ལྷ་ཆེན་དང། །མཐུ་ཆེན་འདི་དག་རྟག་མིན་ན། །བདག་གིས་ཇི་ལྟར་བརྟན་པ་ཐོབ། །བདག་ནི་བརྟགས་ན་ཇི་ལྟར་ཡིན། །བདག་གི་མ་ནི་གང་དུ་སོང། །ཕ་ཡང་གང་དུ་སོང་བར ་འགྱུར། །འདི་ལྟ་བུ་ཡི་འཇིག་རྟེན་ནི། །བལྟས་པས་འཇིག་རྟེན་རྨི་ལམ་འདྲ། །སྟོབས་ལྡན་གྱུར་ན་སུས་ཀྱང་བཀུར། །སྟོབས་ཉམས་གྱུར་ན་སྨྲ་མི་བྱེད། །དེ་བས་ཚེམ་བུའི་གོས་གྱོན་ལ། །བསོད་སྙོམས་ཀྱིས་ནི་འཚོ་བ་དེ། །ཡུལ་དང་གྲོང ་ཁྱེར་སོ་མ་རུ། །ཡང་ཡང་སྦྲང་པ་མཁས་པ་ཡིན། །འདི་ལྟ་བུ་ཡི་སྤྱོད་པ་ཡིས། །འཇིག་རྟེན་ཀུན་ལ་རྒྱལ་བ་ཐོབ། །སྐལ་ལྡན་དག་ནི་ཙ་?་པ་ཏྲི་སྨྲ། །འབྱུང་བ་བཞི་སྲིད་པའི་ཆ་ལུགས་ཞེས་བྱ་བ། སློབ་དཔོན་ཙ་ར་པ་ཏྲིས་མཛད་པ་རྫོགས་ཤོ།། །། ་རྒྱ་གར་སྐད་དུ། ཨཱཏྨ་པ་རག་ཛྙཱ་ན་དྲིཥྚི་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། རང་རིག་ཡེ་ཤེས་ཀྱི་ལྟ་བའི་ཉམས་ལེན་ཞེས་བྱ་བ། ཡུམ་བདག་མེད་མ་ལ་ཕྱག་འཚལ་ལོ། །རང་རིག་ཡེ་ཤེས་ལས་ཡིན་ན། །བྱེད་པ་པོ་མེད་ལས་མེད་དོ། །དེ་དག་མེད་ན་བྱ་བ ་མེད། གསུམ་ནི་ཇི་ལྟར་གཉིས་མེད་དོ། །གལ་ཏེ་ཕྱི་ནི་བདེན་པ་ཡིན། །ཐ་སྙད་འབྲེལ་ཕྱིར་ནང་དུ་བརྗོད། །གལ་ཏེ་ཀུན་རྫོབ་རང་རིག་ཡིན། །རིག་པས་རིག་པ་རིག་པ་མེད། །རྣལ་འབྱོར་བདག་ཉིད་རིག་ན་ནི། །འཁོར་བའི་སྡུག་བསྔལ་འཇོམས་པར ་བྱེད། ཐ་སྙད་འདི་ཡིས་དངོས་པོ་རྣམས། །རང་བཞིན་མ་གྲུབ་དྲི་མ་མེད། །དངོས་པོ་རྣམས་ནི་མ་གྲུབ་པས། །གཞན་དག་དག་ལ་གྲུབ?་རྒྱུ་མེད། །དེ་ཕྱིར་བདག་ནི་རྟེན་མེད་པ། །གལ་ཏེ་སྒྲ་དོན་རྟོགས་བྱ་ཡིན། །རང་བཞིན་དོན་ལ་སྒྲ་དོན་མེད།། ་དངོས་པོ་མ་གྲུབ་རྣལ་འབྱོར་པ། །ད་བདག་འདི་ནི་གཞན་མ་བྲལ། །གཉིས་བྲལ་མ་རིག་མུན་པ་མེད། །དེ་མེད་དྲི་མེད་ཡེ་ཤེས་ཏེ། །འདི་ལྟར་རྣལ་འབྱོར་རིག་པ་ཡིས། །འཁོར་བའི་འཆིང་བ་གྲོལ་པར་བྱེད། །གན་རྒྱལ་ཉལ་བ་རྣལ་འབྱོར་གྱིས།། ་ལུས་ཀྱི་རྣམ་གཞག་དྲན་པར་གྱིས། །མིག་བགྲང་རྣམ་པར་ཤེས་པ་འབུལ། །ནམ་མཁའ་ཨི་ཕྱོགས་སུ་བལྟས་བྱས་པས། །མཐོང་རྒྱུ་ཡིད་ལ་འཛིན་རྒྱུ་མེད། །ཕྱོགས་ཀྱི་རྟོག་པ་བྲལ་བ་ཡིན། །དབང་པོ་ནུབ་འགྱུར་གཉིས་མེད་འགྲུབ། །རང་རིག་ཡེ་ཤེས་ཀྱི་ཉམས ་ལེན་ཞེས་བྱ་བ། སློབ་དཔོན་ཙམཔ?་ཀས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཙ་བུ་ར་མུཀྟི་ཀ་ར་ཎཾ་ཨུ་པ་ཡཾ་ནཱ་མ། བོད་སྐད་དུ། འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྤྲུལ་སྟག ་ཚོམ་རྐུན་མདལ་དང་མ་ཡིས་ནི། །འཇིགས་བས་མི་འཇིགས་ཀླུ་སྒྲུབ་གདམས་པ་ཐོབ། །སྐར་མཁན་པི་ཁ་ན་ནི་འཇིགས་མེད་དེ། །འོན་ཀྱང་རྣལ་འབྱོར་ཉམས་ཀྱི་ནུས་པ་བྲི། །སེམས་ཉིད་འདུལ་ཞིང་བདུད་འཇོམས་རྣལ་འབྱོར་ལ། །ལས་ནི་མ་རྟོགས་རྐྱེན་གྱི ་